Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།

20 occurrences of གཡོན་རུ་
[Clear Hits]


  
 
དཔལ་གསང་བའི་སྙིང་པོ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་ཞི་བའི་སྒྲུབ་ཐབས་རྣམ་གྲོལ་ཤིང་རྟ།
 
 expand section
 
  
 expand section
  
 
  
  
  
expand section
 
  
  
 expand section
 
  
  
  
 
 expand section
  
  
  
  
 expand section


20 occurrences of གཡོན་རུ་
[Clear Hits]

 
previousདཔལ་གསང་བའི་སྙིང་པོ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་ཞི་བའི་སྒྲུབ་ཐབས་རྣམ་གྲོལ་ཤིང་རྟ།next

དཔལ་གསང་བའི་སྙིང་པོ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་ཞི་བའི་སྒྲུབ་ཐབས་རྣམ་གྲོལ་ཤིང་རྟ།


JLAZ008_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གསང་བའི་སྙིང་པོ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་ཞི་བའི་སྒྲུབ་ཐབས་རྣམ་གྲོལ་ཤིང་རྟ་ཞེས་བྱ་བ་བཞུགས། །


JLAZ008_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གསང་བའི་སྙིང་པོ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་ཞི་བའི་སྒྲུབ་ཐབས་རྣམ་གྲོལ་ཤིང་རྟ་ཞེས་བྱ་བ་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་ཕྱག་འཚལ་ལོ། །ཐབས་ལས་ཐབས་གྱུར་བདེ་ཆེན་སྒྱུ་མ་ནི། །རྣམ་ཐར་གསུམ་ལྡན་བཙུན་མོའི་རྫུ་འཕྲུལ་ཅན། །གདན་གསུམ་སྒྱུ་འཕྲུལ་དྲྭ་བའི་མངོན་རྟོགས་ལ། །ཡིད་ཆོས་གཉིས་སུ་མེད་པའི་ཕྱག་གིས་བཏུད། །དེ་ལ་རྒྱུད་ཐམས་ཅད་ཀྱི་སྤྱི། ལུང་ཐམས་ཅད་ཀྱི་མདུད། མན་ངག་ཐམས་ཅད་ཀྱི་མཛོད་ཁང༌། ཏནྟྲ་སྡེ་བཅོ་བརྒྱད་ཀྱི་རྩ་བར་གྱུར་པས་ཨོ་རྒྱན་སངས་རྒྱས་གཉིས་པས་ཀྱང་མན་ངག་ལྟ་བའི་ཕྲེང་བར་ཆེད་དུ་བརྗོད་ཅིང་བསྔགས་ལ། སློབ་དཔོན་བི་མ་ལ་དང༌། སངས་རྒྱས་གསང་བ། རྨ་གཉག་ལ་སོགས་


JLAZ008_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལོ་པཎ་རྒྱལ་བའི་ཞལ་སྐྱིན་རྣམས་ཀྱིས་བཤད་སྒྲུབ་ཀྱིས་གཏན་ལ་ཕབ་པ་དཔལ་གསང་བའི་སྙིང་པོ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལས། ཞི་བ་རིན་པོ་ཆེའི་སྒྲུབ་ཐབས་རྣམ་གྲོལ་ཤིང་རྟ་བསྟན་པ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལའང་དཀྱིལ་འཁོར་འདུ་བྱ་བ་དང༌། ཆོ་གའི་སྦྱོར་བ་གཉིས་ལས། དང་པོ་ནི། དབང་སྒྲུབ་ཆེན་མོའི་རིགས་དང་འབྲེལ་ན་སའི་ཆོ་ག་ནས་བཟུང་རྡུལ་ཚོན་གྱི་དཀྱིལ་འཁོར་སྒྲུབ་པའི་ལས་རིམ་གཞན་དུ་ཤེས་པར་བྱ་ཞིང༌། སྒྲུབ་མཆོད་འཇུག་བདེ་ཙམ་ལ་ནི་རྡུལ་ཚོན་གྱི་སྒོས་ཆོས་རྣམས་དོར་བའི་རས་བྲིས་ལའང་བརྟེན་དུ་རུང་ངོ༌། །གཉིས་པ་ལ་རྣམ་གྲངས་བདུན་ལས། དང་པོ་རྒྱུད་དག་པར་བྱ་བ་ནི། སྤྱི་


JLAZ008_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་དང་གྲལ་ཕྱག་སྔོན་དུ་འགྲོ་བས། ཨོཾ་ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི། སོགས་ནས། ནོངས་པ་མཆིས་ནའང་རབ་ནོངས་བཟོད་པར་གསོལ། །ཞེས་དམིགས་འདོན་ཟུང་དུ་ཆུད་པར་བྱའོ། །གཉིས་པ་ཚོགས་བསགས་པ་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང༌། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་དབང་ཕྱུག་སེམས་ཅན་ལ། །དགོས་པ་གསུམ་ཕྱིར་ལུས་དབུལ་ལོ། །ཚེ་རབས་བགྲངས་པའི་དགེ་བ་རྣམས། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ལན་གསུམ་གྱིས་རྗེས་ཚོགས་ཞིང་རང་ལ་བསྡུའོ། །གསུམ་པ་སྔགས་སྡོམ་བཟུང་ཞིང་དམ་བཅའ་བ་ནི། ཧོཿ རྫོགས་སངས་རིན་ཆེན་དག་པའི་སེམས་ཉིད་དང༌། །རྟོགས་པའི་དྲི་མ་རབ་བྲལ་དམ་པའི་ཆོས། །བརྟུལ་ཞུགས་བཟང་པོའི་ཚོགས་ལ་སྐྱབས་སུ་མཆི། །སྲིད་དང་བྲལ་བ་རྣམས་ལ་གུས་ཕྱག་འཚལ། །དེང་ནས་བདག་


JLAZ008_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འགྲོ་ཀུན་ཉེར་འཚོའི་ཕྱིར། །མགོན་རྣམས་འབངས་སུ་བདག་ཉིད་འབུལ་ལགས་ཀྱི། །བརྩེ་བའི་ཐུགས་རྗེས་བཞེས་པར་མཛད་དུ་གསོལ། །བྱམས་པའི་ཞལ་བཟང་དུས་འདིར་གཟིགས་ནས་ཀྱང༌། །འགལ་འཁྲུལ་ཉམས་ཆག་ཐམས་ཅད་བསྐང་དུ་གསོལ། །ཇི་ལྟར་སྔོན་གྱི་རྒྱལ་བ་སྲས་བཅས་དང༌། །རིག་འཛིན་མཁའ་འགྲོ་རྒྱ་མཚོའི་ཚོགས་རྣམས་ཀྱིས། །ཕྱི་ནང་གསང་བ་མཆོག་གི་དམ་ཚིག་དང༌། །སྡོམ་པ་རྒྱ་མཚོ་མཐའ་ཡས་བཟུང་བ་ལྟར། །དེང་ནས་བདག་ཀྱང་ལམ་ཆེན་དེར་ཞུགས་ཏེ། །འགྲོ་ལ་ཕན་ཕྱིར་དེ་དག་གཟུང་བར་བགྱི། །གདོད་ནས་མ་སྐྱེས་མཁའ་ལྟར་རྣམ་དག་ཅིང༌། །མི་འགྱུར་ལྷུན་གྲུབ་རང་བྱུང་འོད་གསལ་ལ། །ཇི་བཞིན་མ་བཅོས་ཆོས་ཉིད་དོན་བསྒོམ་སྟེ། །ཆོས་སྐུ་ཡངས་པ་ཆེན་པོའི་མཁའ་དབྱིངས་སུ། །ཀུན་བཟང་དོན་གྱི་དམ་ཚིག་གཟུང་བར་བགྱི། །བདེ་བར་གཤེགས་པ་རིགས་ཀྱི་དམ་ཚིག་ཏུ། །སྡོམ་དང་ཆོས་སྡུད་སེམས་ཅན་དོན་བྱེད་ཅིང༌། །བྱང་ཆུབ་སྙིང་པོ་རང་ལ་མཚོན་པའི་ཕྱིར། །ཆོས་ཀྱི་འཁོར་ལོའི་རྫས་ཀྱང་གཟུང་བར་བགྱི། །མི་འགྱུར་རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ། །རང་བཞིན་བསྐྱེད་རྫོགས་དོན་ལས་མི་འདའ་ཞིང༌། །རྡོ་རྗེ་སློབ་དཔོན་མཆོག་ཏུ་བཀུར་བ་དང༌། །ཐབས་དང་ཤེས་རབ་རང་ལ་མཚོན་པའི་ཕྱིར། །རྡོ་རྗེ་དྲིལ་བུའི་རྫས་ཀྱང་


JLAZ008_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

གཟུང་བར་བགྱི། །བསམ་འཕེལ་རིན་ཆེན་རིགས་ཀྱི་དམ་ཚིག་ཏུ། །སྦྱིན་པ་རྣམ་བཞིས་འགྲོ་ཀུན་བསྐྱང་བ་དང༌། །བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས་བྱེད་ཅིང༌། །ལྷུན་གྲུབ་ཡོན་ཏན་རང་ལ་མཚོན་པའི་ཕྱིར། །ནོར་བུ་རིན་ཆེན་རྫས་ཀྱང་གཟུང་བར་བགྱི། །མ་ཆགས་པདྨ་རིགས་ཀྱི་དམ་ཚིག་ཏུ། །ཕྱི་ནང་གསང་བའི་ཆོས་རྣམས་ཡོངས་གཟུང་ཞིང༌། །འགྲོ་ལ་ཚད་མེད་སྙིང་རྗེས་ཆགས་པ་དང༌། །སྐྱོན་བྲལ་ཆོས་ཉིད་རང་ལ་མཚོན་པའི་ཕྱིར། །ཡིད་འོང་པདྨ་མཆོག་ཀྱང་གཟུང་བར་བགྱི། །སྣ་ཚོགས་ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ། །ཐེག་གསུམ་སྡོམ་པ་མཐའ་ཡས་བཟུང་བ་དང༌། །དོན་གཉིས་ལྷུན་གྲུབ་རང་ལ་མཚོན་པའི་ཕྱིར། །རྒྱ་གྲམ་རལ་གྲི་མཆོག་ཀྱང་གཟུང་བར་བགྱི། །བླ་མེད་རྡོ་རྗེ་ཐེག་པའི་དམ་ཚིག་ཏུ། །ཟུང་འཇུག་ལམ་དུ་ཐམས་ཅད་བླང་བ་དང༌། །སྤང་བླང་མེད་པའི་རོལ་པ་མཚོན་པའི་ཕྱིར། །ཁ་ཊྭཱཾ་ཐོད་པ་ཅང་ཏེའུ་གཟུང་བར་བགྱི། །མདོར་ན་གང་གིས་འཁོར་བ་རྣམ་སྦྱོང་བ། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་དག་བྱེད་ཅིང༌། །དབང་པོའི་ཡུལ་དང་ཉོན་མོངས་རྣམ་སྦྱོང་བ། །སྐུ་ལྔ་ཡེ་ཤེས་ལྔ་དང་གསུང་ལྔ་དང༌། །ཡོན་ཏན་ཕྲིན་ལས་རིགས་ལྔ་སྒྲུབ་པའི་རྫས། །ནང་གི་དགོངས་སྤྱོད་རྒྱ་མཚོ་མཐའ་ཡས་དང༌། །ཕྱི་རོལ་དམ་རྫས་འདོད་ཡོན་ཐབས་ཆེན་ལྔ། །ཤ་ལྔ་བདུད་རྩི་ལྔ་ལ་སོགས་པ་དང༌། །རྩ་


JLAZ008_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡན་ལག་དམ་ཚིག་ལྔ་རྣམས་ལ། །རྡོ་རྗེ་མཆོག་སྒྲུབ་སྐུ་གསུང་ཐུགས་གསུམ་དང༌། །ཤེས་དང་མི་སྤང་དང་དུ་བླང་བ་དང༌། །བསྒྲུབ་དང་སྤྱད་པར་བྱ་བ་ལྔ་ལྔ་སྟེ། །ཉི་ཤུ་རྩ་བརྒྱད་རྩ་བ་ཡན་ལག་བཅས། །གསང་སྔགས་རྡོ་རྗེ་སྙིང་པོའི་སྡོམ་པ་ཀུན། །དེང་ནས་བརྩམས་ཏེ་བདག་གིས་བསྲུང་བར་བགྱི། །གང་ལ་བརྟེན་ནས་སྲིད་པ་རྣམ་སྦྱོང་ཞིང༌། །ཞི་བ་ཐར་པའི་དམ་པ་ཐབས་ཆེན་ཀུན། །འགྲོ་བའི་དོན་དུ་བདག་གིས་ཡོངས་སུ་གཟུང༌། །སྲིད་ཞིར་མི་གནས་བྱང་ཆུབ་མཆོག་ཞུགས་ཏེ། །དཀྱིལ་འཁོར་དབང་ཕྱུག་རྡོ་རྗེ་སློབ་དཔོན་དང༌། །དཔའ་བོ་རྣལ་འབྱོར་མ་ཀུན་མཆོད་པ་དང༌། །ཚོགས་གཉིས་བརྩོན་པ་མཐའ་ཡས་རྒྱ་མཚོ་བསྒྲུབ། །འགྲོ་ལ་སྙིང་བརྩེ་ཕན་པ་མཆོག་ཏུ་བྱ། །གནོད་པར་མི་བྱ་བརྙས་པར་ཡོངས་མི་བགྱི། །གཅིག་པུ་ཞི་བ་དོན་དུ་མི་གཉེར་ཞིང༌། །གཞན་དོན་ཡང་དག་བསྒྲུབ་ལ་བརྩོན་པ་ཡི། །རང་གཞན་ཐར་པའི་སྒོ་ནི་དབྱེ་བར་བགྱི། །བཞི་པ་ཕྱི་རོལ་པ་བསྐྲད་པ་ནི། གཞི་བགེགས་སོ་སོར་གཏོར་མ་ཆ་གཉིས་བཤམས་ལ། ཨ་ཀཱ་རོས་བརླབ། ཧཱུྃ་ཡུལ་ཕྱོགས་འདི་དག་ཀུན་ལ་གནས་པ་ཡི། །ལྷ་ཀླུ་གནོད་སྦྱིན་སྲིན་པོ་འབྱུང་པོ་དང༌། །ཡི་དྭགས་ཤ་ཟ་བརྗེད་བྱེད་སྨྱོ་བྱེད་དང༌། །མཁའ་འགྲོ་མ་མོ་འཁོར་དང་བཅས་པ་རྣམས། །མཆོད་སྦྱིན་གཏོར་མ་བཟང་པོ་འདི་ཉིད་བཞེས། །


JLAZ008_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་གཅོད་པའི་བསམ་སྦྱོར་ཀུན་སྤོངས་ལ། །ཞི་དང་ཕན་པའི་སེམས་ཀྱིས་གནས་པར་གྱིས། །ཧཱུྃ་ཡེ་ཤེས་རོལ་པ་དཔལ་གྱི་སྐུར་གསལ་བའི། །སྐུ་གསུང་ཐུགས་ལས་སྤྲུལ་པའི་ཁྲོ་ཚོགས་ཀྱིས། །བགེགས་རིགས་མ་ལུས་རྒྱ་མཚོའི་མཐར་བསྐྲད་དོ། །ཧཱུྃ་བཞིའི་སྔགས་ཀྱིས་བསྐྲད། ལྔ་པ་སྲུང་འཁོར་ནི་འོད་རིམ་ལས། ཧཱུྃ་སྟོང་ཆེན་གསལ་བའི་རིག་པ་ཉིད། །སྐད་ཅིག་ས་བོན་རང་གི་ལྷར། །གསལ་བས་ཧཱུྃ་བསྐུལ་འཕྲོ་འདུ་ལས། །ཞེ་སྡང་རྡོ་རྗེར་གསལ་བ་ཡི། །ཐུགས་ཀྱི་ས་བོན་འོད་ཟེར་ལས། །མཚོན་ཆ་རིམ་སྤྲོས་བར་ཆད་བསྐྲད། །སླར་འདུས་རིམ་བཞིན་སྟེང་འོག་གུར། །ཛྭ་ལ་རཾ་གྱིས་མེ་དཔུང་འབར། །རྣམ་རྟོག་འདུ་ཤེས་ཀུན་སྤངས་ན། །བགེགས་ཀྱི་སྦྱོར་བ་ཡོང་མི་འགྱུར། །དེ་བས་རྣམ་རྟོག་གེགས་ཡིན་པས། །ཡང་དག་རིག་པ་ཉིད་ཀྱིས་སྲུང༌། །དྲུག་པ་བྱིན་འབེབས་ནི། ཆོས་ཉིད་སྤྲོས་པ་དང་བྲལ་བའི་ཀློང་ནས་ཡེ་ཤེས་ཀྱི་འཁོར་ལོ་སྐུ་ཕྱག་རྒྱ། གསུང་སྒྲ་ཚིག །ཐུགས་ཕྱག་མཚན་གྱི་རྣམ་པར་སད་པ་བདག་གནས་ཡོ་བྱད་རྣམས་ལ་ཐིམ་པར་བསམ་ལ། སྤོས་རོལ་དང་བཅས། ཨོཾ་ཧཱུྃ་ཨ་ལ་ལ་ཧོ། བྷ་ག་ཝཱན་ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། །ཁྱད་པར་བསྟན་པའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །བྱིན་གྱིས་བརླབས་པའི་


JLAZ008_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ལ་བབ། །དབང་མཆོག་བསྐུར་བའི་དུས་ལ་བབ། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས། །བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། །དབང་ཆེན་དབང་བསྐུར་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བདག་ཅག་ལས་འབྲས་མཆིས་པར་མཛོད། །རོལ་མོ་སྣ་ཆོགས་ཀྱི་སྒྲ་སྦྱར་ཞིང་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་གིས་བྱིན་བསྡུས། བདུན་པ་མཆོད་རྫས་བརླབ་པ་ནི། ཕྱི་མཆོད་ལ་དམིགས་ནས། བདག་ཉིད་ལྷར་གསལ་ཐུགས་ཀའི་ཧཱུྃ་ཡིག་ལས། །རཾ་ཡཾ་ཁཾ་འཕྲོས་ཡེ་ཤེས་མེ་རླུང་ཆུས། །མཆོད་རྫས་དངོས་འཛིན་སྐྱོན་སྦྱངས་སྟོང་པའི་ངང༌། །ཨ་ལས་སྟོང་གསུམ་བྷནྡྷར་རྫོགས་པའི་ནང༌། །འཁོར་འདས་བཅུད་དྲངས་ཧཱུྃ་ལས་ཉེར་སྤྱོད་ཀྱི། །དམ་རྫས་འདོད་ཡོན་སྤྲིན་ཕུང་རྒྱ་མཚོར་གྱུར། །ནམ་མཁའ་མཛོད་ཀྱི་སྔགས་རྒྱ་དང༌། ཨོཾ་བཛྲ་རཱ་ག །དྷུ་པེ་དྷུ། དེ་བཞིན་དུ། པུཥྤེ་པུ། ཨཱ་ལོ་ཀེ་ཧྲཱིཿ གྷནྡྷེ་གྷན། རྡོ་རྗེ་ཞབས་བསིལ་མ་ལ་སོགས་པ་མཆོད་པའི་ལྷ་མོས་ནམ་མཁའ་གང་བར་གྱུར། ནང་མཆོད་བསང་སྦྱང༌། སྟོང་པའི་ངང་ལས་ཀཾ་ཡིག་ཡོངས་གྱུར་ལས། །མི་མགོའི་སྒྱེད་སྟེང་ཨ་ལས་བྷནྡྷའི་ནང༌། །འཁོར་ལོ་རྩིབས་བཞི་ལྟེ་བར་བཅས་པའི་དབུས། །གོ་ཀུ་ད་ཧ་ན་ལས་ཤ་ལྔ་དང༌། །བི་མུ་མ་ར་ཤུ་ལས་བདུད་རྩི་ལྔ། །རང་རང་ས་


JLAZ008_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

བོན་གྱིས་མཚན་ཡཾ་རཾ་ལས། །རླུང་གཡོས་མེ་སྦར་དམ་རྫས་ཞུ་བའི་སྟེང༌། །ཧཱུྃ་ཨོཾ་སྭཱ་ཨཾ་ཧཱ་ལས་ཕྱག་མཚན་ལྔ། །སོ་སོས་ཡུ་བ་བྱས་པའི་དྲིལ་བུ་རྣམས། །ཡོངས་གྱུར་རིགས་ལྔ་ཡབ་ཡུམ་མཉམ་སྦྱོར་གྱུར། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿམཱུཾ་ལཱཾ་མཱཾ་པཱཾ་ཏཱཾ། ཟླ་བའི་ཁ་གཅོད་སྣ་ཚོགས་རྡོ་རྗེའི་ལྟེར། །རྟ་མགྲིན་དམར་པོ་པདྨ་རྒྱ་གྲམ་འཛིན། །རྭ་བཞིར་ཡུམ་བཞི་རྡོ་རྗེའི་ཏོག་གི་དབུས། །སྟངས་དཔྱལ་ཀུན་གྱི་བདེ་བའི་འོད་རླངས་སྤྲིན། །དབྱངས་གསལ་ལས་གྱུར་འབྲུ་གསུམ་བརྩེགས་མ་ཡི། །འོད་ཀྱིས་རྒྱལ་བ་མཆོད་ཅིང་གཞན་དོན་བྱས། །ཚུར་འདུས་དམ་ཚིག་རྫས་དང་དབྱེར་མེད་འདྲེས། །ཡེ་ཤེས་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། །མཐེབ་སྲིན་རྟ་མགྲིན་ཡབ་ཡུམ་དུ་གསལ་བས་བདུད་རྩི་དཀྲུགས་ཅིང༌། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱཿཉེར་གཅིག་དང༌། བསངས་འཐོར་ཀྱང་བྱའོ། །གཏོར་མ་ལ་དམིགས་ནས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་གཏོར་གཞོང་པདྨའི་སྣོད། །གཏོར་རྫས་མཆོག་ཆེན་མི་དང་སེང་གེ་གླང༌། །བ་ལང་རྟ་ཤ་བདུད་རྩི་ལྔ་ཡི་སྟེང༌། །རིགས་ལྔ་ཡབ་ཡུམ་ཕྱག་མཚན་རྣམས་ཀྱིས་མཚན། །འོག་ནས་རླུང་གཡོས་མེ་སྦར་བདུད་རྩི་ཁོལ། །ཟག་མེད་རོ་བརྒྱ་ལྡན་པའི་གཏོར་མ་ནི། །དབང་པོ་དྲུག་ལ་དགྱེས་དགུའི་སྤྲིན་དུ་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་བྷ་ལཱིངྟ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བཱ་ཏེ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ།


JLAZ008_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གསུམ། རཀྟ་ལ་དམིགས་ནས། ཨོཾ་སྭ་བྷཱ་ཝས་སྦྱངས། ཨ་ལས་ཡུམ་མཁའ་རྣམ་ཐར་གསུམ་ལྡན་དབྱིངས། །མ་ལས་ཉི་དཀྱིལ་ར་ཡིག་ཡོངས་གྱུར་ལས། །ཆགས་ཆེན་སྲིད་པའི་རཀྟ་འབར་བའི་ཀློང༌། །ངར་འཛིན་རཱུ་ཏྲའི་རྣམ་ཤེས་ཚོགས་བརྒྱད་རྣམས། །ཐབས་མཆོག་རྡོ་རྗེ་ནོར་བུས་སྦྱངས་པ་ཡིས། །འཁོར་བ་ལུགས་ལྡོག་སྐྱེ་མེད་ཆོས་སྐུར་བསྒྲལ། །ཟེགས་མའི་ཚོགས་ལ་ཞིང་གི་ལྷུ་དུམ་དང༌། །རྡོ་རྗེ་སྒེག་མོའི་མཆོད་སྤྲིན་སྤྲོ་བར་གྱུར། །ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ལ་ཧཱུྃ་ཧྲཱིཿཋཱཿལན་གསུམ། གཉིས་པ་དངོས་གཞི་ལ་ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པ་དང༌། ཕྱིན་དྲུག་གི་ཡན་ལག་བསྐྱེད་རྗོགས་ཀྱི་དངོས་པོར་སྡུད་པའོ། །དང་པོ་ལ་ཀུན་རྫོབ་དང་དོན་དམ་གཉིས་ལས། དང་པོར་ཆོས་དང་སེམས་ཅན་ལ་དམིགས་པ་ནི། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་མོད་ཀྱང༌། །རྟོག་པའི་དབང་གིས་འཁོར་བ་ལས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །གཉིས་པ་དམིགས་མེད་རྣམ་པར་སྨིན་པ་ནི། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང༌། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང༌། །འགག་པ་


JLAZ008_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ལས་ཐམས་ཅད་འགག། །འགག་པ་ཉིད་ན་འགག་པ་མེད། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང༌། །གནས་པ་མེད་ལས་ཐམས་ཅད་གནས། །གནས་པ་ཉིད་ན་གནས་པ་མེད། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང༌། །དམིགས་པ་མེད་ལས་ཐམས་ཅད་དམིགས། །དམིགས་པ་ཉིད་ན་དམིགས་པ་མེད། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང༌། །འགྲོ་འོང་མེད་ལས་འགྲོ་དང་འོང༌། །འགྲོ་འོང་ཉིད་ན་འགྲོ་འོང་མེད། །གཉིས་པ་ལ་ཏིང་འཛིན་གསུམ་གྱིས་བསྐྱེད་གཞི་བསྟན་པ། རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ། ཕྲིན་ལས་བྱ་བའི་ཡན་ལག་བསྒྲུབ་པའོ། །དང་པོ་ལ་གསུམ་གྱི། དང་པོ་རྡོ་རྗེ་ལྟ་བུ་དེ་བཞིན་ཉིད་ནི། གཞི་རྒྱུད་བདེ་གཤེགས་སྙིང་པོའི་དག་བྱ་ཚོགས་བརྒྱད་གློ་བུར་པའི་སྤྲོས་པ་གསལ་ལ། དངོས་རྣམས་ཉིད་ན་དངོས་མེད་པ། །རྟོག་པའི་སྨྲ་བསམ་ཡུལ་ལས་འདས། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །དེ་ཕྱིར་དངོས་པོ་མེད་པའོ། །གཉིས་པ་དཔའ་བར་འགྲོ་བ་ཀུན་སྣང་ནི། ཆོས་ཉིད་དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་སྟོང་ཉིད་སྤྲོས་པ་མེད་པའི་གདངས་དམིགས་མེད་ཀྱི་སྙིང་རྗེར་ཤར་བས། དེ་བཞིན་ཉིད་ནི་སྤྲོས་མེད་ཀྱང༌། །རང་བཞིན་ཀུན་ཏུ་སྣང་བའི་དབྱིངས། །སེམས་ཅན་ཀུན་ལ་སྙིང་བརྩེའི་ཕྱིར། །


JLAZ008_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །གསུམ་པ་སྒྱུ་མ་ལྟ་བུ་རྒྱུའི་ཏིང་ངེ་འཛིན་ནི། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པ་དེའི་ངང་ལས་ཡིད་བྱེད་པ་པོ་ཀུན་ཏུ་བཟང་པོའི་བདག་ཉིད་སྐྱེ་མེད་ཀྱི་ཡི་གེར་ལྡང་བསྟེ། དངོས་པོ་མེད་ལས་དངོས་པོའི་སྤྲིན། །སྣ་ཚོགས་རྣམ་པར་འབྱུང་ཞིང་འགྱུར། །གཞི་རྩ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །སེམས་ཉིད་ཡེ་གེའི་རང་བཞིན་ཏེ། །ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན། །ཡི་གེ་མཆོག་ནི་བསྒོམ་པར་བྱ། །དེ་ལྟར་སྐྱེ་མེད་ཀྱི་ཡི་གེ་ལས་སྤྲོ་བསྡུའི་ཚིག་ཏུ་བསྟན་ཀྱང་འཕེལ་འགྲིབ་ལྟར་སྣང་བ་ནི་མེད་དེ། ཆོས་ཉིད་ཀྱི་དོན་ཡིག་འབྲུས་མཚོན་ནས་བསྐྱེད་རིམ་གྱི་རོལ་རྩལ་མཐའ་དག་ཆོས་བྱ་བ་མོ་ཀུན་ཏུ་བཟང་མོ་ལྷག་མཐོང་གསལ་བའི་བདག་ཉིད་དུ་བརྟན་པར་བྱ་བ་སྟེ། ཨཱཿརབ་ཏུ་བརྟན་གྱུར་ཨ་དཀར་ལས། །ཤིན་ཏུ་ཕྲ་བའི་ཨ་རྣམས་སྤྲོ། །ཕྱོགས་བཅུ་གང་བར་གསལ་གྱུར་ནས། །བསྡུས་ཀྱང་འཕེལ་འགྲིབ་མེད་པར་བརྟན། །དེ་ལས་མིང་ཚོགས་གསལ་འབར་ཀུན། །སྤྲོ་ཞིང་བསྡུ་བའང་དེ་བཞིན་ནོ། །འདི་ནི་རྡོ་རྗེ་དངོས་གྲུབ་ཀྱི། །བརྟན་འབྱུང་ཡེ་ཤེས་རྒྱུ་ཡིན་ནོ། །གཉིས་པ་རྟེན་གཞལ་ཡས་ཁང་དང་བརྟེན་པ་ལྷ་བསྒོམ་པ་གཉིས་ཀྱི། དང་པོ་ལ་གསུམ་ལས། དང་པོ་རྟེན་གཞི་འབྱུང་བའི་དཀྱིལ་འཁོར་སྒོམ་པ་ནི། ཨ་ལས་མཐའ་དབུས་མེད་པ་ཡི། །


JLAZ008_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

འོག་མིན་ཆོས་འབྱུང་བསམ་པར་བྱ། །དེ་ནས་ཡཾ་ལས་བྱུང་བ་ཡི། །རླུང་གི་དཀྱིལ་འཁོར་བསམ་པར་བྱ། །དེ་སྟེང་ཡི་གེ་རཾ་ལས་ནི། །མེ་ཡི་དཀྱིལ་འཁོར་བསྐྱེད་པར་བྱ། །དེ་ཡི་སྟེང་དུ་བཾ་བསམས་ཏེ། །དེ་ལས་ཆུ་ཡི་དཀྱིལ་འཁོར་རོ། །ཆུ་ཡི་དཀྱིལ་འཁོར་སྟེང་དུ་ནི། །ལ་ལས་ཡེ་ཤེས་ས་གཞིར་བརྟག །གཉིས་པ་རྟེན་གཞལ་ཡས་ཁང་སྒོམ་པ་ནི། རྒྱུད་ལས། ཡེ་ཤེས་ཕྱོགས་བཞི་དབུས་བརྟགས་ཏེ། །དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ནི། །རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས། །ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད། །འཁོར་ལོ་རྩིབས་བཞི་མུ་འཁྱུད་བཅས། །གྲུ་ཆད་བཞིས་བརྒྱན་བར་ཁྱམས་དང༌། །ཀུན་ཏུ་གྲུ་བཞི་སྒོ་ཁྱུད་ལྡན། །རོལ་མོ་སྣ་ཚོགས་སྤྲིན་ཕུང་བཞིན། །ཞེས་པས་སྡུག་བསྔལ་བདེན་པའི་རང་གཟུགས་སྣོད་ལྟར་སྣང་བའི་ཀུན་འབྱུང་བ་ཅན་ལས་སྣོད་མ་དག་པ་རྟེན་གཞལ་ཡས་ཁང་གིས་འགོག་པའི་ལམ་གྱི་བདེན་པ་ནི། ལྷུན་པོའི་སྟེང་དུ། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བཛྲ་ཛྙཱ་ན་ཙཀྲ་མཎྜལ་བྷྲཱུྃ། བྷྲཱུྃ་ཡིག་ཡོངས་སུ་གྱུར་པ་ལས། ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་ནང་ནས་རིམ་པ་བཞིན། མཐིང༌། དཀར། སེར། དམར། ལྗང་བའི་རིན་པོ་ཆེའི་རྩིག་པ་རིམ་པ་ལྔ་དང་ལྡན་པའི་སྟེང་ན། རིན་པོ་ཆེའི་ཕ་གུ་སེར་པོ་རིན་པོ་ཆེ་སྣ་ཚོགས་པས་བཀྲ་བ་འཕྱར་ཐབས་སུ་བཀོད་པའི་མཐར་མུ་


JLAZ008_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ཏིག་གི་མགུལ་འཁོར་འཕྱང་བ། དེའི་སྟེང་ན་བྲེ་ཕུལ་གྱི་སྣམ་བུ་ལ་གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ་མ་ཀ་རའི་ཁ་ནས་རིན་པོ་ཆེའི་དྲྭ་བ་དང༌། དྲྭ་བ་ཕྱེད་པ། དར་དང་རྔ་ཡབ། དྲིལ་བུ་དང་མེ་ལོང༌། ཟླ་བ་རླུང་གིས་བསྐྱོད་པ་ལ་སོགས་པས་མཛེས་པ། དེའི་ཕྱི་ངོས་སུ་བྱ་འདབས་ལ་འཕྱང་བའི་རིན་པོ་ཆེའི་ཤར་བུ། སྟེང་ངོས་སུ་མདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན། དེ་དག་གི་བར་བར་དུ་བུམ་པ་ལ་གནས་པའི་རྒྱལ་མཚན་དང༌། བ་དན་བརྒྱད་བརྒྱད་དང༌། ཟུར་བཞིར་རྣམ་པར་བཀྲ་བའི་གདུགས་ཀྱིས་མཚན་པ། རྩིག་པའི་འགྲམ་ནས་འདོད་ཡོན་གྱི་སྣམ་བུ་དམར་པོས་བསྐོར་བ་ལ་གཟུགས་རྡོ་རྗེ་མ་ལ་སོགས་ལྷ་མོ་རྣམས་ཀྱིས་མཆོད་པའི་སྤྲིན་རབ་འབྱམས་སྤྲོ་བ། སྒོ་དང་སྒོ་ཁྱུད་ཀྱི་མཚམས་དང་ཟུར་བཞིར་ཟླ་བ་ཕྱེད་པ་ལ་གནས་པའི་རྡོ་རྗེ་ནོར་བུས་བརྒྱན་པ། སྒོ་ལོགས་ཀྱི་ཟུར་བཞི་ནས་བུམ་པ་ལ་གནས་པའི་ཀ་བ་བཞི་བཞེས་བཏེག་པའི་རྟ་བབས། རྟ་རྐང་ཆུ་སྐྱེས་རིན་ཆེན་སྒྲོམ། །སྣ་འཕྱང་བཞི་ལས་ཟ་ར་ཚགས། །རིན་ཆེན་སྒྲིལ་འཕྱང་ཤར་བུ་ཁྱུང༌། །ཞེས་པས་རིམ་པ་ཅན་གྱི་སྣམ་བུ་བརྒྱད་པ་བསིལ་ཁང་དང་ལྡན་པའི་རྩེ་མོར་པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ་གཞན་ཡང་གདུགས་དང་རྒྱལ་མཚན་བ་དན་སྣ་ཚོགས་པ་དང་གསེར་གྱི་དྲིལ་བུ་


JLAZ008_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པས་བརྒྱན་པ། སྒོའི་གཡས་གཡོན་གྱི་གཞི་ལ་ཏཱ་ལའི་ལྗོན་པ་དང༌། དཔག་བསམ་གྱི་ཤིང་ལ་བཀྲ་ཤིས་པའི་བྱ་སྙན་པར་སྒྲོག་པ་སྣ་ཚོགས་གནས་པ། ཤིང་དེ་དག་ཀྱང་གསེར་གྱི་ཐ་གུས་བྲེས་ཤིང་དྲིལ་བུ་དང་གཡེར་ཁ་ཆོས་ཀྱི་སྒྲ་སྙན་པར་འཁྲོལ་བས་མཛེས་པ། ཡན་ལག་བརྒྱད་དང་ལྡན་པའི་ཁྲུས་ཀྱི་རྫིང་བུ་ལ་ལྷ་མོ་སྣ་ཚོགས་བདེ་བར་བརྩེ་བ། རིན་པོ་ཆེའི་ཕུང་པོ་འོད་འབར་བ་རེ་རེ་སྟེ་བརྒྱད་དང༌། གཞན་ཡང་རིན་པོ་ཆེ་སྣ་བདུན་དང༌། བཀྲ་ཤིས་པའི་རྫས་བརྒྱད་སོགས་འདོད་པའི་ཡོན་ཏན་ཐམས་ཅད་ཀྱིས་མཛེས་པར་གང་བའོ། །གཞལ་ཡས་ཁང་གི་ནང་བར་ཁྱམས་གྲུ་བཞི་པས་ཀུན་ནས་བསྐོར་ཞིང༌། གྲུ་ཆད་བཞི་གློ་འབུར་གྱིས་མཛེས་པའི་ནང་དུ། རྡོ་རྗེའི་ཕྲེང་བས་བསྐོར་བའི་འཁོར་ལོ་རྩིབས་བཞི་པ་ལྟེ་བ་དང་བཅས་པ་རྣམས་རིམ་པ་བཞིན་ཁྱད་པར་དུ་གྱུར་པས་འཕགས་པ་རྡོ་རྗེའི་ཟླུམ་བསྐོར་ལ་བརྟེན་པའི་ཀ་བ་རིགས་ཀྱི་མཚན་མ་ཅན་གཉིས་གཉིས་ཀྱིས་ཕྱོགས་རེ་ནས་བཏེག་པའི་སྟེང༌། རྡོ་རྗེའི་གདུང་གིས་མིག་མངས་རིས་སུ་བྲིས་ཤིང་མཛེས་པར་ཕུབ་པའི་དབུས་ཕྱུར་བུ་སངས་རྒྱས་ཀྱི་གཙུག་ཏོར་ལྟར་ཀུན་ནས་ཟླུམ་པོར་འཁྱིལ་བའི་རྩེ་མོ་རྡོ་རྗེ་རིན་པོ་ཆེའི་ཏོག་སྟོང་འོད་ཟེར་མཐའ་ཡས་པ་སྤྲོ་བས་མཛེས་པ། ནང་གི་སྟེང་དང་འོག་གི་གཞི་ཐམས་ཅད་ཤར་དཀར། ལྷོ་སེར། ནུབ་


JLAZ008_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

དམར། བྱང་ལྗང༌། དབུས་སྔོ་བ། ལྷ་དང་མི་ལས་ཁྱད་པར་དུ་གྱུར་པའི་ངོ་མཚར་དུ་མས་འཕགས་པའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་དངས་ཤིང་བསྒྲིབ་པ་མེད་པར་ཀུན་ཏུ་གསལ་བ་གཞི་ཚད་མེད་པའི་ཡེ་ཤེས་ཀྱི་འཁོར་ལོའི་ལྟེ་བ་ལ་རྫོགས་པར་གྱུར། གསུམ་པ་གདན་བསྐྱེད་པ་ནི་རྒྱུད་ལས། སེང་གེ་གླང་ཆེན་རྟ་དང་ཁྱུང༌། །ནམ་མཁའ་ལྡིང་གི་ཁྲི་ཆེན་ལ། །ཉི་ཟླ་པདྨ་རིན་པོ་ཆེ། །ཞེས་པས། གཞལ་ཡས་ཁང་གི་དབུས་ཀྱི་ལྟེ་བ་དང་རྩིབས་བཞིར་རིམ་པ་བཞིན། དབུས་སུ་སེང་གེཤར་དུ་གླང་པོ། ལྷོར་རྟ་མཆོགནུབ་ཏུ་རྨ་བྱ། བྱང་དུ་མཁའ་ལྡིང་རྣམས་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་བཀོད་པ་ཕུལ་དུ་བྱུང་བའི་སྟེང་དུ། པཾ་པདྨ་མཎྜ་ལ། མ་སཱུརྻ་མཎྜ་ལ། ཨ་ཙནྡ་མཎྜ་ལ། སྣ་ཚོགས་པདྨའི་ལྟེ་བར་ཉི་མའི་དཀྱིལ་འཁོར་དང༌། ཟླ་བ་ཉ་གང་བ་སྟེ་ལྔ་བརྩེགས། འཁོར་ལོའི་གོང་རས་དང༌། གྲུ་ཆད་ཀྱི་གྲ་བཞིར། པཾ་པདྨ་མཎྜ་ལ། མ་སཱུརྻ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། པདྨ་དང་ཉི་ཟླའི་གདན་སུམ་བརྩེགས། འཁྱམས་ཀྱི་ཤར་ནུབ་གཉིས་སུ་རིན་པོ་ཆེའི་ཁྲིར། པཾ་པདྨ་མཎྜ་ལ། མ་སཱུརྻ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། པད་ཉི་ཟླ་བའི་གདན་བཞི་བརྩེགས། ལྷོ་བྱང་དང་མཚམས་བཞིར། པཾ་པདྨ་མཎྜ་ལ། སྣ་ཚོགས་པདྨའི་


JLAZ008_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

གདན་རེ་རེ་སྒོ་བཞིར། མ་སཱུརྻ་མཎྜ་ལ། ཉི་མའི་དཀྱིལ་འཁོར་རེ་རེ་རྣམས་གསལ་བར་གྱུར། གཉིས་པ་བརྟེན་པ་ལྷ་བསྐྱེད་པ་ལ་གསུམ་ལས། དང་པོ་ནི་རྒྱུད་ལས། གདན་ལ་རྫོགས་དང་སེམས་དཔའི་ཚུལ། །འཁོར་ལོ་རྒྱལ་པོ་རྒྱལ་མོ་དང༌། །གཡས་ནས་མཐོང་ཐོས་སྣོམ་པ་དང༌། །མྱོང་དང་བཙུན་མོའི་ཚོགས་སུ་བཅས། །གྲུ་ཆད་ལ་ནི་མཐོང་བྱེད་དང༌། །ཐོས་བྱེད་སྣོམ་བྱེད་མྱོང་བྱེད་རྣམས། །བཙུན་མོའི་ཚོགས་དང་བཅས་པར་གནས། །བར་ཁྱམས་ལ་ནི་ཐུབ་དྲུག་དང༌། །མདུན་དང་རྒྱབ་ཏུ་བྱེད་པ་དང༌། །བྱ་བ་དག་ནི་གནས་པར་བསྟན། །སྒོ་ཁྱུད་བཞི་ལ་འཇོམས་པ་ནི། །བཙུན་མོའི་ཚོགས་དང་ལྡན་པར་གནས། །རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །པདྨ་རལ་གྲི་དྲིལ་བུ་དང༌། །ཨུཏྤལ་ཀླུ་ཤིང་ལ་སོགས་མཚན། །མཛེས་ཚུལ་མཉེས་པའི་ཡོ་བྱད་འཛིན། །མཐིང་ག་དཀར་པོ་སེར་ལེ་བརྒན། །ལྗང་གུ་ལ་སོགས་སྣ་ཚོགས་པའི། །མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། །གསལ་འཚེར་ལྷུན་སྡུག་གཟི་བྱིན་ལྡན། །འོད་ཟེར་འཕྲོ་བའི་ཚོགས་ཆེན་པོ། །འབར་བའི་ཕྲེང་བས་འཁྱིལ་བ་སྟེ། །མཐའ་དབུས་མེད་པར་ཁྱབ་པ་ཡི། །དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །ཅེས་པས་སྦྱང་གཞི་ཕུང་ཁམས་སྐྱེ་མཆེད་ལྷར་ཤར་བའི་བཅུད་མ་དག་པ་དང་ཀུན་བརྟགས་ཀྱི་རྟོག་


JLAZ008_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ལྷ་སྐུར་བསྒྲུབ་པ་ནི། གཞིའི་ཨ་ཡིག་ལས་ཡི་གེ་བཞི་བཅུ་རྩ་གཉིས་ཐོན་ཏེ་སོ་སོའི་གདན་སྟེང་དུ་འཁོད་པ་ནི་དབུས་སུ། ཋ་ཐ། རྩིབས་བཞིའི་ཤར་དུ། ཊ་ཏ། ལྷོར། ཌ་ད། ནུབ་ཏུ། ཌྷ་དྷ། བྱང་དུ། ཎ་ན། རྩིབས་མཆན་གྱི་ཤར་ལྷོའི་གདན་ལ། ཀ་ཙ། ལྷོ་ནུབ་དུ། ཁ་ཚ། ནུབ་བྱང་དུ། ག་ཛ། བྱང་ཤར་དུ། གྷ་ཛྷ། གྲུ་ཆད་ཀྱི་ཤར་ལྷོའི་གདན་ལ། པ་ཡ། ལྷོ་ནུབ་ཏུ། ཕ་ཝ། ནུབ་བྱང་དུ། བ་ར། བྱང་ཤར་དུ། བྷ་ལ། ཁྱམས་ཀྱི་ཤར་དུ། ཀྵ། ནུབ་ཏུ། ཨཱ། ཤར་ལྷོར། ཨི། བྱང་དུ། ཨཱི། ལྷོར། ཨུ། ནུབ་བྱང་དུ། ཨཱུ། ལྷོ་ནུབ་ཏུ། ཨེ། བྱང་ཤར་དུ། ཨཻ། སྒོ་བཞིའི་ཤར་སྒོར། ང་ཤ།།ལྷོར་སྒོར། ཉ་ཥ། ནུབ་སྒོར། མ་ས། བྱང་སྒོར། ཨོ་ཨཽ་ཧ། རྣམས་རང་རང་གི་ལྷའི་ཁ་དོག་དང་མཐུན་པར་སོ་སོའི་གདན་ལ་འཁོད་པའི་མཐར་ཨ་ཞེས་བརྗོད་པས། གཞིའི་ཨ་དེ་ཡིག་འབྲུ་རྣམས་ལ་ཁྱབ་པར་ཐིམ་པས་ཤིན་ཏུ་གསལ་ཞིང་འབར་བར་བསམས་ལ། ཨ་ཉིད་སྣ་ཚོགས་པར་སྣང་བའི། །ཀ་ལ་སོགས་པ་བཞི་བཅུ་གཉིས། །སྒྲ་ཡི་མིང་གིས་ཐམས་ཅད་བསྡུས། །མངོན་རྫོགས་རྒྱལ་པོ་དེ་ཉིད་ངེས། །ཨ་སྥ་ར་ཎ་ཕཊ་ཅེས་བརྗོད་པས་ཡིག་འབྲུ་རྣམས་ལས་འོད་ཟེར་འཕྲོས། སངས་རྒྱས་ཀྱི་མཛད་པ་བསྒྲུབ། སཾ་ཧ་ར་ཎ་ཧཱུྃ་སླར་འདུས་ནས་ཡིག་


JLAZ008_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་རྣམས་ལ་ཐིམ་པ་འོད་དུ་ཞུ་བ་ལས། བཛྲ་ཙཀྲ་རཏྣ་པདྨ་ཁངྒ་གྷནྚ་ཞེས་བརྗོད་པས། དབུས་སུ་རྡོ་རྗེ་དང་དྲིལ་བུ། རྩིབས་བཞིའི་ཤར་དུ་འཁོར་ལོ་དང་དྲིལ་བུ། ལྷོར་རིན་པོ་ཆེ་དང་དྲིལ་བུ། ནུབ་ཏུ་པདྨ་དང་དྲིལ་བུ། བྱང་དུ་རལ་གྲི་དང་དྲིལ་བུ། རྩིབས་མཆན་གྱི་ཤར་ལྷོར་རིན་པོ་ཆེའི་མྱུ་གུ་དང་མེ་ལོང༌། ལྷོ་ནུབ་ཏུ་རལ་གྲི་དང་ཕྲེང་བ། ནུབ་བྱང་དུ་པདྨ་དང་པི་ཝང༌། བྱང་ཤར་དུ་རྡོ་རྗེ་དང་རྔ་ཡབ། གྲུ་ཆད་བཞིའི་ཤར་ལྷོར་ཀླུ་ཤིང་དང་སྤོས་ཁང༌། ལྷོ་ནུབ་ཏུ་པུ་སྟི་དང་མེ་ཏོག །ནུབ་བྱང་དུ་རིན་པོ་ཆེའི་སྙེ་མ་དང་མར་མེ། བྱང་ཤར་དུ་ཨུཏྤལ་དང་དྲི་ཆབ། ཁྱམས་ཀྱི་ཤར་དུ་རྡོ་རྗེ། ནུབ་ཏུ་དྲིལ་བུ། ཤར་ལྷོར་པི་ཝང༌། བྱང་དུ་གོ་མཚོན། ལྷོར་གསེག་པར། ནུབ་བྱང་དུ་པུསྟི། ལྷོ་ནུབ་ཏུ་སྒྲོམ་བུ། བྱང་ཤར་དུ་མེ་ཆུ། ཤར་སྒོར་ནྲི་མགོ་གདེངས་པ་དང་ལྕགས་ཀྱུ། ལྷོ་སྒོར་རྡོ་རྗེ་རྩེ་ལྔ་དང་ཞགས་པ། ནུབ་སྒོར་ཐོད་པ་སྦྲུལ་གྱིས་དཀྲིས་པ་དང་ལྕགས་སྒྲོག །བྱང་དུ་རྡོ་རྗེ་རྒྱ་གྲམ་དང་དྲིལ་བུ་སྟེ་ཕྱག་མཚན་བཞི་བཅུ་རྩ་གཉིས་སུ་གྱུར། སྥ་ར་ཎ་ཕཊ། དེ་རྣམས་ལས་འོད་ཟེར་འཕྲོས། སངས་རྒྱས་ཀྱི་མཛད་པ་བསྒྲུབ། སཾ་ཧ་ར་ཎ་ཧཱུྃ་སླར་འདུས་ནས་ཕྱག་མཚན་རྣམས་ལ་ཐིམ་པ་ཡོངས་སུ་གྱུར་པ་ལས། ཧཱུྃ་བཛྲ་དྷྲིཀ །དཀྱིལ་འཁོར་ཆེན་པོའི་དབུས་དག་ཏུ། །བདག་ཉིད་བཅོམ་ལྡན་མི་བསྐྱོད་པ། །ཨིནྡྲ་ནཱི་ལའི་ཁ་དོག་འདྲ། །


JLAZ008_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུང་ཐུགས་ཀྱི་དབུ་གསུམ་ནི། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །ཡེ་ཤེས་དྲུག་གི་ཕྱག་ཉིད་ལ། །རྡོ་རྗེ་པདྨ་རལ་གྲི་ནི། །གཡས་ཀྱི་ཕྱག་ན་བསྣམས་པར་མཛད། །དྲིལ་བུ་འཁོར་ལོ་རིན་ཆེན་འབར། །གཡོན་གྱི་ཡེ་ཤེས་ཕྱག་ན་བསྣམས། །གཡས་པས་རྡོ་རྗེ་ཐུགས་ཀར་བརྟེན། །གཡོན་པ་དྲིལ་བུ་ཡུམ་ལ་འཁྱུད། །ཐབས་དང་ཤེས་རབ་ཞབས་གཉིས་ནི། །མཉམ་པའི་བརྟུལ་ཞུགས་སྐྱིལ་མོ་ཀྲུང༌། །མདུན་དང་རྒྱབ་མེད་ཀུན་ཏུ་ཞལ། །མཚན་དང་དཔེ་བྱད་ཀུན་གྱིས་སྤྲས། །འོད་ཟེར་འཕྲོ་བའི་ཚོགས་ཆེན་ལས། །ཐུབ་པའི་དཀྱིལ་འཁོར་སྣ་ཚོགས་འཕྲོ། །རྒྱལ་བ་རིགས་ལྔས་དབུ་བརྒྱན་ཅིང༌། །སྣ་ཚོགས་རྒྱན་རྣམས་ཀུན་གྱིས་བརྒྱན། །བཙུན་མོ་སྣང་བའི་དབྱིངས་ཕྱུག་མ། །གཞོན་ཚུལ་འཁྲིལ་ལྡེམ་ཤིན་ཏུ་ཆགས། །ཆ་ལུགས་ལ་སོགས་ཡབ་དང་མཐུན། །གཡོན་པ་དྲིལ་བུ་ཐུགས་ཀར་བརྟེན། །གཡས་པ་ཉི་མ་ལས་ལ་འཁྲིལ། །གཉིས་ཀའང་ལྷ་རྫས་ཀྱི་དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོགས་དང་ཚི་གུའི་སྨད་དཀྲིས། ཁ་དོག་སྣ་ཚོགས་པའི་ཅོད་པན་ཟི་ལྡིར། གར་གྱི་ཕུ་རུང་སྟེ་དར་གྱི་ཆས་གོས་ལྔ་དང༌། རིན་པོ་ཆེའི་དབུ་རྒྱན། སྙན་ཆ། མགུལ་རྒྱན། སེ་མོ་དོ། དོ་ཤལ། སྐ་རགས། ཕྱག་ཞབས་ཀྱི་གདུ་བུ་སྟེ་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་


JLAZ008_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་པར་སྤྲས་པ། མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། །གསལ་མཚེར་ལྷུན་སྡུག་གཟི་བྱིན་འབར་བ་སྟེ། ཞི་བའི་ཉམས་དགུས་བརྒྱན་པ། འོད་ཟེར་ཁ་དོག་དྲུག་རེ་རེ་ཡང་བྱེ་བ་ཕྲག་དྲུག་དྲུག་ཏུ་འཕྲོ་ཞིང་འབར་བའི་ཀློང་ན་བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས་པའོ། །ཨོཾ་ཛཱི་ན་ཛཱིཀ །ཤར་གྱི་རྩིབས་ལ་རྣམ་སྣང་དཀར་པོ། དཀར་མཐིང་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་འཁོར་ལོ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་ཅིང༌། བར་པས་རྡོ་རྗེ་དང་རིན་པོ་ཆེ། ཐ་མས་པདྨ་དང་རལ་གྲི་འཛིན་པ། ལཱཾ་དེ་ཥ་ར་ཏི། ཡུམ་སྤྱན་མ་དཀར་མོ་གཡས་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་ཅིང༌། གཡོན་འཁོར་ལོ་འཛིན་པ། སྭཱཾ་རཏྣ་དྷྲྀཀ། ལྷོར་རིན་ཆེན་འབྱུང་ལྡན་སེར་པོ། སེར་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི །དང་པོ་གཉིས་ཀྱིས་རིན་པོ་ཆེ་དང་དྲིལ་བུ། བར་པས་འཁོར་ལོ་དང་རྡོ་རྗེ། ཐ་མས་པདྨ་དང་རལ་གྲི་འཛིན་པ། མཱཾ་མོ་ཧ་ཏི། མཱ་མ་ཀཱི་སེར་མོ་གཡས་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་ཅིང༌། གཡོན་རིན་པོ་ཆེ་འཛིན་པ། ཨཱཾ་ཨ་རོ་ལིཀ །ནུབ་ཏུ་སྣང་བ་མཐའ་ཡས་དམར་པོ། དམར་དཀར་སྔོ་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་པདྨ་དང་དྲིལ་བུ། བར་པས་འཁོར་ལོ་དང་རིན་པོ་ཆེ། ཐ་མས་རྡོ་རྗེ་དང་རལ་གྲི་འཛིན་པ། པཱཾ་རཱ་ག་ར་ཏི། གོས་


JLAZ008_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་མོ་དམར་མོ་གཡས་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་ཅིང༌། གཡོན་པདྨ་འཛིན་པ། ཧཱཾ་པྲཛྙཱ་དྷྲིཀ །བྱང་དུ་དོན་ཡོད་གྲུབ་པ་ལྗང་གུ། ལྗང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རལ་གྲི་དང་དྲིལ་བུ། བར་པས་འཁོར་ལོ་དང་རིན་པོ་ཆེ། ཐ་མས་པདྨ་དང་རྡོ་རྗེ་འཛིན་པ། ཏཱཾ་བཛྲ་ར་ཏི། དམ་ཚིག་སྒྲོལ་མ་ལྗང་གུ་གཡས་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་ཅིང༌། གཡོན་རལ་གྲི་འཛིན་པ་ཡབ་རྣམས་རྫོགས་པའི་སྐྱིལ་མོ་ཀྲུང་དང༌། ཡུམ་རྣམས་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་གིས་རོལ་པའོ། །ཀྵིཾ་ཧི་རཱ་ཛ་ཡ། རྩིབས་མཆན་བཞིའི་ཤར་ལྷོར་ས་སྙིང་དཀར་པོ་གཡས་རིན་པོ་ཆེའི་མྱུ་གུ་འཛིན་ཞིང༌། གཡོན་དྲིལ་བུ་དཀུར་བརྟེན་པ། ཧཱུྃ་ལཱ་སྱེ་ས་མ་ཡ་སྟྭཾ། སྒེག་མོ་དཀར་མོ་གཡས་ཡབ་ལ་འཁྱུད་ཅིང༌། གཡོན་མེ་ལོང་འཛིན་པ། ཏྲཱཾ་ཨཱ་གྷརྦྷ་ཡ། ལྷོ་ནུབ་ཏུ་ནམ་སྙིང་སེར་པོ་གཡས་རལ་གྲི་འཛིན་ཞིང༌། གཡོན་དྲིལ་བུ་དཀུར་བརྟེན་པ། ཏྲཱཾ་མཱ་ལྱེ་ས་མ་ཡ་ཧོཿ ཕྲེང་བ་མ་སེར་མོ་རིན་པོ་ཆེའི་ཕྲེང་བ་འཛིན་པ། ཧྲཱིཾཧཱ་ཧཱུྃ་པདྨ་པྲ་ད་མ། ནུབ་བྱང་དུ་སྤྱན་རས་གཟིགས་དམར་པོ་གཡས་པདྨ་དཀར་པོ་འཛིན་ཞིང༌།  གཡོན་དྲིལ་བུ་དཀུར་བརྟེན་པ། ཧྲཱིཾཿགཱི་ཏི་རཱ་གོ་ཧཾཿ གླུ་མ་དམར་མོ་པི་ཝང་འཛིན་པ། ཛིཾ་ཀུ་རུ next hit་པ་ཎི། བྱང་ཤར་དུ་ཕྱག་རྡོར་མཐིང་ག་གཡས་རྡོ་རྗེ་


JLAZ008_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཞིང་། གཡོན་དྲིལ་བུ་དཀུར་བརྟེན་པ། ཨཾ་ནིརྟི་རཱ་ག་ཡ་མྱེ། གར་མ་ལྗང་གུ་གར་རྒྱ་མཛད་པ། མཻ་དྷཱ་ར་ཎི་སྭཱ་ཧཱ། གྲུ་ཆད་བཞིའི་ཤར་ལྷོར་བྱམས་པ་དཀར་སེར་གཡས་ཀླུ་ཤིང་འཛིན་ཞིང༌། གཡོན་དྲིལ་བུ་དཀུར་བརྟེན་པ། ཛཿདྷཱུ་པེ་པྲ་བེ་ཤ།།བདུག་སྤོས་མ་དམར་སེར་སྤོས་ཁང་འཛིན་པ། ཐླྷིཾ་ནིསྶ་རཾ་བྷ་ཡ་སྭཱ་ཧཱ། ལྷོ་ནུབ་ཏུ་སྒྲིབ་སེལ་དམར་སེར་གཡས་ཆོས་ཀྱི་འཁོར་ལོ་འཛིན་ཞིང༌། གཡོན་དྲིལ་བུ་དཀུར་བརྟེན་པ། ཧཱུྃ་པུཥྤེ་ཨཱ་བེ་ཤ།།མེ་ཏོག་མ་དམར་སེར་མེ་ཏོག་གི་ཕྲེང་བ་འཛིན་པ། ཧཱུྃ་ས་རཱ་ཛ་ཡ་སྭཱ་ཧཱ། ནུབ་བྱང་དུ་ཀུན་བཟང་དམར་ལྗང་གཡས་རིན་པོ་ཆེའི་སྙེ་མ་འཛིན་ཞིང༌། གཡོན་དྲིལ་བུ་དཀུར་བརྟེན་པ། པཱཾ་དཱི་བ་སུ་གི་རི། མར་མེ་མ་དམར་ལྗང་མར་མེ་འཛིན་པ། མཱུཾ་ཤྲཱི་ཨཾ་རཱ་ག་ཡ་སྭཱ་ཧཱ། བྱང་ཤར་དུ་འཇམ་དཔལ་དཀར་ལྗང་གཡས་ཨུཏྤལ་འཛིན་ཞིང༌། གཡོན་དྲིལ་བུ་དཀུར་བརྟེན་པ། ཧོཿགནྡྷེ་ཙིཏྟ། དྲི་ཆབ་མ་དཀར་ལྗང་དྲིའི་དུང་ཕོར་འཛིན་པ། སེམས་དཔའ་བརྒྱད་པོ་ཐམས་ཅད་ཀྱང་ཞབས་གཡས་ཅུང་ཟད་བརྐྱང་པའི་ཕྱེད་སྐྱིལ་གྱིས་བཞུགས་ཤིང༌། སེམས་མ་རྣམས་གཡོན་ཅུང་ཟད་བརྐྱང་པའི་ཕྱེད་སྐྱིལ་གྱིས་ཡབ་ལ་འཁྱུད་པའོ། །ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ཨོཾ། ཁྱམས་ཀྱི་ཤར་དུ་ཀུན་ཏུ་བཟང་པོ་མཐིང་ག་མཉམ་གཞག་གི་ཕྱག་རྒྱ་ཅན་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཨ་ཨ་


JLAZ008_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་བཛྲཱི་བྷ་དྲ་ས་མནྟ་ཨཱཿནུབ་ཏུ་ཀུན་ཏུ་བཟང་མོ་མཐིང་ག་གཡོན་སྟེང་དུ་བཞག་པའི་མཉམ་གཞག་གི་ཕྱག་རྒྱ་ཅན་པདྨའི་སྐྱིལ་ཀྲུང་གིས་བཞུགས་པ་གཤེགས་པ་གཤེགས་མ་སེམས་དཔའ་སེམས་མ་ཀུན་བཟང་ཡབ་ཡུམ་རྣམས་ཞི་བའི་རྒྱན་ཆ་བཅུ་གསུམ་གྱིས་མཛེས་ཤིང༌། ཚུལ་དགུའི་ཉམས་ཀྱིས་རྒྱས་པའོ། །ཨོཾ་མུ་ནེ་ཀྵཾ་སྭཱ་ཧཱ། ཁྱམས་ཀྱི་ཤར་ལྷོར་ལྷའི་ཐུབ་པ་དཀར་པོ་པི་ཝང་འཛིན་པ། ཨོཾ་མུ་ནེ་ཏྲཾ་སྭཱ་ཧཱ། བྱང་དུ་ལྷ་མིན་གྱི་ཐུབ་པ་མཐིང་ག་གོ་ཆ་འཛིན་པ། ཨོཾ་མུ་ནེ་ཏྲཱཾ་སྭཱ་ཧཱ། ལྷོར་མིའི་ཐུབ་པ་སེར་པོ་གསེག་པར་འཛིན་པ། ཨོཾ་མུ་ནེ་སྲུཾ་སྭཱ་ཧཱ། ནུབ་བྱང་དུ་བྱོལ་སོང་གི་ཐུབ་པ་དམར་པོ་པུ་སྟི་འཛིན་པ། ཨོཾ་མུ་ནི་བྲཾ་སྭཱ་ཧཱ། ལྷོ་ནུབ་ཏུ་ཡི་དྭགས་ཀྱི་ཐུབ་པ་སེར་ནག་རིན་པོ་ཆེའི་སྒྲོམ་བུ་འཛིན་པ། ཨོཾ་མུ་ནེ་ཡེ་སྭཱ་ཧཱ། བྱང་ཤར་དུ་དམྱལ་བའི་ཐུབ་པ་དུད་ཁ་མེ་ཆུ་འཛིན་པ། དྲུག་ཀའང་གཙུག་ཏོར་དང་ལྡན་ཞིང་ཚངས་པར་སྤྱོད་པའི་ཆ་ལུགས་ཅན། འགྲོ་བའི་དོན་ལ་འགྲེང་སྟབས་སུ་གཤེགས་པའི་ཚུལ་ཅན་ནོ། །ཧཱུྃ་ཡ་མཱནྟ་ཀྲིཏ་ཕཊ། ཤར་སྒོར་གཤིན་རྗེ་གཤེད་སྨུག་ནག་ནྲྀ་མགོ་གདེངས་པ་འཛིན་པ། ཨོཾ་མ་ཧཱ་བཛྲ་དྷ་རོ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནི་ཧཱུྃ་ཕཊ། ལྕགས་ཀྱུ་མ་སྨུག་ནག་ལྕགས་ཀྱུ་འཛིན་པ་དང་མཉམ་པར་སྦྱོར་བ། ཧཱུྃ་པྲཛྙཱནྟ་ཀྲིཏ་ཕཊ། ལྷོ་སྒོར་སྟོབས་པོ་ཆེ་སེར་ནག་རྡོ་རྗེ་རྩེ་ལྔ་འཛིན་པ། ཨོཾ་མ་ཧཱ་རཏྣ་དྷ་རོ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནི་ཧཱུྃ་ཕཊ། ཞགས་པ་མ་སེར་


JLAZ008_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ནག་ཞགས་པ་འཛིན་པ་དང་མཉམ་པར་སྦྱོར་བ། ཧཱུྃ་པདྨཱནྟ་ཀྲིཏ་ཕཊ། ནུབ་སྒོར་རྟ་མགྲིན་དམར་ནག་ཐོད་དབྱུག་སྦྲུལ་གྱིས་དཀྲིས་པ་འཛིན་པ། ཨོཾ་མ་ཧཱ་པདྨ་དྷ་རོ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནི་ཧཱུྃ་ཕཊ། ལྕགས་སྒྲོག་མ་དམར་ནག་ལྕགས་སྒྲོག་འཛིན་པ་དང་མཉམ་པར་སྦྱོར་བ། ཧཱུྃ་བིགྣན་ཏ་ཀྲིཏ་ཕཊ། བྱང་སྒོར་བདུད་རྩི་འཁྱིལ་པ་ལྗང་ནག་རྡོ་རྗེ་རྒྱ་གྲམ་འཛིན་པ། ཨོཾ་མ་ཧཱ་ཀརྨ་དྷ་རོ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནི་ཧཱུྃ་ཕཊ། དྲིལ་བུ་མ་ལྗང་ནག་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། ཁྲོ་བོ་བཞི་ཀའང་གཡོན་སྡིགས་མཛུབ་མཛད་ཅིང༌། ཡུམ་རྣམས་གཡོན་པས་དུང་ཁྲག་སྟོབས་པའི་ཚུལ་ཅན་ཐམས་ཅད་ཀྱང་ཁྲོ་ཞིང་གཏུམ་ལ་རྣམ་པར་འགྱུར་བའི་ཞལ་ཅན། གར་གྱིས་ཉམས་དགུས་སྒེག་ཅིང༌། དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན་ཏེ། བསྐལ་པའི་མེ་དཔུང་འབར་བའི་ཀློང་ན་གདུག་པ་ཅན་ཚར་གཅོད་པའི་ཚུལ་གྱིས་བཞུགས་པ། དེ་ལྟར་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་ཀྱང་མེ་ལོང་ནང་གི་གཟུགས་བརྙན་ནམ་ཆུ་ནང་གི་ཟླ་བ་ལྟར་སྣང་སྟོང་སྒྱུ་འཕྲུལ་དྲྭ་བའི་ཡེ་ཤེས་ཀྱི་འཁོར་ལོར་བཞུགས་པའོ། །གཉིས་པ་ནི་དེ་ལ་གཞན་དབང་གིས་རྒྱས་འདེབས་དག་ཆེན་ཡེ་ཤེས་ཀྱི་ཆུས་དབང་བསྐུར་བ་ནི། གདན་གསུམ་རྫོགས་པའི་དཀྱིལ་འཁོར་གྱི་སྲོག་གི་གོར། རང་འདྲའི་ཡེ་ཤེས་སེམས་དཔའ་རྒྱན་དང་ཕྱག་མཚན་སྤངས་པར་རེ་རེའི་ཐུགས་


JLAZ008_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་རང་རང་གི་ཕྱག་མཚན་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་དབང་གི་ལྷ་རིགས་ལྔ་སྟངས་དཔྱལ་གྱི་རྣམ་པར་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾཿཞེས་བསྐུལ་བས་རྗེས་ཆགས་ཞུ་བདེའི་ཆུ་རྒྱུན་གྱིས་དབང་བསྐུར། ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་དང༌། ཉོན་མོངས་པ་ཡེ་ཤེས་ལྔ། ཁམས་ལྔ་ཡུམ་ལྔ། སྐྱེ་མཆེད་སེམས་དཔའ་སེམས་མ། ལས་དབང་ཁྲོ་བོ་ཁྲོ་མོར་གནས་འགྱུར། ཆུའི་ལྷག་མ་སྤྱི་བོར་བརྟན་པ་ཡོངས་སུ་གྱུར་པ་ལས་རང་རིགས་གཙོ་བོར་གྱུར་པའི་རིགས་ལྔ། སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན་པར་གྱུར། ཅེས་བརྗོད་ལ་སོ་སོའི་དབང་རྒྱ་དང་རང་སྔགས་བསྟུན་ཞིང༌། དེ་ཡང་མི་བསྐྱོད་པ་ལ་མཚོན་ན། རྡོ་རྗེ་ཕྱི་བསྡམས་ལས་གུང་མོ་གཉིས་བརྐྱང་པ་སྤྱི་བོར་བཞག་ལ། ཨོཾ་མ་ཧཱ་ཤཱུ་ནྱ་ཧཱཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾཿ། ཕྱག་རྒྱ་དེ་ལས་མཛུབ་མོ་གཉིས་བརྐྱང་པ་དཔྲལ་བར་བཞག་ལ། ཨོཾ་མ་ཧཱ་ཨཱ་དརྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾཿ སྲིན་ལག་བརྐྱང་བ་རྣ་ལྟག་གཡས་པར་བཞག་ལ། ཨོཾ་མ་ཧཱ་ས་མ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾཿ མཐེ་བོང་བརྐྱང་བ་ལྟག་པར་བཞག་ལ། ཨོཾ་མ་ཧཱ་པྲཱ་ཏྱ་བེཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾཿ མཐེའུ་ཆུང་བརྐྱང་བ་རྣ་ལྟག་


JLAZ008_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་པར་བཞག་ལ། ཨོཾ་མ་ཧཱ་ཀྲྀ་ཏྱ་ཨ་ནུཥྛཱ་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾཿ དཀྱིལ་འཁོར་བདག་པོ་སྟངས་དཔྱལ་དང༌། །བྱ་བྱེད་ཡབ་ཡུམ་ཐུབ་དྲུག་ལ། །མི་བསྐྱོད་དབུས་ན་བཞུགས་པ་ཡི། །རྒྱལ་བ་རིགས་ལྔས་དབུ་བརྒྱན་གྱུར། །དེས་མཚོན་ནས་རིགས་གཞན་བཞི་ལའང་རིགས་གང་ཡིན་དེའི་སྔགས་དང་པོ་དང་ཕྱག་རྒྱ་དབུས་སུ་འཇོག་ལ། གང་དབུས་སུ་སོང་བའི་ཤུལ་དུ་མི་བསྐྱོད་པ་འཇོག་པ་ལས། རྣམ་སྣང་གི་དབང་རྒྱ་མཛུབ་མོ་བརྐྱང་བ་དང་ཨཱ་དརྴ་དང་པོར་བརྗོད་པའི་ལྔ་ཚན་ལྔའི་སྔགས་རྒྱའི་མཐར། རྣམ་སྣང་ས་སྙིང་བྱམས་པ་དང༌། །གཤིན་རྗེ་ཡུམ་དང་བཅས་པ་ལ། །སྣང་མཛད་དབུས་ན་བཞུགས་པ་ཡི། །རྒྱལ་བ་རིགས་ལྔས་དབུ་བརྒྱན་གྱུར། །རིན་འབྱུང་གི་དབང་རྒྱ་སྲིན་ལག་བརྐྱང་བ་དང་ས་མ་ཏཱ་ཐོག་མར་བརྗོད་པའི་ལྔ་ཚན་ལྔའི་མཐར། རིན་འབྱུང་ནམ་སྙིང་སྒྲིབ་སེལ་དང༌། །སྟོབས་ཆེན་ཡུམ་དང་བཅས་པ་ལ། །རིན་འབྱུང་དབུས་ན་བཞུགས་པ་ཡི། །རྒྱལ་བ་རིགས་ལྔས་དབུ་བརྒྱན་གྱུར། །སྣང་མཐའི་དབང་རྒྱ་མཐེ་བོང་བརྐྱང་པ་དང༌། པྲཱཏྱ་དང་པོར་བརྗོད་པའི་ལྔ་ཚན་ལྔའི་མཐར། སྣང་བ་མཐའ་ཡས་སྤྱན་རས་གཟིགས། །ཀུན་བཟང་རྟ་མགྲིན་ཡབ་ཡུམ་ལ། །སྣང་མཐའ་དབུས་སུ་བཞུགས་པ་ཡི། །རྒྱལ་བ་རིགས་ལྔས་དབུ་བརྒྱན་གྱུར། །དོན་གྲུབ་ཀྱི་དབང་རྒྱ་མཐེའུ་


JLAZ008_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་བརྐྱང་པ་དང༌། ཀྲྀ་ཏྱ་དང་པོར་བརྗོད་པའི་ལྔ་ཚན་ལྔའི་མཐར། དོན་ཡོད་གྲུབ་པ་ཕྱག་རྡོར་དང༌། །འཇམ་དཔལ་བདུད་རྩི་འཁྱིལ་པ་ལ། །དོན་གྲུབ་བདག་པོར་གྱུར་པ་ཡི། །རྒྱལ་བ་རིགས་ལྔས་དབུ་བརྒྱན་གྱུར། །གསུམ་པ་ཡོངས་གྲུབ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབ་པ་ནི། ལྷ་ཐམས་ཅད་ཀྱི་སྤྱི་བོར་ཟླ་བ་ལ་གནས་པའི་ཨོཾ་དཀར་པོ། དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། སྐུ་རྡོ་རྗེའི་ལྷ་ཚོགས་ནམ་མཁའ་གང་བར་བྱོན་ནས་ཨོཾ་ལ་ཐིམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གཉིས་སུ་མེད་པར་གྱུར། ཨོཾ་ཡོངས་སུ་གྱུར་པ་ལས་རྣམ་སྣང་དཀར་པོ་འཁོར་ལོ་འཛིན་པས་རྒྱས་བཏབ་པར་གྱུར། རྡོ་རྗེའི་ཕྱག་རྒྱ་སྤྱི་བོར་གཏུགས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾཿ མགྲིན་པར་པདྨ་ལ་གནས་པའི་ཨཱཾཿདམར་པོ་དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་བརྒྱུད་བསྐུལ། གསུང་རྡོ་རྗེའི་ལྷ་ཚོགས་ནམ་མཁའ་གང་བར་བྱོན་ནས་ཨཱཾཿལ་ཐིམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་དང་གཉིས་སུ་མེད་པར་གྱུར། ཨཱཾཿཡོངས་སུ་གྱུར་པ་ལས་སྣང་མཐའ་དམར་པོ་པདྨ་འཛིན་པས་རྒྱས་བཏབ་པར་གྱུར། རྡོ་རྗེའི་ཕྱག་རྒྱ་མགྲིན་པར་གཏུགས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾཿ སྙིང་གར་ཉི་མ་ལ་


JLAZ008_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་ཧཱུྃ་སྔོན་པོ། དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་བས། ཐུགས་རྡོ་རྗེའི་ལྷ་ཚོགས་ནམ་མཁའ་གང་བར་བྱོན་ནས་ཧཱུྃ་ལ་ཐིམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དང་གཉིས་སུ་མེད་པར་གྱུར། ཧཱུྃ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་འཛིན་པས་རྒྱས་བཏབ་པར་གྱུར། རྡོ་རྗེའི་ཕྱག་རྒྱ་སྙིང་གར་གཏུགས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾཿ གསུམ་པ་ཕྲིན་ལས་བྱ་བའི་ཡན་ལག་ལ་དྲུག་སྟེ། བསམ་གཏན་གྱི་ངང་ནས་ཡེ་ཤེས་པ་སྤྱན་དྲང་བ། སྦྱིན་པའི་རང་བཞིན་མཆོད་པ་འབུལ་བ། བཟོད་པའི་ངོ་བོ་བཤགས་པ་བྱ་བ། བརྩོན་འགྲུས་ཀྱི་བདག་ཉིད་དངོས་གྲུབ་བསྐུལ་བ། ཚུལ་ཁྲིམས་ཀྱི་ངོ་བོ་དམ་བཅའ་བ། ཤེས་རབ་ཀྱི་རང་བཞིན་བཟླས་པ་བྱ་བ་དང་དྲུག་གིདང་པོ་ལའང་གསུམ་སྟེ། དང་པོ་རྡོ་རྗེའི་གླུས་བསྐུལ་བ་ནི། རྒྱལ་བ་རྣམས་ཀྱི་ཡེ་ཤེས་སྟོང་ཉིད་བཅུ་དྲུག་གི་བདག་ཉིད་རང་བཞིན་དང་ངོ་བོ་ཉིད་མེད་པ་དང༌། ཡོད་མེད་ཀྱི་མཐའ་གཞིག་པའི་རྣལ་འབྱོར་གྱི་དོན་དྲན་པར་བྱེད་པ་སྟེ། ཧཱུྃ་སྟོང་པ་ཤིན་ཏུ་ཡོད་མེད་རྣལ་འབྱོར་མཐུས། །ནམ་མཁའ་བཞིན་ལས་དམ་ཚིག་ཉེ་བར་གནས། །བདེ་གཤེགས་བདེ་བར་གཤེགས་མཛད་དགོངས་སུ་གསོལ། །རྡོ་རྗེ་སེམས་དཔའ་ཁྱོད་བདག་སྐལ་བཟང་དཔལ།


JLAZ008_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ནི། ལྷ་ཚོགས་རྣམས་ཀྱི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་སྟེ་རང་བཞིན་གྱི་གནས་ནས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་རབ་འབྱམས་མ་ལུས་ཤིང་ལུས་པ་མེད་པ་སྒྱུ་འཕྲུལ་དྲྭ་བའི་གདན་གསུམ་གྱི་འཁོར་ལོར་སད་པར་བསམས་ལ་སྤོས་རོལ་དང་བཅས། ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ནས། །དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ༌། །རང་སྣང་དབྱེར་མེད་དཀྱིལ་འཁོར་ལ། །འཇུག་པའི་མཚན་ཉིད་མཉམ་སྦྱོར་བ། །ཕྱོགས་དུས་ཀུན་ནས་གཤེགས་པ་ཡི། །བསྙེན་པའི་དཀྱིལ་འཁོར་རབ་ཏུ་རྫོགས། །ཉེ་བར་གྱུར་པའི་དམ་ཚིག་མཆོག །ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿཛཿཧཱུྃ་བྃ་ཧོཿ། ཞེས་དམ་ཡེ་རོ་གཅིག་ཏུ་བསྲེའོ། གསུམ་པ་ནི། རིག་པ་བདེ་གཤེགས་སྙིང་པོའི་མེ་ཏོག་ཕུང་ཁམས་ཚོགས་བརྒྱད་དཀྱིལ་འཁོར་གྱི་འཁོར་ལོར་དག་པའི་དབྱིངས་སུ་དོར་བས་རང་བཞིན་དབྱེར་མེད་དུ་འདྲེས་པར་བསམས་ལ། ཨོཾ་བཛྲ་ས་མ་ཡ་ཨོཾ། ཨཱཾཿབཛྲ་ས་མ་ཡ་ཨཱཾཿཧཱུྃ་བཛྲ་ས་མ་ཡ་ཧཱུྃ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། ཞེས་པས་རང་བཞིན་གྱི་དཀྱིལ་འཁོར་དང༌། ཏིང་འཛིན་སྤྲུལ་པའི་དཀྱིལ་འཁོར་གཉིས་སོ་སོའི་སྐུ་གསུང་ཐུགས་ཡོན་


JLAZ008_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་ཕྲིན་ལས་རྣམས་ཀྱི་དམ་ཚིག་གི་ངོ་བོར་གྲུབ་པར་བསམས་ལ། དངོས་གྲུབ་ཀྱི་དོན་དུ་གསོལ་བ་གདབ་པ་ནི། ཨོཾ་ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོ་བདག་སྦྱོར་ཅིག །ཅེས་པས་ལྷ་རྣམས་དངོས་གྲུབ་སྩོལ་བ་ལ་ཕྱོགས་པ་དང༌། ཨོཾ་བཛྲ་ས་མ་ཡ་ཧཱུྃ་གིས་ཡེ་ཤེས་པ་དམ་ཚིག་པ་ལ་ཆུ་ལ་ཆུ་བཞག་པ་བཞིན་དབྱེར་མེད་དུ་ཐིམ། ཨོཾ་བཛྲ་ས་མ་ཡ་སྟྭཾ་གྱིས་རང་ཉིད་ལྷའི་དཀྱིལ་འཁོར་དུ་འཚང་མ་རྒྱས་ཀྱི་བར་དུ་བརྟན་པ་བཞུགས་པར་བསམ། ཨོཾ་བཛྲ་ས་མ་ཡ་ཧོཿས་དབང་དུ་གྱུར་ཅིང་དགྱེས་པར་བསམ་ཛཿཧཱུྃ་བྃ་ཧོཿས་བརྟན་ཞིང་གསལ་བར་བྱས་ནས། རིན་ཆེན་སེང་གེའི་གདན་ལ་ཡང་དག་ངེས་བཞུགས་ཤིང༌། །རང་གི་ལྷ་མོ་དག་དང་སྲས་དང་གཡོག་འཁོར་བཅས་པ་རྣམས། །ཀུན་ཏུ་བཟང་པོའི་སྨོན་ལམ་རྗེས་སུ་དགོངས་མཛད་དེ། །འཇིག་རྟེན་ལྷ་དང་བཅས་པ་རྣམས་ལ་ཕན་ཕྱིར་བཞུགས་སུ་གསོལ། །ཀཱ་ཡ་ཝཱཀྐ་ཙིཏྟ་ཏིཥྛ་བཛྲ། ཞེས་བཞུགས་སུ་གསོལ་ལོ། །གཉིས་པ་ཕྱག་དང་མཆོད་པ་ནི། པཉྩ་དྲྭ་མ་ལས། ཇི་ལྟར་ཆུ་ལ་ཆུ་བཞག་དང༌། །ཇི་ལྟར་མར་ལ་མར་བཞག་བཞིན། །རང་གིས་རང་གི་ཡེ་ཤེས་གང༌། །ལེགས་མཐོང་གང་ཡིན་འདིར་ཕྱག་འཚལ། །ཞེས་པ་ལྟར་


JLAZ008_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་མངོན་དུ་མཐོང་བ་རྣམས་ལ་བྱ་བྱེད་ཀྱི་གཉིས་རྟོག་མི་དགོས་ཀྱང༌། དང་པོའི་བློ་ཅན་རྣམས་ནི་རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་རྡོ་རྗེ་སེམས་དཔའ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པས་ཐོན་ནས་དཀྱིལ་འཁོར་གྱི་ཤར་སྒོར་འཁོད་དེ། སེམས་ཅན་ཐམས་ཅད་དང་བྱ་བྱེད་ཐུན་མོང་བར་གྱུར་ནས་ཕྱག་དང་མཆོད་པ་ལ་སོགས་པ་ལས་ཀྱི་རིམ་པ་ལ་འཇུག་པར་མོས་པའོ། །དེའི་དང་པོ་ཕྱག་འཚལ་བ་ནི། མི་རྟོག་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས། །ཐུགས་རྗེ་བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན། །རྡོ་རྗེ་སེམས་དཔའ་ཆེ་ལ་ཕྱག་འཚལ་ལོ། །ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྲུབ་པའི། །བྱ་བ་བྱེད་དང་ཡིད་ཆོས་རྣམ་པར་དག །ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༌། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །ངོ་མཚར་ཕོ་བྲང་བདེ་བར་གཤེགས་པའི་ཡུམ། །དུས་གསུམ་རྒྱལ་བ་ཐམས་ཅད་བསྐྱེད་མཛད་མ། །རིགས་ཀྱི་ཡུམ་གྱུར་རྣམས་ལ་ཕྱག་འཚལ་ལོ། །རྣམ་ཤེས་དབང་པོ་དག་པའི་སྐུ་


JLAZ008_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ཐུགས། །བདེ་བར་གཤེགས་པ་རྣམས་ཀྱི་སྲས་མཆོག་སྟེ། །སེམས་དཔའ་ཆེན་པོ་བརྒྱད་ལ་ཕྱག་འཚལ་ལོ། །སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་གར་མ། །ནམ་མཁའ་མཉམ་པའི་མཆོད་པས་རྒྱལ་བ་མཆོད། །བྱང་ཆུབ་ལྷ་མོའི་ཚོགས་ལ་ཕྱག་འཚལ་ལོ། །བདུག་པ་མེ་ཏོག་མར་མེ་དྲི་ཆབ་མ། །རྒྱལ་བ་རྒྱ་མཚོ་རྣམས་ལ་མཆོད་འབུལ་མ། །མཆོད་པའི་ལྷ་མོ་རྣམས་ལ་ཕྱག་འཚལ་ལོ། །དྲག་ཤུལ་ཐབས་ཀྱིས་འགྲོ་བ་འདུལ་མཛད་པ། །ཚད་མེད་བཞི་ལྡན་སྒོ་བཞི་ཐུབ་པར་སྲུང༌། །མཐར་བྱེད་སྒོ་བ་བཞི་ལ་ཕྱག་འཚལ་ལོ། །རྟག་ཆད་ལྟ་འབྱིན་གསང་བ་ཡུམ་གྱི་ངང༌། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཁྲོལ་མ། །ཡེ་ཤེས་སྒོ་མ་བཞི་ལ་ཕྱག་འཚལ་ལོ། །སྟེང་འོག་ཕྱོགས་བཞིར་འཇིག་རྟེན་གདུལ་བའི་གཙོ། །ཉོན་མོངས་དྲུག་འཇོམས་རྒྱུད་དྲུག་དག་པར་སྦྱོང༌། །བཅོམ་ལྡན་ཐུབ་པ་དྲུག་ལ་ཕྱག་འཚལ་ལོ། །དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །མངོན་པར་བྱང་ཆུབ་སྐུ་ལ་ཕྱག་འཚལ་ལོ། །དུས་གསུམ་སངས་རྒྱས་ཀུན་གྱིས་བསྒྲུབས་པ་ཡི། །ཚོགས་གཉིས་རྫོགས་ཤིང་ཡོན་ཏན་མཐར་ཕྱིན་པའི། །སྐུ་དང་ཡེ་ཤེས་ཚོགས་ལ་ཕྱག་འཚལ་ལོ། །


JLAZ008_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཏི་པུ་ཧོཿཔྲ་ཏི་པུ་ཧོཿ། ཞེས་ཕྱག་བྱའོ། །གཉིས་པ་མཆོད་པ་ལ་བཅུ་གསུམ་ལས། དང་པོ་ཕྱག་རྒྱའི་མཆོད་པ་ནི། སྔགས་བླ་མེད་སྤྱིའི་གྲུབ་མཐའི་མངོན་རྟོགས་ཕྱག་རྒྱའི་ཁོང་ནས་འདོན་པ་ལས། འདིར་མཆོད་པ་ལ་མཚོན་ན། ལྷར་སྣང་ཕྱག་ཆེན། ས་བོན་ཆོས་རྒྱ། བཅའ་བ་དམ་རྒྱ། དགྲོལ་བ་ལས་རྒྱའི་དོན་ངེས་པས། ལག་པ་གཡས་ཀྱི་སོར་མོའི་བྲེ་ཁ་ལྔ་ལ། མ་སཱུརྱ་མཎྜལ། ཉི་མའི་དཀྱིལ་འཁོར་ལྔ། གུང་མཛུབ་སྲིན་ལག་མཐེ་བོང་མཐེའུ་ཆུང་རྣམས་ལ། ཧཱུྃ་ཨོཾ་སྭཱ་ཨཱཾཿཧཱ། གཡོན་གྱི་སོར་མོའི་བྲེ་ཁ་ལྔ་ལ། ཨ་ཙནྡྲ་མཎྜལ། ཟླ་བའི་དཀྱིལ་འཁོར་ལྔ། གུང་མཛུབ་སོགས་ལྔ་ལ། མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ། རྣམས་ཀྱིས་མཚན་པར་བསམས་ལ། ཧཱུྃ་སྒྱུ་འཕྲུལ་དྲྭ་བ་མངོན་རྫོགས་པའི། །ཐམས་ཅད་བྱང་ཆུབ་མཆོག་གི་རྒྱ། །གསང་བ་དེ་ཉིད་ངེས་པ་ཡི། །སྙིང་པོའི་ཕྱག་རྒྱ་འདའ་དཀའོ། །མི་བསྐྱོད་ཉི་མའི་དཀྱིལ་ཡི་གེ། །རིན་ཆེན་ཟླ་བའི་དཀྱིལ་ཡི་གེ། །ལྔ་གཉིས་ཟུང་དུ་འདི་ནས་སྤྲད་པ་ལས། །སྦྱར་བས་ཕྱག་རྒྱ་འབྱུང་བའི་རྒྱུ། །ཨོཾ་དང་མཱུཾ་གཉིས་གཡས་ཀྱི་མཛུབ་མོ་དང་གཡོན་གྱི་གུང་མོ་རྩེ་སྦྱར་ཏེ། །འབྲུ་བརྒྱད་བསྣོལ་ནས་རྩེ་སྤྲད་པ། །རྒྱལ་བ་ཀུན་དང་མཉམ་སྦྱོར་བའི། །བདེ་བ་གཡོན་དུ་དགྲོལ་ཆེན་པོ་སྦྱིན་པའི་རྒྱ། །འབྲུ་བཞི་པད་སྐོར་སྦས་ནས་ཐུགས་ཀར་བཀན། །ཧཱུྃ་སྒྲེང་རྩེ་གཡས་ཀྱི་གུང་མོ།


JLAZ008_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

མོར་རྡོ་རྗེ་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང༌། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བསྟེན། །ཧཱུྃ་བཛྲ་དྷྲི་ག་གཡོན་དུ་དགྲོལ། འབྲུ་བཞི་སྦས་པད་སྐོར། ནས་ཐུགས་ཀར་བཀན། །མཱུཾ་སྒྲེང་གཡོན་གྱི་གུང་མོ། རྩེ་མོར་དྲིལ་བསིལ་འབར། །ཉི་མ་འབྲུ་ལྔ་དྲིལ་བསིལ། ལས་སུ་འཁྲིལ། །བཏུད་དེ་པད་སྐོར། འཛུམ་པའི་མདངས་ཀྱིས་བལྟ། །མཱུྃ་དྷ་ཏྭེ་གཡས་སུ་དགྲོལ་བ། ཤྭ་རི། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཨོཾ་སྒྲེང་རྩེ་མོར་འཁོར་ལོ་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང༌། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བསྟེན། །ཨོཾ་ཛི་ན་ཛིཀ །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ལཱཾ་སྒྲེང་རྩེ་མོར་དྲིལ་གསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འབར། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །ལཱཾ་དྭེ་ཥ་རཱ་ཏི། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །སྭཱ་སྒྲེང་རྩེ་མོར་རིན་ཆེན་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང༌། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བསྟེན། །སྭཱཾ་རཏྣ་དྷྲིཀ །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །མཱཾ་སྒྲེང་རྩེ་མོར་དྲིལ་གསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འབར། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །མཱཾ་མོ་ཧ་ར་ཏི། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཨཱཾ་སྒྲེང་རྩེ་མོར་པདྨ་འབར། །ཟླ་བཏུལ་འབྲུ་སྦས་དྲིལ་བསིལ་ཞིང༌། །འཁྲིལ་བའི་


JLAZ008_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་གྱིས་ཆོས་ལ་བསྟེན། །ཨཱཾ་ཨ་རོ་ལིཀ །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །པཱཾ་སྒྲེང་རྩེ་མོར་དྲིལ་བསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འབར། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །པཱཾ་ར་ག་ར་ཏི། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཧཱ་སྒྲེང་རྩེ་མོར་རལ་གྲི་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ་བསིལ་ཞིང༌། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བསྟེན། །ཧཱཾ་པྲ་ཛྙཱ་དྷྲིཀ །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཏཾ་སྒྲེང་རྩེ་མོར་དྲིལ་བསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འབར། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །ཏྲཱཾ་བཛྲ་ར་ཏི། ཨོཾ་ཧཱུྃ་སོགས་བསྒྲེང་རྒྱ་གཡས་གཡོན་སོ་སོའི་གུང་མཛུབ་ནས་རེ་མོས་ཁོ་ནར་བསྒྲེང་བའོ། །འདི་ནི་རྒྱལ་བ་ཐམས་ཅད་ཀུན། །དགྱེས་པ་ཆེན་པོ་བསྐྱེད་པའི་ཕྱིར། །ཕྱག་རྒྱའི་མཆོད་པ་ཆེན་པོ་ཡིན། །ཨ་ལ་ལ་སྟེ་མཆོད་པར་འབུལ། །ཨ་ལ་ལ་སྟེ་དགྱེས་པར་མཛོད། །ཅེས་རིམ་པ་བཞིན་རིགས་ལྔ་སོ་སོའི་ཕྱག་རྒྱ་བཅའ་བ་སྟེ། དེ་ཡང་ཕྱག་རྒྱ་མདུན་དུ་བསྒྱུར་ནས་ཡབ་གཡོན་དང༌། ཡུམ་གཡས་སུ་དགྲོལ་བའོ། །གཉིས་པ་ཀུན་བཟང་ནི། ཨོཾ་ཧཱུྃ། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས། །སྲིད་པ་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏཏྑཾ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་


JLAZ008_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ག་ག་ན་ཁཾ་སྭཱ་ཧཱ། ཞེས་ཕྱི་ནང་གསང་བའི་འདོད་ཡོན་གྱི་དངོས་པོ་མཐའ་དག་སྤྱོད་ཡུལ་ཡོངས་སུ་དག་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ཆེན་པོར་འབུལ་ལོ། །གསུམ་པ་ཞབས་བསིལ་ནི། ཡང་དག་དོན་དུ་དག་མོད་ཀྱང༌། །འགྲོ་བ་ཡོངས་ཀྱི་དོན་སླད་དུ། །ཕྱག་དང་ཞབས་ནི་བསིལ་ནས་ཀྱང༌། །རྡོ་རྗེའི་གདན་ལ་བཞུགས་སུ་གསོལ། །ཨོཾ་ཨ་ཧ་ར་ཨ་ཧ་ར་སརྦ་བིདྱ་དྷ་ར་པཱུ་ཛི་ཏེ་ན་མསྶ་མནྟ་བུདྡྷ་ནཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། ཞེས་ཕྱག་ཞབས་ལ་ཉེ་རེག་དང་མཆོད་ཡོན་དུ་དབུལ་ལོ། །བཞི་པ་བཞི་བསྣོལ་ནི། སོ་སོའི་ཕྱག་རྒྱ་དང་བཅས། ཨོཾ་ཧཱུྃ་སྤོས་ཀྱི་སྤྲིན་ལྡིང་བདུག་པ་མོ། །རྒྱལ་བའི་དཀྱིལ་འཁོར་གདུགས་ཀྱིས་འགེབས། །བྱམས་པ་ཐབས་དང་ཤེས་རབ་ལས། །བཛྲ་དྷཱུ་པེའི་མཆོད་པར་རོལ། ཨོཾ་པ་ན་པེཾ་པེ་ནུ་སུ་ར་ཏོ། ཏི་པུ་པ་ར་མུ། སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧུ། ས་མ་ཡོ་ཏ་མུཿ སརྦ་མ་ཧཱ་སུ་ཁ་སིདྡྷི་ཧུ། ཨོཾ་ཤྲཱི་བཛྲ་རཱ་ག་དྷུ་པེ་དྷུ། ཨུཏྤལ་མཐིང་ག་མེ་ཏོག་འཐོར། སྣ་ཚོགས་རིན་ཆེན་འོད་དུ་འཕྲོ། །སྙིང་རྗེ་ཐབས་དང་ཤེས་རབ་ལས། །བཛྲ་པུཥྤེའི་མཆོད་པར་རོལ། ཨོཾ་པ་ན་པེཾ་སོགས་དང༌། ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་པུ། དབང་གི་ཕྱག་ན་སྒྲོན་མ་བསྣམས། །ཆོས་ཀྱི་རྒྱལ་པོ་འབར་བ་འཛིན། །དགའ་བ་ཐབས་དང་ཤེས་རབ་ ལས། །བཛྲ་ལོ་ཀེའི་མཆོད་པར་རོལ། །ཨོཾ་པ་ན་པེཾ་སོགས་དང༌། ཨོཾ་ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་ཧྲཱིཿཙན་དན་བདུད་རྩིའི་ཆར་འབེབས་མ། །དཀྱིལ་འཁོར་གསལ་བའི་ཐིག་ལེ་འབེབས། །བཏང་སྙོམས་ཐབས་དང་ཤེས་རབ་ལས། །བཛྲ་གནྡྷེའི་མཆོད་པར་རོལ། ཨོཾ་པ་ན་པེཾ་


JLAZ008_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་དང༌། ཨོཾ་ཤྲཱི་བཛྲ་རཱ་ག་གནྡྷེ་གན། ལྷ་མོ་རྣམས་ཀྱིས་དཀྱིལ་འཁོར་གྱི་ལྷ་ཚོགས་མཆོད་ནས་ཤངས་ལ་སོགས་པའི་དབང་པོའི་སྒོ་སོ་སོ་ལ་ཐིམ་པར་བསམ། ཨོཾ་ཨཱཿཧཱུྃ་རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་དམ་ཚིག་དམ་པ་གྲུབ་པར་མཛོད། །མཆོད་ཆེན་ཐམས་ཅད་དག་ཅིང་ལྷུན་གྱིས་གྲུབ་པར་མཛོད། །ལྔ་པ་སྨན་མཆོད་ནི། ཨོཾ་ཧཱུྃ། སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔ་སེམས་ཅན་ཀུན་སྒྲོལ་བ། །དུག་ལྔ་སེལ་བའི་བདུད་རྩི་སྨན། །ཐམས་ཅད་བདུད་རྩིའི་རྣལ་འབྱོར་ཆེ། །བྱང་ཆུབ་སེམས་ནི་རྡོ་རྗེ་སྟེ། །ཤ་ཆེན་མཆོད་པ་རིན་པོ་ཆེ། །པདྨ་མེ་ཏོག་ཡང་དག་ལྡན། །རྡོ་རྗེ་ཆུ་སྟེ་ལས་ཀྱི་མཆོག །ཟས་མཆོག་ཚེ་ཡི་དྲི་ཆེན་པོ། །ག་པུར་ཤེལ་གྱི་པོག་ཕོར་དྲི། །རིན་ཆེན་མེ་ལྟར་འབར་བའི་ཚོགས། །མ་ལུས་འདུས་པའི་ཐིག་


JLAZ008_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ལེ་ཆེ། །གཅིག་ཏུ་དཔའ་བོའི་རོ་རྣམས་དང༌། །གཉིས་སུ་མེད་པར་མཉམ་སྦྱོར་ནས། །བདུད་རྩི་དམ་པ་རིན་ཆེན་བཅུད། །བདེ་གཤེགས་རྣམས་ཀྱི་ཐུགས་དམ་ཉིད། །རྒྱལ་བ་རྒྱ་མཚོའི་དངོས་གྲུབ་མཆོག །ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་འདིར། །བདག་ཅག་དད་པས་འབུལ་ལགས་ན། །ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། །བཞེས་ནས་ཀུན་ཏུ་དགྱེས་མཛོད་ལ། །བླ་མེད་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཞེས་སྤྱིར་འབུལ་ཞིང༌། བྱེ་བྲག་ཏུ་དཀོན་མཆོག་འགྲེལ་ལས། དཀོན་མཆོག་གསུམ་གྱི་རང་བཞིན་བྱང་ཆུབ་སེམས། །དེ་སྩོལ་བླ་མ་དེ་རྒྱ་ལྷག་ པའི་ལྷ། །དེ་དབང་སྤྲུལ་པའི་འཁོར་ལོར་བཅས་པ་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཞེས་དང༌། ཀུན་བཟང་རིགས་ལྔ་རིགས་གསུམ་དྲ་མ་ལྔ། །ལུང་བསྟན་རྡོ་རྗེ་ཨུ་པ་རཱ་ཛ་དང༌། །དྲང་སྲོང་བྷ་ཤི་པྲ་བྷ་ཧསྟི་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །སརྦ༴ རྒྱལ་དབང་པདྨ་ཀཱ་ར་གཉགས་ལོ་དང༌། །སོག་པོ་ལྷ་དཔལ་གནུབས་ཆེན་སྲས་སློབ་བརྒྱུད། །ཤེས་རབ་མཆོག་དང་ཡེ་ཤེས་འབྱུང་གནས་ལ། །སྨན་མཆོད་འབུལ། སརྦ༴ གྲུབ་ཐོབ་ཟུར་ཆེན་ཟུར་ཆུང་ཀ་ཆེན་བཞི། །


JLAZ008_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བདག་སྒྲོ་ཕུག་རོང་པས་དགུང་ལོ་བརྒྱ་དང་ཉི་ཤུ་སྐོར་བཞུགས་ཤིང་རྣམ་ཐར་ན་མདོ་སྟོན་སེདྒེ་ལས་གསན་ཚུལ་ཡོད་པ་སྒྲོ་ཕུག་པ་ཤཱཀྱ་སེངྒེ་ཡིན། པཎ་ཆེན་རོང་པའི་ཞབས། །ཤཱཀྱ་འབྱུང་གནས་ཤཱཀ་འབྱུང་རྡོ་རྗེ་འོད། །སྨན་མཆོད། སརྦ༴ པུརྞེེ་དྷྭ་ཛ་ཆོས་སེང་བུདྡྷ་ཤྲཱི། །བསོད་ནམས་མགོན་པོ་སྒྲོལ་ཆེན་དགེ་འདུན་འབུམ། །ཤཱཀྱ་བཤེས་གཉེན་བྲ་བོ་ཆོས་འབུམ་ལ། །སྨན་མཆོད༴ སརྦ་ཏ་ཐཱ༴ རཏྣ་བྷ་དྲ་རྡོ་རྗེ་དཔལ་བཟང་པོ། །དན་འབག་གཞོན་ནུ་ཀུན་མཁྱེན་དྲི་མེད་འོད། །གཏད་རྒྱ་ལུང་རྫོགས་འཇིགས་མེད་གླིང་པ་ལ། །སྨན་མཆོད༴ སརྦ༴ ཕུང་ཁམས་དག་པའི་གཤེགས་པ་གཤེགས་མ་དང༌། །དབང་ཡུལ་དག་པའི་བྱང་ཆུབ་ལྕམ་དྲལ་ཚོགས། །ལས་ལ་དབང་བའི་སྒོ་སྐྱོང་ཐུབ་དྲུག་ལ། །སྨན་མཆོད༴ སརྦ༴ མདོར་ན་རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་སྡེ། །གནས་ཡུལ་ཌཱཀྐི་དམ་ཅན་ཆོས་སྐྱོང་དང༌། །ཞིང་སྐྱོང་གཞི་བདག་དཀར་ཕྱོགས་སྐྱོང་བའི་ཚོགས། །དུས་གསུམ་ཕ་མ་འགྲོ་བ་རིགས་དྲུག་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཞེས་གུ་ཧྱ་ལག་གི་ཕྱག་རྒྱས་གཏོར་བས། ཡེ་ཤེས་ཀྱི་བདུད་རྩིའི་ཟེགས་མ་མཁའ་ལ་སྤྲིན་བཞིན་དུ་ཆགས་པ་ལས་བདུད་རྩིའི་ཆར་ཆེན་པོ་བབས་ཏེ་ལྷ་ཚོགས་ཐམས་ཅད་མཉེས་


JLAZ008_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཚིམ་པར་བསམས་ལ། མཐར་དངོས་གྲུབ་བླང་བ་ནི། རང་གི་ལྕེ་ལ་ཧཱུྃ་ཡིག་དང༌། སྨན་གྱི་སྟེང་དུ་ཨོཾ་ཨཱཿཧཱུྃ་གསུམ་བསྒོམ་སྟེ། ཨོཾ་ཨཱཿཧཱུྃ་རྡོ་རྗེ་ལྕེ་ཡི་དམ་ཚིག་ལ། །རྡོ་རྗེ་ཅན་གྱི་འབྲུ་གསུམ་སྒོམ། །བདུད་རྩི་ལྔ་དང་སྦྱར་བའི་སྨན། །མྱོངས་ན་དངོས་གྲུབ་ཐོབ་པར་འགྱུར། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་སིདྡྷི་ཨོཾ། ཝཱཀྐ་སིདྡྷི་ཨཱ་ཙིཏྟ་སིདྡྷི་ཧཱུྃ། ཞེས་རིམ་པར་བརྗོད་ཅིང་བླངས་ནས་ལྕེ་ལ་བཞག་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་མོ། །དྲུག་པ་གཏོར་མའི་མཆོད་པ་ནི། འདོད་ཡོན་གྱི་ལྷ་མོ་དཔག་ཏུ་མེད་པས་དཀྱིལ་འཁོར་བ་རྣམས་དགྱེས་པ་བསྐྱེད་ནས་རང་ལ་གཉིས་མེད་དུ་གྱུར་པར་བསམ་ཞིང༌། ཨོཾ་ཧཱུྃ་བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཨོཾ་ཨཱཿཧཱུྃ་སུ་ར་ཏོ་ཨུ་པ་བྷྱཿཀ་མ་ལ་མཱ་ལ་བཛྲ་ཨ་མྲྀ་ཏ་ཧ་ར་ཎ་པྲ་ཏཱིཙྪ་བྷ་ག་ཝཱན་ཛཿཧཱུྃ་བྃ་ཧོཿ། ཨ་ལ་ལ་ཧོ། ཞེས་དང༌། ཨོཾ་པ་ན་པེཾ་སོགས་བཞི་བསྣོལ་གྱིས་ཀྱང་མཆོད་དོ། །བདུན་པ་བདུད་རྩི་གསང་ནན་གྱི་མཆོད་པ་ནི། བདུད་རྩི་བཟེད་ཞལ་དུ་ལན་གསུམ་འཕྱར་ཞིང༌། ཨོཾ་ཨཱཿཧཱུྃ་མི་བསྐྱོད་ཡེ་ཤེས་བདེ་བའི་མཆོག་དང་ལྡན་པའི་རོ་ལ་བསྣམ་དུ་གསོལ། ཨ་ལ་ལ་ཧོ། བྱང་ཆུབ་སེམས་དཔའི་བདེ་མཆོག་དེ་ཉིད་འགོག་པ་


JLAZ008_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལས་བསླང་བའི་ཕྱིར། །ཆགས་པ་མེད་པའི་བདེ་མཆོག་ཀུན་ཏུ་མྱོང་མཛད་བཞེས་ཤིང་བསྣམ་དུ་གསོལ། །ཨོཾ་ཨཱཿཧཱུྃ། མཆོག་ཏུ་གསང་བའི་བདེ་ལ་རོལ་ཞིང་དམ་བཅས་འཇིག་རྟེན་སྒྲོལ། །བྱང་ཆུབ་སྐྱེ་གནས་བདེ་མཆོག་དབྱིངས་ལས་མི་ཉམས་བདེ་བའི་གར་མཛོད་ཅིག །ཨ་ལ་ལ་ཧོ། ཞེན་ཅིང་ཆགས་པའི་མཐའ་ལ་ཉོན་མོངས་རྣོ་བརྐམ་གཟིར་བ་ཡི། །མྱོང་བྱེད་བདེ་མཆོག་བརྒྱད་དང་ལྡན་པས་ཐབས་ཀྱི་སྐུ་ལ་སྨྲེ་བར་མཛོད། །འགྲོ་ཀུན་ཚངས་པར་སྤྱོད་པའི་བྱང་ཆུབ་སྒོ་མོར་ལམ་སྟོན་ཅིག །བདེ་མཆོག་བདུད་རྩི་ཁྱད་པར་མེད་པའི་ཚོགས་ལ་བཀའ་སྩོལ་ཅིག། ཨ་ལ་ལ་ཧོ། ཞེས་དང་པོས་དཀྱིལ་འཁོར་པ་དགྱེས་པ་བསྐྱེད། གཉིས་པས་བྱང་ཆུབ་སེམས་དཔའི་བདེ་མཆོག་མ་རྟོགས་པའི་ཉན་ཐོས་རྣམས་འགོག་པ་ལས་བསླང༌། གསུམ་པས་དེ་གཞིན་གཤེགས་པ་རྣམས་གཞན་དོན་ལ་བསྐུལ་ཞིང་གཏོར་མ་ལ་སྦྲན་ནོ། །བརྒྱད་པ་ལྷག་པ་ཏིང་ངེ་འཛིན་གྱི་མཆོད་པ་ནི། ཨོཾ་མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱིས་ཡིད་བཞིན་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང༌། །མཉེན་འཇམ་རེག་ན་བདེ་བ་དང༌། །སྣ་ཚོགས་རིན་པོ་ཆེ་ཡི་གཞི། །མཛེས་པར་བྲེས་ཤིང་སྤྲས་པ་དང༌། །ཀུན་འབྱུང་རིན་ཆེན་ཕུང་པོར་འབར། །དབྱིབས་ལེགས་རྫིང་བུ་བྲོ་མཆོག་བསིལ། །


JLAZ008_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་ཁང་པ་སྣ་ཚོགས་དང༌། །རྒྱན་དང་དཔག་བསམ་ལྗོན་པའི་ཚལ། །གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ། །བླ་རེ་རྒྱལ་མཚན་ན་བཟའ་གདུགས། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །བཟའ་དང་བཏུང་བའི་མཆོག་རྣམས་དང༌། །རང་ལ་མཛེས་པར་བརྒྱན་པ་ཡི། །ལྷ་དང་ལྷ་མོ་རྡུལ་སྙེད་ཀྱིས། །བྲོ་གར་ལ་སོགས་བསམ་ཡས་ཀྱིས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ཀུན་ལ་རྒྱས་པར་འབུལ། །སྐལ་ལྡན་གསལ་བའི་ཁྱད་པར་གྱིས། །རིམ་གྱིས་ཡང་ན་ཅིག་ཆར་དུ། །ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་ཞིང༌། །མཆོད་པའི་ཕྱག་རྒྱ་ཆེན་པོར་སྒོམ། །དགུ་པ་བསྒྲལ་མཆོད་ནི། རང་གི་ཐུགས་ཀ་ནས་རཾ་དཔག་ཏུ་མེད་པ་ཆད། རཾ་ཛྭ་ལ་རཾ། རཾ་ལས་ཡེ་ཤེས་ཀྱི་མེ་འབར་བས་སེམས་ཅན་ཐམས་ཅད་ཀྱི་སྙིང་ནང་ན་གནས་པའི་རིགས་དྲུག་གི་ས་བོན་བག་ཆགས་དང་བཅས་པ་བསྲེགས། རྣམ་ཤེས་ཆོས་ཀྱི་དབྱིངས་སུ་བསྒྲལ་བར་བསམ་ཞིང༌། ཧཱུྃ། ཐོག་མར་བདག་ཉིད་རྟོགས་གོམས་བསྒྲལ། །དེ་ནས་གཉིས་མེད་བློ་ཡིས་ནི། །བློ་ངན་འཇིག་རྟེན་སྙིང་རེ་རྗེ། །གཉིས་སུ་མེད་པར་བསྒྲལ་བར་བྱ། །བཅུ་པ་སྦྱོར་མཆོད་ནི། ཡབ་ཀྱི་ནོར་བུ་ཧཱུྃ་ལས་རྩེ་ལྔ་པའི། །རྡོ་རྗེའི་དབྱིབས་ཅན་ཟླ་བར་ཨོཾ་གྱིས་མཚན། །ཡུམ་གྱི་ཆོས་འབྱུང་པཱཾ་ལས་འདབ་བརྒྱད་ཀྱི། །པདྨའི་ཟེ་འབྲུ་ཉི་མར་མཱུཾ་གྱིས་མཚན། །ཡབ་ཀྱིས་ས་མ་


JLAZ008_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཧོ་ཡི་བརྡས་བསྐུལ་བས། །ཡུམ་གྱིས་ས་མ་ཡ་སྟྭཾ་ལན་བཏབ་པ། །ཡབ་ཀྱིས་རཱ་ག་ཡ་ཧོའི་བརྡ་སྦྱར་བས། །ཡུམ་གྱིས་རཱ་ག་ཡ་མིའི་བརྡ་ཡིས་བསྐུལ། །ཛཿཧཱུྃ་བཾ་ཧོཿ། བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧོ། ཞེས་དགའ་བ་བཞིའི་རོལ་མོ་སོ་སོར་རྟོག་པའི་ཡེ་ཤེས་སུ་སད་པར་བསམས་ལ། ཨོཾ་ཧཱུྃ། འཁྲིལ་བའི་མཆོད་ཆེན་མཉམ་སྦྱོར་བས། །བདག་ཉིད་མཉེས་པས་མཉེས་པར་བྱ། །མཉམ་པའི་གྲུབ་རྫས་ཆེན་པོ་དག །བདག་དང་མཉམ་པའི་ཚོགས་ལ་འབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་ཆགས་པ་དང་དབྱེར་མེད་པའི་ང་རྒྱལ་བྱའོ། །བཅུ་གཅིག་པ་འདོད་ཡོན་རོ་མཉམ་གྱི་མཆོད་པ་ནི། ཨོཾ་ཧཱུྃ། བཟའ་དང་བཅའ་དང་བཏུང་དང་བགོ། །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ནི། །དཀྱིལ་འཁོར་ལ་ཡང་དཀྱིལ་འཁོར་ཐིམ། །ཆོས་ཉིད་ལ་ཡང་ཆོས་ཉིད་རོལ། །འདོད་ཡོན་གྱི་སྣང་བ་ཐམས་ཅད་ལྷ་དང་ལྷ་མོར་དག་པ་དང༌། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་བདེ་བ་ཆེན་པོར་རོ་གཅིག་ཏུ་གྱུར་པར་བསམས་པ་ནི་བླ་ན་མེད་པའི་དུག་གསུམ་ལམ་དུ་སློང་བའི་མཆོད་པའོ། །བཅུ་གཉིས་པ་རོལ་མོ་ཡེ་ཤེས་ཀྱི་མཆོད་པ་ནི། ཨོཾ་དབང་པོའི་སྤྱོད་ཡུལ་རང་བཞིན་དངོས་པོ་མེད། །རྣམ་དག་བདུད་རྩིའི་རང་བཞིན་དུག་ལྔ་སེལ། །དམ་རྫས་དག་པ་


JLAZ008_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་དང་ཞལ་ཟས་ལྔ། །སྐུ་ལྔ་ཆོས་ལྔ་རང་བཞིན་དབྱེར་མེད་མཉམ། །དེ་ཕྱིར་དག་པས་དག་པ་ཉིད་མཆོད་ཕྱིར། །ཆོས་ཉིད་ལ་ནི་ཆོས་ཉིད་ཐིམ་པར་དབུལ། །དྲི་མེད་རྣམ་དག་ནམ་མཁའི་རང་བཞིན་ལ། །ལོག་རྟོག་མཚན་མ་མང་པོའི་སྤྲིན་སྤུངས་ཏེ། །ཡེ་ཤེས་ཉི་མའི་འོད་ཀྱིས་རབ་བརྒྱན་ནས། །དག་པའི་དོན་ཕྱིར་རྟོགས་ནས་མཆོད་པར་འབུལ། །མཉམ་ཉིད་བླང་དོར་མེད་ལ་སྙོམས་པར་འཇུག་པ་དང༌། །བདེ་ཆེན་ལོངས་སྤྱོད་རྫོགས་པ་སྐུ་ཡི་རྒྱན། །འདོད་ཡོན་ལྔ་ཡི་ལྷ་མོར་བྱིན་བརླབས་པ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཞེས་པའི་རོལ་མོ་ཇི་སྙེད་པ་ཐམས་ཅད་ཀྱིས་འཁོར་གསུམ་ཡེ་ཤེས་སུ་དག་པར་མངོན་དུ་བྱས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་མཆོད་པའི་ང་རྒྱལ་བྱ་ཞིང་རོལ་མོ་ཡེ་ཤེས་ཀྱི་སྒྲས་བསྐུལ་ལོ། །བཅུ་གསུམ་པ་གླུ་ཡེ་ཤེས་ཀྱི་མཆོད་པས་བསྟོད་པ་ནི། ཨོཾ་ཕྱོགས་དྲིལ་སྟབས་དང་བཅས་བསོར་དཀྲོལ་བཅུ་དུས་བཞི་རྫོགས་པ་ཡི། །ཡེ་ཤེས་དཀྱིལ་འཁོར་ཐིག་ལེ་པད་སྐོར། ཆེ། །བསོད་ནམས་དཀྱིལ་འཁོར་རང་ཕྱག་སྐུ་ཡི་ཚོགས། །སྣང་སྟོང་ནང་སྐོར་ཐར་སྦྱར་ཐིག་ལེ་ཀུན་ཏུ་རྫོགས་ཧོ། །ཨོཾ་རྡོ་རྗེ་བསོད་ནམས་ཐིག་ལེ་ཆེ། །རྡོ་རྗེ་ཡེ་ཤེས་དཀྱིལ་འཁོར་ལྡན། །རྡོ་རྗེ་སྒྲ་ཆེན་མཐའ་ཡས་པ། །རྡོ་རྗེ་རྒྱལ་པོ་ཐིག་ལེ་ཆེ་ཧོ། །ཨོཾ་སྐུ་གསུང་ཐུགས་ཀྱི་


JLAZ008_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་ཆེ། །ཡོན་ཏན་ཕྲིན་ལས་ཀུན་ཏུ་རྫོགས། །ཡེ་ནས་ལྷུན་རྫོགས་ཀུན་ཏུ་བཟང༌། །འདུས་པའི་ཚོགས་ཆེན་ཐིག་ལེ་ཆེ་ཧོ། །ཨོཾ་མི་དམིགས་སྒྱུ་འཕྲུལ་མཉམ་པའི་དབྱིངས། །མཐའ་ཡས་ཀུན་ནས་སྣ་ཚོགས་སྤྲོ། །མཐའ་ཡས་ཀུན་ནས་ལྷུན་གྱིས་ཐིམ། །སྣ་ཚོགས་སྐུ་གསུང་ཐུགས་ཆེན་པོ་ཧོ། །ཨོཾ་ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །རྒྱལ་བའི་དོན་རྣམས་རྡུལ་ཕྲན་སྙེད། །སྤྲུལ་པ་རྡུལ་ཕྲན་བསམ་ཡས་ཀྱིས། །སྐད་ཅིག་ཡུད་ལ་ལྷུན་གྱིས་གྲུབ་ཧོ། །ཨོཾ་ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། །སྐུ་གསུང་སྤྱི་ཕྱག་ཐུགས་ཀྱིས་ཀུན་ཏུ་ཁྱབ། །སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ་ཧོ། །ཞེས་ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས་ཆོས་ཉིད་ཀྱི་རང་སྒྲས་བསྟོད་པར་བྱའོ། །གསུམ་པ་བཤགས་པ་བྱ་བ་ནི། ཧོ། སྤྲོས་པ་མེད་པའི་དབྱིངས་རང་བཞིན་གྱི་དཀྱིལ་འཁོར་རྣམ་པར་དག་པ་ན་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བྱེ་བྲག་དང་ལྡན་པ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རིགས་ལྔའི་བདེ་བར་གཤེགས་པ། རིགས་མཆོག་གཟུངས་ཀྱི་ཡུམ་གྱི་དབྱིངས་ན་རྣམ་པར་བཞུགས་པ་སེམས་དཔའི་ཚོགས། སེམས་མའི་འཁོར། ཡེ་ཤེས་ཆེན་པོའི་དབང་ཕྱུག་ཐབས་ལ་མཁས་པའི་བདག་ཉིད། སྒྲོལ་


JLAZ008_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མཁའ་འགྲོ་རང་བཞིན་གྱི་རྣལ་འབྱོར། ངོ་བོ་ཉིད་ཀྱི་སྐུ། མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་དགོངས་སུ་གསོལ། བདག་ཅག་གསང་བའི་དཀྱིལ་འཁོར་འདིར་ཚོགས་པ་རྣམས་ཀྱིས། དང་པོ་གསང་བ་རྡོ་རྗེ་ཐེག་པའི་སྒོར་ཁས་འཆེས་ཏེ། དམ་ཚིག་གཉེན་པོ་མ་ནོར་བར་མནོས་པ་ལས། རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་འགལ་འཁྲུལ་དུ་གྱུར་པ། ལྷ་ཉེ་བར་མ་བསྒོམས་པ། སྙིང་པོ་དག་པར་མ་བགྲངས་པ། སྦྱོར་བ་མང་པོས་བར་བསྐུམས་པ། དད་པ་ཅན་གྱི་ཚོགས་བཅག་པ། དགེ་བ་ཅན་གྱི་ཐུགས་དཀྲུགས་པ། མཆོད་པ་ལོ་ཟླ་ལས་འདས་པ། དམ་རྫས་ལག་ལེན་རྔོ་མ་ཐོགས་པ། ཛ་བཟླས་གྲངས་ཉུང་བ། བསྙེན་པ་ཡུན་ཐུང་བ། ཏིང་འཛིན་ཐང་ལྷོད་དུ་གྱུར་པ། དེ་བཞིན་གཤེགས་པའི་མཛད་སྤྱོད་དམ་པ་ཀློང་དུ་མ་གྱུར་ཅིང༌། སེམས་ཅན་གྱི་སྤྱོད་པ་རང་ཐད་དུ་གྱུར་པ་དང༌། ཁྱད་པར་དུ་སྒྲུབ་པའི་དམ་ཚིག་དང༌། ཁྱད་པར་གྱི་དམ་ཚིག་གཉེན་པོ་མངོན་པར་ནོས་པ་ལས། ཉམས་ཤིང་ཞིག་རལ་དུ་གྱུར་པ་ཅི་མཆིས་པ་ཐམས་ཅད་ཤིན་ཏུ་གནོང་ཞིང་འགྱོད་པའི་སེམས་ཀྱིས་མཐོལ་ཞིང་བཤགས་པར་མཆིས་ན། དབྱིངས་ཉིད་ནམ་མཁའ་དང་འདྲ་བའི་ངང་གིས་སྐུ་བཟོད་པ་ཆེན་པོ་དང་དུ་བཞེས་ནས། ཚངས་པ་མཆོག་ཡིད་བཞིན་དུ་ཐོབ་པར་སྩལ་དུ་གསོལ། བཞི་པ་དངོས་གྲུབ་


JLAZ008_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་ནི། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་ཤེས་རབ། མི་བརྗེད་པའི་གཟུངས། མངོན་པར་ཤེས་པ་དྲུག །རྒྱུན་གྱི་ཏིང་ངེ་འཛིན། རྡོ་རྗེ་ལྟ་བུའི་ཚེ། གཡུང་དྲུང་ལྟ་བུའི་ལུས། དཔལ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་བླ་མན་ཆད་ནས། དངོས་གྲུབ་ཀྱི་སྐལ་བ་དང་རིགས་བརྒྱུད་གང་ལགས་པ་ཐམས་ཅད་ཕྱི་མར་བསྡད་མི་འཚལ་བར་དུས་ད་ལྟ་ཉིད་དུ་ཐོབ་པར་མཛད་དུ་གསོལ། རྣལ་འབྱོར་པ་ལ་བར་དུ་གཅོད་པར་བྱེད་པ་སྡང་བའི་དགྲ། གནོད་པའི་བགེགས། གདུག་པའི་དབལ། སྦྱོར་བའི་དུག །རྣོ་བའི་མཚོན། ནད་བཞི་བརྒྱ་རྩ་བཞི། གདོན་སྟོང་ཕྲག་བརྒྱད་ཅུ། སོ་སོའི་རྨི་ལམ་ངན་པ་དང་ལྟས་ངན་པ། མི་ཤིས་པའི་རྐྱེན་དེ་དག་ཐམས་ཅད་ཕྱིར་བཟློག་ཅིང་མིང་ཡང་མི་གྲག་པ་ཞི་བ་ཆེན་པོ་མཛད་དུ་གསོལ། གལ་ཏེ་ཞི་བས་བསྒྱུར་དུ་མི་བཏུབ་པ་དག་དྲག་པོའི་ཕྲིན་ལས་ཀྱི་དབང་དུ་བསྡུ་བ་དང༌། གཟིར་ཞིང་མནན་པ་དང༌། བསྒྲལ་ཞིང་སྦར་བ་ལ་སོགས་ཏེ། ཕྲིན་ལས་དྲག་ཐབས་རྣམ་པ་བཞིས། ཇི་ལྟར་འདུལ་བར་འཚམས་པ་བཞིན་མཛད་ནས་མིང་ཙམ་ཡང་མི་གྲགས་པར་མཛད་དུ་གསོལ། བདག་ཅག་དམ་ཚིག་འདི་ལ་མངོན་དུ་ཞུགས་པ་རྣམས། །གཅད་གཏུབས་སྡུག་བསྔལ་ལུས་ལ་འབྱུང་བར་མི་འགྱུར་ཡང༌། །གྲིབ་མ་ཕོག་པའི་སྡུག་བསྔལ་ཤིན་ཏུ་མི་བཟོད་པ། །


JLAZ008_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཡི་ཕྱོགས་ཙམ་མཐོང་བས་མོད་ལ་འཚོ་བ་དང༌། །གཟི་མདངས་ལུས་ལ་འཇུག་པའི་ཉི་མ་སྟོང་ཕྲག་གི །འོད་བཞིན་འཇིག་རྟེན་ཁམས་འདིར་རྟག་ཏུ་འབྱུང་བ་དང༌། །ལུས་ངག་སེམས་ལ་ཚེ་འདི་རྡོ་རྗེ་རབ་སྣང་སྟེ། །རེ་སྨོན་ཐམས་ཅད་དུས་འདི་ཉིད་དུ་སྩལ་དུ་གསོལ། །ཞེས་འདོད་དོན་གསོལ། ལྔ་པ་དམ་བཅའ་བ་ནི། ལྷག་པའི་བསམ་པ་རྩེ་གཅིག་པས། ཨོཾ་ཧཱུྃ། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །བྱང་ཆུབ་སེམས་མཆོག་དམ་པ་དང༌། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི། །སྲོག་གི་ཕྱིར་ཡང་མི་གཏང་ན། །རྡོ་རྗེ་རྒྱལ་པོས་བྱིན་བརླབ་མཛོད། །དུས་ངན་ཐ་མའི་འཇིག་རྟེན་འདིར། །སངས་རྒྱས་མཛད་དཀའ་བདག་གིས་བསྒྲུབ། །བྱང་ཆུབ་སྤྱོད་དཀའ་བདག་གིས་སྤྱད། །རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་འདིར། །བདག་ཅག་བསམ་པ་འགྲུབ་གྱུར་ཅིག །དྲུག་པ་ཛཔ྄་ལ། དེ་ཉིད་བརྗོད་པ། ཛཔྲ་ཁང་དབྱེ་བ། ཛཔ྄་དངོས། སྐབས་ཀྱི་མཇུག་བསྡུ་བ་དང་བཞི་ལས། དང་པོ་ནི། ཡང་དག་དོན་གྱི་སྙིང་པོ་ནི། །བརྗོད་པ་དུ་མའི་ཁ་བརྒྱུད་ཀྱང༌། །གང་ནས་བཙལ་ཀྱང་མི་རྙེད་པས། །རང་རིག་དྲི་མེད་དག་པ་ཡིན། །དེ་ལ་རྟག་ཏུ་མོས་པ་ནི། །བསྙེན་པའི་དམ་པ་མཆོག་ཡིན་ནོ། །


JLAZ008_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཉིད་ཐེག་པར་རབ་ངེས་ན། །སྒྱུ་འཕྲུལ་དཀྱིལ་འཁོར་བཞི་བཅུ་གཉིས། །དྲྭ་བའི་དཀྱིལ་འཁོར་མངོན་རྫོགས་པ། །ད་ལྟ་ཉིད་དུ་མངོན་གྱུར་ཅིག །ཅེས་དེ་ཁོ་ན་ཉིད་ཀྱི་དོན་དྲན་པར་བྱའོ། །གཉིས་པ་ནི། དབྱེ་གཞིའི་དཀྱིལ་འཁོར་ལེགས་པར་གསལ་བཏབ་ནས། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཕཊཿ ཛཿཧཱུྃ་ཨོཾ་སྭཱ་ཨཱཾཿཧཱ་ཕཊ་ཛཿཞེས་བརྗོད་པས་དམ་ཚིག་གི་འཁོར་ལོ་ལས་ཡེ་ཤེས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ལོགས་སུ་ཕྱེ་ནས། མདུན་གྱི་ནམ་མཁར་མེ་རི་འདབས་འབྱར་གྱི་ཚུལ་དུ་བཞུགས་པར་མོས་པའོ། །གསུམ་པ་ནི། བདག་མདུན་གྱི་ལྷ་རྣམས་ཀྱི་ཡེ་ཤེས་སེམས་དཔའ་སོ་སོའི་ཐུགས་ཀར་རང་རང་གི་ཕྱག་མཚན་གྱི་ལྟེ་བ་དྭངས་མའི་ཐུགས་སྲོག་ཧཱུྃ་ཡིག་ལ་སོགས་པའི་མཐར་བཟླ་བྱའི་སྔགས་ཀྱི་ཕྲེང་བས་བསྐོར་བར་གསལ་བཏབ་ལ། སྔགས་ཟློས་པའི་ཚེ་བདག་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་མཆོད་པའི་ཚུལ་དུ་སྤྲོས་པས་ཡེ་ཤེས་ཀྱི་ལྷ་ཚོགས་རྣམས་དགྱེས་པ་བསྐྱེད། ཐུགས་དམ་གྱི་རྒྱུད་བསྐུལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་འོད་དང་འོད་ཟེར་གྱི་རྣམ་པས་བདག་ལ་སྩལ་ཞིང་ཐིམ་པར་བསམས་ལ། དེ་ཡང་དབང་པོ་མཆོག་ཏུ་གྱུར་པ་རྣམས་ཀྱིས་དམ་ཡེ། འཕྲོ་འདུ་སྟེ་གསལ་བ་གསུམ་དང་ལྡན་པའི་ངང་ནས་བདུད་བཞི་བཅོམ་པའི་མཚན་ཉིད་རིག་


JLAZ008_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་སྟེ། མན་ངག་ལྟ་བའི་ཕྲེང་བ་ལས། འདི་ལྟར་བསྙེན་པའང་བྱང་ཆུབ་ཀྱི་སེམས་ཤེས་པའི་མཚན་ཉིད། མ་སྐྱེས་པའི་ཏིང་ངེ་འཛིན་གྱིས་འཆི་བདག་གི་བདུད་བཅོམ་མོ། །ཉེ་བའི་བསྙེན་པ་བདག་ཉིད་ལྷར་ཤེས་པའི་མཚན་ཉིད། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཕུང་པོའི་བདུད་བཅོམ་མོ། །སྒྲུབ་པ་ཡུམ་བསྐྱེད་པའི་མཚན་ཉིད། རྡུལ་དང་བྲལ་བའི་ཏིང་ངེ་འཛིན་གྱིས་ཉོན་མོངས་པའི་བདུད་བཅོམ་མོ། །སྒྲུབ་པ་ཆེན་པོ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་མཚན་ཉིད། མི་དམིགས་མཁའ་དང་མཉམ་པའི་ཏིང་ངེ་འཛིན་གྱིས་ལྷའི་བུའི་བདུད་བར་ཆད་གཡེང་བའི་བདུད་བཅོམ་མོ། །དེ་ལྟར་གང་ལ་བདུད་རྣམ་པ་བཞི་འདུལ་བར་བྱེད་པའི་མཐུ་ཡོད་པའི་ལམ་དེ་ནི་རྣམ་པར་དག་པའི་ལམ་ཡིན་ལ། བཟླ་བྱའི་སྔགས་ནི། ཧཱུྃ་བཛྲ་དྷྲིཀ །མཱུཾ་དྷཱ་ཏེ་ཤྭ་རཱི། ཨོཾ་ཛི་ན་ཛིཀ །ལཱཾ་དེ་ཥ་ར་ཏི། སྭཱཾ་རཏྣ་དྷྲིཀ །མཱཾ་མོ་ཧ་ར་ཏི། ཨཱཾ་ཨ་རོ་ལིཀ །པཱཾ་རཱ་ག་ར་ཏི། ཧཱུྃ་པྲཛྙཱ་དྷྲིཀ །ཏཱཾ་བཛྲ་ར་ཏི། ཀྵིཾ་ཧི་རཱ་ཛ་ཡ། ཧཱུྃ་ལཱ་སྱེ་ས་མ་ཡ་སྟྭཾ། ཏྲཱཾ་ཨ་གརྦྷ་ཡ། ཏྲཱཾ་མ་ལེ་ས་མ་ཡ་ཧོཾ། ཧྲཱིཾ་ཧཱ་ཧཱུྃ་པདྨ་པྲ་ད་མ། ཧྲཱིཾ་གཱི་ཏི་རཱ་གོ་ཧཾ། ཛིཾ་ཀུ་རུ་པཱ་ཎ། ཨཱཾ་ནིརྟི་རཱ་ག་ཡ་མྱེ། མཻ་དྷ་ར་ནཻ་སྭཱ་ཧཱ། ཛཿདྷཱུ་པ་པྲ་བེ་ཤ །ཐླྷིཾ་ནི་ས་རཾ་བྷ་ཡ་སྭཱ་ཧཱ། ཧཱུྃ་པུཥྤེ་ཨ་བེ་ཤ །ཧཱུྃ་ས་རཱ་ཛ་ཡ་སྭཱ་ཧཱ། བཾ་དཱི་པ་སུ་གི་རཱི། མཱུཾ་ཤྲི་ཨཾ་རཱ་གཱ་ཡ་སྭཱ་ཧཱ། ཧོཿགནྡྷེ་ཙིཏྟ། ཧཱུྃ་ཡ་མཱནྟ་


JLAZ008_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲིཏ་ཕཊ། ཨོཾ་མཧཱ་བཛྲ་དྷ་རོ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནི་ཧཱུྃ་ཕཊ། ཧཱུྃ་པྲཛྙཱནྟ་ཀྲིཏ་ཕཊ། ཨོཾ་མ་ཧཱ་རཏྣ་དྷ་རོ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནི་ཧཱུྃ་ཕཊ། ཧཱུྃ་པདྨནྟ་ཀྲིཏ་ཕཊ། ཨོཾ་མ་ཧཱ་པདྨ་དྷ་རོ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནི་ཧཱུྃ་ཕཊ། ཧཱུྃ་བིགྷྣནྟ་ཀྲི་ཏ་ཕཊ། ཨོཾ་མ་ཧཱ་ཀརྨ་དྷ་རོ་མ་ཧཱ་ཀྲོ་དྷི་ཤྭ་རི་ཛྭ་ལ་ནི་ཧཱུྃ་ཕཊཿ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ཨོཾ། ཨ་ཨ་ཨ་བཛྲི་བྷ་དྲ་ས་མནྟ་ཨ། ཨོཾ་མུ་ནེ་ཀྲཾ་སྭཱ་ཧཱ། ཨོཾ་མུ་ནེ་ཧཱུྃ་ཏྲུཾ་སྭཱ་ཧཱ། ཨོཾ་མུ་ནེ་སྲུཾ་སྭཱ་ཧཱ། ཨོཾ་མུ་ནེ་པྲེཾ་སྭཱ་ཧཱ། ཨོཾ་མུ་ནེ་ཀྵཾ་སྭཱ་ཧཱ། ཨོཾ་མུ་ནེ་ཡེ་སྭཱ་ཧཱ། ཞེས་པ་རྣམས་རིམ་པ་བཞིན་གཙོ་འཁོར་གྱི་འགྲོས་དང་སྦྱར་ནས་བཟླའོ། །བཞི་པ་སྐབས་ཀྱི་མཇུག་བསྡུ་བ་ལ། བསྟོད་པ། བཤགས་པ། ཡེ་ཤེས་པ་བསྡུ་བ་དང་གསུམ། དང་པོ་ནི། ཧཱུྃ་རྣམ་ཤེས་རྣམ་དག་བཅོམ་ལྡན་དྲིལ་སྟབས་དང་བཅས་རྡོ་རྗེ་གསོར། རྡོ་རྗེ་སེམས། །ཞེ་སྡང་པད་སྐོར། རྣམ་དག་ཆོས་དབྱིངས་ཡེ་ཤེས་ངང༌། །མཐིང་ག་རྡོ་རྗེ་གཏོད་དེ་དྲིལ་བུ་དཀུར་བརྟེན། ཕྱག་ན་རྡོ་རྗེ་འབར་བ་བསྣམས། །ཐུགས་མཆོག་ནང་སྐོར་ཐར་སྦྱར། རྡོ་རྗེ་སེམས་ལ་ཕྱག་འཚལ་བསྟོད། །གཟུགས་ཕུང་རྣམ་དག་བཅོམ་ལྡན་རྣམ་སྣང་མཛད། །གཏི་མུག་རྣམ་དག་མེ་ལོང་ཡེ་ཤེས་ངང༌། །དུང་མདོག་ཕྱག་ན་འཁོར་རང་གི་རྒྱ་སྟབས། ལོ་འབར་བ་བསྣམས། །སྐུ་མཆོག་རྣམ་སྣང་མཛད་ལ་ཕྱག་འཚལ་བསྟོད། །ཚོར་བ་རྣམ་དག་བཅོམ་ལྡན་རིན་ཆེན་འབྱུང༌། །ང་རྒྱལ་རྣམ་དག་མཉམ་ཉིད་ཡེ་ཤེས་ངང༌། །གསེར་


JLAZ008_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་ཕྱག་ན་རིན་ཆེན་འབར་བ་བསྣམས། །ཡོན་ཏན་རིན་ཆེན་འབྱུང་ལ་ཕྱག་འཚལ་བསྟོད། །འདུ་ཤེས་རྣམ་དག་བཅོམ་ལྡན་སྣང་མཐའ་ཡས། །འདོད་ཆགས་རྣམ་དག་ཀུན་རྟོག་ཡེ་ཤེས་ངང༌། །ལེ་བརྒན་ཕྱག་ན་པདྨ་འབར་བ་བསྣམས། །གསུང་མཆོག་སྣང་མཐའ་ཡས་ལ་ཕྱག་འཚལ་བསྟོད། །འདུ་བྱེད་རྣམ་དག་བཅོམ་ལྡན་དོན་ཡོད་གྲུབ། །ཕྲག་དོག་རྣམ་དག་བྱ་གྲུབ་ཡེ་ཤེས་ངང༌། །ལྗང་གུ་ཕྱག་ན་རལ་གྲི་འབར་བ་བསྣམས། །ཕྲིན་ལས་དོན་ཡོད་གྲུབ་ལ་ཕྱག་འཚལ་བསྟོད། །འབྱུང་བ་རྣམ་དག་རིགས་ཀྱི་ཡུམ་ཆེན་ལྔ། །ཀུན་བཟང་སྤྱན་མ་མཱ་མ་གོས་དཀར་སྒྲོལ། །ཐབས་ཀྱི་སྐུ་ལ་ཤེས་རབ་དགྱེས་འཁྲིལ་འཁྱུད་རྒྱ། མ། །རིགས་ཀྱི་ཡུམ་ཆེན་ལྔ་ལ་ཕྱག་འཚལ་བསྟོད། །གསོར་དགྲོལ། བསྐལ་བཟང་བྱང་ཆུབ་སེམས་དཔའ་བརྒྱད་རྣམས་ནི། །བདེ་བར་གཤེགས་པ་ཀུན་གྱི་སྲས་པད་སྐོར། མཆོག་སྟེ། །ཡོན་ཏན་པད་སྐོར། མི་ཟད་སྤྲུལ་པ་བསམ་ཡས་པའི། །སེམས་དཔའ་ཆེན་པོ་བརྒྱད་ལ་ཕྱག་འཚལ་བསྟོད། །སྒེག་གསོར་དཀྲོལ། མོ་ཕྲེང་ཐོགས་རིན་ཆེན་གླུ་གར་ཅན། །བདུག་པ་མེ་ཏོག་མར་མེ་རང་རང་གི་ཕྱག་རྒྱ། དྲི་ཆབ་མ། །རྒྱལ་བ་རྒྱ་མཚོ་པད་སྐོར། རྣམས་ལ་མཆོད་འབུལ་ཐལ་སྦྱར། མ། །མཆོད་པའི་ལྷ་མོ་ཐལ་སྦྱར། བརྒྱད་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་སྒོ་བ་ཆེན་པོ་ཡབ་ཡུམ་བརྒྱད། །གཤིན་རྗེ་སྟོབས་ཆེན་རྟ་མགྲིན་བདུད་རྩི་


JLAZ008_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱིལ། །ལྕགས་ཀྱུ་རང་རང་ཕྱག་རྒྱ། ཞགས་པ་ལྕགས་སྒྲོག་དྲིལ་བུ་མ། །སྒོ་བ་ཡབ་ཡུམ་བརྒྱད་ལ་ཕྱག་འཚལ་བསྟོད། །ཆོས་ཉིད་སྟོང་པའི་ངང་ལས་མ་གཡོས་ཀྱང༌། །ཆོས་ཉིད་ཀུན་ཏུ་བཟང་པོ་འདུ་འབྲལ་མེད། །ཆོས་ཉིད་མཉམ་གཞག །ཁྱབ་གདལ་ཆེན་པོའི་ཡེ་ཤེས་ཀྱི། །ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་བཞི་ལ་རིགས་བཞིའི་ཕྲིན་ལས་ཀྱིས། །འཇིག་རྟེན་དྲུག་གི་བྱེ་བ་ཕྲག་བརྒྱ་རུ། །སྤྲུལ་པད་སྐོར་རང༌། པ་བྱེ་བ་ཕྲག་བརྒྱས་འགྲོ་དྲུག་གི །དོན་མཛད་ཐུབ་པ་དྲུག་ལ་ཕྱག་འཚལ་བསྟོད། །འདི་ནས་ཐར་སྦྱོར་ལས་མེད། རྒྱལ་བ་སངས་རྒྱས་བཞི་བཅུ་རྩ་གཉིས་ཀྱི། །ཆེ་བའི་ཡོན་ཏན་བརྗོད་ཀྱིས་མི་ལང་ཡང༌། །ཡོན་ཏན་ཆ་ཤས་བརྗོད་པའི་བྱིན་རླབས་ཀྱིས། །རིག་འཛིན་སྔགས་འཆང་རྣལ་འབྱོར་བདག་ཅག་གི །ལས་དང་ཉོན་མོངས་བག་ཆགས་གཏན་སྦྱངས་ནས། །ཚེ་འདི་ཉིད་ལ་རིག་འཛིན་མཆོག་ཐོབ་སྟེ། །དཔལ་ལྡན་རྡོ་རྗེ་སེམས་དཔའི་གནས་ཐོབ་ཤོག། །ཅེས་བསྟོད། གཉིས་པ་ནི། ཡེ་ནས་གཉིས་མེད་ཆོས་སྐུར་དག་པ་ལས། །མ་རིག་དབང་གིས་སྒྲོ་དང་སྐུར་བཏབ་སྟེ། །བདེ་དང་སྡུག་བསྔལ་སྣ་ཚོགས་ངོ་བོར་སྨིན། །དེ་ལྡོག་དོན་ཕྱིར་རྒྱལ་བའི་དམ་ནོས་ཏེ། །བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་པར། །རྒྱལ་བ་འཁོར་བཅས་


JLAZ008_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱོད་ལ་བཟོད་པར་གསོལ། །ཞེས་བཟླས་པའི་ཉེས་བྱས་སུ་གྱུར་པ་ཐམས་ཅད་བཤགས་ཤིང་དག་པར་བྱའོ། །གསུམ་པ་ནི། རང་བཞིན་དང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གཉིས་རང་བཞིན་དབྱེར་མེད་དུ་རྟོགས་པའི་ཕྱིར། ཨོཾ་བཛྲ་ས་མ་ཡ་ཨོཾ་སོགས་ལྔ་དང༌། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས་སོགས་ཀྱིས་རིག་པའི་མེ་ཏོག་དོར་ཞིང་དངོས་གྲུབ་བསྐུལ་ནས་ཨོཾ་བཛྲ་ས་མ་ཡ་ཧཱུྃ་ཞེས་བརྗོད་པས་ཡེ་ཤེས་ཀྱི་འཁོར་ལོ་དམ་ཚིག་པ་ལ་ཆུ་ལ་ཆུ་བཞག་པ་བཞིན་དབྱེར་མེད་དུ་ཐིམ། ཨོཾ་བཛྲ་ས་མ་ཡ་སྟྭཾ། ཞེས་བརྟན་པར་བྱས། ཨོཾ་བཛྲ་ས་མ་ཡ་ཧོཿ། ཞེས་དབང་དུ་སྒྱུར་ནས་དགྱེས་ཤིང་ཆགས་པར་བྱས། ཛཿཧཱུྃ་བྃ་ཧོཿ། ཞེས་ཕྱག་རྒྱ་བཞིས་བརྟན་ཅིང་གསལ་བར་བྱས་ནས་ཡི་གེ་བརྒྱ་པ་ཡང་བཟླའོ། །༈ གསུམ་པ་རྗེས་ཀྱི་ཆོ་ག་ལ་ཚོགས་ཀྱི་མཆོད་པ། བརྟན་མ་སྐྱོང་བ། ཉེར་བསྡུ་བྱ་བ། གོ་བགོ་ལུས་བསྲུང་དང་བཞི་སྟེ། དང་པོ་ཚོགས་མཆོད་ལ་ལྔ་ལས། དང་པོ་བཤམས་ཤིང་བྱིན་གྱིས་བརླབ་པ་ནི། ཛ་གད་དང་མཱཾ་ས་གཙོ་བོར་གྱུར་པའི་ཡོ་བྱད་ཅི་འབྱོར་པ་བཤམས་ནས། བསང་ཆུ་གཏོར་ལ། ཨོཾ་མ་ཧཱ་ཀྲོ་དྷི་ཤྭ་རཱི་སརྦ་དྲ་ཕྱཾ་ཤོ་དྷ་ནི་ཧཱུྃ་ཕཊ། ཀྱིས་བསངས། རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས་ཏེ་སྟོང་པར་སྦྱངས། མ་སཱུརྱ་མཎྜ་ལ། ཞལ་ཟས་ཀྱི་སྣོད་དུ་ཉི་མ་ལ་ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱ་ལས་


JLAZ008_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

བཟའ་བཏུང་གི་དངོས་པོ་ཡེ་ཤེས་ལྔའི་རང་བཞིན་བདུད་རྩི་རོ་བརྒྱ་པ་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ་སོ་སོའི་ལྷ་མོའི་རོལ་པ་བསམ་གྱིས་མི་ཁྱབ་པ་དང་བཅས་པའི་སྤྲིན་འཕྲོ་བར་བསམས་ལ་ཡི་གེ་གསུམ་ལན་གསུམ་བརྗོད་པས་བྱིན་གྱིས་བརླབས། གཉིས་པ་ཚོགས་ཞིང་སྤྱན་འདྲེན་ནི། ཨོཾ་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང༌། །རང་རིག་མཐའ་དབུས་མེད་པའི་དཀྱིལ། །ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ། །ཚོགས་མཆོག་དཀྱིལ་འཁོར་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་སོགས་ཀྱིས་ཚོགས་ཞིང་མཁའ་ཁྱབ་ཏུ་སད་པར་བྱ། གསུམ་པ་མཆོད་པ་ལ་གཉིས་ཀྱི། དང་པོ་ཏིང་ངེ་འཛིན་གྱི་མཆོད་པ་ནི། ཨོཾ་ཧཱུྃ། སྤོས་ཀྱི་སྤྲིན་ལྡིང་བདུག་པ་མོ། །རྒྱལ་བའི་དཀྱིལ་འཁོར་གདུགས་ཀྱིས་འགེབས། །བྱམས་པ་ཐབས་དང་ཤེས་རབ་ལས། །བཛྲ་དྷཱུ་པེའི་མཆོད་པར་རོལ། ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ། ཨུཏྤལ་མཐིང་ག་མེ་ཏོག་འཐོར། །སྣ་ཚོགས་རིན་ཆེན་འོད་དུ་འཕྲོ། །སྙིང་རྗེ་ཐབས་དང་ཤེས་རབ་ལས། །བཛྲ་པུཥྤེའི་མཆོད་པར་རོལ། །ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་པུ། །དབང་གི་ཕྱག་ན་སྒྲོན་མ་བསྣམས། །ཆོས་ཀྱི་རྒྱལ་པོ་འབར་བ་འཛིན། །དགའ་བ་ཐབས་དང་ཤེས་རབ་ལས། །བཛྲ་ལོ་ཀེའི་མཆོད་པར་རོལ། །ཨོཾ་ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་ཧྲཱིཿ། ཙནྡན་བདུད་རྩིའི་ཆར་འབེབས་མ། །དཀྱིལ་


JLAZ008_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གསལ་བའི་ཐིག་ལེ་འབེབས། །བཏང་སྙོམས་ཐབས་དང་ཤེས་རབ་ལས། །བཛྲ་གནྡྷེའི་མཆོད་པར་རོལ། ཨོཾ་ཤྲཱི་བཛྲ་རཱ་ག་གནྡྷེ་གན། ཞེས་བཞི་བསྣོལ་དང༌། ཧཱུྃ་རྡོ་རྗེ་སྒེག་མོ་རྡོ་རྗེ་ཅན། །སེམས་དཔའ་སྔོན་པོའི་ཡེ་ཤེས་འབེབས། །མེ་ལོང་ལྟ་བུའི་ཡེ་ཤེས་ལས། །བཛྲ་ལཱ་སྱེའི་མཆོད་པར་རོལ། །ཨོཾ་ཤྲཱི་བཛྲ་རཱ་ག་ལཱ་སྱེ་ཧཱུྃ། །ཡིད་བཞིན་རིན་ཆེན་འོད་འབར་མ། །འཇམ་དཔལ་རྣོན་པོའི་དངོས་གྲུབ་འཛིན། །མཉམ་པ་ཉིད་ཀྱི་ཡེ་ཤེས་ལས། །བཛྲ་མཱ་ལེའི་མཆོད་པར་རོལ། །ཨོཾ་ཤྲཱི་བཛྲ་རཱ་ག་མཱ་ལེ་ཏྲཱཾ། པདྨ་དབྱངས་མཁན་རྨ་བྱའི་མགྲིན། །སྤྱན་རས་གཟིགས་ཀྱི་དངོས་གྲུབ་འཛིན། །སོ་སོར་རྟོག་པའི་ཡེ་ཤེས་ལས། །བཛྲ་གཱིརྟིའི་མཆོད་པར་རོལ། །ཨོཾ་ཤྲཱི་བཛྲ་རཱ་ག་གིརྟི་ཧྲཱིཿ། གར་མཁན་འགྱིང་བག་གཟི་ལྡན་མ། །ལས་ཀྱི་འཁོར་ལོ་རྣམ་པར་འཇོམས། །བྱ་བ་ནན་ཏན་ཡེ་ཤེས་ལས། །བཛྲ་ནིརྟིའི་མཆོད་པར་རོལ། །ཨོཾ་ཤྲཱི་བཛྲ་རཱ་ག་ནིརྟི་ཨཿ། གཉིས་པ་ཚོགས་རྫས་ཀྱི་མཆོད་པ་ནི། ཞལ་ཟས་ཀྱི་ཕུད་རིམ་པར་སྤྲོས་ལ། ཧཱུྃ་ཐབས་དང་ཤེས་རབ་ལྡན་གྱུར་ཅིང༌། །བྱང་ཆུབ་སེམས་དང་མ་ཆགས་པའི། །གཉིས་སུ་མེད་པར་ཐིམ་གྱུར་ནས། །ཚོགས་ཆེན་གཉིས་ཀྱང་རྫོགས་པར་རོལ། །འདོད་ཡོན་ལྔ་པོ་ཐམས་ཅད་དང༌། །སྣ་ཚོགས་སྣང་བ་ཐམས་ཅད་ཀུན། །དེ་བཞིན་གཤེགས་པའི་


JLAZ008_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་དང༌། །གཟུགས་མཛེས་ལྷ་དང་ལྷ་མོར་བརྟག། སྣ་ཚོགས་གཟུགས་ནི་ཐམས་ཅད་ཀུན། །སྣང་སྟོང་ངོ་བོ་ཉིད་ཀྱི་གཞི། །ཆོས་དབྱིངས་དག་པའི་ཡེ་ཤེས་ཏེ། །རྡོ་རྗེ་ལྷ་མོ་གཟུགས་མཛེས་མ། །ཐམས་ཅད་མ་ལུས་སྒྲ་རྣམས་ནི། །གྲག་སྟོང་ངོ་བོ་ཉིད་ཀྱི་གཞི། །མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། །རྡོ་རྗེ་ལྷ་མོ་འཇམ་པའི་སྒྲ། །བདེ་བ་ཚིམ་བྱེད་བསོད་ནམས་ཏེ། །ཚིམ་སྟོང་ངོ་བོ་ཉིད་ཀྱི་གཞི། །བརྗོད་མེད་མི་གནས་ཡེ་ཤེས་ཏེ། །རྡོ་རྗེ་ཆགས་མེད་པདྨའི་གསུང༌། །བདེ་གཤེགས་དཀྱིལ་འཁོར་མ་ལུས་པ། །བདེ་བ་རོ་ཡིས་ཚིམ་བྱེད་པ། །རོ་སྟོང་ངོ་བོ་ཉིད་ཀྱི་གཞི། །སོ་སོར་རྟོག་པའི་ཡེ་ཤེས་ཏེ། །ཐམས་ཅད་ཚིམ་བྱེད་རོ་ཡི་ལྷ། །རྡོ་རྗེ་རེག་བྱ་མྱོང་བྱེད་མ། །དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །བདེ་མཆོག་དཀྱིལ་འཁོར་ཡང་བྱེད་མ། །བྱ་བ་གྲུབ་པའི་ཡེ་ཤེས་ཏེ། །རྡོ་རྗེ་རེག་བྱའི་ལྷ་མོ་རྣམས། །འདོད་ཡོན་ཕྱག་ན་བསྣམས་ནས་ནི། །རྐང་པས་སྟབས་བྱེད་ལག་གར་བསྒྱུར། །སྙན་པའི་གླུ་དབྱངས་བླང་ནས་ནི། །དཀྱིལ་འཁོར་ལྷ་ལ་མཆོད་པར་འབུལ། །ཧོ་བདེ་བར་གཤེགས་པའི་དཀྱིལ་འཁོར་ཀྱི་ལྷ་ཚོགས་རྣམས་ལ་ཚོགས་ཀྱི་མཆོད་པ་ཆེན་པོ་འབུལ་ཞིང་མཆིས་ན། སྐུ་གསུང་ཐུགས་ཀྱི་རྒྱུད་མཉེས་ཤིང་ཚིམས་ནས། དམ་ཚིག་ཉམས་ཆག་ཐམས་ཅད་བསྐངས་ཏེ་བླ་ན་མེད་


JLAZ008_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དངོས་གྲུབ་ཐོབ་པར་མཛད་དུ་གསོལ། བཞི་པ་ཚོགས་ལ་རོལ་པ་ནི། ལས་ཀྱི་རྡོ་རྗེས་འཁོར་ལོ་འདུས་པའི་གཙོ་བོ་ལ་ཕྱག་བྱས། ཐབས་ཤེས་ཀྱི་རྫས་བསྣོལ་མར་འབུལ་ཞིང༌། མཉམ་ཉིད་མི་གཡོ་མཉམ་པའི་སངས་རྒྱས་དཔལ། །ལོག་རྟོག་མཚན་མའི་སྤྲོས་པ་ངང་གིས་ཞི། །དམ་ཚིག་བཞིན་ལས་ཅི་བདེར་སྤྱད་ནས་ཀྱང༌། །མཉམ་རྫོགས་ཆེན་པོའི་མཆོད་པ་བཞེས་སུ་གསོལ། །ཞེས་སྟོབ་དེས་ཀྱང་པདྨའི་ཕྱག་རྒྱ་བསྐོར་ཞིང༌། ཨ་ལ་ལ་ཧོ། ཞེས་བླངས་ནས། ཧོ་བདག་ལུས་ཕུང་ཁམས་སྐྱེ་མཆེད་ནི། །གདན་གསུམ་ཚང་བའི་ངོ་བོ་སྟེ། །དམ་པ་རིགས་བརྒྱའི་དཀྱིལ་འཁོར་ལྷ། །བསྒུལ་བསྐྱོད་ཐམས་ཅད་བདེ་བ་ཆེ། །རྡོ་རྗེའི་དམ་ཚིག་བླ་ན་མེད། །གཉིས་མེད་མཉམ་པའི་ངང་དུ་རོལ། །རྣལ་འབྱོར་ལམ་གྱི་ཚོགས་རྫོགས་ནས། །ཟས་ཀྱིས་སྒྲིབ་པར་མི་འགྱུར་ཞིང༌། །གཏན་པ་མེད་པའི་སྦྱིན་བདག་ཀྱང༌། །ཐེག་ཆེན་འབྲས་བུར་སྤྱོད་པར་ཤོག །ཅེས་རོལ་ནས། ཧོཿབདག་ཅག་རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་རྣམས་ཀྱིས་ཛ་གད་དཔའ་བོ་གསོལ་བས་འགྲོ་བ་མ་ལུས་པ་དབང་དུ་འདུ་བར་གྱུར་ཅིག །མ་ཧཱ་མཱཾ་ས་གསོལ་བས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོར་གྱུར་ཅིག །རྡོ་རྗེའི་ཚེ་གསོལ་བས་རྡོ་རྗེ་སེམས་དཔའི་ཚེ་དང་དཔེ་བྱད་ལ་མངའ་བརྙེས་པར་གྱུར་ཅིག །ཞལ་ཟས་ཀྱི་བྱེ་བྲག་མང་པོ་


JLAZ008_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བས་ཞི་ཁྲོའི་ཕྲིན་ལས་ཀྱི་རྫུ་འཕྲུལ་སྣ་ཚོགས་ལ་དབང་འབྱོར་བར་གྱུར་ཅིག །ཅེས་སྨོན་ལམ་གདབ་བོ། །ལྔ་པ་ལྷག་མའི་མཆོད་པ་ནི། ལྷག་མ་རྣམས་གསོག་འཇོག་མེད་པར་བསྡུས། ལྷ་མཆོད་པའི་ལྷག་མས་བསྣན་པ་དཀྱིལ་འཁོར་དང་ཧ་ཅང་མི་ཉེ་བའི་ཤར་ལྷོར་དྲིའི་མཎྜལ་ཟླུམ་པོ་བྱས་པའི་སྟེང་དུ་གཞག །རྩ་བའི་དཀྱིལ་འཁོར་གསལ་བ་ལས་ཁྱད་པར་ལྷག་མའི་གནས་སུ། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བཛྲ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུྃ་ལྷག་མའི་དཀྱིལ་འཁོར་མཚན་ཉིད་རྫོགས་པར་གདན་དང་བཅས་པའི་ནང་གི་དབུས་དང་ཕྱོགས་བཞིར་ཧཱུྃ་བཛྲ་དྷྲིཀ །ཨོཾ་ཛི་ན་ཛིཀ །སྭཱ་རཏྣ་དྷྲིཀ །ཨཱཾ་ཨཱ་རོ་ལིཀ །ཧཱཾ་པྲཛྙཱ་དྷྲིཀ །རིགས་ཀྱི་ཡབ་ལྔ་སྐད་ཅིག་གིས་གསལ་བར་གྱུར། གཏོར་མ་དམ་ཚིག་གསང་བའི་ལོངས་སྤྱོད་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་བསམས་ལ། ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད་པས་བྱིན་གྱིས་བརླབས་ཏེ། ཧཱུྃ་ལས་ཀྱི་རྡོ་རྗེ་བྱེད་པར་དབང་བསྐུར་བའི། །མཁའ་འགྲོ་ལྷག་སྡུད་མ་སྲིང་གིང་གི་ཚོགས། །ལྷག་མ་ཁ་ཆུའི་དམ་ལ་གཏོགས་པ་རྣམས། །དམ་ཚིག་བཞིན་དུ་མཆོད་ཀྱིས་གཤེགས་སུ་གསོལ། །ཧོ། མཁའ་འགྲོ་གསང་བའི་རྒྱུད་དུ་གཏོགས་པའི་མཁའ་འགྲོ་སུམ་ཅུ་རྩ་གཉིས་སྔོན་གྱི་ཐུགས་དམ་དུས་ལས་མི་འདའ་བར་སྒྲུབ་པའི་སྟོང་གྲོགས་ལ་


JLAZ008_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་ཤིག །ཨེ་ཨ་ར་ལི་ཧྲཱིཾ་ཧྲཱིཾ་ཛཿཧཱུྃ་བྃ་ཧོཿཌཱཀྐི་ནི་ཧཱུྃ་ཛཿཞེས་བརྗོད་ཅིང་ཧེ་རུ་ཀའི་དམ་རྒྱ་དཔྲལ་བར་བཅིངས་ནས་སྤྱུག་པའི་བརྡ་དང་བཅས་པས་སྤྱན་དྲངས་པས། མཁའ་འགྲོ་སོ་གཉིས་སྤྲིན་གཏིབས་པ་བཞིན་བྱོན་ཏེ། རིགས་ལྔའི་གཙོ་བོ་ལ་གཙོ་མོ་བདུན། དོན་གྲུབ་ལ་དྲུག །གཞན་གསུམ་ལ་ལྔ་ལྔ་འཁྲིལ་ཞིང༌། སྒོ་མ་བཞི་གཙོ་བོའི་གདན་གྱི་ཚུལ་དུ་བཞུགས་པ་ལ། མེ་ཏོག་ལ་སོགས་པས་སྤྱིར་མཆོད་ནས། དམར་གྱི་རཀྟ་གཏོར་མ་ལ་སྦྲེང་ཞིང་ཧེ་རུ་ཀའི་ཐོད་པའི་ཐལ་མོའི་རྒྱ་དང་བཅས་པས། ཨོཾ་བཛྲ་ཌཱཀྐི་ནི་པྲ་ཏཱིཙྪ་མཾ་བ་ལིཾ་ཏ་ཧཱུྃ་ཕཊ། དེ་བཞིན་དུ་བུདྡྷ་ཌཱཀྐི་ནི་སོགས་ནས། ཨོཾ་ཕཊ། ཨོཾ་རཏྣ་ཌཱཀྐི་ནི་སོགས་ཏྲཱཾ་ཕཊ། ཨོཾ་པདྨ་ཌཱཀྐི་ནི་སོགས་ཧྲཱིཿཕཊ། ཨོཾ་ཀརྨཱ་ཌཱཀྐི་ནི་སོགས་ཨ་ཕཊ། ཅེས་པས་གཏོར་མ་ཕུལ་ལ། ཧཱུྃ་རྣམ་དག་ཆོས་དབྱིངས་ཞི་བ་ལས། །ཐུགས་རྗེ་ཆེན་པོའི་སྤྲུལ་པ་བྱུང༌། །རང་རང་ལས་ཀྱིས་བསྐུལ་གྱུར་པས། །སྤྲུལ་པ་བསམ་ཡས་མཁའ་ལ་འགྲོ། །འཇའ་ཚོན་མདོག་འཛིན་རིགས་ལས་སྤྲུལ། །མི་རོ་སྐམ་པོའི་གདན་སྟེང་ལ། །ཐུགས་རྗེས་སྤྲུལ་པ་ཅིར་ཡང་སྟོན། །མཐིང་ག་མི་བསྐྱོད་ལ་སོགས་གཟུགས། །སུམ་ཅུ་རྩ་གཉིས་ཀུན་འཛིན་ཞིང༌། །མི་ཐོད་ཁྲག་གིས་བཀང་བ་དང༌། །ཁ་ཊྭཱཾ་ཏྲི་ཤུལ་གཤོལ་གྲི་བསྣམས། །རང་རང་ལག་ཆ་སྣ་ཚོགས་ལྡན། །དཔའ་བོའི་གཟུགས་ཅན་


JLAZ008_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་མིག་བགྲད། །ཉི་ཟླའི་ཚུལ་དུ་མཁའ་ལ་འགྲོ། །ཟས་སུ་ཤ་དང་ཁྲག་དང་ནི། །རྐང་དང་ཚིལ་བུ་རྒྱུ་མ་ཟ། །ཡང་དག་ཉིད་དེ་འཇིག་རྟེན་ཉིད། །སྤྲུལ་པའི་ཚུལ་གྱིས་གཟུགས་ལས་སྤྲུལ། །མཁའ་འགྲོ་མ་མོ་ཁྱོད་རྣམས་ཀྱང༌། །སྔོན་ཚེ་བཅོམ་ལྡན་རིགས་ལྔ་ལ། །ཡེ་ཤེས་དབྱིངས་ལ་ཆགས་ཚུལ་དུ། །འཁྲིལ་ཞིང་རིགས་ལྔའི་སྲས་སུ་བྱས། །བསྟན་པ་བསྲུང་བར་མནའ་བོར་བའི། །ཁས་བླངས་འགལ་བར་མི་བྱའི་ཕྱིར། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་མཛོད། །ཅེས་དང༌། ཧཱུྃ་མཁའ་འགྲོ་གིང་དང་དབང་ཕྱུག་མ། །མ་བདུན་སྲིང་བཞི་འབར་མ་བརྒྱད། །ཕོ་ཉ་ལ་སོགས་ལྷག་སྡུད་ཚོགས། །དཔལ་གྱི་ཕམ་ཕབས་འདི་གསོལ་ལ། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་བརྗོད་ཅིང་སྨན་དང་རཀྟས་ཀྱང་མཆོད་ནས། ཧོ་ལྷག་སྡུད་ཀྱི་དམ་ཚིག་ལ་གཏོགས་པའི་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་འཁོར་དང་བཅས་པ་རྣམས་ལྷག་མའི་དམ་ཚིག་འདིས་ཚིམ་ཞིང་དགྱེས་པར་གྱུར་ཏེ། དམ་ཚིག་ཉམས་ཆག་ཐམས་ཅད་བསྐངས་ནས་སངས་རྒྱས་ཀྱིས་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོང༌། འཇིག་རྟེན་གྱི་རྒུད་པ་སོལ། སེམས་ཅན་གྱི་ཕན་བདེ་སྤེལ། རྣལ་འབྱོར་པ་རྣམས་ཀྱི་སྟོང་གྲོགས་མཛོད། སྔགས་འཆང་རྣམས་


JLAZ008_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕྲིན་ལས་སྒྲུབས། ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང༌། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་གྲོགས་མཛོད་ཅིག །ཅེས་ཕྲིན་ལས་བཅོལ། ཡ་ཧི་གཙྪ། ཞེས་པས་མགྲོན་རྣམས་རང་གནས་སུ་གཤེགས་པར་བསམས་ལ། གཏོར་མ་ཕྱི་རོལ་དུ་བསྐྱལ། ཧཱུྃ་ཞེས་པས་ལྷག་མའི་དཀྱིལ་འཁོར་རིགས་ལྔ་རང་ལ་བསྟིམ་ནས། མཎྜལ་ཀྱང་བསྡུའོ། །གཉིས་པ་བརྟན་མ་སྐྱོང་བ་ནི། ཕྱི་རོལ་དུ་བརྟན་མའི་གཏོར་མ་སྨན་ཕུད་ཀྱིས་བྲན་ལ། ཏྲཱཾ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ཏྲཱཾ་རཏྣ་ཏྲཻ་ལོ་ཀྱ་ཕཊ། གཏོར་མའི་རྡུལ་ཕྲ་རབ་རེ་རེ་བཞིན་རིན་པོ་ཆེའི་གུར་ཁང་ལོངས་སྤྱོད་ཟད་མི་ཤེས་པས་ནམ་མཁའ་གང་བར་བསམས་ལ། འབྲུ་གསུམ་གྱིས་བྱིན་གྱིས་བརླབ། ཧཱུྃ་ཚོགས་དང་བཀའ་ཡི་ཚོགས་བཅས་ཉིད། །ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ། །ཚུར་གཤེགས་ཚུར་གཤེགས་སྐྱོང་མ་རྣམས། །འདིར་སྤྱོན་དམ་སྐོང་ཕྲིན་ལས་མཛོད། །བདག་ཉིད་ཆེན་མོ་ལ་སོགས་བདུད་མོ་བཞི། །གངས་དཀར་ཤ་མེད་ལ་སོགས་གནོད་སྦྱིན་བཞི། །ཀོང་བཙུན་དེ་མོ་ལ་སོགས་སྨན་མོ་བཞི། །བོད་ཁམས་སྐྱོང་བའི་ཆེ་ཞེ་ཆེན་མོ་རྣམས། །བྲན་གཡོག་མང་པོའི་འཁོར་དང་བཅས། །ལྷབ་ལྷུབ་མང་པོའི་རྒྱན་དང་བཅས། །སིལ་སྙན་རོལ་མོའི་སྒྲ་དང་བཅས། །


JLAZ008_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་སྤྱོན་དམ་སྐོང་ཕྲིན་ལས་མཛོད། །ཆེ་ཞེ་ཆེན་མོ་ཁྱོད་རྣམས་ཀྱང༌། །ཨ་སུ་ར་ཡི་བྲག་ཕུག་ཏུ། །སློབ་དཔོན་པདྨ་འབྱུང་གནས་དང༌། །རླངས་ཆེན་དཔལ་གྱི་སེང་གེ་ཡིས། །ཞིང་ཆེན་སྟན་ལ་བཀོད་ནས་ཀྱང༌། །ལག་ཏུ་རྡོ་རྗེ་གཏད་ནས་ནི། །དབང་བསྐུར་གསང་བའི་མཚན་ནས་བརྗོད། །རྡོ་རྗེ་འཆང་གི་གྲལ་དུ་བཞག །བོད་ཁམས་བསྲུང་ཞིང་སྐྱོང་བ་དང༌། །རྣལ་འབྱོར་སྒྲུབ་པའི་གྲོགས་བྱ་ཞེས། །ཇི་ལྟར་ཁས་བླངས་དམ་བཅས་པའི། །གཡར་དམ་གཉེན་པོ་རྗེས་དགོངས་ལ། །དམ་རྫས་བཀའ་ཡི་གཏོར་མ་ལོངས། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཨོཾ་ལ་ལ། ལེ་ལེ། ཏཾ་ཏཾ། ཏེ་ཏེ་ཁ་རགྨ། མ་མ་སྲིཾ་འགྲོ་མ་ཧཱུྃ་བྷྱོ་ཧཱུྃ་ཧཱུྃ། ཞེས་དང༌། མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི། ཞེས་སྨན་རཀ་སྦྲེང༌། ཕྲིན་ལས་བཅོལ་ནས་ཡ་ཧི་གཙྪས་གཤེགས་གསོལ་བྱས་ལ། གཏོར་མ་གཙང་སར་བསྐྱལ་ལོ། །གསུམ་པ་ཉེར་བསྡུ་བྱ་བ་ནི། ཐུན་མཚམས་ལ་འཇུག་པའམ་ཉལ་བ་ན། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱ་ཞེས་པས་དཀྱིལ་འཁོར་གསལ་བཏབ་ལ། བཛྲ་པདྨ་ས་མ་ཡ་སྟྭཾ། ས་མ་ཡ་ཧོཿཨ་ནུ་རཱ་གོ་ཧཾཿ། ཨ་ནུ་རཱ་ག་ཡ་མྱེ། ཛཿཧཱུྃ་བཾ་ཧོ། བོ་དྷི་ཙིཏྟ་སྥ་ར་ཎ་ཕཊ། ཅེས་བརྗོད་ཅིང༌། ཡབ་ཡུམ་སྙོམ་པར་འཇུག་པའི་སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་འོད་ཟེར་གྱི་སྤྲིན་འཕྲོས་པས་སྣོད་བཅུད་ཐམས་ཅད་


JLAZ008_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཅིང་འོད་གསལ་བར་བྱ། སཾ་ཧ་ར་ཎ་ཧཱུྃ་ཞེས་བརྗོད་པས་དག་པའི་སྣོད་བཅུད་ཐམས་ཅད་གཞལ་ཡས་ཁང་སྲུང་འཁོར་དང་བཅས་པ་ལ་ཐིམ། གཞལ་ཡས་ཁང་གི་རྒྱན་ཐམས་ཅད་ཡབ་རྣམས་ལ་ཐིམ། དངོས་པོ་ཐམས་ཅད་ཡུམ་རྣམས་ལ། ལྷ་ཡབ་ཐམས་ཅད་གཙོ་བོ་རྡོ་རྗེ་སེམས་དཔའ་ལ། ཡུམ་ཐམས་ཅད་དབྱིངས་ཕྱུག་མ་ལ། དེ་ཡབ་ལ། དེ་ཡེ་ཤེས་སེམས་དཔའ་ལ། དེ་ཏིང་ངེ་འཛིན་སེམས་དཔའ་ལ། དེ་ཧཱུྃ་ལ། ཧཱུྃ་གྱེན་རྫོགས་ནཱ་དའི་བར་དུ་ཐིམ་ནས་རྣམ་པར་རྟོག་མེད་ལྷུན་གྲུབ་ནམ་མཁའ་ལྟ་བུའི་ངང་ལས་མཉམ་པར་གཞག །ཉལ་བ་ལས་ལངས་པའམ་སྤྱོད་ལམ་ལ་འཇུག་པ་ནི། ཧཱུྃ་བཛྲ་དྷྲིཀ །ཅེས་བརྗོད་པས་རྡོ་རྗེ་སེམས་དཔའ་ཞལ་གཅིག་ཕྱག་གཉིས་པ་སྣང་སྟོང་སྒྱུ་འཕྲུལ་དྲྭ་བའི་སྐུར་ལྡང་ངོ༌། །བཞི་པ་གོ་ཆ་བགོ་ཞིང་ལུས་བསྲུང་བ་ནི། རང་ཉིད་རྡོར་སེམས་སུ་གསལ་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ། སྙིང་གར་ཧཱུྃ་ཡིག་རྣམས་ཀྱིས་མཚན་པར་གྱུར། བཛྲ་ཀཱ་ཝཱ་ཙི་རཀྵ་ཧཾཿ། ཞེས་བརྗོད་པས་ལུས་ཐམས་ཅད་རྡོ་རྗེ་རྒྱ་གྲམ་གྱི་གོ་ཆས་བཞུ་ལུགས་སུ་གཡོགས་པས་སྒོ་གསུམ་རྡོ་རྗེ་གསུམ་དང་དབྱེར་མེད་དུ་བཅིངས་པར་བལྟས་ལ། ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱིས་ཀུན་ལ་ཁྱབ། ཅེས་བརྗོད་ཅིང་ང་རྒྱལ་བྱ། དེ་ནས་མཛུབ་མོ་གཡས་སུ་ཏྲཱཾ་


JLAZ008_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་ནག་པོ་ཕྱག་གཉིས་ཀྱིས་མཆེ་བ་དང་སྡིགས་མཛུབ། གཡོན་དུ་ཨོཾ་ལས་ཁྲོ་བོ་མི་འཆི་ཐབས་སྦྱོར་དམར་པོ་རྒྱ་གྲམ་དང་སྡིགས་མཛུབ་ཅན་དུ་བསྐྱེད་ལ། ལྟེ་བ་སྙིང་ག་ལྟག་པ་དང༌། དཔྲལ་བ་སྤྱི་བོ་གནས་ལྔ་རུ། ཨོཾ་ཏྲུྃ། ཞེས་བརྗོད་བཞིན་པར་མཛུབ་མོ་གཉིས་བསྣོལ་ནས་རིམ་པར་རེག་པས། གནས་དེ་དང་དེར་ཁྲོ་བོ་གཉིས་པོ་ཟུང་རེ་ཞབས་བསྣོལ་ནས་ཞལ་ཕྱིར་གཟིགས་ཏེ་སྲུང་བའི་ལས་མཛད་པའི་ཐུགས་ཀ་ནས་རྡོ་རྗེའི་ལུ་གུ་རྒྱུད་བྱུང་བས་བསྲུངས་ཤིང་བརྟན་པར་བྱས་ལ། ཨོཾ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཏྲཱཾ་ཏྲཱཾ་ཞེས་རིགས་ལྔའི་དབུ་རྒྱན་གྱིས་དབང་བསྐུར་བར་མོས། ཨོཾ་རཏྣ་མཱ་ལེ་ཨ་བྷི་ཥིཉྩ་ཏྲཱཾ་ཏྲཱཾ། རིན་པོ་ཆེའི་ཕྲེང་བས་བཅིངས་པར་བསམ་མོ། །ཨོཾ་ཨཱ་རྱ་ལཾ་བྷོ་དྷ་ར་ཨ་བྷི་ཥིཉྩ་ཧྲཱིཾཿཧྲཱིཾཿ། དར་མཐིང་དམར་གྱི་ཅོད་པན་གྱིས་བརྒྱན་པར་བསམ་མོ། །ཨོཾ་གུ་ཧྱ་ས་མ་ཡ་སྟྭཾ། ཞེས་བརྟན་པར་བསམ་ཞིང་ཡི་གེ་བརྒྱ་པ་ལན་གསུམ་ལ་སོགས་པར་བཟླས་པས་ཤིན་ཏུ་བརྟན་པར་བྱས་ལ། དགེ་བ་བསྔོ་ཞིང་བཀྲ་ཤིས་བརྗོད་པ་རྣམས་ཀྱིས་མཐའ་བརྒྱན་པར་བྱའོ། །དེ་ལྟར་འགྲུབ་པའི་རྒྱུ་དང༌། དེས་གྲུབ་པའི་འབྲས་བུ་ནི། ཆོ་གས་བསྟན་པའི་ཐུན་དང་མཚམས་ཀྱི་ངེས་པ་ཐམས་ཅད་དུ།


JLAZ008_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་དྲུག་གི་ཡན་ལག་བསྐྱེད་རྫོགས་ཀྱི་དངོས་པོར་སྡུད་པ་ལས་མི་འདའ་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མྱུར་དུ་རྫོགས་པར་འགྱུར་ལ། དེ་ཡང་རྡོ་རྗེ་ཐེག་པའི་གྲུབ་མཐའ་ལས་དང༌། དམ་ཚིག་དང༌། ཆོས་དང༌། ཕྱག་ཆེན་ཏེ་ཕྱག་རྒྱ་བཞིའི་སྒོ་ནས་སློང་བ་ལ་མཉམ་རྗེས་ཀུན་ཏུ་བསླབས་པས་རིམ་པ་དང་པོའི་དག་རྫོགས་སྨིན་གསུམ་ལྷོངས་སུ་གྱུར་ནས་སྐྱེ་གནས་བཞིའི་བག་ཆགས་སྦྱོང་ཞིང༌། མངོན་པར་བྱང་ཆུབ་པའི་གཟུགས་ཀྱི་སྐུ་མྱུར་དུ་འགྲུབ་ལ། དེ་ཡང་སྔ་འགྱུར་རང་གཞུང་གི་གྲུབ་མཐའ་ལམ་ལྔ་དང༌། ས་བཅུའི་སྤང་རྟོགས་རིག་འཛིན་བཞིའི་གོ་འཕང་ལ་བརྟེན་ནས་རྫོགས་པའི་ཚུལ་པཎྜི་ཏ་རོང་པ་ཆོས་ཀྱི་བཟང་པོ་དང༌། རྒྱལ་བ་གཉིས་པ་ཀུན་མཁྱེན་ངག་གི་དབང་པོའི་རྒྱུད་འགྲེལ་ལས་རྟོགས་པར་བྱའོ།། །།དགེའོ། །དགེའོ། །དགེའོ། །


previousདཔལ་གསང་བའི་སྙིང་པོ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་ཞི་བའི་སྒྲུབ་ཐབས་རྣམ་གྲོལ་ཤིང་རྟ།next