(༡)རྗེ་བཙུན་དཔལ་ལྡན་ནག་པོ་ཆེན་པོའི་མངོན་རྟོགས་དོན་ཀུན་སྒྲུབ་བྱེད་ལོག་འདྲེན་ཚར་གཅོད་སྡང་བ་རྣམ་བསྲེག་གི་ཕྲིན་ལས་གསལ་བར་བྱས་པ་མི་ནུབ་བསྟན་པའི་རྒྱལ་མཚན་ཞེས་བྱ་བ་བཞུགས་སོ།། །།
(༢)ཤྲཱི་བཛྲ་མ་ཧཱ་ཀཱ་ལ་ཨུཏྟ་ར་བྷྱ བདེ་སྟོང་ཡེ་ཤེས་ཐིག་ལེའི་སྐུ་ནི་ནམ་མཁའི་མཐའ་དང་མཉམ་པར་བཞུགས། མི་ཤིགས་ཟབ་མོ་རྡོ་རྗེའི་ཧཱུྃ་ཆེན་སྲིད་ཞི་ཀུན་གྱི་སྲོག་ཏུ་གྲུབ། མཚན་མ་ཡོངས་གྲོལ་མཉམ་པའི་ཐུགས་ནི་བྱམས་པའི་དཀྱིལ་འཁོར་རྟག་ཅིང་ཡངས། སངས་རྒྱས་ཀུན་དངོས་དཔལ་ལྡན་བླ་མ་རྗེ་བཙུན་ནག་པོ་ཆེན་པོས་སྐྱོངས། འགྲོ་ལ་རྗེས་སུ་ཆགས་པའི་ཀུན་རྟོག་དག་གིས་དཀྲུག་པར་བྱས་གྱུར་ལ། བྱམས་པའི་གོ་ཆས་ལུས་རབ་གཡོགས་ཤིང་སྣ་ཚོགས་སྤྲུལ་པའི་མཚོན་ཆ་ཐོགས། བདུད་དང་ཉོན་མོངས་དྲེགས་པའི་གཡུལ་དག་རྣམ་པར་ཕམ་མཛད་འཇིགས་རུང་གཟུགས། སྲིད་གསུམ་མཚུངས་མེད་ནག་པོ་ཆེ་དེས་དེང་འདིར་ལོག་འདྲེན་འཇོམས་གྱུར་ཅིག །ཁྲོ་གཉེར་གཡོ་བའི་རླབས་ཕྲེང་གིས། རྣམ་རྒྱས་ཁྱོད་ཞལ་རྒྱ་མཚོ་ཆེ། བདག་གི་དད་པའི་མིག་བཟང་པོས། ཀུན་ནས་ཀུན་ཏུ་མཐོང་གྱུར་ཅིག །རྣལ་འབྱོར་བ་གང་ཞིག་དཔལ་ནག་པོ་ཆེན་པོའི་
(༣)དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང་། །དམ་ཚིག་ལ་གནས་པའི་སློབ་དཔོན་རང་གི་བླ་མ་ལས་གནང་བ་ནོད་ཅིང་། །རང་དང་གཞན་ལ་ཕན་པ་ཉེ་བར་བསྒྲུབ་པ་དག་གིས་དཀྱིལ་འཁོར་ཆེན་པོའི་ཕྲིན་ལས་ཀྱི་སྦྱོར་བ་ལ་འཇུག་པའི་ཆོ་ག་རྩ་བརྒྱུད་ཀྱི་དགོངས་པ་དང་། །གྲུབ་པའི་སློབ་དཔོན་རྣམས་ཀྱིས་དེ་དག་གི་དགོངས་པ་འགྲེལ་བའི་རྒྱ་གཞུང་དང་སློབ་དཔོན་ཆེན་པོ་ཨརྞ་པ་ལ་སོགས་པ་ནས་བརྒྱུད་པའི་ཞལ་གཟིགས་ཀྱི་གདམས་པ་དང་། སློབ་དཔོན་པདྨ་འབྱུང་གནས་ཀྱི་ལྷ་སྲས་སད་ན་ལེགས་ལ་ཁྱད་པར་དུ་གདམས་པ། །བཀའ་གཏེར་སོ་སོ་ལས་བརྒྱུད་པ་དང་། ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ནས་ཆོས་ཀྱི་རྗེ་ཀརྨ་པ་ཡབ་སྲས་རིམ་པར་བྱོན་པ་རྣམས་ཀྱི་བར་དུ་ཞལ་ནས་ཞལ། །སྙན་ནས་སྙན། ཐུགས་ནས་ཐུགས་སུ་བརྒྱུད་པའི་མན་ངག་གིས་གཏན་ལ་ཕབ་པ་མཐའ་དག་གི་དགོངས་བཅུད་སྙིང་པོར་དྲིལ་བའི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པར་བཤད་པ་ལ་ལྔ། སྦྱོར་བ་སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པ། འཕྲོས་དོན་རྣམས་སོ། །དེ་ལས་དང་པོ་སྦྱོར་བའི་རིམ་པ་ལ་བཞི། གང་དུ་བྱ་བའི་
(༤)གནས་ནཾ་བརྩམ་པའི་དུས། ཇི་ལྟར་འདུ་བྱའི་ཡོ་བྱད་རྣལ་འབྱོར་པའི་ཆས་དང་བསམ་པ་བསྟན་པའོ། །དང་པོ་ནི། དཔལ་ནག་པོ་ཆེན་པོ་དྲག་པོའི་རྟགས་དུར་ཁྲོད་ཆེན་པོའི་རྒྱུད་ཀྱི་སྔགས་ཀྱི་ལེའུར། གང་ཞིག་དཔལ་ནག་པོ་ཆེན་པོ་བསྒྲུབ་པར་འདོད་པས། དུར་ཁྲོད་ཆེན་པོའི་གནས་འབྱུང་པོ་དང་། རོ་ལངས་འདུ་བའི་ས་ཕྱོགས་སུ་སོང་ལ། །ཞེས་དང་། དེ་ཡི་འགྲེལ་པར། ནག་པོ་ཆེན་པོའི་དཀྱིལ་འཁོར་དུ་དབང་བསྐུར་བའི་དཔའ་བོས། བླ་མ་ལས་གནང་བ་གནོད་ཅིང་འདོད་པ་བསྒྲུབ་བོ་ཅེས་བྱའོ། །དེ་ལ་དངོས་གྲུབ་ཀྱི་རང་བཞིན་འདོད་པས། དུར་ཁྲོད་ཆེན་པོ་ལ་སོགས་པའི་གནས་སུ་སོང་ལ། ཞེས་དང་། ལྷའི་ལེའུར། གཞན་ཡང་དུར་ཁྲོད་ལ་སོགས་པ་འབྱུང་པོ་འདུ་བའི་གནས་སུ་སོང་ལ། ཞེས་དང་། དེ་ནས་གཞན་ཡང་བྱང་ཕྱོགས་ཀྱི་ཆུ་འགྲམ་གྱི་དུར་ཁྲོད་དམ། ཤར་ཕྱོགས་ཀྱི་ཤིང་རྐང་གཅིག་པའམ། ལྷོ་ཕྱོགས་སུ་རོ་བསྲེག་པའི་དུར་ཁྲོད་དམ། ནུབ་ཕྱོགས་ཀྱི་མཁའ་འགྲོ་མའི་ཁང་སྟོང་ངམ། ནུབ་བྱང་མཚམས་ཀྱི་རྒྱ་མཚོའི་གླིང་ངམ། བྱང་ཤར་མཚམས་ཀྱི་རི་བོའི་རྩེ་མོའམ། ཤར་ལྷོ་མཚམས་མ་ཧཱ་དེ་ཝ་གནས་པའི་སའམ། ལྷོ་ནུབ་མཚམས་གསལ་ཤིང་ཡོད་པའི་ནག་ཚལ་ལམ། ཞེས་དང་། འགྲེལ་པར། དུར་ཁྲོད་ལ་སོགས་ཞེས་བྱ་བ་ནི། དུར་ཁྲོད་དང་། ཤིང་གཅིག་དང་། ཁང་སྟོང་དང་། རྒྱ་མཚོའི་གླིང་དང་། མཚན་མ་གཅིག་པ་དང་། དྲག་པོའི་ཆུ་འགྲམ་དང་། འཐབ་མོའི་གནས་དེ་དག་ཏུ་བསྒྲུབ། །ཅེས་བྱའོ། །ཞེས་གསུངས་པས། དེ་དག་དང་མཐུན་པའི་གནས་སམ། སྐྱེ་བོ་ངན་པ་དང་། དམ་ཚིག་མ་དག་ཅིང་དམན་པའི་ཁྱིམ་ལས་རིང་དུ་བརྒལ་བ། གོང་མས་བྱིན་གྱིས་བརླབས་པའི་སྒྲུབ་གནས་དང་། ཆོས་འཁོར་བཀྲ་ཤིས་ཤིང་། ཉམས་དགའ་བའི་གནས་སུའང་རུང་སྟེ། དངོས་གྲུབ་འབྱུང་བའི་རྒྱུད་ལས། ཕུན་སུམ་ཚོགས་པའི་གནས་དག་ཏུ། །ཞེས་གསུངས་པ་དང་མཐུན་པའི་གནས་སུ་འདིའི་ཆོག་བརྩམ་པར་བྱའོ། །གཉིས་པ་ནི། ནག་པོ་ཆེན་པོའི་རྒྱུད་ལེའུ་ལྔ་བཅུ་པའི་དངོས་གྲུབ་
(༥)ངེས་པའི་ལེའུ་ལས། དགུན་ཟླ་ཐ་ཆུང་གི་ནག་པོའི་བརྒྱད་དང་། དཔྱིད་ཟླ་ཐ་ཆུང་གི་ནག་པོའི་ལྔ་དང་། དབྱར་ཟླ་དང་། སྟོན་ཟླ་ཐ་ཆུང་གི་ནག་པོའི་བཅུ་བཞི་རྣམས་ལ་ཆོ་ག་བརྩམ་པར་བྱའོ། །ཞེས་གསུངས་པ་ལྟར་ངེས་པར་བྱའོ། །གསུམ་པ་ནི། གང་དུ་བྱ་བའི་གནས་དེ་གཙང་ཞིང་ཡིད་དུ་འོང་བར་བྱས་ལ། རྡུལ་མཚོན་ནམ། རས་བྲིས་ཀྱི་དཀྱིལ་འཁོར། དེ་མ་འཛོམ་ན་ཚོམ་བུའམ། རབ་གནས་དང་ལྡན་པའི་ཐང་ཀ །ཡང་ན་དུར་ཁྲོད་ཀྱི་ཤིང་སོགས་ལས་བྱས་པའི་རྟེན་བྱིན་རླབས་ཅན་བཤམས་ལ། མདུན་དུ་མན་ངག་ལས་འབྱུང་བ་བཞིན་བསྟེན་གཏོར། ལྷ་བཤོས། ཟུར་གསུམ་དམར་པོ། གྲུ་བཞི་རྩེ་རྒྱལ། གསང་ཕྱི། ལྷ་གྲངས་ཀྱི་གཏོར་མས་བསྐོར་བའམ། བཟའ་བ་སྣ་ཚོགས་དང་ལྡན་པའི་རྒྱུན་གཏོར་དབྱིབས་སྙིང་ལ་ཟུར་བཏོད་པ་ལྟ་བུ་ལ། མ་མགོན་འཁོར་བཅས་ཀྱི་སྐུ་བྲིས་ཤིང་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་བཙུག་དགོས་ཏེ། རིན་པོ་ཆེ་ཀརྨ་པས། བྲིས་ཤིང་གཏོར་མ་ལ་བཙུག་ནས་གཞུང་བཞིན་བསྟོད་བསྐུལ་ཞག་བདུན་གྱི་བར་དུ་བྱས་ན། དཔལ་མ་མགོན་གྱི་ལུས་དང་གྲིབ་མ་བཞིན་འགྲོགས་ཤིང་སྟོངས་གྲོགས་བྱེད་ཅིང་། ཕྱི་མའི་མུ་མཐར་ཐུག་གི་བར་དུ་བསྟན་པ་ཡུན་དུ་གནས་པར་འགྱུར་རོ། །ཞེས་གསུངས་པས། གཏོར་མ་མཚན་ཉིད་དང་ལྡན་པ་གལ་ཆེ་ཞིང་། གཞན་ཡང་གསོལ་ཁ་དང་། བསྐང་བའི་གཏོར་མ་སོ་སོར་ཤ་སྣ་ཚོགས་དང་། ཁྲག་སྣ་ཚོགས་དང་། སྙིང་སྣ་ཚོགས་དང་། སྤོས་སྣ་ཚོགས། འབྲུ་སྣ་ཚོགས། བཟའ་བ་སྣ་ཚོགས་དང་། བཏུང་བ་སྣ་ཚོགས། རི་དྭགས། མཁའ་ལྡིང་། གཅན་གཟན་སོགས་སྐྱེ་འགྲོ། སྣ་ཚོགས་ཀྱི་གཟུགས་བརྙན་གྱིས་བསྐོར་བ། ཐུན་གྱི་གཏོར་མ། མཆོད་ཡོན་ལ་སོགས་པ་རྣམས་ནི། ཁྲག་ལ་མི་རུས་ཀྱི་ཕྱེ་མ་བཏབ་པ་དང་། ཨུ་པཀྵ་དང་། དུག་གི་མེ་ཏོག་དྲི་ངན་པའམ། དྲི་མེད་ཅིང་རྩུབ་པ། ཁ་དོག་ནག་པོའམ། སྔོན་པོའམ། དམར་པོ། མིའི་དབང་པོ་རྣམ་པ་ལྔ་དང་
(༦)བཅས་པའི་མེ་ཏོག་དང་། དུར་ཁྲོད་ཀྱི་ཚིལ་ཆེན་དང་སྦྱར་བའི་སྤོས་དང་། མན་ངག་ལས་འབྱུང་བ་ལྟར་ཙནྡན་དང་། ད་ལི་ལ་སོགས་པའི་རྫས་བརྒྱད་དམ། དགུ་སྦྱར་བའི་སྤོས་དང་། མར་ནག་ཆེན་པོའི་མར་མེ་སྟེ། མི་ཚིལ་བཞུས་པའི་མར་མེ་དང་། ཁྲག་དང་། ཞག་དང་། ཐལ་ཆེན་དང་། བདུད་རྩི་ལྔ་སྦྱར་བའི་དྲི་ཆབ་དང་། ཤ་ཆེན་གྱི་ལྷ་བཤོས་དང་། ཐོད་པའི་ཌཱ་མ་རུ་དང་། རྐང་གླིང་ལ་སོགས་པ་རྣམས་དང་། སྨན་རཀ །བ་ལི༚། ཚོགས་ཀྱི་ཡོ་བྱད། བདུད་རྩི་ལྔ་དང་ལྡན་པའི་དྲི་བཟང་པོའི་ཆུ་དང་། སྒྲུབ་པ་དང་། མཆོད་པའི་མཎྜལ་ལ་སོགས་པ་རྣམས་གཙང་ཞིང་མཛེས་པར་བཤམས། རང་ཉིད་ཀྱི་མདུན་དུ་ཐོད་པ་ཆང་གིས་བཀང་དང་། ནག་པོ་ཆེན་པོ་ཡབ་ཡུམ་དུ་བསམ་པའི་རྡོ་རྗེ་དང་དྲིལ་བུ། ཌཱ་མ་རུ་དང་། རོལ་མོའི་བྱེ་བྲག་ལ་སོགས་པ་མ་ཚང་བ་མེད་པ་ལེགས་པར་བསག་གོ། བཞི་པ་ནི། དྲག་པོའི་རྟག་པའི་ལེའུ་ལྔ་པ་ལས་ཡན་ལག་བདུད་རྩི་ལྔས་བྱུག་ལ། སྐྲ་བརྫེས་གྲི་གུག་ཐོད་པ་འཛིན། ཁ་དོག་ནག་པོ་དུར་ཁྲོད་གོས། རྣལ་འབྱོར་པ་ཡིས་བགོ་བར་བྱ། །ལྷོའམ་ལྷོ་ནུབ་བསྒྲུབ་བྱའི་ཕྱོགས། ཁ་ལྷས་ཞིང་གི་བསྟན་ལ་འདུག། ཅེས་འབྱུང་བ་བལྟར། སྣ་ཚོགས་རྡོ་རྗེ་དང་།། །།པདྨས་མཚན་པའི་རོའམ་ཞིང་གི་བགས་པའམ། དབུགས་བྲལ་དུ་བསམ་པའི་གདན་ལ་འདུག་ཅིང་། ཅུང་ཟད་ཁྲོ་བའི་ཉམས་བཅས་སྐྲ་གྲོལ་ཞིང་། གོས་ནག་པོ་གྱོན་ལ་གདོང་ལྷོར་ཕྱོགས་པས་བསྟན་པ་རིན་པོ་ཆེ་དང་། རྡོ་རྗེ་སློབ་དཔོན་གྱི་དོན་དུའམ། བདག་ཉིད་ཀྱིས་ཡུན་དུ་བསྙེན་ཞིང་ཐུགས་དམ་བསྐང་བ་དང་ཕྲིན་ལས་གསོལ་བ་ལ་སོགས་པའི་དོན་གང་ཡིན་ཀྱང་། རང་དོན་ཉི་ཚེ་བའི་བློའི་སྐྱོན་གྱིས་མ་གོས་པར། ཐེག་པ་ཆེན་པོ་བླ་ན་མེད་པ་རྒྱལ་བའི་སྲས་ཀྱི་འཇུག་པ་དམ་པར་གྱུར་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་ཉེ་བར་བཞག་པས་འཇུག་གོ །རྩ་བའི་གཉིས་པ་སྔོན་འགྲོའི་རིམ་པ་ལའང་
(༧)བཅུ་གསུམ་སྟེ། ང་རྒྱལ་བཟུང་བ། བདུད་རྩི་བརླབ་པ། གཏོར་མ་བཏང་བ། མཚམས་བཅད་པ། ཏིང་འཛིན་བསྐུལ་བ། བསྲུང་བ། མཆོད་རྫས་བྱིན་བརླབ། སྐྱབས་སེམས། སྡིག་སྒྲིབ་སྦྱོང་བ། སྒོ་གསུམ་དག་པ། ཚོགས་བསགས་པ། བླ་མའི་རྣལ་འབྱོར། ཚངས་གནས་བཞི་བསྒོམ་པ་རྣམས་སོ། །དེ་ལས་དང་པོ་ནི། ཚིག་བདུན་དང་། བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས། བདག་ཉིད་སྐད་གཅིག་བཅོམ་ལྡན་འདས། །ནག་པོ་ཆེན་པོ་འཇིགས་པའི་སྐུ། །མི་བཟད་གྲི་གུག་ཐོད་པ་འཛིན། །ཡུམ་དང་བཅས་པའི་སྐུ་རུ་གྱུར། །ཅེས་པས་སྐད་ཅིག་གིས་ཆུ་ལས་ཆུ་བུར་ཤར་བ་ལྟར། རྩ་བ་ཡེ་ཤེས་ཀྱི་མགོན་པོ་གཅེར་བུ་ཡུམ་ཅན་གྱི་སྐུར་གསལ་བའི་ང་རྒྱལ་བརྟན་པོ་བཟུང་ངོ་། །གཉིས་པ་ནི། དམ་ཚིག་གི་རྫས་ལྔ་ཕྲག་ཟུང་དག་མྱོས་ཀྱེད་ཀྱི་ཉིང་ཁུ་སྦྱར་བ་ཐོད་པའི་སྣོད་དུ་བལྟམས་པ་ལ། ཨོཾ་དཾཥྚོ་ཏྐ་ཊ་བྷཻ་ར་ཝཱ་ཡ་སཾ་སཾ་སཾ་རུ་རུ་རུ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པའི་སྔགས་འདི་ནི་ལྔ་བཅུ་པའི་སྔགས་ཀྱི་ལེའུ་ལས་གསུངས་པ་ཕྱག་བཅུ་གཉིས་པའི་སྔགས་ཏེ། ལས་ཐམས་ཅད་བྱེད་པ་དང་། སངས་རྒྱས་ཐམས་ཅད་ཀྱིས་ཕྱག་བྱེད་པ་དང་འཇིག་རྟེན་གསུམ་འགྲུབ་པ་དང་། གང་འདོད་པ་བྱེད་པར་འགྱུར་རོ། །ཞེས་སོ། །ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་ཡ་སརྦ་བྷཱུ་ཏ་བི་ཥ་མ་པྲེ་ཏ་ཏ་མ་ཏི་གན་སྟམྦྷ་ཡ་སྟམྦྷ་ཡ། གྲ་ས་གྲ་ས། མཱ་ར་ཡ་མཱ་ར་ཡ། བིདྷྭ་ན་ས་ཡ་བྷི་དྷྭ་ན་ས་ཡ། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་པའི་སྔགས་འདི་ནི་དྲག་པོའི་རྟག་པའི་སྔགས་ཀྱི་ལེའུ་ལས་གསུངས་པ་བགེགས་ཀྱི་ཚོགས་འཇིགས་པར་བྱེད་པ་སྟེ། ལས་སྔགས་དེ་དག་གིས་བསངས་ཤིང་། ཨོཾ་སྭཱ་བྷཱ་ཝ་ཤུདྡྷསརྦ་དྷརྨཱསྭཱ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་རྒྱུད་དུ་མ་ལས་གསུངས་པའི་ཆོས་ཉིད་རྣམ་དག་གི་སྔགས་ཀྱིས་སྦྱངས་ལ། སྟོང་
(༨)པར་གྱུར་པའི་ངང་ཉིད་ལས། ཡྃ་ལས་རླུང་དང་དེ་ཡི་སྟེང་། རྃ་ལས་མེ་འབར་ཕྱོགས་གསུམ་དུ། ཀཾ་ལས་ཐོད་སྒྱེད་དེ་ཡི་སྟེང་། ཨ་ལས་ཐོད་པའི་ནང་དུ་ནི། ཟླ་བའི་དཀྱིལ་འཁོར་དབུས་སུ་མུ། ཤར་དུ་བི་དང་བྱང་དུ་མ། ནུབ་ཏུ་ཤུ་དང་ལྷོ་རུ་ར། དེ་རྣམས་ལས་སྐྱེས་བདུད་རྩི་ལྔ། སླར་ཡང་དབུས་སུ་ན་ཡིག་དང་། ཤར་ལྷོར་གོ་དང་ལྷོ་ནུབ་ཏུ། ཀུ་དང་རླུང་དུ་ད་ཡིག་དང་། བྱང་ཤར་ཧ་ལས་ཤ་ལྔ་སྟེ། མིང་གི་ཡི་གེས་རྒྱས་བཏབ་པའོ། །སྟེང་དུ་ཉི་མའི་དཀྱིལ་འཁོར་ལ། རྡོ་རྗེ་གྲི་གུག་འབར་བ་ནི། ལྟེ་བར་ཧཱུྃ་གིས་མཚན་པ་ལས། འོད་འཕྲོས་འོག་གི་ཕྱོགས་སོང་བས། རླུང་གིས་མེ་སྦར་ཐོད་པ་དྲོས། རྫས་རྣམས་དམ་ཚིག་བདུད་རྩི་སྟེ། །བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །སླར་ཡང་སྟེང་དུ་འོད་འཕྲོས་པས། །ཡེ་ཤེས་བདུད་རྩི་སྤྱན་དྲངས་ནས། །ཐོད་པའི་ནང་དུ་ཞུགས་གྱུར་པ། །གྲི་གུག་གིས་དཀྲུགས་གཉིས་མེད་གྱུར། །ཅེས་དང་། དུར་ཁྲོད་ཆེན་པོའི་རྒྱུད་ལས་གསུངས་པའི་བདུད་རྩི་བྱིན་བརླབ་ཀྱི་སྔགས་ནི། ཨོཾ་མ་ཧཱ་ཀཱ་ལ་ཡ་ཛྷཱ་ན་ཨ་མྲྀ་ཏ་ཨོཾ་ཨཱཧཱུྃ། ཞེས་ལན་གསུམ་བརྗོད་པས་བདུད་རྩི་བྱིན་གྱིས་བརླབ་བོ། །སྐབས་འདིར་ལས་ཀྱི་རྡོ་རྗེ་བྱིན་གྱིས་བརླབ་པར་འདོད་ན། ཆོས་ཀྱི་རྗེ་དྲུག་པ་མཐོང་བ་དོན་ལྡན་གྱིས་མཛད་པའི་ཆོ་ག་སྡང་བ་རྣམ་སྲེག་ལས་རྟོགས་པར་བྱོས་ཤིག། གསུམ་པ་ནི། བར་ཆད་བསལ་བའི་དོན་དུ་མཁའ་འགྲོ་དང་། འབྱུང་པོ་ཐམས་ཅད་པའི་གཏོར་མ་བཟའ་བ་སྣ་ཚོགས་པས་བརྒྱན་པ་བཤམས་ལ། བདུད་རྩི་ལྟར་ལ་བདུད་རྩིའི་སྔགས་དོར་ཞིང་འབྲུ་གསུམ་རྐྱང་པས་བྱིན་གྱིས་བརླབས་
(༩)ནས། སྲིད་པ་གསུམ་གྱི་མཁའ་འགྲོ་དང་། འབྱུང་པོ་ཐམས་ཅད་རིགས་དྲུག་གི་དཔའ་བོ་དང་། དཔའ་མོའི་རང་བཞིན་དུ་བྱས་ཏེ། བདག་གི་ཐུགས་ཀའི་འོད་ཀྱིས་མདུན་དུ་བཀུག་པར་བསམས་ལ། ཧྲི༚་ཕཻ༚། མཁའ་འགྲོ་རྣམས་དང་ཕྱོགས་སྐྱོང་རྣམས། །ཞིང་སྐྱོང་རྣམས་དང་འབྱུང་པོ་རྣམས། །གནས་བདག་ཡུལ་བདག་འཁོར་དང་བཅས། །ཐམས་ཅད་ཀུན་ནས་འདིར་བྱོན་ཅིག། འབར་བའི་རྒྱ་སྨིན་མཚམས་སུ་བསྐོར་ཞིང་། ཨོཾ་བཛྲ་ཌཱ་ཀི་ནཱི། བུདྡྷ་ཌཱ་ཀི་ནཱི། རཏྣ་ཌཱ་ཀི་ནཱི། པདྨ་ཌཱ་ཀི་ནི། ཀརྨ་ཌཱ། བི་ཤྭ་ཌཱ། ལོ་ཀ་ཌཱ་ཀི་ནཱི། ས་མ་ཡ་སྟཾ་དྲྀ་ཤྱ་ཧོཞེས་བརྗོད་པས་དཔའ་བོ་མཁའ་འགྲོ་རྣམས་དང་། ལྕགས་ཀྱུའི་ཕྱག་རྒྱས། སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛས་འབྱུང་པོ་ཐམས་ཅད་བཀུག་ལ། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་ཐོག་མཐའ་སྦྱར་བའི། པུཥྤེ། ནས། ཤབྡའི་བར་སོ་སོའི་ཕྱག་རྒྱ་དང་བཅས་པས་ཉེར་སྤྱོད་དབུལ། སླར་ཡང་པད་བསྐོར་སྔོན་དུ་འགྲོ་བས་རྡོ་རྗེའི་ཐལ་མོ་ཁ་ཕྱེ་བས། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཀྵ་ས་བྷཱུ་ཏ་པྲེ་ཏ་པི་ཤཙོནྨ་དཱ་པ་སྨ་ར་ཌཱ་ཀ་དཱ་ཀི་ནྱ་ད་ཡ། ཨི་དམྦ་ལི༚་གྲྀཧྣནྟུ། ས་མ་ཡ་རཀྵན་ཏུ། མ་མ་སརྦ་སིདྡྷིམྨེ་པྲ་ཡཙྪནྟུ། ཡ་ཐཻ་བཾ། ཡ་ཐཻཥྚཾ། བྷུནྡ་ཐ་བི་བ་ཐ། ཛིགྷྲ་ཐ། མཱ་ཏི་པྲ་མ་ཐ། མ་མ་སརྦཱ་ཀ་ར་ཏ་ཡཱ་སཏྶུ་ཁཾ་བི་ཤུདྡྷ་ཡ། སཱ་ཧཱ་ཡི་ཀ་བྷ་ཝནྟུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་སྲིད་པ་གསུམ་གྱི་མཁའ་འགྲོ་དཔའ་བོ་རྣམས་དང་། སླར་སྔགས་དེ་ཉིད་ལན་གཅིག་གིས་འབྱུང་པོ་ཐམས་ཅད་ལ་གཏོར་མ་ཚིམ་པར་བྱིན་ནས། དཔའ་བོ་མཁའ་འགྲོ་རྣམས་ལ་ཕྲིན་ལས་གསོལ་བ་ནི། ཨོཾ། གང་ཞིག་གནས་འདིར་ལྷག་པ་ཡི། །རྡོ་རྗེའི་རིགས་དང་
(༡༠)སངས་རྒྱས་རིགས། རིན་ཆེན་རིགས་དང་པདྨའི་རིགས། ལས་ཀྱི་རིགས་སོགས་མཁའ་འགྲོའི་ཚོགས། ཕྱོགས་སྐྱོང་ཞིང་སྐྱོང་འཁོར་དང་བཅས། འབྱུང་པོ་མཐུ་པོ་ཆེ་རྣམས་དང་། གནས་བདག་ཡུལ་བདག་གྲོང་བདག་སོགས། འཁོར་དང་བཅས། འཁོར་དང་བཅས་རྣམས་བདག་ལ་གསོན། བདག་གིས་ལེགས་པར་བཤམས་པ་ཡི། མེ་ཏོག་དྲི་དང་བདུག་པ་དང་། སྣང་གསལ་གཏོར་མ་བཟང་པོ་རྣམས། མཆོད་ཡུལ་འདི་དག་བཞེས་པར་མཛོད། བཟུང་བར་མཛོད་ཅིག་བཏུང་བར་མཛོད། གསོལ་བར་མཛོད་ཅིག་གཏོར་མ་སྣོམས། རྣལ་འབྱོར་བདག་ཅག་འཁོར་བཅས་ལ། ནད་མེད་ཚེ་དང་དབང་ཕྱུག་དང་། དཔལ་དང་གྲགས་དང་སྐལ་པ་བཟང་། ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། ཞི་དང་རྒྱས་ལ་སོགས་པ་ཡི། ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། དམ་ཚིག་ཅན་གྱིས་བདག་ལ་སྲུངས། དངོས་གྲུབ་ཀུན་གྱི་སྟོད་གྲོགས་མཛོད། དུས་མིན་འཆི་དང་ནད་རྣམས་དང་། གདོན་དང་བགེགས་རྣམས་མེད་པར་མཛོད། རྨི་ལམ་ངན་དང་མཚན་མ་ངན། བྱ་བྱེད་ངན་པ་མེད་པར་མཛོད། འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། བདེ་ལེགས་ཕུན་སུམ་ཚོགས་པ་དང་། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་བརྗོད། སླར་ཡང་འབྱུང་པོ་རྣམས་ལ་གཏོར་མ་སྦྱིན་ཞིང་བཀའ་བསྒོ་བ་ནི། ཧཱུྃ། ཉོན་ཅིག་མ་ལུས་བགེགས་ཀྱི་ཚོགས། །དེ་རིང་བདག་གིས་ཁྱོད་མཆོད་ཀྱིས། །སོང་
(༡༡)ཞིག་བགེགས་ཆེན་འགྲོ་བར་གྱིས། །ཕྱིན་ཆད་དེ་ལྟར་མ་བྱེད་ཅིག། ཁྱོད་ཀྱི་སྟོབས་དང་རྩལ་མཐོང་ན། ཁྱོད་ཀྱིས་བགེགས་ཀྱང་བྱེད་པར་ནུས། ཁྱོད་ནི་ལྷ་ཡི་སྤྲུལ་པ་སྟེ། ཁྱོད་ཀྱིས་བགེགས་ཀྱང་བྱེད་ནུས་སོ། །སྔོན་ཆད་མཆོད་སྦྱིན་མ་ཐོབ་པས། དེ་རིང་བདག་གིས་ཁྱོད་མཆོད་ཀྱི། མེ་ཏོག་ཕྲེང་བ་སྤོས་དང་དྲི། མར་མེ་ཞལ་ཟས་འདི་སྣོམས་ལ། བགེགས་ཀྱི་རྒྱལ་པོ་འགྲོ་བར་གྱིས། སྔོན་གྱི་ལན་ཆགས་ཡོད་ན་ཡང་། མཆོད་སྦྱིན་འདི་ཡིས་འབྲལ་བར་གྱིས། དཀོན་མཆོག་གསུམ་གྱི་བཀའ་ཆད་དང་། དམ་ཚིག་ཉམས་པའི་ཉེས་པ་ཡིས། གནོད་པར་གྱུར་ན་མ་ལེགས་ཀྱི། བགེགས་ཆེན་ཁྱོད་ནི་ད་སོང་ཞིག། ལེགས་པར་གསུངས་པ་འདི་ཐོས་ནས། གལ་ཏེ་འགྲོ་བར་མི་བྱེད་ན། ཐམས་ཅད་འབར་བར་འགྲོ་བ་ནི། མར་དང་ཡུངས་ཀར་མེར་བླུགས་བཞིན། གནོད་སྦྱིན་ཆད་པས་བསྡིག་ནས་སུ། དེ་དག་བདེ་བ་མི་རྙེད་དོ། དེ་ཡི་རྩིབ་ལོག་གཡས་པ་རུ། འབྲས་ཆེན་དག་ཀྱང་འབྱུང་བར་འགྱུར། གནོད་སྦྱིན་ཆད་པས་བཏབ་པ་ན། ཤ་བཀྲའི་ནད་ཀྱིས་བཏབ་པར་འགྱུར། ལྕང་ལོ་ཅན་གྱི་ཕོ་བྲང་དུ། ནམ་ཡང་འགྲོ་བར་མི་འགྱུར་རོ། །ལུས་ངན་གྲོགས་དང་ལྡན་པ་ཡི། ཁྱིམ་ཡང་མཐོང་བར་མི་འགྱུར་རོ། །འབྱུང་པོ་མང་པོ་འཚོགས་པ་ན། །སྟན་ཡང་ཐོབ་པར་མི་འགྱུར་རོ། །གནོད་སྦྱིན་དག་གི་དཀྱིལ་འཁོར་དུ། །ཟས་དང་སྐོམ་ཡང་བྲལ་བར་འགྱུར། །བདེན་པའི་སྟོབས་ནི་འདི་ཐོས་ནས། །འབྱུང་པོ་གང་དག་མི་འགྲོ་བ། །དེ་ལ་
(༡༢)རྡོ་རྗེ་འཆང་ཁྲོས་ནས། སྤྱི་བོ་དག་ནི་འགེམས་པར་འགྱུར། སྤུ་གྲིའི་སོ་ནི་རྣོན་པོ་ཡིས། དེ་ཡི་ལྕེ་ནི་གཅོད་པར་བྱེད། མཚོན་ཆ་ཤིན་ཏུ་རྣོན་པོ་ཡིས། དེ་ཡི་སྣ་དང་རྣ་བ་གཅོད། འཁོར་ལོ་སྤུ་གྲིའི་སོ་འདྲ་བས། ཀླད་པ་རབ་ཏུ་གཤེགས་པར་འགྱུར། ལྕགས་ཀྱི་ཐོ་བ་འབར་བ་ཡིས། དེ་ཡི་སྙིང་ནི་རབ་ཏུ་འཇོམས། རྣག་དང་ཁྲག་ནི་དྲོན་མོ་དག ཁ་ནས་རབ་ཏུ་སྐྱུག་པར་འགྱུར། དེ་ཕྱིར་འདི་ནས་གཞན་དུ་སོང་། །ཞེས་བརྗོད། གཏོར་མ་ཕྱི་རོལ་དུ་དོར། དྲག་པོའི་ཐུན་དང་། རོལ་མོའི་སྒྲ། འདྲེ་འཇིགས་ཀྱི་དུད་པ་ལ་སོགས་པས་ཕྱོགས་ཐམས་ཅད་བསྐོར་ཞིང་། གོང་དུ་བཤད་པ་ཕྱག་བཅུ་གཉིས་པའི་སྔགས་དང་། བགེགས་ཀྱི་ཚོགས་འཇིགས་པར་བྱེད་པའི་སྔགས་གཉིས་པོ་དང་། རྒྱུད་ལེའུ་ལྔ་བཅུ་པ་ལས་འབྱུང་བའི་བགེགས་བསྐྲད་པའི་སྔགས་ནི། ཨོཾ་ཀྵི་ཧཾ་ཧྃ། སརྦ་བིགྷྣཱནཨུ་ཙ་ཏ་ཡ་ཕཊ། ཅེས་པ་རྣམས་དང་། སུམྦྷ་ནི་བཅས་དྲག་ཏུ་བཟླས་པས་བགེགས་རྣམས་བསྐྲད་དོ། བཞི་པ་ནི། འགྲེལ་བར། མཚམས་བཅད་བྱ་བ་ནི། སྲུང་བའི་འཁོར་ལོ་བྱ་བའི་ཕྱིར། །ཞེས་གསུངས་པས། འོག་ཐམས་ཅད་རྡོ་རྗེའི་ས་གཞི། ལོགས་ཐམས་ཅད་རྡོ་རྗེའི་རྭ་བ། སྟེང་ཐམས་ཅད་རྡོ་རྗེའི་གུར་དུ་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ། ཞེས་ལན་གསུམ་བརྗོད། ལྔ་པ་ནི། ལས་ཀྱི་རྡོ་རྗེས་ཕྱག་འཚལ་ནས། ཐལ་མོ་སྦྱར་ནས་གུས་པ་དང་བཅས་པས། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །སངས་རྒྱས་བསྟན་པ་བསྲུང་ཕྱིར་དང་། །ལྷ་རྣམས་མཉེས་དང་བསོད་ནམས་ཕྱིར། །ཟུང་འཇུག་ཏིང་འཛིན་གསལ་གདབ་འཚལ། །ཞེས་ཕྱག་འཚལ་ནས་གྲལ་དུ་འཁོད། །
(༡༣)དྲུག་པ་ནི། དྲག་པོའི་བརྟག་པར། དང་པོས་གཞི་བསྲུང་བ་དང་། བདག་དང་རྣལ་འབྱོར་བསྲུང་བར་བྱ། །ཞེས་དང་། ལན་གསུམ་དུ་ནི་བསྲུང་བར་བྱ། །ཞེས་པ་ལ། འགྲེལ་པར། བདག་དང་ཞེས་བྱ་བ་ལ་སོགས་པའི་དོན་ཏོ། །ཅེས་འབྱུང་བས། ས་གཞི་དང་གནས་ཁང་ལ་བདུད་རྩི་གཏོར་ཞིང་། རྒྱུད་དུར་ཁྲོད་ཆེན་པོ་ལས་གསུངས་པའི་སྔགས་ནི། ཨོཾ་མ་ཧཱ་ཀཱ་ལ་ཡ། བཛྲ་ཀ་པ་ཙ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ལྔ་བཅུ་པ་ལས་གཞན་བསྲུང་བའི་སྔགས་ནི། ཨོཾ་དྷ་ར་ནི་དྷ་ར་དྷ་ར་ཧཱུྃ་ཧཱུྃ། བྷཱུ་མི་རཀྵཾ་ཀུ་རུ་སྭཱ་ཧཱ། །ཞེས་བརྗོད་པས་གནས་བསྲུང་། རང་ཉིད་ལ་བདུད་རྩི་གཏོང་ཞིང་། བཛྲ་ཀ་པ་ཙ་སོགས་དང་། ལྔ་བཅུ་པ་ལས་གསུངས་པའི་བདག་བསྲུང་བའི་སྔགས་ནི། ཨོཾ་མཾ་ཡཾ་རཾ་ཧཱུྃ་ཧཱུྃ་མཾ་རཀྵ་པཱ་ལཱ་ཡ་ཧཱུྃ་བཛྲ་ཕཊ། ཅེས་པས་སྒྲུབ་པ་པོ་རྣམས་བསྲུང་། སླར་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་ཏེ། དཔའ་བོའི་དབང་ཕྱུག་ནག་པོ་ཆེན་པོའི་ང་རྒྱལ་ལ་གནས་པས། གནས་ལྔར་སྣ་ཚོགས་རྡོ་རྗེ་ལ་འཁོད་པའི་ཧཱུྃ་ཡིག་རིགས་ཀྱི་ཁ་དོག་འབར་བ་ལས་བྱུང་བའི་འོད་ཟེར་གྱི་དྲྭ་བ་རྡོ་རྗེའི་གོ་ཆར་གྱུར་པས་སྒོ་གསུམ་བསྲུང་བར་བསམས་ལ། བཛྲ་ཀ་པ་ཙ་སོགས་དང་། ཨོཾ་དྷ་ར་ཎི་དྷ་ར་དྷ་ར་ཧཱུྃ་ཧཱུྃ་ཡོ་ག་རཀྵཾ་ཀུ་རུ་སྭཱ་ཧཱ། ཞེས་པས་རྣལ་འབྱོར་བསྲུང་བ་རྣམས་བྱའོ། །བདུན་པ་ནི། མཆོད་རྫས་རྣམས་ལ་བདུད་རྩི་འཐོར་ཞིང་། ཨོཾ་དཾ་ཥྚོཏྐ་ཊ་སོགས། ཨོཾ་མ་ཧཱ་ཀཱ་ལ་སོགས་ཀྱིས་བསང་། ཨོཾ་སྭ་བྷཱ་ཝ་སོགས་ཀྱིས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། ཨ་ལས་ཐོད་པར་ཧཱུྃ་ཡིག་ནག་པོ་ལས། མཆོད་ཡོན་མེ་ཏོག་བདུག་སྤོས་མར་མེ་དྲི། ཞལ་ཟས་རོལ་མོ་ལ་སོགས་མཆོད་པའི་སྤྲིན། །རབ་འབྱམས་སྣང་སྟོང་ལྷ་རྣམས་མཉེས་བྱེད་གྱུར། །ཨོཾ་བཛྲ་ཨརྒྷཾ་ཨཱཧཱུྃ།
(༡༤)དེ་བཞིན་དུ། པུཥྤེ། དྷཱུ་པཾ། དཱི་པཻ། ནས། ཤཔྡའི་བར་དང་། མཆོད་པ་བྱིན་གྱིས་བརླབས་པའི་གཟུངས་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་མེ་གྷ་པྲས་རས་མུ་དྲ་སྥ་ར་ཎ་ཧི་མཾ་ག་ག་ན་ཁྃ་ཧཱུྃ། མཆོད་པའི་སྤྲིན་འབྱུང་བའི་གཟུངས་ནི། ན་མསརྦ་བུདྡྷ་བྷོ་དྷི་ས་ཏྭ་ནཾ། སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་ས་མནྟ་སྭཱ་ཧཱ། ན་མསརྦ་བུདྡྷ་བོ་དྷི་སྭ་ཏྭ་བྷྱསརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨ་ཝ་རྟ་ཡ། ཨ་ཝ་རྟ་ཡེ་སྭཱ་ཧཱ། ཞེས་རོལ་མོ་དང་བཅས་པས་བྱིན་གྱིས་བརླབ་བོ། །བརྒྱད་པ་ནི། མདུན་གྱི་ནམ་མཁར་སྐྱབས་སུ་འགྲོ་བའི་ཡུལ་ནམ་མཁའི་མཐའ་དང་མཉམ་པ་དམིགས་ལ། ཐལ་མོ་སྦྱར་ཏེ། དཀོན་མཆོག་གསུམ་གྱི་ཡོན་ཏན་རྗེས་སུ་དྲན་པས་གུས་པའི་ཡིད་ཀྱིས། བདག་གཞན་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ། རབ་འབྱམས་བསམ་གྱིས་མི་ཁྱབ་པ་ཇི་སྙེད་མཆིས་པ། དེ་དག་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་སྟོབས་ཡོན་ཏན་ཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་བདག་ཉིད། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག། རྗེ་བཙུན་དཔལ་ལྡན་བླ་མ་རྡོ་རྗེ་ནག་པོ་ཆེན་པོའི་སྐུ་གསུང་ཐུགས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །
(༡༥)རྒྱལ་བའི་བསྟན་པ་བསྲུང་བར་བརྩོན་པ་ཆོས་སྐྱོང་སྲུང་མའི་ཚོགས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་སྐྱབས་སུ་འགྲོ་བ་ལན་ཉི་ཤུ་རྩ་གཅིག་གམ། བདུན་ལ་སོགས་སྐབས་དང་སྦྱར། སེམས་བསྐྱེད་པ་ནི། ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། བཅོམ་ལྡན་རྡོ་རྗེ་འཛིན་དབང་པོ། སློབ་དཔོན་བདག་ལ་དགོངས་སུ་གསོལ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། སེམས་ཅན་རྣམས་ཀྱི་དོན་སླད་དུ། བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ལྟར། དེ་བཞིན་བདག་གིས་སེམས་བསྐྱེད་དོ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། བསོད་ནམས་ཡེ་ཤེས་བྱང་ཆུབ་ལམ། ཐབས་དང་ཤེས་རབ་གོམས་པས་བགྲོད། དེ་བཞིན་བདག་གིས་ལམ་བགྲོད་དོ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། ཐམས་ཅད་མཁྱེན་པར་སངས་རྒྱས་ནས། མཁའ་མཉམ་སེམས་ཅན་དོན་མཛད་ལྟར། དེ་བཞིན་བདག་གིས་དོན་བགྱིའོ། མ་བརྒལ་བ་རྣམས་བསྒྲལ་བ་དང་། མ་གྲོལ་བ་རྣམས་དགྲོལ་བ་དང་།དབུགས་མ་ཕྱུངས་རྣམས་དབུགས་དབྱུང་ཞིང་། འགྲོ་ཀུན་སངས་རྒྱས་ས་ལ་འགོད། །ནམ་མཁའ་དང་མཉམ་སྐྱེ་འགྲོ་མ་ལུས་རྣམས། སྡུག་བསྔལ་འཆིང་བ་དག་ལས་རབ་བཀྲོལ་ཏེ། ཞི་བའི་གོ་འཕང་བླ་ན་མེད་པར་ནི། བདག་སངས་རྒྱས་ནས་མྱུར་དུ་འགོང་པར་བྱ། །བདག་ནི་བསྐལ་བརྒྱར་སྡུག་བསྔལ་གྱུར་ཀྱང་རུང་། །གང་ཡང་ཉམ་ཐག་འགྲོ་བ་ཐམས་ཅད་ལ། །
(༡༦)བརྩེ་བས་ལེགས་བརྗོད་ཏིང་འཛིན་བྱང་ཆུབ་སེམས། རྣམ་པ་ཀུན་ཏུ་བདག་གིས་སྤང་མི་བྱ། གང་དག་བླ་མ་ལ་སྡང་བསྟན་པ་འཇོམས། དཀོན་མཆོག་དབུ་སྨད་མཚམས་མེད་ལྔ་སྤྱོད་རྣམས། བདག་གི་རྡོ་རྗེ་ཁྲོ་བོའི་ཏིང་འཛིན་གྱིས། བསྒྲལ་ནས་བདེ་བ་མཆོག་ལ་འགོད་པར་བྱ། མི་དགེ་བཅུ་སྤྱོད་ལོག་པར་ཞུགས་པ་འདི། ཡུན་རིང་སྡུག་བསྔལ་གྱུར་ན་མི་རུང་གིས། བདག་གི་སྙིང་རྗེ་ཆེན་པོས་ཡོངས་བསྒྲལ་ནས། བླ་མེད་བྱང་ཆུབ་མཆོག་ལ་རེག་པར་བྱའོ། །ཞེས་རྒྱུད་ལ་འདྲེས་པར་བསྒོམ་མོ། །དགུ་པ་ནི། དཔལ་ཡེ་ཤེས་མགོན་པོ་ཡི་དམ་དུ་བསྒྲུབ་པའི་མན་ངག་ལས། བླ་མ་ཡི་དམ་ཆོས་སྐྱོང་ཞེས་སོ་སོར་མོས་པ་ལ་སོ་སོར་བཏགས་ཤིང་། དེ་ལྟར་སྣང་བ་ལས་སོ་སོར་གྲུབ་པ་ནི་མེད་དེ། བླ་མ་ནི་ཡི་དམ་དང་ཆོས་སྐྱོང་ངོ། །ཡི་དམ་ཡང་བླ་མ་དང་ཆོས་སྐྱོང་ངོ། །ཆོས་སྐྱོང་ཡང་བླ་མ་དང་ཡི་དམ་སྟེ། དེ་ལྟར་ངེས་པའི་གསང་བ་མ་མཐོང་བར། དེ་ལྟར་ཡིན་གྱི། དེ་ལྟར་མིན་ནོ། །ཞེས་འཛིན་པ་དང་པོའི་བློ་ཅན་གྱི་བློར་འགྱུར་རོ། །ཞེས་སོགས་དང་། རྡོར་སེམས་ཀྱི་ངོ་བོ་ཉིད་དུ་བལྟས་ནས་སྡིག་སྒྲིབ་སྦྱོང་བའི་ཨུ་པ་དེ་ཤ། མཆོག་གི་བློ་ཅན་རྣམས་ཀྱིས་ཉམས་སུ་བླངས་པའི་དོན་དུ་གསུངས་པ་ནི། བདག་ཉིད་ཐ་མལ་དུ་གནས་པའི་སྤྱི་བོར་པདྨ་དང་ཉི་ཟླ་ལ་གནས་པའི་ཧཱུྃ་དཀར་པོ་ལས། རྗེ་བཙུན་ནག་པོ་ཆེན་པོ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ། སྐུ་མདོག་དཀར་པོ། ཞལ་གཅིག་ཁྲོ་འཛུམ་གྱི་ཉམས་ཅན། ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། གཡོན་པས་དྲིལ་བུ་དཀུར་བསྟེན་པ། དར་དང་། རུས་པ་དང་། རིན་པོ་ཆེས་བརྒྱན་ཅིང་། ཞབས་
(༡༧)གཉིས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ལ། ཡུམ་རྡོ་རྗེ་བདེ་མ་གྲི་ཐོད་འཛིན་མ་ཁ་དོག་དང་ཆ་ལུགས་ཡབ་དང་མཚུངས་མས་འཁྱུད་པ། གཉིས་ཀའི་གནས་གསུམ་ཡིག་འབྲུ་གསུམ་དང་། ཁྱད་པར་ཡབ་ཀྱི་ཐུགས་ཀར་ཟླ་བ་ལ་གནས་པའི་ཧཱུྃ་གི་མཐར་ཡིག་བརྒྱ་དཀར་པོས་བསྐོར་བ། དེ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་ཡེ་ཤེས་སེམས་དཔའི་ཚོགས་སྤྱན་དྲངས། བཛྲ་ས་མཱ་ཛཛཧཱུྃ་བྃ་ཧོགཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་དབང་ལྷ་སྤྱན་དྲངས་པ་རྣམས་ཀྱིས་བདུད་རྩིའི་ཆུས་དབང་བསྐུར། སྐུ་གང་། བག་ཆགས་ཀྱི་དྲི་མ་དག་ནས། ཆུའི་ལྷག་མ་སྤྱི་བོར་བརྟེན་པ་ལས་རིགས་ཀྱི་བདག་པོ་མི་བསྐྱོད་པས་དབུ་བརྒྱན། དབང་ལྷ་རྣམས་ཀྱང་རྡོ་རྗེ་སེམས་དཔའ་དང་གཉིས་སུ་མེད་པར་གྱུར་པ་ལ། བཅོམ་ལྡན་འདས་བདག་གི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། ཐུགས་རྒྱུད་བསྐུལ། ཐུགས་ཀའི་ས་བོན་དང་སྔགས་འཁོར་ལས་བདུད་རྩི་བབ། ཧེ་རུ་ཀ་ཡབ་ཡུམ་གྱི་སྐུ་གང་། སྦྱོར་མཚམས་ནས་ལུད་དེ་རང་གི་ཚངས་བུག་ནས་ཞུགས། ལུས་ཀྱི་ནང་གང་། སྡིག་སྒྲིབ་ཉེས་ལྟུང་རྣམ་སྨིན་གྱི་ཕུང་པོ་དང་བཅས་པ་དག་ནས། རང་ལུས་འོད་གསལ་བར་བསམས་ལ། ཨོཾ་ཤྲཱི་བཛྲ་ནཱ་ཐ་ཧེ་རུ་ཀ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། ཤྲཱི་བཛྲ་ནཱ་ཐ་ཧེ་རུ་ཀ་ས་ཏྭ་ཏེྭ་ནོ་པ། ཏིཥྛ་དྲྀཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་
(༡༨)མེ་དྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡ་ཙྪ། སརྦ་ཀརྨ་སུཙྪ་མེ། ཙིཏྟཾ་ཤྲི་ཡ་ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོབྷ་ག་ཝན། སརྦ་ཏ་ཐཱ་ག་ཏ། ཤྲཱི་བཛྲ་ནཱ་ཐ་ཧེ་རུ་ཀ་མ་མེ་མུཉྩ། ཤྲཱི་བཛྲ་ནཱ་ཐ་ཧེ་རུ་ཀོ་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཞེས་པའི་ཡི་གེ་བརྒྱ་པ་དང་། ཨོཾ་བཛྲས་ཏྭ་ཧཱུྃ། ཞེས་ཡང་།།།ཅི་ནུས་བཟླ་མཐར། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། དམ་ཚིག་ལས་ནི་འགལ་ཞིང་ཉམས། བླ་མ་མགོན་པོས་སྐྱབས་མཛོད་ཅིག། གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆགས་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། རྡོ་རྗེ་སེམས་དཔའི་ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཐམས་ཅད་དག་པ་ཡིན་ནོ། །ཞེས་པའི་དབུགས་དབྱུང་བསྩལ་ཏེ། བདེ་བ་ཆེན་པོའི་ངོ་བོར་ཞུ་བ་རང་ཉིད་ལ་ཐིམ་པར་མོས་ལ། གནས་ལུགས་ཀྱི་ཉམས་ཅི་གནས་སུ་བསྐྱང་ངོ། །བཅུ་པ་ནི། སྒོ་གསུམ་དང་སྐྱེ་མཆེད་དག་པར་བྱ་བ་ལ། དྲག་པོའི་རྟག་པར། བདུད་རྩི་རྣམ་པ་ལྔ་ལུས་ལ་བྱུག་སྟེ། ཞེས་དང་། འགྲེལ་པར། སྤྱི་གཙུག་དང་། མགྲིན་པ་དང་། སྙིང་ག་དང་། ལྟེ་བ་དང་། གསང་བའི་གནས་སུ་བདུད་རྩིའི་ཐིག་ལེ་བྱས་ཏེ། ཐིག་ལེའི་གནས་སུ་ཉི་མ་ལ། མ་དང་། ཧཱ་དང་། ཀཱ་དང་། ལ་དང་། ཡ་གནས་པར་བསམ་སྟེ། ཨོཾ་གྱི་ཐོག་མ་དང་། ཀོ་྅་ཧཾ་གི་མཐའ་ཅན་གྱི་
(༡༩)བདག་ཉིད་སྐད་ཅིག་གིས་ལྷའི་ང་རྒྱལ་དུ་བྱས་ཏེ། ཞེས་པས། བདུད་རྩི་རིལ་བུ་སྦྱངས་བ། ལག་པ་གཡོན་པའི་མཐེབ་སྲིན་གྱིས་གནས་རྣམས་སུ་ཐིག་ལེ་བྱས་ལ། སྤྱི་བོ་མགྲིན་པ་སྙིང་ལྟེ་བ། །གསང་བར་ཉི་མ་ལ་གནས་པའི། །མ་ཧཱ་ཀཱ་ལ་ཡ་ཞེས་པས། །རང་གི་རྒྱུད་ནི་དག་པར་འགྱུར། །མ་ཞེས་སེམས་དཔའ་སྙིང་རྗེ་དང་། །ཧཱ་ནི་ཤེས་རབ་སྦྱོར་བ་ཉིད། །ཀཱ་ལ་ཐབས་དང་ཤེས་རབ་ཀྱི། །སྙིང་རྗེ་ཆེན་པོ་ལ་སྦྱོར་བའོ། །སྙིང་རྗེ་བདེ་བ་ཆེན་པོ་ཐབས། །ཤེས་རབ་རང་བཞིན་མེད་ཚོགས་པ། །བདེ་སྟོང་ཨེ་ཝཾ་དབྱེར་མེད་པས། ལུས་དང་ངག་ཡིད་རྣམ་དག་པའོ། །གང་ལ་མེད་པའི་གང་ལ་དུས། ཆེན་པོའི་ཐབས་དང་ལྡན་བཤད་པ། ངེས་པར་ཡིད་ནི་དག་བྱེད་པའི། སྟོང་པ་ཉིད་འདིར་བསྟན་པའོ། ཨོཾ་མ་ཧཱ་ཀཱ་ལ་ཡ་ཨ།།།ཏྨ་ཀོ་྅་ཧཾ། །ཞེས་ལུས་ངག་ཡིད་གསུམ་སྤྱིར་དག་པར་བྱས་ཏེ། སླར་ནག་པོ་སྲོག་གི་རྒྱུད་ལས། སྐད་ཅིག་མ་ཡིན་རྣལ་འབྱོར་གྱིས། །རྡོ་རྗེ་འཛིན་བསམ་སྙིང་གར་ཧཱུྃ། །ཞེས་པས། དེ་ནས་མྱུར་བར་བཅོམ་ལྡན་འདས། །སྐུ་མདོག་ནག་པོ་ཆེར་འཇིགས་པ། །ཞལ་གཅིག་གཙིགས་པའི་མཆེ་བ་དང་། །བགྲད་པའི་སྤྱན་གསུམ་ལྡན་པའོ། །གཡོན་བརྐྱངས་སྟབས་ཀྱིས་བགེགས་དཔུང་མནན། །མགོ་བོའི་སྣོད་ནེ་ཕྱག་གཡོན་པར། །རྡོ་རྗེ་གྲི་གུག་གཡས་སུ་འཛིན། །ཉམས་ཀུན་གྱིས་ནི་ཡང་དག་བརྒྱན། །མགོ་སྐྱེས་སེར་པོ་སྟེང་ན་བརྫེས། ཀླུ་བརྒྱད་ཀྱིས་བརྒྱན་ལྟོ་བ་འཕྱང་། །བོད་སྐེ་ཐུང་ལ་འབྲུག་སྒྲ་སྒྲོགས། །འབར་བའི་འོད་
(༢༠)ཀྱི་ཕྲེང་བ་འཕྲོ། །རྡོ་རྗེ་རྣལ་འབྱོར་མ་གཉིས་ཀྱིས། །ཡོངས་སུ་བསྐོར་བ་ཐབས་གཅིག་སྟེ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི། །ལྷ་ཡི་སྐུར་ནི་རྣམ་པར་དག། ཅེས་པས་ལུས་ངག་རྣམ་པར་དག་པ་དང་། ཡིད་རྣམ་པར་དག་པ་ནི། ལྔ་བཅུ་པར་ཧཱུཾ་རྐྱང་པ་ལས་མ་གསུངས་ཀྱང་། དྲག་པོའི་བརྟག་པའི་ལྷའི་ལེའུར། དེའི་སྙིང་གར་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ནག་པོ་བསམ་པར་བྱའོ། །ཞེས་དང་། འགྲེལ་བར། པདྨ་ཡང་བཤད་ཅིང་། ཧཱུཾ་ནི་འོད་ཟེར་ལྔ་དང་ལྡན་པ། །ཞེས་པས། སྙིང་གར་པདྨོར་རྃ་ཡིག་ལ། ཉི་མ་ལ་གནས་ཧཱུྃ་འབར་བ། འོད་ཟེར་ལྔ་དང་ལྡན་པ་སྟེ། རྡོ་རྗེའི་རང་བཞིན་ཉིད་གསལ་གྱུར། སྐྱེ་མཆེད་བྱིན་གྱིས་བརླབ་པ་ནི། ལྔ་བཅུ་པ་ལས། ཨོཾ་ཐ་ཐ་མུ་ཨཱཧཱུྃ། ཀྵི༚་ནི་འབར་བའི་མིག་ལ་སྟེ། རྣ་བ་གཡོན་པར་ཨའི་ཡི་གེ། །དེ་བཞིན་གཡས་པར་ཨཾ་ཞེས་བྱ། ཏྲཱྃ་ནི་སྣ་དང་ལྕེ་ལ་ཧྲཱི བྃ་བཱྃ་རྐང་པ་གཉིས་ལ་སྟེ། ཧཱུྃ་ཞེས་བྱ་བ་རྡོ་རྗེ་ལའོ། །སྤྱི་བོའི་གཙུག་ཏུ་ཧྃ་ཡིག་སྟེ། །མགྲིན་པར་ཨོཾ་ཞེས་བྱ་བ་གནས། །ཞེས་པ་ལྟར་རོ། །བཅུ་གཅིག་པ་ནི། ལྔ་བཅུ་པར། དེ་ནས་ཐོག་མར་ཉེ་བར་མཁོ་བའི་མཆོད་པ་དང་། སྡིག་པ་བཤགས་པ་ལ་སོགས་པ་དང་། ཚངས་པའི་གནས་བཞི་བསྒོམ་ནས། ལྷག་མ་ཉིད་ཨོཾ་ཤུ་ནྱ་ཏ་ཞེས་པའི་སྔགས་དང་། ཀོ྅་ཧཾ་བྱས་ནས་སྒྱུ་མའི་སྤྱོད་པས་ཐམས་ཅད་སྦྱངས་ནས། ཞེས་པ་དང་། དང་པོ་ཧཱུྃ་ལས་འོད་བྱུང་བས། ཁམས་གསུམ་ན་གནས་པའི་ལྷ་དང་། བླ་མ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་སྤྱན་དྲངས་ལ། ཨོཾ་ཤུནྱ་ཏ་ལ་སོགས་པས་འགྲོ་བ་ཐམས་ཅད་རང་བཞིན་མེད་པར་
(༢༡)བསྒོམ་ནས། ཧཱུྃ་གི་ས་བོན་ལས་འོད་ཟེར་བྱུང་ནས་དེ་བཀུག་པའོ། །ཞེས་དང་། སྙིང་གར་ཧཱུྃ་ཡིག་བལྟས་ལ། མཆོད་པ་ལ་སོགས་པ་བྱས་ནས་མདུན་ཏུ་བལྟ་བར་བྱའོ། །སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས་ཚངས་བའི་གནས་བཞི་བསྒོམ་པར་བྱའོ། །ཞེས་དང་། དང་པོ་ཧཱུྃ་ཡིག་བསམ་པར་བྱ་བ་དང་། ཕྱི་ནས་མཆོད་པ་དང་། བསྙེན་བཀུར་ལ་སོགས་པ་བྱས་ནས་དངོས་གྲུབ་འདོད་པས་བསྒོམ་པར་བྱའོ། །ཞེས་དང་། ནག་པོ་སྲོག་གི་རྒྱུད་ལས། ཧཱུྃ་གི་བླ་མ་འདོད་ལྷ་དང་། སངས་རྒྱས་དགེ་འདུན་ཁྲོ་བོ་དང་། །རིག་པའི་ལྷ་མོ་སྤྱན་དྲངས་ནས། །བདུན་པོ་རྣམ་པར་དག་བྱས་ལ། །ཞེས་དང་། དྲག་པོའི་བརྟག་པའི་ལྷའི་ལེའུར། ཧཱུྃ་ཡིག་གི་འོད་ཟེར་གྱིས་སྲིད་པ་གསུམ་གྱི་གདུག་པ་ཅན་ཐམས་ཅད་བསལ་བར་བྱས་ནས། བླ་མ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་དཔལ་ནག་པོ་ཆེན་པོའི་རང་བཞིན་དུ་དམིགས་ལ། རང་གི་མདུན་དུ་བཀུག་སྟེ། མེ་ཏོག་དང་། སྤོས་ལ་སོགས་པ་མཆོད་པའི་ཁྱད་པར་གྱིས་མཆོད་ནས། སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །ཞེས་གསུངས་པས། སྒྲུབ་པའི་མཎྜལ་ལ་བདུད་རྩི་ལྔས་ཁྱབ་པར་བྱུག་ཅིང་། མེ་ཏོག་ནག་པོའི་ཚོམ་བུ་དབུས་དང་ཕྱོགས་བཞིར་བཀོད་དེ། ཨོཾ་མ་ཎི་བྷ་དྲ་ཡ་མ་ཧཱ་ཀཱ་ལ་པྲཱ་ཀྲི་ཏི་སེན་པ་ཏ་ཡེ། ཨོཾ་མི་ལི་མི་ལི་མཱནྡྷ་ནཾ་དྷ་ད་དཱ་པ་ཡེ་སྭཱ་ཧཱ། ཞེས་བརྗོད་ལ། ཚོམ་བུ་དེ་ཉིད་ཧེ་རུ་ཀའི་ཕོ་བྲང་གཞལ་ཡས་ཁང་ལྔ། ཚོམ་རིན་པོ་ཆེའི་ཁྲི་རྐང་ཡངས་ཤིང་རྒྱ་ཆེ་བ་མཆོད་པའི་བཀོད་པ་དུ་མས་མཛེས་པར་བརྒྱན་པར་བསམས་ལ། ཚོགས་རྟེན་སྤྱན་འདྲེན་པ་ནི། ཧཱུྃ་ལས་བྱུང་བའི་འོད་ཟེར་ནི། །སྲིད་གསུམ་གནས་པའི་བརྟེན་པ་ལ། །ཕོག་པས་བཅོམ་ལྡན་ནག་
(༢༢)པོ་ཆེའི། །རང་བཞིན་ཉིད་དུ་བྱས་ནས་ཡང་། །འོད་དེས་དཔལ་ལྡན་བླ་མ་དང་། །ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས། །ནམ་མཁའི་ཁམས་ཀུན་ཁེངས་པ་རྣམས། །རྗེ་བཙུན་མ་ཧཱ་ཀཱ་ལ་ཡི། །དཀྱིལ་འཁོར་མཆོག་གི་གཟུགས་འཛིན་པས། །མདུན་གྱི་ནམ་མཁར་གཤེགས་པར་གྱུར། །རྡོ་རྗེ་དྲིལ་སྟབས་དབྱངས་དང་བཅས་པས། ཨོཾ། རྒྱལ་བ་ཀུན་གྱི་ཕྲིན་ལས་གཅིག་བསྡུས་གང་། ངན་འགྲོར་འཁོར་རྣམས་བདེ་འགྲོར་སོན་མཛད་པའི། འགྲོ་བའི་བླ་མ་མི་ཕམ་རྡོ་རྗེ་འཆང་། བླ་མ་ནག་པོ་ཆེན་པོ་གཤེགས་སུ་གསོལ། གང་ཞིག་བྱམས་པའི་ཐུགས་ལས་མ་གཡོས་བཞིན། །གདུལ་དཀའ་འདུལ་ཕྱིར་འཇིགས་པའི་སྐུར་སྟོན་པ། །དཔལ་ཆེན་རྡོ་རྗེ་ནག་པོ་ཆེན་པོ་ནི། །འཁོར་བཅས་ཐུགས་རྗེའི་དབང་གིས་འདིར་གཤེགས་མཛོད། །དངོས་པོ་ཀུན་གྱི་རང་བཞིན་གནས་དང་འོང་། །བགྲོད་པ་སྤངས་པས་མཁའ་ལྟར་གྱུར་པ་གང་། །བདུད་རྩིའི་ཟླ་བཞིན་གསལ་བཏབ་དེར་འབྱུང་བ། །དང་འདིར་སྙིང་རྗེའི་དབང་གིས་གསལ་བར་མཛོད། །ཞེས་སྤྱན་དྲངས་ནས། པདྨ་ཀཱ་མ་ལ་ཡ་སྟྭཾ། ཞེས་པས་ལྷ་ཚོགས་རྣམས་མཎྜལ་གྱི་སྟེང་དུ་བཞུགས་པར་བསམ་མོ། །དེ་ནས་གདུག་པ་འདུལ་བ་དང་། སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་བློས། །རྡོ་རྗེའི་ཐལ་མོ་སྙིང་གར་བཞག་ལ་འདུད་པའི་ཚུལ་གྱིས་ཕྱག་འཚལ་བ་ནི། གང་གི་དྲིན་གྱི་བདེ་ཆེན་ཉིད། ཡན་ལག་བདུན་པ་འདི་འགྲེལ་པ་ལས་འབྱུང་བ་དང་། བཟང་པོ་སྤྱོད་པའི་སྨོན་ལམ་ལས་གསུངས་པ་ཇི་ལྟ་བར་རྗེ་བཙུན་མཐོང་བ་དོན་ལྡན་གྱིས་མཛད་པའོ། །མཆན། སྐད་ཅིག་
(༢༣)ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པདྨོར་འདུད། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད། །འཁོར་འདས་ཡོན་ཏན་དཔལ་དང་ལྡན། །བཀའ་བརྒྱུད་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །ཀུན་ལ་བརྩེ་བའི་བློ་གྲོས་ཀྱི། ཞིབས་མུན་པའི་མ་རུངས་འགྲོ། །འཇིགས་སླད་གཏུམ་པོ་འཇིགས་མཛད་པའི། །ནག་པོ་ཆེ་ཞབས་ཕྱག་འཚལ་ལོ། །ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་སུ། །དུས་གསུམ་གཤེགས་པའི་རྫོགས་སངས་རྒྱས། །ཀུན་ལ་བདག་གི་ལུས་ངག་ཡིད། །རབ་ཏུ་གུས་པས་ཕྱག་འཚལ་ལོ། །གསལ་བར་བལྟས་པའི་རྒྱལ་རྣམས་ལ། །རྒྱལ་སྲས་སྤྱོད་པར་སྨོན་པའི་མཐུས། །གངྒི་རྡུལ་སྙེད་ལུས་རྣམས་ཀྱིས། །དྭང་བས་རབ་བཏུད་ཕྱག་བགྱིའོ། །ཕྲ་རབ་རྡུལ་གནས་རྡུལ་སྙེད་ཀྱི། །བཅོམ་ལྡན་འཁོར་གྱིས་བསྐོར་བ་གང་། །དེ་ལྟར་ཆོས་ཀྱི་དབྱིངས་གང་བར། །རྩེ་གཅིག་བདག་གིས་བསམ་པར་བྱ། །དེ་དག་གི་ནི་ཡོན་ཏན་དག། ཆུ་གཏེར་ཇི་བཞིན་ཆེར་ཡངས་པའི། །རང་བཞིན་བསྔགས་པ་བརྗོད་པའི་དབྱངས། །དུ་མས་བསྟོད་ལ་བརྩོན་འགྲུས་བྱ། །མཆོད་པ་འབུལ་བ་ནི། ཕྱོགས་བཅུའི་ཁྱོན་ཁེབས་མཆོད་པའི་སྤྲིན། །ཕུལ་བྱུང་བསམ་ཡས་དུར་ཁྲོད་ཀྱི། །བཀོད་པས་འབར་བ་དུ་མ་ཡིས། །རྗེ་བཙུན་ནག་པོ་ཆེན་པོ་མཆོད། །བཟང་པོའི་ཆུ་སྐྱེས་ཕྲེང་བ་རྣམས། །རྨད་
(༢༤)བྱུང་རོལ་མོ་བྱུག་པ་དང་། སྣང་གསལ་མཆོག་དང་བདུག་པའི་ཚོགས། རྒྱལ་བ་རྣམས་ལ་མཆོད་པར་བགྱི། རྣམ་བཀྲའི་བགོ་བ་སྣ་ཚོགས་དྲི། ཕྱེ་མའི་འཕུར་མ་ལྷུན་པོ་བཞིན། ངོ་མཚར་རྗེས་འབྲེལ་བཀོད་པ་རྣམས། རྫོགས་སངས་རྒྱས་ཀུན་རྟག་ཏུ་མཆོད། གཞལ་ཡས་མཆོད་སྤྲིན་བླ་མེད་པ། རྒྱ་ཆེན་ས་གསུམ་ཁེངས་པ་རྣམས། བཅོམ་ལྡན་ཀུན་ལ་བདག་གུས་པས། རྒྱུན་མི་ཆད་པར་འབུལ་བར་བགྱི། །མཎྜལ་འབུལ་བ་ནི། མཆོད་པའི་མཎྜལ་ལ་དྲི་བཟང་པོའི་ཆུས་ལན་བཅོ་ལྔར་བྱུག་བཞིན་པར། ཨོཾ་མ་ཎི་བྷ་དྲ་ཡ་མ་ཧཱ་ཀཱ་ལ་པྲཱ་ཀྲྀ་ཏི་སེ་ན་པ་ཏ་ཡེ། ཨོཾ་མི་ལི་མི་ལི་མཱནྡྷ་ནཱཾ་དྷ་ད་དཱ་པ་ཡེ་སྭཱ་ཧཱ། ཞེས་བརྗོད། མེ་ཏོག་ཨ་པར་ཙི་ཏ་ནག་པོའམ། མེ་ཏོག་ནག་པོ་མཎྜལ་གྱི་དབུས་སུ་སྤུངས་ལ། ཨོཾ་ན་དཱི་མ་ཧཱ་ཀཱ་ལ་ཡ་བཛྲ་པུཥྤེ་ཧཱུྃ། ཞེས་དང་། ཤར་ཕྱོགས་སུ། ཨོཾ་ཀཱ་ལཱ་ཡ་ཡ་ཀ་ཡཀྵ་ཡ་བཛྲ་པུཥྤེ་ཧཱུྃ། ལྷོར། ཨོཾ་བི་ཌཱ་ལ་མུ་ཁཱ་ཡཀྵ་ཡ་བཛྲ་པུཥྤེ་ཧཱུྃ། ནུབ་ཏུ། ཨོཾ་ཨ་སྭ་མུ་ཁཱ་ཡཀྵ་ཡ་བཛྲ་པུཥྤེ་ཧཱུྃ། བྱང་དུ། ཨོཾ་ཀྲི་མི་མུ་ཁཱ་ཡཀྵ་ཡ་བཛྲ་པུཥྤེ་ཧཱུྃ། ཤར་ལྷོར། ཨོཾ་ད་ཧུ་མུ་ཁཱི་ཡཀྵི་ཡཀྵི་ཎྱེ་མཾ་སྭཱ་ཧཱ། ལྷོ་ནུབ་ཏུ། ཨོཾ་སཱུ་ཀ་ར་མུ་ཁཱི་ཡཀྵི་ཎྱེ་ཧཱུྃ་སྭཱ་ཧཱ། ནུབ་བྱང་དུ། ཨོཾ་ཨུ་ལཱུ་ཀ་མུ་ཁཱི་སྭ་དྷི་ཏ་ཡཀྵི་ཎྱེ་དྲཾ་སྭཱ་ཧཱ། །བྱང་ཤར་དུ། ཨོཾ་ཨརྡྷ་སུ་ཙ་ཏི་ལ་མུ་ཁཱི་ཡཀྵི་ཎྱེ་བཾ་སྭཱ་ཧཱ། སླར་དབུས་སུ་མེ་ཏོག་འབུལ་བཞིན། ཨོཾ་མུཀྟ་མུཀྟ་མ་ཧཱ་ཀཱ་ལཱ་ཡ་སྭཱ་ཧཱ། ཨོཾ་སྥོ་ཊ་མ་ཧཱ་ཀཱ་ལཱ་ཡ་སྭཱ་ཧཱ། ཨོཾ་ཀུ་རུ་ཀི་ཏ་མ་ཧཱ་ཀཱ་ལཱ་ཡ་སྭཱ་ཧཱ། ཨོཾ་གཱ་ཌྷ་ཙཀྲ་མ་ཧཱ།
(༢༥)ཀཱ་ལཱ་ཡ་སྭཱ་ཧཱ། ཨོཾ་ཁི་ཊ་ཀུ་རུ་མ་ཧཱ་ཀཱ་ལཱ་ཡ་སྭཱ་ཧཱ། ཞེས་བརྗོད་པས་ཚོམ་བུ་བཀོད་དོ། །དེ་ཡང་། ལྔ་བཅུ་པ་ལས། དེ་ལྟར་ཐམས་ཅད་དུས་གསུམ་དུ་བྱས་ན་སངས་རྒྱས་ཐམས་ཅད་ལ་བསྙེན་བཀུར་བྱས་པའོ། །མཎྜལ་འདི་བྱ་རོག་སྐད་མ་བཏོན་པའི་དུས་སུ་ལངས་ལ་བྱའོ། །ཞེས་འབྱུང་བ་ལྟར་ལེགས་པར་བཀོད་པ་དེ་ཉིད་འབུལ་བ་ནི། ཨོཾ། གསེར་གྱི་རང་བཞིན་ནོར་གྱི་བློ་གྲོས་རྔམས་སུ་འབུམ་ཕྲག་གསུམ་དང་ཟུང་གི་ཁྲི། འབུམ་ཕྲག་བཅུ་གཉིས་རྒྱ་ནི་སུམ་ཅུ་བཞི་དང་ལྔ་བཅུའི་ཁྱོན་བཅས་དེ་ཡི་སྟེང་། རིན་ཆེན་ལྷུན་པོའི་དབང་པོ་དྲུག་ཁྲིར་ལྡན་པའི་འབུམ་དང་དང་པོའི་ཆུ་གཏེར་དུ། ཕྱེད་ནི་རབ་ཞུགས་འཆར་བའི་ཕྱོགས་ནི་དངུལ་དང་བཻ་ཌཱུརྻ་ནི་ལྷོ་སྟེ་ནུབ། ཤེལ་དང་བྱང་ནི་གསེར་གྱི་རང་བཞིན་རིམ་པ་བཞི་དག་ལྷ་ཡི་གནས་རྣམས་དང་། སྐབས་གསུམ་གྱིས་གང་རྩེ་མོའི་ངོས་རྣམས་རེ་རེར་བརྒྱད་ཁྲིའི་ལུས་ལྡན་མཚམས་རྣམས་སུ། ལྔ་བརྒྱར་བརྩེགས་པ་སྟེང་དུ་འཕགས་པར་གནོད་སྟེར་རྡོ་རྗེའི་ལག་པ་རྣམ་འཁོད་དབུས། སྟོང་ཕྲག་ཟུང་དང་ལྔ་བརྒྱའི་ངོས་ཅན་ཕྱེད་བཅས་དཔག་ཚད་གཉིས་པའི་གྲོང་ཁྱེར་ནི། གསེར་གྱི་ལྟ་ན་སྡུག་གྲགས་མཚོན་གྱིས་རྣམ་བཀྲ་གཉེན་པའི་ས་གཞིའི་དབུས་སུ་ནི། ལྔ་བཅུ་གནས་པའི་ཉིས་བརྒྱ་པ་ཡི་རྣམ་པར་རྒྱལ་བྱེད་དབང་པའི་ཁང་བཟང་ནི། དཔལ་འབྱོར་ཕུན་ཚོགས་རྣམ་པར་བརྩེན་པའི་མཐུ་ཡིས་གཞན་གྱི་དཔལ་ནི་ཆེན་པོ་རྣམས། སྤོབས་པས་དམན་པའི་ནོར་དང་ལྡན་བྱེད་ཕྱི་
(༢༦)རོལ་བཞིར་ནི་ཤིང་རྟ་སྣ་ཚོགས་དང་། རྩུབས་འགྱུར་འདྲེས་པ་དགའ་བའི་ཚལ་དུ་སྐབས་གསུམ་ཚོགས་རྣམས་རྩེད་མོའི་དགའ་སྟོན་བྱེད། ཉི་ཤུས་བཅད་པར་རྩེད་མོའི་གནས་ནི་ཕན་ཚུན་རྒྱགས་པའི་དཔལ་ལ་འགྲན་པ་ལྟའི། ནོར་འཛིན་མི་དམན་གཞི་དང་གྲོང་ཁྱེར་ཕྱི་རོལ་བྱང་ཤར་དུ་ནི་ཡོངས་འདུ་སྟེ། འོག་ཏུ་ལྔ་དང་སྟེང་དུ་བརྒྱ་རྣམས་ཤིན་ཏུ་རྒྱས་པའི་ཡལ་ག་འདབ་མ་དང་། མེ་ཏོག་རྣམས་ནི་ལྔ་བཅུར་ཁྱབ་པར་ཁེབས་པའི་དྲི་བསུང་དམ་པ་ཕྱོགས་སྤྲོ་བས། འདོད་པའི་དགའ་བ་དམ་པའི་གནས་ཡིན་ལྷ་རྣམས་བྱ་བ་བྱ་བ་མིན་པའི་ལས། ཀུན་ནས་བསྒྲོ་བྱེད་ཆོས་བཟང་འདུན་ས་ལྷོ་ནུབ་ཏུ་འོ་དང་པོའི་ཆུ་འདས་པར། བཞི་ཁྲིའི་གཉའ་ཤིང་འཛིན་རི་གཉིས་པའི་ཆུ་ནི་ཁྲི་ཕྲག་བཞི་པའི་གཤོལ་མདའ་འཛིན། ཁྲི་ཕྲག་གཉིས་པ་གསུམ་པའི་ཉལ་འགྲོ་ཉི་ཁྲིའི་བདག་ཉིད་ཁྲི་ཕྲག་སེང་ལྡེང་འཛིན། ཆུ་གཏེར་བཞི་པ་ཁྲི་དང་སྟོང་ལྔའི་ལྟ་ན་སྡུག་དང་དག་བྱེད་ལྔ་པ་ནི། ལྔ་སྟོང་པ་དང་ཉིས་སྟོང་ལྔ་བརྒྱའི་རྟ་རྣ་དྲུག་པའི་ཆུ་གཏེར་སྟོང་ཕྲག་ཟུང་། བརྒྱ་ཕྲག་ལྔ་ཉིད་ཉིས་བརྒྱ་ལྔ་བཅུ་སྟོང་གི་རྣམ་འདུ་རི་དང་ཐ་མའི་མཚོ། སྟོང་དང་ཉིས་བརྒྱ་ལྔ་ཅུའི་མུ་ཁྱུད་འཛིན་བརྒྱ་དྲུག་དང་ཉི་ཤུ་རྩ་ལྔ་པ། །ཆུ་གཏེར་བདུན་རྣམས་བསིལ་དང་ཡང་བ་ཞི་མ་དང་དྭང་བ་དྲི་བ་མ་ཡིན་ཞིང་། འཇམ་དང་སྤྱད་ཚེ་མགྲིན་པ་ཁོང་དུ་གནོད་པ་མིན་པའི་རང་བཞིན་གྱིས་གཏམས་ལ། གསེར་གྱིས་འཛིན་བདུན་ནས་ལྕགས་ཀྱི་ཁོར་
(༢༧)ཡུག་ཕྱེད་དང་བཅུ་གསུམ་སུམ་བརྒྱའི་བར། ཕྱི་ཡི་ཆུ་སྲིན་འབྱུང་གནས་འབུམ་ཕྲག་གསུམ་དང་ཉི་ཤུ་གཉིས་ཀྱི་སྟོང་ཕྲག་ནང་། འདི་ནས་སྣང་བ་འབྱུང་བའི་ཕྱོགས་ཀྱིས་འཛིན་ངོས་རོལ་ལུས་འཕགས་བསིལ་ཟེར་བྱེད། །ལོགས་གསུམ་ལ་ནི་སྟོང་ཕྲག་དྲུག་དང་ལྷག་མའི་ཕྱོགས་སུ་སུམ་བརྒྱ་ལྔ་བཅུ་གཉིས། རི་ཡི་དབང་པོའི་གསེར་གྱི་ཕྱོགས་སུ་ཀུན་ཏུ་མཉམ་པའི་ཕྱོགས་བཞི་རེ་རེ་བཞིན། སྟོང་ཕྲག་ཟུང་དང་དེ་ཡི་མཐར་ནི་སྟོང་ཕྲག་བརྒྱད་པའི་མི་སྙན་སྒྲ་དང་ནི། འཇུག་པའི་ཕྱོགས་ཀྱི་ལྷུན་པོའི་ངོས་སུ་སྟོང་ཕྲག་གཉིས་དང་ལྔ་བརྒྱ་པ་ཡི་མཐར། སྟོང་ཕྲག་བདུན་དང་བརྒྱ་ལྔ་རྫོགས་པའི་རི་དྭགས་རི་མོ་ཇི་བཞིན་པ་ལང་སྤྱོད། །རིན་ཆེན་ལྷུན་པོ་སྔོན་པོའི་ངོས་སུ་འདི་ནི་ཉིས་སྟོང་ལྡན་པའི་ཕྱོགས་གསུམ་སྟེ། ཕྱེད་དང་བཅས་པའི་གཞི་ནི་བཞི་པ་ཤིང་རྟའི་གཟུགས་གནས་ཛམ་བུ་གླིང་དུ་གྲགས། བར་གྱི་ཡུལ་ནི་ལུས་འཕགས་འཁོར་དུ་ལུས་འཕགས་ལུས་དང་སྙན་མིན་སྒྲ་ཡི་འཁོར། སྒྲ་མི་སྙན་ཟླ་སྒྲ་མི་སྙན་དང་བ་ལང་སྤྱོད་འཁོར་ལམ་མཆོག་འགྲོ་གཡོ་ལྡན། ཛམ་བུ་གླིང་གི་འཁོར་དུ་རྔ་ཡབ་གཞན་དང་ཇ་ཡབ་གསེར་གྱི་རི་དང་པོའི། རྩེ་དང་མཉམ་པར་དྲི་གཞོན་གྱིས་འཕུལ་མཁའ་ལ་འགྲོ་བའི་མེ་ཤེལ་གཞལ་མེད་ནི། གཅིག་དང་ལྡན་པའི་ལྔ་བཅུ་པ་སྟེ་ཉིན་མོར་བྱེད་དང་ཆུ་ཤེལ་ཁང་བརྩེགས་ནི། ལྔ་བཅུའི་བདག་ཉིད་མཚན་མོའི་མགོན་པོ་ཕྲ་མོ་
(༢༨)དག་ཀྱང་རྒྱང་གྲགས་དང་ལྡན་པའི། རྒྱུ་སྐར་མཆོག་དང་བར་མ་ཐ་མའི་ཚོགས་ཀྱིས་ངལ་བསོ་མེད་པར་བསྐོར་བྱེད་གང་། ནམ་མཁའི་ཁྱོན་ནི་ཡངས་པའི་ཁང་པ་བརྩེགས་པར་མཐོ་རིས་གནས་དང་འཆི་མེད་ཚོགས་ཀྱིས་རྒྱན་ཕྲེང་བསྒོས། ཞི་ཞིང་བརྟན་པའི་གཟི་བརྗིད་དང་ལྡན་ལྷུན་པོའི་ས་སྐྱོང་བཀའ་ཡི་དུལ་བར་གནས་པའི་ས་འཛིན་གྱི། བློན་པོའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཞིང་རོལ་པའི་དག་བྱེད་བདུན་གྱི་རིན་ཆེན་རབ་གནས་རྒྱས་པ་ཡི། ཡུལ་རྣམས་དང་ནི་ཆུ་གཏེར་རྣམས་ལ་ཅི་དགར་དཔང་བགྱིད་ཉིན་བྱེད་ཆ་ཤས་ལྡན་པའི་སྣང་བ་འབར། རྒྱུ་སྐར་ཆུ་སྐྱེས་གསང་བའི་ཕྲེང་བཀྲམ་དུས་བཞིའི་རི་དྭགས་མིག་ནི་རིམ་གྱིས་འཛུམ་པའི་དགའ་བྱེད་ཀྱི། མཛེས་པའི་དཔལ་དང་རིན་ཆེན་དཔག་བསམ་ཚལ་སོགས་ངོ་མཚར་རབ་ཏུ་གསང་བའི་འབྱོར་པ་ཡོངས་སུ་བཀོད། དྭངས་པའི་ཡིད་ཀྱི་འཛིན་མར་སྨོན་ལམ་རྫིང་བཟང་ལས་སྐྱེས་མཆོད་པའི་པདྨོ་རྣམས་ཀྱིས་བུན་ལོང་གིས། ཕྱོགས་ཀུན་རྣམ་བཀྲ་རྒྱ་མཚོའི་རྡུལ་རྙེད་ཞི་བའི་གྲོང་དུ་མངོན་པར་བསམ་ནས་ཕྱོགས་རྣམས་བཀང་སྟེ་འབུལ། ཨོཾ་ཤྲཱི་གུ་རུ་མ་ཧཱ་ཀཱ་ལ་ས་པ་རི་ཝཱར་རཏྣ་མཎྜལ་པཱུ་ཛ་མེ་གྷས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཨཱཧཱུྃ། །ཞེས་པས་མཎྜལ་ཕུལ། འགྲེལ་པ་ལས། ཨི་དཾ་གྱི་སྔགས་ཀྱིས་མཆོད་པར་བྱའོ། །ཞེས་གསུངས་པས། གཏོར་མ་འབུལ་བའི་ཐོག་མར་བ་ལི༚་བྱིན་གྱིས་བརླབ་པ་ནི། ཨོཾ། མ་དག་སྣོད་བཅུད་སྟོང་པར་སྦྱངས། སྟོང་པའི་ངང་ལས་
(༢༩)ཡེ་ཤེས་ཀྱི། རླུང་མེ་ཐོད་སྒྱེད་སྟེང་ཉིད་དུ། །ཐོད་པར་ཤ་ལྔ་བདུད་རྩི་ལྔ། །རླུང་མེས་བསྐོལ་པའི་དམ་ཚིག་པའི། །བདུད་རྩི་རབ་འབར་འོད་ཉིད་དེས། །ཡེ་ཤེས་བདུད་རྩི་སྤྱན་དྲངས་ནས། །དབྱེར་མེད་ཨོཾ་དང་ཨཱཧཱུྃ་གིས། །བྱིན་བརླབ་དྲི་རོ་མཚུངས་མེད་གྱུར། །ཞེས་དང་། ཨོཾ་ཨཱཧཱུྃ། ལན་གསུམ་བརྗོད་ནས། རྡོ་རྗེའི་ཐལ་མོ་ཁ་བྱེ་བའི་ཕྱག་རྒྱས། ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨི་དཾ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི་མ་ར་མ་ར། གྷྲྀཧྣ་གྷྲྀཧྣ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དེ་ན་མེ་ཀེ་ན་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་བདུན་ནམ་གསུམ་གྱིས་གཏོར་མ་འབུལ་ཞིང་འདོད་དོན་གསོལ་ལོ། །བཤགས་པ་བྱ་བ་ནི། ལེགས་བྱས་མུན་པ་བཞིན་བྱེད་པའི། །སྡིག་པའི་ལས་ཀྱི་ལམ་དག་ནས། །སྡུག་བསྔལ་མྱ་ངན་གྲོང་ཁྱེར་དུ། །འཇུག་པར་གང་བྱས་བཤགས་པར་བགྱི། །ཆགས་དང་ཁྲོ་བ་གཏི་མུག་གི། དབང་དུ་གྱུར་པའི་ལུས་དང་ངག ཡིད་ཀྱིས་མི་དགེའི་ལས་བགྱིས་པ། །མཐའ་དག་སོ་སོར་ཡང་དག་བཤགས། །ཕ་རོལ་རྣམས་ལ་བགྱིད་རྩལ་དང་། །དེ་ལ་ཡི་རང་རྣམས་བཤགས་ཤིང་། །སླར་ཡང་དེ་དག་མི་བརྩམ་པའི། །བརྟུལ་ཞུགས་འཛིན་པ་ཉིད་དུ་བྱ། །དགེ་བ་ལ་ཡི་རང་བ་ནི། །ཞི་བའི་ཡོན་ཏན་དཔལ་འབྱོར་དག། ངེས་པར་འབྱུང་བའི་རྒྱུར་གནས་པའི། །དགེ་བ་སྤྱོད་པའི་བློ་གྲོས་ལ། །རྗེས་སུ་བདག་ནི་ཡི་རང་ངོ། །ཕྱོགས་བཅུའི་བདེ་གཤེགས་རྫོགས་སངས་
(༣༠)སྲས། རང་རྒྱལ་དགྲ་བཅོམ་ཉན་ཐོས་དང་། སྐྱེ་འགྲོའི་ལེགས་བྱས་ཚོགས་ཀུན་ལ། རྗེས་སུ་ཡི་དང་ཡོངས་སུ་བསྒོམ། ཆོས་འཁོར་བསྐོར་བར་བསྐུལ་བ་ནི། སྟོབས་བཅུ་མངའ་བ་འགའ་ཞིག་ནི། ལེགས་བཤད་རྩིབས་ཅན་མི་བསྒྱུར་བ། དེ་ལ་འགྲོ་བའི་དགེ་ལེགས་སྨད། ཆོས་ཀྱི་དགའ་སྟོན་སྦྱིན་པར་བསྐུལ། སྔོན་ནས་སེམས་ཅན་སངས་རྒྱས་ཕྱིར། །བསྒྲུབས་ནས་ཐོབ་ཚེ་བདུད་རྩིའི་ཆང་། གཞན་ལ་འབེབས་པར་མི་མཛད་ལ། དང་པོར་སྨོན་བཞིན་སྤྲོ་བར་བསྐུལ། གང་གིས་བཤད་པའི་ལེགས་བརྗོད་རྣམས། ཕྱོགས་སུ་ཚུལ་བཞིན་རྒྱས་པ་དང་། སྡིག་མེད་ལེགས་བྱས་སྤྱོད་དུལ་སེམས། འདི་དག་གསུང་ལ་བསྐུལ་བར་བགྱི། །ཡུན་དུ་བཞུགས་པར་གསོལ་བ་ནི། །རྡོ་རྗེའི་ལུས་ནི་འགྲུབ་བཞིན་དུ། །སླར་ཡང་མྱུར་དུ་འདོར་བཞེད་པའི། དེ་བཞིན་གཤེགས་པ་གང་ཡིན་ལ། བརྟན་པར་གནས་ཕྱིར་གསོལ་བར་བགྱི། མྱ་ངན་འདའ་བར་དགོངས་པ་ལ། །སྐྱེ་འགྲོའི་ཕན་པ་དམ་པའི་ཕྱིར། །འཇིག་རྟེན་རྡུལ་སྙེད་བསྐལ་པར་ཡང་། །བཞུགས་པར་གསོལ་བར་ཉིད་བགྱིའོ། །དེ་ལྟ་བུའི་དགེ་བ་བསྔོ་བ་ནི། བདག་གི་སྔོན་གྱི་ལེགས་བྱས་རྣམས། །དེང་འདིར་ཕྱག་འཚལ་ལ་སོགས་པ། །སེམས་ཅན་སྲིད་པའི་ཆུ་གཏེར་ལས། །སྒྲོལ་བའི་དད་དཔོན་ཐོབ་ཕྱིར་བསྔོ། །དེ་ནས་གྲི་གུག་བརྩེགས་པའི་རྒྱུད་ཀྱི་ལྷ་བསྒོམ་པའི་ལེའུར། མདུན་དུ་ལྷ་རྣམས་སྤྱན་དྲངས་ཏེ། །བདུན་པོ་རྣམ་དག་བྱས་ནས་ནི། །རང་གི་སྡོམ་པ་དག་ཀྱང་བཟུང་། །ཞེས་གསུངས་པས། བླ་ན་མེད་པའི་སྡོམ་པ་གཟུང་བ་ནི། བཅོམ་ལྡན་ཡེ་ཤེས་
(༣༡)དཔག་བསམ་ཤིང་། །ཡོན་ཏན་རྣམ་འབྱུང་ཡིད་བཞིན་ཆོས། པད་རྫིང་ཡངས་ལྟའི་དགེ་འདུན་ལ། རྟག་པར་སྐྱབས་སུ་བདག་མཆིའོ། །དངོས་པོ་དང་བྲལ་གཟུང་འཛིན་སྤངས། ཆོས་བདག་མེད་པ་མཉམ་པ་ཉིད། །མ་སྐྱེས་སྟོང་པ་སྙིང་རྗེ་དག །དབྱེར་མེད་བྱང་ཆུབ་སེམས་གཟུང་ངོ། །བཅོམ་ལྡན་སྟོན་པ་མཆོག་རྣམས་དང་། །རྒྱལ་བའི་མྱུ་གུ་རྣམས་ཀྱི་ལམ། །སྦྱིན་སོགས་རིམ་པ་བླ་མེད་པ། །བདག་གིས་ཡོངས་སུ་བསྟན་པར་བྱ། །མ་རུང་འདུལ་ཕྱིར་དྲག་པོའི་གཟུགས། །རྗེ་བཙུན་ནག་པོ་ཆེན་པོ་ནི། །བདག་ནི་གྱུར་ནས་འགྲོ་རྣམས་ལ། །ཕན་པ་བླ་ན་མེད་པ་བགྱི། །ཞེས་པས་གཟུང་། དེ་ནས་འགྲེལ་པར། ཚོགས་བསགས་པའི་དཀྱིལ་འཁོར་བདག་ལ་བསྟིམ་པར་བྱའོ། །ཞེས་འབྱུང་བས། ཨོཾ་སུ་གྷརྦྷ་པདྨ་མ་ཧཱ་ཀཱ་ལཱ་ཡ་ཨོཾ་ཨཱཧཱུྃ། ཞེས་བརྗོད་པས། ཚོགས་རྟེན་རྣམས་རང་གི་སྙིང་གར་བསྡུའོ། །བཅུ་གཉིས་པ་ནི། མགོན་པོ་བླ་མ་དབྱེར་མེད་ཀྱི་རྣལ་འབྱོར་བྱ་བ་ལ། མན་ངག་གི་ཡི་གེ་ལས། མདུན་དུ་བླ་མ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོར་གསལ་བར་བལྟས་ལ། དེའི་གནས་གསུམ་དུ་དཀར་དམར་ནག་པའི་ཧཱུྃ་ཟླ་ཉི་པདྨ་ལ་གནས་པ། སྐུ་གསུང་ཐུགས་ཀྱི་སྙིང་པོས་བསྐོར་བའི་འོད་ཀྱིས་རྒྱལ་བ་ཐམས་ཅད་བསྡུས་ཤིང་ཐིམ། ཡོངས་སུ་གྱུར་པ་ལས་བླ་མ་དང་དཔལ་མགོན་པོར་གྱུར་ཏོ། །ཅེས་དང་། བླ་མའི་ཐུགས་ཀའི་འོད་ཀྱིས་ཐམས་ཅད་བླ་མའི་ཐུགས་སུ་བྱས། མགུལ་གྱི་འོད་སྔགས་ཀྱི་གཟུགས་སྒྲ་དང་བཅས་པས་ཐམས་ཅད་བླ་མའི་གསུང་དུ་བྱས། སྨིན་མཚམས་འོད་སྐུའི་ཚོགས་ཆེ་ཕྲ་དུ་མས་ཐམས་ཅད་བླ་མའི་སྐུར་བྱས། བླ་མ་དཔལ་ཡེ་ཤེས་
(༣༢)མགོན་པོ་རང་ལ་ཐིམ། མཐའ་དག་དབྱེར་མེད་རོ་མཉམ་དུ་བཞག ཅེས་གསུངས་ཤིང་། དེ་ལྟར་མགོན་པོ་དང་བླ་མ་དབྱེར་མེད་དུ་བྱེད་པ་ན་རྒྱུད་ལས་ཀྱང་གསུངས་ཏེ། དྲག་པོའི་བརྟག་པ་ལས། བཅོམ་ལྡན་འདས་སྐུ་གསུང་ཐུགས་རྡོ་རྗེ་ནག་པོ་ཆེན་པོ་སྤྲུལ་ནས་འཇིགས་བྱེད་ཆེན་པོའི་སྐུར་མཛད་དེ། ཅེས་དང་། དེ་ཉིད་ལས། གསང་བ་གསུམ་ལས་བྱུང་བ་ཡི། ཁྱོད་ནི་ནག་པོ་ཆེན་པོ་ཡིན། །ཞེས་པས། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ལས་བྱུང་བའི་ནག་པོ་ཆེན་པོ་ཡེ་ཤེས། ལས་དང་། འཇིག་རྟེན་པའི་མཁའ་འགྲོ་མ་དང་། ཆོས་སྐྱོང་ཐམས་ཅད་ཀྱི་ཚོགས་རྗེར་སྣང་ཞིང་། གདུལ་དཀའི་འགྲོ་བ་ཐམས་ཅད་འདུལ་བའི་ཕྲིན་ལས་མཛད་པའི་ཕྱིར་སྤྲུལ་པའི་སྐུ་ཡིན་ལ། དེ་ཉིད་ལས། རྡོ་རྗེ་གསུམ་གྱི་བདག་ཉིད་ཁྱོད། །ཅེས་པས། སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་ངེས་པ་ལྔ་ལྡན་གྱི་བདག་ཉིད་གང་ཡིན་པ་ཁྱོད་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཡང་ཡིན་ལ། ཡང་། དེ་ནི་འཇིགས་བྱེད་ཆེན་པོར་བཤད། །ཅེས་པས། དེ་ལྟ་བུའི་གཟུགས་སྐུ་གཉིས་ཀྱི་འབྱུང་གནས་སམ། འཕྲོ་གཞི་གང་ཡིན་པ་དེ་ནི་མཚན་མའི་རྟོག་པ་ཐམས་ཅད་འཇིགས་ཤིང་སྐྲག་པར་བྱེད་པ། དེ་བཞིན་ཉིད་མཆོག་ཏུ་མི་འགྱུར་པའི་དབྱིངས་ཆེན་པོར་ཡེ་ནས་ལྷུན་གྲུབ་ཏུ་བཞུགས་པའི་ཆོས་སྐུ་ཡིན་པར་རྒྱལ་བས་བཤད་ལ། ཡང་། ཁྱོད་ནི་གསང་བ་གསུམ་གྱི་བདག ཅེས་པས། དེ་ལྟ་བུའི་དབང་ཕྱུག་ཁྱོད་ཉིད་གསང་བ་སྐུ་གསུམ་གྱི་བདག་ཉིད། ངོ་བོ་ཉིད་སྐུའི་རྡོ་རྗེ་འཆང་ཡིན་ནོ། །ཞེས་བསྟན་པ་དང་། གསང་བའི་སྙིང་གི་འཁོར་ལོའི་རྒྱུད་ལས། མགོན་པོ་ནག་པོ་ཞེས་བྱ་བ། །རྣལ་འབྱོར་ཀུན་གྱི་མགོན་གྱུར་ཡིན། །ཡེ་ཤེས་སྐུ་སྟེ་རྡོ་རྗེ་འཆང་། །ཞེས་ཁྱབ་བདག་རྡོ་རྗེ་
(༣༣)གེགས་མེད་ཐོབ་གྱུར་ཅིག །ཅེས་བདུན་རྣམ་དག་བྱ། བཅོས་མིན་གྱི་གདུང་ཤུགས་བསྐྱེད་ལ། ཀྱེ་ཀྱེ། སྐུ་བཞིའི་དབང་ཕྱུག་དཔལ་ལྡན་རྡོ་རྗེ་ཅན། །སྲིད་ཞིའི་དགྲ་ལས་བདག་ཅག་སྐྱོབས་པའི་མགོན། །བླ་མེད་བླ་མ་ཁྱབ་བདག་ཧེ་རུ་ཀ །གདུལ་དཀའ་ཐམས་ཅད་ཐབས་མཁས་རོལ་པ་ཡིས། །འདུལ་མཛད་དཔའ་བོ་ཆེན་པོར་བདག་སྐྱབས་མཆི། །སྐྱེ་དང་འཆི་བ་ན་རྒའི་ཆུ་སྲིན་དང་། །གཞན་ཡང་གནོད་པ་དུ་མའི་འབྱུང་གནས་ཀྱི། །འཁོར་མཚོར་བྱིང་བ་བདག་གིས་གདུང་བའི་དབྱངས། །དཔལ་མགོན་ཁྱོད་ཀྱི་སྙན་ལ་གསན་ལགས་སམ། ད་བྲི་བཀོལ་མི་མངའ་སྙིང་རྗེའི་སྤྱན་ཡངས་པོས། །གཟིགས་ནས་ཐུགས་རྗེའི་འོད་ཀྱིས་ཁྱབ་མཛད་དེ། །ལས་ཉོན་སྒྲིབ་པའི་དྲི་མ་ཕྱིར་བསལ་ཏེ། །རྡོ་རྗེ་བཞི་ཡི་ཡེ་ཤེས་རྒྱུད་ལ་ཕོབས། །རྟོགས་གྲོལ་དུས་མཉམ་མཁའ་ཁྱབ་རྡོ་རྗེ་ཅན། །ཉིད་དང་དབྱེར་མེད་སྟན་ཐོག་འདི་རུ་མཛོད། །ཅེས་དང་། མོས་གུས་ཀྱི་ཤུགས་སྤར་ལ། ཨོཾ་ཨཱགུ་རུ་ཛྙཱ་ན་ནཱ་ཐ་མ་ཧཱ་ཀཱ་ལ་ཀཱ་ལི་ཡེ་ཧཱུྃ། ཞེས་བསྙེན་པ་བྱ། མཐར་དབང་བླང་བ་ནི། དེ་ལྟར་རྩེ་གཅིག་གསོལ་བཏབ་རྒྱུད་བསྐུལ་བས། རྗེ་བཙུན་མི་བཟོད་བརྩེ་བའི་རླབས་གཡོས་པས། །དགྱེས་པའི་གར་དང་བདེ་བའི་སྒྱུ་རྩལ་བཅས། །རྡོ་རྗེ་གསུམ་གྱི་ཡི་གེའི་འཁོར་ལོ་ལས། །མཐིང་དམར་དཀར་བའི་འོད་ཟེར་དྲྭ་བའི་སྤྲིན། །བརྟན་གཡོའི་ཁམས་ཀུན་ཁྱབ་པའི་
(༣༤)བྱིན་ནུས་ཀྱིས། །ཐམས་ཅད་བླ་མའི་སྐུ་གསུང་ཐུགས་སུ་བྱས། །རྩ་གསུམ་དཀོན་མཆོག་མ་ལུས་ཐུགས་རྒྱུད་བསྐུལ། །དེ་དག་ཐམས་ཅད་འོད་ཀྱི་གོང་བུར་བསྡུས། །སྤྱི་བོའི་བླ་མ་ཡབ་ཡུམ་ལ་ཐིམ་པས། །བདེ་ཆེན་འབར་བའི་བྱང་སེམས་བདུད་རྩིའི་རྒྱུན། །མཐིང་དམར་དཀར་བའི་འོད་ཕྲེང་སྒོ་གསུམ་ལ། །ཞུགས་པས་ཡིད་ངག་ལུས་ཀྱི་ཞེན་རྟོག་བཀྲུས། །རྒྱལ་བའི་རྡོ་རྗེ་གསུམ་གྱི་ཕྱག་རྒྱར་བསྒྲུབས། །མགོན་པོ་དགྱེས་པས་འོད་ཞུ་རང་ལ་ཐིམ། །བླ་མ་རང་སེམས་དབྱེར་མེད་དོན་གྱི་གཤིས། །བསལ་བཞག་བྲལ་ཐོབ་མེད་པའི་ཡེ་ཤེས་ཆེ། །གཉུག་མ་བློ་འདས་དབྱིངས་སུ་མཉམ་པར་བཞག །ཅེས་ཉམས་བསྐྱང་། དགེ་འདིས་འགྲོ་བ་མ་ལུས་རྡོ་རྗེ་སེམས། །རྟག་བདེའི་ཐབས་ཤེས་སྦྱོར་བས་འཆི་མེད་ཅིང་། །ནང་གི་ལམ་ནས་རྡོ་རྗེས་འགྲོ་བ་ཡིས། །སངས་རྒྱས་ཉིད་ཀྱི་གོ་འཕང་སྩོལ་ཕྱིར་བསྔོ། །ཞེས་བསྔོ་བས་རྒྱས་གདབ་བོ། །བཅུ་གསུམ་པ་ནི། དྲག་པོའི་བརྟག་པའི་ལྷའི་ལེའུར། དེ་ནས་དཔལ་ནག་པོ་ཆེན་པོའི་སྟོབས་ཀྱིས་བྱམས་པ་ལ་སོགས་པ་ཚད་མེད་བཞི་ལ་དམིགས་པར་བྱའོ། །ཞེས་གསུངས་པས། ནག་པོ་ཆེན་པོའི་སྟོབས་བཞིས་དོན་དམ་པའི་ཚད་མེད་བཞིའི་ང་རྒྱལ་བཟུང་བ་ནི། ཨེ་ནི་ས་སྟེ་སྐུ་ལས་ཀྱི། །ཕྱག་རྒྱ་དང་སྤྱན་སྙིང་རྗེ་ཐབས། །ཡུལ་ཏེ་སྣ་ཚོགས་གཟུགས་ལྟེ་བའི། །པདྨ་སྤྲུལ་པའི་འཁོར་ལོར་གནས། །ཝྃ་ནི་ཆུ་སྟེ་གསུང་ཆོས་ཀྱི། །ཕྱག་རྒྱ་མ་
(༣༥)གེགས་མེད་ཐོབ་གྱུར་ཅིག །ཅེས་བདུན་རྣམ་དག་བྱ། བཅོས་མིན་གྱི་གདུང་ཤུགས་བསྐྱེད་ལ། ཀྱེ་ཀྱེ། སྐུ་བཞིའི་དབང་ཕྱུག་དཔལ་ལྡན་རྡོ་རྗེ་ཅན། སྲིང་ཞིའི་དགྲ་ལས་བདག་ཅག་སྐྱོབས་པའི་མགོན། བླ་མེད་བླ་མ་ཁྱབ་བདག་ཧེ་རུ་ཀ །གདུལ་དཀའ་ཐམས་ཅད་ཐབས་མཁས་རོལ་པ་ཡིས། འདུལ་མཛད་དཔའ་བོ་ཆེན་པོར་བདག་སྐྱབས་མཆི། སྐྱེ་དང་འཆི་བ་ན་རྒའི་ཆུ་སྲིན་དང་། གཞན་ཡང་གནོད་པ་དུ་མའི་འབྱུང་གནས་ཀྱི། །འཁོར་མཚོར་བྱིང་བ་བདག་གིས་གདུང་བའི་དབྱངས། དཔལ་མགོན་ཁྱོད་ཀྱི་སྙན་ལ་གསན་ལགས་སམ། ད་བྲི་བཀོལ་མི་མངའ་སྙིང་རྗེའི་སྤྱན་ཡངས་པོས། །གཟིགས་ནས་ཐུགས་རྗེའི་འོད་ཀྱིས་ཁྱབ་མཛད་དེ། ལས་ཉོན་སྒྲིབ་པའི་དྲི་མ་ཕྱིར་བསལ་ཏེ། རྡོ་རྗེ་བཞི་ཡི་ཡེ་ཤེས་རྒྱུད་ལ་ཕོབས། རྟོགས་གྲོལ་དུས་མཉམ་མཁའ་ཁྱབ་རྡོ་རྗེ་ཅན། ཉིད་དང་དབྱེར་མེད་སྟན་ཐོག་འདི་རུ་མཛོད། ཅེས་དང་། མོས་འུས་ཀྱི་ཤུགས་སྤར་ལ། ཨོཾ་ཨཱགུ་རུ་ཛྙཱ་ན་ནཱ་ཐ་མ་ཧཱ་ཀཱ་ལ་ཀཱ་ལི་ཡེ་ཧཱུྃ། ཞེས་བསྙེན་པ་བྱ། མཐར་དབང་བླང་བ་ནི། དེ་ལྟར་རྩེ་གཅིག་གསོལ་བཏབ་རྒྱུད་བསྐུལ་བས། རྗེ་བཙུན་མི་བཟོད་བརྩེ་བའི་རླབས་གཡོས་པས། དགྱེས་པའི་གར་དང་བདེ་བའི་སྒྱུ་རྩལ་བཅས། རྡོ་རྗེ་གསུམ་གྱི་ཡི་གེའི་འཁོར་ལོ་ལས། མཐིང་དམར་དཀར་བའི་འོད་ཟེར་དྲྭ་བའི་སྤྲིན། བརྟན་གཡོའི་ཁམས་ཀུན་ཁྱབ་པའི་
(༣༦)བྱིན་ནུས་ཀྱིས། ཐམས་ཅད་བླ་མའི་སྐུ་གསུང་ཐུགས་སུ་བྱས། རྩ་གསུམ་དཀོན་མཆོག་མ་ལུས་ཐུགས་རྒྱུད་བསྐུལ། དེ་དག་ཐམས་ཅད་འོད་ཀྱི་གོང་བུར་བསྡུས། སྤྱི་བོའི་བླ་མ་ཡབ་ཡུམ་ལ་ཐིམ་པས། བདེ་ཆེན་འབར་བའི་བྱང་སེམས་བདུད་རྩིའི་རྒྱུན། མཐིང་དམར་དཀར་བའི་འོད་ཕྲེང་སྒོ་གསུམ་ལ། ཞུགས་པས་ཡིད་ངག་ལུས་ཀྱི་ཞེན་རྟོག་བཀྲུས། རྒྱལ་བའི་རྡོ་རྗེ་གསུམ་གྱི་ཕྱག་རྒྱར་བསྒྲུབས། མགོན་པོ་དགྱེས་པས་འོད་ཞུ་རང་ལ་ཐིམ། བླ་མ་རང་སེམས་དབྱེར་མེད་དོན་གྱི་གཤིས། བསལ་བཞག་བྲལ་ཐོབ་མེད་པའི་ཡེ་ཤེས་ཆེ། གཉུག་མ་བློ་འདས་དབྱིངས་སུ་མཉམ་པར་བཞག །ཅེས་ཉམས་བསྐྱང་། དགེ་འདིས་འགྲོ་བ་མ་ལུས་རྡོ་རྗེ་སེམས། རྟག་བདེའི་ཐབས་ཤེས་སྦྱོར་བས་འཆི་མེད་ཅིང་། ནང་གི་ལམ་ནས་རྡོ་རྗེས་འགྲོ་བ་ཡིས། །སངས་རྒྱས་ཉིད་ཀྱི་གོ་འཕང་སྩོལ་ཕྱིར་བསྔོ། ཞེས་བསྔོ་བས་རྒྱས་གདབ་བོ། བཅུ་གསུམ་པ་ནི། དྲག་པོའི་བརྟག་པའི་ལྷའི་ལེའུར། དེ་ནས་དཔལ་ནག་པོ་ཆེན་པོའི་སྟོབས་ཀྱིས་བྱམས་པ་ལ་སོགས་པ་ཚད་མེད་བཞི་ལ་དམིགས་པར་བྱའོ། ཞེས་གསུངས་པས། ནག་པོ་ཆེན་པོའི་སྟོབས་བཞིས་དོན་དམ་པའི་ཚད་མེད་བཞིའི་ང་རྒྱལ་བཟུང་བ་ནི། ཨེ་ནི་ས་སྟེ་སྐུ་ལས་ཀྱི། ཕྱག་རྒྱ་དང་སྤྱན་སྙིང་རྗེ་ཐབས། ཡུལ་ཏེ་སྣ་ཚོགས་གཟུགས་ལྟེ་བའི། པདྨ་སྤྲུལ་པའི་འཁོར་ལོར་གནས། ཝྃ་ནི་ཆུ་སྟེ་གསུང་ཆོས་ཀྱི། ཕྱག་རྒྱ་མ་
(༣༧)མཱཾ་ཀི་བྱམས་པ། སྨོན་ལམ་རྡོ་རྗེའི་རིགས་ཀྱི་གཙོ། སྙིང་གའི་འདབ་བརྒྱད་ཆོས་འཁོར་ལ། མ་ནི་མེ་སྟེ་ཐུགས་ཕྱག་རྒྱ། ཆེན་པོ་གོས་དཀར་པདྨོའི་བདག །དགའ་བ་སྟོབས་དང་མགྲིན་པ་ཡི། བཅུ་དྲུག་ལོངས་སྤྱོད་འཁོར་ལོའོ། ཡ་ནི་གཉིས་མེད་རླུང་ཉོན་འཇོམས། དམ་ཚིག་ཕྱག་རྒྱ་ལས་ཀྱི་གཙོ། སྒྲོལ་མ་བཏང་སྙོམས་ཡེ་ཤེས་སྦྱོར། སོ་གཉིས་བདེ་ཆེན་འཁོར་ལོའོ། །ཨེ་ཝཾ་མཱ་ཡཱ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་ནས་སླར་ཡང་དམིགས་པ་མེད་པའི་སྙིང་རྗེ་སྒྱུ་མ་ལྟ་བུས་ཀུན་རྫོབ་ཀྱི་ཚད་མེད་པ་བཞི་ལ་དམིགས་ཏེ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་བལྟས་ཏེ། འཁོར་བར་གནས་པའི་སེམས་ཅན་རྣམས། །ཡུན་རིང་བདེ་བ་དམ་པ་དང་། །འདི་ཡི་ཕུན་ཚོགས་བདེ་བའི་དཔལ། །རྒྱུ་དང་ལྡན་པ་ཉིད་གྱུར་ཅིག །འཁོར་བར་གནས་པའི་སེམས་ཅན་རྣམས། །སྡུག་བསྔལ་ཕྲག་བརྒྱས་མ་རུངས་པ། །དེ་དག་ཐམས་ཅད་སྡུག་བསྔལ་དང་། །སྡུག་བསྔལ་རྒྱུ་དང་བྲལ་གྱུར་ཅིག །འཁོར་བར་གནས་པའི་སེམས་ཅན་རྣམས། །སྡུག་བསྔལ་མིན་པའི་ཡིད་རབ་བདེ། །རྟག་ཏུ་བརྟན་པར་གྱུར་པ་ལ། །བདག་གཞན་དགའ་བ་འཕེལ་གྱུར་ཅིག །འཁོར་བར་གནས་པའི་སེམས་ཅན་རྣམས། །བསྟེན་དང་སྡང་བའི་བྱ་བ་ནི། །སྤངས་ནས་སྙོམས་པར་གནས་པ་ཡི། །བློ་གྲོས་ཚུལ་བཞིན་བརྟན་གྱུར་ཅིག །དེ་
(༣༨)ནས་འགྲེལ་བར། གདུག་པ་བསལ་ནས་ཞེས་བྱ་བ་ནི། སེམས་ཅན་ཐམས་ཅད་འོད་ཟེར་གྱིས་ནག་པོ་ཆེན་པོའི་རང་བཞིན་དུ་བྱའོ། །ཞེས་འབྱུང་བ་ནི། གོང་གི་ཚད་མེད་བཞི་པོ་སྔགས་བླ་ན་མེད་པའི་སྦས་དོན་དུ་སྦྱར་བ་སྟེ། དེ་ལྟར་ཚད་མེད་རྣམ་པ་བཞིས། །འགྲོ་ལྔ་ལམ་ཞུགས་ལོག་པའི་ཚོགས། །སྦྱངས་དང་བསྒྲལ་བའི་ཕྲིན་ལས་ཀྱིས། །ཐམས་ཅད་རྡོ་རྗེ་ཅན་རང་བཞིན། །བདེ་བ་ཆེ་ལ་སྦྱར་བའོ། །ཞེས་པའི་དོན་དང་སྦྱར་ནས་བསྒོམ་མོ། །རྩ་བའི་གསུམ་པ་དངོས་གཞི་ལ་རྣམ་གྲངས་ཉི་ཤུ་རྩ་གསུམ་སྟེ། དོན་དམ་པའི་དེ་བཞིན་ཉིད་བསྒོམ་པ། སྲུང་བའི་འཁོར་ལོ། །བདག་གི་རྣལ་འབྱོར། བདེ་ཆེན་གྱི་རྣལ་འབྱོར། མདུན་གྱི་དཀྱིལ་འཁོར་བསྐྱེད་པ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་ཅིང་ས་བོན་བཀོད་པ། སྤྱན་འདྲེན་པ། ཡེ་ཤེས་པ་དང་དམ་ཚིག་པ་གཉིས་མེད་དུ་བསྲེག །གདན་འབུལ་ཞིང་བཞུགས་སུ་གསོལ་བ། དམ་ལ་བཞག་པ། དབང་བསྐུར་ཞིང་རྒྱས་གདབ་པ། ཕྱག་འཚལ་བ་མཆོད་པ་འབུལ་བ། ཚོགས་ཀྱི་སྟོན་མོ། ཁྱད་པར་གྱི་མཆོད་པ་བསྟབ་པ། ནན་གྱིས་བསྟབ་ཅིང་བསྟོད་བསྐུལ་བྱ་བ། སྤྱི་བྱེ་བྲག་གི་སྲུང་མ་རྣམས་དང་མཁའ་འགྲོ་ཞིང་སྐྱོང་གཞི་གནས་ཀྱི་བདག་པོར་གཏོར་མ་བསྔོ་བ། བསྟོད་པས་བསྙེན་བཀུར་བ། སྟོད་ལས་གཙོར་གྱུར་བསྙེན་བཟླས་བྱ་བ། གསོལ་ཁ་འབུལ་བ། ཐུགས་དམ་བསྐང་བ། ཐུགས་དམ་བསྐུལ་ཞིང་ལས་ཀྱི་གཉེར་གཏད་པ། བཟླས་པའི་འཁྲུལ་འཁོར། ཐུན་གཏོར་འབུལ་བ། དངོས་གྲུབ་ལེན་པ། ཚོགས་ལ་རོལ་བ། ལྷག་མ་བཏང་བ་རྣམས་སོ། །དང་
(༣༩)པོ་ནི། རང་བཞིན་གྱིས་རྣམ་པར་དག་པའི་ཆོས་དབྱིངས་སྟོང་པ་ཉིད་ལ་བློ་བཞག་པ་ལ། དྲག་པོའི་རྟག་པའི་ལྷའི་ལེའུར། སྟོང་དང་མི་སྟོང་རང་བཞིན་གྱི། ངོ་བོ་ཉིད་ཀྱིས་རྣམ་པར་དག །དངོས་པོའི་སྙིང་པོ་བསྡུས་པ་ནི། །སྟོང་པ་ཉིད་དོན་གསལ་བར་བྱེད། །གཉིས་སུ་སྣང་བའི་དངོས་པོ་རྣམས། །གཉིས་མེད་ཡེ་ཤེས་ཆེན་པོ་ཡི། །སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །ཨོཾ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ་྅་ཧཾ། ཞེས་པའི་དོན་ལ་མཉམ་པར་འཇོག་གོ། གཉིས་པ་ནི། སྲུང་བའི་འཁོར་ལོ་བསྒོམ་པ་ལ། རྒྱུད་ལས་འབྱུང་བའི་ལུགས་སུ་བསྒོམ་པར་སྤྲོ་ན། དོན་ཀུན་སྒྲུབ་བྱེད་ཀྱི་ཆོ་ག་ཉིད་ལས་ཤེས་ཤིང་། འདིར་མན་ངག་སྙན་བརྒྱུད་ཀྱི་ལུགས་རཀྵ་ཝ་རྟི་གསུམ་གྱི་མན་ངག་དང་འབྲེལ་བ་ཉིད་བསྒོམ་པ་བཤད་པར་བྱ་སྟེ། སྟོང་པ་དེ་ཉིད་ཀྱི་ངང་ལས་བརྗོད་པ་དང་བྲལ་ཞིང་། དམིགས་པ་ལས་འདས་པའི་སྙིང་རྗེ་ཆེན་པོའི་རང་བཞིན་ཧཱུྃ་གི་གླུས་བསྐྱོད་པའི་ཡི་གེ་བྷྲཱུྃ་སྨུག་ནག་འོད་ཟེར་འབར་བ། དེ་ཡོངས་སུ་གྱུར་པ་ལས། ཕ་ལམ་གྱི་རང་བཞིན་ལས་གྲུབ་པའི་གནམ་ལྕགས་ཀྱི་འཁོར་ལོ་ཕྱོགས་མཚམས་སུ་བརྒྱད། སྟེང་འོག་ཏུ་གཉིས་ཏེ། རྩིབས་བཅུ་པའི་གུར་ཁང་ཡངས་ཤིང་རྒྱ་ཆེ་བའི་ཕྱི་རོལ་ཏུ་མེའི་འཁོར་ལོ་དྲག་ཏུ་འཁོར་བ། འཁོར་ལོ་དེ་ཉིད་ཀྱི་ལྟེ་བའི་ནམ་མཁར་འབྱུང་བཞི་རི་རབ་དང་བཅས་པའི་དཀྱིལ་འཁོར་གྱི་
(༤༠)ལྟེ་བར་དྲག་པོའི་ཕོ་བྲང་། ཆོས་ཀྱི་འབྱུང་གནས་སྒོ་གཅིག་པའི་དབུས་སུ། པདྨ་དང་ཉི་མ་བམ་རོའི་གདན་གྱི་སྟེང་དུ་ཧཱུྃ་མཐིང་ནག་དེ་ཉིད་གནས་པ་ལས་འོད་འཕྲོས། དགྲ་བགེགས་སོགས་གདུག་པ་ཅན་ཐམས་ཅད་ཚར་བཅད། དྲེགས་བྱེད་ཕོ་མོ་རྣམས་ཀྱི་ནུས་སྟོབས་བསྡུས་ནས་ཚུར་འདུས་ཤིང་ཐིམ་པ་དེ་ཉིད་ཡོངས་སུ་གྱུར་པ་ལས། བདག་ཉིད་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་ཁྲོས་པའི་ཉམས་ཅན། སྐུ་མདོག་ནག་ལ་དམར་བའི་མདངས་ཆགས་པ། སྐུ་ལ་དར་དཀར་པོའི་གསང་གོས་མནབ་པའི་སྟེང་ན་བེར་ནག་པོ་སུམ་རྩེགས་ཀྱི་ཕྱི་ནས་གསེར་སྐེད་བཅིངས་ཤིང་། དེའི་ཕྱིར་བེར་ནག་དྲུག་ལྷུབ་གྱོན་བྱས་པ། དབུ་སྐྲ་ཁམས་ནག་གྱེན་དུ་བཅིངས་པ་ལ། ཐོད་སྐམ་རིན་ཆེན་རྩེ་བྲན་ལྔས་དབུ་ལ་བརྒྱན་པ། མགོ་བོའི་ཕྲེང་བ་དང་། སྦྲུལ་དང་། རུས་པ་དང་། བེང་གི་ཚར་ཚར་དང་། རིན་པོ་ཆེ་སྣ་ཚོགས་པས་སྐུའི་ཆ་ཐམས་ཅད་བརྒྱན་པ། བླ་མ་མི་བསྐྱོད་པའི་ཅོད་པན་ཅན། །ཕྱག་གཉིས་ཀྱི་བེང་གི་རྩེ་མོར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འབར་བ་དང་། རྩ་བར་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་གཅིག་པ་ཕུར་བུའི་དབྱིབས་ཅན་གྱིས་མཚན་པ། སྐེད་པར་ཙནྡ་ལས་གྲུབ་བའི་བེང་ཆེན་གྲུ་གསུམ་པའི་ངོས་རྣམས་ལ་གསེར་གྱི་འབུར་ཤན་དགུ་བརྩེགས་དང་ལྡན་པའི་
(༤༡)སྒོ་དགུ་དགུ་སྟེ། དེ་རེ་རེའི་ནང་ནས་ཀྱང་ལྷ་དམག་བྱེ་བ་དུང་ཕྱུར་འགྱེད་པ་གསོར་ཐབས་སུ་འཛིན་པ། དེའི་མགུལ་པར་རྣམ་པར་རྒྱལ་བའི་རྟགས་ཀྱི་དར་ཆེན་དཀར་པོ་ཕྱར་བ། སྐུ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མེ་རིའི་ཀློང་དུ་ཞབས་གཉིས་དོར་སྟབས་སུ་བསྐྱོད་པས་འཇིག་རྟེན་གཡོ་བ། ཞལ་ནས་ཧ་ཧ་ཧཱུྃ་ཕཊ་ཀྱི་སྒྲ་དྲག་པོ་རྒོད་པས་མཁའ་འགྲོ་མ་ཚོགས་དབང་དུ་སྡུད་པ། ལྗགས་འདྲིལ་བ་གློག་ལྟར་འཁྱུགས་པས་སྲིད་གསུམ་འདྲེན་པ། རྫི་སྨིན་སྨ་ར་ལས་འབར་བའི་མེ་ལྕེས་མ་རུངས་པའི་ཚོགས་ཐམས་ཅད་སྲེག་པར་བྱེད་པ། ཡེ་ཤེས་ཀྱི་མགོན་པོའི་ཚོགས་སྤྲིན་ལྟར་གཏིབས་པའི་དབུས་ན་རོལ་པའོ། །ཕྱོགས་ཀྱི་རྩིབས་རྣམས་སུ་ཐུགས་ཀ་ནས་ཧཱུྃ་ཡིག་ནག་པོ་བཅུ་འཕྲོས་པ་ཡོངས་སུ་གྱུར་པ་ལས། ལས་ཀྱི་མགོན་པོ་སྲས་མཆོག་ནག་པོ་ཁྲོ་གཏུམ་མེ་ལྟར་འབར་བའི་སྐུ། ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་དང་། གཡོན་མ་རུངས་པའི་ཁྲག་གིས་བཀང་བའི་ཐོད་པ་འཛིན་པ། ཤིན་ཏུ་གཡོ་བའི་སྤྱན་གསུམ་བགྲད་ཅིང་། རྣམ་པར་གླལ་བའི་ཞལ་མཆེ་བ་གཙིགས་པ་ལས་ཁྲག་འཛག་པ། སྟག་པགས་ཀྱི་ཤམ་ཐབས་བཅིངས་པའི་སྟེང་ན་དར་སྣ་ཚོགས་པའི་བེར་ལ་གསེར་སྐེད་བཅིངས་པ། དེའི་ཕྱིར་བེར་ནག་
(༤༢)པོ་གསུམ་ལྷུབ་གྱོན་བྱས་པ། ཞབས་གཉིས་སག་ཏིའི་ལྷྭམ་ཡུ་རིང་མནབས་ཤིང་། སྐུ་ཡི་ཆ་ཐམས་ཅད་ལ་ཐོད་སྦྲུལ། མགོ་ཕྲེང་། རུས་པ་དང་། རིན་པོ་ཆེས་བརྒྱན་པ། མེ་རིའི་འོབས་ཀྱིས་བསྐོར་བའི་ཀློང་ན་ལས་ཀྱི་མགོན་པོའི་ཚོགས་རྡོ་རྗེའི་སེར་བ་ལྟར་འགྱེད་པའོ། །སྲུང་འཁོར་ཕྱི་ནང་གོ་མཚམས་ཐམས་ཅད་འཇིག་རྟེན་མགོན་པོའི་དམག་དཔུང་རྣམ་འགྱུར་སྣ་ཚོགས་རླུང་ལྟར་འཚུབས་པས། དགྲ་བགེགས་འགུགས་འདྲེན་གསོད་གཅོད་ཀྱི་ལས་ལ་བརྩོན་པའོ། །དེ་ལྟར་གསལ་བའི་གཙོ་བོའི་གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན་པ་ལས་འཕྲོས་པའི་འོད་ཟེར་གྱིས། འོག་མིན་ནས་ཡེ་ཤེས་པའི་ཚོགས་སྤྱན་དྲངས་པར་གྱུར། རོལ་མོ་དང་བཅས་པས་སྤྱན་འདྲེན་པ་ནི། དྲག་པོའི་བརྟག་པ་ལས། ཧཱུྃ། སྲིད་གསུམ་འཇོམས་པར་བྱེད་པ་ཡི། །དཔལ་ལྡན་མགོན་པོ་ནག་པོ་ནི། །དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། །བསྟན་པ་བསྲུང་བར་ཁས་བླངས་ནས། །དམ་ཚིག་ཆེན་པོའི་དཀྱིལ་འཁོར་འདིར། །དྲག་པོའི་སྟབས་ཀྱིས་བཤེགས་སུ་གསོལ། །བཛྲ་ས་མཱ་ཡ་ཛས་སྤྱན་དྲངས། ཛཧཱུྃ་བྃ་ཧོ༔ས་བསྟིམ། ན་མོ་ཨ་ཏི་པཱུ་ཧོས་ཕྱག་གིས་བཀུར། མཆོད་པ་རྗེ་རང་བྱུང་བའི་གསུང་ལས་བཏུས་པ་ནི། ཧཱུྃ། ལེགས་ལྡན་ནག་པོ་འཁོར་བཅས་ལ། །བླ་མེད་
(༤༣)མཆོད་པ་འབུལ་བ་ནི། ཛ་གད་དཔའ་བོ་དགྱེས་པའི་སྐྱེམས། རུ་དྲའི་སྙིང་ཁྲག་རྔམས་པའི་བཅུད། ཤ་ཁྲག་སྦྱར་བའི་བ་ལི༚་ཏ། དཀའ་ཐུབ་ཟས་དང་སྨན་སྣ་ཚོགས། འབྲས་ཆན་དུག་གི་ལ་དུ་སོགས། ཐུགས་དམ་གཉན་པོ་བསྐང་ཕྱིར་འབུལ། བཞེས་ནས་བསྲུང་དང་བཟློག་པ་དང་། བསད་པ་དྲག་པོའི་ཕྲིན་ལས་ཀྱིས། བྱད་མ་རྦོད་གཏོང་བརླག་པ་དང་། བརྣག་པའི་དགྲ་བགེགས་བསྒྲལ་དུ་གསོལ། ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་ཀཱ་ལཱ་ཡ་སརྦ་པཱུ་ཛ་ཁཱ་ཧི། ཞེས་པའི་མཆོད། བསྟོད་པ་ཀརྨ་པཀྴིའི་གསུང་ལས་འབྱུང་བ་ནི། ཧཱུྃ། ཡབ་གཅིག་ལེགས་ལྡན་ནག་པོ་ཆེན་པོ་ནི། སྐུ་མདོག་སྨུག་ནག་གཟི་བརྗིད་རབ་ཏུ་འབར། །ཕྱག་གཉིས་བདེ་ཆེན་བསྣམས་ནས་སངས་རྒྱས་བསྟན་པ་སྲུང་། གཏུམ་པོ་མ་ཧཱ་ཀཱ་ལ་ཁྱོད་ལ་བསྟོད། །དེ་བཞིན་ཁྲོ་ཆེན་སྲས་མཆོག་མགོན་པོ་ནི། །སྐུ་མདོག་མཐིང་ནག་གཟི་བརྗིད་རབ་ཏུ་འབར། །གཡས་པས་གྲི་གུག་གཡོན་པས་ཐོད་ཁྲག་འཛིན། །ནག་པོ་ཆེན་པོ་བེར་ནག་དགུ་བརྩེགས་གསོལ། ཁྲོ་གཏུམ་ཆེན་པོས་དགྲ་བགེགས་མ་ལུས་ཟ། །སྲས་མཆོག་ནག་པོ་ཁྱོད་ལ་བདག་བསྟོད་དོ། །དེ་འཁོར་གནས་པ་ཕྱོགས་བཅུའི་མགོན་པོའི་ཚོགས། །ཤིན་ཏུ་མི་བཟད་དྲག་པོ་གཏུམ་པོའི་ཚོགས། །གཡས་པས་གྲི་གུག་གཡོན་པས་ཐོད་ཁྲག་
(༤༤)གསོལ། །ཐམས་ཅད་རང་རང་བཀའ་སྡོད་འཁོར་དང་བཅས། །བསྟན་པ་སྲུང་ཕྱིར་དྲག་པོའི་ཚུལ་སྟོན་པ། །མགོན་པོ་འཁོར་དང་བཅས་ལ་བདག་བསྟོད་དོ། །ཅེས་པས་བསྟོད། བཟླས་པ་བྱ་བ་ནི། །ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་ཡིག་མཐིང་ནག་འབར་བའི་མཐར། ཡེ་ཤེས་ལས་དང་འཇིག་རྟེན་གྱི་མགོན་པོའི་སྲོག་སྔགས་ཕྲེང་བ་རིམ་པ་གསུམ་གྱིས་གཡས་སུ་བསྐོར་བ་ལས་འཕྲོས་པའི་འོད་ཟེར་གྱིས། སངས་རྒྱས་བྱང་སེམས་རིག་འཛིན་རྣམས་ཀྱི་བྱིན་རླབས་བསྡུས། སླར་ཡེ་ཤེས་ལས་དང་འཇིག་རྟེན་གྱི་མགོན་པོའི་ཚོགས། རང་རང་གི་གནས་ནས་སྤྱན་དྲངས། གཙོ་འཁོར་རྣམས་ལ་ཐིམ་པས་མཐུ་སྟོབས་གཟི་བརྗིད་འབར་ཞིང་བརྟན་པར་མོས་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་དུ་བེ༚་ནི་ཛ༔ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལཱ་ཡ་གུ་ཎ་ཧྲྀ་ད་རཀྵ་དུ་བེ༚་ཛཨོཾ་མ་ཧཱ་ཀཱ་ལ་རཱུ་པ་གུ་ཎ་ཤྲཱི་ནི་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་ནག་པོ་སྲོག་གི་རྒྱུད་ལས་གསུངས་པའི་སྔགས་སུམ་སྤྲེལ་་ཅི་ནུས་སུ་བཟླ་བ་ནི་བྱིན་རླབས་བསྡུ་བའོ། །དེ་ནས་བསྲུང་བའི་དོན་དུ། བདག་ཉིད་དཔལ་ནག་པོ་ཆེན་པོའི་སྐུ་ཤིན་ཏུ་ཆེ་ཞིང་འཇིགས་པའི་ལུས་དར་མཐིང་དམར་གྱི་གུར་ཕུབ་པ་ལྟ་བུར་གསལ་བའི་དབུས་སུ། ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ་སྔོན་པོ། དེའི་ནང་དུ་རང་གི་སེམས་ཉིད་ཡི་
(༤༥)དམ་གྱི་ལྷའི་སྐུར་གསལ་བའི་སྟེང་འོག་གཡས་གཡོན་མདུན་རྒྱབ་རྣམས་སུ། བསྲུང་བྱ་ཐམས་ཅད་ཀྱང་ལྷའི་རྣམ་པས་འཁོད་པར་གྱུར་པ། དེ་ཐམས་ཅད་ཀྱིས་སྔགས་སྒྲ་བསྒྲགས་པས། རྩ་གསུམ་སྲུང་མ་དང་བཅས་པའི་བྱིན་རླབས་བསྡུས་ཏེ་ཐིམ་པ་ཙམ་གྱིས། བསྲུང་བ་གསུམ་གྱི་བསྲུང་བ་ཆེན་པོའི་མཁར་དུ་ཚུད། ལུས་ལས་སྐྱེས་པའི་བ་སྤུ་ཐམས་ཅད་ཕ་ལམ་ལས་གྲུབ་པའི་རྡོ་རྗེ་ཕྱེད་ཕྱིར་འབུར་བའི་གོ་ཆས་གཡོག་པར་བསམས་ལ། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཅེས་དང་། གོང་གི་གསུམ་སྦྲེལ་མཐར། །མ་མ་ཀཱ་ཝཱ་ཙི་རཀྵ་རཀྵ། །ཞེས་པ་རྣམས་སྤྲེལ་ཏེ་བཟླ། སླར་ཡང་གཙོ་འཁོར་ཐམས་ཅད་ཀྱི་ཞལ་ནས་ངོ་བོ་སྔགས་ལ། རྣམ་པ་མཚོན་ཆ་སྣ་ཚོགས་པའི་བུ་ཡུག་ཏུ་གྱུར་པ་ཕྱིར་འཕྲོས་པའི་འོད་ཟེར་གྱི་ལྕགས་ཀྱུ་དང་། ཕོ་ཉ་འབར་བའི་ཚོགས་ཀྱིས་དགྲ་བགེགས་བྱད་མ་ཐམས་ཅད་རང་དབང་མེད་པར་བཀུག་ནས། རྡོ་རྗེ་མཚོན་ཆའི་འཚུབས་མ་ཆེན་པོའི་ནང་དུ་འཐུམ་པ་དང་། འཁོར་ལོ་གཡོན་དུ་དྲག་ཏུ་འཁོར་བའི་ཤུགས་ཀྱིས་གནོད་བྱེད་རྣམས་ཀྱི་ལུས་ཕྱེ་མ་བརྒྱར་གཏུབས་ཤིང་རྡུལ་དུ་བརླག། འཁོར་ལོའི་དཔལ་ཁ་ལས་འཕྲོས་པའི་རྡོ་རྗེའི་སྒྱོགས་ཆེན་གྱིས་ཕ་རོལ་པོའི་སྲུང་པའི་གུར་ཁང་བཤིག །འོད་ཟེར་གྱི་མེ་ཡི་སྔགས་ཀྱི་ནུས་སྟོབས་འབར་བས་
(༤༦)བསྲེག །དེ་དག་གི་ནུས་པ་ཚུར་བསྡུས་བསྲུང་འཁོར་གྱི་ཕྱི་རོལ་དུ་མཚོན་ཆ་སྣ་ཚོགས་པའི་གུར་ཁང་བར་མེད་དུ་འཁྲིགས་པས། བྱད་མ་རང་གཤེད་རང་ལ་བསྡིག་པར་མོས་ལ། དུར་ཁྲོད་ནག་པོའི་རྒྱུད་ལས། ཨོཾ་ཙཎྡ་མ་ཧཱ་ཀཱ་ལ་ཧ་ན་ཧ་ན་བཛྲ་ཎི་ཡེ་གནོད་བྱེད་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བཟླ་བ་ནི་སྲུང་བ་དང་བཟློག་པའི་མན་ངག་གོ། སླར་ཡང་སྲུང་བའི་འཁོར་ལོའི་འོག་གི་རྩིབས་རྩེར་མེ་རླུང་དམར་ནག་འཁྲུགས་པའི་ལྕགས་ཀྱི་ཁང་སྒྲོམ་ཟུར་གསུམ་པ། བསྐལ་པའི་མུན་ནག་དང་། ལས་ཀྱི་རླུང་དམར་མཚོན་ཆའི་དྲག་ཆར་འཚུབས་པའི་ནང་དུ། དགྲ་བགེགས་བྱད་མ་སྤྱིའུ་ཚུགས་སུ་གནས་པའི་སྤྱི་བོ། མགྲིན་པ། སྙིང་ག། ལྟེ་བ། སུམ་མདོ་རྐང་མཐིལ་རྣམས་སུ་གཅོད་པའི་འཁོར་ལོ་རྩེ་དྲུག་པ་རེ་རེ་སྟེ། སྤྱི་མགྲིན་ལ་སོགས་པའི་འཁོར་ལོ་རྣམས་གཡས་གཡོན་ཏུ་འཁོར་བས། ཤ་ཁྲག་རྣམས་འཐར་བཞིན་པ། སླར་ཡང་གཟུགས་སུ་གྲུབ་ཅིང་། ཇི་ལྟར་གྲུབ་པ་དེ་ལྟར་ལུས་དུམ་བུ་བརྒྱར་གཏུབ་ཅིང་བ། རྡུལ་དུ་བརླག་པར་བྱས་ལ། ཡང་གཟུགས་སུ་གྲུབ་པ་ལ། ལས་ཀྱི་ཕོ་ཉས་རོ་འཛིན་ཡང་དག་པར་ཕྱུངས་ཏེ། ལྟེ་བྱ་སླེབ་པ་མགྲིན་པའི་འཁོར་ལོ་དང་། སྙིང་གའི་འཁོར་ལོ་དང་། ལྟེ་བའི་འཁོར་ལོ་གསུམ་གྱིས་དུམ་བུ་གསུམ་དུ་གཏུབས་པར་བྱས་ཤིང་། རང་ཉིད་ཡི་དམ་གྱི་ལྷར་གསལ་བའི་ལྐོག་མར་གསེར་གྱི་འཁོར་ལོ་འོད་ཟེར་འབར་
(༤༧)བ་ལས་སྐྱེས་པའི་གསེར་གྱི་རྡོ་རྗེ་རྩེ་ལྔ་པ། ཨོཾ་ཨཱཧཱུྃ་གིས་མཚན་པ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བས། ངག་གི་ཉེས་སྐྱོན་མཐའ་དག་བསྲེག་པར་བྱེད་བཞིན་པས་རབ་ཏུ་རྣམ་པར་དག་པར་གྱུར་པར་བསམས་ལ། དུར་ཁྲོད་ནག་པོའི་རྒྱུད་ལས། ཨོཾ་ཙཎྜ་མ་ཧཱ་ཀཱ་ལ་བཛྲ་དཾཥྚི་ཎི་ཡེ་གནོད་བྱེད་ཀཱ་ཝ་ཙི་སྟྭཾ་བྷ་ཡ་ནན་ཧཱུྃ་ཧཱུྃ་ཕཊ་ཕཊ། ཞེས་བཟླ་བ་ནི་སྲུང་བ་དང་མནན་པའི་མན་ངག་གོ །སླར་ཡང་རང་ཉིད་ཀྱི་ཐུགས་ཀའི་འོད་ཟེར་ལས་དང་འཇིག་རྟེན་གྱི་མགོན་པོ་རྣམས་ལ་ཕོག་པ་ཙམ་གྱིས་འཁྲོས་འཁྲུགས་རྔམས་པའི་རྩལ་དྲག་ཏུ་གཡོས་པས། དེ་རྣམས་ལས་སྤྲུལ་པའི་ལས་མཁན་གྲངས་མེད་པ་འཕྲོས་པ་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ། དེ་དག་ན་གནས་པ་བསྒྲལ་བར་འོས་པའི་ལོག་པར་ལྟ་བ་རྣམས་སྐད་ཅིག་གིས་བཀུག་སྟེ། བསྒྲལ་བའི་ཤ་དང་། ཁྲག་གཏོར་མའི་རང་བཞིན་ཅན་མགོན་པོ་འཁོར་དང་བཅས་པ་རྣམས་ཀྱིས་དྲག་དུ་གསོལ་བས་དགྱེས་ཤིང་། སེམས་དམ་ལ་བཏགས་ཏེ། བཀའ་བཞིན་རྗེས་སུ་བསྒྲུབ་པའི་ལས་མཁན་དུ་གྱུར་པར་བསམས་ལ། དུར་ཁྲོད་ནག་པོའི་རྒྱུད་ལས། ཨོཾ་ཙཎྜ་མ་ཧཱ་ཀཱ་ལ་གནོད་བྱེད་ཨི་དཾ་པ་ལི༚་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བཟླ་བ་ནི་བསྲུང་བ་དང་བསད་པའི་མན་ངག་གོ། སྐབས་འདིར་རཀྵ་སྟཾྭ་གྱི་གོང་དུ་འགུག་པ་དང་། བཞེས་ཤིག་གི་མཐར་ཕྱོགས་བཅུ་མགོན་པོའི་བསྐུལ་རིང་དང་། མ་མོ་རྣམས་ཀྱི་བཟློག་
(༤༨)པ། དྲང་སྲོང་ལོ་ཀྟྲིའི་ཡང་བཟློག་བཅས་མཛད་པ་ཕྱག་བཞེས་སོ། །གསུམ་པ་ནི། ཡེ་ཤེས་ཀྱི་མགོན་པོ་ཞལ་སྦྱོར་བདག་བསྒོམ་དུ་བྱ་བ་སྟེ། དེ་ཡང་རིན་ཆེན་དཔུང་རྒྱན་གྱི་རྒྱུད་ལས། བཻ་ཏཱ་ལི་དང་ཡང་དག་ལྡན། །གཡོན་ཏུ་འཁྲིལ་བ་ཡུམ་གྱི་ཚུལ། །རང་སེམས་རྫོགས་པ་ལྷ་ཡི་སྐུ། །རྣམ་པར་བསྒོམ་པས་འགྲུབ་པ་ཡིན། །ཞེས་གསུངས་པ་ཉིད་རྟོགས་པ་དོན་གྱི་བརྒྱུད་པ་ཟམ་མ་ཆད་པའི་མན་ངག་ལས་འབྱུང་བ་བཞིན་ཉམས་སུ་བླངས་པ་སྟེ། ཨོཾ་ཨཱ༔ཧཱུྃ་ཧོ༔འགྱུར་པ་མེད་པ་ཆོས་ཀྱི་དབྱིངས། །མཚན་མ་ལས་འདས་སྲུང་བ་ཡི། །འཁོར་ལོའི་གུར་ཁང་ཡངས་པའི་ནང་། །ཧཱུྃ་ཆེན་སྔགས་ཀྱི་སྒྲ་གདངས་ཀྱི། །གླུ་ཡིས་བསྐུལ་བས་ལེགས་ལྡན་མགོན། །རྟེན་དང་བརྟེན་པར་བཅས་པ་རྣམས། །འོད་གསལ་དབྱིངས་སུ་སྙོམས་པར་ཞུགས། །ཨོཾ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཞེས་པས་འཆི་སྲིད་ཀྱི་རྟོག་པ་སྦྱོང་ཞིང་། ཡེ་ཤེས་ཀྱི་ཚོགས་བསགས་པའོ། །སྟོང་དང་སྙིང་རྗེ་ཆེའི་རང་བཞིན། །འབར་བའི་ཧཱུྃ་ཡིག་ནམ་མཁའ་ལ། །མཐིང་ག་ཉི་མ་ལྟ་བུར་ཤར། །རྒྱུད་ལས་འབྱུང་བ་རིམ་བརྩེགས་མ་གསུངས་ཀྱང་། འབྲེལ་བ་ལས་འབྱུང་བ་ལྟར་བཀོད་པ་ནི། དེ་ལས་འཕྲོས་པའི་ཡི་གེའི་བྲེང་། །ཨེ་ཡིག་འབར་བ་ལས་བྱུང་བའི། །ནམ་མཁའ་འབྱམས་ཀླས་ཆོས་དབྱིངས་མཉམ། །དེ་ཡི་དབུས་སུ་ཡྃ་ཡིག་ལས། །རླུང་གི་དཀྱིལ་འཁོར་གཞུ་ཡི་དབྱིབས། །སྔོན་པོ་བ་དན་གྱིས་མཚན་སྟེང་། །རྃ་བྱུང་མེ་ཡི་དཀྱིལ་འཁོར་ནི། །ཟུར་གསུམ་དམར་པོ་རེ་བས་མཚན། དེ་སྟེང་བྃ་
(༤༩)ལས་ཆུའི་དཀྱིལ་འཁོར། །དཀར་པོ་ཟླུམ་པོ་བུམ་པས་མཚན། །དེ་སྟེང་ལྃ་བྱུང་སའི་དཀྱིལ་འཁོར། །གྲུ་བཞི་སེར་པོ་རྡོ་རྗེས་མཚན། །དེ་སྟེང་བྷྲཱུྃ་ལས་འཁོར་ལོ་སྟེ། །འཁོར་ལོའི་སྟེང་དུ་བྷྲཱུྃ་གྱིས་མཚན། །དེ་དག་ཡོངས་སུ་གྱུར་པ་ལས། །གཞལ་མེད་ཁང་པ་ཆེན་པོ་ནི། །ས་མནྟ་ཤྲཱིའི་དབང་ཆོག་ཏུ། ཕྱི་ནས་རིམ་བཞིན་དཀར་པོ་དང་། །སེར་པོ་དམར་པོ་ལྗང་གུ་དང་། །ནག་པོ་རྣམས་ཀྱི་རྩིག་པ་ལྔ། །གྲུ་བཞི་པ་ལ་སྒོ་བཞི་པ། །ཀ་བ་བརྒྱད་ཀྱིས་ཡང་དག་བརྒྱན། །རྟ་བབ་བཞི་ཡི་རྣམ་པར་མཛེས། །སྣ་ཚོགས་རིན་ཆེན་མེ་ཏོག་གི། དྲྭ་བ་དྲྭ་ཕྱེད་ཡང་དག་ལྡན། །ཟླ་ཕྱེད་རྡོ་རྗེ་རིན་ཆེན་མཛེས། །དུར་ཁྲོད་རྒྱན་གྱིས་ཉེ་བར་བརྒྱན། །དཀྱིལ་འཁོར་དབུས་ཀྱི་ཕྱོགས་དག་ཏུ། །མེ་ཡི་དཀྱིལ་འཁོར་རབ་འཇིགས་འབར། །གནམ་ལྕགས་འཁོར་ལོ་རྩིབས་བརྒྱད་པའི། འདིར་ས་མནྟ་ཤྲཱིས། སྣ་ཚོགས་རྡོ་རྗེ། སྣ་ཚོགས་པདྨ་བཤད་ཀྱང་། རྒྱུང་འགྲེལ་རྣམས་སུ་གསལ་ཁ་མེད་པས་མ་བཀོད། དབུས་སུ་སྣ་ཚོགས་པདྨའི་སྟེང་། །ཉིན་མོར་བྱེད་པའི་དཀྱིལ་འཁོར་ལ། །གནས་པ་དབུགས་བྲལ་སྙིང་གར་ནི། །ལྔ་བཅུ་པའི་དགོངས་པ་ལས། སྟོན་པ་བཅོམ་ལྡན་དགྱེས་པ་རྡོ་རྗེ་ནི། རྒྱུ་རྡོ་རྗེ་འཛིན་པ་ཡིན་ལ། སེམས་ཅན་གྱི་སྡུག་བསྔལ་བསལ་བའི་དོན་དུ། ནག་པོ་ཆེན་པོར་སྟོན་པ་ཡིན་པར་གོ་སྟེ། ཕྱག་གཉིས་པ་དང་། བཅུ་དྲུག་པ་སོགས་བཞེངས་པའི་དོན་དུ། ལྷ་མོས་བཅོམ་ལྡན་འདས་ཉིད་ལ་གསོལ་བ་བཏབ་ནས་བསྐུལ་བར་གསུངས་པའི་ཕྱིར་དང་། ནག་པོ་ཆེན་པོའི་སྲོག་གི་
(༥༠)རྒྱུད་ལྷ་ཐམས་ཅད་ཀྱི་ཕྲིན་ལས་འདུས་པའི་བརྟག་པའི་ལེའུ་དང་པོར། བཅོམ་ལྡན་འདས་དྲེགས་པ་ཅན་འདུལ་བའི་དེ་ཁོ་ན་ཉིད་ཀྱི་ཐུགས་ལས་ཡང་དག་པར་ཕྱུང་བ། ཧཱུྃ་གི་རྣམ་པར་མདུན་གྱི་བར་སྣང་ལ་གནས་ཤིང་སྤྲོ་བ་དང་བསྡུ་བའི་སྦྱོར་བས། ནག་པོ་ཆེན་པོའི་སྐུར་ཡང་དག་པར་མཛད། །ཅེས་གསུངས་པའི་ཕྱིར་རོ། །ཞེས་འདོད་དོ། །གལ་ཏེ་རྒྱུའི་ཧེ་རུ་ཀ་མེད་ན། བཞེངས་ཤིག་བདག་གིས་འདི་བསྐུལ་ནས། ཞེས་སོགས་དང་། ཀྱཻ། བཅོམ་ལྡན་འདས་བཞེངས་ལ་སེམས་ཅན་གྱི་དོན་མཛོད་ཅིག། ཅིའི་ཕྱིར་སྟོང་པ་ཉིད་ལ་སེམས། ཞེས་སོགས་བསྐུལ་བའི་ཡུལ་མེད་ཅིང་། ས་བོན་ལ་བསྐུལ་བ་ནི་གང་དུའང་མ་མཐོང་ངོ། དེས་རྒྱུའི་ཧེ་རུ་ཀ་ནི། རྒྱུད་གཞན་ནས་གསུངས་པའི་དགྱེས་རྡོར་བསྒོམ་པ་ཡིན་ནོ་སྙམ་ན། འདིར་གསུངས་པའི་དགྱེས་པ་རྡོ་རྗེ་ནག་པོ་ཆེན་པོའི་གཟུགས་ཅན་གྱི་ཕྱག་བཅུ་དྲུག་པ་ཡིན་ནོ། །ཞེས་གོ་སྟེ། ཇི་སྐད་དུ། རྣལ་འབྱོར་པས་ཕྱག་བཅུ་དྲུག་རྟག་ཏུ་དེ་ཉིད་ཀྱི་བྱེད་པ་བརྗོད་པར་བྱའོ། །གང་དང་གང་དུ་ཕྱག་གཉིས་པ་བསྒོམ་པས་དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱ་བའི་དོན་ནོ། །ཞེས་དང་། ཡིད་ཀྱི་འགྱུ་བ་གསལ་བ་ཕྱག་བཅུ་དྲུག་པ་རྫོགས་པར་བྱས་ནས། ཕྱག་གཉིས་པ་བཤད་པར་བྱ་སྟེ། སེམས་ཅན་རྣམས་ཀྱི་སྡུག་བསྔལ་བསལ་བའི་དོན་དུ་ཇི་ལྟར་ཕན་པར་བསམ་པ་ཙམ་གྱིས་སྡུག་བསྔལ་ལས་ཡང་དག་པར་འདོན་པའི་ལྷའི་རིགས་བསམ་པར་བྱའོ། །ཞེས་པས་སོ། །དེ་ལྟར་ནརྒྱུ་རྡོ་རྗེ་འཛིན་པ་མངོན་དུ་དང་ལྔའི་ཆོ་གས་བསྐྱེད་པ་ནི། ཨ་ཨཱ། ཨི་ཨཱི། ཨུ་
(༥༡)ཨཱུ། རྀ་རྀ། ལྀ་ལྀ། ཨེ་ཨཻ། ཨོཾ་ཨཽ། ཨཾ་ཨ༔ཞེས་ལན་གཉིས་སུ་བཟླས་པས། ཨཱ་ལི་ལས་བྱུང་ཟླ་བ་ནི། མེ་ལོང་ཡེ་ཤེས་རང་བཞིན་སྟེང་། ཞེས་པའི་མངོན་བྱང་དང་པོ་འདིས་སྦྱང་གཞི་ཁུ་བདག་པ་དང་སྦྱང་འབྲས་སྐུ་རྡོ་རྗེ་འགྲུབ་པའོ། །ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ། ཀྵལན་གཉིས། ཀཱ་ལི་ལས་བྱུང་ཉི་མ་སྟེ། །མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཞེས་པའི་མངོན་བྱང་གཉིས་པ་འདིས་སྦྱང་གཞི་རྡུལ་དག་པ་དང་། སྦྱང་འབྲས་གསུང་རྡོ་རྗེ་འགྲུབ་ཅིང་། འདི་གཉིས་ཀྱིས་མངལ་དང་དྲོད་ཤེར་སྐྱེས་ཀྱི་རྟོག་པའང་སྦྱོང་ངོ། །དེ་དག་དབུས་སུ་རང་གི་སེམས། །ཧཱུྃ་གི་གཟུགས་ཅན་ཞུགས་པ་ལས། །རྡོ་རྗེ་ནག་པོ་རྩེ་ལྔ་པ། །རབ་ཏུ་གྱེས་པས་མཚན་པ་ཡི། །གྲི་གུག་སྔོན་པོའི་ལྟེ་བར་ཧཱུྃ། །སོ་སོར་རྟོག་པའི་རང་བཞིན་ནོ། །ཞེས་པའི་མངོན་བྱང་གསུམ་པ་འདིས་སྦྱང་གཞི་སྲོག་རླུང་རྣམ་ཤེས་དག་པ་དང་། སྦྱང་འབྲས་ཐུགས་རྡོ་རྗེ་འགྲུབ་ཅིང་། སྒོང་སྐྱེས་དང་བརྫུས་སྐྱེས་ཀྱི་སྐྱེ་གནས་སྦྱོང་བའོ། །འོད་འཕྲོས་དོན་བྱས་འདུས་པ་ནི། བྱ་བ་ནན་ཏན་ཡེ་ཤེས་ཏེ། ཞེས་པའི་མངོན་བྱང་བཞི་པ་འདིས་སྦྱང་གཞི་མེར་མེར་པོ་ལ་སོགས་པའི་གནས་སྐབས་སྦྱོང་ཞིང་། སྦྱང་འབྲས་ཡེ་ཤེས་རྡོ་རྗེའི་ཉེར་བདོག་ལ་འཇུག་པའོ། །ཐམས་ཅད་གཅིག་ཏུ་གྱུར་པ་ནི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཉིད། །དཔལ་ལྡན་ནག་པོ་ཆེན་པོའི་སྐུ། །ཞེས་པའི་མངོན་བྱང་ལྔ་པ་འདིས་སྦྱང་གཞི་ལུས་ཡོངས་སུ་རྫོགས་པའི་གནས་
(༥༢)སྐབས་དག་པ་དང་། སྦྱང་འབྲས་ཡེ་ཤེས་རྡོ་རྗེ་མངོན་དུ་བྱེད་པའོ། །དེ་ལྟར་མངོན་བྱང་ལྔ་བསྐྱེད་འདི་གྲི་གུག་བརྩེགས་པའི་རྒྱུད་ཀྱི་དུམ་བུ་དང་པོར། ཨཱ་ལི་ཀཱ་ལིའི་འཕྲོ་འདུ་ལས། ཐིག་ལེ་ཧཱུྃ་ལ་རྡོ་རྗེ་སྟེ། ཞེས་དང་། འགྲེལ་བ་ལས་བཤད་པ་ལྟར་བཀོད་པའོ། མཆོག་ཏུ་དགའ་བའི་རང་བཞིན་ཅན། ནམ་མཁའི་རང་བཞིན་ཞལ་བཞི་པ། དང་པོའི་ཞལ་ནི་ནག་པོ་སྟེ། གཡོན་པ་ལྗང་གུ་གཡས་དམར་པོ། རྒྱབ་ན་མ་ཧེ་ཤ་ཡི་ཞལ། མཆེ་བ་གཙིགས་ཤིང་འཇིགས་པར་བྱེད། འཇིགས་ཆེན་ང་རོ་ཤིན་ཏུ་གྲགས། འཇིགས་པའང་ཤིན་ཏུ་འཇིགས་པར་བྱེད། ཞལ་རེ་ལ་ཡང་སྤྱན་གསུམ་གསུམ། སྨ་ར་སེར་པོ་སྐྲ་སེར་པོ། ཤིན་ཏུ་གྱེན་དུ་བརྫེས་པ་སྟེ། འོད་ཟེར་དང་ལྡན་ཀླུའི་དབང་པོ། འཇོག་པོས་དཀྲིས་ཤིང་ཞབས་བཞི་པ། །བདུད་བཞི་པོ་དང་མ་ཧེ་ཤ། གཡས་བརྐྱང་ཞབས་ཀྱིས་ཡང་དག་མནན། །ཕྱག་ནི་བཅུ་དྲུག་གཡས་གཡོན་གྱི། །དང་པོ་གཉིས་ཀྱིས་ལྷ་མོ་ལ། །འཁྱུད་ཅིང་གཡས་ཀྱི་གཉིས་པ་ན། །གྲི་གུག་གསུམ་པ་ཐོ་བ་སྟེ། །བཞི་པ་རྔ་ཡབ་དཀར་པོའོ། །ལྔ་པར་གཤིན་རྗེའི་དབྱུག་པ་སྟེ། །དྲུག་པ་རྡོ་རྗེ་བདུན་པ་ན། །ལོག་འདྲེན་མཆེ་བ་གཡོན་གཉིས་པས། ཁྲག་གིས་བཀང་བའི་ཐོད་པ་སྟེ། །རྩེ་གསུམ་པ་ནི་གསུམ་པ་ན། །བཞི་པར་རྡེའུ་ཆུང་ལྔ་པར་ནི། །རྡོ་རྗེའི་མདུད་པ་དྲུག་ལ་ན། །དྲིལ་བུ་བདུན་པ་མ་ཧེའི་མགོ། །གཡས་གཡོན་བརྒྱད་པའི་ཕྱག་གཉིས་ན། །གླང་པོའི་པགས་པ་ལྟོ་འཕྱངས་པ། །
(༥༣)སྟག་གི་པགས་པས་སྐེད་པ་དཀྲིས། །དཔུང་པ་རིགས་ཅན་གྱིས་རབ་བརྒྱན། །མགོ་བོའི་ཕྲེང་བའི་དོ་ཤལ་འཕྱངས། །རྐེད་པ་ལ་ནི་དགའ་བོ་དང་། །མགྲིན་པར་ནོར་རྒྱས་ལ་སོགས་པ། །ཀླུ་རྣམས་ཀྱིས་ནི་ཉེ་བར་བརྒྱན། །སྲེད་མེད་བུ་ལ་སོགས་རྣམས་ཀྱིས། །ཞབས་ལ་བཏུད་ནས་ཕྱག་བྱེད་པ། །ཕཊ་ཌའི་སྒྲ་ཆེན་ཡོངས་སུ་སྒྲོག། ཀི་ལི་ཀི་ལིའི་སྒྲ་དང་ལྡན། །འབྲུག་གི་སྒྲ་ཆེན་རབ་ཏུ་སྒྲོག། ཧ་ཧ་ཧི་ཧི་ཧེ་ཧེ་དང་། །ཧོ་ཧོའི་སྒྲ་ནི་རབ་ཏུ་འབྱུང་། །མདུན་ན་ལྷ་མོ་དབུ་མ་ནི། ཁ་དོག་དཀར་མོ་ཕྱག་བཞི་མ། །གཡས་གཉིས་གྲི་གུག་རྡོ་རྗེའི་ཞགས། །དུང་དམར་ཏྲི་ཤཱུ་ལ་གཡོན་འཛིན། །དགའ་བ་ཆེན་མོས་གནས་པ་ཉིད། །དེ་བཞིན་མཆེ་བ་རྣམ་པར་གཙིགས། །མཁའ་གསང་བྱིན་གྱིས་བརླབ་པ་ནི། །བཅོམ་ལྡན་འདས་ཀྱི་གསང་བ་ནི། །མི་དམིགས་པ་ལས་ཧཱུྃ་ནག་པོ། །དེ་ལས་རྡོ་རྗེ་རྩེ་ལྔ་པ། །ནག་པོའི་སྟེང་ན་ཨོཾ་དམར་སེར། །ནོར་བུ་དྱཱས་མཚན་བུ་གར་ཕཊ། །སེར་པོ་མགོ་ཕྱིར་བསྟན་པས་བཀག། ལྷ་མོའི་སྐྱེ་གནས་མི་དམིགས་པ། །ཧཱུྃ་ཡིག་དམར་ལས་པདྨ་དམར། །འདབ་མ་གསུམ་པ་ཨ་ཡིག་ལས། །དཀར་སེར་ཟེའུ་འབྲུ་དྱཱས་མཚན་ཞིང་། །མགོ་ཕྱིར་བསྟན་པའི་ཕཊ་ཡིག་གིས། །བུ་ག་ཡོངས་སུ་བཀག་པའོ། །རྗེས་ཆགས་ཀྱི་ང་རྒྱལ་དང་ལྡན་པས་སྙོམས་པར་ཞུགས་པ་ནི། ས་མནྟ་ཤྲཱིས། ཨོཾ་སརྦ་ཏ་
(༥༤)ཐཱ་ག་ཏ་ཨཱ་ནུར་ག་ཎ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧྃ། དེ་ནས་སྙོམས་ཞུགས་དགའ་བའི་སྒྲས། །བསྐུལ་བས་ཕྱོགས་བཅུའི་དེ་བཞིན་གཤེགས། །ཐམས་ཅད་བཅོམ་ལྡན་ཞལ་དུ་ཞུགས། །པདྨར་སོན་པས་ཁྲག་འཐུང་ཐབས། །བདེ་ཆེན་ལྷན་སྐྱེས་ངོ་བོར་ཞུ། །དངུལ་ཆུའི་རྡོག་མ་ལྟ་བུའོ། །དེ་ནས་ཚད་མེད་ལྷ་མོ་ནི། །ལགས་དགྱེས་མཐོང་ནས་མདུན་འདུག་བསྐུལ། ཀྱཻ། །བཅོམ་ལྡན་འདས་ཉིད་ཁྱོད་ཉོན་ཅིག །བཞེངས་ཤིག་བདག་གིས་འདི་བསྐུལ་ནི། །ནག་པོ་ཆེན་པོའི་བདག་ཉིད་བཞེངས། །ཞེས་སྙན་མནན་པ་སྔོན་དུ་འགྲོ་བས། ཀྱཻ། བཅོམ་ལྡན་འདས་སྐད་ཅིག་ཉིད་ལ་རྫོགས་པར་བཞེངས་ཤིག །བཅོམ་ལྡན་འདས་བཞེངས་ལ་སེམས་ཅན་གྱི་དོན་མཛོད་ཅིག །ཅིའི་ཕྱིར་སྟོང་པ་ཉིད་དུ་སེམས། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་མ་ཞེན་པར་གང་སེམས་ཅན་ཛམ་བུ་གླིང་པ་རྣམས་ལ་གཟིགས་ཤིག །དངོས་གྲུབ་སྣ་ཚོགས་པ་སྩོལ་ཅིག །ཅེས་བསྐུལ་ནས། ལྷ་མོ་ཡང་ཐིག་ལེ་དེ་ཉིད་ལ་ཡོངས་སུ་ཞུགས་པར་གྱུར། དེའི་རྐྱེན་གྱིས་སླར་ཐིག་ལེ་དེ་ཉིད་སྐད་ཅིག་གིས་རྗེ་བཙུན་ནག་པོ་ཆེན་པོའི་སྐུར་གྱུར་པ་ནི། སྐུ་མདོག་མུན་ཆེན་གྱི་མདོག་ལྟ་བུ། ཆོས་ཀྱི་དབྱིངས་ནས་མ་གཡོས་ཕྱིར་ཞལ་གཅིག་པ། རྟག་པ་དང་ཆད་པའི་མཐའ་སྤོང་བ་ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་རང་བཞིན་ཕྱག་གཉིས་དང་ལྡན་པ། །
(༥༥)འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་ཆོས་མཐའ་དག་གཟིགས་ཤིང་དུས་གསུམ་གྱི་བསྟན་པ་བསྲུང་བའི་ཕྱིར་སྤྱན་གསུམ་ཁྲག་ལྟར་དམར་ཞིང་ཟླུམ་ལ་མཐའི་ཉི་མ་དང་། མེ་མདག་གི་ཕུང་པོ་ལྟར་འབར་བའི་འོད་ཟེར་གྱིས། བགེགས་ཀྱི་ཚོགས་རྣམས་བསྲེག་ཅིང་ཐལ་བ་ལྟ་བུར་མཛད་པ། དྲི་འཛིན་པའི་དབང་པོ་ལས་བསྐལ་པའི་མཐའི་རླུང་ལྟར་དྲག་ཏུ་གཡོ་བའི་ཤུགས་ཅན། རི་རབ་རྣམས་ཀྱང་རྡུལ་ཕྲན་ལྟ་བུར་བྱེད་པ། ལོག་འདྲེན་སྐད་ཅིག་གིས་གསོད་པའི་དུག་གི་དབུགས་རླུང་མུན་པའི་མདོག་ཅན་རྣམ་པར་འཕྲོ་བ། རྔམས་པར་གདངས་པའི་ཞལ་ནས་ཟླ་བའི་དུམ་བུ་ལྟར་དཀར་ཞིང་རབ་ཏུ་རྣོ་བའི་མཆེ་བ་བདུད་བཞིའི་གཙུག་ཏུ་དྲག་པོར་གདབ་པར་གཟས་པ་ལྟ་བུར་ཁྲག་གིས་གོས་བཞིན་པ་གཙིགས་པའི་མཐར། གློག་ལྟར་ཤིན་ཏུ་གཡོ་བའི་ལྗགས་ཁྲག་དང་ཞག་གི་རོ་ལ་མངོན་པར་ཆགས་པས་བསྐྱོད་པ་དང་། རྐན་ལས་བྱུང་བའི་སྒྲ་ཆེན་པོ་སྒྲོགས་ཤིང་། ཡང་ཡང་བསྐྱོད་པར་མཛད་པ། གདུག་པ་འདུལ་བ་དང་། རྣལ་འབྱོར་པའི་རྒྱུད་བསྲུང་བ་ལ་ཆགས་ཤིང་མི་སྤོང་བའི་ཕྱིར། ཞལ་ནས་ཁྲག་གི་རྒྱུན་མི་ཆད་པར་འཛག་པ། དབང་ཕྱུག་གི་ཡོན་ཏན་གྱི་བདག་ཉིད་དང་། དངོས་གྲུབ་ཆེན་པོ་བརྒྱད་སྦྱིན་པའི་ཕྱིར་ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། ཁམས་
(༥༦)གསུམ་གྱི་བདུད་ལས་རྒྱལ་བའི་ཕྱིར། མེ་ལྕེའི་ཕྲེང་བ་འཕྲོ་བའི་དབུ་སྐྲ་དམར་སེར། ཀླུའི་དབང་པོ་འཇོག་པོ་དང་། དར་གྱིས་བཅིངས་ཤིང་རྩེ་མོ་གྱེན་དུ་འབར་བ་ཅན། རྡོ་རྗེའི་ནག་པོའི་ཕྲེང་བས་སྤེལ་བ། ཟླ་བ་ལྟར་དཀར་བའི་ཐོད་པ་མེ་རབ་ཏུ་འབར་བའི་ཐོད་བཅིངས་པ། རིགས་ལྔའི་རྒྱལ་བ་རྣམས་ཀྱི་ངོ་བོ་རིན་པོ་ཆེའི་རྩེ་བྲན་རྣམ་པ་ལྔས་བརྒྱན་པ། ཨག་ཚོམ་དང་། སྨིན་མ་དམར་སེར་སྟེང་དུ་འབར་བ། དེ་བཞིན་གཤེགས་པ་མི་བསྐྱོད་པའི་རང་བཞིན་རུས་པའི་འཁོར་ལོས་སྤྱི་བོར་བརྒྱན་པ། སྣང་བ་དང་སྟོང་པའི་རང་བཞིན་རྡོ་རྗེའི་སྙན་གཡས་པ་ལ་ནི་སྟོབས་ཀྱི་རྒྱུ་དང་། གཡོན་པ་ལ་པདྨ་དང་། དེ་བཞིན་གཤེགས་པ་པདྨ་གར་གྱི་དབང་ཕྱུག་གི་རང་བཞིན་རྡོ་རྗེའི་སྙན་ཆས་བརྒྱན་པ། མགྲིན་པར་ནོར་རྒྱས་དང་། དེ་བཞིན་གཤེགས་པ་རྡོ་རྗེ་ཉི་མའི་རང་བཞིན་རྡོ་རྗེའི་མགུལ་རྒྱན་གྱིས་མཛེས་པ། རྐེད་པར་དགའ་བོ་དང་། དེ་བཞིན་གཤེགས་པ་རྡོ་རྗེ་རྒྱལ་པོའི་རང་བཞིན་རྡོ་རྗེའི་སྐེ་རག་གིས་བརྒྱན་པ། འཁོར་ལོ་དང་། དཔལ་བེའུ་དང་། གཡུང་དྲུང་འཁྱིལ་བ་དང་། བཀྲ་ཤིས་ཀྱིས་མཚན་པའི་ཕྱག་དང་། ཞབས་ལ་རིང་པོ་དང་། ཟླུམ་པོ་དང་། རྒྱས་པ་དང་། དྲྭ་བས་འབྲེལ་བའི་སོར་མོ་ལས་སྐྱེས་པ་ཟང་ལྟར་དམར་ཞིང་སྣུམ་པ། མཐོ་ཞིང་རྩེ་མོ་ལྕགས་ཀྱུའི་གཟུགས་ཅན་གྱིས་སེན་མོ་ལོག་འདྲེན་
(༥༧)གྱི་ཁྲག་གིས་བསྒོས་པ་ཅན། དེ་བཞིན་གཤེགས་པ་རྟག་པའི་རང་བཞིན་རྡོ་རྗེའི་ལག་གདུབ་དང་། གཡས་པ་ལ་པདྨ་ཆེན་པོ་དང་། གཡོན་པ་ལ་ཧུ་ལུ་ཏས་དཀྲིས་པ། མ་རིག་པ་ལ་སོགས་པའི་ཉོན་མོངས་པ་ཡོངས་སུ་གཅོད་ཅིང་། གདུག་པ་འདུལ་བའི་ཕྱིར་ཁྲོ་བོའི་རྡོ་རྗེ་ནག་པོ་རྩེ་ལྔ་པའི་ཡུ་བ་ཅན་གྱི་རྡོ་རྗེ་གྲི་གུག་ཁྲག་གིས་གོས་ཤིང་མེ་འབར་བ་ཉི་མ་ལས་ཆེས་ཆེར་ལྷག་པའི་འོད་ཟེར་གྱི་ཚོགས་ཕྱོགས་ཀུན་ཏུ་འཕྲོ་བས་བདུད་དང་དགྲའི་ཚོགས་མེད་པར་བྱེད་པ། གཡས་པའི་ཕྱག་གིས་ནམ་མཁར་གདེངས་པ། ལྷ་མ་ཡིན་གྱི་གཙོ་བོའི་ཐོད་པ་ཟླ་བ་ལྟར་དཀར་བའི་འོད་ཀྱིས། །རྨོངས་པའི་མུན་པ་མཐའ་དག་སེལ་བར་བྱེད་པ། ཧྲཱི༚་གི་གླུས་འདྲེན་ཞིང་ཞལ་དུ་གསོལ་བཞིན་པའི་ཁྲག་གི་རྒྱུན་སྙིང་རྗེ་ཆེན་པོའི་རོས་གང་བ་ཕྱག་གཡོན་གྱིས་ཐུགས་ཀར་འཛིན་པ། རྣམ་པ་ཀུན་མཆོག་མའི་རང་བཞིན་ཡན་ལག་ཐམས་ཅད་ལ་ཐལ་བས་བརྒྱན་པ། གདུག་པ་ཅན་སྣ་ཚོགས་པ་འདུལ་བའི་ཕྱིར། སྟག་གི་པགས་པའི་ཤམ་ཐབས་བྱས་ཤིང་། ནང་དུ་དར་དཀར་པོའི་ན་བཟའ་དང་། དེའི་ཕྱི་རོལ་དུ་སྐུ་བཞིའི་ཚུལ་གྱིས་འགྲོ་བའི་དོན་བསྒྲུབ་པ་ཉིད་ཀྱི་འཇོལ་བར་ལྗང་ནག་བཞི་བརྩེགས་གསོལ་བའི་སྟེང་དུ། སོ་སོའི་སྐྱེ་བོ་དང་། དེ་བཞིན་གཤེགས་པའི་དེ་ཉིད་གཅིག་པའི་རང་བཞིན་
(༥༨)གསེར་གྱི་གཞི་ལ་གནས་པའི་རྩི་པ་ཊའི་ཁ་ནས་འབྱུང་བ། རིན་པོ་ཆེ་སྣ་ཚོགས་པའི་ཆུན་པོ་བརྒྱ་རྩ་བརྒྱད་ཀྱིས་བཀླུབས་པ་དང་ལྡན་པའི་སྐ་རག་བཅིངས་པ། དེའི་ཕྱི་རོལ་དུ་ཡེ་ཤེས་ལྔའི་རང་བཞིན་འཇོལ་བེར་མཐིང་ནག་གསེར་གྱི་གཡུང་དྲུང་འཁྱིལ་བས་བརྒྱན་པ་ལྔ་བརྩེགས་ལྷུག་པར་གསོལ་བ་ལས་རིན་པོ་ཆེ་དང་། འདོད་པའི་ཡོན་ཏན་མཐའ་དག་འབྱུང་བ། འདུ་བྱེད་ལྔ་ཅུ་རྩ་གཅིག་དག་པའི་རང་བཞིན། ཡི་གེ་ལྔ་བཅུའི་སྔགས་ཀྱི་བདག་ཉིད། གྲི་གུག་བརྩེགས་པའི་རྒྱུད་ལས། བདུད་ཀྱི་བེར་ནག་སྐུ་ལ་གསོལ། །ཞེས་དང་། སྐུ་ལ་དར་ནག་བེར་ཆེན་གསོལ་བ་ནི། །ཐུགས་རྗེའི་སྤྲུལ་སྐུས་འགྲོ་དོན་བྱེད་པའི་རྟགས། །ཞེས་དང་། ནག་པོ་ཆེན་པོའི་སྲོག་གི་རྒྱུད་ཀྱི་ལེའུ་དང་པོར། སྐུ་ལ་དང་ནག་འཇོལ་བེར་དགུ་བརྩེགས་གསོལ། ནོར་བུས་མིག་གཙང་ཡིད་འོང་གསེར་སྐེད་བཅིངས། དེས་དང་། དར་བེར་ནག་པོ་གཏུམ་པོའི་སྐུ་ལ་གསོལ། །དབང་ཕྱུག་གསེར་སྐད་རིན་ཆེན་སྐུ་ལ་བཅིངས། །ཞེས་དང་། སློབ་དཔོན་ཆེན་པོ་ཨརྞ་པས། སྐུ་ལ་དར་བེར་གསོལ་བས་སྟོང་གསུམ་འདུལ། །ཞེས་སོགས་ལུང་མང་དུ་ཡོད་དོ། །མཆན། གདུག་པ་ཅན་མཐའ་དག་གི་མགོ་བོ་དྲག་པོར་བཅད་པ་ལས་ཁྲག་འཛག་ཞིང་། དབུགས་དང་བྲལ་མ་ཐག་པའི་ཐོད་རློན་ལྔ་བཅུའི་ཕྲེང་བ་ཕྲག་པར་འཕྱང་བ། ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་རབ་ཏུ་མི་ཤིགས་པའི་རང་བཞིན་ཀླུའི་རྒྱལ་པོ་རིགས་ལྡན་གྱིས་བརྒྱན་པའི་ཞབས་གཡས་ཅུང་ཟད་བསྐྱོད་པས་སྟོང་གསུམ་
(༥༩)གཡོ་བར་མཛད་པ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པའི་རང་བཞིན་ཞབས་གཡོན་དུང་སྐྱོང་གིས་དཀྲིས་པ་མཐོ་ལྔའི་བར་དུ་བརྐྱངས་པས་དངོས་པོ་ཐམས་ཅད་མ་སྐྱེས་པའི་ཕྱིར། འཇིག་རྟེན་གྱི་ཁམས་ཀྱི་དྲེགས་པ་ཅན་རྣམས་ཀྱི་གཙོ་བོར་བྱེ་བ་འབུམ་སྡེ་ཁ་སྦུབས་དུ་བསྒྱེལ་བ། ཉོན་མོངས་པ་རྣམས་བདུད་དང་དགྲའི་ཚོགས་དབུགས་བྲལ་དང་མཉམ་པར་མནན་ཞིང་། དྲག་པོའི་སེམས་དང་ལྡན་པ། རབ་ཏུ་ཁྲོས་པའི་སེང་གེ་དང་། མིག་སྨན་ལྟར་གནག་པའི་མྱུར་འགྲོས་བཏེགས་པ། རིན་པོ་ཆེའི་ཁྲི་ལ་གནས་ཤིང་བསྐལ་པ་ཐ་མའི་མེ་ཡི་ཕྲེང་བ་རབ་ཏུ་འབར་བས་བརྒྱན་པ། ལོག་འདྲེན་གདུག་པ་ཅན་གྱི་དཔུང་ཚོགས་འཇོམས་པར་མཛད་པ། ཤིན་ཏུ་བཟོད་པར་དཀའ་བའི་གཟི་བརྗིད་ཅན། འཇིགས་སུ་རུང་བ་རྣམས་འཇིགས་ཤིང་འཇིགས་པར་མཛད་པ། ཧཱུྃ་ཧཱུྃ་ཕཊ་ཕཊ་ཧ་ཧ་ཧི་ཧི་ཧེ་ཧེ་ཧོ་ཧོའི་སྒྲ་ཆེན་པོ་སྒྲོག་པ་པོ། ཀཱི་ལི་ཀི་ལིའི་སྒྲ་དང་ལྡན་པ། འབྲུག་གི་སྒྲ་ཆེན་པོ་རབ་ཏུ་སྒྲོགས་པའོ། །དེ་ལ་གཉིས་སུ་མེད་པར་ཡེ་ནས་སྦྱོར་བའི་རྣམ་པ་ཀུན་མཆོག་གི་ཐིག་ལེ། ཡུམ་རྡོ་རྗེ་བདེ་མ་རྣལ་འབྱོར་གྱི་དབང་ཕྱུག་བེ་ཏ་ལི་ནམ་མཁའི་དཀྱིལ་འཁོར་ལ་ཐུན་མཚམས་འོད་ཀྱིས་འཁྱུད་པའི་གཟི་བྱིན་འབར་བ། སྐུ་གཅེར་བུ་ལང་ཚོ་རྒྱས་པའི་འགྱུར་བག་ཅན། དྲག་པོར་བཞུད་པའི་ཞལ་ཁྲོ་
(༦༠)འཛུམ་མཆེ་བའི་མྱུ་གུ་གཙིགས་ཤིང་། དམར་ཟླུམ་གཡོ་བའི་སྤྱན་གསུམ་འཁྱིལ་བ། དབུ་སྐྲ་དམར་སེར་ལ་ཐོད་སྐམ་རིན་ཆེན་རྩེ་ཕྲན་ཅན་གྱིས་བཅིངས་པ་མཐུར་དུ་གྲོལ་བ། འཁོར་ལོ་ལ་སོགས་པའི་རུས་པ་དང་། ཐོད་པ་སྒམ་རློན་གྱི་ཕྲེང་བ། དྲིལ་བུའི་གཡེར་ཁ། དར་དམར་གྱི་ཅོད་པན་ལ་སོགས་པས་རབ་ཏུ་བརྒྱན་པ། ཕྱག་གཉིས་རྡོ་རྗེའི་གྲི་གུག་འཛིན་མས་ཡབ་ལ་འཁྱུད་པ། ཞབས་གཡོན་མཉམ་པར་བརྐྱངས་ཤིང་། གཡས་པ་འཁྲིལ་བའི་ཚུལ་ཅན། ཧྲི༚་ཕེ༚་བཞད་པའི་ང་རོས་མཁའ་འགྲོ་མ་མོ་དབང་དུ་སྡུད་ཅིང་ལས་ལ་འགྱེད་པའོ། །ཐབས་ཤེས་ཕན་ཚུན་རྗེས་སུ་ཆགས་པའི་རྣམ་འགྱུར་གྱིས་བསྐུལ་བའི་སྒྲ་དང་འོད་ཀྱིས། ཕྱོགས་བཅུའི་མགོན་པོ་ལྕམ་དྲལ་རྣམས་བཀུག་པ། རྗེ་ཆགས་ཀྱི་མེས་ཞུ་བ་ཡབ་ཀྱི་ཞལ་ནས་ཞུགས། ཡུམ་གྱི་པདྨར་བྱང་ཆུབ་སེམས་ཀྱི་གོང་བུར་འཁྱིལ་བ། དེ་ཉིད་ཧཱུྃ་བྷྱོ་བརྒྱད་བརྒྱད་ཀྱི་ཡི་གེ་གྱུར་པ་པདྨོ་ནས་ཕྱིར་ཕྱུངས། འཁོར་ལོའི་རྩིབས་རྣམས་ལ་སྣ་ཚོགས་པདྨ་དང་། ཉི་མ་དང་རོ་ཡི་གདན་རེ་རེ་གནས་པ་ལ་འཁོད་པའི་ས་བོན་དེ་རྣམས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་ནག་པོ་ཆེན་པོ་ཡབ་ཡུམ་བཅུ་དྲུག་སྐུ་མདོག་ཆ་ལུགས་རྣམ་འགྱུར་ཕྱག་མཚན་གཙོ་བོ་ཡབ་ཡུམ་དང་མཚུངས་པ་རྣམས། ཡེ་ཤེས་ཀྱི་མེ་ཕྲེང་དབུས་ན་གནས་པའོ། །འདི་
(༦༡)ནི་ཡེ་ཤེས་པའི་དཀྱིལ་འཁོར་སྙན་བརྒྱུད་ཀྱི་མན་ངག་ལས་འབྱུང་བ་ཉིད་གཙོ་བོར་བྱས་པའོ། །གཞལ་ཡས་ཁང་གི་སྟེང་འོག་ཕྱི་ནང་ཀུན་ཏུ་སངས་རྒྱས་བྱང་སེམས། །བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ། ཡེ་ཤེས་པ་དང་། ལས་དང་། འཇིག་རྟེན་དམ་ཚིག་ཤ་ཟ་སྤྲུལ་པའི་ཆོས་སྐྱོང་དྲེགས་བྱེད་ཕོ་རྒྱུད་མོ་རྒྱུད་སྡེ་བརྒྱད་ཚོགས་དང་བཅས་པ་བྱེ་བ་དུང་ཕྱུར་སྨིན་ལྟར་གཏིབས་ཤིང་། བུ་ཡུག་ལྟར་འཚུབས་པ། མེ་ལྟར་འབར་ཞིང་ཐོག་སེར་ལྟར་འཁྲུགས་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བའོ། །དེ་ལྟར་གསལ་བའི་གཙོ་བོ་བཅོམ་ལྡན་འདས་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱ༔དམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཧཱུྃ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཆོས་ཀྱི་དབྱིངས་ནས་དཔལ་ཡེ་ཤེས་ཀྱི་མགོན་པོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ། མདུན་གྱི་ནམ་མཁའི་གནས་སུ་གཤེགས་པར་གྱུར། རྡོ་རྗེ་བསྡུ་བའི་རྒྱ་དང་བཅས། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཛསྤོས་རོལ་དབྱངས་དང་བཅས་པས། ཧཱུྃ། ཆོས་དབྱིངས་མཁའ་དང་མཉམ་པའི་ཞིང་། །འོག་མིན་དུར་ཁྲོད་མེ་རི་འབར། །ཧེ་རུ་ཀ་ཡི་གནས་མཆོག་ནས། །སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །ཚོགས་རྗེ་མ་ཧཱ་ཀཱ་ལ་ནི། །ང་ཉིད་དབྱིངས་ཀྱི་
(༦༢)དཀྱིལ་འཁོར་དུ། །མཉམ་ཉིད་ངོ་བོར་ལྷུན་གྲུབ་པའི། །གཤེགས་དང་འབྱོན་པ་མི་དམིགས་ཀྱང་། །བདག་ཅག་བསོད་ནམས་སྤེལ་བ་དང་། །ཉིད་ཀྱི་བསྟན་པ་བསྲུང་བའི་ཕྱིར། །ཐུགས་དམ་བསྐུལ་ཞིང་སྤྱན་འདྲེན་ན། །ཐུགས་རྗེའི་སྟོབས་ཀྱིས་གཤེགས་སུ་གསོལ། ཧཱུྃ། མ་ལུས་སངས་རྒྱས་ཀུན་གྱི་བསྟན་བསྲུང་ཞིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་གྲུབ་ཕྲིན་ལས་རྒྱ་མཚོའི་དཔལ་འབར་བ། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཞེས་དང་། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལཱ་ཡ། དེ་བ་རཀྵ། ཛཧཱུྃ་བྃ་ཧོའདིར་ཤོག་འདིར་ཤོག། ཨ་གཙྪ་ཡ་ཨ་གཙྪ་ཡ། ཧཱུྃ་ཡ་ཛཧཱུྃ་ཡ་ཛཞེས་པས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པ་མདུན་མཁར་བཞུགས་པ་ལ། ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་དེ་ཝཱི་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་ག་ནྡྷེ་ནཻ་ཝི་དྱ་ཤཔྟ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཧཱུྃ། ཞེས་པས་མཆོད། ཧཱུྃ། ནག་པོ་མི་བཟད་ཁྲོས་པའི་གཟུགས། །སྲིན་པོའི་གཟུགས་ཀྱིས་གདུག་པ་འདུལ། །ནག་པོ་ཤ་ཟན་བསྟན་པ་བསྲུང་། །དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ། །སྤྱན་གསུམ་དུས་གསུམ་ས་ལེར་མཁྱེན། །ཞལ་གྱི་མཆེ་གཙིགས་སྐན་སྒྲ་རྡེབས། །ཐོད་སྐམ་ལྔ་ཡི་དབུ་རྒྱན་ཅན། །གཡས་ཀྱི་ཕྱག་ན་གྲི་གུག་བསྣམས། གཡོན་ན་
(༦༣)ཐོད་པ་ཁྲག་བཀང་འཛིན། །སྐུ་ལ་དར་ནག་དགུ་བརྩེགས་གསོལ། །ཐོད་རློན་ལྔ་བཅུའི་དོ་ཤལ་ཅན། །ཤ་ཟའི་རྒྱལ་པོ་ཁྲོས་པའི་གཟུགས། །རྡོ་རྗེ་བདེ་མས་ཡང་དག་འཁྱུད། །མེ་རླུང་འཚུབས་མའི་དབུས་ན་རོལ། །ནག་པོ་ཆེན་པོ་ལ་ཕྱག་འཚལ། །འཇིགས་བྱེད་ཆེན་པོ་བཅོམ་ལྡན་འདས། །གདུལ་དཀའ་མ་ལུས་འདུལ་མཛད་ཅིང་། ཁམས་གསུམ་ལས་རྒྱལ་དྲག་ཤུལ་ཅན། །དཔའ་བོ་ཆེན་པོ་ལ་ཕྱག་འཚལ། །ཞེས་པས་བསྟོད་ཅིང་ཕྱག་གིས་བཏུད་ནས། ཛཧཱུྃ་བྃ་ཧོརབ་དགྱེས་ཕྱག་རྒྱའི་རོལ་པ་ལས། །ཡེ་ཤེས་གསལ་བའི་དཀྱིལ་འཁོར་བ། །དམ་ཚིག་འཁོར་ལོར་གཉིས་མེད་དུ། །ཆུ་ལ་ཆུ་བཞག་ལྟ་བུར་གྱུར། །ཅེས་གཉིས་མེད་དུ་བསྟིམ། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་པར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཞེས་པས་བརྟན་པར་གསོལ་ནས། དབང་བསྐུར་ཞིང་རྒྱས་གདབ་པ་ནི། །ནག་པོའི་སྲོག་རྒྱུད་ལས། དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །བདེ་གཤེགས་སྤྱན་དྲངས་དབང་བསྐུར་ནས། །རིགས་ཀྱི་གཙོ་བོའི་དབང་བསྐུར་སྦྱིན། །ཞེས་གསུངས་པས། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་བཛྲ་ས་མཱ་ཛ༔ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། ཨོཾ་ཨ་བྷི་ཥིཉྩ་ནྟུ་མཾ་སརྦ་ཏ་ཐཱ་ག་ཏ། ཞེས་གསོལ་བ་བཏབ་
(༦༤)པས་ལྷ་མོ་ལ་སོགས་པ་རྣམས་ཀྱིས། ཨོཾ་ཨ་བྷི་ན་ཡ་ན་སྭཱ་ནཾ། ཨོཾ་ཤུ་ནྱ་ཏཱ་དྷིཥྛ་ཏེ་སྭཱ་ཧཱ། ཞེས་གསུངས་ཤིང་བདུད་རྩིའི་བུམ་པའི་ཆུས་དབང་བསྐུར། སྐུ་གང་། དྲི་མ་དག། ཆུའི་ལྷག་མ་ཡར་ལུད་པ་ལས་རིགས་ཀྱི་བདག་པོ་བླ་མ་རྡོ་རྗེ་འཆང་གིས་དབུ་བརྒྱན་པར་གྱུར། རྒྱུད་ལས་མི་བསྐྱོད་པར་གསུངས་ཀྱང་། འདིར་རིགས་ཀྱི་བདག་པོ་བླ་མས་བྱེད་པ་ནི་མན་ངག་གི་ཡི་གེ་ལྟར་མཛད་པའི་རྗེས་སུ་འབྲང་བའོ། །དེ་ནས་མཆོད་ཅིང་བསྟོད་པ་ནི། རང་གི་ཐུགས་ཀའི་ཧཱུྃ་ལས་འཕྲོས་པའི་མཆོད་པའི་ལྷ་མོ་རྣལ་འབྱོར་མའི་ཆ་ལུགས་རྫོགས་པའི་ཚོགས་ནམ་མཁའ་དང་མཉམ་པས། མཆོད་རྫས་ཀྱི་བྱེ་བྲག་རྣམ་པ་མང་པོས་མཆོད་ཅིང་བསྟོད་པར་བསམས་ལ། ཧཱུྃ། རྗེ་བཙུན་བླ་མ་མགོན་པོའི་ལྷ་ཚོགས་རྣམས། །དགྱེས་མཆོད་དམར་ཆེན་བདུད་རྩི་ཨརྒྷཾ་དང་། །དབང་པོའི་མེ་ཏོག་གསུར་ཆེན་སྤོས་ཀྱི་མཆོག །ཞུན་མེ་གྷི་ཧཾ་དྲི་དང་ཤ་ཆེན་པོའི། །ལྷ་བཤོས་དྲག་པོའི་སྒྲ་དབྱངས་ལ་སོགས་པ། །བླ་མེད་ཉེར་སྤྱོད་ཀུན་བཟང་སྤྲིན་དུ་འབུལ། །ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་དྭེ་ཝཱི་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཧཱུྃ། དེ་བཞིན་དུ་ཐོག་མཐའ་སྦྱར་བའི་པུཥྤེ་ནས་ཤབྡའི་བར་གྱིས་ཉེར་སྤྱོད་དང་། ངོ་མཚར་རྣམ་པར་བཀྲ་བའི་ཡིད་འཕྲོག་གཟུགས། །སྒྲ་འཛིན་བདུད་རྩི་ཤིན་ཏུ་སྙན་པ་རྣམས། །ཚིམ་བྱེད་དྲི་ཞིམ་སྣོམས་དང་མཆོག་གི་རོ། །
(༦༥)སྣ་ཚོགས་རེག་བྱའི་ཁྱད་པར་དུ་མ་འབུལ། སྔགས་ཀྱི་ཐོག་མཐའ་གོང་བཞིན་འགྲོ་བའི། ཀ་མ་གུ་ཎ་པཉྩ་པཱུ་ཛ། མཐོ་རིས་གསེར་གྱི་འཁོར་ལོ་ལག་ལྡན་གཙོ། །མྱུར་འགྲོའི་བདག་པོ་ཡིད་བཞིན་དབང་གི་རྒྱལ། །ལང་ཚོས་སྒེག་པའི་བུ་མོ་ཁྱིམ་བདག་མཆོག །བློན་པོ་རིན་ཆེན་དམ་པ་འབུལ་བར་བྱ། རཏྣ་ས་བྷ་པཱུ་ཛ། བཀྲ་ཤིས་གནས་པའི་མེ་ལོང་གྷྲི་ཧཾ་དང་། །བཅུད་ཀྱི་སྙིང་པོ་ཞོ་དང་དཱུརྦ་རྣམས། །རྨད་བྱུང་ལི་ཁྲི་གཡས་སུ་འཁྱིལ་བའི་དུང་། །རྐང་འཐུང་འབྲས་བུ་ཡུངས་དཀར་རྣམས་ཀྱང་དབུལ། མངྒ་ལཾ་དྲ་བྱ་པཱུ་ཛ། རིན་ཆེན་ལྗོན་པ་དཔག་བསམ་རྐང་འཐུང་དང་། །བུམ་པ་བཟང་པོ་འཆི་མེད་བདུད་རྩིའི་རྒྱུན། །མཚོ་སྐྱེས་ཀྱིས་ཁེབས་རྫིང་བཟང་འདོད་འཇོའི་བ། །རྟ་ཡི་དབང་པོ་རྣམས་ཀྱང་དབུལ་བར་བགྱི། །ཡིད་བཞིན་རིན་ཆེན་མཛེས་པའི་རི་དྭགས་མིག །རང་སྐྱེས་འབྲས་ཀྱི་སྙེ་མ་སྐྱེད་མོའི་ཚལ། །ཨུ་དུམ་ཝཱ་ར་རྫོགས་ལྡན་ནམ་མཁའི་གོས། །བསམ་གཏན་ལྷུང་བཟེད་སྟོང་གསུམ་རྣམས་བཀང་འབུལ། །རིན་ཆེན་རྡོ་རྗེ་རལ་གྲི་གུ་ཏྲི་ཀ། མྱུར་དུ་བགྲོད་པའི་སྟོབས་འབྱིན་མིག་གི་དཔལ། །མཚུན་གྱི་ལྷ་ཡི་འཇིགས་སེལ་ཐོད་ལེ་ཀོར། །དབང་པོའི་རྡོ་རྗེ་རྣམས་ཀྱང་གུས་པས་འབུལ། །དོན་ཡོད་ནོར་བུའི་
(༦༦)ཞགས་པ་ཕུན་ཚོགས་དུང་། །པདྨའི་དཔལ་དུ་གནས་པ་རྒྱུ་སྐར་བདག །རིན་ཆེན་གཏེར་རྣམས་རྡོ་རྗེའི་ལྕགས་ཀྱུ་སྟེ། །ནམ་མཁའི་ཁྱོན་མཉམ་གྲུབ་པའི་རྫས་རྣམས་འབུལ། སིདྷ་སབྟ་བི་ཤ་ཏི་པཱུ་ཛ། །རྡོ་རྗེ་རྒྱུད་མང་འཛིན་མ་གླིང་བུ་མཁན། །རྫ་རྔ་སྒྲོགས་བྱེད་མུ་ཀུན་ད་བརྡུང་མ། །རྒོད་དང་སྒེག་པ་ཀུན་ནས་དགའ་བའི་གླུ། །རྡོ་རྗེའི་གར་བསྒྱུར་མཐོ་རིས་དཔལ་མོས་མཆོད། །ལག་ན་ཆུ་སྐྱེས་བདུག་པའི་ཚོགས་ལྡན་མ། །སྒྲོན་མ་དྲི་བཟང་འཛིན་དང་རྡོ་རྗེའི་གཟུགས། །རྣམ་མང་རོ་དང་སྣ་ཚོགས་བགོ་བ་ཅན། །ཆོས་དབྱིངས་རྡོ་རྗེས་རྒྱལ་བ་མཆོད་པར་བྱ། །དེ་ཝི་ཥོ་ཌ་ད་ཤ་པཱུ་ཛ། །དཀར་མོ་ཟླ་བ་ཆོམ་རྐུན་རྡུལ་རོ་ལངས། །ཆུ་དང་བི་ཌ་ག་སྨ་རི་སྟོབས་ལྔ། །པུསྐ་སི་དང་ཙོའུ་རི་ཤ་ཝ་རི། །གཏུམ་མོ་སྒྲ་སྒྲོགས་གཡུང་མོའི་དགའ་བས་མཆོད། །དེ་ཝི་ཨཥ་པཱུ་ཛ། རིན་ཆེན་གཞལ་མེད་འཕན་བཟང་རྔ་ཡབ་གདུགས། །རིན་ཆེན་པདྨོའི་དྲྭ་བ་དྲྭ་བ་ཕྱེད། །གོས་བཟང་རིན་ཆེན་དུ་མས་སྣ་ཚོགས་དར། །རིན་ཆེན་རི་བོས་ཕྱོགས་རྣམས་བཀང་སྟེ་འབུལ། །རིན་ཆེན་སྣ་ཚོགས་ཅོད་པན་རྣ་རྒྱན་དང་། །ནོར་བུའི་མགུལ་ཕྲེང་གདུབ་བསྐོར་ཞབས་གདུབ་རྣམས། །སོར་མོའི་མཛེས་བྱེད་སྐ་རག་སེ་མོ་དོ། །རིན་ཆེན་རྒྱན་ཕྲེང་ཕྱོགས་རྣམས་
(༦༧)བཀང་སྟེ་འབུལ། །རཏྣ་ཨ་ལཾ་ཀ་ར་པཱུ་ཛ། དུར་ཁྲོད་ཀྱིས་བསྐོར་ཐོད་པའི་གཞལ་མེད་ཁང་། །ཐོད་སྐམ་དབུ་རྒྱན་མགོ་ཕྲེང་དོ་ཤལ་དང་། ལྟོ་འགྲོ་གཅན་གཟན་ཁྲོ་བོའི་པགས་པ་ཡིས། །ཤམ་ཐབས་ནམ་མཁའི་ཁྱོན་རྣམས་བཀང་སྟེ་འབུལ། །འཇོལ་བེར་གྲི་གུག་པདྨའི་སྣོད་དང་བེང་། །གཡང་གཞིའི་བླ་བྲེ་སྐྲ་ཡི་རྔ་ཡབ་གདུགས། །རྒྱལ་མཚན་བ་དན་ནག་པོ་གསལ་ཤིང་ནི། །དབུགས་བྲལ་དང་བཅས་རྣམས་ཀྱང་དབུལ་བར་བགྱི། །ཀ་ཌ་ཤཱ་ཨ་ལཾ་ཀ་ར་པཱུ་ཛཉོན་མོངས་རྣམས་སྤངས་ཕུང་པོ་ཡེ་ཤེས་ལྔ། །བདག་མེད་ཕ་རོལ་ཕྱིན་དང་ཁམས་རྣམས་ནི། །རྫོགས་སངས་རྒྱས་དྲུག་སྲོག་དང་བྱང་ཆུབ་སེམས། །གནས་སུ་འགོག་པའི་རང་བཞིན་རྒྱན་དག་འབུལ། །མུ་ཌ་ཤ་དྲ་པཱུ་ཛ། རྣམ་རྒྱས་དགེ་བའི་སྟོབས་ལྡན་བློ་ཅན་གང་། །བྱང་ཆུབ་སྤྱོད་པར་གནས་པའི་ཚུལ་ཁྲིམས་བཞིན། །བདག་བསྲུང་དོན་བཏང་གཞན་གྱི་སྲོག་བསྲུང་བའི། །གོ་ཆ་ཀུན་གྱིས་ཕྱོགས་རྣམས་བཀང་སྟེ་འབུལ། །བིརྨ་ཨ་ནེ་ཀཾ་པཱུ་ཛ། མདའ་གཞུ་རྣོ་བའི་རལ་གྲི་མཚོན་གྱི་རྩིབས། །མདུང་རིང་ཐུང་དུ་རྩེ་གཅིག་དགྲ་སྟྭ་དང་། །ལྕགས་ཀྱུ་ཕུར་བུ་སྤུ་གྲི་རྩེ་གསུམ་སོགས། །མཚོན་ཆ་དུ་མས་ཞིང་རྣམས་བལྟམས་ཏེ་འབུལ། །སརྦ་ཤ་རུ་པཱུ་ཛ། །
(༦༨)མདོག་ནག་མགྱོག་འགྲོའི་གཙོ་བོ་ནོར་སྐྱོང་མཆོག། ལུག་དང་གཡག་རྒོད་གཉིས་སྐྱེས་ནག་པོ་རྣམས། །ཀླུ་ཡི་དགྲ་དང་གཙུག་ཕུད་ལྡན་པ་སོགས། །རྒྱན་མང་ཐོགས་པས་བཅོམ་ལྡན་རྣམས་མཆོད་བགྱི། རྡམས་ཤིང་ཀུན་ནས་མི་སྡུག་འཇིགས་པའི་གཟུགས། །གཙིགས་པའི་མཆེ་བ་དང་པོའི་ཟླ་བ་བཞིན། ཁྲག་གིས་སྦགས་པའི་མི་དམན་སྡེར་མོ་ཅན། །གཅན་གཟན་ཚོགས་ཀྱིས་ཕྱོགས་རྣམས་བཀང་སྟེ་འབུལ། །བསྟུ་ཡ་ནཾ་པཱུ་ཛ། ནོར་སྐྱོང་ལུག་དང་གཅན་གཟན་གཏུམ་པོ་ནི། །ནག་པོ་རྣམས་དང་གཡུལ་གྱི་སྐྱེས་བུའི་སྙིང་། །གསང་སྔགས་སྙིང་པོར་བྱས་དང་སྣ་ཚོགས་ཤ། མང་པོའི་རིགས་ཀྱི་མྱོས་བྱེད་རྣམས་ཀྱིས་མཆོད། །ས་མ་ཡ་དྲ་བྱ་པཱུ་ཛ། སྲིད་གསུམ་གནས་དང་འབྱོར་པས་ལེགས་གཏམས་ཤིང་། །རི་གླིང་ཆུ་གཏེར་ལྕགས་རིའི་མུ་ཁྱུད་མཛེས། །སྣང་བྱེད་ཟུང་དང་རྒྱུ་སྐར་གྱིས་བརྒྱན་པའི། །ཞིང་ཁམས་རབ་འབྱམས་ཕྱོགས་རྣམས་བཀང་སྟེ་འབུལ། །ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་དེ་ཝཱི་ས་པ་རི་ཝཱ་ར་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཨཱཧཱུྃ། ཞེས་དང་། ཧཱུྃ། མ་ཧཱ་ཀཱ་ལ་འཁོར་བཅས་ལ། །བླ་མེད་མཆོད་པ་འབུལ་བ་ནི། །འབྲུ་བཅུད་སྟོང་གི་བདུད་རྩི་དང་། །ཤ་ཆེན་གཏོར་མ་རི་ལྟར་སྤུངས། ཁྲག་ཆེན་ཨརྒྷཾ་མཚོ་ལྟར་
(༦༩)བསྐྱིལ། །བསུར་ཆེན་དུད་པ་སྤྲིན་ལྟར་གཏིབས། །རུས་པའི་གྲམ་ཁྲོད་རྫ་ལྟར་བསྙིལ། །འདོད་ཡོན་སྣ་ཚོགས་གཅལ་དུ་བཀྲམ། །དར་ནག་རྒྱལ་མཚན་བ་དན་སྦྲེང་། །རོལ་མོ་སིལ་སྙན་འབྲུག་ལྟར་ལྡིར། །ཏིང་འཛིན་མཆོད་པ་བསམ་མི་ཁྱབ། །འབུལ་གྱིས་དགྱེས་པར་བཞེས་ནས་ཀྱང་། །བསྟན་པའི་དགྲ་བགེགས་མྱུར་དུ་སྒྲོལ། །བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། །ཨོཾ་མ་ཧཱ་ཀཱ་ལཱ་ཀཱ་ལ་ཡ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་བ་ལི༚་ཏ་ཁཱ་ཧི། མ་ཧཱ་མཾས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཛ་གད་ཁཱ་ཧི། ཞེས་པ་རྣམས་ཀྱིས་མཆོད་ནས། ཧཱུྃ། བསྐལ་པ་མེ་ལྟར་འབར་བ་ཡི། །དུར་ཁྲོད་ཆེན་པོའི་ཀློང་དཀྱིལ་ནས། །གདུག་པ་ཐམས་ཅད་འདུལ་མཛད་པའི། །དཔལ་ལྡན་མགོན་པོ་ནག་པོ་ནི། །སྐུ་མདོག་མཐིང་ནག་གཟི་བརྗིད་ཆེ། །དཔའ་བོ་སྟག་གི་ཤམ་ཐབས་ཅན། །བདུད་ཀྱི་བེར་ནག་སྐུ་ལ་གསོལ། །ཐལ་བའི་མཚན་མས་ལུས་ལ་བྱུག། གཡས་ན་གསོད་བྱེད་གྲི་གུག་བསྣམས། །གཡོན་ན་བྷནྡྷ་ཁྲག་བཀང་གསོལ། །ཞལ་ནས་ཁྲག་དང་ཞག་འཛག་པ། །མཆེ་བ་ཟླ་བ་ཆོས་པ་འདྲ། །སྤྱན་གསུམ་སྡང་མིག་གློག་ལྟར་འཁྱུག། རལ་པ་ཁམ་ནག་གྱེན་དུ་འཁྱིལ། ཁྲོ་གཉེར་བསྡུས་པས་འཇིགས་པར་བྱེད། །མགོ་བོའི་ཕྲེང་བའི་དོ་ཤལ་ཅན། །གསུས་ཁྱིམ་ཆེ་ལ་
(༧༠)གསུས་པ་འཕྱངས། མེ་འབར་ཁྲོ་གཉེར་དྲག་པོ་ཆེ། མཆུ་དང་སོ་ལས་ཁྲག་འཛག་པ། མི་རོའི་སྐྲ་ཡི་སྐུད་པ་བཅིངས། བམ་ཆེན་སྟེང་ན་བཙན་སྐྱིལ་བཞུགས། ཕྱག་རྒྱ་ཆེན་པོའི་བདག་ཉིད་ཅན། དམ་པའི་གཙུག་ལག་སྲུང་མ་སྟེ། ཀེང་རུས་བརྩེགས་པའི་སྟེང་ན་བཞུགས། ལས་སུ་སངས་རྒྱས་བསྟན་པ་བསྲུང་། ཟས་སུ་ཤ་དང་ཁྲག་ལ་དགྱེས། དུར་ཁྲོད་གནོད་སྦྱིན་ཀུན་གྱི་གཙོ། །མ་ཧཱ་ཀཱ་ལ་ཁྱོད་ལ་ཕྱག་འཚལ་བསྟོད། །ལྷ་ཡི་ལྷ་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད། །ནག་པོ་འཇིགས་བྱེད་སྐུ་ལ་ཕྱག་འཚལ་བསྟོད། །དཔའ་བོ་འཁོར་ལོའི་བདག་པོར་ཕྱག་འཚལ་བསྟོད། །ལྷ་དམག་དབུགས་འབྱིན་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་གྲི་གུག་བརྩེགས་པའི་རྒྱུད་ལས་འབྱུང་བའི་མཇུག་ཏུ། ཡུམ་ཆེན་དཔལ་འབར་སྐུ་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་བདེ་མའི་སྐུ་ལ་ཕྱག་འཚལ་བསྟོད། །དབང་བསྒྱུར་ལྷ་མོའི་སྐུ་ལ་ཕྱག་འཚལ་བསྟོད། །སྤྲུལ་པའི་མགོན་པོའི་ཚོགས་ལ་ཕྱག་འཚལ་བསྟོད། །འཇིགས་བྱེད་ཡབ་ཡུམ་རྣམས་ལ་ཕྱག་འཚལ་བསྟོད། །དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་བསྟོད། །བསྟོད་འོས་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་བསྟོད། །ཅེས་སྦྱར་བས་བསྟོད་དོ། །དེ་ནས་བཟླས་པའི་རྣལ་འབྱོར་ལ་འཇུག་པ་ནི། བདག་ཉིད་ཡབ་ཀྱི་ཐུགས་
(༧༡)ཀར་ཟླ་བའི་སྟེང་དུ་ཧཱུྃ་ཡིག་མཐིང་ནག་མི་གཡོ་བ་ལས། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་ཛ༔ཞེས་པ་གཡོན་བསྐོར་དུ་འཁོད་པ་དང་། ཡུམ་གྱི་ཐུགས་ཀར་ཉི་མའི་སྟེང་དུ་བྷྱོསྔོན་པོ་ལ། ཨོཾ་ཡཀྵ་བཻ་ཏ་ལི་ཛ༔ཞེས་པ་གཡས་བསྐོར་དུ་འཁོད་པའི། སྔགས་ཕྲེང་གཉིས་པོ་གཡས་དང་གཡོན་དུ་འཁོར་བ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། སངས་རྒྱས་བྱང་སེམས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་འོད་ཟེར་དེས་ཕོག་པས། སྐུ་གསུང་ཐུགས་མཉེས་པའི་མཆོད་པར་གྱུར། དེ་ཐམས་ཅད་མ་མགོན་གྱི་སྐུ་ཁོ་ནར་གྱུར་ཏེ། ཁ་བ་བུ་ཡུག་ལྟར་བྱོན་ནས་བདག་ཉིད་ལ་ཐིམ། སླར་ཡང་འོད་ཟེར་གྱི་ཕོ་ཉས་ཕྱོགས་བཅུའི་ཞིང་དང་འོག་མིན་གྱི་གནས་ནས་བདེ་བར་གཤེགས་པ་སྲས་བཅས་དང་། བླ་མ་ཡི་དམ་མཁའ་འགྲོའི་ཚོགས་མ་ལུས་པ་ཐམས་ཅད་མ་མགོན་ཡབ་ཡུམ་བཅོ་བརྒྱད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་ཅན་དུ་བཞེངས་པ། སྟེང་འོག་ཕྱོགས་མཚམས་ཀུན་ནས་ཆར་ཆེན་པོའི་རྒྱུན་དང་ན་བུན་མི་བཟད་པའི་ཀློང་འཕྱོ་བ་ལྟར་བྱོན་ནས། རང་ཉིད་ལ་སིབ་སིབ་ཐིམ་པས། དཔལ་ནག་པོ་ཆེན་པོ་ཡབ་ཡུམ་གྱི་རྡོ་རྗེ་གསུམ་ཡོན་ཏན་ཕྲིན་ལས་དང་བཅས་པའི་ནུས་སྟོབས་མ་ལུས་པ་རྒྱུད་ལ་ཞུགས་པར་བསམས་ལ། ཨོཾ་ཤྲཱི་མ་ཧཱ་
(༧༢)ཀཱ་ལ་ཡཀྵ་བཻ་ཏ་ལི་ས་མ་ཡ་ཧཱུྃ་ཛཛཅེས་བཟླའོ། །འདིར་བཤད་པའི་སྔགས་ཀྱི་ཤམ་བུ་ནི་རྗེ་བཙུན་རང་བྱུང་ཞབས་ཀྱི་མན་ངག་ལས་འབྱུང་ཞིང་། གྲུབ་ཆེན་ཀརྨ་པས། མགོན་པོ་ཡབ་ཡུམ་བདག་བསྒོམ་དུ་བྱས་ཤིང་། མགོན་པོ་ཡེ་ཤེས་སེམས་དཔའ་རྒྱུན་ཆད་མེད་པར་བསྟིམ་ཞིང་བསྙེན་པ་ནུས་ཚད་བྱས་ན། མཐུ་སྟོབས་མ་མགོན་འཁོར་བཅས་དང་མཉམ་ཞིང་། མིང་ཐོས་པ་ཙམ་གྱིས་ཀྱང་ཐམས་ཅད་སྐྲག་ཅིང་འཛམ་གླིང་ཟིལ་གྱིས་གནོན་པར་འགྱུར་རོ། །ཞེས་གསུངས་པའི་དོན་ནོ། །དེ་ལྟར་དཔལ་མགོན་པོ་བདག་བསྒོམ་དུ་བྱེད་པ་ནི། གྲགས་ཆེ་བའི་ལག་ལེན་ལ་མེད་མོད་ཀྱི། ནག་པོ་ཆེན་པོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ལེའུ་ལྔ་བཅུ་པའི་ལྷའི་རྒྱུད་དང་། ལས་ཀྱི་ཆོ་ག་རྣམས་ཀྱི་ཐོག་མར་མང་དུ་གསུངས་པ་དང་། དྲག་པོའི་བརྟག་པའི་ལེའུ་ལྔ་པར། །དཔལ་ལྡན་ནག་པོ་ཆེན་པོ་ཡི། །ཏིང་ངེ་འཛིན་གྱི་རིམ་པ་རྣམས། །ཐོག་མར་བདག་ཉིད་ལྡན་པར་བྱ། །ཞེས་དང་། སྦྱིན་སྲེག་གི་ལེའུ་ལས། དང་པོར་བདག་གི་རྣལ་འབྱོར་ནི། །ཞེས་སོགས་དང་། འགྲེལ་བར། དེ་ནས་བདག་ཉིད་ལྷའི་འཁོར་ལོ་རྫོགས་པར་བསྐྱེད་ལ། །ཞེས་བཤད་པ་དང་། རིན་པོ་ཆེ་ཀརྨ་པས། རིན་པོ་ཆེ་དཔུང་རྒྱན་གྱི་རྒྱུད་ཀྱི་མཚམས་སྦྱོར་དུ། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཡེ་ཤེས་རྒྱ་མཚོའི་ཀྱཻ། །ཡི་རྡོ་རྗེར་འདུས་ལ། དེ་དག་གདུལ་བྱའི་དབང་གིས་མགོན་པོ་ནག་པོར་སྐད་ཅིག་ཙམ་གྱིས་རྣམ་པར་འཕྲུལ་པ་ལས། གོང་ན་གཉེན་པོ་ཡི་དམ་གྱི་ལྷ་མི་དགོས་ཤིང་མགོན་པོ་ཉིད་བདག་བསྒོམ་དུ་བྱེད་པའི་ཕྱིར་ན། ཞེས་སོགས་དང་། ཡེ་ཤེས་དབབ་པའི་མན་ངག་དང་། གསང་བ་རླུང་གི་འཁོར་ལོའི་མན་ངག་དང་། ཞལ་
(༧༣)སྦྱོར་གྱི་མངོན་རྟོགས་རྒྱས་པར་ཁྱད་པར་དུ་ལག་ལེན་དུ་བྱེད་ན། མ་མགོན་བདག་བསྒོམ་དུ་བྱེད་ཅིང་། །ཞེས་དང་། དཔལ་ལྷ་མོ་དཔོན་གཡོག་གསུམ་པ་རྩ་བའི་སྒྲུབ་པར་ཡང་། ཡི་དམ་གྱི་ལྷ་དང་། ཆོས་སྐྱོང་གོ་ཆུ་རུག་ཏུ་བདག་བསྒོམ་དུ་བསྒྲུབ་པ་ནི། བྱིན་རླབས་ཆེ་ལ་བཀྲ་ཤིས་ཤིང་སྒྲུབ་ཐག་ཉེ་བ་ཡིན་པས་གང་རུང་ཏུ་བསྒྲུབ་པར་བྱའོ། །ཞེས་སོགས་དང་། རིན་པོ་ཆེ་ཀརྨ་པས་མགོན་པོ་སྐོར་གསུམ་དང་། ལྷ་མོ་སྐོར་གསུམ་གྱི་ཡིག་ཆར་ལན་དུ་མར་གསུངས་པ་དང་། རྗེ་འགྲོ་བའི་མགོན་པོས་མཛད་པའི་སྲུང་འཁོར་དུ། བདག་ཉིད་མགོན་པོ་ནག་པོ་ཞལ་གཅིག་ཕྱག་གཉིས་པ། །ཞེས་སོགས་དང་། བདག་བསྒོམ་བསྙེན་པའི་མན་ངག་གི་ཤོག་དྲིལ་དང་། པཎྜི་ཏ་ས་མནྟ་ཤྲཱིས་མཛད་པའི་སྒྲུབ་ཐབས་རྣམས་གཙོ་བོར་བཟུང་སྟེ། མཚུངས་མེད་ཆོས་ཀྱི་རྗེ་མཐོང་བ་དོན་ལྡན་གྱིས་བདག་མདུན་སོ་སོར་ཕྱེས་པ་དང་། ཚིག་རིས་གཅིག་གིས་བསྡུ་བའི་ལུགས་སུ་མཛད་པ་ལས། སྔ་མའི་རྗེས་སུ་འབྲང་ནས་བཀོད་པ་ཡིན་ལ། ཕྱི་མ་ལྟར་བདག་མདུན་ཚིག་རིས་གཅིག་གིས་གསལ་གདབ་པ། འོག་ནས་འབྱུང་བའི་འཁོར་མང་གི་མངོན་རྟོག་གིས་འཐུས་པར་བྱས་ཀྱང་རུང་བ་ཡིན་ནོ། །བཞི་པ་མཆོག་སྒྲུབ་བདེ་ཆེན་གྱི་ཉམས་མྱོང་བ་ནི། འདིར་མཆོག་སྒྲུབ་ཀྱི་བྱེ་བྲག་ཕྲ་ཐིག་གི་རྣལ་འབྱོར་ལ། རྒྱུད་ལྔ་བཅུ་པ་ལས། ཤིན་ཏུ་དགའ་བ་ལ་སོགས་པ་ཉེ་བར་གནས་ནས། ཤེས་བྱ་ཐམས་ཅད་ལྟ་བའི་དཀྱིལ་འཁོར་དུ་མནན་ན། འགྲོ་བ་རྣམས་ཀྱི་བདེ་བ་ཐེ་ཚོམ་མེད་པར་ཐོབ་བོ། །ཅེས་དང་། གཞན་
(༧༤)ཡང་མཉམ་པར་སྦྱོར་བས་རྗེ་བཙུན་རྟོགས་ཏེ། མཆོག་ཏུ་ཟབ་པ་ལ་མཉམ་པར་སྦྱར་ན་རང་བཞིན་བདེ་བ་མཆོག་ཏུ་འགྱུར་བ་སྐྱེ་བས་སོ། །ཞེས་དང་། ཡང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིལ་བུ་ནི་ལུས་དང་ངག་དང་ཡིད་གཅིག་ཏུ་བྱས་པའོ། །གུ་ཞེས་བྱ་བ་ནི་ལུས་ལ་བརྟེན་པའོ། །ཌི་ཞེས་བྱ་བ་ནི་ངག་གི་རང་བཞིན་ནོ། །ག་ཞེས་བྱ་བ་ནི་སེམས་སོ། །གསུམ་གཅིག་ཏུ་བྱས་པ་ནི་རིལ་བུའོ། །དབང་པོ་གཉིས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནི་དུས་ཀྱི་མེ་ཡིས་རབ་ཏུ་འབར་བ་གསུམ་རོ་གཅིག་པ་ནི་རིལ་བུ་སྟེ། སེམས་ཅན་རྣམས་ཀྱི་བདེ་བ་ཕུན་སུམ་ཚོགས་པའི་རྒྱུའོ། །ཞེས་དང་། དངོས་གྲུབ་འབྱུང་བ་ནས་ཀྱང་གསུངས་པའི་དོན་རྣམས་བརྒྱུད་པའི་མན་ངག་གི་གདམས་པས་གཏན་ལ་ཕབ་པ། སྙན་བརྒྱུད་རྒྱ་གཞུང་ལས་འབྱུང་བ་ཉིད་ཉམས་སུ་ལེན་པར་འདོད་ན། བདག་ཉིད་ཁྲག་འཐུང་ནག་པོ་ཆེན་པོའི་སྐུ། །སྟོང་གསལ་འོད་ཀྱི་གུར་ཁང་ཡངས་པའི་དབུས། །རྩ་གསུམ་འཁོར་ལོ་ལྔ་དང་ལྡན་པ་ཡི། །གཙུག་ཏོར་ཧྃ་བརྟན་མར་སྣར་ཨ་ཐུང་གཡོ། །འཁོར་ལོ་རྣམས་སུ་ཨོཾ་ཨཱྃཧཱུྃ་ཏྲཱྃ་ཧཱྃ། །ཨ་ལས་གཏུམ་མོའི་མེ་འབར་ཡི་གེ་ལྔ། །བསྲེག་བཞུས་རིགས་ལྔའི་མགོན་པོ་ཡབ་ཡུམ་ལྔ། །རྩ་འདབ་གྲངས་མཉམ་མཁའ་འགྲོ་མ་ཡིས་བསྐོར། །ཤེས་རབ་རེག་བྱ་ཆེས་ཆེར་འབར་བ་ཡིས། །ལྷར་འཛིན་ཕུང་པོ་བསྲེག་ནས་ཡེ་ཤེས་སྐུ། །འོད་ཟེར་འབར་བའི་དཀྱིལ་འཁོར་ཆེས་ཆེར་གསལ། །མེ་ཕྲེང་
(༧༥)གྱེན་དུ་མཆེད་པས་བསྐུལ་བ་ཡིས། །ཧྃ་ལས་དཀར་ཆའི་རྒྱུན་བབ་ལྷ་རྣམས་མཆོད། །དགའ་བའི་རྣམ་འགྱུར་གཡོས་པས་བྱང་སེམས་འཕེལ། །ལུས་གང་དཀར་ཆ་གྱེན་ལུད་སྤྱི་བོ་དང་། །དམར་ཆ་མཐུར་དུ་འབར་བའི་དྭངས་མ་རྣམས། །གསང་བར་བརྟན་པས་མི་རྟོག་བདེ་ཆེན་མྱོང་། །ཞེས་གསལ་བཏབ་ནས། བུམ་པ་ཅན་ནམ། བར་རླུང་ཁ་སྦྱོར་དུ་བཟུང་ངོ་། །ལྔ་པ་མདུན་གྱི་དཀྱིལ་འཁོར་བསྐྱེད་པ་ནི། །དམིགས་རྟེན་ལ་བདུད་རྩི་གཏོར་ཏེ། ཨོཾ་དཾ་ཥྚོཏྐ་ཌ་སོགས་དང་། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལཱ་ཡ་སོགས་ཀྱིས་བསང་། ཨོཾ་སྭ་བྷཱ་ཝ་སོགས་ཀྱིས་སྦྱང་།། །སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་ཧཱུྃ་ཁྃ་ལས་རྡོ་རྗེའི་བྲག་སྟེང་། མཐིང་ནག་གྲུ་གསུམ་འབར་བ་སྟོང་གསུམ་དང་མཉམ་པ་ལ། ཨིནྡྲ་ནཱི་ལའི་སྡོང་པོ་དང་། རལ་གྲིའི་ལོ་མ་དང་། འཁོར་ལོའི་མེ་ཏོག་དང་། གྲི་གུག་གི་འབྲས་བུས་རྣམ་པར་བརྒྱན་པའི་ལྗོན་ཤིང་དུ་མ་དང་། ནམ་མཁར་ལྟ་བའི་རྩེ་མོ་ཅན་གྱི་མདའ་ཡི་རྩ་དང་། རྣོ་བ་དང་ལྡན་པའི་དགྲ་སྟྭའི་ལོ་མ་དང་། ཁྲག་གི་ཆུ་རྒྱུན་དང་། གནོད་པ་དང་ལྡན་པའི་གཅན་གཟན་གྱི་ཚོགས་མང་པོ་བག་ཡངས་སུ་རྒྱུ་བས་བརྒྱན་པ། དེའི་སྟེང་དུ་ཡེ་ཤེས་ཀྱི་མེ་རླུང་དམར་ནག་འཚུབས་མ་དགུ་ཀློང་འཁྱིལ་པའི་དབུས་སུ། རབ་ཏུ་གདེངས་པའི་རྩེ་མོ་ཅན་གྱི་རྡོ་རྗེའི་ཕྲེང་བའི་ནང་རྡོ་རྗེས་མཚན་
(༧༦)པའི་མདུང་དང་། རལ་གྲི་དང་། ཤག་ཏི་དང་། དགྲ་སྟྭ་དང་། མདའ་དང་། རྩེ་གཅིག་དང་། ཕུར་བུ་དང་། གྲི་གུག་དང་། འཁོར་ལོ་ལ་སོགས་པའི་མཚོན་ཆ་དུ་མས་རབ་ཏུ་གཏམས་པའི་དབུས་སུ། སྣ་ཚོགས་པདྨའི་ལྟེ་བར་དུར་ཁྲོད་ཆེན་པོ་ནི་འདི་ལྟ་སྟེ། ཤར་ནས་མེ་སོགས་གཡས་བསྐོར་དུ། །དྲག་ཏུ་གཏུམ་པར་མཚོན་སྐྱེས་ལ། །འཁོད་པའི་དབང་པོ་རྩེ་བརྒྱ་འཛིན། །གསེར་གྱི་མཛེས་འཕྲོག་མདོག་ལྡན་ཞིང་། །ལྟ་བྱེད་སྟོང་ཕྲག་མངའ་བའོ། །གཞན་ཡང་ཉེ་དབང་ནག་པོ་ནི། །འཁོར་ལོ་དབྱུག་ཏོ་དུང་ནོར་བུ། །འཛིན་ཞིང་ཀླུ་ཡི་དགྲ་ལ་གནས། །དྲག་པོ་མདོག་དཀར་གཉིས་འཐུང་གདོང་། །ཤི་རི་ཤ་ཡི་ཤིང་ལ་གནས། །རིན་ཆེན་རི་པོ་སྤོས་ལྡན་སྔོ། །མདོག་དཀར་མཆོད་རྟེན་རྡོ་རྗེ་དཀར། །གཏུམ་དྲག་འབར་བའི་བྱིན་ཟ་འཁྲུགས། །ཆུ་རླུང་དོ་ཤལ་ཕྲེང་ཅན་ལ། །ཀུནྡའི་ཕུང་པོ་བརྩེགས་འདྲ་བའི། །གདེངས་ཀ་འཛིན་པ་བྷ་སུ་ཀི། །སྒྲ་དྲག་པོས་ནི་སྟེང་དུ་མཛེས། །འཇིགས་བྱེད་ནག་པོ་དྲག་པོ་ནི། །རལ་གྲི་ཐོད་པ་ལྕགས་ཀྱུ་འཛིན། །མཁའ་འགྲོ་ཁྭ་གདོང་འཇིག་བྱེད་མ། །རབ་གཏུམ་མུན་པ་ཆེན་པོའི་མདོག །གྲི་གུག་ཐོད་པ་འཛིན་པའོ། །ནགས་ཚལ་ཕུན་གསུམ་ཚོགས་པར་ཡང་། །ར་སྐྱེས་ལ་གནས་འབར་བའི་སྐྲ། །མདོག་དམར་སྨར་སྨིན་རལ་པ་འབར། །མི་འཇིགས་བསྒྲང་ཕྲེང་རིལ་བ་དང་། །དབྱུག་
(༧༧)འཛིན་ཞིང་སྐྱོང་རབ་ཏུ་དགོད། དམར་པོ་ནོར་སྐྱོང་གདོང་པ་ཅན། ཀ་རཉྫ་ཡི་ཤིང་ལ་གནས། ལྷུན་པོ་བྱིས་པ་འཛིན་པ་སྔོ། མཆོད་རྟེན་རྡོ་རྗེའི་སྐུ་དམར་པོ། བྱིན་ཟ་རྒྱ་ཆེར་དྲག་ཏུ་རྒོད། རྒྱ་མཚོ་དྲག་ཏུ་གཡོ་བ་ལ། རིན་ཆེན་བཻ་ཌཱུརྻ་ལྟ་བུའི། གདེངས་ཅན་གཙོ་བོ་ཧུ་ལུན་ཏ། ཆུ་འཛིན་གང་བ་ཕྲེང་བ་དཀྲིགས། རྡོ་རྗེ་གནོད་སྦྱིན་མདོག་དཀར་ཁྲོ། ལག་ན་རྡོ་རྗེ་ཐོད་ཁྲག་འཐུང་། མཁའ་འགྲོ་བརྟན་པའི་བློ་ཅན་མ། སྣ་ཚོགས་མདོག་ཅན་ཤ་ཟའི་གདོང་། འཇིགས་གཟུགས་གྲི་གུག་ཐོད་པ་འཛིན། འཇིགས་རུང་མུན་པ་ཅན་དུ་ནི། །མ་ཧེའི་ཁྲི་ལ་གཤིན་རྗེ་ནག། དགེ་སྡིག་དྲང་ཤན་དབྱུག་པ་དང་། །བསྡིགས་མཛུབ་བསྒྲེངས་ཤིང་ཆེར་འཇིགས་པ། འཇིགས་བྱེད་ནག་པོ་སྟག་གདོང་རྡམས། ཙུ་ཏའི་ཤིང་གི་སྐྱིལ་པོར་གནས། རི་དབང་མ་ལ་ཡ་སེར་པོ། མཆོད་རྟེན་རྡོ་རྗེ་ནག་པོའོ། མཐོང་ན་སྲེག་པའི་བྱིན་ཟ་འབར། རབ་ཏུ་ལྡོག་པའི་རྒྱ་མཚོ་ལ། རི་དྭགས་རྟགས་ཀྱི་བཞིན་རས་ཅན། ཀླུ་ཡི་རྒྱལ་པོ་པདྨ་གནས། ཆུ་ཁུར་འཁྱིལ་བའི་ཕུང་པོ་ལྡིང་། འཇིགས་བྱེད་གཏུམ་པོ་ཉི་མའི་འོད། གྲི་གུག་ཐོད་ཁྲག་ཞགས་པ་འཛིན། མཁའ་འགྲོ་ས་རློག་ཞལ་ཅན་མ། མདོག་སེར་གྲི་གུག་ཐོད་པ་འཛིན། དུར་ཁྲོད་མུན་པ་མི་བཟད་པར། རོ་ལངས་ལ་ཞོན་གསོད་བདག་
(༧༨)སྐྱེས། རབ་ཁྲོས་གཅེར་བུ་རུས་པས་བརྒྱན། སོ་གཅིག་མདོག་ནག་གྲི་ཐོད་འཛིན། ཧུ་ལུ་དུད་ཁ་ནགས་དྲེད་གདོང་། གནས་པའི་ལྗོན་ཤིང་བྷ་ལ་ཏི། ལྷ་མིན་འཐབ་པའི་རི་བོ་སྔོ། མཆོད་རྟེན་རྡོ་རྗེ་རིན་ཆེན་དམར། འཕེལ་བ་ཞེས་བྱ་འུར་འུར་འབར། འཐོར་བར་བྱེད་པའི་ཆུ་ཀླུང་ལ། བརྒྱ་བྱིན་གཞུ་ཡི་མདོག་འདྲ་བའི། ཀླུ་ཡི་དབང་པོ་རིགས་ལྡན་བརྟེན། །དུག་འཛིན་འབབ་བྱེད་སྤྲིན་ཆེན་གཏིབས། །གནོད་སྦྱིན་གར་མཁན་འཇིགས་གཟུགས་སྨུག། ལག་ན་དགྲ་སྟྭ་ཐོད་པ་འཛིན། །གཤིན་རྗེའི་ཕོ་ཉ་མོ་ཕྱེད་གཟུགས། །གྲི་ཐོད་འཛིན་པ་ཁྲོ་མོའི་གཟུགས། །འུར་འུར་འབར་བར་ཕྱོགས་ཀྱི་བདག། ཟླ་བ་ལྟར་དཀར་ལྟོ་འགྲོ་ཡི། །གདེངས་ཀ་བདུན་མཛེས་དུག་ཅན་གྱི། །ཞགས་པ་ཐོགས་ནས་ཆུ་སྲིན་ཞོན། །སྲིན་རྒྱལ་རྒོད་གདོང་དམར་སྨུག་མདོག། ཀ་ཀོ་ལེ་ཡི་ལྗོན་པར་གནས། །རི་བོ་འབིགས་བྱེད་དུ་བའི་མདོག །མཆོད་རྟེན་རྡོ་རྗེ་ཆགས་པ་དཀར། །དགའ་བྱེད་འབར་བས་ཀུན་ཏུ་ཁྱབ། །འཇིགས་པ་སྦྱིན་པའི་ཆུ་ཀླུང་ལ། །མ་ར་ཀ་ཏའི་མདངས་འཕྲོ་བའི། །གདེངས་ཅན་བདག་པོ་སྟོབས་ཀྱི་རྒྱུ། །དུ་བའི་སྐྱེ་གནས་མུན་ཅན་སྤྲིན། །འཇིགས་བྱེད་རྡོ་རྗེ་རོ་ལངས་དམར། །གྲི་གུག་ཐོད་པ་ལྕགས་སྒྲོགས་འཛིན། །མཁའ་འགྲོ་ཤྭ་ནའི་ཞལ་ཅན་མ། །མདོག་དམར་གྲི་གུག་ཐོད་པ་འཛིན། །ཀཱི་ལི་ཀཱི་ལིའི་
(༧༩)སྒྲ་སྒྲོགས་པར། །གཡོ་བདག་ལྗང་གུ་ཤ་བའི་གདོང་། །རླུང་རས་འཛིན་ཅིང་ཨེ་ཎ་ཡ། །སེར་པོ་ལ་ཞོན་ཀུན་ཏུ་རྒྱུ། །སྐྲག་བྱེད་འཁོར་ལོའི་སྣ་གདོང་ལྗང་། །ཨ་རྫུའི་ཤིང་གི་གསེབ་ཏུ་གནས། །ལྷུན་པོའི་དབང་པོ་ངོས་བཟང་སྨུག། མཆོད་རྟེན་རྡོ་རྗེ་ཆོས་ལྗང་གུ། །རབ་དྲག་གཡོ་བའི་རླུང་ཆེན་པོར། ཀ་རྐེ་ཏ་ཡི་ཕུང་པོ་བཞིན། །ལྟོ་འཕྱེའི་དབང་པོ་དུང་སྐྱོང་གནས། །འཁོར་བྱེད་དྲག་པོ་ནམ་མཁའི་གླང་། །གནོད་སྦྱིན་ལྕགས་ཀྱི་སྨེ་བ་ཅན། །ཏང་ཟིལ་མདོག་འཛིན་གྲི་ཐོད་འཆང་། །མཁའ་འགྲོ་གཤིན་རྗེ་མཆེ་ཅན་མ། །སྣ་ཚོགས་མདོག་ཅན་གྲི་ཐོད་འཛིན། །ཚང་ཚིང་འཁྲིགས་པར་གནོད་གནས་བདག། མི་ལ་འདུག་ཅིང་སེར་པོའི་ལུས། །བི་ཛ་པཱུ་ར་ན་ཀུ་ལེ། །འཛིན་ཅིང་གཞན་ཡང་བགེགས་ཀྱི་རྒྱལ། །གཉིས་འཐུང་ཞལ་ཅན་ཟླ་བའི་མདོག། ལ་བུག་དབྱུག་ཏོ་ལ་དུ་དང་། །བསྒྲང་ཕྲེང་ཐོགས་པ་བྱེ་བར་གནས། །མཆེ་གཙིག་ནག་པོ་བྱི་ལའི་གདོང་། །ཨ་ཤྭཏྠ་ཡི་ཤིང་ལ་བརྟེན། །ས་འཛིན་གངས་ཅན་ཟླ་བའི་མདོག། མཆོད་རྟེན་རྡོ་རྗེ་འདུས་བྱས་སེར། །འཇིགས་ལྡན་དུད་སྤྲིན་གཡོ་བའི་མེ། །ཅ་ཅོ་སྒྲོག་པའི་རྒྱ་མཚོ་ལ། །རྭ་གའི་མེ་ལོང་མདངས་འཆར་བའི། གདེངས་ཅན་དབང་པོ་འཇོག་པོ་གནས། །སྨུག་པ་ཆེར་འཕེལ་ནམ་མཁའི་གོས། །འཇིགས་བྱེད་རྡོ་རྗེ་ཀཱ་ལ་སྔོ། །དྲག་པོ་གྲི་གུག་ཐོད་ཁྲག་
(༨༠)འཐུང་། །མཁའ་འགྲོ་བྱ་རོག་དགྲ་ཡི་གདོང་། །ལྗང་ནག་གྲི་གུག་ཐོད་ཁྲག་འཛིན། །ཧ་ཧ་རྒོད་པར་མཚམས་ཀྱི་བདག། དབང་ལྡན་ཐལ་སྐྱ་དམར་སེར་སྐྲ། ཁྱུ་མཆོག་ཁྲིར་གནས་རུས་པས་བརྒྱན། །རྩེ་གསུམ་ཁ་ཊྃྭཱ་ཅང་ཏེའུ་འཛིན། །བདེ་འབྱུང་གླང་གདོང་པ་སངས་མདོག། ནྱ་ཀྲོ་ཏ་ཡི་ཤིང་དབུས་བརྟེན། །ས་འཛིན་དབང་ཆེན་ནག་པོ་དང་། །མདོག་དཀར་མཆོད་རྟེན་ཐུགས་རྡོ་རྗེ། །གཏུམ་པོ་འགེངས་བྱེད་བྱིན་ཟ་འབར། །མཐའ་ཡས་དྲི་བྲལ་འབབ་དོགས་ས། །གཡུ་རྡུལ་བརྩེགས་པའི་རི་བོ་ལྟའི། །གདེངས་ཀ་འཛིན་པ་པད་ཆེན་གནས། །འཁྲུགས་པ་ཞེས་བྱའི་ཆུ་ཁྱེར་གཏིབས། །འབྱུང་པོ་འདུས་པ་ཧ་ལའི་མདོག། རྩེ་གསུམ་ཞགས་པ་ནག་པོ་འཛིན། །མཁའ་འགྲོ་གཤིན་རྗེ་འཇོམས་པ་མོ། །སྣ་ཚོགས་མདོག་ཅན་ཁྲོ་མོའི་གཟུགས། །གྲི་གུག་ཐོད་ཁྲག་འཛིན་པའོ། །ཞེས་པའི་དུར་ཁྲོད་འདི་རྣམས་རྗེ་དོན་ལྡན་ཞབས་ཀྱིས་མཛད་པའི་ནང་། ཅུང་ཟད་མཚང་བའི་རིགས་རྒྱུད་འགྲེལ། །རྒྱ་གཞུང་གཞན་ནས་ཁ་བསྐང་བའོ། །དེ་ལྟར་ཕྱོགས་ཀྱི་བདག་པོ་ཡི། །དྲག་པོ་མཐར་བྱེད་བདེན་བྲལ་ལས། །གཞན་རྣམས་སྣ་ཚོགས་རིན་ཆེན་གྱི། །རྒྱན་ཕྲེང་དུ་མས་ཅིར་ཡང་མཛེས། །གཤིན་རྗེ་བདེན་སྤང་ཉི་མ་ལ། །གཞན་རྣམས་རི་དྭགས་རི་མོ་ལའོ། །ཡལ་ག་ལོ་མའི་ཚོགས་འཐུག་ཅིང་། །མེ་ཏོག་འབྲས་བུའི་ཁུར་ལྕི་བ། །ལྗོན་ཤིང་བརྒྱད་རྣམས་ཤིང་
(༨༡)གཞན་ལས། །དུ་མས་མཆོག་ཏུ་མཛེས་པར་བྱས། །རྫུ་འཕྲུལ་གནས་པའི་ཞིང་སྐྱོང་རྣམས། །གསལ་པོར་ལུས་སྟོད་མངོན་བྱས་ཏེ། །ཐོད་པར་གཞན་གྱིས་བྱིན་པ་ཡི། །བཟའ་བའི་ཚོགས་ལ་ལག་པས་འཛིན། །འཇིགས་པའི་ཚུལ་ཅན་ཕྱོགས་བདག་མདོག། དྲག་པོར་གཡོ་བའི་ཉལ་འགྲོ་ནི། བརྒྱད་ལ་གནས་པའི་གདེངས་ཅན་གཙོ། ཆེ་བར་གྲགས་པ་དེ་དག་རྣམས། ལང་ཚོ་དཔལ་རྒྱས་གཞོན་ནུའི་བཞིན། དུག་འཛིན་ལྟོ་འགྲོའི་ཐུར་ཕུད་དང་། ལུས་སྨད་ལྟོ་འཕྱེར་འཁྱིལ་པའོ། རིན་ཆེན་་དོ་ཤལ་དུ་མ་བགོས། མཆོག་ཏུ་སྒེག་པའི་ལག་གཡས་པས། ཕྱག་འཚལ་ཕྱག་རྒྱ་བདག་ལྟ་བུའི། གདེངས་གསུམ་པ་ཡི་མཛེས་མ་ལ། གཡོན་པས་ཡོངས་སུ་འཁྱུད་པའོ། །ནམ་མཁར་འཁྲིགས་པའི་ཆུ་འགྱེད་རྣམས། སྤྲིན་སྐྱེས་དང་བཅས་སྐད་ཅིག་འོད། སྤྲིན་གྱི་འོད་འབར་རྡོ་རྗེའི་ཆར། དྲག་པོར་ཡོངས་ལྷུང་འཇིགས་བྱེད་པའོ། །འབྱུང་པོ་དེ་དག་ཕལ་ཆེར་ནི། །གྲི་གུག་ཐོད་པ་འཛིན་པ་སྟེ། ཀུན་ཀྱང་འཇིགས་པའི་གཟུགས་འཛིན་ཅིང་། མི་སྡུག་རྔམས་པའི་ཆ་ལུགས་ཅན། །རིང་བའི་སྟབས་ཀྱིས་ཕྱོགས་རྣམས་ཉུལ། མདངས་འཕྲོག་སྲོག་དབུགས་ལེན་ལ་བརྩོན། གཞན་ཡང་དུར་ཁྲོད་དེ་དག་ན། འཇིགས་པའི་གཟུགས་ཅན་རོ་ལངས་དང་། འབྱུང་པོ་མང་པོའི་ཡོངས་སུ་འདུ། མཚོན་
(༨༢)ཆ་མང་པོ་རྒྱུན་འབེབས་ཤིང་། རལ་གྲི་མིག་སྨན་རིལ་བུ་དང་། རྐང་ཕྱུག་བཅུད་ལེན་མཆིལ་ལྷྭམ་དང་། དངུལ་ཆུ་ས་འོག་ལས་ཆེན་རྣམས། གྲུབ་པ་རིག་འཛིན་རྣམས་གནས་ཤིང་། དཔའ་བོ་རྣལ་འབྱོར་མ་ཚོགས་འདུ། མགོ་ལུས་བྲལ་དང་ཀེང་རུས་དང་། དུམ་བུ་རྒྱུག་དང་མེ་འབར་དང་། ཧ་ཧར་སྒྲོག་པའི་རོ་རྣམས་དང་། གཅན་གཟན་ཁྲོ་བོའི་ཚོགས་རྣམས་རྒྱུ། དེ་ལྟར་དུར་ཁྲོད་ཆེན་པོ་ནི། འཇིགས་སུ་རུང་བའི་དབུས་ཉིད་དུ། ཐུགས་ཀའི་ས་བོན་ལས་འཕྲོས་པའི། བྷྲཱུྃ་ཡིག་ནག་པོ་ལས་བྱུང་བའི། གྲུ་གསུམ་མཐིང་ནག་འབར་བ་ཡི། གཞལ་མེད་ཁང་པ་ཆེན་པོ་སྟེ། གནམ་ལྕགས་འབར་བ་ལས་གྲུབ་ཅིང་། །ནོར་རྒྱས་བུ་དང་ཏཀྵ་ཀ། པདྨ་ཆེན་པོ་སྟོབས་ཀྱི་རྒྱུ། །པདྨ་དང་ནི་ཀུ་ལི་ཀ། ཤཾ་ཁ་པཱ་ལ་མཐའ་ཡས་ཏེ། །གདེངས་ཅན་བརྒྱད་གྱི་ཀ་གདན་སྟེང་། །ལོག་འདྲེན་འདོད་ལྷ་ཀརྟི་ཀ། བྷྲི༚་གི་རི་ཏི་ཁྱབ་འདུག་དང་། དབང་ཕྱུག་འབྱེར་འཇིག་ཚངས་པ་སྟེ། །ལྷ་ཆེན་བརྒྱད་ཀྱི་ཀ་བ་ལ། །ཉི་མ་ཟླ་བ་བཀྲ་ཤིས་དང་། །གཟའ་ལྷག་ཕུར་བུ་པ་བ་འདས། ཤ་ནེཥྩར་སྒྲ་གཅན་སྟེ། །གཟའ་བརྒྱད་ཀྱིས་ནི་གདུང་བྲེས་ཤིང་། །སྨིན་དྲུག་སྣར་མ་མགོ་དང་ལག། ནབས་སོ་རྒྱལ་སྐག་མཆུ་གྲེ་སྦོ། མ་གཞི་ནག་པ་ས་རི་དང་། །ས་ག་ལྷ་མཚམས་སྣྲོོན་དང་
(༨༣)
(༨༤)
(༨༥)ནག་ལས་དཀྱིལ་འཁོར་གྱི་ཁང་པའི་ནང་དུ། གདན་གནམ་ལྕགས་ཀྱི་འཁོར་ལོ་དང་པོ་རྩིབས་བརྒྱད་པ། གཉིས་པ་ལ་རྩིབས་བཅུ་པ། གསུམ་པ་དང་བཞི་པ་རྩིབས་བརྒྱད་པ། །ཕྱི་ནང་གི་མུ་ཁྱུད་རྣམས་ལ་རྡོ་རྗེ་གྲི་གུག་གི་ཕྲེང་བ་མེ་རི་དང་བཅས་པས་ཡོངས་སུ་བསྐོར་བའི་ལྟེ་བར། རྡོ་རྗེའི་བྲག་ཆེན་མཐིང་ནག་ཟུར་གསུམ་སྒོ་གསུམ་ལ་བསྟན་པ། དེའི་སྟེང་དུ་ནམ་མཁའི་ཡི་གེ་ལས་རིམ་པ་བཞིན་དུ་པྃ་ཡིག་སྔོན་པོ། མ་ཡིག་དམར་པོ། ཏི་ཡིག་མཐིང་ནག་རྣམས་སྤྲོས་པའི། པྃ་ལས་དྲག་པོའི་པདྨ་འདབ་བརྒྱད་ལྟེ་བར། མ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། དགྲ་བགེགས་ཕོ་མོ་བསྣོལ་བའི་གདན་ལ། ཏི་ནག་པོ་ལས་འོད་ཟེར་ནག་པོ་འབར་བའི་ཚོགས་སྤྲོས་ཤིང་གཅིག་ཏུ་འདུས་པ་ཡོངས་སུ་གྱུར་པ་ལས། གྷོ་ར་ཏི་གྷརྡ་པ་ཧཱུྃ་ལས་རྫུ་འཕྲུལ་གྱི་དྲེའུ་རྟ་སྔོ་ནག། རྫུ་འཕྲུལ་གྱི་རྐང་པ། རླུང་གི་གཤོག་པ། མྱུར་མགྱོགས་ཀྱི་རྩལ་དང་ལྡན་པ་སྟེ་རྐང་པ་གསུམ་པ། དེའི་རྒྱབ་ཏུ་སྟག་དང་། ཞིང་ཆེན་ལྤགས་པའི་གདན་གྱི་སྟེང་དུ། བསེ་སྒ་དམར་པོ་བསྟད་པ་ལ་སྦྲུལ་ནག་གི་གོང་སྨེད་དང་། མཆོང་གི་གློ་ནན་འཁྱུག་པ། དངུལ་གྱི་ཡོ་བ་ཆེན་དང་། ཞིང་ཆུང་གིས་སྨད་བྱིལ་བྱས་པ། གཡུལ་ཐུར་སྔོན་པོ་དང་། གསེར་།།།སྲབས་སེར་པོ་ལ་བྱི་རུ་
(༨༦)དམར་པོའི་ཆུན་འཕྱང་དང་། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་ཕོག་གུ་དང་ཁ་སྲབ་བྱས་པ། སྙིང་དང་མི་མགོའི་དོམ་དོམ་དྲིལ་བུ་གཡེར་ཁའི་དྲྭ་བས་བརྒྱན་པ། ཕྱི་ཤ་ལ་ལྕགས་ཀྱི་དྲྭ་བ་དང་སྦྲུལ་གྱི་ཁ་ཆིངས་བྱས་པའི་ནད་ཀྱི་རྐྱལ་པ་བཏགས་པ། སྔ་ཤ་ལ་ཚོན་གྱི་གྲུ་གུ་བཅིངས་པ། དེའི་སྒ་གོང་དུ་ནམ་མཁར་གནས་པའི་ཡི་གེ་གཉིས་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་གདུག་པ་ཅན་ཚར་བཅད། དྲེགས་བྱེད་ཕོ་མོ་རྣམས་ཀྱི་ནུས་པ་བསྡུས་ནས་ཐིམ་པ་ལས། གྲི་གུག་འབར་བ་ཧཱུྃ་གིས་མཚན་པ་དང་། ཁ་ཊྭཱ་ག་མས་མཚན་པར་གྱུར། མ་མོ་ནག་མོ་ཏི༚་ལཾ། མ་མ་དུན་ཏིང་མ་བྷྱོཞེས་པས་ཁ་ཊཱྃྭ་ག་འོད་དུ་ཞུ་བ་ལས། དཔལ་ལྡན་ལྷ་མོ་བཛྲ་བཻ་ཏཱ་ལི་སྐུ་མདོག་མཐིང་ནག་ཏུ་འདུག་པ། སྐུ་སྨད་རེ་ལྡེ་སེར་པོའི་སྨད་གཡོགས་དང་། སྐུ་ལ་དར་ནག་པོའི་བེར་ལྷུབ་གྱོན་བྱས་པ། ལྟེ་བ་ནས་ཉི་མ་འཆར་བ། རལ་པ་ཁམས་ནག་གྱེན་དུ་བཅིངས་ཤིང་མཐུར་དུ་གྲོལ་བ་ལ། ཐོད་སྐམ་ལྔའི་དབུ་རྒྱན་རིན་པོ་ཆེའི་ཟེའུ་སྲོག་ལྡན་པས་བཅིངས་པ། སྤྱི་གཙུག་ཏུ་རྨ་བྱའི་མདོངས་དང་། ཟླ་བའི་ཅོད་པན་གྱིས་མཛེས་པ། མགོ་བོ་རློན་པ་ཁྲག་དང་བཅས་པའི་དོ་ཤལ་བཀླུབས་ཤིང་། མགུལ་དང་ཕྱག་ལ་སོགས་པའི་སྐུའི་ཆ་ཐམས་ཅད་རིན་པོ་ཆེ་དང་། རུས་པ་དང་།
(༨༧)སྦྲུལ་སྣ་ཚོགས་པའི་ཆུན་པོས་མཛེས་ཤིང་འཇིགས་པར་བྱས་པ། ཞལ་ཁྲོ་འཛུམ་སྒེག་ཅིང་ལང་ཚོ་རྒྱས་པ། སྤྱན་གསུམ་སྡང་མིག་ཏུ་བགྲད་ཅིང་། མཆེ་བའི་མྱུ་གུ་གཙིགས་པའི་ཞལ་དུ་དགྲ་བོའི་ཤ་ཁྲག་བར་མེད་དུ་ཟ་ཞིང་། ཨ་རལླིི་དང་བྷྱོ་བྷྱོ་ཕཻ༚་ཕཻ༚་གྱི་སྒྲས་དྲེགས་པ་མཐའ་དག་ལས་ལ་འགྱེད་ཅིང་བྲན་དུ་འཁོར་བ། སྙན་ཆ་གསེར་གྱི་དྲིལ་བུ་འཁྲོལ་བ་ལ་སེངྒེ་དང་སྦྲུལ་གྱིས་བརྒྱན་པ། ཕྱག་བཞིའི་གཡས་ཀྱི་དང་པོ་ན་དུག་གསུམ་སྒྲོལ་བའི་ཁ་ཊཱཾ་ག་གསོར་ཞིང་། གཡོན་གྱི་དང་པོ་ན་སྣང་སྲིད་གསལ་བའི་དངུལ་དཀར་གྱི་མེ་ལོང་འཚེར་བ། གཡས་ཀྱི་འོག་མ་ན་སྲིད་པ་སྒྲོལ་བའི་ཕུར་བུ་འདྲིལ་ཞིང་། །གཡོན་གྱི་འོག་མས་ལོག་པར་གཞོལ་བའི་ཚོགས་མ་ལུས་པ་འཆིང་སྡོམ་བྱེད་པའི་དུག་སྦྲུལ་གྱི་ཞགས་པ་འཕེན་པ། འདོད་ཆགས་ཆེན་པོའི་རྣམ་འགྱུར་དང་ལྡན་པའི་གཡོན་གྱི་འོག་མའི་ཕྱག་གིས་དཔལ་ནག་པོ་ཆེན་པོ་ལ་འཁྱུད་པ་སྟེ། དེ་ཡང་། ཨོཾ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཕཊ། ཅེས་པས། གྲི་གུག་འོད་དུ་ཞུ་བ་ལས་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་མ་ལུས་པའི་མཐུ་སྟོབས་གཅིག་ཏུ་བསྡུས་པའི་བདག་ཉིད། དཔལ་འབར་མ་ཧཱ་ཀཱ་ལ་སྐུ་མདོག་མཐིང་ནག་སྒྲ་གཅན་གདོང་གི་ཁ་དོག་ལྟར་ཤིན་ཏུ་གནག་ཅིང་། མེ་
(༨༨)འོད་ལྟ་བུའི་དམར་མདངས་ཆགས་པ། ཞལ་གྱི་དཀྱིལ་འཁོར་ཆ་ཡོངས་སུ་གང་བའི་ཟླ་བ་ལྟར་རྒྱས་པ། རྒྱ་མཚོ་རབ་ཏུ་འཁྲུགས་པ་ལྟ་བུའི་ཁྲོ་གཉེར་གྱི་རླབས་ཕྲེང་གཡོ་བ། ཉི་མའི་འོད་ཀྱང་མོག་པོར་བྱེད་པའི་སྤྱན་གསུམ་འཁྱིལ་ཞིང་ཕྱོགས་བཅུར་གཟིགས་པ། གངས་རི་ལྟ་བུའི་ཚེམས་ཕྲེང་རྣོ་ཞིང་ཟླ་ཚེས་ལྟར་འབར་བའི་མཆེ་བ་བཞི་གཙིགས་པས་ཆུ་བོ་བཞིའི་སྡུག་བསྔལ་གྱི་རྒྱུན་གཅོད་པ། སྨིན་མ་དང་སྨར་ལས་འབར་བའི་མེ་འོད་འཕྲོ་བ། བསྐལ་པའི་མེ་ལྟར་འབར་བའི་རལ་པ་དམར་སེར་གྱེན་དུ་གཡེངས་པ་ལ། ཁྲོ་བོའི་རྡོ་རྗེ་རྩེ་མོ་ལྔ་པའི་ཏོག་སྦྲུལ་དང་དར་གྱིས་བཅིངས་པས་བརྗིད་པ། ཚངས་པའི་ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། ནོར་བུ་མཐོན་ཁ་ཆེན་པོ་འབར་བ་ལ་ཛམ་བུའི་གསེར་གྱི་ཁང་བུ་འོད་འཕྲོ་བའི་རྩེ་ཕྲན་ཅན་བཅིངས་ཤིང་། པཉྩ་ལི་ཀའི་དར་གྱི་ཁ་དོང་། མ་རྒད་ལྟར་འཚེར་བའི་མདངས་ཅན་གྱི་ཆུན་འཕྱངས་སུམ་འཁོག །ཏུ་བསྐྱོད་པ། ཕྱག་ཞབས་ཀྱི་ཁྲིག་མར་གསེར་གྱི་གདུ་བུ་གཡོགས་པ་ལས་གཡེར་ཁ་སྣ་ཚོགས་པའི་སྒྲ་འཁྲོལ་བ། སྐུ་ལ་སྟག་ལྤགས་རློན་པའི་ཤམ་ཐབས་བཅིངས་ཤིང་། དར་དཀར་པོའི་རྡུལ་གཟན་གྱི་སྟེང་དུ། གཡུང་དྲུང་འཁྱིལ་པ་ལ་སོགས་པ་གསེར་གྱི་རི་མོས་མཛེས་པའི་བེར་
(ཤོག་ལྷེ་༨༩)ཡང་བཟློག་བྱ་བ་ནི་ཞར་ཁྲོམ་གཏེར་བྱོན་ཡང་བཟློག་མེ་ཡི་སྤུ་གྲི་ལས་བྱུང་བ་ཕྱག་བཞེས་ཀྱིས་བརྒྱན་པ་ནི། ཨྃ་ཧཱུྃ་ཏྲིག་ཁྲོཾ་བྷྱོམ་ནི་མཱ་ར་ཎི་བྷྱོ མར་དུ་ན་བྷྱོ རཀྨོ་རཀྵན་བྷྱོ ཏིང་ཡ་རཀྵ་བྷྱོ དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ། ཡ་མ་རཱ་ཛ་ཀཱི་ལ་ཡ་བྷྱོ། ཞེས་བཟླས་མཐར། ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། བླ་མ་རྡོ་རྗེ་འཛིན་པའི་བཀའ་བདེན་པ་དང་། གསང་སྔགས་རྒྱུད་སྡེ་རྒྱ་མཚོའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། ཁྱད་པར་དུ་འཇམ་དཔལ་ཚེ་བདག་ནག་པོའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་སོགས་པ་གནས་གསུམ་མཁའ་འགྲོ་མ་རྣམས་ཀྱི་བཀའ་བདེན་པ་དང་། དཔལ་ལྡན་མ་ཧཱ་ཀཱ་ལའི་དཀྱིལ་འཁོར་པ་བརྒྱུད་གསུམ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། སྔགས་འཆང་བདག་གི་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་སྟོབས་ནུས་པ་ལ་བརྟེན་ནས། རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་
(༈ཤོག་ལྷེ་༩༠)དང་བཅས་པ་རྣམས་ལ་ཆགས་ཆེ་བ། ཉམ་ང་བ། རྨི་ལམ་ངན་པ། མཚན་མ་ངན་པ། ལྟས་ངན་པ། ཕ་རོལ་གྱི་རྨིས་ལྟས། རྦོད་གཏོང་རྦད་འདྲེ། བྱད་ཁ་ཟོར་ཁ། ཕུར་ཁ་གཏད་ཁ། ཁྱད་པར་དུ་ཟློག་པར་བྱེད་པའི་མཐུ་དང་ནུས་པ་ཐམས་ཅད་བཟློག་མཁན་ཁོ་རང་གི་སྟེང་དུ་ཟློག་ཅིག །རང་གཤེད་རང་ལ་ཕོབ་ཅིག །རང་སྲོག་རང་གིས་ཆོད་ཅིག །རང་ཤ་རང་གིས་ཟོ་ཤིག །རང་ཁྲག་རང་གིས་འཐུངས་ཤིག །ཁོ་རང་གི་ལྷ་སྲུང་ཐམས་ཅད་ཁོ་རང་གི་གཤེད་དུ་ཕོབ་ཅིག །བདག་གི་ཆོས་སྐྱོང་ཐམས་ཅད་ཁོའི་གཤེད་དུ་ཕོབ་ཅིག །མཱ་ར་ཡ་ཟློག་ཟློག །བྷྱོ་བྷྱོ། ཞེས་དམོད་མོ་བརྗོད་ཅིང་ཐལ་མོ་བརྡབ། འཇམ་དཔལ་བདེན་པའི་དམོད་པ་ཡིས། །དགྲ་བགེགས་བྱད་མ་ཐམས་ཅད་ཀྱི། །ལུས་ངག་ཐལ་བའི་རྡུལ་དུ་རློག །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་དྲོངས། །ཁྱེད་ཀྱི་རིགས་སྔགས་བཟླས་པའི་མཐུས། །གནོད་བྱེད་མ་ལུས་ཞི་བ་དང་། །ཅི་བསམ་ཡིད་བཞིན་འགྲུབ་པ་དང་། །བཤད་བསྒྲུབ་བསྟན་པ་རྒྱས་པར་མཛོད། ཅེས་བདེན་པ་བརྗོད། །
(༨༩)ནག་པོ་གསུམ་བརྩེགས་གསོལ་བ་ལས་ནོར་བུ་རིན་པོ་ཆེའི་ཆར་འབེབས་པ་ལ་གསེར་གྱི་སྐ་རགས་ནོར་བུ་མཆོག་གི་ཕྲ་ཚོམ་གྱིས་སྤྲས་པ་བཅིངས་པ་ལ་བེང་གི་ཚར་ཚར་བརྒྱ་རྩ་འཕྱངས་པ། དེའི་སྟེང་དུ་རྡོ་རྗེ་དང་འཁོར་ལོ་ལ་སོགས་པའི་རི་མོས་བཀྲ་བའི་བདུད་ཀྱི་འཛོལ་བེར་ནག་པོ་དྲུག་བརྩེགས་ལྷུབ་གྱོན་བྱས་པ་ལས་མཚོན་ཆའི་ཐོག་སེར་འབེབས་པ། སེ་རལ་ཁ་དང་། གདུ་བུ་དང་། འཁོར་ལོ་ལ་སོགས་རུས་པ་དང་། རིན་པོ་ཆེ་སྣ་ཚོགས་པའི་མགུལ་རྒྱན་ལ་སོགས་པ་རྒྱན་གྱི་རྣམ་པ་དུ་མ་དང་། སྦྲུལ་རིགས་ལྔའི་ཆུན་པོས་སྐུའི་ཆ་ཐམས་ཅད་ཡོངས་སུ་བརྒྱན་པ། མགོ་བོའི་ཕྲེང་བ་ཁྲག་དང་བཅས་པ་ལྔ་བཅུ་རྩ་གཅིག་གི་དོ་ཤལ་དང་། མི་ཟད་པའི་དུག་ཆེན་ཀུན་ནས་གང་བའི་ལྟོ་འགྲོའི་དབང་པོ་མུན་པ་བརྩེགས་པའི་མདོག་འཚེར་བའི་ག་ཤལ་གསོལ་བ། གདུག་པའི་ཤ་སུལ་ངོམས་པའི་ཕྱག་གི་མཐིལ་ཁྲག་གིས་བསྐུས་པ་ལྟར་དམར་ཞིང་ལྕགས་ཀྱུ་ལྟར་འབར་བའི་སེན་མོ་རྣོ་ཞིང་རྩུབ་པའི་དཔལ་དང་ལྡན་པའི་གཡས་ཀྱི་ཕྱག་གིས་མི་ཟད་པའི་དུག་ཟེར་འཕྲོ་ཞིང་། གང་ལ་ཚད་པ་ཙམ་གྱིས་རི་རབ་ཀྱང་རྡུལ་ཕྲན་དུ་འཇིགས་པར་བྱེད་པའི་ལྕགས་སྲེག་གི་གྲི་གུག་ཟླ་བ་ཕྱེད་པའི་དབྱིབས་ཅན། ཆུ་སྲིན་གདུག་པའི་ཁ་ལས་སྐྱེས་
(༩༠)པའི་ཡུ་བ་ལ་དྲག་པོའི་རྡོ་རྗེ་རྩེ་ལྔ་པས་མཚན་པ་ནམ་མཁར་གདེངས་ཤིང་། གཡོན་པས་ལྷ་མ་ཡིན་གྱི་དབང་པོའི་ཐོད་པ་མ་འགལ་དང་བཅས་པའི་སྣོད་དུ་བདུད་དགྲའི་སྙིང་དང་ཁྲག་གིས་བཀང་བ་འཛིན་པ་ལས་ཁྲག་གི་ཆར་རྒྱུན་ཟུ་ལུ་ལུར་འཛག་པ་བསྣམས་པ། ཧྲི༚་གི་གླུས་ཞལ་དུ་འདྲེན་ཅིང་སྐན་སྒྲ་དྲག་པོར་གཏོགས་པས་འབྱུང་པོ་ཐམས་ཅད་བརླག་པར་བྱེད་པ། ཤངས་ནས་འཐོར་རླུང་འབུད་ཅིང་། ཁོང་ནས་དྲག་པོའི་དབུགས་འབྱིན་པ། མགྲིན་པ་ནས་ཧཱུྃ་ཧཱུྃ་དང་། རུ་ལུ་རུ་ལུའི་སྒྲ་སྒྲོགས་པས་ཁྱབ་འཇུག་དང་། དྲག་པོ་ལ་སོགས་པའི་འཇིགས་བྱེད་ཆེན་པོ་རྣམས་ཀྱང་རྨོངས་ཤིང་བརྒྱལ་བར་བྱེད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཁའ་འགྲོ་མའི་ཚོགས་ཐམས་ཅད་སྤྲིན་ལྟར་སྡུད་ཅིང་། མ་མོ་ཐམས་ཅད་ལས་ལ་འཁོལ་བ། གར་གྱི་ཉམས་དགུ་ལ་སོགས་པ་འཇིགས་བྱེད་ཆེན་པོའི་རྣམ་འགྱུར་མཐའ་ཡས་པས་རབ་ཏུ་དབེན་པ། སྐུའི་དབྱིངས་ཀྱིས་ཁམས་གསུམ་ཁྱབ་ཅིང་སྲིད་གསུམ་ཟིལ་གྱིས་གནོན་ཅིང་དབང་དུ་སྡུད་པ། འཇིགས་པ་ཅན་མཐའ་དག་འཇིགས་པར་བྱེད་པའོ། །འདིར་མདུན་བསྐྱེད་ཀྱི་མགོན་པོ་ཡབ་ཡུམ་རྩ་གསུམ་ཀུན་འདུས་ཀྱི་བདག་ཉིད་ཡུམ་ལ་ཡབ་ཀྱིས་འཁྱུད་པ་ནི་ལྡོག་པའི་སྒོམ་པ་ཤེས་རབ་ལ་ཐབས་དང་། འབྲས་བུ་ལ་རྒྱུ་ཡིས་རྒྱས་གདབ་པ་རྣལ་
(༨༩)
(༩༠)
(༩༡)འབྱོར་མ་རྒྱུད་དང་། གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོའི་དགོངས་པ་མཆོག་སྒྲུབ་ཀྱི་མན་ངག། ཞལ་གཟིགས་ལ་བརྟེན་ནས་ཌོ་མཱི་ཧེ་རུ་ཀ་དང་། ཏེ་ལོ། ནཱ་རོ་ནས་སྙན་ཁུང་དུ་བརྒྱུད་པའི་ཁྱད་ཆོས་བླ་ན་མེད་པའོ། །འཁོར་ལོ་དང་པོའི་རྩིབས་བརྒྱད་ལ་ཤར་ལ་སོགས་པའི་ཕྱོགས་དང་། མེ་ལ་སོགས་པའི་མཚམས་རྣམས་སུ་པདྨ་དང་ཉི་མ་དགྲ་བགེགས་ཀྱི་གདན་ལ་གནས་པའི་དྲེའུ་རྟ་སྔོ་ནག། མྱུར་མགྱོགས་ཀྱི་རྩལ་དང་ལྡན་པའི་སྒ་གོང་དུ་ཧཱུྃ་ནག་པོ་དང་། བྷྱོོ་མཐིང་གཟུང་འབྲེལ་དུ་གནས་པ་བརྒྱད་ཡོངས་སུ་གྱུར་པ་ལས། ལས་ཀྱི་མགོན་པོ་ནག་པོ་ཆེན་པོ་བརྒྱད་ཡུམ་དང་བཅས་པའི་སྐུར་གྱུར་པ་ནི། ནག་པོ་འགུགས་བྱེད་ཆེན་པོ་དང་། སྲིན་མོ་ཟ་བྱེད་གདོང་དམར་མ། །ནག་པོ་སྙིང་ཁྲག་འཐུང་བྱེད་དང་། མ་མོ་གཏུམ་དྲག་རྔམས་པ་མ། ནག་པོ་དབུགས་ལེན་ཆེན་པོ་དང་། བདུད་མོ་ནག་མོ་ཁ་འབར་མ་ནག་པོ་སྲོག་གི་བདག་པོ་དང་། མོན་མོ་ནག་མོ་ལག་དམར་མ། ནག་པོ་དུར་ཁྲོད་འཇོམས་བྱེད་དང་། སྒྲོལ་གིང་ནག་མོ་མཐུ་མོ་ཆེ། ནག་པོ་ཁ་ལོ་སྒྱུར་བྱེད་དང་། ལྷ་མོ་ཆེན་མོ་ཙ་རྩི་ཀཱ །ནག་པོ་གདུག་པ་འདུལ་བྱེད་དང་། བང་རིམ་གསུམ་གྱི་མ་མོ་ཆེ། ནག་པོ་བསྲེག་བྱེད་ཆེན་པོ་དང་། རྡོ་རྗེ་བདུད་སྲིན་མ་མོ་སྟེ། ནག་པོ་ཆེན་པོ་བརྒྱད་ཀྱང་ཁ་དོག་ནག་པོ། བདུད་དང་སྲིན་པོ་ཁྲོས་པའི་ཁྲོ་གཉེར་
(༩༢)དང་ལྡན་པའི་བཞིན་རས་ཅན། སྡང་མིག་མེ་ལྟར་འབར་བའི་སྤྱན་གསུམ་ཀུན་ཏུ་གཡོ་བ། རྫི་སྨིན་སྨར་དང་བ་སྤུའི་རྩེ་ལས་མེ་ལྕེའི་ཕྲེང་བ་འཁྲུགས་པ། རལ་པ་ཁམས་ནག་ནམ་མཁར་སྤྱོད་པ་ལ། ཐོད་སྐམ་ལྔའི་ཅོད་པན་གྱིས་བཅིངས་ཤིང་། རུས་པ་དང་། སྦྲུལ་ལྔ། རིན་པོ་ཆེ་དང་། མགོ་བོའི་ཕྲེང་བ་ལ་སོགས་པས་དབུ་དང་། སྐུ་དང་། ཡན་ལག་བརྒྱན་པ། སྐུ་ལ་དར་ལྗང་ནག་གི་ཤ་འགགས་ཀྱི་སྟེང་དུ་མཐིང་སེར་དམར་དཀར་ལྗང་བའི་བེར་ལྔ་བརྩེགས་ཀྱི་སྟེང་དུ། གསེར་སྐད་ནོར་བུའི་མིག་བཙངས་ཅན་བཅིངས་པའི་སྟེང་ན། བདུད་བེར་ནག་པོ་གསེར་གྱི་རི་མོ་ཅན་བཞི་བརྩེགས་ལྷུང་གྱོན་བྱས་པ། ཞབས་ལ་སག་ཏིའི་ལྷྭམ་ཡུ་རིང་ནོར་བུའི་པ་ཊས་མཛེས་པ་གསོལ་ནས་དྲེལ་རྟའི་སྟེང་དུ་གནས་པ། ཕྱག་གཡས་ཟླ་བ་ཕྱེད་པ་ལྟ་བུའི་གྲི་གུག་མེ་འབར་བ་གདེངས་ཤིང་། གཡོན་པས་ཐོད་པ་ཁྲག་དང་དོན་སྙིང་གིས་བཀང་བ་ཞལ་དུ་འདྲེན་པ། དེ་ལ་འཁྱུད་པའི་མ་མོ་ཐམས་ཅད་ཀྱང་སྐུ་མདོག་མཐིང་ནག་ཁྲོས་པའི་བཞིན་དང་། །སྡང་མིག་བགྲད་པའི་སྤྱན་གསུམ་འཁྱིལ་བ། སྐུ་གཅེར་བུ་ལ་རེ་ལྔའི་སྨད་དཀྲིས་དང་། ཆུ་རས་ནག་པོའི་བེར་ལྡིང་སྟབས་སུ་གྱོན་ཅིང་། རྒྱན་ཆ་ལུགས་ཕྱག་མཚན་ཡབ་དང་མཚུངས་པ། །
(༩༣)འཁྲིལ་བག་ཆགས་པའི་ཞབས་གཉིས་རང་རང་གི་བདག་པོ་ལ་འཁྱུད་པའོ། །འདི་རྣམས་ནི་དཔལ་ཆེན་ཡབ་ཡུམ་གྱི་ཐུགས་གསུང་ཡོན་ཏན་ཕྲིན་ལས་རྣམས་དང་། ལས་བཞིའི་རོལ་པ་ལས་བཞེངས་པ། གྲུབ་ཆེན་ཀརྨ་པའི་མན་ངག་གི་ཁྱད་ཆོས་ལས་བྱུང་བའོ། །འཁོར་ལོ་གཉིས་པའི་ཕྱོགས་མཚམས་དང་། སྟེང་གི་རྩིབས་རྣམས་ལ་ཧཱུྃ་ཡིག་རིགས་ཀྱི་ཁ་དོག་འབར་བ་དང་། འོག་གི་རྩིབས་ལ་བྷྱོོ་ཡི་ཡི་གེ་སྟེ། ས་བོན་དེ་རྣམས་ལས་སྐྱེས་པའི་ཤར་དུ་འབྲུག་ལ་གནས་པའི་དཔལ་རབ་འཆང་དཀར་པོ་དར་ནག་གི་འཇོལ་བེར་གསོལ་ཞིང་། གཡས་ནོར་བུ་རིན་པོ་ཆེའི་ཞགས་པ་དང་གཡོན་པས་བ་དན་ཁྲ་བོ་འཕྱར་བ། མགོ་བརྙན་བྱེ་བ་འབུམ་གྱིས་བསྐོར་བ། མདུན་ན་ལྕགས་ཀྱི་བྱ་ཁྲ་ལྡིང་ཞིང་ཕྱི་ནས་སྟག་གཟིག་མང་པོ་འབྲེང་བའོ། །བྱང་དུ་སེངྒེ་ལ་གནས་པའི་རྣམ་ཐོས་སྲས་ལྗང་ནག་གསེར་གྱི་ཡ་ལད་གྱོན་ཅིང་། གཡས་ན་རིན་པོ་ཆེའི་བེ་ཅོན་མདུང་དར་དང་། གཡོན་ན་ནོར་བུ་འཛིན་པ། རིན་པོ་ཆེ་སྣ་ཚོགས་པའི་རྒྱན་དང་གསེར་གྱི་ཕྲེང་བའི་དོ་ཤལ་ཅན་གནོད་སྦྱིན་གྱི་ཚོགས་ཀྱིས་བསྐོར་བའོ། །ནུབ་ཏུ་རྟ་མཚལ་བུ་རྟིང་དཀར་ལ་གནས་པའི་དབང་ཕྱུག་འབར་བ་དམར་ནག་གཡས་ཙནྡན་གྱི་གྲུ་ཚལ་དང་། གཡོན་ན་གྲི་གུག་དང་ནོར་བུ་འཛིན་པ། དར་ནག་གི་འཇོལ་
(༩༤)བེར་གསོལ་ཞིང་སྟག་གཟིག་གི་མགོ་ཅན་ཀླུ་བདུད་མང་པོའི་ཚོགས་ཀྱིས་བསྐོར་བའོ། །ལྷོར་རྟ་འོལ་བ་དམར་སེར་ལ་གནས་པའི་ལེགས་ལྡན་དཔལ་འབར་དམར་ནག་གཡས་པས་ཙནྡན་གྱི་བེང་དང་། གཡོན་པས་རིན་པོ་ཆེ་འཛིན་པ། དར་ནག་གི་འཇོལ་བེར་གསོལ་ཞིང་སེར་ཆེན་འབེབས་པར་མཛད་པ། ལྷ་དང་། གནོད་སྦྱིན་དང་། གཤིན་རྗེའི་འཁོར་གྱིས་བསྐོར་བའོ། །ཤར་ལྷོར་རྟ་སྔོན་པོ་ཆུ་རིས་ལ་གནས་པའི་ཛམ་བྷ་ལ་དམར་པོ་གཡས་རིན་པོ་ཆེ་འབར་བ་དང་། གཡོན་ནནྣཻའུ་ལེའི་རྐྱལ་པ་འཛིན་པ། རིན་པོ་ཆེ་སྣ་ཚོགས་པའི་དོ་ཤལ་དང་། མགུལ་རྒྱན་དང་། དབུ་རྒྱན་ལ་སོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྔོ་བཀྲ་རོལ་དུ་ཁྲིད་ཅིང་། ངང་པ་ཕྱི་ནས་འགྲོལ་བ། ཤིང་ཐོག་ནོར་བུ་བསྣམས་པའི་ནོར་ལྷ་མཆེད་བརྒྱད་ཀྱིས་བསྐོར་བའོ། །ལྷོ་ནུབ་ཏུ་རྟ་དཀར་པོ་རྔོག་དམར་ལ་གནས་པའི་མཛེས་ལྡན་སྲས་སྐུ་མདོག་དམར་སེར། གཡས་ན་དར་དཀར་གྱི་བ་དན་དང་། གཡོན་ན་རིན་པོ་ཆེ་བསྣམས་པ། དར་ནག་གི་འཇོལ་བེར་གསོལ་ཞིང་། ལྷ་དམག་སྲིན་པོའི་ཚོགས་ཀྱིས་བསྐོར་བའོ། །ནུབ་བྱང་དུ་ཡན་ལག་ནག་པའི་རྟ་སྔོན་པོ་ལ་གནས་པའི་པརྞ་ཤ་བ་རི་སྐུ་མདོག་དམར་ནག །གཡས་རྡོ་རྗེ་རྩེ་ལྔ་པ་དང་གཡོན་ནོར་བུ་འཛིན་པ། དར་ནག་གི་འཇོལ་བེར་གསོལ་ཞིང་། དམ་ཅན་
(༩༥)སྐྱེས་བུ་གིང་གི་ཚོགས་ཀྱིས་བསྐོར་བ། ནོར་ཕྱུག་བེའུ་ལུག་སྐྱོང་ཞིང་གོད་ཡམས་འདུལ་བར་མཛད་པའོ། །བྱང་ཤར་དུ་རྟ་ངང་པ་ལ་གནས་པའི་གཙུག་ཏོར་ལྗང་གུ །གཡས་སྡོང་དྲིལ་དང་། གཡོན་ནོར་བུ་བསྣམས་པ། དར་ནག་གི་འཇོལ་བེར་གསོལ་ཞིང་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པ། དམག་དཔོན་ཆེན་པོ་དགྲ་བོ་གསོད་ཅིང་། ལྷ་བདུད་འཇོམས་པ་ཆུང་སྲི་འདུལ་བའི་ཚོགས་ཀྱིས་བསྐོར་བའོ། །སྟེང་དུ་ཁྱུང་ལ་གནས་པའི་ལྷ་མགོན་གཙུག་ཕུད་ཅན་སྔོན་པོ་གཡས་རལ་གྲི། གཡོན་རིན་པོ་ཆེ་འཛིན་པ། དར་ནག་གི་འཇོལ་བེར་གསོལ་ཞིང་། ཡ་བདུད་དང་མ་ཡམས་འཇོམས་ཤིང་བཟློག་པ། གཟའ་ཆེན་བརྒྱད་ཀྱི་འཁོར་གྱིས་བསྐོར་ཞིང་། ལྷ་སྲིན་སྡེ་བརྒྱད་ཕོ་ཉར་འབྱེད་པའོ། །འོག་ཏུ་ཕག་ལ་གནས་པའི་བརྟན་མ་སེར་མོ་སྦྲུལ་ཞགས་དང་། སྦྲུལ་གྱིས་དཀྲིས་པའི་བུམ་པ་འཛིན་པ། དར་ནག་གི་འཇོལ་བེར་གསོལ་ཞིང་། ཀླུ་ཆེན་ས་བདག་གི་འཁོར་གྱིས་བསྐོར་བའོ། །འདི་རྣམས་ནི་ནག་པོ་ཆེན་པོ་ཉིད་ལས་དང་འཇིག་རྟེན་པའི་རོལ་པ་ལས་ཤར་བ་རྒྱུད་སྣ་ཚོགས་པ་ལས་གསུངས་པ་དང་། རང་བྱུང་རྡོ་རྗེ་ཀརྨ་པཀྴིིའི་དགོངས་པ། འགྲོ་མགོན་རས་ཆེན་གྱི་ལུགས་ལས་འབྱུང་ཞིང་། ལྷ་མོ་བརྟན་མ་ནི་དཔལ་ལྷ་མོའི་རྣམ་པར་འཕུལ་བའོ། །འཁོར་ལོ་གསུམ་པའི་ཤར་གྱི་རྩིབས་ལ་བསྣོལ་མར་གནས་པའི་
(༩༦)རོ་དང་། པད་ཉི་ལ་གནས་པའི་ཧཱུྃ་དང་ཧ་ལས་བྱུང་བའི་དབང་ཕྱུག་སྐུ་མདོག་ལྗང་ནག་ཞལ་གཅིག་ཕྱག་གཉིས་པ། ཚངས་པའི་ཐོད་པས་རྒྱན་དུ་བྱས་ཤིང་རབ་ཏུ་འཇིགས་པའི་གཟུགས་དང་ལྡན་ལ་འོད་ཟེར་འབར་བ། རང་གི་མདོག་དང་མཚུངས་པའི་རལ་པ་གྱེན་དུ་འཁྱིལ་པ། ཉི་ཟླ་ལྟ་བུའི་སྤྱན་གསུམ་བགྲད་ཅིང་། དུང་ལྟར་དཀར་བའི་མཆེ་བ་གཙིགས་པ། གཡས་ཀྱིས་ཁ་ཊྃྭ་ག་དང་གཡོན་པས་ཐོད་པ་འཛིན་པ། དགའ་བྱེད་དང་། གཞོན་ནུ་དང་། སྲེད་མེད་དང་། ཀརྟི་དང་། བདུད་འདུལ་དང་། དོན་བྱེད་དང་། མདོག་བཟང་དང་། དཀའ་ཐུབ་སྟེ། འཁོར་གྱི་དྲག་པོ་ཆེན་པོ་བརྒྱད་ཀྱང་ཁ་དོག་དང་། རྒྱན་རྣམས་གཙོ་བོ་ལྟ་བུ། ཁ་ཊྭྃ་ག་དང་ཞགས་པ་འཛིན་པའོ། །བྱང་གི་རྩིབས་ལ་དབུགས་བྲལ་དང་། པད་ཉི་ལ་ཡ་དང་ཛ་ལས་སྐྱེས་པའི་རལ་གྲི་ལས་བྱུང་བའི་སྲིན་པོ་རབ་ཏུ་གནག་པའི་མུན་པ་ལྟ་བུ། འཇིགས་ཤིང་མི་སྡུག་པའི་གཟུགས་ཅན། མིག་གཅིག་རབ་ཏུ་བགྲད་ཅིང་དགྲ་ཡི་ངོས་སུ་བལྟ་བ། མཆེ་བ་གཙིགས་ཤིང་གློག་དང་འདྲ་བའི་སྐྲ་གཡེངས་པ། གཡས་ན་མེའི་ཚོགས་མངོན་པར་འཕྲོ་བའི་ཟངས་ཀྱི་གྲི་དང་། གཡོན་ན་མགོ་རློན་འཛིན་པ། མུན་པའི་ལྭ་བས་གཡོགས་ཤིང་། ཞལ་ནས་དུག་གི་རླངས་པ་འབྱུང་བ། མིག་གཅིག་ཀུན་གཟིགས་དང་། །
(༩༧)ལག་གཅིག་བསྙབས་བྱེད་དང་། སོ་གཅིག་ཟ་བྱེད་དང་། རྐང་གཅིག་རྒྱུག་བྱེད་དང་། ཁ་དགུ་ཀུ་ཅོ་འདོན་བྱེད་དང་། རྣ་དགུ་ཉན་བྱེད་དང་། མགོ་དགུ་དུར་ཁྲོད་སྒྲོལ་བྱེད་དང་། །ལག་དགུ་ལས་ཀྱི་བདག་པོ་སྟེ། སྲིན་པོ་ཆེན་པོ་དེ་དག་ཀྱང་སྐུ་མདོག་ནག་པོ་གཡས་རྡོ་རྗེ་ནག་པོ་རྩེ་གསུམ་པས་མཚན་པའི་ཞགས་པ་ནག་པོ་དང་། གཡོན་ན་ཐོད་རློན་འཛིན་ཅིང་། མུན་པའི་ལྭ་བའི་གོས་འཛིན་པ། རལ་པ་དམར་སེར་གྱེན་དུ་འཁྱིལ་ཞིང་གཟི་བརྗིད་འབར་བ་གཅིག་པུའི་བདག་ཉིད་ཀྱི་ཞབས་ཅན། རྒྱན་དང་བྲལ་བས་བསྐོར་བའོ། །ནུབ་ཀྱི་རྩིབས་ལ་ཕན་ཚུན་བསྣོལ་བའི་རོ་དང་པད་ཉིར་ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན་པ་ལས། དུར་ཁྲོད་ནག་པོ་ཆེན་པོ་གཏུམ་ཞིང་འཇིགས་སུ་རུང་བ། ཧ་ལ་ཆེན་པོའི་མདོག་ཅན་ཞལ་གཅིག་ཕྱག་གཉིས། སྤྱན་གསུམ་པ། མི་བཟད་པའི་གསུས་པ་འཕྱང་ཞིང་གཡས་ལོག་པར་གཞོལ་བའི་ཚོགས་འཇོམས་པའི་གྲི་གུག་དང་། གཡོན་ཐོད་པའི་སྤར་བུ་འཛིན་པས་སྙིང་ཁྲག་དྲོན་མོ་གསོལ་བ། དུས་ཀྱི་མེ་ལྟར་འབར་བའི་རལ་པ་ནམ་མཁར་གཡེངས་པ། ཁྲག་དང་བཅས་པའི་གཡང་གཞིའི་གོས་དང་། སྟག་གི་པགས་པའི་ཤམས་ཐབས་ཅན། རུས་པ་དང་། མགོ་བོ། སྦྲུལ་གྱི་ཆུན་པོས་དབུ་དང་། སྐུ་དང་། ཡན་ལག་བརྒྱན་པ། མིའུ་
(༩༨) ཐུང་གེལ་པའི་སྟབས་ཀྱིས་གནས་པ། འགུགས་བྱེད་ནག་པོ་དང་། ཟ་བྱེད་ནག་པོ་དང་། རྒྱུག་བྱེད་ནག་པོ་དང་། གསོད་བྱེད་ནག་པོ་དང་། འཇོམས་བྱེད་ནག་པོ་དང་། དབང་བྱེད་ནག་པོ་དང་། སྒྲོལ་བྱེད་ནག་པོ་དང་། བརླག་བྱེད་ནག་པོ་སྟེ། ཁ་དོག་དང་། ཆ་ལུགས་ཕྱག་མཚན་རང་དང་འདྲ་བའི་འཁོར་གྱི་གཙོ་བོ་བརྒྱད་ཀྱིས་བསྐོར་བའོ། །ལྷོའི་རྩིབས་ལ་མ་ཧེ་ལ་གནས་པའི་རོ་དང་པད་ཉིའི་སྟེང་དུ་ཡྃ་དང་ཡ་ལས་ཐོད་དབྱུག་སྟེ། དེ་ལས་གཤིན་རྗེ་སྐུ་མདོག་མཐིང་ནག་དྲག་ཏུ་ཁྲོས་ཤིང་འཇིགས་པ་སྐྱེད་པ། རབ་ཏུ་དམར་བའི་སྤྱན་གསུམ་བགྲད་ཅིང་རལ་པ་དམར་པོ་མེ་ལྟར་འབར་བ། གཡས་རྡོ་རྗེ་ཐོད་དབྱུག་དང་ཁྲག་གིས་བཀང་བའི་ཐོད་པ་གཡོན་དུ་འཛིན་ཅིང་། མིའི་པགས་པའི་གོས་ཀྱིས་བརྒྱན་པ། གཤིན་རྗེ་ཁྲག་མིག་མི་བཟད་པ་དང་། ཤན་པ་ཟ་བྱེད་དང་། ཁྲག་གི་བདག་པོ་དང་། གཟེར་ནད་བདག་པོ་དང་། ཁྲག་ནད་སྐྱུག་བྱེད་དང་། བརྒྱལ་ནད་འབེབས་བྱེད་དང་། གསོད་བྱེད་ཆེན་པོ་དང་། དུས་ཀྱི་གཤེད་བྱེད་དེ། གཤིན་རྗེ་དྲག་པོ་བརྒྱད་ཀྱང་ཁ་དོག་དང་རྒྱན་ཆ་ལུགས་གཙོ་བོ་ལྟ་བུ། རལ་གྲི་དང་ཐོད་མདའ་ནག་པོ་འཛིན་པའོ། །མེའི་རྩིབས་ལ་དབུགས་བྲལ་དང་པད་ཉི་ལ། ནཱ་ལས་སྐྱེས་པའི་རིན་པོ་ཆེ་ལས་ཀླུ་རྒྱལ་དགའ་བོ་ཞལ་
(༩༩)གཅིག་ཕྱག་གཉིས་པ། གསེར་དང་ནམ་མཁའི་མདོག་ཅན། ཐོད་ཚལ་དང་། རིན་པོ་ཆེའི་ཕྲེང་བ་དང་སྦྲུལ་གྱིས་ལུས་དང་ཡན་ལག་གི་རྒྱན་དུ་བྱས་ཤིང་། གཡས་ན་གདུག་པའི་སེམས་དང་ལྡན་པའི་སྦྲུལ་དང་། གཡོན་ན་མི་བཟད་པའི་ནད་ཀྱིས་གང་བའི་རྐྱལ་པ་འཛིན་པ། རབ་ཏུ་གདངས་པའི་ཞལ་ནས་དུག་གི་ཆར་རྒྱུན་འབེབས་ཤིང་། བསྐལ་པའི་རླུང་ལས་རྒྱལ་བའི་དབུགས་རླུང་འཕྲོ་ལ། དྲག་ཏུ་ཁྲོ་ཞིང་གདུག་པ་འདུལ་བ། པདྨ་དང་། གཞོན་ནུ་དང་། རིགས་ལྡན་དང་། སྟོབས་ཀྱི་རྒྱུ་དང་། མདོག་བཟང་དང་། ཆུ་ལྷ་དང་། བསྙེན་དཀའ་དང་། དྲི་སྣོམས་ཏེ་དེ་དག་ཀྱང་མདའ་གཞུ་འགེངས་པ། ལོག་པར་ལྟ་བའི་ཚོགས་རྣམས་སྒྲོལ་བར་བྱེད་ཅིང་། ཁ་དོག་དང་རྒྱན་རྣམས་གཙོ་བོ་ལྟ་བུའོ། །ལྷོ་ནུབ་ཀྱི་རྩིབས་ལ་རོ་ལ་གནས་པའི་ཆུ་སྲིན་དང་། པད་ཉི་ལ་ཀྵ་དར་ར་ལས་བྱུང་བའི་ཞགས་པ་ལས། ར་ཧུ་ལ་ཁྲག་གི་མདོག་ཅན་རབ་ཏུ་འཇིགས་པའི་ཆ་ལུགས་འཛིན་ཅིང་། ཞལ་གཅིག་ཕྱག་གཉིས་པ། དམར་ཞིང་འཁྲུགས་ལ་སྡང་མིག་ཏུ་བལྟ་བས་སྲིད་གསུམ་མཐའ་དག་གཟིགས་པའི་མིག་གིས་ལུས་ཀུན་ཁྱབ་ཅིང་། གཡས་སུ་ཆུ་སྲིན་གྱི་མགོ་བོས་མཚན་པའི་ཞགས་པ་དང་། ཁྲག་དང་བཅས་པའི་ཐོད་པ་གཡོན་དུ་བསྣམས་པ། དམག་དཔོན་དང་། ལྗང་
(༡༠༠)སྔོན་དང་། རོ་ཏི་དང་། བིཥྞུ་དང་། དྲང་སྲོང་དང་། ར་ཙ་དང་། སེར་སྐྱ་དང་། མིག་དམར་ཏེ། དེ་རྣམས་ཀྱང་ཆ་ལུགས་གཙོ་བོ་ལྟ་བུ་ལ། བྱི་རུའི་མདོག་ཅན་ཐོད་པའི་ཕྲེང་བས་བརྒྱན་པ། གཡས་ན་ཐོད་པས་མཚན་པའི་མདའ་དང་། གཡོན་ན་ཕུར་བུ་དང་ཐུན་འཕེན་པས་དགྲའི་ཚོགས་ཉམས་པར་བྱེད་པའོ། །ནུབ་བྱང་གི་རྩིབས་ལ་གླང་ཆེན་གྱི་སྟེང་དུ་པད་ཉི་ལ་ཏྲི་ལས་རྡོ་རྗེ་རྩེ་གསུམ་པ་སྟེ། །དེ་ལས་གྲུབ་པའི་བགེགས་རྒྱལ་འི་ན་ཡ་ཀ་ཆེར་གནག་པའི་མུན་པ་ལྟ་བུའི་མདོག་འཛིན་ཅིང་། དཔག་ཏུ་མེད་པའི་འོད་ཟེར་འཕྲོ་བ། རབ་ཏུ་བརྗིད་ཅིང་ཞིང་གི་པགས་པའི་སེར་ལ་ཁ་འཕྱང་བ། ཟླ་བའི་མདོག་གི་ཐོད་པའི་ཕྲེང་བས་བརྒྱན་ཅིང་། གླང་པོ་ཆེའི་ཀོ་རློན་གྱི་གོས་ཅན་རྡོ་རྗེ་ནག་པོ་རྩེ་གསུམ་པ་གཡས་པའི་ཕྱག་གིས་གདེངས་ཤིང་། གཡོན་གྱིས་གྲི་གུག་བསྣམས་པ། ཉི་མའི་འོད་ལྟ་བུའི་སྤྱན་མིག་ཅན། མཆེ་བ་གཙིགས་པས་འཇིགས་པར་བྱེད་པ། དུ་པའི་མདོག་ཅན་གྱི་རལ་པ་སྟེང་དུ་འཁྱིལ་བ། འཁོར་ལོ་དང་། སྟོབས་མཆོག་དང་། གདུག་བྱད་དང་། དཔའ་བརྟན་དང་། སྟོབས་ཀྱི་གླང་པོ་དང་། དུར་ཁྲོད་བདག་པོ་དང་། རླུང་གི་བདག་པོ་དང་། ཀུན་ཏུ་ཁྱབ་བྱེད་དེ། དེ་དག་ཀྱང་སྐུ་མདོག་ཆ་ལུགས་གཙོ་བོ་ལྟ་བུ། གཡོན་དང་གཡས་ན་ཏྲི་ཤཱུ་ལ་དང་ཐོད་ཁྲག་འཛིན་པའོ། །བྱང་
(༡༠༡)ཤར་གྱི་རྩིབས་ལ་གླང་ཆེན་ལ་གནས་པའི་རོ་དང་། པད་ཉི་ལ་ཏྲི་དང་ཕཊ་ལས་ཞགས་པ་ནག་པོ་སྟེ། དེ་ལས་སྐྱེས་པའི་བདུད་མགོན་ཏྲག་ཤད་ཆར་སྤྲིན་ལྟར་གནག་པའི་མདོག་ཅན། ཟླ་བ་བྱེད་པ་ལྟ་བུའི་མཆེ་བར་བེ་རབ་ཏུ་རྣོ་བས་མ་མཆུ་མནན་པ། ཐུན་མཚམས་སྤྲིན་གྱི་མདོག་ཅན་གྱི་རལ་པ་གཟིངས་པ། རྡོ་རྗེ་ནག་པོ་རྩེ་ལྔ་པས་མཚན་པའི་བདུད་ཀྱི་ཞགས་པ་ནག་པོ་འཛིན་པས་ལོག་པར་ལྟ་བ་རྣམས་འཆིང་བ། ཞབས་ལ་སག་ལྷྭམ་གསོལ་ནས་གཡས་བསྐུམ་ཞིང་གཡོན་བརྐྱངས་པས་གནས་པ། དར་ནག་གི་འཇོལ་བེར་ལ་གསེར་སྐེད་བཅིངས་ཤིང་། ཐོད་རློན་གྱི་ཕྲེང་བས་བརྒྱན་པ། རླུང་བདུད་དང་མེ་བདུད་དང་། ཆུ་བདུད་དང་། ས་བདུད་དང་། ཉི་བདུད་དང་། ཟླ་བདུད་དང་། སྐར་བདུད་དང་། འདྲེ་བདུད་དེ། བདུད་ཀྱི་དབང་པོ་བརྒྱད་ཀྱང་ནམ་མཁའི་མདོག་ཅན། ཁྲག་ལྟ་བུའི་མིག་དང་། རལ་པ་འབར་བ་ཞགས་པ་དང་དགྲ་སྟྭ་འཛིན་ཅིང་། རྒྱན་ཆ་ལུགས་གཙོ་བོ་ལྟ་བུའོ། །འདི་རྣམས་ནི་ནག་པོ་ཆེན་པོ་གཙོ་འཁོར་གྱི་རྒྱུད་སྣ་ཚོགས་པ་དང་། སླྤར་བུ་ནག་པོ་ངན་སྔགས་ཀྱི་རྒྱུད་ལས་བསྟན་པ་ཉིད། སྣང་སྲིད་ཟིལ་གནོན་རྡོ་རྗེ་སྲིན་པོ་ཆོས་ཀྱི་བླ་མའི་མན་ངག་ལས་དྲེགས་བྱེད་བརྒྱད་ཀྱི་དཀྱིལ་འཁོར་ཐམས་ཅད་གཅིག་ཏུ་ཤེས་པར་བྱའོ། །ཞེས་གསུངས་པའི་རྗེས་སུ་འབྲང་ནས། ཆོས་ཀྱི་རྗེ་རང་བྱུང་རྡོ་རྗེ་དང་། དཔལ་མཁའ་ལ་སྤྱོད་པའི་དབང་པོས་གསལ་བར་ཕྱེས་པའི་ལུགས་ལས་འབྱུང་ཞིང་། སོ་སོའི་བསྐྱེད་
(༡༠༢)ཆོག་ཏུ་ས་བོན་ལས་བསྐྱེད་པ་དང་། ཆོ་ག་གསུམ་བསྐྱེད་སོགས་སྣ་ཚོགས་འབྱུང་བ་ནི་རྒྱུད་ལས་དངོས་བསྟན་གྱི་དགོངས་པ་སོར་བཞག་པའོ། །འཁོར་ལོ་ཐ་མ་ལ་ཤར་ནས་གཡོན་བསྐོར་དུ་རིམ་པ་བཞིན་རྩིབས་རྣམས་ལ་བྷྱོོ་ཡིག་བདུན་རེ། རྩིབས་མཆན་རྣམས་ལ་གཡས་བསྐོར་གྱིས་བྷྱོོ་ཡིག་ཟུང་རེ་སྟེ། ཐམས་ཅད་ཀྱང་རང་རིགས་ཀྱི་ཁ་དོག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས། ཤར་རྩིབས་ལ་ལྕགས་ཀྱི་སྤྱང་མོ་མགོ་དགུ་པ་སྤུ་དང་མཆེ་སྡེར་ཁྲག་གིས་བསྐུས་པ་ལ་གནས་པའི་ཁྲག་གི་མདོག་ཅན་གྱི་བདུད་མོ་ཁྲག་གི་རལ་པས་ས་གཞི་ཁེངས་ཤིང་། གཡས་ཁྲག་འཛག་པའི་ལྕགས་ཀྱུ་དང་། གཡོན་ཁྲག་གིས་བཀང་བའི་ཐོད་པ་འཛིན་པ། ཤ་དང་ཁྲག་ལ་དགའ་བ་བདུན་དང་། ཤར་སྟོད་ཀྱི་གཡས་སུ་ལྷའི་སྲིང་མོ་གླིང་བཞི་མགྱོགས་མ་དཀར་མོ་གཡས་གསེར་གྱི་རྡོ་རྗེ་དང་། གཡོན་གསེར་གྱི་བུམ་པ་འཛིན་པ། དར་སྣ་ཚོགས་པའི་ན་བཟའ་ཅན། ལྷོ་སྟོད་ཀྱི་གཡས་སུ་གཤིན་རྗེའི་སྲིང་མོ་མཁའ་ལ་ཁྱུང་ལྡིང་སྔོན་མོ་གཡས་ཐོད་དབྱུག་འཕྱར་ཞིང་། གཡོན་ཐོད་རློན་འཛིན་པ། ཐོད་པའི་ཕྲེང་བས་བརྒྱན་པ། ནུབ་སྟོད་ཀྱི་གཡས་སུ་ཀླུའི་སྲིར་མོ་དཀར་མོ་གཡོག་ཐོད་སྐུ་མདོག་དམར་མོ་ཕྱག་གཉིས་སྦྲུལ་ཞགས་འཕེན་པ། སྦྲུལ་གྱིས་བརྒྱན་པ། བྱང་སྟོད་ཀྱི་གཡས་སུ་གནོད་སྦྱིན་གྱི་སྲིང་མོ་ནག་མོ་སྡེར་ཆེན་སེར་ནག་ཕྱག་གཡས་ཐོད་ཁྲག། གཡོན་ནཻའུ་ལེའི་རྒྱལ་
(༡༠༣)པ་འཛིན་པ། རིན་པོ་ཆེས་བརྒྱན་པ་སྟེ། སྲིང་མོ་བཞི་དང་། བྱང་ཤར་གྱི་རྩིབས་ལ་ལས་ཀྱི་དབང་ཕྱུག་བྲན་མོ་བདུན་ནི། གསོད་བྱེད་དམར་མོ་སྤྱང་ཀིའི་མགོ་ཅན་རལ་གྲི་འཛིན་པ། མེ་མོ་དམར་མོ་སྐྱིན་གྱི་མགོ་ཅན་གསལ་ཤིང་འཛིན་པ། ཕག་མོ་ནག་མོ་ཕག་གི་མགོ་ཅན་མཆེ་བ་དང་ཞགས་པ་འཛིན་པ། རྒན་བྱེད་དམར་མོ་ཁྭྭའི་མགོ་ཅན་ཞིང་ཆུང་ཟ་བ། རྣ་ཅན་དཀར་མོ་གླང་གི་མགོ་ཅན་ཐོད་ཁྲག་འཐུང་བ། ཆུ་ལྷ་སྔོན་མོ་སྦུལ་གྱི་མགོ་ཅན་འགས་པ་འཛིན་པ། རྣམ་ཐོས་ལྗང་ནག་སྤྐྱ་གའི་མགོ་ཅན་དྲིལ་བུ་འཁྲོལ་བ། བྱང་རྩིབས་ལ་ལས་ཀྱི་མ་མོ་ཕུར་བུ་མ་སྐུ་མདོག་ནག་མོ་རབ་ཏུ་འཇིགས་ཤིང་རྔམས་པ། གཅེར་བུ་རལ་པ་གྱེན་དུ་འགྲེང་ཞིང་ཕྱེད་ས་ལ་བཤལ་བ། གཡས་ཁྲག་གི་ལྕགས་ཀྱུ་དང་། གཡོན་ཕུར་པ་འདྲིལ་བ་ལས་ཁྲག་འཛག་པ། ཞལ་ནས་དུག་གི་ཁ་ཆུ་དགྲ་ལ་འཐོར་བ། སྐུ་སྨད་ཕུར་པའི་དབལ་དང་ལྡན་པས་ཁྲག་གི་མཚོ་ལ། འབོག་ཅིང་རྐྱལ་བ་བདུན་དང་། ཤར་སྟོད་ཀྱི་གཡོན་དུ་ཚེ་གསུམ་འབར་མ་སྟེ། དབང་པོ་འབར་མ་དཀར་མོ་ཉི་མའི་ཞགས་པ་འདེབས་པ། ལྷོ་སྟོད་ཀྱི་གཡོན་དུ་གཡུལ་གཞི་འགས་མ་སྟེ། གཤིན་རྗེ་འབར་མ་སྔོན་མོ་སྐར་མདའ་འཕེན་པ། ནུབ་སྟོད་ཀྱི་གཡོན་དུ་སྙིང་འདྲེན་ཆེན་མོ་སྟེ། ཀླུ་མོ་འབར་མ་དམར་མོ་མེ་ལྕེ་འབེབས་པ། བྱང་སྟོད་
(༡༠༤)ཀྱི་གཡོན་དུ་མྱོས་བྱེད་ཆེན་མོ་སྟེ། གནོད་སྦྱིན་འབར་མ་ལྗང་གུ་བྱ་ཁྱུང་འཛིན་པ་སྟེ། ནང་གི་འབར་མ་བཞི་ཁ་དོག་སྣ་ཚོགས་གྲི་གུག་དང་། ཐོད་ཁྲག་འཛིན་པ། ནུབ་བྱང་གི་རྩིབས་ལ་པདྨའི་དབང་ཕྱུག་མཛའ་མོ་བདུན་ནི། དགའ་བ་དམར་མོ་རྒོད་ཀྱི་མགོ་ཅན་སྐེ་དར་འཆང་བ། སྟོབས་ཅན་དཀར་མོ་རྟའི་མགོ་ཅན་གཤོལ་མདའ་འཛིན་པ། རྡོ་རྗེ་སེར་མོ་ཁྱུང་གི་མགོ་ཅན་སྤུ་གྲི་འཛིན་པ། འདོད་པ་དམར་མོ་ཁྱིའི་མགོ་ཅན་མདའ་གཞུ་འགེངས་པ། ནོར་སྲུང་དཀར་མོ་འུག་པའི་མགོ་ཅན་བུམ་པ་འཛིན་པ། རླུང་ལྷ་སྔོན་མོ་ཤ་བའི་མགོ་ཅན་བ་དན་འཕྱར་བ། བུམ་སྣ་དམར་མོ་སེང་གེའི་མགོ་ཅན་ལྕགས་སྒྲོག་བསྣམས་པ། ནུབ་རྩིབས་ལ་ཟངས་རལ་མ་དམར་མོ་གཡས་རལ་གྲི་དམར་པོ་མེ་འབར་བ་དང་། གཡོན་ཐོད་པ་ཁྲག་གིས་གང་བ་འཛིན་པ། རལ་པ་དམར་སེར་ཐོད་སྐམ་གྱི་ཕྲེང་བས་བཅིངས་པའི་ལྷག་མ་མཐུར་དུ་འཕྱང་བས་ས་གཞི་ཁེབས་པ། ཞིང་གི་པགས་པའི་སྨད་དཀྲིས་ཅན་བདུན་དང་། ཤར་སྨད་ཀྱི་གཡོན་དུ་དམར་མོ་འབེབས་མཁན་ཏེ། མེ་ཁྱེར་འབར་མ་དམར་མོ་གློག་གི་ཕྲེང་བ་འཛིན་པ། ལྷོ་སྨད་ཀྱི་གཡོན་དུ་གཟི་འཕྲོག་མ་སྟེ། སྲིན་མོ་འབར་མ་སྨུག་ནག་མདུང་ཐུང་འཕེན་པ། ནུབ་སྨད་ཀྱི་གཡོན་དུ་སྔོན་མོ་འབེབས་མཁན་ཏེ། རླུང་བདག་འབར་མཾ་སྔོ་ནག་
(༡༠༥)རལ་གྲི་དང་མི་སྐྲའི་གཡབ་མོ་འཛིན་པ། བྱང་སྨད་ཀྱི་གཡོན་དུ་སྲོག་འཕྲོག་མ་སྟེ། གཏུམ་མོ་འབར་མ་དཀར་མོ་མདུང་རྩེ་གསུམ་པ་འཛིན་པ་སྟེ། ཕྱི་རིམ་འདྲེན་པའི་འབར་མ་བཞི་ཁ་དོག་སྣ་ཚོགས་གྲི་གུག་དང་ཐོད་ཁྲག་བསྣམས་པ། ལྷོ་ནུབ་ཀྱི་རྩིབས་ལ་རིན་ཆེན་དབང་ཕྱུག་སྲིང་མོ་བདུན་ནི། རྡོ་རྗེ་སེར་མོ་དོམ་གྱི་མགོ་ཅན་ཙནྡན་འཐུང་བ། བདུད་རྩི་དམར་མོ་ཆུ་སྲིན་གྱི་མགོ་ཅན་པདྨ་བསྣམས་པ། ཟླ་བ་དཀར་མོ་སྲེག་པའི་མགོ་ཅན་པུཎྜ་རཱི་འཛིན་པ། བེ་ཅོན་ལྗང་ནག་ཁྲའི་མགོ་ཅན་དབྱུག་ཏོ་འཕྱར་བ། སྲིན་མོ་དམར་མོ་ཝའི་མགོ་ཅན་ཐོད་ཁྲག་འཐུང་བ། ཟ་བ་ལྗང་ནག་སྟག་གི་མགོ་ཅན་བ་སུ་ཏའི་ཞགས་པ་འཛིན་པ། མགྲིན་བཅུ་སེར་མོ་རའི་མགོ་ཅན་ཞགས་པ་བསྣམས་པ། ལྷོ་རྩིབས་ལ་མཚོན་འཁོར་མ་སེར་ནག་གཡས་རལ་གྲི་དང་། གཡོན་རལ་གྲིའི་འཁོར་ལོ་འཛིན་པ་བདུན་དང་། དུས་ལ་འཆར་བའི་ལྷ་མོ་བཞི་ནི། །ཤར་སྨད་ཀྱི་གཡས་སུ་རླུང་ལ་གནས་པའི་དཔྱིད་ཀྱི་རྒྱལ་མོ་དབྱིངས་རུང་མ་དཀར་མོ་ཕྱག་གཉིས་རླུང་གི་དཀྱིལ་འཁོར་འཛིན་པ། ལྷོ་སྨད་ཀྱི་གཡས་སུ་སྤྲིན་ལ་གནས་པའི་དབྱར་གྱི་རྒྱལ་མོ་གློག་འགྱུ་མ་སེར་མོ་ཕྱག་གཉིས་ཐོག་དང་གློག་གི་ཕྲེང་བ་འཛིན་པ། ནུབ་སྨད་ཀྱི་གཡས་སུ་རི་རབ་ལ་གནས་པའི་སྟོན་གྱི་རྒྱལ་མོ་གློག་ལྕམ་མ་
(༡༠༦)དམར་མོ་ཕྱག་གཉིས་གསེར་གྱི་ཟོར་བ་དང་ཤིང་དང་ལོ་ཏོག་གི་འབྲས་བུ་འཛིན་པ། བྱང་སྨད་ཀྱི་གཡས་སུ་ཆུ་ལ་གནས་པའི་དགུན་གྱི་རྒྱལ་མོ་གློག་སྤྲིན་མ་སྔོན་མོ་ཕྱག་གཉིས་ཁྲག་གིས་གང་བའི་ཐོད་པ་འཛིན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། རལ་པ་དམར་སེར་འཁྲུགས་པ། ཤར་ལྷོའི་རྩིབས་ལ་རྡོ་རྗེའི་དབང་ཕྱུག་མ་བདུན་ནི། སྲིན་མོ་དམར་ནག་གཡག་གི་མགོ་ཅན་ལུས་དང་བྲལ་མ་ཐག་གི་མགོ་བོ་རློན་པ་འཛིན་པ། ཚངས་མ་དམར་སེར་སྲེ་མོང་གི་མགོ་ཅན་པདྨ་བསྣམས་པ། ལྷ་ཆེན་དཀར་ལྗང་གཟིག་གི་མགོ་ཅན་ཏྲི་ཤཱུ་ལ་འཛིན་པ། རྟོག་འདོད་སྔོན་མོའི་ཟེར་མོའི་མགོ་ཅན་འཁོར་ལོ་འཆང་བ། གཞོན་ནུ་དམར་མོ་ཕ་ཝང་གི་མགོ་ཅན་མདུང་ཐུང་འཕེན་པ། བརྒྱ་བྱིན་དཀར་མོ་དྲེད་ཀྱི་མགོ་ཅན་ཨིནྡྲ་གདེངས་པ། རྡོ་རྗེ་ནག་མོ་ཁུ་བྱུག་གི་མགོ་ཅན་ལྕགས་ཀྱུ་འཛིན་པའོ། །དེའི་ཕྱི་རོལ་གྱི་ཕྱོགས་བཞིར་བྷྱོོ་དཀར་སེར་དམར་དང་ལྗང་ནག་འབར་བ་ལས་སྐྱེས་པའི། ཤར་དུ་ཤར་གྱི་དམག་གི་རྒྱལ་མོ་མཆེ་གཙིགས་མ། ཞལ་གཅིག། ཕྱག་དྲུག། སྐུ་མདོག་དཀར་མོ་གོས་དང་བྲལ་བ། གཡོན་ན་ཐོད་པ་དང་། །དེས་མཚན་པའི་མདའ་དང་བ་དན་འཛིན་པ། གཡོན་དང་པོས་བསྡིགས་མཛུབ་སྒྲེང་ཞིང་། ལྷག་མ་གཉིས་ཀྱིས་ཐུན་དང་ཟོར་འཕེན་པ། ལྷོར་ལྷོའི་དམག་རྒྱལ་མོ་ལས་མཁན་མ་གསེར་གྱི་མདོག་ཅན་
(༡༠༧)ཞལ་གཅིག་ཕྱག་གཉིས། མཚེ་དང་། ཡུངས་དཀར་འཕེན་པ། ནུབ་ཏུ་ནུབ་ཀྱི་དམག་གི་རྒྱལ་མོ་མཆུ་འཇིབ་མཁྲག་གི་མདོག་ཅན་ཞལ་གཅིག་ཕྱག་གཉིས། གཡང་གཞིའི་གོས་དང་ལྡན་པ། རུ་མཚོན་ཕྱར་བ། བྱང་དུ་བྱང་གི་དམག་གི་རྒྱལ་མོ་ཁ་འགལ་མ་ནག་མོ་ཞལ་གཅིག་ཕྱག་བཞི། རྨ་བྱའི་གོས་དང་ལྡན་པ། ཕྱག་གཡས་ན་བ་དན་དང་། སྟྭ་གྲི་འཕྱར་ཞིང་། གཡོན་ན་ཐོད་ཁྲག་དང་ཐུན་བསྣམས་པའོ། །འདིར་བཀོད་པའི་མ་མོའི་ཚོགས་རྣམས་འགུགས་འདྲེན་གྱི་ཚེ་སྦྱང་ཞོན་མ། ཕུར་གདབ་ཀྱི་ཚེ་ཕུར་བུ་མ། སྲོག་གཅོད་ཀྱི་ཟངས་རལ་མ། སྲུང་བཟློག་གི་ཚེ་མཚོན་འཁོར་མ་རྣམས་ནི་མ་བདུན་ཡིན་ལ། གཞན་སྲིང་བཞི། འབར་མ་དགུ་ལས་གཅིག་ནི་གཙོ་མོ་སྟེ། གཞན་ལྷག་མ་བརྒྱད་དང་། དུས་ཀྱི་ལྷ་མོ་བཞི། དམག་གི་རྒྱལ་མོ་བཞི། དབང་ཕྱུག་ཉེར་བརྒྱད། གཞན་ཡང་རྡོ་རྗེའི་བརྟན་མ་བཅུ་གཉིས་ལ་སོགས་པའི་སྣང་སྲིད་ཀྱི་མ་མོའི་དཀྱིལ་འཁོར་ཐམས་ཅད་རྫོགས་པར་བསྒོམ་པ་ནི། ཌོམྦིི་ཧེ་རུ་ཀ་ནས་བརྒྱུད་པའི་མགོན་པོ་ཡབ་རྐྱང་གི་ལུགས་དང་། སློབ་དཔོན་པདྨའི་ལུགས། ཞང་བཙུན་དར་མ་རིན་ཆེན་གྱི་གཏེར་མ། དུས་གསུམ་མཁྱེན་པ་ནས་བརྒྱུད་པ་ཡུམ་རྐྱང་གི་ལུགས་དང་། ཁྱད་པར་རྡོ་རྗེ་འཆང་ནས། ཏེ་ལོ་སོགས་དོན་བརྒྱུད་ཀྱི་མན་ངག། ཆོས་རྗེ་དྭགས་པོ་རིན་པོ་ཆེ་ནས་དུས་གསུམ་མཁྱེན་པ་ལ་གཅིག་བརྒྱུད་དུ་བཀའ་བབས་པ། མ་མགོན་ཞལ་སྦྱོར་གྱི་གདམས་པ་བརྒྱུད་པ་གཞན་ལ་ཆེས་གསང་བ་དང་། སྣང་སྲིད་ཟིལ་གནོན་གུ་རུ་པདྨ་འབྱུང་གནས་ཀྱི་གདམས་པ། བཀའ་གཏེར་གྱི་གཞུང་ལྷ་སྲས་སད་ན་ལེགས་ནས་བཟུང་
(༡༠༨)སྔགས་འཆང་མི་རབས་བཅོ་བརྒྱད་ཀྱི་གདུང་ཐ་གྲུབ་ཆེན་རིན་པོ་ཆེ་ཀརྨ་པཀྴིི་ལ་ཐུགས་གི་བར་དུ་ཤིན་ཏུ་གསང་བའི་གཅིག་བརྒྱུད་ཁོ་ནར་བཞུགས་པ་སྟེ། དེ་ཐམས་ཅད་ལའང་རྒྱུད་ཀྱི་ཁུངས་དང་འབྲེལ་བའི་ཆེ་བ་ལྡན་པ་ཤ་སྟག་ཡིན་ལ། དེ་ལྟ་བུའི་སྙན་བརྒྱུད་ཀྱི་བཀའ་རྒྱའི་བང་མཛོད་ཀྱི་སྒོ་འཕར་འབྱེད་པའི་དུས་ལ་བབས་པ་ན། དཔལ་མཁའ་སྤྱོད་དབང་པོ་དང་། རྗེ་བཙུན་མཐོང་བ་དོན་ལྡན་གྱིས་དཀྱིལ་འཁོར་གྱི་ཆོ་ག་ཆེན་པོ་འདི་ལྟ་བུ་གསལ་བར་མཛད་ཅིང་། ཆོས་སྐྱོང་ཕོ་མོ་སྦྲག་སྒྲུབ་ཏུ་འབྱུང་བའང་མན་ངག་གི་ཁྱད་པར་ཡིད་ཆེས་དང་ལྡན་པ་ལས་བྱོན་པ་ཙམ་དུ་མ་ཟད། ལུང་གིས་ངེས་པས་ཀྱང་གྲུབ་པ་ཡིན་ཏེ། ཨོ་རྒྱན་ཆེན་པོས་སྲིད་པ་གཏེར་ཁྱིམ་ལས། ལྷ་ཕོ་རྐྱང་མོ་རྐྱང་དུ་བསྒྲུབ་ན་འཁུ་ལྡོག་ཆེ་ཞིང་བཀྲ་མི་ཤེིས་ཤིང་བཟློག་ཁ་སྙི་ལ། ཕོ་མོ་སྦྲག་སྒྲུབ་བྱས་པ་བཀྲ་ཤིས་ལ་མཐུ་བཟློག་པས་མི་བཟློག་པར་གསུངས་པའི་ཕྱིར། དེ་ལྟར་རྒྱུད་ལུང་མན་ངག་གི་རིམ་པ་ཐམས་ཅད་དང་ལྡན་པའི་ཁྱད་ཆོས་སུ་གྲུབ་པ་ལས། ཡིག་སྣ་མཐོང་ཚད་འདོད་ཁྱེར་གྱིས་བསྡུས་པའི་ཡིན་ཡིན་འགྲིགས་འགྲིགས་མའི་མཛེས་འཕྱོར་གྱི་དཀྱིལ་འཁོར་དུ་བྱས་པར་མ་སེམས་ཤིག །དཀྱིལ་འཁོར་ཆེན་པོའི་མདུན་གཡས་གཡོན་གྱི་ཕྱོགས་གསུམ་དུ། དགྲ་བགེགས་ཕོ་མོ་བསྣོལ་བའི་གྲམ་ཁྲོད་ཀྱི་ཀློང་ན། མྱུར་མགྱོགས་ཀྱི་ལས་མཁན་བདུད་མགོན་ཤན་པ་མི་ནག་རྟ་ནག། ཤིན་དུ་ཁྲོས་པའི་བཞིན་ཅན། དར་བེར་ནག་པོ་དང་ལྕགས་ཁྲབ་སྐུ་ལ་གསོལ་བ། བཙན་རྒོད་མི་དམར་རྟ་དམར་དྲག་ཏུ་ཁྲོས་
(༡༠༩)པའི་རྣམ་འགྱུར་རྔམས་པ། དར་བེར་དམར་པོ་དང་། ཟངས་ཁྲབ་མནབས་པ། ཀླུ་མགོན་མི་སྔོན་རྟ་སྔོན་རབ་ཏུ་ཁྲོས་པའི་རྣམ་འགྱུར་འཁྲུགས་པ། དར་སྔོན་གྱི་བེར་དང་གཡུ་ཁྲབ་མནབས་པ། ཐམས་ཅད་ཀྱང་དབུ་ལ་ལྕགས་དང་། ཟངས་དང་། གཡུ་ལས་གྲུབ་པའི་རྨོག་ཆེན་དར་དང་། བྱ་ཕོད། ཐོད་སྐམ་གྱི་ཅོད་པན་ཅན་གསོལ་བ། སྐེད་ལ་སྟག་རལ་གཟིག་ཤུབ་རྔམས་པ། གཡས་ན་རང་རང་གི་ཁ་དོག་གསལ་བའི་བ་དན་འཕུར་བའི་མདུང་རིང་བསོར་བས་དགྲ་སྙིང་འབིགས་པ་དང་། བསྟན་དགྲ་རྩིས་ལ་འདེབས་པའི་ཁྲམ་ཤིང་འཕྱར་བ། །གཡོན་ན་རང་རང་གི་ལས་ལས་སྐྱེས་པའི་ཞགས་པ་དགུ་སྒྲིལ་གྱིས་སྲིད་པ་གསུམ་ན་གནས་པའི་དགྲ་བོ་ཐམས་ཅད་འཆིངས་ཤིང་། སྡིག་པ་ཅན་གྱི་གློ་སྙིང་ཁྲག་རྒྱུན་དང་བཅས་པ་བཟུང་ནས་དཔའ་བའི་ཞལ་དུ་འདྲེན་པ། སྦ་དམར་དང་། བསེ་དང་། གཡུ་ཡི་ཕུབ་ཆེན་རྒྱབ་ཏུ་འཁྱིལ་བ། མེ་རླུང་དུག་དང་ནད་ཀྱི་སྤྲིན་རླངས་འཚུབས་པའི་ཀློང་ན། རང་གི་རིགས་སུ་གཏོགས་པའི་རྗེ་བློན། ལས་བྱེད། ཕོ་ཉ། ཡང་འཁོར་དང་བཅས་པའི་དམག་དཔུང་བྱེ་བ་དུང་ཕྱུར་རྣམས་ཀྱིས་བསྟན་པ་འཇིགས་པའི་དགྲ་བགེགས་རྣམས་འགུགས་འདྲེན་གསོད་གཅོད་ཀྱི་ལས་བྱེད་
(༡༡༠)པའོ། །འདིར་སྦས་པའི་ལྷ་མྱུར་མགྱོགས་གྱི་དྲེགས་པ་སྐྱ་གསུམ་འདི་རྒྱུད་དང་མན་ངག་གཉིས་ཀ་ནས་བསྟན་ལ། མཆོག་ཐུན་མོང་གི་ལས་སོ་སོ་དང་འབྲེལ་བའི་དབང་གིས་འགོད་པའི་གནས་སོ་སོར་འབྱུང་བ་དང་། ཤིན་ཏུ་གབ་པའི་མན་ངག་གི་སྐོར་སོགས་བླ་མའི་ཞལ་ལས་ཉན་པར་བྱ་བ་ཁོ་ནའོ། །གཞན་ཡང་དཀྱིལ་འཁོར་ཆེན་པོའི་ནང་དང་། ཕྱི་རོལ་གྱི་སྟེང་གི་ཕྱོགས་སུ་བདེ་བར་གཤེགས་པ། རིག་འཛིན་བྱང་སེམས་ཡི་དམ་རབ་འབྱམས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་དྲག་པོའི་ལས་ལ་བཞེངས་ཤིང་། སྐུ་གསུང་ཐུགས་འབར་བའི་གཟི་བྱིན་དང་ལྡན་པས། མངོན་སྤྱོད་ཀྱི་ཕྲིན་ལས་ལ་གཅིག་ཏུ་བརྩོན་པ། བར་གྱི་ཆ་ལ་ཡེ་ཤེས་ཀྱི་མགོན་པོ་རིགས་ལྔ་ཡབ་ཡུམ་གྱི་ཚོགས་གྲངས་མེད་པ་དང་། ལས་ཀྱི་མགོན་པོ་ལྕམ་དྲལ་གྱི་དམག་ཚོགས་ཀྱིས་བྱད་མ་དམ་ཉམས་ལྷ་སྲུང་དང་བཅས་པའི་ཕྲུ་མ་བརླགས་ཤིང་བསྒྲལ་བའི་ལས་མཛད་པ། འོག་གི་ཆ་ལ་འཇིག་རྟེན་གྱི་མགོན་པོ་དང་། མ་མོ། སྤྲུལ་པ་དང་། ལས་དང་། དམ་ཚིག། ཤ་ཟ། སྡེ་བརྒྱད་ཀྱི་རིགས་ལས་གྱུར་པའི་དམ་ཅན་རྒྱ་མཚོའི་དམག་ཚོགས་སྤྲིན་ལྟར་གཏིབས་ཤིང་། རླུང་ལྟར་འཚུབས་པ། མེ་ལྟར་འབར་ཞིང་ཆུ་ལྟར་ཁོལ་པ། བུ་ཡུག་ལྟར་འཚུབས་ཤིང་སེར་ལྟར་འདྲིལ་བ། ཁྱད་པར་དུ་རྡོ་རྗེའི་བསྟན་
(༡༡༡)སྐྱོང་ཡམ་བཅུ་གཉིས། རྒྱལ་པོ་ཆེན་པོ་སྡེ་བཞི། དཔལ་མགོན་བདུན་ཅུ། གཙང་མའི་རིས་དང་། ཀླུ་དང་། གནོད་སྦྱིན་ལ་སོགས་པའི་སྡེ་བརྒྱད་ཀྱི་དམག་ཚོགས་བྱེ་བ་རྒྱ་མཚོ་གྲངས་མེད་པས་ཡོངས་སུ་བསྐོར་བ་བསམ་གྱིས་མི་ཁྱབ་ཅིང་བརྗོད་ཀྱིས་མི་ལང་བ། ཐམས་ཅད་ཀྱང་ཁྲོ་ཞིང་གཏུམ་པ། གོ་ཆ་སྲ་བ། མཚོན་ཆ་རྣོ་བ། འོག་རྟ་མགྱོགས་པ། ཁ་དོག་དང་མགོ་བརྙན་དང་། རྒྱན་ཆ་སྣ་ཚོགས་པ། གཡས་ཐམས་ཅད་གྲི་གུག་ལས་སྤྲུལ་པའི་ལས་མཁན་འགྱེད་ཅིང་། གཡོན་ཐམས་ཅད་ཐོད་ཁྲག་ལས་ནད་ཀྱི་ཆར་པ་འབེབས་པ། ཧ་ཧ། ཧཱུྃ་ཧཱུྃ། རྒྱོབ་སོད་ཀྱི་སྒྲ་དང་རྔམས་པའི་གད་མོ་རྒོད་ཅིང་། ཤ་ཁྲག་གི་རྗེས་སུ་ཉུལ་ཞིང་ལེགས་ཉེས་ཀྱི་ཤན་འབྱེད་པ་དང་། སངས་རྒྱས་གྱི་བསྟན་པ་བསྲུང་བ་ལ་བརྩོན་ཞིང་། དཔལ་ཆེན་པོའི་བཀའ་ཉན་གསུང་སྡོད་ཀྱི་ཚུལ་དུ་གནས་པར་གྱུར། ཕྱིའི་དུར་ཁྲོད་ཆེན་པོའི་ཁོར་ཡུག་ཏུ་ཀེང་རུས། ཕྲ་མེན། ཤ་ཟ། མོན་པ། རོ་ལངས། འབྱུང་པོའི་དམག་ཚོགས་གར་བྱེད་ཅིང་དྲག་ཏུ་རྒོད་པ། ནང་ཁྲོལ་དང་། ཡན་ལག་གི་ཚོགས་ལ་ལོངས་སྤྱོད་ཅིང་། ནད་མཚོན། ལྟས་ངན། ཡེ་འགྲོགས་ཀྱི་ཆར་འབེབས་པས་བསྟན་པའི་དགྲ་བོ་རྣམས་དམྱལ་ཐག་གཅོད་པ། བྱང་ཕྱོགས་ཀྱི་གནོད་སྦྱིན་ཚོགས་རྣམས་
(༡༡༢)ལྕགས་ཀྱི་བྱ་ཁྲ་དང་། ཁྱུང་ཆེན་དང་། ཀཾ་ཀ་ལ་སོགས་པ་འདབ་ཆགས་ཤ་ཟན་གྱི་ཚོགས་སུ་སྤྲུལ་ནས་དགྲ་བོའི་ཤ་ལ་ཟ་ཞིང་། ལྷོ་ཕྱོགས་ཀྱི་གཤིན་རྗེའི་ཚོགས་རྣམས་སྟག །གཟིག །དོམ། དྲེད་ལ་སོགས་པ་གཅན་གཟན་ཁྲག་འཐུང་གི་གཟུགས་ཀྱིས་དགྲ་བོའི་ཁྲག་ལ་འཐུང་བའི་ཚོགས་ཀྱིས་བར་སྣང་དང་། ས་གཞི་ཁྱབ་པར་ཉུལ་བས། གང་ལ་དམིགས་པའི་སྲོག་རྩ་གཅོད་པའི་ལས་ལ་བརྩོན་པ། དེའི་ཕྱི་རོལ་གྱི་འོག་གཞི་ས་ཡི་དཀྱིལ་འཁོར་དང་། རི་རབ་ཆེན་པོའི་ངོས་དང་།། ཁོང་གསེང་དུ་ལྷ་དང་། བདུད་དང་། གནོད་སྦྱིན་དང་། དྲི་ཟ་དང་། གཟའ་དང་། རྒྱུ་སྐར་དང་། མ་མོ་ལ་སོགས་པའི་གནས་འཇིགས་སུ་རུང་བ། དེ་རྣམས་སུ་གནས་པའི་རང་རང་གི་རྗེ་བློན། བྲན་གཡོག། དམག་དཔུང་གི་ཚོགས་བྱེ་བ་དུང་ཕྱུར་དུ་མ་དང་བཅས་པ་འཁོད་ཅིང་། བར་སྣང་ཐམས་ཅད་བདུད་ཀྱི་བྱ་ནག་ཀཾ་ཀ་དང་། ལྕགས་ཀྱི་བྱ་ཁྲ་ལ་ཞོན་པའི་ཕོ་ཉའི་དམག་སྡེ་རེ་རེ་ལའང་ས་ཡ་དྲུག་འབུམ་གྱི་ཚོགས་སྤྲིན་ལྟར་གཏིབས་པ། རི་རབ་ཀྱི་རྨིང་ཁྲག་གི་རྒྱ་མཚོ་ལ་གནས་པའི་ཀླུའི་འཁོར་ཚོགས་རུས་སྦལ་དང་། ཆུ་སྲིན་དང་། དྲེའུ་དང་། རྟ་དང་། སྤྦྱང་ཀི་ལ་སོགས་པའི་རྟ་ལ་བཅིབས་པ། ས་ཡ་ཕྲག་འབུམ་ཕྲག་དྲུག་དྲུག་དང་བཅས་པ་བུ་ཡུག་ལྟར་འཚུབས་པ། ཕྱིའི་ལྕགས་རི་ལ་གཤིན་
(༡༡༣)རྗེའི་སྡེ་དཔོན་བྱེ་བ་དུང་ཕྱུར་རང་རང་གི་བློན་འཁོར་དམག་ཚོགས་ཀྱིས་བསྐོར་བས་ས་གཞི་ཁེངས་པ། ཕྱི་རོལ་དུ་རྟ་གདོང་མའི་འཁོར་ཡུག་དང་། མེའི་དཀྱིལ་འཁོར་དང་། དེ་འོག་རླུང་གི་དཀྱིལ་འཁོར་སྟེ། ཚ་གྲང་གི་སྡུག་བསྔལ་མི་ཟད་པས། བསྟན་དགྲ་རྣམས་མྱལ་ཐག་གཅོད་པའི་གནས་བརྒྱད་བརྒྱད། ཉེ་འཁོར་བཞི་བཞི་དང་བཅས་པར་དབང་བྱེད་པའི་རྒྱལ་པོ། བློན་པོ། ལས་བྱེད་ཀྱི་དམག་ཚོགས་དང་བཅས་པ། ཐམས་ཅད་ཀྱི་ཕྱི་རོལ་ནམ་མཁའི་དཀྱིལ་འཁོར་གྱི་རང་བཞིན། སྲུང་བའི་འཁོར་ལོའི་གུར་ཁང་གི་ཕྱོགས་བཅུར་གནས་པའི་རྡོ་རྗེའི་ཁྲོ་བོ་ཆེན་པོ་བཅུ་ལ། །ལས་དང་འཇིག་རྟེན་ལས་གྲུབ་པའི་ལྷ་དམག་བྱེ་བ་དུང་ཕྱུར་གྱི་དམག་ཚོགས་དང་བཅས་པ། ཐམས་ཅད་ཀྱི་གཙོ་བོ་ཁྲག་འཐུང་ལྕམ་དྲལ་གྱི་བཀའ་ལ་ཉན་ཅིང་། དམ་ལ་གནས་པ། བསྟན་པ་འཇིག་པའི་དགྲ་བགེགས་རྣམས་ཀྱི་སྲོག་དབུགས་ལེན་པ་ལ་བརྩོན་པ། དེ་དག་རྣམས་ཀྱང་དྲག་པོའི་ཤུགས་ཅན། འཇིགས་པའི་གཟུགས་དང་། རྡམ་པའི་ང་རོ་འབྱིན་ཞིང་དུར་ཁྲོད་ཀྱི་རྒྱན་དུ་མས་བརྒྱན་པ། མདོག་ཆ་ལུགས་རྣམ་འགྱུར་ཕྱག་མཚན་དུ་མ་འཛིན་པ། རང་གི་རིགས་དང་མཐུན་པའི་འཁོར་མང་པོས་བསྐོར་བའོ། །འདིར་བཤད་པ་རྣམས་ཀྱང་། རིན་པོ་ཆེ་ཀརྨ་པཀྴིིས། ཕོ་
(༡༡༤)རྒྱུད་མགོན་པོ་འཁོར་དང་བཅས་པ་དང་། མོ་རྒྱུད་མ་མོ་ཐམས་ཅད་ཐབས་ཤེས་དབྱེར་མེད་མགོན་པོ་ལྕམ་དྲལ་འདིའི་རྣམ་པར་འཕྲུལ་པ་སྟེ། འདི་ཡིས་མ་ཁྱབ་པ་གང་ཡང་མེད་ཅིང་། མགོན་པོ་ཡབ་ཡུམ་གཤིན་རྗེ་ལྷ་དགུ་སོགས་གྲངས་ཅན་གྱི་དཀྱིལ་འཁོར་དགུ་ཚོམ་བཅུ་གཅིག་དང་། གྲངས་མེད་ཀྱི་ལྷ་དགུ་ནས་གྲངས་མེད་པའི་འཁོར་ཚོགས་མགོན་པོ་ཡབ་ཡུམ་གྱི་རྣམ་འཕྲུལ་དང་། ཆོ་འཕྲུལ་བཀའ་ཉན་འཁོར་ཚོགས་སུ་རྟོགས་པར་བྱའོ། །ཞེས་དང་། སྲིད་པ་གསུམ་དུ་གཏོགས་ཚད་ཀྱི་ཕོ་རྒྱུད་མོ་རྒྱུད་ཐམས་ཅད་དཔལ་མགོན་པོ་ཡབ་ཡུམ་གྱི་རྣམ་འཕྲུལ་ཆོ་འཕྲུལ་བཀའ་འཁོར་དུ་མ་གྱུར་པ་གང་ཡང་མེད་པའི་ཕྱིར། ཞེས་སོགས་རྒྱ་ཆེར་གསུང་ལ། རྩ་རླུང་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གྱི་ཀྲོང་དུ་ལས་དང་ཡེ་ཤེས་ཀྱི་འབྱུང་བ་ལྔས་ཁྱབ་པའི་སྲིད་ཞིའི་དཀྱིལ་འཁོར་ཐམས་ཅད་རྫོགས་པར་བསྟན་པའི་མན་ངག་དང་། རྒྱུད་དང་། རྒྱ་གཞུང་ལ་བརྟེན་པའི་ཁྲིད་ཡིག་རྣམས་ཀྱིས་རྗེས་སུ་འབྲང་ནས་བཀོད་པའོ། །དྲུག་པ་ནི། དེ་ལྟར་གསལ་བའི་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། །མགྲིན་པར་ཨཱདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཁྱད་པར་དུ་ལྷ་མོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། འདིར་ཡིག་སྙིང་གི་གཞུང་རྣམས་སུ་གདན་དང་། ས་བོན་ཁོ་ན་ལས་མ་གསུངས་མོད། དུར་ཁྲོད་ནག་པོའི་རྒྱུད་ལས། དེའི་ཐུགས་ཀར་དེ་ལ་བསམ། །དེ་སྟེང་ཉི་སྟེང་གྲི་གུག་ལ། །རྡོ་རྗེའི་རྩ་བར་ཧཱུྃ་གནས་པའི། །འོད་འཕྲོས་རང་བཞིན་མགོན་པོ་བཀུག །ཅེས་གསུངས་པ་དང་། མན་ངག་གི་སྒོམ་རིམ་དུ་འབྱུང་བའི་རྗེས་སུ་འབྲངས་ཏེ་བཀོད་པ་ནི། །
(༡༡༥)ཁ་ཊྭཱྃ་གའི་ཡུ་བའི་སྦུབས་སུ་རེ་བ་ལ་གནས་པའི་བྷྱོ་སྔོན་པོ། མགོན་པོའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་གནས་པ། འབར་བའི་གྲི་གུག་གི་རྡོ་རྗེའི་ལྟེ་བར་རི་བོང་ཅན་གྱི་གདན་ལ་ཧཱུྃ་མཐིང་ནག་རྣམས་དྭངས་པའི་མེ་ལོང་ལ་ཉི་མའི་དཀྱིལ་འཁོར་ཤར་བ་བཞིན་མི་བཟད་པའི་གཟི་བརྗིད་མཐའ་ཡས་པ་དང་ལྡན་པར་བསམ་མོ། །བདུན་པ་ནི། ས་བོན་དེ་དག་ལས་འོད་ཟེར་སྨུག་ནག་བྱང་ཕྱོགས་དང་། བྱང་ཤར་དུ་འཕྲོས་པས། དཔལ་ཡེ་ཤེས་ཀྱི་མགོན་པོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ། མདུན་གྱི་ནམ་མཁའི་གནས་སུ་གཤེགས་པར་གྱུར་པར་མོས་ལ། དམ་ཚིག་གི་སྤོས་བཏུལ། དར་ནག་པོའི་གཡབ་མོ་དང་། རྐང་གླིང་། རོལ་མོ་ལ་སོགས་པས་འབོད་ཅིང་། ཐུགས་དམ་བསྐུལ་བའི་སྒྲ་རྒྱ་མཚོས་ཕྱོགས་ཀུན་ཁྱབ་པའི་བྱིན་སྦར་ཞིང་། རྔ་འགྲིགས་དབྱངས་དང་བཅས་པས། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །དཔལ་ལྡན་མགོན་པོ་སྤྱན་འདྲེན་ན། །ཐུགས་རྗེ་ཐུགས་དམ་དབང་གིས་ནི། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །ཞེས་དང་། དུར་ཁྲོད་ནག་པོ་དང་གྲི་གུག་བརྩེགས་པའི་རྒྱུད་ལས་བཏུས་པ་ནི། ཧཱུྃ། མགོན་པོའི་ཐུགས་དམ་བསྐང་བ་དང་། །གཞན་གྱི་གནོད་པ་བཟློག་པ་དང་། །བདག་གི་ལས་རྣམས་བསྒྲུབ་ཕྱིར་དང་། །རྒྱལ་
(༡༡༦)བའི་བསྟན་པ་བསྲུང་སླད་དུ། །མགོན་པོ་ནག་པོ་སྤྱན་འདྲེན་ན། །འདུ་འབྲལ་མེད་པའི་དབྱིངས་ཉིད་ནས། །ལྷ་ཆེན་དཔལ་འབར་སྤྱན་འདྲེན་གྱི། །ནག་པོ་ཆེན་པོ་གཤེགས་སུ་གསོལ། །ཞེས་དང་། རང་བྱུང་རྡོ་རྗེ་ཀརྨ་པའི་གསུང་ལས་འབྱུང་བ་ནི། ཧཱུྃ། གཏུམ་ཆེན་དྲག་པོར་ཁྲོས་པ་སྲིན་པོའི་གཟུགས། །ནག་པོ་མི་བཟང་མ་ཧཱ་ཀཱ་ལ་ནི། །དད་པ་དམ་ཚིག་དབང་གིས་སྤྱན་འདྲེན་ན། །ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ། །ཞེས་དང་། མེ་ལྕེ་ཕྲེང་བའི་རྒྱུད་ལས་བཏུས་པ་ནི། །འབར་བའི་སྐུར་སྟོན་འདིར་གཤེགས་མཆོད་པ་བཞེས། །ནག་པོ་མི་བཟད་འདིར་གཤེགས་མཆོད་པ་བཞེས། །ཕ་རོལ་ཕྱིན་སྤྱོད་འདིར་གཤེགས་མཆོད་པ་བཞེས། །རྣལ་འབྱོར་དགྲ་ལྷ་འདིར་གཤེགས་མཆོད་པ་བཞེས། །རིག་འཛིན་སྲུང་མ་འདིར་གཤེགས་མཆོད་པ་བཞེས། །དེད་དཔོན་ཆེན་པོ་འདིར་གཤེགས་མཆོད་པ་བཞེས། །ལྷ་མིན་གཡུལ་བཟློག་འདིར་གཤེགས་མཆོད་པ་བཞེས། །ལྷ་རྣམས་དབུགས་འབྱིན་འདིར་གཤེགས་མཆོད་པ་བཞེས། །ཞེས་དང་། དཔལ་མཁའ་སྤྱོད་པའི་གསུང་ལས་ཨོཾ། སྔོན་གྱི་ཐུགས་དམ་དམ་པའི་ཆོ་འཕྲུལ་ལས། ཁྱོད་ཀྱི་ཕྲིན་ལས་གང་དུའང་མི་འཇུག་མེད། །ལྷག་པར་དད་དང་དམ་ཚིག་ལྡན་པ་སྟེ། །རྒྱལ་བའི་དབང་ཕྱུག་དེང་འདིར་དུས་ལ་བབ། །འཇིགས་
(༡༡༧)རུང་འཇིགས་ཆེན་དུ་མ་རྣམ་འཁྲུགས་པ། །བསྐལ་མེ་བྱེ་བ་སྟོང་འབར་དུར་ཁྲོད་ནས། །ས་ཆེན་རི་བཅས་གཡོ་བའི་རྫུ་འཕྲུལ་གྱིས། །ཕྱོགས་འདིར་ཕྱོགས་རྣམས་ཀུན་ནས་རབ་གཤེགས་ཤིག །དཔལ་ལྡན་ཁྲག་འཐུང་མངའ་བདག་གཤེགས་སུ་གསོལ། །མཁའ་འགྲོ་ཀུན་གྱི་དབང་ཕྱུག་གཤེགས་སུ་གསོལ། །ལྷ་ཆེན་བྱེ་བའི་གཙོ་བོ་གཤེགས་སུ་གསོལ། །དངོས་གྲུབ་མཐའ་དག་རབ་སྦྱིན་གཤེགས་སུ་གསོལ། །བཞད་པའི་ང་རོ་འབྲུག་སྒྲ་སྟོང་ལྡིར་ཞིང་། །རྔམས་པའི་སྟངས་སྟབས་སྲིད་པ་གསུམ་གཡོ་བ། །འཇིག་རྟེན་འདས་དང་མ་འདས་འཁོར་གྱི་ཚོགས། །བྱེ་བ་རྒྱ་མཚོས་རབ་བསྐོར་གཤེགས་སུ་གསོལ། །ཞེས་དང་། སློབ་དཔོན་པདྨས་མཛད་པ་ཞང་བཙུན་གྱི་གཏེར་མའི་རྒྱུད་ནས་འབྱུང་བ། བྷྱོོ། བསྐལ་པ་མེ་ལྟར་འབར་བའི་དུར་ཁྲོད་ནས། །ནག་མོ་རལ་པ་འབེབས་པ་སྲིན་མོའི་ཚོགས། །ས་གསུམ་འདུལ་བ་ཟ་བྱེད་ཆེན་མོ་སྟེ། །རྡོ་རྗེ་དྲ་བ་མ་དང་གློག་འགྱུ་མ། །སྲིན་མོའི་ཚོགས་རྣམས་གདུང་ཞིང་འབོད་པའི་ཚེ། །རུ་ལུ་རུ་ལུའི་སྒྲ་སྐད་དྲག་པོ་དང་། རཀྨོ་ཀྲོ་དྷཀྵ་ཡིས་བོས་པའི་ཚེ། །སྒྲོལ་བྱེད་ཆེན་མོ་ཁྱོད་ཀྱི་དུས་ལ་བབ། །ཡུན་གྱི་དཔལ་དང་མགོན་དུ་ཁྱོད་བསྟེན་ན། །བཏང་སྙོམས་ཡལ་བར་མ་དོར་གཡར་དམ་ཅན། །མ་གཡེལ་མ་གཡེལ་དམ་ཅན་སྲུང་མའི་
(༡༡༨)ཚོགས། །དངོས་གྲུབ་མཐའ་དག་རྫོགས་པར་སྩལ་དུ་གསོལ། །ཞེས་དང་། བྷྱོོ། ཁྱོད་ཀྱི་སྤྱི་བོའི་བཙུག་རུམ་ནས། །ཉི་མ་ཟླ་བའི་འོད་ཟེར་འཕྲོ། །ནག་མོ་མི་བཟད་ཆོ་འཕྲུལ་ཅན། །དུས་ལ་བབ་ཀྱི་ད་ཚུར་བྱོན། ཁྱོད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་ནས། །འདོད་ཁམས་མ་མོ་སྟོང་སྟོང་འགྱེད། ཁྱོད་ཀྱི་གསང་བའི་བྷ་ག་ནས། །ལས་ཀྱི་མ་མོ་སྟོང་སྟོང་འགྱེད། ཁྱོད་ཀྱི་ཞབས་བརྡབ་གཡས་གཡོན་ནས། ཕོ་ཉ་སྟོང་ཕྲག་དྲུག་ཅུ་འགྱེད། བདུད་དགྲ་ལྷ་འདྲེ་ཀུན་འདུལ་མ། དཔལ་ལྡན་ལྷ་མོ་གཤེགས་སུ་གསོལ། ཞེས་དང་། གྲུབ་ཆེན་པཀྴིས་མཛད་པ་ནི། བྷྱོ། བྱང་ཤར་ཆོས་དབྱིངས་ཕོ་བྲང་ནས་བསྟན་པ་བསྲུང་ཕྱིར་སྐུ་སྤྲུལ་པ། ཚུར་གཤེགས་ཚུར་གཤེགས་མ་ཚུར་གཤེགས། དམ་ཚིག་དབང་གིས་མྱུར་དུ་བྱོན། ཡོངས་འདུའི་ཤིང་ལ་རྟེན་བཅས་ཤིང་། རྫུ་འཕྲུལ་མྱུར་མགྱོགས་དྲེལ་ལ་ཞོན། དུར་ཁྲོད་ཉུལ་ཞིང་ཛམ་གླིང་བསྐོར། མགྱོགས་བྱེད་ཆེན་མོ་གཤེགས་སུ་གསོལ། ཁྲག་འཐུང་མ་མོའི་དཀྱིལ་འཁོར་ནས། །སྐྱེ་འགྲོ་ཡོངས་ཀྱི་དབུགས་ལེན་མ། །ཤ་ལ་དགའ་ཞིང་ཁྲག་ལ་རྔམས། །ཟ་བྱེད་ཆེན་མོ་གཤེགས་སུ་གསོལ། །ནག་མོ་མི་བཟད་རལ་པ་ཅན། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས། སྤྲུལ་པའི་མ་མོས་སྟོང་ཁམས་ཁྱབ། །རྫུ་འཕྲུལ་ཆེན་
(༡༡༩)མོ་གཤེགས་སུ་གསོལ། །གྲངས་མེད་བསྐལ་པའི་སྔོན་རོལ་ནས། །ས་བརྒྱད་ནོན་པའི་སེམས་མ་ཁྱོད། །མི་སྡུག་གཟུགས་འཆང་སྲིན་མོའི་ཚུལ། །འཇིགས་བྱེད་ཆེན་མོ་གཤེགས་སུ་གསོལ། །ཞེས་དང་། གྲི་གུག་བརྩེགས་པའི་རྒྱུད་ལས་འབྱུང་བ་ནི། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། ཚུར་གཤེགས་ཆོས་སྐྱོང་སྲུང་མའི་ཚོགས། དབང་པོ་མེ་ལྷ་གཤིན་རྗེ་དང་། བདེན་བྲལ་ཆུ་བདག་རླུང་གི་ལྷ། གནོད་སྦྱིན་དབང་ལྡན་ཚངས་པ་དང་། ཉི་ཟླ་གཟའ་སྐར་ས་བདག་ཐོགས། བིཥྚུ་མ་མོ་གཤིན་རྗེ་དང་། སྲིན་པོ་རོ་ལངས་གསོད་བྱེད་ཚོགས། ཀླུ་དང་བདུད་མོ་འབྱུང་པོ་རྣམས། གཏུམ་དྲག་འཇིག་རྟེན་ཕོ་ཉའི་ཚོགས། རང་རང་གནས་ནས་འདིར་དགོངས་ལ། སྐད་ཅིག་ཙམ་གྱིས་གཤེགས་སུ་གསོལ། །ཞེས་མ་མགོན་འཁོར་གྱི་དཀྱིལ་འཁོར་པ་དང་བཅས་པ་ཐམས་ཅད་སྤྱན་འདྲེན་པའི་ཚིག་རྣམས་དབྱངས་ཀྱི་རྟ་ལ་དྲངས་ཏེ། གྱེར་ནས། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལཱ་ཡ། དེ་ཝ་རཀྵ། ཛཧཱུྃ་བྃ་ཧོའདིར་ཤོག་འདིར་ཤོག། ཨཱ་གཙྪ་ཡ་ཨཱ་གཙྪ་ཡ། ཧཱུྃ་ཡ་ཛཧཱུྃ་ཡ་ཛཨོཾ་མ་ཧཱ་ཀཱ་ལི། ཏྲཀ་རཀྵ་ཏི༚་ལཾ་ས་མ་ཡ། ཛཧཱུྃ་བྃ་ཧོཞེས་པའི་སྔགས་འདི་དག་ཨརྞ་པས་མཛད་པའི་རྒྱ་གཞུང་དང་། གྲུབ་ཆེན་ཀརྨ་པའི་མ་མགོན་ཞལ་སྦྱོར་གྱི་སྒྲུབ་ཐབས་ནས་འབྱུང་ངོ། །ནག་མོ་ཏི་ལི་མ་མདུན་བྷྱོ། ཛཧཱུྃ་བྃ་ཧོཀཱ་
(༡༢༠)ལི་དུན་བྷྱོོ། ཞེས་ཞང་བཙུན་གཏེར་རྒྱུད་མ་མོ་ཤིས་བསྟན་པའི་གཞུང་ལས་གསུངས་པ་དང་། ཨེ་ཨཱ་རལླི་ཧོ ཛཧཱུྃ་བྃ་ཧོ མ་ཏི་མ་ཧཱ་ས་མ་ཡ། ཕེ༚་ཕེ༚་ཕེ༚། མ་མ་པ་ཤ་ར། ཤ་ཀཱ་ལ། ས་མ་ཡ་ཛ ཛཧཱུྃ་བྃ་ཧོཨ་ལ་ལ་ཧོཞེས་སྐུ་གསུམ་གྱི་ལྷ་མོ་དུས་གཅིག་ལ་བསྒྲུབ་པའི་མན་ངག་ལས་གསུངས་པ་དང་། མ་མོ་ནག་མོ་ཏི༚་ལཾ། །མ་མོ་ནག་མོ་དུན་ཏི༚་བྷྱོ། ཛཧཱུྃ་བྃ་ཧོནག་མོ་དུན་བྷྱོ། ཨོཾ་ཨཱཧཱུྃ། ས་མ་ཡ། །ཨེ་ཧྱེ་ཧི་ཛ༔ ཨཱ་རལླིཧོ ཧྲི༚་ཧྲི༚། ཞེས་ལྷ་མོ་ནག་མོ་ཐུགས་གསང་བའི་རྒྱུད་དང་། གསལ་བྱེད་འཕྲུལ་གྱི་མེ་ལོང་དང་། རེ་མ་ཏི་སྲོག་གི་ཡང་སྙིང་གི་སྒྲུབ་པ་དང་། སྲོག་སྒྲུབ་མན་ངག་མངོན་རྟོགས་བཅས་ནས་གསུངས་པའི་སྤྱན་འདྲེན་གྱི་སྔགས་རྣམས་དྲག་ཏུ་བཟླས་པས། ཡེ་ཤེས་པའི་རྟེན་བརྟེན་པ་དང་བཅས་པའི་ཚོགས་ཆོས་ཀྱི་དབྱིངས་དང་མཉམ་པའི་དཀྱིལ་འཁོར་ཆེན་པོ། སྤྲིན་གྱི་ཕུང་པོ་གཏིབས་པ་ལྟར་བྱོན་ནས། མདུན་གྱི་ནམ་མཁར་བཞུགས་པར་བསམ་མོ། །བརྒྱད་པ་ནི། ཨོཾ། ཁྲག་གི་རྒྱ་མཚོ་མེ་ཏོག་ཨུ་བྭཀྵ །ཚིལ་ཆེན་བསྲེགས་དང་མར་ནག་ཆེན་པོའི་མེ། །ཐལ་ཆེན་ཁྲག་ཞག་བདུད་རྩི་ཤ་ཆེན་ལྔ། དུར་ཁྲོད་སྒྲ་ཡིས་ཕྱོགས་རྣམས་བཀང་སྟེ་འབུལ། ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་དེ་ཝཱི་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པཱ་དྱཾ། པུཥྤེ་ནས་ཤཔྡ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཧཱུྃ། ཞེས་པས་མཆོད་ལ། ཕྱག་རྒྱ་བཞིའི་སྦྱོར་བས་བསྟིམ་པ་ནི། རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱས་ཛ
(༡༢༡)ཞགས་པའི་ཕྱག་རྒྱས་ཧཱུྃ། ལྕགས་སྒྲོག་གི་ཕྱག་རྒྱས་བྃ། དྲིལ་བུའི་ཕྱག་རྒྱས་ཧོ༔ཞེས་བརྗོད་པས། དམ་ཡེའི་དཀྱིལ་འཁོར་རོ་གཅིག་ཏུ་ཆུ་ལ་ཆུ་བཞག་པ་ལྟར་གཉིས་སུ་མེད་པར་གྱུར་པར་བལྟའོ། །བཅུ་པ་ནི། ཧཱུྃ། གཏུམ་པོ་འཇིགས་སུ་རུང་བ་སྲིན་པོའི་གཟུགས། །བྱང་ཆུབ་སེམས་དཔའ་དགྲ་བགེགས་འདུལ་མཛད་པ། །སྲིན་པོ་ནག་པོ་མི་ཕམ་ཁྲོ་གཉེར་ཅན། །དམ་ཚིག་དབང་གིས་གནས་འདིར་བཞུགས་སུ་གསོལ། །བྲག་རི་པདྨ་ཉི་མ་རོ་ཡི་གདན། །མདུང་དང་རལ་གྲི་གཤིབས་པའི་གཞལ་ཡས་སུ། །སྲིན་པོའི་གཟུགས་ཅན་ནག་པོ་ཆེན་པོ་ནི། །ཕྱག་འཚལ་མཆོད་ཕྱིར་གནས་འདིར་བཞུགས་སུ་གསོལ། །ཞེས་རང་བྱུང་རྡོ་རྗེ་ཀརྨ་པའི་གསུངས་ལས་འབྱུང་བ་དང་། རིན་ཆེན་རབ་བཀོད་རིན་ཆེན་ལས་བྱུང་ཁྲིར། །མཆོག་ཏུ་རྒྱས་པའི་ཆུ་སྐྱེས་གཙོ་བོ་ནི། །སྣང་བྱེད་བདག་པོའི་དཀྱིལ་འཁོར་གྱིས་མཚན་ལ། །མི་དམན་སྐངས་གསུམ་གོས་ཀྱི་རྒྱན་རྣམས་དང་། །རིན་ཆེན་ཕྲེང་བའི་དྲྭ་བ་སྤེལ་བའི་འོད། །སྣང་བའི་ཟླ་བོ་གནོན་པའི་གཟི་བརྗིད་ཅན། །རི་དྭགས་དགྲ་དང་དཀར་མིན་མྱུར་འགྲོས་བཏེགས། །སྣ་ཚོགས་རིན་ཆེན་བཀོད་པའི་ཙནྡན་གྱི། །རྐང་བརྟན་རྩ་བར་བཀོད་པའི་གདན་བཟང་པོ། །ལེགས་བྱས་མང་པོའི་འབྲས་བུ་མངོན་པ་ཡི། །ཆེན་པོ་དག་ལ་ཡོངས་སུ་འོས་པ་གང་། །རིན་ཆེན་ཁྲི་ཡིས་ཕྱོགས་
(༡༢༢)རྣམས་བཀང་སྟེ་འབུལ། །ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་དེ་ཝཱི་ས་པ་རི་ཝཱ་ར་རཏྣ་མཉྫོ་པཱད་ཏིཥྛ་ནྟེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱ༔ཧཱུྃ། འབྱུང་པོ་གང་ཞིག་ལྔ་པར་གྱུར་པའི་ལུས། །ཤ་དང་ཁྲག་རྣམས་སྤངས་དང་གསར་པ་རྣམས། ཕ་རོལ་ཕ་རོལ་མིན་པར་འཁྲུགས་པའི་སྟེང་། །སྲིད་གསུམ་ན་འཁོད་དྲེགས་པའི་རྗེས་འབྲང་བའི། །གཙོ་བོའི་དབང་པོ་བྱེ་བ་ཕྲག་བརྒྱ་དག །རྡུལ་གྱིས་གོས་པའི་མགོ་སྐྱེས་གཟིངས་བཞིན་དུ། །འབར་བའི་མཚོན་གྱིས་རེག་པས་མི་བཟོད་པའི། །སྡུག་བསྔལ་དབྱུག་གུས་བསྣུན་པའི་མགྲིན་པའི་རྔ། །དུད་མོའི་སྒྲ་འདོར་དྲག་པོར་བསྡུས་པ་དང་། །མཐུར་དུ་མངོན་པར་ཕྱོགས་པའི་བཞིན་གྱི་མཐར། ཁྲག་རྣམས་ཟག་ལྡན་བརྩེགས་པས་མི་དམན་པའི། །དབུགས་བྲལ་ཁྲི་ཡིས་ཕྱོགས་རྣམས་བཀང་སྟེ་འབུལ། །ཞེས་པས་དཔལ་མགོན་པོ་དང་། བྷྱོོ། ཐོད་རུས་དམར་པོ་གཏམས་པའི་དཀྱིལ་འཁོར་དུ། །ལྷ་སྲིན་དགུ་བརྒྱ་བསྣོལ་བའི་བམ་བརྩེགས་ལ། །རྡོ་རྗེ་རལ་གཅིག་སྲིད་པ་གསུམ་གྱི་ཡུམ། །བརྗིད་ཅིང་འགྱིངས་པའི་ཚུལ་གྱིས་བཞུགས་སུ་གསོལ། བྱང་ཤར་ཕོ་བྲང་མཛེས་པ་ན། །ཉི་ཟླ་པདྨའི་གདན་སྟེང་དུ། །བམ་ཆེན་ཞིང་མཆོག་བསྣོལ་བ་ལ། །ཅི་བདེ་བར་ནི་
(༡༢༣)བཞུགས་སུ་གསོལ། རཀྨོ་རཀྵ་མ་ཧི་ཀུ་ལ་པདྨ་ས་མ་ཡ་ཏིཥྛ་ལྷན། ཞེས་པའི་སྔགས་འདི་སྲོག་སྒྲུབ་མན་ངག་དང་། ཐུགས་གསང་བའི་རྒྱུད་དང་། སྲོག་གི་ཡང་སྙིང་གི་སྒྲུབ་པ་དང་། ཞང་བཙུན་གཏེར་བྱོན། ཤི་ས་བསྟན་པའི་གཞུང་རྣམས་ལས་གསུངས་པ་དང་། ཨེ་ཧྱེ་ཧི་ས་མ་ཡ་ཧཱུྃ། ཞེས་སྐུ་གསུང་ཐུགས་ཀྱི་ལྷ་མོའི་སྒྲུབ་པ་ལས་འབྱུང་བ་བཅས་ཀྱིས་ལྷ་མོ་ལ་གདན་ཕུལ་ཞིང་བཞུགས་སུ་གསོལ་ལོ། །བཅུ་པ་ནི། དམ་ཚིག་རྗེས་སུ་དྲན་པའི་ཕྱིར། །སྔགས་ནི་ཐུགས་ཀར་བསྟིམ་པར་བྱ། །ཞེས་དང་། ཀརྨ་པའི་མ་མགོན་ཞལ་སྦྱོར་གྱི་སྒྲུབ་ཐབས་རྒྱས་པ་ལས། རང་ཡི་དམ་ལྷར་བསྒོམ་པའི་ཐུགས་ཀ་ནས་འོད་ཟེར་དྲག་ཏུ་འཕྲོས་པས། མ་མགོན་ཡབ་ཡུམ་འཁོར་བཅས་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་བ། །ཞེས་པས། བདག་གི་ཐུགས་ཀ་ནས་འཕྲོས་པའི་སྔགས་ཕྲེང་མདུན་བསྐྱེད་ཀྱི་ཐུགས་ཀར་བསྟིམ་པས། ཐུགས་དམ་གྱི་རྒྱུད་བསྐུལ་ཞིང་ཕྲིན་ལས་བསྒྲུབ་པར་བསམས་ལ། དྲག་པོའི་རྟག་པ་ལས། ཧཱུྃ། གསང་བ་གསུམ་ལས་བྱུང་བ་ཡི། ཁྱོད་ནི་ནག་པོ་ཆེན་པོ་ཡིན། །རྡོ་རྗེ་གསུམ་གྱི་བདག་ཉིད་ཁྱོད། །དེ་ནི་འཇིགས་བྱེད་ཆེན་པོར་བཤད། ཁྱོད་ནི་གསང་བ་གསུམ་གྱི་བདག། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །བསྟན་པ་བསྲུང་བར་བྱིན་གྱིས་བརླབས། ཁྱོད་ནི་དཔལ་ལྡན་ནག་པོ་ཆེ། །བསྟན་པ་བསྲུང་བར་ཁས་བླངས་པས། །ཤཱཀྱ་སེང་གེའི་བསྟན་པ་ལ། །
(༡༢༤)དམ་ཚིག་ཆེན་པོས་གནས་པར་གྱིས། །ཞེས་དང་། དུར་ཁྲོད་ནག་པོ་ལས། ཧཱུྃ། རྡོ་རྗེ་འཆང་གི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་ལྟར། །བྱིན་གྱིས་བརླབས་པའི་གནས་འདིར་ནི། །དྲག་པོ་འཁོར་བཅས་བཞུགས་སུ་གསོལ། །ནག་པོ་སྲོག་གི་རྒྱུད་ཀྱི་ལེའུ་གསུམ་པར། །ཐོད་པའི་ཕྱག་རྒྱས་བདག་ལ་ནི། །གུས་པ་ཆེ་དང་ལྡན་བྱས་ནས། །ལས་ཀྱི་དུས་སུ་མཆོད་བསྐུལ་ན། །ངས་ནི་འདོད་པའི་དོན་རྣམས་བྱེད། །ཅེས་གསུངས་པ་ནི། མཉམ་པའི་ཐལ་མོ་ལས། སྲིན་འཛུབ་ནང་དུ་བསྣོལ་བའི་རྩེ་མོ། མཐེབ་མཛུབ་སྦྱར་བའི་ནང་དུ་བཅུག་ཅིང་། སྲིན་མཛུབ་གཡབ་པ་ཐོད་རློན་གྱི་ཕྱག་རྒྱས། ཨོཾ་མ་ཧཱ་ཀཱ་ལི་ཏྲག་རཀྵ་ཐུན་བྷྱོོ་ས་མ་ཡ། །འོག་མ་འདི་མགོན་པོ་ཡབ་རྐྱང་གི་དམ་བཞག་ཡིན་ལ། གོང་མ་དང་སྦྲེལ་བ་ནི་ཀརྨ་པའི་མ་མགོན་ཞལ་སྦྱོར་གྱི་གཞུང་ལས་འབྱུང་བ་སྟེ། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལཱ་ཡ། ས་མ་ཡ་མ་ནུ་སྨ་ར་ཡ། ས་མ་ཡ་མཱ་ཏི་ཀྲ་མ་ཏི། ས་མ་ཡ་རཀྵན་ཏུ། ཞེས་དངོས་གྲུབ་འབྱུང་བའི་རྒྱུད་ལེའུ་གསུམ་པར་གསུངས་པ་རྣམས་ཀྱི་དམ་ལས་མི་འདའ་བར་གསོལ་ལོ། །བཅུ་གཅིག་པ་ནི། ནག་པོའི་སྲོག་རྒྱུད་ལས། དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །བདེ་གཤེགས་སྤྱན་དྲངས་དབང་བསྐུར་ནས། །རིགས་ཀྱི་གཙོ་བོས་རྒྱས་གདབ་བྱ། །ཞེས་པས། སླར་ཡང་ཐུགས་ཀའི་ཧཱུྃ་ལས་རྡོ་རྗེ་ལྕགས་ཀྱུའི་གཟུགས་ཅན་གྱི་འོད་ཟེར་འཕྲོས་པས། ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་
(༡༢༥)དང་། རིག་པའི་ལྷ་མོ་རྣམས་དང་། དཔའ་བོ་དང་། ཁྲོ་བོ་དང་། ཁྲོ་མོའི་ཚོགས་རྣམས་བ་༴ཛྲ་ས་མཱ་ཛདྲག་པོའི་རྟག་པར། ཐུགས་ཀའི་འོད་ཟེར་ལས་བྱུང་བའི། ཡེ་ཤེས་ཆུ་ཡིས་དབང་བསྐུར་བྱ། །ཞེས་གསུངས་མོད་ཀྱི། ལྔ་བཅུ་པའི་ལྷ་དབང་བསྐུར་བའི་ལེའུ་ལས། དང་པོ་ལྷ་མོ་ལ་སོགས་པ་རྣམས་ཀྱིས་བུམ་པའི་དབང་སྦྱིན་པར་བྱ། ལྷ་མོ་བརྒྱད་རྣམས་ཀྱིས་བདུད་རྩི་སོགས་མཆོད་ཡོན་དང་། ཞབས་བསིལ་བྱིན་ནས། བསྟོད་པ་དང་། ཞེས་སོགས་གསུངས་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏིྭ་ཙྪ་སྭཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ། ཕྱོགས་བཅུའི་དེ་བཞིན་གཤེགས་རྣམས་དང་། ཁྲག་འཐུང་དཔལ་དང་ལྷ་མོ་རྣམས། །རྡོ་རྗེ་ཁྲོ་བོ་ཁྲོ་མོའི་ཚོགས། །ཇི་སྙེད་རྣམས་ལ་ཕྱག་འཚལ་བསྟོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། །ཞེས་གསོལ་བ་བཏབ་པས། བགེགས་བསྐྲད་པ་དང་། མཆོད་པའི་སྤྲིན་སྤྲོ་བ་དང་། བཀྲ་ཤིས་བརྗོད་པ་དང་། དགོངས་པ་མཛད་པ་དང་། རིགས་པའི་ལྷ་མོ་བརྒྱད་རྣམས་ཀྱིས་བུམ་པ་བདུད་རྩིས་གང་བ་ཐོགས་ནས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་གྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་ཀཱ་ལ་ཤ་ཨ་བྷི་ན་ཡ་ན་སྣཱ་ནཾ། ཨོཾ་ཤུ་ནྱ་ཏཱ་ཏིཥྛི་ཏེ་སྭཱ་ཧཱ། ཞེས་གསུངས་བཞིན་པས་བདེ་བ་ཆེན་པོར་བུམ་པ། མགྲིན་པར་གསང་བ་
(༡༢༦)སྙིང་གར་ཤེས་རབ་ཡེ་ཤེས། ལྟེ་བར་བཞི་པ་སྟེ། དེ་ལྟར་དབང་བསྐུར་བས་ཕ་རོལ་དུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ་དང་། མེ་ཏོག་གི་ཆར་འབབས་པ་དང་། གླ་རྩི་དང་། དྲི་ཞིམ་པོ་ཡོངས་སུ་རྫོགས་པར་འཛིན་པ་དང་། སྲེད་མེད་ཀྱི་བུ་ལ་སོགས་པས་བྱིན་གྱིས་རློབས་པ་དང་། ལྷ་རྣམས་ཐམས་ཅད་ཀྱིས་དམ་ཚིག་གིས་སྐྱོང་ཞིང་མི་གཏོང་བར་གྱུར་པའོ། །སླར་ཡང་དབང་གི་ལྷ་རྣམས་གཅིག་ཏུ་གྱུར་པ་ལས། དེ་བཞིན་གཤེགས་པ་མི་བསྐྱོད་པའི་རྣམ་པ་ཅན་གྱི་བླ་མས་དབུ་བརྒྱན་པར་གྱུར་པར་བསམ་མོ། །བཅུ་གཉིས་པ་ནི། རང་གི་ཐུགས་ཀ་ནས་སྤྲུལ་པའི་ཁྲོ་བོ་དང་། ཁྲོ་མོའི་ཚོགས་གྲངས་མེད་པ་དང་། སྲིད་གསུམ་ན་གནས་པའི་དྲེགས་བྱེད་ཆེན་པོ་རྣམས་ཀྱི་སྒོ་གསུམ་འཇུག་པ་གཅིག་ཏུ་དྲིལ་ཏེ། བསྟོད་ཕྱག་གིས་བསྙེན་བཀུར་བར་བསམས་ལ། ནག་པོ་ཆེན་པོ་སྲོག་གི་རྒྱུད་ཀྱི་ལེའུ་དང་པོ་ལས། ཧཱུྃ། མཉམ་མེད་ཐུགས་མངའ་གཏུམ་ཆེན་མེ་ལྟར་འབར། །མ་ལུས་འཇོམས་མཛད་དགྲ་བགེགས་ཐལ་བར་རློག། མཐར་བྱེད་གཞོན་ནུ་འཇོམས་པའི་གད་རྒྱངས་ཅན། །མ་ཧཱ་ཀཱ་ལ་ཁྱོད་ལ་ཕྱག་འཚལ་ལོ། །ཀེང་རུས་བརྩིེགས་པའི་སྐུ་མཁར་ནས། །འཇིགས་བྱེད་བསྐལ་པའི་མེ་ལྟར་འབར། །ཞབས་གཉིས་བརྐྱང་བསྐུམ་དབུས་གནས་པ། །ལེགས་ལྡན་ནག་པོའི་སྐུ་ལ་བསྟོད། །ནག་པོ་ལྷ་ཡི་
(༡༢༧)དམག་དཔོན་མཐུ་བོ་ཆེ། །ཤིན་ཏུ་མི་བཟད་གཏུམ་ཆེན་རྔམས་པའི་སྐུ། །བྱམས་པའི་ཐུགས་མངའ་མཐིང་ནག་བརྗིད་པའི་ཞལ། །སྲིད་གསུམ་གདུག་པ་མ་ལུས་བསྒྲལ་བའི་ཕྱིར། །རྣོ་དབལ་ཟུར་གསུམ་མཆེ་བ་ཟངས་ཡག་གཙིགས། །ཧོམ་ཁུང་ཞལ་ནས་ལྗགས་དམར་གློག་ལྟར་འཁྱུག། འཇིགས་པའི་ཨག་ཚོམ་སྡང་བའི་མེ་སྟག་འཕྲོ། །དྲག་པོའི་གསུང་ཆེན་ཤངས་ནས་ཧཱུྃ་སྒྲ་འབྱིན། །སྤྱན་གསུམ་སྡང་མིག་ཉི་ཟླ་ལྟར་གཟིགས་ཤིང་། །སྨིན་མ་ནག་པོ་དཔྲལ་བའི་ཁྲོ་གཉེར་ཅན། །ཟླ་བ་བཞིན་ཞལ་དྲག་པོའི་ཞལ་རྒྱས་པ། །བསྐལ་པའི་མེ་འབར་ཐོད་པ་ལྔས་བརྒྱན་ཅིང་། ཁམས་ནག་རལ་པ་ཟུར་གསུམ་འཁྱིལ་བ་ལ། ཀླུ་དབང་ཁྲོས་པའི་སྦྲུལ་ནག་འབར་བས་བཅིངས། ཕྱག་གཡས་ཙནྡན་བདེ་ཆེན་བསྣམས་ཏེ་གསོར། །གཡོན་པས་ཐོད་མཆོག་པར་བུ་དཀུ་ལ་བསྟེན། །སྐུ་ལ་དར་ནག་འཇོལ་བེར་དགུ་བརྩེགས་གསོལ། །ནོར་བུས་མིག་གཙང་ཡིད་འོང་གསེར་སྐེད་བཅིངས། །མཁའ་འགྲོ་ཀུན་གྱི་གཙོ་བོ་མཛད་པའི་ཚེ། །གཡས་པའི་ཟངས་གྲིས་དགྲ་བོའི་སྲོག་རྩ་གཅོད། གཡོན་པས་བྷནྡྷ་ར་ཉམས་པའི་སྙིང་ཁྲག་འཐུང་། །དུར་ཁྲོད་ཀུན་ཏུ་རྒྱུ་བའི་ཚེ་ན་ཡང་། །འཇིགས་བྱེད་ཆེན་པོ་དྲག་པོའི་ཆ་ལུགས་
(༡༢༨)ཅན། སྲིད་གསུམ་མ་མོས་གུས་པའི་ཚུལ་གྱིས་བསྟོད། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམས་པར་སྟོན། །གཉིས་མེད་ཐུགས་ནི་དོན་དམ་དབྱིངས་ན་གསལ། །འགག་མེད་གསུང་ནི་དྲག་པོའི་འབྲུག་ལྟར་སྒྲོག། སྐུ་གསུང་ཐུགས་ལྡན་ཁྱོད་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་མཁའ་འགྲོའི་སྔོན་པོའི་མདོག་ཏུ་སྣང་། །སྐུ་མདོག་སྔོ་ནག་དབྱར་གྱི་ཆར་སྤྲིན་འདྲ། །དུག་གསུམ་མུན་ཁམས་མ་ལུས་འཇོམས་མཛད་པའི། །མ་ཧཱ་ཀཱ་ལ་ཁྱོད་ཉིད་དགྱེས་པར་རོལ། ཁྲོས་པའི་ཞབས་བརྡབ་རི་རབ་གླིང་བཞི་གཡོ། །འཇིགས་པའི་གད་མོས་སྟོང་གསུམ་སྐྲག་མཛད་དེ། །ཆོས་རྒྱལ་བཀའ་ཡི་བསྟན་པ་རྒྱས་མཛད་པ། །གཏེར་བདག་ནག་པོའི་སྐུ་ལ་ཕྱག་འཚལ་ལོ། །ཞེས་དང་། རིན་པོ་ཆེ་ཀརྨ་པའི་གསུང་ལས་འབྱུང་བ་ནི། ཧཱུྃ། ཆོས་ཀྱི་དབྱིངས་ལས་ཁྲོ་བོའི་སྐུར་སྟོན་པ། །ཆོས་ཉིད་ངང་ལས་མ་གཡོས་བསྟན་སྲུང་ཚུལ། །རྡོ་རྗེ་གཏུམ་པོའི་ཐུགས་ལས་རབ་སྤྲུལ་པ། །ཡེ་ཤེས་མགོན་པོའི་ཚོགས་ལ་ཕྱག་འཚལ་ལོ། །འགྲོ་བའི་དོན་དུ་ཐུགས་རྗེས་སྐུར་སྤྲུལ་ཞིང་། །སངས་རྒྱས་བསྟན་ལ་སྡང་བའི་དགྲ་བགེགས་འདུལ། །ནག་པོ་མི་བཟད་ཁྲོ་གཉེར་རལ་པ་ཅན། །སྲས་མཆོག་ནག་པོའི་ཚོགས་ལ་ཕྱག་འཚལ་ལོ། །གསང་སྔགས་རྣལ་འབྱོར་ཀུན་གྱི་བཀའ་
(༡༢༩)སྲུང་མཛད། །སངས་རྒྱས་བསྟན་སྲུང་ཕས་ཀྱི་རྒོལ་བ་ཟློག །གཏུམ་པོ་བདུད་འདུལ་དྲེགས་པ་ཤ་ཟའི་གཟུགས། །འཇིག་རྟེན་མགོན་པོའི་ཚོགས་ལ་ཕྱག་འཚལ་ལོ། །དངོས་གྲུབ་བརྟན་གཟིགས་ཀྱི་རྒྱུད་ལེའུ་སོ་བདུན་པ་ལས། བྷྱོ། བསྐལ་པ་མང་པོར་རང་རྒྱུད་ཆེར་སྦྱངས་ནས། །སྙིང་རྗེའི་དབང་གིས་ཕན་པའི་སྐུར་སྟོན་ཅིང་། །བདེ་གཤེགས་རྒྱལ་བའི་བསྟན་པ་རྒྱས་མཛད་པ། །གདུག་པ་འདུལ་མཛད་ཁྱོད་ལ་ཕྱག་འཚལ་ལོ། ཁྱོད་ཀྱི་ཆོ་འཕྲུལ་ནམ་མཁའི་མཐའ་འདྲ་སྟེ། །རྒྱལ་བ་རྣམས་དང་ཆོས་ཀྱི་དབྱིངས་ན་རོལ། །སངས་རྒྱས་ཐེག་པ་ཐམས་ཅད་འདུས་པའི་གཟུགས། །རྣམ་པར་སྣང་མཛད་ཁྱོད་ལ་ཕྱག་འཚལ་ལོ། །རང་བཞིན་སྐུ་མཆོག་རྐྱེན་གྱིས་མ་བསྐྱེད་ཀྱང་། །མཚན་དང་དཔེ་བྱད་སྔགས་ལས་སྐུར་གྱུར་པ། །ཉི་ཟླའི་དཀྱིལ་འཁོར་ཐབས་དང་ཤེས་རབ་ཅན། །གསང་སྔགས་རིག་སྔགས་གཟུངས་སྔགས་ལ་ཕྱག་འཚལ། །བསྐལ་པ་མང་པོར་མཐོང་བའི་ལམ་བརྙེས་ཀྱང་། །བླུན་པོ་རྣམས་ལ་སྟོན་ཕྱིར་གཟུངས་སྔགས་སྟོན། །ཡི་གེ་ཉི་ཤུ་རྩ་གཅིག་བྱིན་བརླབས་ནས། །སྲིན་མོའི་དཀྱིལ་འཁོར་སྐྱོང་མཛད་ཕྱག་འཚལ་ལོ། །བྷ་གའི་དཀྱིལ་འཁོར་འབྲུ་བརྒྱད་གསང་སྔགས་ལས། །
(༡༣༠)སྦྱོར་བ་མང་པོའི་དངོས་གྲུབ་སྟེར་མཛད་ཅིང་། །གསང་སྔགས་བཅོ་ལྔའི་ཡོན་ཏན་སྤོར་མཛད་མ། །སྦྱིན་སྲེག་སྐྱོང་མཛད་མ་ལ་ཕྱག་འཚལ་ལོ། །དྲག་པོ་འདུལ་ཕྱིར་རོ་ལངས་སྐྱོང་མཛད་དེ། །ཡི་གེ་བཅུ་གསུམ་དངོས་གྲུབ་འབེབས་མཛད་མ། །གཅིག་པུར་གྲུབ་པ་རྟགས་ཀྱི་རལ་གཅིག་མ། །གསང་སྔགས་བཅུ་གཅིག་སྟོན་ལ་ཕྱག་འཚལ་ལོ། །ཡི་གེ་བཅོ་ལྔ་སྟོབས་ཀྱིས་སྲིན་མོས་འདུལ། །གསང་སྔགས་བཅུ་གཉིས་དགུ་ཚིགས་རྐང་གིས་གནོན། །སུམ་ཅུ་ཆོས་ཀྱི་འཁོར་ལོ་མདོས་པར་མཛད། །ཡི་གེ་བཅོ་བརྒྱད་མཚན་མས་འདུལ་ཕྱག་འཚལ། །སུམ་ཅུ་རྩ་གཉིས་སྤུ་གྲིའི་སྔགས་སྟོན་མ། །ཡི་གེ་བཅུ་གཅིག་བཀྲ་ཤིས་ཤ་བ་རི། །ཆོམ་རྐུན་ཟློག་མཛད་བཅུ་བཞི་མཱ་རི་ཙེ། །སྐུལ་མཛད་གསང་སྔགས་ཉི་ཤུ་ལ་ཕྱག་འཚལ། །ཡི་གེ་བཅུ་གཉིས་མཚན་མ་ཐུགས་ལས་སྐྱེས། །ཡི་གེ་བཞི་བཅུ་གཞོན་ནུའི་ལྕེ་སྤོར་མ། །ཡི་གེ་རྩ་བཞིའི་ཡི་གེ་སྟོན་མཛད་ལྷ། །གསང་སྔགས་རྩ་བཞི་མ་ལ་ཕྱག་འཚལ་ལོ། །ཡི་གེ་རྩ་དགུ་ཟས་ཀྱི་རྟགས་སྟོན་མ། །ཡི་གེ་བཅོ་བརྒྱད་དགྲ་བཞི་གསོད་མཛད་མཐུ། །ཕྱག་རྒྱ་བརྒྱད་ཀྱི་དཀྱིལ་འཁོར་སྐྱོང་མཛད་མ། །ཡི་གེ་དྲུག་པ་འབྱུང་བ་ཁྱོད་ཕྱག་འཚལ། །ཐམས་ཅད་
(༡༣༡)རྟགས་སུ་ཆེ་བས་ཆོ་འཕྲུལ་སྟོན། །མི་དབང་ཡི་གེ་རྩ་གཅིག་ཉིད་ཀྱིས་འདུལ། །སྦྱིན་སྲེག་རྣམ་གསུམ་ཡི་གེ་ལྔར་སྟོན་མ། །ཚོགས་ཀྱི་མཆོད་པ་མཛད་ལ་ཕྱག་འཚལ་ལོ། །བདེ་གཤེགས་སྐུ་ལྔ་བརྙེས་པ་ཁྱོད་ལགས་ཏེ། །ཡི་གེ་བཞི་བཅུ་སྲིད་པ་དུས་བཞིའི་ལྷ། །གསང་སྔགས་བརྒྱད་ཀྱིས་སེམས་ཅན་གསོད་པའི་བདུད། །གསང་སྔགས་ཡིད་དགུའི་ཕོ་ཉ་ཁྱོད་ཕྱག་འཚལ། །ཨེ་ཝྃ་མཱ་ཡཱ་ལས་བཞི་སྲིད་པར་སྟོན། །དམ་ཚིག་གཉིས་སྲུང་ཁྱོད་ལ་ཕྱག་འཚལ་ལོ། །འཇིག་རྟེན་འདི་ན་ལས་ལས་གྲུབ་པ་རྣམས། ཁྱོད་ཀྱི་རང་བཞིན་རྟོགས་པར་རབ་ཏུ་དཀའ། །དཀར་པོའི་ཕྱོགས་འཛིན་ལྷ་དམག་རྒྱས་མཛད་པས། ཁྱོད་ལ་ལྷ་རྣམས་ཕྱག་བགྱིད་རྟག་ཏུ་སྦྱོངས། །ཞེས་གསུངས་པ་དང་། བྷྱོོ། མཁའ་ལ་དབང་བསྒྱུར་ཡིད་བཞིན་སྤྲུལ་པའི་སྐུ། །ཡ་མཚན་རྨད་བྱུང་ལུས་ལ་ཏིལ་མར་བྱུགས། །དབང་ཕྱུག་ནག་མོ་གསང་བའི་རེ་མ་ཏི། །ནག་མོ་སྟོང་གི་གཙོ་ལ་ཕྱག་འཚལ་བསྟོད། །ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལི་ཡེ་ན་མཞེས་པས་ཕྱག་འཚལ་ལོ། །བཅུ་གསུམ་པ་ནི། མཆོད་པ་འབུལ་བའི་ཐོག་མར་བྱིན་གྱིས་བརླབས་པ་ལ། མཆོད་པའི་ཡོ་བྱད་རྣམས་
(༡༣༢)ལ་བདུད་རྩི་གཏོར་ཞིང་། ཨོཾ་དཾ་ཥྚོཏྐ་ྐྐཊ་་སོགས་དང་། ཨོཾ་མ་ཧཱ་ཀཱ་ལ་སོགས་ཀྱིས་བསང་། ཨོཾ་སྭ་བྷཱ་ཝ་སོགས་ཀྱིས་སྦྱང་། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་ཟླ་བ་ལྟར་དཀར་བའི་ནང་དུ། ཧཱུྃ་ཡིག་ནག་པོ་དཔག་ཏུ་མེད་པ་འོད་དུ་ཞུ་བ་ལས་བྱུང་བའི་རུས་པ་ཆེན་པོའི་རྫས་རྣམས་དང་ལྡན་པའི་ཁྲག་གི་རྡོ་རྗེའི་མཆོད་ཡོན་དང་། ཨུ་པཱཀྵ། དུག་གི་མེ་ཏོག་སྣ་ཚོགས་པ་མིའི་དབང་པོ་རྣམ་པ་ལྔ། རྡོ་རྗེའི་མེ་ཏོག་དང་། དུར་ཁྲོད་དུ་སྦྱར་བའི་ཚིལ་ཆེན་དང་། བདུག་པ་སྣ་ཚོགས་པ་རྡོ་རྗེའི་སྤོས་དང་། མིའི་ཚིལ་མར་ནག་ཆེན་པོ་རྡོ་རྗེའི་མར་མེ་དང་། ཁྲག་དང་། ཞག་དང་། ཐལ་ཆེན། བདུད་རྩི་ལྔ་དང་ལྡན་པ་རྡོ་རྗེའི་དྲི་ཆབ་དང་། ཤ་ཆེན་ལ་སོགས་པ་སྟོབས་ལྔ་དང་། །བཟའ་བ་དང་། བཏུང་བ་དང་། ལྡག་པ་དང་། གཞིབ་པར་བྱ་བ་སྣ་ཚོགས་པ་རྡོ་རྗེའི་ལྷ་བཤོས་དང་། ཐོད་རྔ། རྐང་གླིང་ལ་སོགས་པ་རྡོ་རྗེའི་རོལ་མོ་རྣམས་དང་། འདོད་ཡོན་ལྔ་དང་། རྒྱལ་པོ་ལ་འོས་པའི་རིན་པོ་ཆེ་རྣམ་པ་བདུན་དང་། བཀྲ་ཤིས་པའི་རྫས་བརྒྱད་དང་། གྲུབ་པའི་རྫས་ཉི་ཤུ་རྩ་བདུན་དང་། མཆོད་པའི་ལྷ་མོ་བཅུ་དྲུག་དང་། །
(༡༣༣)རྡོ་རྗེ་ལྷ་མོ་བརྒྱད་དང་། རིན་པོ་ཆེའི་རིགས་ལས་བྱུང་བའི་མཆོད་པའི་རྒྱན་དུ་མ་དང་། དུར་ཁྲོད་ཀྱི་རྫས་ལས་གྲུབ་པའི་མཆོད་པའི་རྫས་ཁྱད་པར་འཇིགས་ཤིང་ཡང་བསྐྱེད་པར་བྱེད་པ་རྣམས་དང་། ཕྱི་དང་ནང་དང་གསང་བས་ཕྱེ་བའི་བསྟེན་པའི་རྫས་རྣམས་དང་། དམ་ཚིག་གི་ཡོ་བྱད་བསམ་གྱིས་མི་ཁྱབ་པ། རང་བཞིན་སྟོང་ལ་རྣམ་པ་མཆོད་པའི་བྱེ་བྲག་དུ་མའི་གཟུགས་སོ་སོར་སྣང་བ། རྡོ་རྗེའི་མཆོད་པའི་སྤྲིན་ཕྱོགས་བཅུའི་འཇིག་རྟེན་མཐའ་དག་རྒྱས་པར་འགེངས་ཤིང་། བླ་མ་དང་བཅོམ་ལྡན་འདས་དཔལ་ནག་པོ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་དཔའ་བོ་དང་། མཁའ་འགྲོ་མ་བསམ་གྱིས་མི་ཁྱབ་པ་སོགས་འཇིགས་བྱེད་མཐའ་དག་གི་སྤཱན་ལམ་དུ་འབྱུང་བས། དགྱེས་པ་སྐྱེད་པའི་རང་བཞིན་ཅན་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཧཱུྃ། དེ་བཞིན་དུ། བཛྲ་པུཥྤེ། བཛྲ་དྷཱུ་པེ། བཛྲ་དཱི་པཾ། བཛྲ་གནྡྷེ། བཛྲ་ནཻ་ཝི་དྱ། བཛྲ་ཤབྡ་ཨཱཧཱུྃ། ཞེས་སྤེལ་བས་བྱིན་གྱིས་བརླབ་བོ། །དེ་ནས་དྲག་པོའི་ཉེར་སྤྱོད་འབུལ་བ་ནི། ཨོཾ། སྐབས་གསུམ་དགྲ་དང་སྲིན་པོའི་བདག་པོ་དང་། མཆོག་ལ་སྡང་བའི་བློ་
(༡༣༤)ལྡན་ལུས་ཅན་གྱི། ཁྲག་གི་ཆུ་གཏེར་འཁྲུགས་པའི་རྦ་རླབས་ཕྲེང་། གཡོ་ལྡན་མཆོད་ཡོན་ཕྱོགས་རྣམས་བཀང་སྟེ་འབུལ། ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་དེ་ཝཱི་ས་པ་རི་ཝཱ་ར་མ་ཧཱ་རུ་དྷི་རཾ་ཨརྒྷཾ་པྲ་ཏཱིཙྪ་པཱུ་་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཧཱུྃ། ཕྲ་མོར་གནས་ཀྱང་བཟོད་དཀའི་སྡུག་བསྔལ་གྱིས། །སྐྱེ་དགུ་ལྔ་པར་བྱེད་པའི་འདབ་བརྒྱ་པ། །གནོད་བྱེད་དབང་པོ་ལྔ་དང་ཨུ་པཱཀྵའི། ཁྲག་ཆེན་པོའི་མཆོད་ཡོན། མེ་ཏོག་བཀྲམ་པས་ཕྱོགས་རྣམས་བཀང་སྟེ་འབུལ། །པཉྩ་ཨིནྡྲ་ཨུ་པཱཀྵ་བི་ཥ་མ་པུཥྤེ། གདུག་པའི་སེམས་འཛིན་མཆོག་ཏུ་མི་བསྲུན་ལ། །ལོག་པའི་ཆ་ཡིས་བསླད་པའི་ཚིལ་ཆེན་པོ། དུར་ཁྲོད་དུ་སྦྱར་བདུག་པའི་དབྱར་སྐྱེས་ནི། །ཀུན་ཏུ་དཀྲིགས་པས་ཕྱོགས་རྣམས་བཀང་སྟེ་འབུལ། །དབང་པོ་རྣམ་པ་ལྔའི་མེ་ཏོག་དང་། །དུག་གི་མེ་ཏོག། མ་ཧཱ་མེ་དེ་དྷཱུ་པེ། ཚིལ་ཆེན་པོའི་དུད་པ། ངན་འགྲོའི་རྒྱུ་ལ་གཅིག་ཏུ་འདྲིས་ལྡན་པའི། །ལུས་གནས་དཀར་མིན་ཆེན་པོའི་མར་གྱི་ཚོགས། །ཡི་དྭགས་མེ་ཡིས་སྦར་བའི་གསལ་བྱེད་ནི། །མཐའ་ཡི་མེ་ལྟར་ཕྱོགས་རྣམས་བཀང་སྟེ་འབུལ། གྷྲྀ་ཏཾ་ཀྲྀཥྞ་མ་ཧཱ་དཱི་པཾ། མར་ནག་ཆེན་པོའི་སྣང་གསལ། དམ་པའི་ཆོས་ལས་
(༡༣༥)གཞན་དུ་ལོག་པའི་བློ། །ནང་དུ་གནས་རྣམས་སྲོག་སོང་འབར་བ་ཡིས། །ཟོས་པའི་རྡུལ་དང་ཁྲག་ཞག་བདུད་རྩི་ལྔ། །བྱུག་པའི་ཁྱད་པར་ཕྱོགས་རྣམས་བཀང་སྟེ་འབུལ། །མ་ཧཱ་བྷ་སྨི་རཀྟ་ཝ་སཱ་པཉྩ་ཨ་མྲྀ་ཏ་ཡོ་ཛྱ་བི་ལེ་པ་ནཾ། ཐལ་ཆེན། ཁྲག་ཞག། བདུད་རྩི་ལྔ་སྦྱར་བའི་ཁྱད་པར་གྱི་བྱུག་པ། རྫོགས་སངས་ཚུལ་ལ་སྡང་དང་གཞན་མིན་ལ། །ངེས་པ་ཉིད་དུ་ཉེར་འཚེ་རྣམ་རྒྱས་པས། །བྱམས་སྡང་སོ་སོར་འབྱེད་པའི་ཤ་ཁྲག་རུས། །ལྷུན་པོ་ལྟར་སྤུངས་ཕྱོགས་རྣམས་བཀང་སྟེ་འབུལ། །མ་ཧཱ་མཾ་ས་རུ་དྷི་རཾ་ཨསྛིི་བ་ལི༚། ཤ་ཁྲག་རུས་པ་ཆེན་པོའི་གཏོར་མ། ཡན་ལག་མཆོག་ལ་བགྱིས་པའི་སྒྲ་ལྡན་དང་། །རྐང་ལས་སྐྱེས་པའི་རབ་སྙན་ཡིད་འཕྲོག་སྒྲ། །རོལ་མོའི་རིགས་གནས་མཁའ་ལ་ཕྱོགས་བཞིའི་རླུང་། །བརྡབ་པའི་སྒྲ་བཞིན་ཕྱོགས་རྣམས་བཀང་སྟེ་འབུལ། །ཀ་པཱ་ལ་ཌ་མ་རུ་ཀ་མཛྫ་ཝཾ་སེ་ཤབྡ། ཐོད་པའི་ཌཱ་མ་རུ་དང་། རྐང་གླིང་རོལ་མོའི་སྒྲ། འདོད་ཡོན་ལྔ་འབུལ་བ་ནི། མཛེས་སྡུག་ཆུ་སྐྱེས་རྣམ་བཀོད་མིག་གི་བདུད་རྩི་ནི། །གསར་པའི་ཆུ་ཡིས་རབ་རྒྱས་པདྨོོའི་ཆུ་གཏེར་དུ། །ཡིད་ཀྱི་འདབ་ལྡན་འཁོར་ལོའི་ཤུགས་ཅན་འདྲེན་
(༡༣༦)བྱེད་གང་། །ངོ་མཚར་འཛིན་པའི་གཟུགས་ཀྱིས་ཕྱོགས་རྣམས་བཀང་སྟེ་འབུལ། རཱུ་པ་ཀཱ་མ་གུ་ཎ། ནམ་མཁར་དྲི་གཞོན་ལས་འབར་རྫ་རྔའི་སྒྲ་དང་ནི། །ཡིད་འཕྲོག་དྲི་ཟའི་གླུ་དབྱངས་མཁའ་འགྲོའི་སྒྲ་སྙན་རྣམས། །པི་ཝཾ་གླིང་བུ་རྔ་བོ་ཆེ་དང་འདིར་བྱས་པའི། །དཔལ་ལྡན་རྣ་བའི་བདུད་རྩིས་ཕྱོགས་རྣམས་བཀང་སྟེ་འབུལ། ཤཔྡ་ཀཱ་མ་གུ་ཎ། ཅུང་ཟད་ཀྱིས་ནི་དབང་པོ་ངེས་པར་ཚིམ་བགྱིད་གང་། ས་ཧ་ཀ་ར་ཏ་མ་ལ་དང་ཙནྡན་རྣམས། ཨུཏྤལ་པ་ལ་ཤ་དང་ཨ་ཀ་རུ་སོགས་པའི། ཀུན་ནས་དྲི་ཞིམ་རྒྱས་པས་ཕྱོགས་རྣམས་བཀང་སྟེ་འབུལ། གནྡྷེ་ཀཱ་མ་གུ་ཎ། བདུད་རྩིའི་ཟས་དང་བདུད་རྩིའི་བཏུང་བ་ལ་སོགས་པའི། དབྱར་གྱི་དུས་ནི་ཉེ་བར་རྒོད་པ་བསལ་བ་ན། ལུས་ལ་བརྟེན་པའི་ལྗོན་པ་གཅིག་ཏུ་རྫོགས་པའི་དཔལ། འཆི་མེད་རོ་ཡི་མཆོག་གིས་ཕྱོགས་རྣམས་བཀང་སྟེ་འབུལ། ར་ས་ཀཱ་མ་གུ་ཎ། ཡིད་འོང་རྣམ་པར་བཀྲ་བའི་གོས་བཟང་རིན་ཆེན་རྣམས། པདྨོའི་རྩ་ལག་ཇི་བཞིན་པདྨོའི་ལུས་ཀྱི་གོས། རེག་ན་བདེ་བས་ཡོངས་སུ་མགུ་བར་བྱེད་པ་ཉིད། །ལོངས་སྤྱོད་འོས་གྱུར་རེག་བྱས་ཕྱོགས་རྣམས་བཀང་སྟེ་
(༡༣༧)འབུལ། །ཝཥྚ་བྱཾ་ཀཱ་མ་གུ་ཎ། རྒྱལ་སྲིད་བདུན་འབུལ་བ་ནི། བཅོམ་ལྡན་འཕགས་པའི་ཡན་ལག་བརྒྱད་པའི་ལམ་གྱི་འཁོར་ལོས་ཉོན་མོངས་མེ་ཏོག་མདའི། །ཕྱོགས་ལས་རྣམ་རྒྱལ་ཆོས་ཀྱི་འཁོར་ལོ་མངོན་པར་འདོད་ནས་དེ་ཡི་སླད་དུ་ནི། ཕ་རོལ་བྱེད་དང་རྐུན་པོའི་ལས་ཐབས་འདོད་པར་ཕྱོགས་དང་གྱ་གྱུར་སྨྲ་བ་དང་། རྩུབ་མོའི་གཏམ་དང་དུས་མིན་བརྗོད་པ་ཕྲ་མ་གནོད་པར་སེམས་དང་རྫས་ལ་ཕྱོགས། དམན་པར་ལྷྟ་རྣམས་བདག་གིས་མ་བསྟེན་གཞན་དག་ཚུལ་ལྟར་བཀོད་བྱས་གསལ་བའི་འབྲས། སྐབས་གསུམ་གསེར་ལས་བྱུང་བའི་རྩིབས་ཅན་ཟླུམ་པོའི་དབུས་དང་རྩིབས་སྟོང་མུ་ཁྱུད་བཅས། སྣ་ཚོགས་ལས་ཀྱི་ཡོངས་སུ་རྫོགས་བསྒྲུབ་འཆར་བའི་ཕྱོགས་ནས་ཀུན་ཏུ་འབྱུང་འགྱུར་ལ། སྔོན་གྱི་ལམ་ལས་ཕྱོགས་བཞིར་རྒྱལ་བྱེད་འཁོར་ལོ་རིན་ཆེན་ཕྱོགས་རྣམས་བཀང་སྟེ་འབུལ། དེ་ཝ་སུ་བརྞ་སྱ་ཙཀྲ་རཏྣ། དགྲ་རྣམས་མངོན་པར་བཅོམ་པའི་རྫུ་འཕྲུལ་རྐང་པ་བཞི་ཡིས་ཡིད་ཀྱི་ཁྱིམ་ཞུགས་པའི། ཕྱི་རོལ་ཡུལ་དུ་དམིགས་པའི་མུན་པའི་ཕུང་པོ་ཡན་ལག་བཅས་རྣམས་རིང་བྱས་ནས། ཆོས་
(༡༣༨)རྣམས་ཇི་བཞིན་སྒྲིབ་བྱེད་ཤུན་པ་སོ་སོར་རབ་དོར་ནང་དུ་ངེས་པའི་བདག །ཟླ་བོ་མེད་པའི་གཉིས་འཐུང་དབང་པོ་སྐྱེ་རྒུའི་གཞོན་པར་རྗེས་སུ་བསྙེན་པའི་སླད། ལུས་ཀྱི་བྱེད་པོ་གཉན་དང་སྔགས་རིགས་དགེ་སྦྱོང་གཉིས་སྐྱེས་ཕ་རོལ་ཕན་བརྩོན་ལ། འཚེ་བའི་ཕྱོགས་ལས་རིང་པོར་འཁོད་ལ་ལག་ལྡན་མྱུར་འགྲོའི་གཞོན་པ་ཁྱོགས་དང་ཁྲི། མགྱོགས་འགྲོས་ཁྲིད་པའི་ཤིང་རྟ་སྟེགས་བགྱིས་སྨྱིག་མ་བེ་ཏྲཾ་དཎྜ་ཉལ་འགྲོར་བྲེས། གྲུ་དང་ལམ་སོགས་བཞོན་པ་བཏང་འབྲས་གསེར་གྱི་བྲག་ནི་ལྷ་མིན་ངོས་ཞེས་གྲགས། འཁོར་རྣམས་རབ་མཛེས་ཡིད་ལ་འབབ་གཟུགས་དེར་གནས་སོ་ལྡན་བདག་པོར་རབ་བརྟན་ནི། སྟོང་ཕྲག་བརྒྱད་རྣམས་ཀུ་མུ་ཏ་ལྟའི་ལུས་དང་ཡན་ལག་བདུན་གནས་ལྟན་སྡུག །མཆེ་བ་དྲུག་ཐོགས་ཕྲ་མོའི་ལས་རྟོགས་འཛིན་མ་ཆུ་སྲིན་གནས་ཀྱི་མཐར་ཐུག་པར། བསྐོར་དང་མོད་ལ་གནས་སུ་འཇུག་བྱེད་ལག་ལྡན་རིན་ཆེན་ཕྱོགས་རྣམས་བཀང་སྟེ་འབུལ། ཧ་སྟི་རཏྣ་ཛ་ན་ཡ། ཡང་དག་སྤོང་བཞིས་རྟོག་པའི་ས་སྐྱོང་གིས་དབང་བསྒྱུར་བའི་མྱ་ངན་གྲོང་ཁྱེར་ནི། བརྒལ་ནས་མཐའ་དག་
(༡༣༩)ཆོས་ཀྱི་དེ་བཞིན་མཐོང་བར་བསྒྲོད་པའི་མྱུར་འགྲོ་འདོད་པས་ན། གསེར་གྱི་ཁྱོགས་དང་ལྷམ་སོགས་བཟང་པོའི་སྣ་ཚོགས་བཞོན་པས་གཞན་རྣམས་བདེར་སྦྱར་ལས། གླིང་ཕྲན་ཁམ་བུ་ཅན་དུ་གནས་པ་མགྱོགས་འགྲོའི་དབང་པོ་མཁའ་གོས་ཤུགས་ཅན་ནི། བརྒྱད་སྟོང་དང་ལྡན་ཁྲི་ཕྲག་འབངས་བཅས་ཡ་མཚན་རྒོད་པའི་ལུས་དང་ཁ་དོག་དག། ཕྱོགས་ཀུན་རྫོགས་པར་སྣང་བའི་དུས་ཀྱི་མཁའ་ཡི་དཔལ་བཞིན་ཡན་ལག་གཙོ་བོ་ནི། གནག་ཅིང་འཁྲུགས་པ་མིན་པའི་སྐྲ་དང་ལུས་སྐྱེས་སྙིང་ལ་གནས་པའི་འབྱོར་པ་དང་། ལས་རྣམས་ཕྲ་མོས་མངོན་བྱས་རྨད་བྱུང་མྱུར་འགྲོ་རིན་ཆེན་ཕྱོགས་རྣམས་བཀང་སྟེ་འབུལ། ཨ་ཤྭ་རཏྣཾ་ཛ་ནེ་ཡ། དེ་བཞིན་གཤེགས་པའི་མཐོ་རིས་བལྟ་བྱེད་ནོར་བུའི་སྒྲོན་མ་བཏེགས་ཚེ་ཇི་ལྟ་བར། ཅི་ཞིག་འདོད་པ་གང་ཡིན་མཐོང་བའི་བཻ་ཌཱུརྻ་ནི་བསྟེན་པར་དགའ་བས་ན། གང་གིས་དམ་པའི་འགྲོ་བ་མཆོག་ལ་མུན་པའི་ཕུང་པོ་གཅིག་ཏུ་འཁྱིལ་བའི་དབུས། སྣོད་དང་ལྡན་པའི་སྣང་བའི་འབྱོར་པ་དུ་མའི་སྦྱིན་པས་གསལ་བར་བྱས་པ་ལས། གདེངས་ཅན་དབང་པོ་རྣམས་སམ་ས་སྐྱོང་ཆེན་
(༡༤༠)པོར་གྲགས་པ་བཞི་ཡི་ཕྱོགས་ནས་འོངས། བརྒྱད་ཀྱི་ཟུར་དྭངས་རྙོག་མའི་གནས་མིན་དག་དང་རྣམ་གསལ་བཟང་པོའི་རྫས་རྣམས་རྩོལ། ཀུན་ནས་འབར་བའི་འོད་ཀྱིས་ཀུན་ནས་མཚན་མོའི་གོས་རྣམས་འདར་བའི་མཐུ་དཔལ་གྱིས། ཉིན་མོར་བྱེད་པའི་གཟི་བྱིན་འཇོམས་ལྟའི་བཻ་ཌཱུརྻ་ཡིས་ཕྱོགས་རྣམས་བཀང་སྟེ་འབུལ། མ་ཎི་རཏྣཾ། འཇིག་རྟེན་མཁྱེན་པའི་དགའ་བ་ཡང་དག་བྱང་ཆུབ་ཡན་ལག་དམ་པའི་སེར་བུས་ནི། ཡིད་ཀྱི་མཁའ་ནི་ཡངས་པ་རྣམས་སུ་སོ་སོར་ཞེན་པའི་དབྱར་སྐྱེས་ཕྲེང་བ་དག །ཀུན་ཏུ་འཕྲོ་བར་འཐོར་བའི་ཆུ་འཕྲེང་རྒྱ་ཆེ་རྣམ་རོལ་གཅིག་ཏུ་བསིལ་བྱས་ནས། ཡེ་ཤེས་ཁོངས་སུ་བརླིང་བར་གཅིག་པའི་དཔའ་མོ་མཐའ་དག་འགྲོ་བའི་སྤྱོད་ཡུལ་ཕྱིར། དགེ་སྦྱོང་རྣམས་དང་བྲམ་ཟེའི་རིས་རྣམས་འཕོངས་པའི་ཕྱོགས་སུ་བཟང་པོའི་ཟས་རྣམས་དང་། བཏུང་བྱ་བསྒོ་བ་མེ་ཏོག་ཕྲེང་བ་སྤོས་དང་དྲི་ཡི་ཁྱད་པར་མལ་ཆ་གནས། གསལ་བྱེད་བཏང་བའི་ལས་ཀྱི་གྲུབ་གང་ངོ་མཚར་རི་དྭགས་བྲིས་པའི་མི་མོ་ནི། བཟང་པོའི་རྒྱན་སོགས་ཕྱིན་ལས་བཟང་པོའི་གཟུགས་ནི་མི་ཡི་མདོག་ལས་
(༡༤༡)རྒྱལ་བ་དང་། སྐབས་གསུམ་ཁ་དོག་ཇི་བཞིན་མིན་ལ་ཁ་དོག་དྲི་དང་རོ་ནི་ཕུན་ཚོགས་ནོར། བརྙས་བཞིན་མ་ཡིན་གུས་པའི་བྱིན་ལས་སྤྲི་ཡང་ཀུ་ཡི་མེ་ཏོག་གསར་པ་ལྟའི། ཁ་དོག་དང་ལྡན་མཚམས་པའི་ལུས་ནི་སྐེམ་དང་དེ་ལས་ཕ་རོལ་སྙོམས་པ་དང་། དྲི་བཞོན་དྲག་པོ་ཡང་ཡང་ལྡང་ཚེ་དྲོད་དང་ལྡན་པའི་བགོ་བ་སོགས་སྦྱིན་པ། དེ་ལས་གཞན་པ་སོས་ཀའི་ཚ་བ་འབར་དུས་ཏ་མ་ལ་ཡི་གྲིབ་བསིལ་མཆོག །བསྒྲུབ་པའི་ཡོ་བྱད་བཏང་ལས་བསིལ་བུའི་ངད་འཕྲོག་ཡིད་འོང་དཔལ་ནི་ཙནྜ་ལི། ཚ་གདུང་འབར་དུས་ཧ་རི་ཙནྡན་ཇི་བཞིན་ཨུཏྤལ་ཀ་ལ་ནུ་པི་རི། ས་ཧ་ཀ་རའི་དྲི་སོགས་བཏང་ལས་ལས་སྐྱེས་ཕུག་དང་ཁ་ནས་ཙནྡན་དང་། ཨུཏྤལ་དྲི་འབྱུང་ཕྱི་ནས་ཉལ་དང་སྔོན་དུ་ལྡང་ཞིང་སྙན་པར་བརྗོད་པ་དང་། བསྒོ་ལྟར་མངོན་དུ་བྱེད་དང་ཡིད་སོགས་འགལ་བའི་ལས་མིན་ཀུན་ལ་བརྩེ་བའི་མིག ཕྱོགས་ལས་སྤྱོད་གང་ཕ་རོལ་སེམས་དང་དུས་སུ་བྱེད་དང་པོ་ལ་གྱི་དག་དང་གཡེམ། རང་གར་རྫས་ལེན་མྱོས་འགྱུར་སྤང་དེར་གཞན་དག་བཀོད་ལས་ལང་ཚོ་གསར་བ་ནི། རྒྱས་པའི་དཔལ་གྱིས་དཔལ་
(༡༤༢)མོ་རྣམས་ནི་ཞུམ་པར་བྱེད་དང་མངལ་ནི་ནད་ལྡན་མིན། བདག་པོ་ལྡན་མིན་སྐབས་ལས་གཞན་དང་མཐོ་རིས་གྲོང་དུ་ཉེ་བར་འཇུག་པ་ཅན། སྔོན་གྱི་ལེགས་བྱས་དམ་པའི་འབྲས་བུ་ཡོན་ཏན་མང་པོའི་ཆ་ཤས་གང་བའི་བདག། གྲགས་པའི་འོད་ཕྲེང་དོ་ཤལ་གཡོ་བའི་མཛེས་མ་རིན་ཆེན་ཕྱོགས་རྣམས་བཀང་སྟེ་འབུལ། སྟྲྀ་རཏྣ། ས་དབང་རིགས་ཀྱི་ཁང་པར་འཁོད་པའི་འབྱོར་ལྡན་རྣམས་དང་མཐོ་བའི་རིགས་བྱུང་བའི། གཉིས་སྐྱེས་དབང་པོ་སཱ་ལའི་ལྗོན་ལྟར་འཕགས་པར་གྲགས་པའི་རིགས་ནི་ཟུང་དག་གི། ཁོངས་སུ་ངེས་པའི་སྣ་ཚོགས་ཁྱིམ་བདག་རྣམས་ཀྱིས་གོས་དང་བཟའ་བ་ཁྲི་རྣམས་དང་། ཡོ་བྱད་དག་གིས་རིམ་གྲོའི་དོན་བསྒྲུབ་རྒྱལ་བའི་ས་སྐྱོང་ལ་ནི་ཕྱོགས་གནས་འདིར། མཆོག་ཏུ་དྲང་དང་ཀུན་ནས་འགྲོ་བར་དམ་པའི་ཡུལ་ལ་མཐུན་པའི་སྨན་རྣམས་དང་། ཕན་པའི་ཟས་དང་འཚམས་པའི་འབངས་རྣམས་རབ་འབྱིན་དཔྱད་ནས་བདེ་ལ་རིག་པའི་མཐུས། སྐྱེ་བ་གཞན་དུ་རྫས་མང་བཏང་སླད་འབྱོར་བ་ཆེན་པོས་གནས་པའི་ཁྱིམ་བདག་ནི། སྒྲོན་མ་སྣང་བ་གསལ་བའི་ཟེར་གྱིས་འཚེར་
(༡༤༣)བར་མི་དགའ་འགྲོ་བའི་དྲུང་འཁོད་པའི། མཚན་མོའི་སྒྲིབ་བྱེད་མཐར་བྱས་དེ་སྲིད་དྲི་མེད་མཐོ་རིས་མིག་གིས་སྣ་ཚོགས་གཏེར། དབང་དུ་བྱས་རྣམས་རང་བཞིན་གནས་རྣམས་ཆུ་ཡི་དབུས་གནས་རྣམས་དང་ཐང་ལ་གནས། རིང་པོར་གནས་དང་ཉེ་བའི་ཕྱོགས་འཁོད་ཀུན་ནས་མཐོང་དང་ལྡན་ཞིང་གྲགས་དང་ལྡན། དུས་སུ་མྱུར་བུར་ནོར་གྱི་དོན་སྒྲུབ་ཁྱིམ་བདག་རིན་ཆེན་ཕྱོགས་རྣམས་བཀང་སྟེ་འབུལ། གྲྀ་ཧ་པ་ཏི་རཏྣ་བྱི་ཙཀྵུ་བི་མ་ལཱེ་ཎ། བླ་མེད་ཤེས་རབ་མཚོན་རྣོན་གྱིས་ནི་དཔལ་མོའི་བདག་པོའི་དཀྲིས་པ་མང་པོ་དག། གཅོད་པའི་ཐབས་ལ་འདྲིས་པ་དང་ལྡན་འགྲན་བྱེད་ཡོད་མིན་བློན་པོར་མངོན་ཕྱོགས་ནས། བློ་ཅན་དྲིན་གནས་འགྲོ་བ་རྣམས་ནི་སྨག་རུམ་མུན་པའི་ཕུག་ནང་གནས་པ་ན། མུན་པའི་དགྲ་བོ་རིང་དུ་བྱེད་ལ་མཁས་དང་གསལ་ཞིང་བརྩོན་པའི་བློ་གྲོས་དང་། ཤིན་ཏུ་རྟོགས་པར་བྱེད་པ་གང་ཡིན་བསྟེན་ཞིང་བསྙེན་བཀུར་བགྱིས་དང་དེ་ཡི་མཐར། ལེགས་བྱས་གང་ཡིན་མི་དགེ་བ་གང་ཁ་ན་མཐོ་དང་བཅས་གང་ཡིན་ལ། དེ་དང་བྲལ་གང་ཅི་ཞིག་གིས་ནི་ལེགས་པར་
(༡༤༤)ཕྱོགས་བཞིན་སྡིག་པར་མི་འགྱུར་ཞེས། ཡོངས་སུ་འདྲིས་ཤིང་རང་ཉིད་འཇུག་དང་རྟོགས་པར་བྱེད་བཞིན་སེམས་དང་འབྲས་སམ་རྒྱུའི། སྒོ་ནས་གཉེན་དག་བསྒྲལ་སླད་བསྒྲིམ་པ་དྲག་པོར་བཞུགས་པས་མཁས་དང་གསལ་བ་ཡི། ཤེས་རབ་ཐེ་ཚོམ་མེད་པའི་རྟོགས་པ་བརྩོན་འགྲུས་དང་བཅས་འཁོར་ལོས་བསྒྱུར་བ་དག། འདི་དང་རྗེས་ཀྱི་དཔལ་ལ་འགོད་བྱེད་དཔུང་རྣམས་འབུལ་ཞིང་རྩལ་དང་བགྲོད་པའི་ཚེ། ཡན་ལག་བཞི་རྣམས་དུབ་པར་མི་དགོད་བློན་པོ་རིན་ཆེན་ཕྱོགས་རྣམས་བཀང་སྟེ་འབུལ། ན་ཡ་ཀ་རཏྣ། བྱིན་གྱིས་བརླབ་པའི་རྫས་བརྒྱད་འབུལ་བ་ནི། སྔོན་ཚེ་སྨྲ་བའི་སེང་གེ་རྒྱལ་བ་ལ། །འོད་འཛིན་མཐོ་རིས་དཔལ་མོས་མེ་ལོང་ནི། །ཕུལ་ནས་བཀྲ་ཤིས་རྫས་སུ་བྱས་པ་གང་། །ཕུན་ཚོགས་སླད་དུ་ཕྱོགས་རྣམས་བཀང་སྟེ་འབུལ། །མངྒ་ལཾ་དྲ་བྱཾ་ཨཱ་དརྴ། སྔོན་ཚེ་སོ་ལྡན་དབང་པོ་ས་སྲུང་གིས། །མི་ཡི་མཆོག་ལ་གྷི་ཝཾ་ཕུལ་བ་དག། ནང་གི་ནད་སྤོང་ཟླ་བྲལ་གྲུབ་པའི་སྨན། །བཀྲ་ཤིས་ཆེད་དུ་ཕྱོགས་རྣམས་བཀང་སྟེ་འབུལ། །མངྒ་ལཾ་དྲ་བྱཾ་རོ་ཙ་ན། རྒྱལ་ལ་གྲོང་པའི་དགའ་མ་ལེགས་འཁྲུངས་ཀྱིས། །ཉིས་སྟོང་བེལ་བུའི་འབྱུང་
(༡༤༥)གནས་ལས་འོང་ཞོ། །རབ་ཕུལ་ཡོན་ཏན་དབྱིངས་གྱུར་སྙིང་པོའི་བཅུད། །དགེ་ལེགས་ཕྱིར་ནི་ཕྱོགས་རྣམས་བཀང་སྟེ་འབུལ། །མངྒ་ལཾ་དྲ་བྱཾ་ད་དྷི། །སྟོབས་བཅུ་བརྙེས་ལ་གཉིས་སྐྱེས་ཀུཎྜ་ལིས། །དུས་ཀྱི་འཇིགས་པ་བསྙིལ་ངག་འཚོ་བའི་གེགས། །སེལ་བའི་སླད་དུ་བཏང་བའི་རྩྭ་དཱུརྦ། །བདེ་ལེགས་སྤེལ་སླད་ཕྱོགས་རྣམས་བཀང་སྟེ་འབུལ། མངྒ་ལཾ་དྲ་བྱཾ་དཱུརྦ། མཆོག་ལ་ལྗོན་པའི་མཐོ་རིས་བུ་མོ་ཡི། །རྨད་བྱུང་རྒྱུ་དང་འབྲས་བུའི་དགོས་པ་དང་། །བྱང་ཆུབ་དོན་དུ་སྦྱིན་བྱས་བིལ་བ་ནི། །ཀུན་དགའ་རྒྱས་ཕྱིར་ཕྱོགས་རྣམས་བཀང་སྟེ་འབུལ། །མངྒ་ལཾ་དྲ་བྱཾ་ཀ་པེད་ཕ་ལཾ། །ཐམས་ཅད་སྒྲོལ་ལ་མཆོད་སྦྱིན་བརྒྱ་པ་ཡིས། །སྐྱེ་དགུ་རྣམས་ལ་ཆོས་སྦྱིན་སྨྲ་བའི་དཔལ། ངེས་པར་འདོད་ནས་བྱིན་པར་གྱུར་པའི་དུང་། །གཡས་སུ་འཁྱིལ་བས་ཕྱོགས་རྣམས་བཀང་སྟེ་འབུལ། །མངྒ་ལཾ་དྲ་བྱཾ་དཀྵི་ཎ་བརྡྷ་ཤཾ་ཁ། །ནོར་གྱི་བློ་གྲོས་མ་ཡི་ལྷ་མོ་ནི། །གཡོ་དང་བྲལ་བས་མཐའ་དག་དབང་བྱའི་དོན། །འཇིག་རྟེན་གཙོ་ལ་ལེགས་བྱིན་ལི་ཁྲི་འདི། །བཀྲ་ཤིས་འབྱུང་སླད་ཕྱོགས་རྣམས་བཀང་སྟེ་འབུལ། །མངྒ་
(༡༤༦)ལཾ་དྲ་བྱཾ་སིནྡྷུ་ར། རྡོ་རྗེ་འཛིན་པ་རྒྱལ་བའི་མྱུ་གུ་ཡིས། །མཆོག་གི་སྟོབས་ཀྱིས་ཆུ་སྲིན་རྒྱལ་མཚན་རིགས། །གཞོམ་ཕྱིར་རྒྱལ་ལ་ཕུལ་བའི་ཡུངས་ཀར་དག། ངོ་མཚར་རྫོགས་སླད་ཕྱོགས་རྣམས་བཀང་སྟེ་འབུལ། །མངྒ་ལཾ་དྲ་བྱཾ་པརྵ་པ། གྲུབ་པའི་རྫས་ཉི་ཤུ་རྩ་བདུན་འབུལ་བ་ནི། མཐོ་རིས་རིན་ཆེན་བདུན་ལས་བྱུང་བ་གང་། །རིན་ཆེན་འདབ་མས་མཚན་པའི་ཡལ་ག་ཅན། །རིན་ཆེན་མེ་ཏོག་རྣམ་བཀྲ་རིན་ཆེན་འབྲས། །རིན་ཆེན་རྐང་འཐུང་ཕྱོགས་རྣམས་བཀང་སྟེ་འབུལ། །རཏྣ་བྲྀཀྵཾ། རིན་པོ་ཆེའི་ཤིང་། གདུང་བ་རྣམ་སེལ་ཡངས་པའི་གྲིབ་བསིལ་དང་། །འཇིག་རྟེན་རིན་ཆེན་རྒྱན་གྱི་ཁྱད་པར་རྣམས། །རིན་ཆེན་གོས་སོགས་འབྱུང་བའི་འདབ་མ་ཅན། །དཔག་བསམ་ལྗོན་པས་ཕྱོགས་རྣམས་བཀང་སྟེ་འབུལ། །ཨ་ལངྐ་ར་པུཥྤ་མཱ་ལཱ་བ་ན་ཏཱ་གྲ། བི་ཌ་ཕེ་ཀལྤ་བྷྲིཀྵེ། མེ་ཏོག་གི་ཕྲེང་བ་ནགས་ཚལ་ལོ་མ་དཔག་བསམ་ཤིང་། ལྷ་མིན་དགྲ་ཡི་རིན་ཆེན་མཆོག་དག་ལས། །ལེགས་བྱས་མི་དམན་བདུད་རྩིའི་རྒྱུན་གྱིས་གང་། །རབ་བཀྲའི་མགུལ་རྒྱན་རིན་ཆེན་འབྲས་ལྡན་ཤིང་། །སྟེང་དུ་བརྒྱན་དེས་ཕྱོགས་རྣམས་བཀང་
(༡༤༧)སྟེ་འབུལ། །གྷ་ཊ། བུམ་པ། །མཐོང་ངམ་འོན་ཏེ་རེག་པའི་མཐུ་ཡིས་ཀྱང་། །ལྟ་བྱེད་ལུས་ཀྱི་གདུང་བ་རྣམས་འཕྲོག་ལ། །དུས་ཀྱི་ཆོམ་རྐུན་གནོན་ལྡན་སྐབས་གསུམ་གྱི། །འཆི་མེད་མཆོག་གིས་ཕྱོགས་རྣམས་བཀང་སྟེ་འབུལ། །སཱུ་དྷཱ་ཨ་མཱ་ར། བདུད་རྩི་འཆི་མེད། རིན་ཆེན་ཐེམ་སྐས་འཕྲེང་ལྡན་ར་བར་གནས། །རིན་ཆེན་ཕྲ་མོ་བདལ་ཞིང་ཆུ་ཡིས་མཛེས། །གཉིས་སྐྱེས་ཚོགས་ཀྱི་བསྟི་གནས་པདྨོ་ཅན། པདྨོའི་རྫིང་བཟང་ཕྱོགས་རྣམས་བཀང་སྟེ་འབུལ། །པུཥྐཾ་རི་ཎཱི། པད་རྫིང་། ཡིད་བཞིན་རིན་ཆེན་འདོད་རྣམས་སྦྱིན་པ་ལ། །གུས་པས་བསླང་ལས་འབྱུང་བའི་རྫས་བཞིན་དུ། །ཇི་ལྟར་འདོད་རྣམས་དཀར་འཛིན་ལས་འཕྲོ་བའི། །འདོད་འཇོའི་དུད་འགྲོས་ཕྱོགས་རྣམས་བཀང་སྟེ་འབུལ། །ཀཱ་མ་དྷེ་ནུ་ཀུམྫ་ར། འདོད་འཇོ་བ་ལང་མོ། གཙུག་ཕུད་འཛིན་པའི་མགྲིན་པའི་ལུས་སྐྱེས་ལྟར། །ཡིད་དུ་འཇུག་པའི་ལུས་ལྡན་རྫུ་འཕྲུལ་གནས། །ས་གསུམ་བགྲོད་དང་འཕྲལ་དུ་ལྡོག་གྱུར་པའི། །རྨད་བྱུང་མྱུར་འགྲོས་ཕྱོགས་རྣམས་བཀང་སྟེ་འབུལ། ཏུ་རངྒ་ཛཱ་ནི་ཡ། རྟ་རྣམས་ཀྱི་རྒྱལ་པོ་
(༡༤༨)ལེགས་བྱས་ཁྱད་པར་གསལ་བའི་གདེངས་ཅན་དབང་། སྐབས་གསུམ་གཙོ་བོ་རྣམས་ཀྱི་གཙུག་ན་གནས། །ཕྱོགས་སུ་རྣམ་རྒྱས་འབྱོར་པའི་དཔལ་སྦྱིན་པ། །དབང་གི་རྒྱལ་པོས་ཕྱོགས་རྣམས་བཀང་སྟེ་འབུལ། །མ་ཎི་རཏྣ་ཨིནྡྲ་རཱ་ཛ། ནོར་བུ་རིན་ཆེན་དབང་རྒྱལ། མཐོ་རིས་དབང་མོ་རི་དྭགས་མིག་ཅན་གྱི། །ཀུན་ནས་ཟླ་བོར་མི་མཚོན་གྲུབ་གང་དེས། །ཡིད་ཀྱི་རྟོག་པ་དེ་ལྟར་མྱུར་འབྱུང་བ། །དཔལ་མོ་མཆོག་གིས་ཕྱོགས་རྣམས་བཀང་སྟེ་འབུལ། ཨ་ཀྲ་མ་ཏྲི་ཤྭཱི། དཔལ་མོ་མཆོག །དང་པོའི་སྐྱེ་རྒུའི་ལེགས་བྱས་ཀྱིས་སྐྱེས་འབྲས། །སྐྱེ་རྒུའི་རྩོལ་བས་མ་ཡིན་རང་གར་བྱུང་། །ངོ་མཚར་སྙིང་པོ་བཀྲེས་པས་གདུང་བ་འཕྲོག། ཕུན་ཚོགས་འབྲས་ཀྱིས་ཕྱོགས་རྣམས་བཀང་སྟེ་འབུལ། །ཨ་ཀྲྀ་ཥ་ཏེ་ས་ལི་བྷ་དྲཾ། མ་རྨོས་འབྲས་བཟང་། ཤིན་ཏུ་མཉམ་པའི་ནོར་གྱི་བློ་གྲོས་མར། །རིན་ཆེན་ར་བས་བསྐོར་བའི་སྐྱེ་ཤིང་ཕྲེང་། །མེ་ཏོག་མཉམ་རྒྱས་པདྨའི་འབྱུང་གནས་ཅན། །དགའ་ཚལ་མཛེས་འཕྲོག་ཕྱོགས་རྣམས་བཀང་སྟེ་འབུལ། ཨུ་པ་བ་ནཾ། སྐྱེད་མོས་ཚལ། ཁ་དོག་གསལ་ཞིང་འོད་བཟང་དྲི་ཞིམ་ནི། །དཔག་ཚད་འཁོར་ཡུག་ཁྱབ་བྱེད་དྲན་པ་སྦྱོང་། །
(༡༤༩)རབ་རིབ་འཚོ་བས་ཉེན་དང་མུན་པ་སེལ། །ཨུ་དུམྦཱ་རས་ཕྱོགས་རྣམས་བཀང་སྟེ་འབུལ། ཨུ་དུ་མ་ཝཱ་ར། རྣམ་མཛེས་མཆོག་ཏུ་ཡངས་པ་མཁའ་ཡི་དོགས། །ཡོངས་སུ་ཁྱབ་པར་ཁེབས་པའི་ཆུ་འཛིན་ནི། །སྲིད་ཞིའི་འབྱོར་པ་ཀུན་ལྡན་ཆར་ཟིལ་འཕྲོ། །རྫོགས་ལྡན་སྤྲིན་གྱིས་ཕྱོགས་རྣམས་བཀང་སྟེ་འབུལ། །ཀྲྀ་ཏ་མེ་གྷ། རྫོགས་ལྡན་སྤྲིན། ས་གསུམ་བླ་མ་བྱང་ཆུབ་བསྒྲུབ་རྣམས་ཀྱིས། བསྟེན་བྱར་བསྔགས་པའི་བསམ་གཏན་སྣོད་ཀྱི་མཆོག །ཀུན་གྱི་ཡིད་ལ་རེ་བའི་འབྲས་བུ་རྣམས། །ཡོངས་སུ་རྫོགས་བྱེད་ཕྱོགས་རྣམས་བཀང་སྟེ་འབུལ། པ་ཏྲཾ། ལྷུང་བཟེད། རིན་ཆེན་རིགས་ལས་བྱུང་བའི་རྡོ་རྗེ་གྲི། །ཀུན་ནས་མི་ཟད་རྣོ་ཞིང་འབར་བ་ཅན། །མཐོ་རིས་བདག་པོའི་མཚོན་གྱི་རྒྱལ་པོ་གང་། །དགོས་རྣམས་སྒྲུབ་བྱེད་ཕྱོགས་རྣམས་བཀང་སྟེ་འབུལ། བཛྲ་རཏྣེ་ཁཏྒ། རྡོ་རྗེ་རིན་པོ་ཆེའི་རལ་གྲི། སྲ་བའི་ཁམས་ཀྱི་ས་སྐྱོབ་ཉི་མའི་ལམ། །བགྲོད་བྱ་བགྲོད་བྱེད་ཕ་རོལ་རྣམ་སྤངས་ལ། །དམ་པའི་མཛེས་མས་མཆོག་ཏུ་བརླབ་པ་གང་། །གྲུབ་པའི་རིལ་བུས་ཕྱོགས་རྣམས་བཀང་སྟེ་འབུལ། །
(༡༥༠)སིདྡྷ་གུ་ཏྲི་ཀ། གྲུབ་པའི་རིལ་བུ། ཁ་བས་མཚན་པའི་ལྷུན་པོའི་ངོགས་ལ་གནས། །མིའམ་ཅིས་བླངས་དབང་བསྒྱུར་རྨད་བྱུང་རྫས། །ས་གསུམ་མོད་ལ་བགྲོད་པའི་སྟོབས་སྦྱིན་པ། །རྫུ་འཕྲུལ་རྐང་མགྱོགས་ཕྱོགས་རྣམས་བཀང་སྟེ་འབུལ། པ་ད་ཛ་བ་ན། །རྐང་པ་མགྱོགས་བྱེད། དྲི་ཡི་བཟའ་བས་མཚོ་ལྡན་རྒྱལ་པོ་ཡིས། །ཡོངས་བཙལ་གང་གི་མཐུ་ཡིས་རབ་གསལ་བའི། །འཇིག་རྟེན་འཇིག་རྟེན་ལས་གཞན་དཔལ་མཐོང་བྱེད། །འདྲེན་བྱེད་གཉེན་གྱིས་ཕྱོགས་རྣམས་བཀང་སྟེ་འབུལ། ནཻ་ཏྲ་ཨོ་ཥ་དྷི། མིག་སྨན། མཐོ་རིས་གནས་ཀྱི་གདེངས་ཅན་ཤིང་བཟང་པོ། །ལྷ་ཡི་ཕས་རྒོལ་གྱིས་བླངས་དུས་རིང་དུ། །གཤིན་རྗེའི་དྭོགས་པ་རྣམ་སེལ་སྙིང་པོའི་ནོར། །བཅུད་ཀྱི་ལེན་གྱིས་ཕྱོགས་རྣམས་བཀང་སྟེ་འབུལ། །རཱ་ས་ཡ་ན་དྲ་བི་ཎ། བཅུད་ལེན་རྫས། གཏོང་དང་མཉམ་གནས་སྙིང་བརྩེས་འགྱུར་བྱས་གང་། །སྐྱེ་དང་སྐྱེ་དགུའི་གཙོ་བོ་འཁོར་གྱི་མཆོག །ཡུལ་འཁོར་དབང་བྱེད་ཐོད་ལེ་ཀོར་ཞེས་གྲགས། རྡོ། །ཡ་མཚན་ལྡན་དེས་ཕྱོགས་རྣམས་བཀང་སྟེ་འབུལ། །བ་ཊི་ཀཱ །ཐོད་ལོ་ཀོར། གཉིས་འཐུང་རྒྱལ་མཚན་ལག་གི་སྣང་བྱེད་དགྲའི། །
(༡༥༡)གདོང་དུ་བསྣུན་པས་སོ་ནི་ཉམས་བྱས་ཤིང་། །སྲ་བའི་ཁྱད་པར་ཟེར་གྱིས་འཇོམས་བྱེད་པ། །བར་གཅོད་བཟློག་དེས་ཕྱོགས་རྣམས་བཀང་སྟེ་འབུལ། ཨིནྡྲེ་བྷི་དི་ར། དབང་པོའི་རྡོ་རྗེ། །གང་ལས་ཆེན་པོའི་སྒྲ་དབྱངས་འབྱུང་བ་ན། །རྣམ་པར་བཀྲ་བའི་གླིང་བཅས་བསྲུབས་ཤིང་དང་། །དག་བྱེད་ཕུང་པོ་གཡོ་ལྡན་དགའ་སྐྱེད་པའི། །བཀྲ་ཤིས་དུང་གིས་ཕྱོགས་རྣམས་བཀང་སྟེ་འབུལ། མངྒ་ལཾ་ཤཾ་ཁ། བཀྲ་ཤིས་དུང་། །མིའམ་ཅི་ཡི་སྔོན་གྱི་ལེགས་བྱས་འབྲས། །ཡིད་ཀྱི་སྦྱོར་བས་ཆེན་པོའི་ཆེན་པོ་རྣམས། །ཉེ་བར་དབང་བྱེད་དོན་ཡོད་ནོར་བུ་ཡི། །ཚར་ལྡན་ཞགས་པས་ཕྱོགས་རྣམ་བཀང་སྟེ་འབུལ། །ཨ་མོ་གྷ་མ་ཎི་མ་ཧཱ་པཱ་ཤ། དོན་ཡོད་ནོར་བུ་ཆེན་པོའི་ཞགས་པ། མུན་པའི་ཕྱོགས་ལ་གཅིག་ཏུ་མཉེན་གཤིན་བསྙལ། །ཕྱོགས་སུ་རྒྱས་པར་འཕྲོ་བའི་འོད་ཟེར་འདོར། །མཆོག་གི་ཤིང་རྟ་ལ་འདུག་ལྷ་ཡི་བུ། །སྣང་བྱེད་བདག་པོས་ཕྱོགས་རྣམས་བཀང་སྟེ་འབུལ། པྲཛྙཱ་སཱུ་རྻ། ཤེས་རབ་ཉི་མ། རི་དྭགས་རི་མོས་མཚན་པའི་རྒྱུ་སྐར་དབང་། །ཆ་ཤས་རབ་རྫོགས་འོད་དཀར་ཕྲེང་བ་འཐོར། །ཕྱུག་བདག་རལ་པའི་ཁྲོད་གནས་ལྷ་
(༡༥༢)ཡི་བུ། །མཚན་མོའི་བདག་པོས་ཕྱོགས་རྣམས་བཀང་སྟེ་འབུལ། ཨུ་པ་ཙནྡྲ། ཐབས་ཟླ་བ། །ནོར་འཛིན་སྦུབས་གནས་རྣམ་མང་རིན་ཆེན་མཛོད། །ཕྲ་མོའི་ཆ་ཡིས་འབྱུང་པོ་ལ་ལ་དག། འབྱོར་པས་དག་པའི་ངལ་བ་འདོར་བྱེད་པོ། །རིན་ཆེན་གཏེར་གྱིས་ཕྱོགས་རྣམས་བཀང་སྟེ་འབུལ། རཏྣེ་དྷེ་ནཾ། རིན་པོའི་ཆེའི་གཏེར། །ལུས་ངན་བཟོ་བོས་བགྱིས་པའི་ལྕགས་ཀྱུ་ནི། །མཆོད་སྦྱིན་བརྒྱ་པའི་དགྲ་ཡི་མཚོན་གྱི་མཆོག། དམན་མིན་ཡོ་བྱད་མཐའ་དག་གང་ཞིག་གི། རྩ་བ་བརྟན་བྱེད་ཕྱོགས་རྣམས་བཀང་སྟེ་འབུལ། བཛྲ་ཨངྐུ་ཤཱ། རྡོ་རྗེའི་ལྕགས་ཀྱུ། ལྷ་མོ་བཅུ་དྲུག་གི་མཆོད་པ་ནི། །ནམ་མཁའི་མདོག་ཅན་རྡོ་རྗེའི་ལྷ་མོ་ནི། །དང་པོའི་ཕྱག་གིས་རྒྱུད་མང་བསྐུལ་ལྡན་ལ། །ཐ་མར་རྡོ་རྗེ་རྡོ་རྗེའི་དྲིལ་བུ་གནས། །པི་ཝཾ་འཛིན་མས་ཕྱོགས་རྣམས་བཀང་སྟེ་འབུལ། བཛྲ་བི་ཎཱི། གསེར་གྱི་མདོག་ཅན་རྡོ་རྗེའི་ལྷ་མོ་ནི། །དང་པོའི་ཕྱག་གིས་གླིང་བུ་འབུད་ལྡན་མ། །ཐ་མར་རྡོ་རྗེ་རྡོ་རྗེའི་དྲིལ་བུ་གནས། །གླིང་བུ་འཛིན་མས་ཕྱོགས་རྣམས་བཀང་སྟེ་འབུལ། བཛྲ་ཝཾ་སེ། ཉིན་བྱེད་མདོག་ཅན་རྡོ་རྗེའི་ལྷ་མོ་ནི། །དང་པོའི་ཕྱག་གིས་རྫ་རྔ་བསྣུན་ལྡན་ལ། །ཐ་མར་རྡོ་རྗེ་རྡོ་རྗེའི་དྲིལ་
(༡༥༣)བུ་གནས། །རྫ་རྔ་འཛིན་མས་ཕྱོགས་རྣམས་བཀང་སྟེ་འབུལ། བཛྲ་མུ་རཉྫེ། མ་རྒད་མདོག་ཅན་རྡོ་རྗེའི་ལྷ་མོ་ནི། །དང་པོའི་ཕྱག་གིས་རྔ་ཆེན་བརྡུང་ལྡན་ལ། །ཐ་མར་རྡོ་རྗེ་རྡོ་རྗེའི་དྲིལ་བུ་གནས། །རྔ་ཆེན་འཛིན་མས་ཕྱོགས་རྣམས་བཀང་སྟེ་འབུལ། བཛྲ་མུ་ཀུནྡ། བྷནྡྷུ་ཀ་བཞིན་རྡོ་རྗེའི་མཛེས་མ་ནི། དང་པོའི་ཕྱག་གིས་བཞད་པའི་ཕྱག་རྒྱ་དང་། །གཉིས་པར་དུར་ཁྲོད་སྣོད་དང་ཅང་ཏེའུ་བཅས། །འཛུམ་པར་བྱེད་མས་ཕྱོགས་རྣམས་བཀང་སྟེ་འབུལ། བཛྲ་ཧ་མྱ། །ཨིནྡྷ་རྙིལ་བཞིན་རྡོ་རྗེའི་མཛེས་མ་ནི། །དང་པོའི་ཕྱག་གིས་སྒེག་པའི་རོལ་པ་དང་། །གཉིས་པར་དུར་ཁྲོད་སྣོད་དང་ཅང་ཏེའུ་བཅས། །སྒེག་པར་བྱེད་མའི་ཕྱོགས་རྣམས་བཀང་སྟེ་འབུལ། བཛྲ་ལཱ་སྱ། །ཆུ་ཡི་གསེར་བཞིན་རྡོ་རྗེའི་མཛེས་མ་ནི། །དང་པོའི་ཕྱག་གིས་ཏིང་ཤག་སྒྲོགས་པ་དང་། །གཉིས་པར་དུར་ཁྲོད་སྣོད་དང་ཅང་ཏེའུ་བཅས། །དྲུག་ལྡན་བྱེད་པས་ཕྱོགས་རྣམས་བཀང་སྟེ༴བཛྲ་གཱི་རྟི། ཉིན་བྱེད་རྟ་བཞིན་རྡོ་རྗེའི་མཛེས་མ་ནི། །དང་པོའི་ཕྱག་གིས་མཛེས་པའི་གར་བྱེད་དང་། །གཉིས་པར་དུར་ཁྲོད་སྣོད་དང་ཅང་ཏེའུ་
(༡༥༤)བཅས། །གར་བསྒྱུར་བྱེད་མས་ཕྱོགས་རྣམས་བཀང་སྟེ་འབུལ། བཛྲ་ནཱི་རྟི། ཟླ་བའི་མདོག་ལྡན་རྡོ་རྗེའི་དཔལ་མོ་ནི། །གཡས་པར་གསར་པའི་ཆུ་སྐྱེས་ཅང་ཏེའུ་དང་། །ཟླ་བར་ཐོད་པ་ནམ་མཁའི་དབྱུག་པ་ཅན། །མེ་ཏོག་ཐོགས་མས་ཕྱོགས་རྣམས་བཀང་སྟེ་འབུལ། བཛྲ་པུཥྤེ། མཐོན་ཀའི་མདོག་ལྡན་རྡོ་རྗེའི་དཔལ་མོ་ནི། །གཡས་པར་བདུག་པའི་སྤྲིན་དང་ཅང་ཏེའུ་དང་། །ཟླ་བོར་ཐོད་པ་ནམ་མཁའི་དབྱུག་པ་ཅན། །བདུག་པ་ཐོགས་མས་ཕྱོགས་རྣམས་བཀང་སྟེ་འབུལ། བཛྲ་དྷཱུ་པེ། །འབར་བའི་མདོག་ལྡན་རྡོ་རྗེའི་དཔལ་མོ་ནི། །གཡས་པར་མུན་པ་རྣམ་སེལ་ཅང་ཏེའུ་དང་། །ཟླ་བོར་ཐོད་པ་ནམ་མཁའི་དབྱུག་པ་ཅན། །སྣང་བྱེད་ཐོགས་མས་ཕྱོགས་རྣམས་བཀང་སྟེ་འབུལ། །བཛྲ་དཱཾ་པཾ། །བ་བའི་མདོག་ཅན་རྡོ་རྗེའི་དཔལ་མོ་ནི། །གཡས་པར་དྲི་བཟང་སྣོད་དང་ཅང་ཏེའུ་དང་། །ཟླ་བོར་ཐོད་པ་ནམ་མཁའི་དབྱུག་པ་ཅན། །དྲི་མཆོག་ཐོགས་མས་ཕྱོགས་རྣམས་བཀང་སྟེ་འབུལ། བཛྲ་གནྡྷེ། །ཆུ་ཤེལ་ཇི་ལྟའི་རྡོ་རྗེའི་རི་དགས་མིག །གཡས་པར་དྲི་བྲལ་མེ་ལོང་ཅང་ཏེའུ་དང་། །ཕ་རོལ་པདྨོའི་སྣོད་དང་ཁ་ཊྭཱྃ་ག །གཟུགས་
(༡༥༥)ཀྱི་རྡོ་རྗེས་ཕྱོགས་རྣམས་བཀང་སྟེ་འབུལ། བཛྲ་ཨཱ་དརྴ། པདྨ་དམར་ལྟའི་རྡོ་རྗེའི་རི་དྭགས་མིག །གཡས་པར་བཟའ་བའི་གནས་དང་ཅང་ཏེའུ་དང་། །ཕ་རོལ་པདྨོའི་སྣོད་དང་ཁ་ཊྭཱྃ་ག །རོ་ཡི་རྡོ་རྗེས་ཕྱོགས་རྣམས་བཀང་སྟེ་འབུལ། བཛྲ་རཱ་ས། རྨ་བྱའི་མགྲིན་ལྡན་རྡོ་རྗེའི་རི་དྭགས་མིག། གཡས་པར་བཟང་པོའི་གོས་དང་ཅང་ཏེའུ་བཅས། །ཕ་རོལ་པདྨོའི་སྣོད་དང་ཁ་ཊྭཱྃ་ག །རྡོ་རྗེ་རེག་མས་ཕྱོགས་རྣམས་བཀང་སྟེ་འབུལ། བཛྲ་སྤ་རྴེ། བསིལ་ཟེར་བྱེད་ལྟའི་རྡོ་རྗེའི་རི་དྭགས་མིག །གཡས་པར་ཨེ་ཡི་དབྱིབས་དང་ཅང་ཏེའུ་བཅས། །ཕ་རོལ་པདྨོའི་སྣོད་དང་ཁ་ཊྭཱྃ་ག །ཆོས་དབྱིངས་རྡོ་རྗེས་ཕྱོགས་རྣམས་བཀང་སྟེ་འབུལ། བཛྲ་དྷརྨ་དྷཱ་ཏུ། ལྷ་མོ་བརྒྱད་ཀྱི་མཆོད་པ་ནི། །བཻ་ཌཱུརྻ་ཡི་ཕུང་པོ་བརྩེགས་པའི་མདོག །རི་དྭགས་རྟགས་ཀྱི་ཆ་སྟེ་བྱང་སེམས་ཀྱིས། །མཆོག་ཏུ་བལྟམས་པའི་དུར་ཁྲོད་སྣོད་འཛིན་པའི། །རྡོ་རྗེ་དཀར་མོས་ཕྱོགས་རྣམས་བཀང་སྟེ་འབུལ། དཀར་མོ། གྷཽ་རི་གྃ །ས་བོན། ཐུན་མཚམས་འབྱུང་བའི་དབྱར་སྐྱེས་གཞོན་ནུའི་བཞིན། །ཉིན་མོར་བྱེད་པའི་ཆ་སྟེ་རྡུལ་གྱིས་
(༡༥༦)ནི། །ཀུན་ནས་བཀང་ལྡན་པདྨོའི་སྣོད་ཀྱི་ལག །ཆོམ་རྐུན་མ་ཡིས་ཕྱོགས་རྣམས་བཀང་སྟེ་འབུལ། ཆོམ་རྐུན་མ། ཙཽ་རི་ཙཾ། ས་བོན། །ཛམྦུའི་ཆུ་ཡི་གསེར་གྱི་མདོག་ལྡན་གང་། །དག་བྱེད་ལྷུན་པོའི་ཆ་སྟེ་མཱུ་ཏྲ་ཡིས། དྲི་ཆུ། །གང་བའི་ཡན་ལག་མཆོག་གི་སྣོད་འཆང་བ། །རོ་ལངས་མ་ཡིས་ཕྱོགས་རྣམས་བཀང་སྟེ་འབུལ། རོ་ལངས་མ། བྷཻ་ཏ་ལི་བྷཾ། ས་བོན། །མི་དམན་རིན་ཆེན་མ་རྒད་ཇི་བཞིན་ཞལ། །འཛིན་མའི་ཁམས་ཀྱི་ཆ་སྟེ་བྷི་ཏྲི་ནི། དྲི་ཆེན་ནམ་བཞི་མཉམ། །ནང་དུ་ལྡན་པའི་མགོ་ཡི་སྟོད་བསྣམས་པ། །ཟ་ཕོད་མ་ཡིས་ཕྱོགས་རྣམས་བཀང་སྟེ་འབུལ། ཟ་པོད་མ། གྷསྨ་རི་གྷྃ། ས་བོན། །སྒྲིབ་བྱེད་ཡོངས་སུ་སྤངས་པའི་མཁའ་ཡི་མདོག །མྱུར་འགྲོ་ལག་ལྡན་ནོར་སྐྱོང་བ་ལང་དང་། །སྐྱེས་བུ་རྣམས་ཏེ་ལྔ་ཡི་ཤ་འཛིན་གང་། །སྦོས་མོ་མ་ཡིས་ཕྱོགས་རྣམས་བཀང་སྟེ་འབུལ། སྤོས་མོ་མ། པུཀྐ་སི་བྃ། ས་བོན། །ཀུ་མུཏྟ་ཡི་གཉེན་གྱི་ཁ་དོག་ལ། །དྲུག་གི་རོ་དང་རྩི་ཡིས་གཏམ་པ་ཡི། །ཐོད་པའི་སྣོད་ནི་ལག་པར་ངེས་པ་ཅན། །རི་ཁྲོད་མ་ཡིས་ཕྱོགས་རྣམས་བཀང་སྟེ་འབུལ། རི་ཁྲོད་མ། ཤ་ཝ་རི་ཤྃ། ས་བོན། །ཀུན་ནས་དག་
(༡༥༧)པའི་མཐོན་ཀའི་ཕུང་པོའི་མདོག །སྣ་ཚོགས་སྒྲ་རྣམས་སྒྲོགས་པར་བྱེད་པའི་བདག །ཌཱ་མ་རུ་ཀ་འཛིན་པའི་ཡན་ལག་ཅན། །གདོལ་པ་མོ་ཡིས་ཕྱོགས་རྣམས་བཀང་སྟེ་འབུལ། གདོལ་པ་མོ། ཙནྡ་ལི་ཙྃ། ས་བོན། །བརྒྱ་བྱིན་གཞུ་ཡི་ཚོགས་བཞིན་མདོག་སྣ་ཚོགས། །མགྲིན་པར་རོལ་པའི་བདུད་རྩིའི་དགའ་སྟོན་གྱིས། །ཆེན་པོའི་མགུ་བ་འཕེལ་བར་བགྱིད་པ་གང་། །རྡོ་རྗེ་གཡུང་མོས་ཕྱོགས་རྣམས་བཀང་སྟེ་འབུལ། གཡུང་མོ། ཌོྃ་བྷི་ནི་ཌོཾ། ས་བོན། ལྷའི་དཔལ་འབྱོར་གྱི་བྱེ་བྲག་རྣམས་ཀྱིས་མཆོད་པ་ནི། །ཉིན་བྱེད་མང་པོའི་སྣང་བ་ལས་རྒྱལ་བའི། །སྣང་བའི་ཕྲེང་བ་འཕྲོ་བའི་གནས་སྐབས་ཅན། །རིན་ཆེན་ལས་སྐྱེས་རིན་ཆེན་ཁང་པ་ནི། །བཀྲ་བའི་བ་དན་གསེར་གྱི་རྒྱལ་མཚན་དང་། །ནོར་བུའི་མཛེས་པས་ཕྱོགས་དག་ཁྱབ་པར་བྱས། །གང་གི་ངོ་མཚར་འབར་བའི་དཔལ་འབྱོར་གྱིས། །འཆི་མེད་ཁང་བའི་ཕུན་ཚོགས་འགོག་ལྡན་པའི། །གཞལ་མེད་ཁང་གིས་ཕྱོགས་རྣམས་བཀང་སྟེ་འབུལ། ཨ་ས་མེ་ཡ་ཙ་ཏུ་ར། གཞལ་མེད་ཁང་གྲུ་བཞི། །བཟང་པོའི་ངད་ལྡན་བཀྲ་བའི་
(༡༥༨)ཁ་དོག་གནས། པདྨོ་གསར་པའི་ཕྲེང་དང་འོད་ཟེར་ནི། །ཕྱོགས་སུ་སྣང་བའི་རིན་ཆེན་དྲྭ་བ་དང་། །ཕྱེད་པའི་དྲྭ་བའི་ཕྱོགས་རྣམས་བཀང་སྟེ་འབུལ། རཏྣ་ཀ་མ་ལ་ཛཱ་ལཾ་གཾ །རིན་པོ་ཆེའི་མེ་ཏོག་དྲྭ་བ། །འོད་འབར་ནོར་བུའི་ཏོག་ཅན་འཁོར་ཡུག་ཏུ། །རིན་ཆེན་དོ་ཤལ་རྣམ་བགོས་དབུས་སུ་ནི། །གསེར་གྱི་ཐུར་མས་མཐོན་པོར་འདེགས་པ་ཅན། །རིན་ཆེན་གདུགས་མཛེས་ཕྱོགས་རྣམས་བཀང་སྟེ་འབུལ། རཏྣ་ཙྪ་ཏྲཾ། རིན་ཆེན་གདུགས། །རྣམ་བཀྲ་ལྷ་ཡི་དར་ལས་གྲུབ་པ་དག །ཛམ་བུའི་གསེར་གྱི་གཡེར་ཁའི་འཕྲེང་འཁྲོལ་ལ། །དྲི་བཞོན་གྱིས་བསྐུལ་གར་གྱིས་རོལ་པ་ཅན། །རྨད་བྱུང་འཕན་གྱིས་ཕྱོགས་རྣམས་བཀང་སྟེ་འབུལ། པ་ཊ་ཀཾ །དར་དཔྱངས། །མཆོག་ཏུ་གཙང་མའི་རྔ་ཡབ་དཀར་པོ་ནི། །ནོར་བུས་སྤྲས་པའི་རིན་ཆེན་དབྱུག་གུའི་རྩེར། །རིན་ཆེན་སྲད་བུའི་འཕྲུལ་འཁོར་ཁྱོགས་ལ་འཕྱངས། །རྔ་ཡབ་བཟང་པོས་ཕྱོགས་རྣམས་བཀང་སྟེ་འབུལ། ཙ་མ་ར་བྷ་དྲ། རྔ་ཡབ་བཟང་པོ། །བརྒྱ་བྱིན་མཚོན་གྱི་མདོག་ལྟར་མདངས་གསལ་ལ། །རིན་ཆེན་ཆུན་འཕྱངས་བཟང་པོས་རབ་སྤེལ་བའི། །སྲབ་འཇམ་བདེ་བའི་རེག་ཅན་ལྷ་
(༡༥༩)ཡི་གོས། །ན་བཟའ་བཟང་པོས་ཕྱོགས་རྣམས་བཀང་སྟེ་འབུལ། ཀ་ཤབཱ་ས། དར་ཟབ་ན་བཟའ། དམར་སེར་རལ་པའི་ཚོགས་ཀྱི་འབྱོར་ལྡན་ལ། །རབ་མཛེས་གདུགས་ཀྱི་ལུགས་བཞིན་རྒྱས་པ་ནི། །ཀུན་ཏུ་མཛེས་བྱེད་རྣམ་བཀྲའི་ཟེར་ཕྲེང་ཅན། །རིན་ཆེན་ཅོད་པན་ཕྱོགས་རྣམས་བཀང་སྟེ་འབུལ། རཏྣ་ཀི་རི་ཊྃརིན་ཆེན་ཅོད་པན། །ཉེ་བར་གནས་དང་རིང་པོར་འབྱུང་བའི་སྒྲ། །གསལ་བར་མངོན་བྱེད་དཀྱུས་རིང་སྙན་ཤལ་ནི། །འོད་འབར་དཔལ་ལྡན་བྱེད་པར་ངེས་པ་གང་། །ནོར་བུའི་རྣ་ཆས་ཕྱོགས་རྣམས་བཀང་སྟེ་འབུལ། རཏྣ་ཀརྞ་ཀཾ །རིན་ཆེན་སྙན་རྒྱན། །འཇིག་རྟེན་གཙུག་ཕུད་འཛིན་པའི་དགའ་སྟོན་སླད། །མགྲིན་པའི་སྤྲིན་ལས་ཆོས་ཀྱི་མངར་རྩིའི་ཆར། །འབྱིན་བྱེད་ལྷག་པར་བཀྲ་བའི་འོད་རིས་ཅན། །རིན་ཆེན་མགུལ་རྒྱན་ཕྱོགས་རྣམས་བཀང་སྟེ་འབུལ། རཏྣ་ཀཎྵཱ་བྷ་ར་ཎཾ། རིན་ཆེན་མགུལ་རྒྱན། །ལང་ཚོའི་ཆ་ཤས་རྫོགས་པའི་ཡན་ལག་ནི། །མཚོ་སྐྱེས་གཞོན་ནུའི་རྩ་ལག་ལྟ་བུ་དག །ཆེས་ཆེར་འབར་བའི་མཛེས་པར་བྱེད་པ་ཡི། །རིན་ཆེན་གདུབ་སྐོར་ཕྱོགས་རྣམས་བཀང་
(༡༦༠)སྟེ་འབུལ། རཏྣ་ཀ་ཊ་ཀཾ །རིན་ཆེན་གདུ་བུ། །རིམ་གྱིས་ཕྲ་ཞིང་ཟླུམ་རྒྱས་ལོང་བུ་སྦས། །མེ་ཏོག་མཚོན་དང་ལྡན་པའི་དཔུང་ཚོགས་ཀྱི། ཁྲི་སྟན་ལ་རོལ་ལྷག་པར་ཕུན་ཚོགས་དཔལ། །རིན་ཆེན་ཞབས་གདུབ་ཕྱོགས་རྣམས་བཀང་སྟེ་འབུལ། རཏྣ་པ་དཱ་པ་རི་ཀ་ཊ་ཀཾ །རིན་ཆེན་ཞབས་གདུབ། །བཀྲ་ཤིས་རི་མོས་མཚན་པའི་རྩ་བ་དང་། །དྲྭ་བའི་འདབ་འབྲེལ་སོར་མོའི་ཡལ་གའི་རྩེར། །སེན་མོ་དམར་བའི་འདབ་ཕྲེང་རྒོད་པའི་དཔལ། །རིན་ཆེན་སོར་གདུབ་ཕྱོགས་རྣམས་བཀང་སྟེ་འབུལ། རནྣ་མུ་ཏྲི་ཀརིན་ཆེན་སོར་གདུབ། །རྡོ་རྗེའི་དབུས་ལྟར་འདྲིལ་དང་རྒྱས་པའི་བདག །འོག་ཏུ་ཕྱོགས་བཞིན་ཡངས་པའི་ལྟོ་བའི་ངོགས། །སྣང་བའི་ཚོགས་ཀྱིས་ཕུན་ཚོགས་འཕེལ་བར་བྱེད། །རིན་ཆེན་འོག་པག་ཕྱོགས་རྣམས་བཀང་སྟེ་འབུལ། རཏྣ་ཀཙྪ་ཧ་ར། རིན་ཆེན་སྐ་རགས་ཕ་གུ་ཅན། །དྲག་པོ་ཡིས་ཀྱང་བསྒྲུབ་པར་མི་སྤྱོད་ལ། །རིན་ཆེན་ས་འཛིན་ཕྱོགས་ལྟར་རབ་ཡངས་པའི། །རྣམ་པར་རྒྱས་པའི་སྐུ་སྟོད་མཛེས་པའི་སླད། །སེ་མོ་དོ་ཡིས་ཕྱོགས་རྣམས་བཀང་སྟེ་འབུལ། རཏྣ་ཨརྡྷ་ཧ་ར། རིན་ཆེན་སེན་མོ་དོ། །སྣ་ཚོགས་
(༡༦༡)ཁ་དོག་དང་ལྡན་རི་མོ་ནི། །སྣ་ཚོགས་གཟུགས་བརྙན་བཀོད་བཅས་སྣ་ཚོགས་རིགས། །འབུམ་ཕྲག་རིན་ཐང་མངོན་བྱེད་དུ་མ་ཡི། །སྣ་ཚོགས་དར་གྱིས་ཕྱོགས་རྣམས་བཀང་སྟེ་འབུལ། བི་ཤྭ་སྲྀ་ཀཾ་ཝ་སྟྲ། སྣ་ཚོགས་དར་གོས། ཛམྦུ་ན་ད་རཏྣ་བཻ་ཌཱུརྻ། པདྨ་རཱ་ག་མཐོན་ཀ་མུ་ཏིག་ཕྲེང་། །ཨིནྡྲ་ནཱི་ལ་ཨསྨ་གརྦྷ་སོགས། སྣ་ཚོགས་རིན་ཆེན་ཕྱོགས་རྣམས་བཀང་སྟེ་འབུལ། རཏྣ་སརྦ། རིན་ཆེན་ཐམས་ཅད། །རིན་ཆེན་མྱུ་གུ་རྒྱས་པའི་སྤུ་ལོང་དང་། །རིན་ཆེན་དཔག་བསམ་རྫོགས་པའི་ཡན་ལག་རྩེས། །རིན་ཆེན་ཆུ་འཛིན་གཞོན་ནུར་སྤྲན་པ་ལྟའི། །ལྷུན་པོའི་དཔལ་མོས་ཕྱོགས་རྣམས་བཀང་སྟེ་འབུལ། གི་རི་མ་ཧཱ་ན། རི་ཆེན་པོ། །དུར་ཁྲོད་དྲག་པོའི་གནས་དང་ཡོ་བྱད་རྣམས་ཀྱི་མཆོད་པ་ནི། །རིན་ཆེན་བཻ་ཌཱུརྻ་ཡི་ལྷུན་པོ་ནི། །གསུམ་གྱི་གྲུ་ལྡན་མཆོག་ཏུ་ཁྱོན་ཡངས་པ། །སྲིད་པ་གསུམ་མཉམ་ཆེན་པོའི་གཏིང་མཐའ་ཅན། །ཉམ་ངའི་གཡང་ས་དག་གིས་མུ་ཁྱུད་བསྡམས། །མི་དམན་མཚོན་གྱི་རྩེ་ལས་རྒྱལ་བ་ཡི། །བྲག་གི་མཚོན་རྣོན་གདེང་ཞིང་འགའ་ཞིག་ཏུ། །གཡུལ་གྱི་ཚུལ་ལ་གཅིག་ཏུ་གོམས་བགྱིས་པའི། །ཡན་ལག་བཞི་ལྡན་དཔུང་གི་
(༡༦༢)ཚོགས་རྣམས་གནས། །ཨིནྡྲ་ནཱི་ལའི་སྡོང་པོ་ལས་སྐྱེས་པའི། །རལ་གྲིའི་འདབ་མ་རབ་རྒྱས་ཡལ་ག་དང་། །རྣོན་པོའི་རྩིབས་ཅན་འཁོར་ལོའི་མེ་ཏོག་ཐོགས། །འབར་བའི་གྲི་གུག་འབྲས་བུ་ལྷུང་ལྡན་པའི། །རིན་ཆེན་མཚོན་གྱི་ལྗོན་པ་དུ་མ་དང་། །རྩེ་མོ་གྱེན་དུ་ཕྱོགས་པར་གནས་པའི་རྩ། །མདའ་ཡི་ལུས་ཅན་འབིགས་བྱེད་རྣོན་པོས་དཀྲིགས། །འདབ་མའི་ཚོགས་ཀུན་དགྲ་སྟྭའི་ལུགས་ཀྱིས་འཁོད། །འཇིགས་བཅས་གཅོང་རོང་ཟབ་མོའི་ངོགས་རྣམས་སུ། །དུག་གི་རིགས་གནས་འདབ་བརྒྱད་པས་བརྒྱན་པའི། །བཟོད་དཀའ་མྱ་ངན་སྤྲོ་ལྡན་དུག་ཅན་གྱི། །ཆུ་ཀླུང་གྱ་གྱུར་རྒྱུ་བ་ལྷུང་བ་ལས། །རྣམ་འཕྲོས་ཟེར་མའི་ཚོགས་འཐོར་རེག་པའི་འབྲས། །ཚ་བའི་དམྱལ་བར་འོས་པའི་མྱ་ངན་འདོར། །པདྨ་རཱ་ག་བཞུས་པ་འབབ་ལྟ་ཡི། ཁྲག་གི་ཉལ་འགྲོའི་རྒྱུན་ནི་མགྱོགས་པར་གཡོ། །གདུག་ལྡན་གཅན་གཟན་དུ་མ་བག་ཡངས་འཁོད། །འཇིགས་བྱེད་བགྲོད་པར་དཀའ་བའི་ས་འཛིན་རྩེར། །མཐའ་ཡི་ཡང་དག་གཡོ་བས་སྤྲན་པ་ཡི། །འབར་བའི་ཕུང་པོ་གཅིག་ཏུ་འཁྱིལ་བའི་དབུས། །
(༡༦༣)རབ་གདེངས་རྩེ་མོ་དང་ལྡན་རྡོ་རྗེ་ཡི། །ཕྲེང་བའི་རྭ་བར་རྡོ་རྗེ་དང་བཅས་པའི། །རལ་གྲི་མདུང་རིང་དགྲ་སྟྭ་རྩེ་གཅིག་མདའ། །འཁོར་ལོ་ཕུར་བུ་གྲི་གུག་ཤག་ཏི་སོགས། །རབ་ཏུ་དཀྲིག་པར་སྣ་ཚོགས་ཆུ་སྐྱེས་ལ། །བརྒྱད་ཀྱི་དུམ་བུར་གནས་པའི་དུར་ཁྲོད་དང་། །དེར་འཁོད་ལྗོན་པ་ཕྱོགས་ཀྱི་དབང་པོ་དང་། །ཞིང་སྐྱོང་ཉལ་འགྲོའི་རྒྱུན་དང་གདེངས་ཅན་བདག །ལྷ་ཡི་ལམ་གྱི་གོས་དང་འབར་བའི་ཐབ། །རིན་ཆེན་ལྷུན་པོ་ཀུན་གྱིས་མཆོད་པའི་འོས། །བརྒྱད་དུ་གྲུབ་པ་རྣམས་དང་འགའ་ཞིག་ཏུ། །ཡན་ལག་སྤངས་པའི་ལུས་དང་ནང་ཁྲོལ་དང་། །ནོར་འཛིན་སུ་ལ་གནས་ཁྲག་དང་ཤ་ཚིལ་རྣམས། །མགོ་སྐྱེས་རྣམས་དང་འཐོར་མིན་རུས་པ་རྣམས། །རྣམ་པར་འཐོར་བ་རྣམས་ནི་སིལ་བུར་གནས། །ལ་ལ་སྒེག་སོགས་གཡོ་བའི་གར་བྱེད་པའི། །ཀེང་རུས་རྣམས་དང་མུན་པར་མོས་པ་ཅན། །མི་ཡི་ལུས་ལ་ཟ་བའི་བདེན་བྲལ་དང་། །དབུགས་བྲལ་གསོན་བཞིན་སྤྱོད་པའི་རིགས་རྣམས་ནི། །ཆེན་པོའི་ང་རོས་ཧ་ཧ་ཞེས་སྒྲོག་རྣམས། །ཤ་དང་ཁྲག་ལ་ཀུན་ནས་གང་བའི་ཡིད། །རྣོན་པོའི་མཆེ་བ་དང་བཅས་གདངས་པའི་ཁ། །གཡོ་བའི་ལྕེ་ནི་
(༡༦༤)འབར་བའི་ཟེར་འཕྲོ་ལ། །ཡིད་མཐུན་བཟའ་བའི་སླད་དུ་ཕྱོགས་ཀུན་ཏུ། །ཕན་ཚུན་མགྱོགས་པར་རྒྱུག་པའི་གཅན་གཟན་རྣམས། །དབུགས་བྲལ་སྟེང་དུ་དགའ་མགུར་སྤྱོད་པ་དག །བག་ཡངས་འཁོད་པས་ཀུན་ནས་ཁྱབ་གྱུར་ལ། །ལ་ལར་ལྔ་པའི་ལུས་ཀྱིས་མགུ་བ་ཡི། །ཤ་ཟའི་གཉིས་སྐྱེས་དུ་མའི་འཕུར་ལྡིང་གིས། །ནམ་མཁའི་དངོས་ཀུན་མངོན་པ་མིན་པར་བྱས། །ཞུགས་ཀྱི་སྐྱེད་ཚལ་དབུས་སུ་སོན་པ་ཡི། །སྲོག་དང་བྲལ་བའི་མཛེས་མ་མང་པོ་དག །འབར་བའི་རྒྱུད་མང་སྣུམ་གྱི་ཐིག་པ་ཡི། །བསྐུལ་བའི་ཚེ་ན་ཅིལ་ཅིལ་སྒྲོག་པ་རྣམས། །བརྡུང་ལ་གཅིག་ཏུ་བརྩོན་པས་ཕྱོགས་ཀུན་ཁྱབ། །དེ་ཚེ་དེ་ལ་དགའ་བའི་འདབ་ལྡན་ནི། །མཐོན་ཀའི་ལུས་ཅན་བཟའ་བའི་རྩེ་དགར་སླད། །འདབ་མའི་བཞོན་པ་ཀུན་ནས་བསྐྱོད་བྱས་ཏེ། །སྣ་ཚོགས་སྨྲ་དང་སྣ་ཚོགས་སྤྱོད་པ་ཡིས། །སྐྱེད་མོས་ཚལ་གྱི་ཕྱོགས་ཆར་འཁོད་པ་ཅན། །འགའ་ཞིག་ཏུ་ནི་ལྔ་པ་ལ་ལ་དག །གཉིས་སྐྱེས་རྒོད་ཀྱི་སོར་སྐྱེས་མ་ཉམས་དང་། ཁ་ཡི་རྩེ་མོ་རྣོ་བས་བྲད་པ་ལས། །ལྟོ་བར་སྲིན་བུའི་ཚོགས་ལྡན་གནས་གཞན་ན། །མགྲིན་སྐྱེས་འདབ་ལྡན་མཆུ་ཡི་རྩེ་མོ་ནི། །རྣོན་པོས་བརྟོལ་ལས་ཐོན་པའི་
(༡༦༥)ནང་ཁྲོལ་དག། རྣམ་པར་འབབ་བཅས་ཀུན་ནས་དམན་པ་ཡི། །དྲི་བསུང་འཕྲོ་ཞིང་དེ་ལ་འདུས་པ་གང་། །སྲིན་པོའི་རིས་ཀྱི་སྦྲང་བུ་དུ་མ་ནི། །སྙན་པའི་གླུ་དང་ནམ་མཁར་རྩེ་བ་ཅན། །དུ་མ་འཕུངས་པ་རྣམས་དང་རྣོ་བ་ཡི། །མདུང་གིས་ཕུག་པའི་དབུགས་མེད་ཅི་ཡང་བསྒྲེང་། །ལ་ལར་ཤ་ཟའི་དབུགས་ཀྱིས་དྲངས་པ་ཡིས། །ནང་ཁྲོལ་རྣམས་ཀྱིས་ཕྱོགས་འགའ་བསྐོར་བ་དང་། །སྐལ་པ་གཞན་ལ་སྙིང་བརྩེ་སྤངས་པའི་བྱ། །མཚན་མོའི་ཁ་དོག་བགྲེས་པའི་མཆུ་ཡི་རྩེས། །སྦུབས་ལས་གྲོལ་བར་བྱས་པའི་ལྟ་བྱེད་ཅན། །ཡན་ལག་མཆོག་གིས་སྐབས་འགར་གང་བར་བྱས། །དེ་ལྟའི་དུར་ཁྲོད་མཆོག་ཏུ་འཇིགས་པའི་དབུས། །དགའ་མའི་བདག་པོའི་རིས་དང་མཐོ་རིས་ལྡན། །བདེན་བྲལ་གཙོ་བོའི་ཚོགས་ཀྱི་ཡན་ལག་དབང་། །གསར་པ་གསར་པ་ལས་གཞན་དུ་མ་དག། བརྩེགས་པའི་གཞལ་མེད་ཀུན་ནས་ངེས་པའི་བདག། གདེངས་ཅན་གདན་ལ་འདུག་པའི་སྐབས་གསུམ་པའི། །ཀ་བས་བཏེགས་པའི་གཟའ་ཆེན་གདུང་དུ་བྲེས། །རྒྱུ་ཀར་གྲལ་གྲབ་ཀུན་ནས་བཀོད་པ་ཉིད། །ལོག་འདྲེན་རྐང་གི་ཕ་གུས་མཛེས་བྱས་ལ། །གསལ་
(༡༦༦)པོར་ལྷག་པའི་རུས་པ་འཐོར་མིན་པ། །ཡན་ལག་ཕན་ཚུན་བསྣོལ་བའི་ཐལ་མོ་སྦྱོར། །མཐུར་དུ་ཕྱོགས་པའི་གཙུག་ཅན་སྐབས་ལ་ལར། །ཅུང་ཟད་འཕྱང་ལྡན་རྒྱུ་མའི་ཕྲེང་བ་སྤེལ། །ཡུན་རིང་མངོན་བྱས་དཀར་པོའི་འོད་འབྱིན་པའི། །མགྲིན་སྐྱེས་མདའ་ཡབ་རྣམ་པར་བཀོད་པའི་འོག །རྩིབས་མའི་ཟར་བུས་ངེས་པར་མཛེས་པར་བྱས། །ཀུན་ནས་རྒྱས་པའི་ལང་ཚོའི་སྐབས་ཐོབ་པའི། །མཆོད་པའི་ཁྱད་པར་འཛིན་པའི་མཛེས་མ་གང་། །གར་གྱི་རྣམ་རོལ་དཀར་མིན་སྟེགས་བུ་ནི། ཁང་པའི་རྩ་བ་རབ་ཏུ་བརྟེན་པ་ཅན། །མགོ་སྐྱེས་སྲད་བུ་ལ་གནས་མགོ་བོའི་ཕྲེང་། །རྩེ་མོར་སིལ་ ཁྲོལ་སྒྲོག་པའི་དྲིལ་བུ ་ནི། །གསེར་གྱི་རང་བཞིན་ཧཱུྃ་ཞེས་གསལ་བར་སྨྲ། །རུས་པའི་མཐར་གནས་སྐྲ་ཡི་རྔ་ཡབ་དང་། །མི་བཟད་སྐྱེས་བུའི་པགས་པ་ལས་གྲུབ་པའི། །བ་དན་རྒྱལ་མཚན་རོ་རས་འཕན་གྱི་རྩེ། །མཐར་བྱེད་དགའ་སྟོན་རྩོམ་པའི་གྲོང་བཞིན་དུ། །གཞན་གྱི་ཡིད་ཀྱི་སློང་མོ་པ་དག་ལ། །རབ་འཇིགས་རྩོལ་བའི་སྦྱིན་གཏོང་གནས་གྲུབ་པའི། །གཞལ་མེད་ཁང་གིས་ཕྱོགས་རྣམས་བཀང་སྟེ་འབུལ། བྷཱི་མགྷོ་རཾ་ཀྲཱྀ་ཌེ་བ་ལ་ཛ་
(༡༦༧)དྷིན་བྷ་ཊ། །འཇིགས་བྱེད་དྲག་པོ་རོལ་པའི་ཞིང་ཁམས་ཕོ་བྲང་ཆེན་པོ། དབུ་རྒྱན། དོ་ཤལ། སྦྲུལ་ཆུན། སྟག་ཤམ་རྣམས་འབུལ་བ་ནི། །གསལ་པོར་མངོན་པའི་ཡན་ལག་དབང་པོ་ལྔ། །རབ་དཀར་རྡོ་རྗེས་སྤེལ་ཞིང་ཕྲེང་བར་བཀོད། །རྣམ་མང་རིན་ཆེན་རྩེ་ཕྲན་དང་ལྡན་པའི། །ཅོད་པན་མཆོག་གིས་ཕྱོགས་རྣམས་བཀང་སྟེ་འབུལ། བཛྲ་ཀཱ་པ་ལ་མུ་ཀུ་ཊ། རྡོ་རྗེ་ཐོད་པའི་དབུ་རྒྱན། །མེ་ཏོག་མཚོན་འཛིན་མཐར་བྱེད་གཙོ་བོ་རྣམས། །དུས་ཀྱི་དབང་དུ་བྱས་པའི་ཡན་ལག་མཆོག། ཁྲག་རྒྱུན་རྒྱུ་མའི་དཀྱིལ་འཁོར་ལས་བྱས་པའི། །དོ་ཤལ་མཆོག་གིས་ཕྱོགས་རྣམས་བཀང་སྟེ་འབུལ། རཀྟ་པཱ་ཐ་པཱི་ཤི་རརཱ་ཛི། ཁྲག་འཛག་མགོ་ཕྲེང་། །ཀུན་ནས་བསྐྱོད་པའི་རོ་འཛིན་གཉིས་ལྡན་ལ། །ནང་དུ་མི་བཟད་གདུག་པའི་དྲེགས་འབར་གང་། །ཞུགས་ལས་དུ་བའི་མཚོ་བཞིན་ཁ་རླངས་འཕྲོ། །དུག་འཛིན་རྒྱན་གྱིས་ཕྱོགས་རྣམས་བཀང་སྟེ་འབུལ། །བ་ལ་སིན་ཨ་ལངྐ་ར། དུག་སྤྲུལ་རྒྱན། །འཇིགས་བཅས་གཅན་གཟན་དྲག་པོའི་པགས་པ་ནི། །དམར་སེར་ནག་པའི་རི་མོ་གསལ་བ་དང་། །ཡན་ལག་སེན་མོ་རྣོ་བའི་ཕྲེང་བ་ཅན། །ཁྲག་གིས་སྤགས་
(༡༦༨)པས་ཕྱོགས་རྣམས་བཀང་སྟེ་འབུལ། ཧ་ནུ་ཥ་བཱ་གྷི་ཨནྟར། སྟག་གཟིག་ཤམ་ཐབས། རུས་པའི་ཕྱག་རྒྱ་དྲུག་འབུལ་བ་ནི། ཁྲོ་བ་དོར་དང་རྣམ་ཤེས་མེ་ལོང་ལྟར། །གཏོང་དང་ཡེ་ཤེས་མི་བསྐྱོད་གསང་བ་ནི། །ཧཾ་དང་ཡང་དག་གཡོ་བ་བརྟན་པ་ཉིད། །སྤྱི་བོའི་འཁོར་ལོས་ཕྱོགས་རྣམས་བཀང་སྟེ་འབུལ། མུ་རྡྷ་ཙཀྲ། སྤྱི་བོའི་འཁོར་ལོ། །འདོད་པ་བཏང་དང་འདུ་ཤེས་སོ་སོར་རྟོག །འཁྲུགས་མིན་དག་བྱེད་པདྨ་གར་དབང་ཕྱུག། སྤྱི་བོའི་ཀུནྡྷར་རླུང་ནི་ངེས་པའི་རྟགས། །དུར་ཁྲོད་རྣ་རྒྱན་ཕྱོགས་རྣམས་བཀང་སྟེ་འབུལ། ཨསྠི་ཀརྞི་ཀཾ །རུས་པའི་རྣ་རྒྱན། །དྲེགས་པ་སྤངས་དང་ཚོར་བ་མཉམ་པ་ཉིད། །བསམ་གཏན་བསྲེགས་ཟ་རྡོ་རྗེ་ཉི་མའི་འོད། །མགྲིན་པར་ཟླ་བ་སྤྲིན་གཞོན་གཡོ་མིན་བདག །དུར་ཁྲོད་མགུལ་རྒྱན་ཕྱོགས་རྣམས་བཀང་སྟེ་འབུལ། ཨསྠིཀཎྛ་ཕ་ལཾ། རུས་པའི་མགྲིན་རྒྱན། །རྨུགས་པ་གནས་མིན་གཟུགས་ནི་ཆོས་ཀྱི་དབྱིངས། །ལེ་ལོའི་དགྲ་དང་ནོར་འཛིན་རྣམ་སྣང་མཛད། །ལྟེ་བར་ཁམས་དང་དྲི་བཞོན་འགོག་པའི་དོན། །དུར་ཁྲོད་གདུབ་བསྐོར་ཕྱོགས་རྣམས་བཀང་སྟེ་འབུལ། ཨསྠི་པ་རི་ཀཱ་ཊ་
(༡༦༩)ཀཾ། རུས་པའི་གདུ་བུ། །ཕྲག་དོག་གཞན་བྱས་འདུ་བྱེད་བྱ་གྲུབ་ཏུ། །ཚུལ་ཁྲིམས་གཡོ་བ་རྡོ་རྗེ་རྒྱལ་པོ་ཉིད། །སྙིང་གར་བྱང་སེམས་བསྐྱོད་བྱེད་འཕོ་མིན་རྟགས། །དུར་ཁྲོད་འོག་པག་ཕྱོགས་རྣམས་བཀང་སྟེ་འབུལ། ཨསྠི་ཀཱ་ཡ་བྷནྡྷ་ནཾ། རུས་པའི་སྐུ་ཆིངས། །བདག་མེད་མངོན་བགྱིས་ཤེས་རབ་ཕ་རོལ་ཕྱིན། །ནམ་མཁའ་དག་ལྡན་རྡོ་རྗེ་འཛིན་པ་ཉིད། །གཙུག་ཏོར་རི་དྭགས་རྟགས་དང་གཡོ་བ་འགོག། དུར་ཁྲོད་ཐལ་བས་ཕྱོགས་རྣམས་བཀང་སྟེ་འབུལ། ཀ་ཊ་ཤཱི་བྷསྨཱ་ཏ་ར། དུར་ཁྲོད་ཐལ་བ་ཆེན་པོ། ན་བཟའ་དང་། ཕྱག་མཚན་འབུལ་བ་ནི། །ཀ་ཤི་མཛེས་མའི་ཡན་ལག་རེག་བྱ་ལྟར། །རེག་ན་བདེ་སྤྲོ་བསིལ་བའི་གནོད་པ་སེལ། །མཚན་མོའི་དཀྱིལ་འཁོར་ཀུན་ནས་གང་བ་ལྟའི། །བགོ་བའི་མཆོག་གིས་ཕྱོགས་རྣམས་བཀང་སྟེ་འབུལ། པ་ར་ས་ར་ཝ་སྟྲ་ཀྲིཥྞ། ལྡིང་གོས་ནག་པོ། །གདུག་པའི་ཁྲག་གི་སྨུག་རྩི་གསལ་བཀོད་ལ། །སོ་ཡི་ཟེར་ཕྲེང་ཕྱོགས་སུ་འཕྲོ་བ་དང་། །ཡན་ལག་རྣམ་རྒྱས་རྡོ་རྗེའི་ལུས་ཅན་གྱི། །གྲི་ཡི་དགའ་མས་ཕྱོགས་རྣམས་བཀང་སྟེ་འབུལ། བཛྲ་ཀརྟ་རི། རྡོ་རྗེ་གྲི་གུག། འབྱུང་པོའི་ལུས་ལས་
(༡༧༠)འཐོན་པའི་ཉལ་འགྲོ་ནི། །ཙནྡན་དམར་པོའི་ཁུ་བ་ལྟ་བུས་གཏམས། །སྟོན་གྱི་རྒྱུ་སྐར་དབང་པོའི་མདངས་གནོན་པའི། །དུར་ཁྲོད་སྣོད་ཀྱིས་ཕྱོགས་རྣམས་བཀང་སྟེ་འབུལ། །ཀ་པཱ་ལ་སྭ་ཛ་པཱུ་རཐོད་པ་ཁྲག་བཀང་། །མདོག་དམར་ཙནྡན་ལས་གྲུབ་ཁང་བརྩེགས་ནི། །གསེར་གྱི་པདྨོས་མཚན་པའི་སྒོ་གླེག་ཅན། །ལྷ་ཡི་དགྲ་དག་བཟློག་པའི་དཔུང་གིས་གཏམས། །སྣ་ཚོགས་རྒྱན་ལྡན་ཕྱོགས་རྣམས་བཀང་སྟེ་འབུལ། དཱེ་ཝ་དཎྜེ་ཀོ་ཊ། ལྷའི་དམག་མཁར། དྲག་པོའི་སྤྱན་གཟིགས་འབུལ་བ་ནི། །ཆོས་ཀྱི་ཕྱིར་རྒོལ་འགྲོ་བའི་ཨ་ཛཱི་ནཱ། ཁྲག་བཅས་རྒྱུ་མའི་ཕྲེང་བ་འཕྱང་དང་ལྡན། །ནམ་མཁའི་ཕྱོགས་ཀུན་ཁྱབ་པར་བཀོད་པ་ཡི། །གཡང་གཞིའི་བླ་བྲེས་ཕྱོགས་རྣམས་བཀང་སྟེ་འབུལ། ན་ར་ཙཱ་མ་བི་ཏ་ནཾ། ཨི་ལྤགས་བླ་བྲེ། །ཡན་ལག་སྙིང་པོའི་རུས་པའི་རྩེ་མོ་ལས། །རིང་པོའི་མགོ་སྐྱེས་ཚོགས་ཀྱི་ཕུང་པོ་ནི། །གཡོ་བའི་ལུས་ཅན་ཀུན་ནས་མཛེས་པའི་བདག། དུར་ཁྲོད་རྔ་ཡབ་ཕྱོགས་རྣམས་བཀང་སྟེ་འབུལ། ཨནྟ་ཤ་ཡྱ་ཀེ་ཤ་ཙ་མ་ར། དུར་ཁྲོད་སྐྲའི་རྔ་ཡབ། །ཕྱོགས་སུ་རྣམ་རྒྱས་ཐུར་མ་བརྒྱ་ཡིས་མཚན། །ཡིད་བཞིན་དབང་གི་རྒྱལ་པོའི་སྙིང་
(༡༧༡)པོ་ཅན། །མཐིང་གའི་ཁ་དོག་མཐོ་རིས་གོས་ཀྱིས་གཡོགས། །གྲིབ་བསིལ་འཛིན་དེས་ཕྱོགས་རྣམས་བཀང་སྟེ་འབུལ། ནཻ་ཏྲཾ་ཀཱ་ལ་ཙྪ་ཏྲཾ། དར་ནག་པོའི་གདུགས། །རྣམ་མང་རིན་ཆེན་སྤེལ་བའི་ཆུན་པོ་དང་། །མུ་ཏིག་ཕྲེང་ཐོགས་གནག་པའི་ཁ་དོག་ལ། །འདོད་སྦྱིན་ནོར་བུ་རྩེར་གནས་ཕྱོགས་གཞན་ལས། །རྣམ་རྒྱལ་རྒྱལ་མཚན་ཕྱོགས་རྣམས་བཀང་སྟེ་འབུལ། ནཻ་ཏྲཾ་ཤྱ་མ་དྷྭ་ཛ། དར་ནག་པོའི་རྒྱལ་མཚན། །འཆི་མེད་གོས་ཀྱི་ཁྱད་པར་ནག་པོ་དག །སྤྲིན་གྱི་བཞོན་པས་ཅུང་ཟད་བསྐུལ་བ་ན། །འགྱིང་ཡང་གཡོ་བས་ཅིར་ཡང་མཛེས་པའི་བདག། བ་དན་བཟང་པོས་ཕྱོགས་རྣམས་བཀང་སྟེ་འབུལ། ཀམྤ་ལ་ཀྲྀཥྞས་ཏ་ཀ །གོས་ནག་པ་དན། །ཡན་ལག་འདབ་མས་དབེན་པའི་ལྗོན་པའི་རྩེར། །བཟའ་བས་ཚིམ་བཞིན་འཁོད་པའི་འདབ་ལྡན་ལྟར། །དུར་ཁྲོད་གསལ་ཤིང་ལ་གནས་སྐྱེས་བུ་རྣམས། །རྟོག་བྲལ་བྱས་དེས་ཕྱོགས་རྣམས་བཀང་སྟེ་འབུལ། བཻ་ཏཱ་ལ་ཀེ་ཏུ། རོ་ལངས་རྒྱལ་མཚན། གོ་མཚོན་འབུལ་བ་ནི། །ལྟ་བྱེད་ཡངས་བཅས་ལྕགས་ཀྱི་གླེག་བུ་ནི། །རྩུབ་དོར་དྲི་བྲལ་འབར་བའི་འོད་འཕྲོ་དག །སྲ་དང་
(༡༧༢)མཉེན་བཅས་སྲད་བུས་རྣམ་སྦྲེལ་བའི། །ཡ་ལད་མཆོག་གིས་ཕྱོགས་རྣམས་བཀང་སྟེ་འབུལ། སནྣཱ་ཧཱ། གོ་ཁྲབ། །དུ་མ་གཅིག་ཏུ་ཟླུམ་པོར་སྤུངས་པ་གང་། །ཀུན་ནས་སྲ་བརྟན་རྡོ་རྗེའི་རང་བཞིན་ནི། །ཡངས་པའི་འཁོར་ཅན་སྣ་ཚོགས་ཅོད་པན་གཡོ། །མགོ་བོའི་གཉེན་གྱིས་ཕྱོགས་རྣམས་བཀང་སྟེ་འབུལ། ཤིརྵ་ཀ། རྨོག །ལྗོན་པའི་མྱུ་གུ་ལས་བྱུང་རྣམ་བཀྲ་བར། །འཁྱིལ་བཅས་ཟླ་བོ་དབང་པོའི་གཞུ་གང་ལ། །བརླིང་བ་མ་ཡིན་འདི་ནི་མི་འཇིགས་བདག། འབིག་བྱེད་འགེགས་དེས་ཕྱོགས་རྣམས་བཀང་སྟེ་འབུལ། ཕ་ར། ཕུབ་རབ་ཕྲ་དྲང་པོའི་གཟུགས་ཀྱི་ཟོལ་ཅན་མ། །འབིག་བྱེད་ཟུར་ཕུད་ལྡན་ཅིང་མཁའ་འགྲོ་ཡི། །འདབ་མའི་ཆ་ཡིས་སྨད་གཡོགས་བགོས་པ་གང་། །གཡོན་མའི་མདའ་ཡིས་ཕྱོགས་རྣམས་བཀང་སྟེ་འབུལ། བཱ་ཎ། མདའ། །ཀུན་ནས་སྒེག་བཅས་ཡོངས་སུ་དར་བའི་ལུས། །རྒྱུད་འོང་སྒྲ་དབང་སྙན་པར་སྒྲོག་པའི་ཚེ། །མདའ་ཡི་ཟུར་མིག་རྣ་རོལ་རྩེ་དགའ་དཔལ། །གཞུ་ཡི་དཔལ་མོས་ཕྱོགས་རྣམས་བཀང་སྟེ་འབུལ། སི་ན་ཀ། གཞུ། །སྣ་ཚོགས་རིན་ཆེན་འཛིན་པའི་ལག་གནས་ལ། །རབ་འདུག་མཐིང་གའི་ཨུཏྤལ་འདབ་བཞིན་མཛེས། །དྲག་
(༡༧༣)རྣོ་ཤུགས་ཀྱི་འོད་འབར་མཁའ་ཡི་དཔལ། །འཕྲོག་བྱེད་བཟང་པོས་ཕྱོགས་རྣམས་བཀང་སྟེ་འབུལ། ཁཏྒ། རལ་གྲི། །ཀུན་ནས་ཟླུམ་པོར་བྱས་པའི་ལྟེ་བའི་མཐར། །རྣོ་ཞིང་འབར་བའི་རྩིབས་ཀྱི་རྒྱས་པ་ནི། །འཕངས་པའི་གནོད་པས་རྒོལ་བ་ཉམས་བགྱིད་པའི། །མཚོན་གྱི་འཁོར་ལོས་ཕྱོགས་རྣམས་བཀང་སྟེ་འབུལ། ཨ་ཡུ་དྷ་ཙཀྲ། མཚོན་ཆའི་འཁོར་ལོ། །མདུང་རིང་རྩེ་གསུམ་ཤཀྟི་ཙྪུ་རིཀ །དགྲ་སྟྭ་སྤུ་གྲི་བྷིནྡྷ་པ་ལ་དང་། །ཨཾ་གུ་ཤ་དང་རྡོ་རྗེ་ཕུར་བུ་སོགས། །སྣ་ཚོགས་མཚོན་གྱིས་ཕྱོགས་རྣམས་བཀང་སྟེ་འབུལ། །བྷི་ཤྭ་ཤ་སྟྲན། སྣ་ཚོགས་མཚོན་ཆ། ཕྱིའི་རྟེན་རྫས་འབུལ་བ་ནི། །ཉི་མའི་བཞོན་པ་ལས་རྒྱལ་མགྱོགས་འགྲོ་ནི། །ལེགས་པར་བསླབ་བྱས་ཤིན་ཏུ་དུལ་བའི་བློ། །སྣང་བྱེད་སོང་བའི་དུས་ཀྱི་ཁ་དོག་ཅན། །འཇམ་ཞིང་མ་འཁྲུགས་འོད་ལྡན་རལ་པ་གཡོ། །རིན་ཆེན་རྒྱན་སྤྲས་གསར་པའི་གདོང་རྒྱན་དག །རབ་རྒྱས་བཞིན་གྱི་ངོས་ལ་མཛེས་པར་བྲེས། །གཡས་གཡོན་ཕྱོགས་ཆར་རྣམས་འགྱུར་སྲད་བུའི་རྩེར། །རིང་མིན་འཕྲ་བའི་དར་གྱི་ཕུན་བུ་དག །གདོང་རྒྱན་ཟུར་གནས་སྲ་བའི་དྲེགས་འབར་བའི། །རིན་ཆེན་རང་བཞིན་མཛེས་པའི་
(༡༧༤)གདུབ་སྐོར་ལ། །ཧ་རི་ཙནྡ་ལ་ཆགས་དུག་འཛིན་ལྟར། །ཡོངས་སུ་དཀྲིས་པའི་སྟོབས་ཀྱི་འཁོད་གྱུར་ལ། །རྣམ་བཀྲ་ཡངས་པའི་སྟོད་གཡོགས་བགོས་པའི་སྟེང་། །སྣ་ཚོགས་ནོར་བུ་བཀོད་པའི་ཆུ་གསེར་སྒ། །སོ་སོར་འགྲོ་བའི་གྱ་གྱུ་དོར་བའི་སླད། །མདོག་བཟང་སྐབས་གསུམ་དར་གྱི་འོག་པག་བཅིངས། །དྲིལ་བུའི་ཕྲེང་འཁྲོལ་གཡེར་བཅས་དོ་ཤལ་ཐོགས། །རིན་ཆེན་ཟར་བུའི་ཚོགས་རྣམས་འཕྱངས་པ་ཅན། །རྒྱན་མང་བཀྲ་བའི་རྔ་ཡབ་བསྟེན་པ་དང་། །རིན་ཆེན་ཐག་པའི་འཁྲུལ་འཁོར་ལ་འཁྱུད་པའི། །རིན་ཆེན་རྐང་སྟེགས་དྲྭ་བའི་བཀོད་པ་ཅན། །བཞོན་པ་བསྐྱོད་པས་མཆོག་ཏུ་གཡོ་བའི་གར། །དྲི་མེད་ཀུན་ནས་འབར་བའི་འོད་འཕྲོ་བ། །མཛེས་པའི་རྩིབས་ལོགས་ངོས་སུ་བསྒྱུར་བ་ཅན། །རིན་ཆེན་ལེགས་སྤེལ་ཆུན་འཕྱང་མང་པོ་དང་། །རྣམ་བཀྲའི་དར་གྱི་ཁུར་བུ་མི་དམན་པ། །འཕྲག་པའི་ཁྱོགས་ལ་འཕྱང་མོ་ཉུག་པ་ཉིད། །མི་ཉམས་སྟོབས་ཀྱི་ཕུན་ཚོགས་གསལ་བའི་བདག །དྲག་པོའི་དབྱར་སྐྱེས་གཅིག་ཏུ་འཁྲིག་པའི་མཐར། །གློག་འཕྲེང་བཀྲམ་པའི་དཔལ་གྱི་སྒེག་པ་བཞིན། །གཞན་ལས་རྣམ་པར་དཔག་པའི་རྨིག་པ་ནི། །ཆུ་གཏེར་སྐེ་རགས་འཛིན་པའི་ཕྱོགས་ཀྱི་ཆར། །
(༡༧༥)རང་དགར་འདོར་བའི་བརྩོན་པ་སྐྱེད་པ་ནས། །ཕྱོགས་བཞིར་རྣམ་རྒྱས་གླིང་གི་དཔལ་འབྱོར་དག །མིག་ལམ་བཀོད་ནས་མོད་ལ་འདིར་བགྱིད་ལ། །སུ་ཞིག་གཞོན་བྲལ་རྐང་གིས་བསྐྱོད་པ་ལས། །རབ་སྐྱེས་དུབ་པའི་གདུང་བ་རྣམ་པར་སེལ། །ལེགས་བྱས་རྣམ་པར་སྨིན་པའི་འབྱོར་ལྡན་པའི། །ཆེན་པོའི་བཞོན་པ་ཉིད་དུ་བསྟེན་འོས་གང་། །རླུང་ལྟར་གཡོ་ཞིང་སྟེང་དུ་གཡོ་མིན་པའི། །རྫུ་འཕྲུལ་གྲུབ་པའི་མགྱོགས་འགྲོ་སྐུལ་བྱེད་ནི། །ཤེལ་གྱི་མྱུ་གུ་དང་འགྲོགས་གསང་པའི་འབྲས། །ཡོངས་སུ་རྫོགས་པར་གྱུར་པའི་ཡན་ལག་ཅན། །མགྱོགས་འགྲོའི་གཙོ་བོས་ཕྱོགས་རྣམས་བཀང་སྟེ་འབུལ། ཨ་ཤྭ་ཀྲྀཥྞ། རྟ་ནག་པོ། །ཆུ་གཏེར་ཁྲོ་གཉེར་འཁྱིལ་བའི་རི་མོ་ཅན། །ཨིནྡྷ་རྙིལ་གྱི་དཔལ་འཕྲོག་མཛེས་པའི་རྭ། །ལྟ་བྱེད་སྨན་མཚུངས་རྩུབ་མེད་ལུས་སྐྱེས་འབྱོར། །འདོད་སྦྱིན་ཚོགས་ཀྱིས་ཕྱོགས་རྣམས་བཀང་སྟེ་འབུལ། ཨེ་ཌ་ཀ་ཀྲྀཥྞ་ཡཱུ་ཀ །ལུག་ནག་ཚོགས། །ནག་པོ་བརྩེགས་པའི་ལུས་ལྡན་འཇིགས་རུང་བཞིན། ཁ་བའི་རྡུལ་གྱིས་གོས་པའི་རི་དབང་ལ། །སྣང་བྱེད་གཞོན་ནུའི་སྣང་བའི་ཞུགས་པ་ལྟའི། ཁྲག་བཅས་མཆེ་བ་འབིག་
(༡༧༦)བྱེད་རྣོན་པོ་གཙིགས། །འཛིན་མའི་ཁྱོན་རྣམས་གཡོ་བའི་ཤུགས་འཆང་བའི། །དྲག་པོའི་ངར་སྒྲ་གང་གིས་ཐོས་པ་དག། སྤོབས་པ་གཞན་གྱི་སྐབས་སུ་བྱེད་པ་དང་། །ཡང་དག་གཡོ་བའི་ལས་ཀྱི་འཐོར་བ་ནི། །ཆུ་ལྡན་ལ་བཞིན་སིལ་བུ་སིལ་བུར་ལུས། །བསིལ་བའི་ནོར་དང་ལྷན་ཅིག་ཕ་རོལ་ལ། །སྦྱིན་བྱེད་བཟང་པོའི་སྟོབས་ཟུང་ལག་ལྡན་དགྲའི། །ཆེན་པོའི་དྲེགས་ལ་འགྲན་ཟླར་གནས་པ་དག །མཐར་བྱེད་བདག་པོས་འཁྲུགས་པའི་རྒོལ་བ་གང་། །གཞོན་ནུར་སྟོན་པའི་དོགས་ཅན་མི་བསྲུན་པ། །རིན་ཆེན་ཁམས་ཀྱི་ལྕགས་སྒྲོག་གིས་སྒྲེལ་བའི། །ནོར་སྐྱོང་གཙོ་བོས་ཕྱོགས་རྣམས་བཀང་སྟེ་འབུལ། ཀུ་རྐུ་ར་ཀྲྀཥྞ། ཁྱི་ནག་པོ། །ལུས་ངན་ཕྱོགས་ཀྱི་ལྷུན་པོའི་ངོགས་རྒྱུ་བའི། །གནགས་ཀྱི་དབང་པོའི་དྲེགས་ལས་རྒྱལ་བ་གང་། །ཤིན་ཏུ་རྒྱས་པའི་ལུས་ཅན་མི་བསྲུན་ལ། །འཁྲུགས་པའི་བཞིན་འཇིགས་ཁྲོ་གཉེར་བསྡུས་པ་ནི། །བས་མཐའི་རི་བོར་མུན་པའི་ཕུང་པོའི་དབུས། །ནག་པོའི་ཆུ་འཛིན་འབབ་དང་ཉེ་བ་བཞིན། །མཁའ་ཡི་དབང་པོ་ཁྲོས་པའི་ང་རོ་ལྟར། །དྲག་པོའི་སྒྲ་ཡིས་ཕྱོགས་མཐར་ཁྱབ་པ་དང་། །ཤུགས་
(༡༧༧)དྲག་དུས་ཀྱི་རླུང་ལྟའི་ཁ་རླངས་ནི། །ཤིན་ཏུ་འཕྲོ་བའི་ཁ་གདངས་ཕུག་དང་འད། །འོད་རིས་ཞགས་པ་མཆོག་ཏུ་གསལ་བ་ལྟའི། །ཕན་ཚུན་མངོན་པར་བསྐྱོད་པའི་རོ་འཛིན་ཅན། །འཁྲུགས་པས་གང་བས་སྤྲིན་གྱི་བདག་པོ་རྣམས། །དྲི་བཞོན་གྱིས་སྦར་གཡུལ་དུ་ཆས་པ་ན། །ཆར་ཟིལ་རྐང་པ་བཀྲམ་པའི་འདབ་མ་ལྟར། །ལུས་སྐྱེས་ཕུན་པོའི་འདབ་མ་གཡོ་བཞིན་དུ། །བྲག་ཁྲོད་ངེས་པར་འཇོམས་པའི་སྟོབས་རྒྱས་པའི། །ཡན་ལག་རྩེ་མོའི་རྡོ་རྗེས་ནོར་འཛིན་ཕྱོགས། །བསྣུན་པའི་སྟོབས་ཀྱིས་རིངས་པར་རྒྱུག་པའི་ཚེ། །རི་སུལ་དུ་མ་གཅིག་ཅར་དུ་བརྒལ་ནས། །མཐར་བྱེད་ལག་པར་འཁོད་པའི་གསལ་ཤིང་ལྟར། །རྣོ་ཞིང་འབར་བའི་རྭ་གདེངས་གཟས་པའི་རྩེས། །ལྷུན་པོ་ལ་ཡང་རྡུལ་ཕྲན་ལྟར་བརྩོམ་པ། །ཕ་རོལ་གདུག་པའི་ལུས་ལ་འཇུག་པ་ན། །ཤ་ཟ་ཁྲག་གིས་མྱོས་པའི་སྡང་མིག་ཅན། །ལྷོ་ཕྱོགས་ཉི་མའི་བུ་ཡི་ཕོ་ཉ་ལ། །འགྲན་ཟླར་རྩོམ་པས་ཕྱོགས་རྣམས་བཀང་སྟེ་འབུལ། ཀྲྀཥྞྀ་ཙ་མ་ར་པྲ་བ་ལ། ནག་པོ་འབྲོང་གཡག་སྟོབས་ལྡན། །ཤིན་ཏུ་གནག་པའི་ཁ་དོག་འཛིན་པ་དང་། །མཆུ་དང་སེན་མོ་རྣོན་པོའི་མཚོན་ཆ་ཅན། །ཤ་
(༡༧༨)དང་ཁྲག་ལ་ཕྱོགས་ཤིང་ང་རོ་འབྱིན། །འདབ་ལྡན་ཚོགས་ཀྱིས་ཕྱོགས་རྣམས་བཀང་སྟེ་འབུལ། ཀྲྀཥྞ་པཀྵི་ག་ཎ། ནག་པོའི་བྱ་ཚོགས། །རྡོ་རྗེའི་རྒོལ་བས་ས་འཛིན་རྩེ་མོ་བཞིན། །ལག་འགྲོའི་གཙུག་གི་ལྷུན་པོར་སྡེར་མོ་ནི། །རྡོ་རྗེ་ལྟར་གྲགས་དྲག་པོར་སྣུན་བྱེད་གང་། །གདེངས་ཅན་དགྲ་ཡིས་ཕྱོགས་རྣམས་བཀང་སྟེ་འབུལ། ག་རུ་ཌ་ཛ་ཡནྟ། མཁའ་ལྡིང་དབང་པོ། །ཆུ་འཛིན་གསར་པའི་དཔལ་ནི་ཉེར་མཐོང་ནས། །མཐོ་རིས་བདག་པོའི་གཞུ་བཞིན་བཀྲ་བ་ཡི། །འདབ་མ་གཡོ་བའི་ལུས་ཀྱི་གར་བྱེད་པ། །གཙུག་ཕུད་འཛིན་པས་ཕྱོགས་རྣམས་བཀང་སྟེ་འབུལ། མ་ཡཱུ་རཔྲ་མ་ད། རྨ་བྱ་རབ་མྱོས། །ཆེན་པོའི་དྲེགས་པ་ཡིད་འཕྲོག་རྣོན་པོའི་སོ། །གཙིགས་པའི་ཁ་ལྡན་དམར་སེར་མགོ་སྐྱེས་གཡོ། །དྲག་རྣོ་རྡོ་རྗེའི་སྡེར་མོ་ཁྲག་དང་བཅས། །རི་དྭགས་དགྲ་ཡིས་ཕྱོགས་རྣམས་བཀང་སྟེ་འབུལ། སིདྷ་སོདྷ། སེང་གེ་དར་མ། །འཇིགས་པའི་ཤུགས་དྲག་ཕུག་ཟབ་མགྲིན་པ་ནས། །དྲག་པོའི་ངར་སྒྲ་ཟབ་མོ་འབྱིན་གཞན་ལ། །བཟའ་ཕྱིར་རྒྱངས་ནས་སྟེང་དུ་མཆོད་བརྩོན་གང་། །གཅན་གཟན་གཏུམ་པོས་ཕྱོགས་རྣམས་བཀང་སྟེ་འབུལ། ཤཱརྡཱུ་ལ། སྟག །ཤ་ལ་
(༡༧༩)སྤྱོད་ཅིང་ཁྲག་གིས་མྱོས་ཆུ་ནི། །འཐུང་ཞིང་སླར་ཡང་རྣོན་པོའི་འདོད་པ་ཅན། །གསེར་གྱི་ལུས་ལྡན་མཐོན་ཀའི་རྒྱན་ཕྲེང་བགོས། །གཟིག་ཅེས་གྲགས་དེས་ཕྱོགས་རྣམས་བཀང་སྟེ་འབུལ། ཤྭ་པ་ད། གཟིག། དགོན་པའི་ནགས་ཚལ་སྟུག་པོར་འཇིགས་བྲལ་འཁོད། །འབྱུང་པོའི་ཡིད་ལྟར་གནགས་པའི་གོས་རབ་གྱོན། །རི་དྭགས་རྟགས་ཅན་མདོག་དབྱིབས་སྙིང་གར་གནས། །གདུག་འཛིན་དེ་ཡིས་ཕྱོགས་རྣམས་བཀང་སྟེ་འབུལ། ཛྷཀྵ། དོམ། །འགའ་ཞིག་དུ་ནི་མཚན་མོའི་དབང་པོ་དང་། །ལ་ལར་ཅུང་ཟད་གནག་བའི་ཁ་དོག་འཛིན། །སོར་སྐྱེས་མཆོག་གིས་རང་མིན་ཉམས་བགྱིད་པའི། །གནོད་བཅས་དེ་ཡིས་ཕྱོགས་རྣམས་བཀང་སྟེ་འབུལ། ཏ་རཀྵུ། དྲེད། ནང་གི་རྟེན་རྫས་འབུལ་བ་ནི། །ཡི་གེར་གསལ་པའི་སྔགས་ཕྲེང་དབུས་བསྟེན་པའི། །གནག་པའི་ནོར་སྐྱོང་གནག་པའི་ཨེ་ཌ་ཀ །ལྗོན་པའི་ཚལ་གནས་གནག་པའི་གཅན་གཟན་སྙིང་། །སྣ་ཚོགས་དར་འཛིན་ཕྱོགས་རྣམས་བཀང་སྟེ་འབུལ། །ཨེ་ཊ་ཀ་ཀུརྐུ་རཛྷ་ཀྵ་ཀཱ་ལ་ཧྲི་ད་ཡཾ། ལུག་ཁྱི་དོམ་ནག་སྙིང་། གསང་བའི་རྟེན་རྫས་འབུལ་བ་ནི། ཁོང་ཁྲོའི་གཡོག་ཏུ་གྲུབ་པའི་དཔའ་བོ་ནི། །དྲག་ཏུ་འབར་
(༡༨༠)བའི་མཚོན་གྱིས་བསྣུན་པའི་ཚེ། །འཁྲུགས་བཞིན་ཕ་རོལ་སོང་བའི་སྙིང་གི་ཚོགས། ཁྲག་དང་ལྡན་དེས་ཕྱོགས་རྣམས་བཀང་སྟེ་འབུལ། ན་ར་ཧྲི་ད་ཡཾ། མི་སྙིང་། དམ་ཚིག་གི་མཆོད་རྫས་འབུལ་བ་ནི། དག་བྱེད་ཕུང་པོར་གནས་དང་ནགས་ཚལ་གནས། །རླུང་གི་ལམ་ལས་འགྲོ་དང་རི་བོར་གནས། །ནོར་འཛིན་གནས་པའི་སྐྱེ་དགུ་སྣ་ཚོགས་ཀྱི། །སྟོབས་ཀྱི་བཟའ་བས་ཕྱོགས་རྣམས་བཀང་སྟེ་འབུལ། སརྦ་བཱ་ལ་བྷུ་ཛེ། སྟོབས་ཀྱི་ཟས་ཤ་ཐམས་ཅད། །འབྲས་བུ་རྣམས་དང་འབྲུ་ཡི་ཁྱད་པར་རྣམས། །སྡོང་པོའི་རིགས་ལས་བགྱིས་པའི་བཏུང་བྱ་ནི། །སྣ་ཚོགས་རོ་ཡིས་ཚིམ་པའི་དགའ་སྟོན་སྤྲོ། །རྨད་བྱུང་མྱོས་བྱེད་ཕྱོགས་རྣམས་བཀང་སྟེ་འབུལ། མ་དཱ་ན། མྱོས་བྱེད། །སྣོད་བཅུད་ཡོངས་རྫོགས་མཎྜལ་གྱི་མཆོད་པ་འབུལ་བ་ནི། །སྐབས་གསུམ་གྲོང་གིས་མཚན་པའི་ལྷུན་པོ་དང་། །ལུས་ཅན་ཡོ་བྱད་རྫོགས་པའི་གླིང་རྣམས་དང་། །རིན་ཆེན་ས་འཛིན་རྣམས་དང་བདུད་རྩིའི་མཚོ། །དག་བྱེད་མུ་ཁྱུད་ཕྱོགས་རྣམས་བཀང་སྟེ་འབུལ། རཏྣ་མཎྜལ། རིན་ཆེན་དཀྱིལ་འཁོར། །ཞེས་པ་རྣམས་ཀྱིས་མཆོད་པའི་རིམ་པ་རྣམས་ཏིང་འཛིན་དང་ལྡན་པས་འབུལ་བར་བྱའོ། །བཅུ་བཞི་པ་ནི། ཚོགས་ཀྱི་ཡོ་བྱད་བཟང་ཞིང་རྒྱ་ཆེ་
(༡༨༡)བ་བཤམས་ལ། ལས་ཀྱི་རྡོ་རྗེས་ཕྱག་འཚལ་ཞིང་། །སྒྲིབ་གཉིས་སྦྱང་ཞིང་དངོས་གྲུབ་འདོད་པ་དང་། །ཕྱི་ནང་དཀྱིལ་འཁོར་མཆོད་པས་ཚོགས་རྫོགས་ཕྱིར། །ཚོགས་ཀྱི་འཁོར་ལོའི་ཡོ་བྱེད་རྒྱ་ཆེན་པོ། །བདུད་རྩིར་བྱིན་བརླབས་ལྷ་རྣམས་མཉེས་པར་མཛོད། །ཅེས་གསོལ་བ་བཏབ། བྱིན་གྱིས་བརླབ་པ་ནི། ཚོགས་རྫས་རྣམས་ལ་བདུད་རྩི་འཐོར་ཞིང་། ལས་སྔགས་ཀྱིས་བསང་། ཆོས་ཉིད་རྣམ་དག་སྔགས་ཀྱིས་སྦྱང་། །སྟོང་པ་ཉིད་དུ་གྱུར་སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན། ཆད་ཟུང་ལ་ཡི་དང་། མཆོག་མ་གཉིས་ལ་གཡོ་བའི་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་རྃ་གྱིས་མཚན་པ། དེའི་སྟེང་དུ་ཀཾ་གསུམ་ལས་ཐོད་པ་བུམ་རིལ་གྱི་སྐྱེད་བུ། ལྟག་པ་ནང་དུ་བསྟན་པ་གསུམ་གྱི་སྟེང་དུ། །ཡི་གེ་ཨ་ཡོངས་སུ་གྱུར་པ་ལས་ཀ་པཱ་ལ་ཕྱི་དཀར་ལ་ནང་དམར་བ། དུམ་བུ་གཅིག་པ་དཔྲལ་བ་རང་ལ་བསྟན་པ། རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ། དེའི་དབུས་སུ་མུ་ལས་དྲི་ཆུ་བཻ་ཌཱུརྻ་ལྟ་བུ། ཤར་དུ་བི་ལས་དྲི་ཆེན་ཤེར་ལྟ་བུ། །ལྷོར་ར་ལས་རཀྟ་གསེར་གཙོ་མ་ལྟ་བུ། ནུབ་ཏུ་ཤུ་ལས་
(༡༨༢)བྱང་སེམས་དཀར་པོ། བྱང་དུ་མ་ལས་ཀླད་པ། སླར་ཡང་དབུས་སུ་ན་ལས་མིའི་ཤ། ཤར་ལྷོར་གོ་ལས་བ་ལང་གི་ཤ། ལྷོ་ནུབ་ཏུ་ཀུ་ལས་ཁྱིའི་ཤ། ནུབ་བྱང་དུ་ད་ལས་གླང་པོ་ཆེའི་ཤ། བྱང་ཤར་དུ་ཧ་ལས་རྟའི་ཤ། དེ་རྣམས་སླར་ཡང་ཡི་གེ་དེ་དག་གིས་མཚན་པའོ། །རང་གི་སྣ་བུག་གཡོན་པ་ནས་རླུང་ཧཱུྃ་གི་དབྱིབས་ཅན་འཕྲོས། རླུང་གི་དཀྱིལ་འཁོར་ལ་ཕོག །བ་དན་བསྐྱོད་པས་རླུང་གཡོས་མེ་སྦར་ཐོད་པ་དྲོས། རྫས་རྣམས་ཁོལ། ཉེས་པའི་སྐྱོན་རྣམས་ཕྱིར་ལུད། དེའི་སྟེང་དུ་ཨོཾ་ཨཱཧཱུྃ་ལས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག །དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས། །ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཧཱུྃ། །ཞེས་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ་སྟེ། རྡོ་རྗེའི་ཐལ་མོ་ཁ་ཕྱེ་བ་པདྨའི་སྣོད་ཀྱིས་བསྟབ་པའི་རྒྱ་དང་བཅས་འབུལ་བ་ནི། ན་མོ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་འདི། རང་བཞིན་གྱི་རྣམ་པར་དག་པ་སྐྱེ་བ་མེད་པ། ངོ་བོ་རྣམ་པར་དག་པ་ཨཱ་ལི་ཀཱ་ལི། མཚན་ཉིད་རྣམ་པར་དག་པ་ཤ་ལྔ་བདུད་རྩི་ལྔས་རྒྱས་བཏབ་པ་འདི་
(༡༨༣)བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ཁཱ་ཧི། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཁཱ་ཧི། ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་ཁཱ་ཧི། པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། ག་ཎ་ཙཀྲ་ལ་ཁཱ་ཧི། ཞེས་ལན་གསུམ་སྔོན་དུ་འགྲོ་བས། ཧཱུྃ། བཞེངས་ཤིག་བླ་མ་རྣམས་བཞེངས་ཤིག། བཀའ་བརྒྱུད་བླ་མ་སྐུ་བསྐྱོད་འཚལ། རིག་འཛིན་མཁའ་འགྲོ་འབུམ་གྱི་དབུས། དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམས། རིན་ཆེན་རྒྱན་ཆ་ཁྲ་ལ་ལ། ཕྱག་ཞབས་གདུ་བུ་སི་ལི་ལི། དར་གྱི་ཅོད་པན་པུ་རུ་རུ། བྱིན་རླབས་ཆར་རྒྱུན་ཤ་ར་ར། སིལ་སྙན་དྲིལ་བུའི་སྒྲ་དང་བཅས། འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། གནས་ཁང་འདི་ལ་བྱིན་གྱིས་རློབས། ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ། འདིར་ཚོགས་རྣལ་འབྱོར་ཐམས་ཅད་ལ། བླ་མེད་མཆོག་གི་དངོས་གྲུབ་སྩོལ། ཧཱུྃ། །བཞེངས་ཤིག་ཡི་དམ་རྣམས་བཞེངས་ཤིག། རྡོ་རྗེ་ཕག་མོ་སྐུ་བསྐྱོད་འཚལ། །རིགས་ལྔའི་མཁའ་འགྲོ་འབུམ་གྱི་དབུས། །དབུ་སྐྲ་ཐོར་ཚུགས་སི་ལི་ལི། །རུས་རྒྱན་དར་དཔྱངས་པུ་རུ་རུ། །སྙན་ཆ་གདུ་བུ་ཀྱི་ལི་ལེ། །འཇའ་འོད་མེ་ཏོག་ལམས་སེ་ལམ། །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག། དངོས་གྲུབ་སྤྲིན་ཕུང་ཐིབས་སེ་ཐིབ། །སིལ་སྙན་གླིང་བུའི་སྒྲ་དང་བཅས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །
(༡༨༤)གནས་ཁང་གཞལ་ཡས་ཁང་དུ་སྒྱུར། །ཚོགས་གཏོར་ཡེ་ཤེས་བདུད་རྩིར་རློབས། །འདིར་འཚོགས་རྡོ་རྗེའི་མཆེད་ལྕམ་ལ། །ཐུན་མཆོག་རིགས་ཀྱི་དངོས་གྲུབ་སྩོལ། ཧཱུྃ། །བཞེངས་ཤིག་ཆོས་སྐྱོང་རྣམས་བཞེངས་ཤིག། ཡེ་ཤེས་མགོན་པོ་སྐུ་བསྐྱོད་འཚལ། ཡེ་ཤེས་མཁའ་འགྲོ་འབུམ་གྱི་དབུས། དབུ་སྐྲ་རལ་པའི་ཐོར་ཚུགས་ནི། ཆོས་ཉིད་དབྱིངས་སུ་འཁྱིལ་ལེ་ལེ། ན་བཟའ་འཇོལ་བེར་དགུ་བརྩེགས་ནི། བདེ་ཆེན་ཀློང་དུ་ལྷུབས་སེ་ལྷུབ། དབང་དྲག་རྟགས་ཀྱི་རྒྱན་ཆ་ནི། གང་འདུལ་རོལ་པར་ལམས་སེ་ལམ། ཧཱུྃ་ཕེ༚་བཞད་པའི་གླུ་དབྱངས་ནི། ན་དཱའི་རོལ་མོ་འུ་རུ་རུ། རྣམ་པར་བསྐྱོད་པའི་རྡོ་རྗེའི་གར། ཆོས་དབྱིངས་མཁའ་ལ་ལམས་སེ་ལམ། རོལ་མོའི་གླིང་བུ་རྡོ་རྗེའི་སྒྲ། སྐྱེ་མེད་གདངས་སུ་དི་རི་རི། །རྩོལ་མེད་དྲག་པོའི་ཕྲིན་ལས་ཀྱི། ཁམས་གསུམ་ཡོངས་སྒྲོལ་དར་དང་བཅས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །གནས་ཁང་འོག་མིན་དག་པའི་ཞིང་། །མེ་རི་འབར་བར་བྱིན་གྱིས་རློབས། །ཚོགས་རྫས་ཡེ་ཤེས་བཅུད་ཆེན་པོ། །གྲུབ་པའི་བདུད་རྩིར་སྦར་དུ་གསོལ། འདིར་ཚོགས་རྣལ་འབྱོར་ཐམས་
(༡༨༥)ཅད་ཀྱི །གཟུང་འཛིན་འཁྲུལ་རྟོག་དགྲ་བོ་སྒྲོལ། །རྟོགས་གྲོལ་དུས་མཉམ་དངོས་གྲུབ་སྩོལ། ཧཱུྃ། །བཞེངས་ཤིག་ཆོས་སྐྱོང་རྣམས་བཞེངས་ཤིག །སྲས་མཆོག་ནག་པོ་སྐུ་བསྐྱོད་འཚལ། །ལས་ཀྱི་མཁའ་འགྲོ་འབུམ་གྱི་དབུས། །དབུ་སྐྲ་རལ་པ་ཤ་ར་ར། །དར་བེར་ཅོད་པན་པུ་རུ་རུ། །དུར་ཁྲོད་རྒྱན་ཕྲེང་ཉི་ལི་ལི། །ཧཱུྃ་གི་གད་མོ་དི་རི་རི། །མཚོན་ཆའི་གློག་འོད་ཆེམས་སེ་ཆེམ། རྔ་དུང་དྲག་པོའི་སྒྲ་དང་བཅས། །འདིར་གཤེགས། རིག་འཛིན་རྣལ་འབྱོར་བདག་ཅག་གི། །བྱང་ཆུབ་སྒྲུབ་པའི་བར་ཆད་ཟློག །བསྟན་པ་འཇིགས་པའི་རུ་དྲ་སྒྲོལ། །དྲག་སྔགས་མཐུ་ཡི་དངོས་གྲུབ་སྩོལ། ཧཱུྃ། །བཞེངས་ཤིག་ཆོས་སྐྱོང་རྣམས་བཞེངས་ཤིག །འཇིག་རྟེན་མགོན་པོ་སྐུ་བསྐྱོད་འཚལ། །འཇིག་རྟེན་མཁའ་འགྲོ་འབུམ་གྱི་དབུས། ཁམས་ནག་རལ་པ་གཡེངས་སེ་གཡེང་། །བདུད་བེར་མཚོན་ཆ་ཉི་ལི་ལི། །ཐུན་ཟོར་ནད་སྤྲིན་ཐིབས་སེ་ཐིབ། །ཧ་ཧའི་གད་རྒྱངས་ཡ་ལ་ལ། །རྣོ་དབལ་ཐོག་སེར་ཤ་ར་ར། །འཇིགས་རུང་རོལ་མོའི་སྒྲ་དང་བཅས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །བདག་དང་རྒྱུ་སྦྱོར་
(༡༨༦)ཡོན་བདག་གི །བར་ཆད་འཚེར་རྩུབ་ཞི་བ་དང་། །བྱད་མ་རྦོད་གཏོང་ཕུར་ཁ་ཟློག །བསམ་པ་འགྲུབ་པའི་དངོས་གྲུབ་སྩོལ། ཧཱུྃ། །བཞེངས་ཤིག་ཆོས་སྐྱོང་རྣམས་བཞེངས་ཤིག །དམ་ཅན་རྒྱ་མཚོ་སྐུ་བསྐྱོད་འཚལ། །བཀའ་སྡོད་མཁའ་འགྲོ་འབུམ་གྱི་དབུས། །གཟི་བརྗིད་མེ་འོད་ལམས་སེ་ལམ། །དར་བེར་རུ་མཚོན་ལྷུབས་སེ་ལྷུབ། །རྒྱོབ་སོད་འབོད་པ་ལྷངས་སེ་ལྷང་། །ཀུ་བསོ་ཆ་སྒྲ་དི་རི་རི། །དྲག་ཤུལ་ཐོག་འབེབས་ལམས་སེ་ལམ། །རྔམས་བརྗིད་མྱུར་བའི་དར་དང་བཅས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བར་ཆད་སྲུངས་ལ་རྐྱེན་ངན་ཟློག །སྡང་བྱེད་དགྲ་བོ་མྱུར་དུ་སྒྲོལ། །བཅོལ་བའི་ཕྲིན་ལས་བསྒྲུབ་ཏུ་གསོལ། །ཞེས་དང་། ཨོཾ་བཛྲ་ཨཱ་ཙཱརྻ་ས་པ་རི་ཝཱ་ར་ག་ན་ཙཀྲ་པཱུ་ཛ་ཁཱ་ཧི། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ས་པ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཨོཾ་ཤྲཱི་ཛྙཱ་ན་ནཱ་ཐ་ཛྙཱ་ན་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཨོཾ་ཀརྨ་ནཱ་ཐ་ཀརྨ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཨོཾ་ལོ་ཀ་ནཱ་ཐ་ལོ་ཀ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཨོཾ་ས་མ་ཡ་ནཱ་ཐ་ས་མ་ཡ་ཌཱ་ཀི་
(༡༨༧)ནཱི་ས་པ་རི་ཝ་ར་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཞེས་བརྗོད། དེ་ནས་ལས་ཀྱི་རྡོ་རྗེས་ཕྱག་སྔོན་ཏུ་འགྲོ་བས། ལག་པ་གཡས་སུ་ཐབས་ཀྱི་རྫས་བཟའ་བ་དང་། གཡོན་དུ་ཤེས་རབ་ཀྱི་རྫས་བཏུང་བ་འཛིན་པས། ལག་པའི་འཁྲིག་མ་བསྣོལ་ཏེ། དཀྱིལ་འཁོར་གྱི་མདུན་དུ་གུས་པ་དང་བཅས་པས། ཐམས་ཅད་ཀྱིས། དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ། །ཞེས་སྙན་གསན་དབབ་ནས། བླ་མ་རྗེ་བཙུན་དཀྱིལ་འཁོར་དབང་ཕྱུག་མཆོག །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས་རྣམས་ལ། །རྒྱལ་བའི་དམ་ཚིག་དངོས་གྲུབ་ཀུན་གྱི་གཏེར། །བདུད་རྩི་ཚོགས་མཆོད་འབུལ་གྱིས་བཞེས་སུ་གསོལ། །ཞེས་པས་ཚོགས་ཀྱི་ཕུད་གཏོར་མར་བསྟབས་ཤིང་། བདུད་རྩི་ནམ་མཁར་འབུལ་ལོ། བཅོ་ལྔ་པ་ནི། ཁྱད་པར་གྱི་གཏོར་མ་འབུལ་བའི་དོན་དུ། ལས་ཀྱི་རྡོ་རྗེས་ཕྱག་བཅས་བསྐུལ་བ་ནི། །བླ་མེད་བླ་མ་རྒྱལ་བ་ཀུན་གྱི་དངོས། །དངོས་གྲུབ་འབྱུང་གནས་རྒྱལ་བའི་དཀྱིལ་འཁོར་མཆོག །ཕྲིན་ལས་ཀུན་བདག་རྡོ་རྗེ་ནག་པོ་ཆེ། །བཀའ་ཉན་དམ་ཅན་ཚོགས་ལ་ཐུན་མོང་དང་། །མཆོག་གི་དངོས་གྲུབ་སླད་དུ་གཏོར་མ་ནི། །ཟག་མེད་བདུད་རྩིའི་རྒྱ་མཚོ་དབུལ་བར་འཚལ། །ཞེས་གསོལ་བ་བཏབ་ནས། གོང་གཏོར་རྣམས་ལ་བདུད་རྩིས་བྲན་ལ། བསང་སྦྱང་ནས་འདོད་དོན་གསོལ་བའི་མཐར་ཐུག་
(༡༨༨)པའི་བར་གྱི་བླ་མ། ཡི་དམ། གནས་གསུམ་གྱི་མཁའ་འགྲོ་དཔའ་བོ་དང་བཅས་པ་རྣམས་ལ་གཏོར་མ་འབུལ་བའི་རིམ་པ། གསང་སྔགས་ནང་གི་གཏོར་མའི་ཆོག་བཞིན་མཐར་ཆགས་སུ་བཏང་ངོ། །བྱེ་བྲག་དཔལ་མགོན་ཡབ་ཡུམ་འཁོར་དང་བཅས་པ་ལ་སྨན་རག་གཏོར་མ་འབུལ་བ་ནི། དངོས་གྲུབ་འབྱུང་བ་ལས། ཤ་ལྔ་དང་ནི་བདུད་རྩི་ལྔ། །མྱོས་བྱེད་སྟོབས་དང་བཅས་པས་མཆོད། །ཅེས་དང་། དུར་ཁྲོད་ནག་པོའི་རྒྱུད་ལས། ལས་ལ་སྦྱོར་བ་བསྒྲུབ་བྱས་ཡི། །སྙིང་ནས་ས་བོན་ལྕགས་ཀྱུ་བསམ། །ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན། །དེ་ཡི་སྟོབས་ཀྱིས་ཁྲག་འཕེལ་འགྱུར། །ཞུ་ནས་ནག་པོའི་ཐོད་པར་སོང་། །སྔགས་ཀྱི་འོད་ཀྱི་གྲི་གུག་གིས། །ཏིལ་ཙམ་གཏུབས་ནས་འཐུང་བར་བསམ། །འདིས་ནི་ནག་པོ་ཆེན་པོ་ཡི། །དངོས་གྲུབ་ཉེ་བར་བདག་གིས་བཤད། །ཅེས་དང་། དྲག་པོའི་རྟག་པ་ལས། སྔོན་ཏུ་གཏོར་མའི་ཆོ་ག་ཡིས། །དངོས་གྲུབ་ངེས་པར་ཐོབ་པར་འགྱུར། །ཅེས་བསྟན་པའི་ཁྱད་པར་གྱི་མཆོད་པ་ལ། སྨན་རག་གཏོར་གསུམ་བྱིན་གྱིས་བརླབ་པ་ནི། བདུད་རྩི་ལས་སྔགས་ཀྱིས་བསང་། ཆོས་ཉིད་རྣམ་དག་སྔགས་ཀྱིས་སྦྱང་། སྟོང་པར་གྱུར། སྟོང་པའི་ངང་ལས་བདུད་རྩིའི་ཞབས་སུ་ཨེ་ལས་ནམ་མཁའ། ཡྃ་ལས་རླུང་། རྃ་ལས་མེ། ཀྃ་ཀྃ་ཀྃ་ལས་མི་མགོའི་སྒྱེད་བུ་གསུམ་གྱི་སྟེང་དུ། ཨ་ལས་ཀ་པཱ་ལ་ཕྱི་དཀར་ལ་ནང་དམར་བའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། འཁོར་ལོ་རྩིབས་
(༡༨༩)བཞི་མུ་ཁྱུད་དང་ལྡན་པ། དེའི་དབུས་སུ་བཅུད་ཤ་ལྔ། བདུད་རྩི་ལྔ། ཡེ་ཤེས་ལྔ། ཕྱག་མཚན་བཅུར་གྱུར། དེ་ཉིད་རྒྱལ་བ་རིགས་ལྔ་ཡབ་ཡུམ་དུ་གྱུར་ནས། སྦྱོར་བ་མཛད་པའི་བྱང་སེམས་དཀར་དམར་དུ་འཁྱིལ་ནས། རིགས་ལྔ་ཡབ་ཡུམ་ཡང་འོད་དུ་ཞུ་བ་བདུད་རྩིའི་རྒྱ་མཚོར་འདྲེས་པས་རྟོག་པའི་བདུད་བཅོམ་པར་གྱུར། ཨོཾ་ཨཱཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཋ། ཞེས་ལན་གསུམ་བརྗོད་པས་རླུང་གཡོས། མེ་སྦར། ཐོད་པ་དྲོས། རྫས་ཞུ། འོད་ཟེར་ཕྱོགས་བཅུར་འཕྲོས། ཡེ་ཤེས་ཀྱི་བདུད་རྩི་དམ་ཚིག་གི་བདུད་རྩིར་ཕབ་ནས། བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ་མོ། རཀྟ་གོང་བཞིན་བསང་སྦྱང་། སྟོང་པར་གྱུར། སྟོང་པའི་ངང་ལས་རཀྟའི་འོག་ཏུ་ཨེ་ལས་ནམ་མཁའ། ཡྃ་ལས་རླུང་། རྃ་ལས་མེ། ཀྃ་ལས་ཐོད་སྒྱེད་གསུམ་ལ་གནས་པའི་མགོ་བོའི་སྣོད་སྟོང་གསུམ་དང་མཉམ་པའི་ནང་དུ། དུག་ལྔ་འདུས་པའི་ཕུང་པོ་ལས་གྲུབ་པའི་དགྲ་བགེགས་འབྱུང་པོ་སྡིག་ཅན་དམ་ཉམས་དངོས་སུ་གསལ་བའི་སྙིང་གར་སྡིག་སེམས་ཀྱི་ལས་ལས་སྐྱེས་པའི་རྡོ་རྗེའི་གྲི་གུག་ཧཱུྃ་གིས་མཚན་པ་ལ། བདག་གི་
(༡༩༠)ཐུགས་ཀའི་འོད་ཟེར་ཕོག་པ་ཙམ་གྱིས་མཚོན་ཆ་དེ་ཉིད་བར་མེད་དུ་འཁོར་བའི་དབལ་དང་། ས་བོནལས་བྱུང་པའི་རྡོ་རྗེའི་འོད་ཟེར་རབ་ཏུ་འབིག་པར་བྱེད་པའི་ཚོགས་ཀྱིས་སྡིག་པ་ཅན་གྱི་སྙིང་དང་། རྩ་བོ་ཆེ་རྣམས་བཅད་ཅིང་། དབང་པོའི་སྒོ་རྣམས་བརྟོལ་བ་ལས་ཁྲག་གི་རྒྱུན་བར་མེད་དུ་ལྷུད་པ་བྷནྡྷའི་སྣོད་དུ་འཁྱིལ་བར་གྱུར། སླར་ཧཱུྃ་ཡིག་དེ་ཉིད་ཀྱང་གྲི་གུག་གི་འཁོར་ལོའི་རང་བཞིན་དུ་གྱུར་ཏེ། འཁོར་ལོ་ཕན་ཚུན་གཡས་གཡོན་ཏུ་འཁོར་བས་དེ་རྣམས་ཀྱི་ལུས་ཏིལ་ཙམ་དུ་བྱས་ཤིང་འཐགས་པ་རཀྟ་དང་འདྲེས། །ཞུ་ཞིང་ཁོལ་བའི་རླངས་པའི་ཚ་དབལ་ཕྱོགས་བཅུར་འཕྲོས་པས་སྲིད་པར་གནས་པའི་ཉོན་མོངས་པ་ཅན་ཐམས་ཅད་བསྒྲལ་བས། འཁོར་བ་སྟོང་པར་གྱུར་པའི་ཁྲག་ཆེན་པོ་རྣམས་བཀུག་པས་ཐོད་པ་མེར་གྱིས་ཁེངས་པའི། རཀྟའི་རྦ་ཀློང་མཁའ་ལ་འཕྱོ་ཞིང་། ཝུ་ཕྲེང་རི་རབ་ལྟ་བུར་འཁྲིགས་པར་གྱུར། ཨོཾ་ཨཱཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཋ། ཞེས་ལན་གསུམ་བརྗོད་པས། རླུང་གཡོས། མེ་སྦར། ཐོད་པ་དྲོས། རྫས་རབ་ཏུ་ཁོལ་ཞིང་བསྐྱོད་པའི་ཟེར་རླངས་ཆོས་ཀྱི་དབྱིངས་སུ་ཁྱབ་པའི་མཐུས། དབྱིངས་
(༡༩༡)ན་གནས་པའི་མཁའ་འགྲོ་མ་རྣམས་བསྐུལ། །དེ་རྣམས་ཆགས་པ་ཆེན་པོས་གཅིག་ཏུ་འདུས་པ་ལས། རཀྟའི་ལྷ་མོ་རྡོ་རྗེ་སྒེག་མོ་དམར་མོ། །སྐྱེ་མེད་ཀྱི་ཕྱག་རྒྱ་བསྒྱུར་བའི་བྷ་ག་ནས་བབས་པའི་མཁའ་ཁམས་གསང་བའི་རཀྟ་དམ་ཚིག་གི་རཀྟ་ལ་འདྲེས་ཤིང་། ལྷ་མོ་དེ་ཉིད་ཀྱང་བདེ་བ་ཟག་མེད་ཀྱི་ངོ་བོར་ཞུ་ཞིང་ཐིམ་པས་རཀྟ་ཆགས་མེད་རྣམ་པར་དག་པའི་དཀྱིལ་འཁོར་ཆེན་པོར་གྱུར་པར་བསམ་མོ། །གཏོར་མ་གོང་བཞིན་བསང་སྦྱང་། སྟོང་པར་གྱུར། སྟོང་པའི་ངང་ལས་གཏོར་སྣོད་ཀྱི་ཞབས་སུ་ཨེ་ལས་ནམ་མཁའ་མཐིང་ནག་གྲུ་གསུམ་པ། དེའི་སྟེང་དུ་ཡྃ་ལས་རླུང་དཀྱིལ་ཟླ་གམ་ལྗང་གུ་གཡོ་བའི་བ་དན་གྱིས་མཚན་པ། དེའི་སྟེང་དུ་རྃ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་རཾ་གྱིས་མཚན་པ། དེའི་སྟེང་དུ་ཀྃ་གསུམ་ལས་མི་མགོའི་སྒྱེད་པུ་རི་རབ་ཙམ་གསུམ་གྱི་སྟེང་དུ། གཏོར་སྣོད་ཨ་ལས་དྲག་པོའི་ཀཱ་པཱ་ལ་དུམ་བུ་གཅིག་པ་ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་དུ། སྟོང་ཁམས་ཀྱི་གདུག་ཅན་ཐམས་ཅད་བཀུག །ནྀྲ་ཏྲི་སརྦ་ཤ་ཏྲཱུྃ་མཱ་ར་ཡ་རྦད་རྦད། །སྔགས་ཀྱི་མཚོན་
(༡༩༢)ཆས་དགྲ་བགེགས་བསྒྲལ་བའི་ཕུང་པོའི་སྟེང་དུ། དབུས་སུ་མུ་ལས་དྲི་ཆུ། ཤར་དུ་བི་ལས་དྲི་ཆེན། ལྷོར་ར་ལས་རཀྟ། ནུབ་ཏུ་ཤུ་ལས་བྱང་སེམས། བྱང་དུ་མ་ལས་ཀླད་པ། སླར་ཡང་དབུས་སུ་ན་ལས་མིའི་ཤ། མེར་གྷོ་ལས་རྟའི་ཤ། སྲིན་པོར་ཀུ་ལས་ཁྱིའི་ཤ། རླུང་དུ་ད་ལས་བ་ལང་གི་ཤ། དབང་ལྡན་དུ་ཧ་ལས་གླང་པོ་ཆེའི་ཤ། དེ་རྣམས་ཀྱི་སྟེང་དུ་རིགས་ལྔ་ཡབ་ཡུམ་གྱི་ས་བོན་གནས་པས། རྫས་རྣམས་ཡེ་ཤེས་ལྔའི་རང་བཞིན་དུ་གྱུར། དེ་རྣམས་ཀྱི་འོག་ཏུ་གསལ་བྱེད་གཡོན་དུ་འཁོད་པ་ལ་ས་ཉི་མའི་གདན། སྟེང་དུ་དབྱངས་ཡིག་གཡས་བསྐོར་དུ་གནས་པ་ཟླ་བའི་ཁ་ཆོད་ཀྱིས་མཚན་པ། དེའི་སྟེང་དུ་ཉི་མའི་གདན་ལ་གནས་པའི་གྲི་གུག་གི་ཡུ་བའི་ཁོང་གསེང་དུ་ཡི་གེ་གསུམ་བརྩེགས་མར་གནས་པས་མཚན་པར་གྱུར། བདག་གི་ཤངས་བུག་ནས་རླུང་ཧཱུྃ་གི་དབྱིབས་ཅན་འཕྲོས། རླུང་གི་དལ་ལ་ཕོག་པས་བ་དན་བསྐྱོད། རླུང་གཡོས། མེ་སྦར། ཐོད་པ་དྲོས། རྫས་རྣམས་ཞུ་ཞིང་ཁོལ་བའི་རླངས་པས་སྟེང་གི་ཡིག་འབྲུ་གསུམ་བསྐུལ། དེའི་འོད་ཟེར་གྱིས་ཕྱོགས་བཅུའི་ཞིང་ནས་རྒྱལ་བའི་སྐུ་གསུང་
(༡༩༣)ཐུགས་ཀྱི་བདུད་རྩི་སྤྱན་དྲངས། དམ་ཚིག་གི་རྫས་ལ་ཐིམ་པས་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ཏུ་བྱས། སླར་གྲི་གུག་ཡིག་འབྲུ་གདན་དང་བཅས་པ་ཞུ་ཞིང་འདྲེས་པས། བདུད་རྩི་འོད་ཟེར་འབར་བའི་གཏོར་མ་དྲག་པོའི་འདོད་ཡོན་གྱི་ལྷ་མོ་མཁའ་ཁྱབ་ཏུ་འཕྲོ་བར་གྱུར། ཨོཾ་ཨཧཱུྃ་མ་ཧཱ་བ་ལི༚་ཏ་ཏེ་ཛྭ་བ་ལི༚་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཋ། ཞེས་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ་པོ། །འདི་རྣམས་རྒྱུད་ཀྱི་དགོངས་པ་མན་ངག་གིས་ཕྱེས་པའི་གཞུང་རྙིང་པ་ལས་འབྱུང་བ་ལྟར་བཀོད་པའོ། །དེ་ནས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་རྣམས་ཀྱི་ལྗགས་རྡོ་རྗེའི་དབྱིབས་དང་། དཔལ་མགོན་འཁོར་བཅས་ཀྱི་ལྗགས་གྲི་གུག་གི་དབྱིབས་དང་། དཔལ་ལྷ་མོ་འཁོར་བཅས་ཀྱི་ལྗགས་ཁ་ཊྭཱྃ་གའི་དབྱིབས་ཅན་གྱི་འོད་ཀྱི་སྤུ་གུས་གཏོར་མ་བདུད་རྩི་ཁྲག་གི་མཆོད་ཡོན་རྣམས་གསོལ་བས་དགྱེས་པར་བསམ་ཞིང་། ཧཱུྃ། ལྷ་ཆེན་དཔལ་འབར་འཁོར་བཅས་ལ། འབྲས་ཆེན་ཁྲག་གི་ཨརྒྷཾ་དང་། མེ་ཏོག་བདུག་པ་བྱུག་པ་དང་། །བདུད་རྩི་ལྔ་དང་ཤ་ལྔ་དང་། ཁུར་བ་ཤིང་ཏོག་སྣ་ཚོགས་དང་། །བཅས་པའི་མཆོད་པའི་ཚོགས་རྣམས་ཀུན། །བདག་ཅག་དད་པས་འབུལ་ལགས་ན། །འཁོར་དང་བཅས་
(༡༩༤)པས་བཞེས་སུ་གསོལ། ཧཱུྃ། བླ་མེད་མཆོད་པ་ཁྱད་པར་ཅན། ཤ་ཆེན་ལྔ་ནི་རི་ལྟར་སྤུངས། བདུད་རྩི་ལྔ་ནི་མཚོ་ལྟར་བསྐྱིལ། རཀྟ་གྷི་ཝཾ་ག་བུར་དང་། ཨ་མྲྀ་ཏ་དང་ཤ་ཆེན་སོགས། དམ་རྫས་བསམ་གྱིས་མི་ཁྱབ་པའི། མཆོད་པའི་སྤྲིན་ཕུང་མཐའ་ཡས་པ། མཁའ་དང་ཕྱོགས་མཚམས་ཀུན་བཀང་སྟེ། མགོན་པོའི་སྐུ་ལ་མཆོད་པར་འབུལ། མགོན་པོའི་གསུང་ལ་མཆོད་པར་འབུལ། མགོན་པོའི་ཐུགས་ལ་མཆོད་པར་འབུལ། །ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། བྱིན་གྱིས་བརླབས་པའི་བདུད་རྩི་བཟེད་ཞལ་དུ་སྦྲེང་ཞིང་། བྷྱོ། རིན་ཆེན་ཨིནྡྲ་ནཱི་ལའི་བུམ་པར་ནི། འབྲུ་བཅུད་སྟོང་སྦྱར་ཛ་གད་དཔའ་བོས་གཏམས། །གཉིས་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་མཆོག །འཐུངས་པས་འཚོ་བའི་ལོངས་སྤྱོད་ཆེན་པོ་འདི། །འབུལ་ནི་ཡེ་ཤེས་དཀྱིལ་འཁོར་ལྷ་ལ་འབུལ། །བསྐང་ནི་མ་མགོན་ལྕམ་དྲལ་ཐུགས་དམ་བསྐང་། །ཨ་ལ་ལ་ཧོ་འདི་ནི་བཞེས་སུ་གསོལ། །ཨ་ལ་ལ་ཧོ་བཞེས་ཏེ་དགྱེས་པ་རོལ། ཨོཾ་མ་ཧཱ་ཀཱ་ལ་ཏྲག་རཀྵ་ཛ་གད་ཁ་རཾ་ཁཱ་ཧི། བཟེད་ཞལ་གཅིག་ཏུ་ཁྲག་གི་མཆོད་ཡོན་སྦྲེང་ཞིང་། བྷྱོ། རཀྟ་ཁྲག་གི་རྒྱ་མཚོ་འཁྱིལ་བ་ལ། སྣང་སྲིད་
(༡༩༥)ཐམས་ཅད་རྦ་རླབས་ཆི་ལི་ལི། །མཁའ་དབྱིངས་རྒྱལ་བ་མ་ལུས་མཆོད་པ་དང་། །འཕགས་པ་རྣམས་མཆོད་ལྕམ་དྲལ་ཐུགས་དམ་བསྐང་། །ཨ་ལ་ལ་ཧོ་འདི་ནི་བཞེས་སུ་གསོལ། །ཨ་ལ་ལ་ཧོ་བཞེས་ཏེ་དགྱེག་པར་རོལ། །ཨོཾ་མ་ཧཱ་ཀཱ་ལ་ཏྲག་རཀྵ་རཀྵ་པི་པོ་ཏོ་ཁཱ་ཧི། མཐུན་བསྡེབས་བ་ལི༚་འབུལ་ཞིང་། བྷྱོ། གཞོང་པ་རྣམ་དག་ཟླ་གམ་དཀྱིལ་འཁོར་དུ། །ཚེ་དང་གལ་གྱི་མཐུན་གཉིས་མཐུན་བསྡེབས་ཏེ། །དཀར་གྱི་ཐིག་གདབ་དམར་གྱི་གུར་ཕུབ་པ། །ལོངས་སྤྱོད་རྫས་ཀྱི་མཆོད་པ་ཆེན་པོ་འདི། །འབུལ་ནི་ཡེ་ཤེས་དཀྱིལ་འཁོར་ལྷ་ལ་འབུལ། །བསྐང་ནི་མ་མགོན་ལྕམ་དྲལ་ཐུགས་དམ་བསྐང་། །ཨ་ལ་ལ་ཧོ་འདི་ནི་བཞེས་སུ་གསོལ། །ཨ་ལ་ལ་ཧོ་བཞེས་ཏེ་དགྱེས་པར་རོལ། །ཨོཾ་སརྦ་བཛྲ་ཨཱ་ཙཱ་རྻ་ས་པ་རི་ཝཱ་ར་ཨེ་དཾ་བ་ལི༚ང་སརྦ་བིགྷྣན་སརྦ་ཤ་ཏྲཱུྃ་མཱ་ར་ཡ་ཁ་ཁ་ཁཱ་ཧེ་ཁཱ་ཧི། ཞེས་པས་ཐོག་མར་རྡོ་རྗེ་སློབ་དཔོན་དང་བརྒྱུད་པའི་བླ་མ་རྣམས་ལ་འབུལ། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལཱ་ཡ། དེ་ཝ་རཀྵ་ཛཧཱུྃ་བྃ་ཧོ འདིར་ཤོག་འདིར་ཤོག། ཨཱ་གཙྪ་ཡ་ཨཱ་གཙྪ་ཡ། ཧཱུྃ་ཡ་ཛཧཱུྃ་ཡ་ཛ། ཨི་དཾ་བ་ལི༚་པཱུ་ཛ་ཁཱ་ཧི། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལཱ་ཡ། ཤཱ་ས་ནཾ། ཨུ་པ་ཀཱ་རི་ནཱཾ། ཨེ་ཥཱ་པཤྩིམ་
(༡༩༦)ཀཱ་ལོ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ཎཱྃ། ཡ་ཏི་པྲ་ཏི་ཛྙཱ། སྨ་ར་སི་ཏ་དཱ། ཨི་དཾ་དུཥྚཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲྀ་ཧྞ་གྲྀ་ཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། །པ་ཙ་པ་ཙ། དི་ན་མེ་ཀེ་ན། མ་ར་ཡ་ཧཱུྃ་ཕཊ། ཨི་དཾ་བ་ལི༚་པཱུ་ཛ་ཁཱ་ཧི། ཨོཾ་ཨེ་ཨཱ་རལླི་ཧོཤྲཱི་མ་ཧཱ་ཀཱ་ལ་ཁཱ་ཧི། ཏྲག་རཀྵ་ཁཱ་ཧི། ཏྲཀ་རཀྵ་ཐུན་བྷྱོ་ཁཱ་ཧི། ཏྲཀ་རཀྵ་རྦད་བྷྱོ་ཁཱ་ཧི། དམ་ཅན་མགོན་པོ་མཁའ་འགྲོའི་ཚོགས་སུ་གྱུར་པ་རྣམས། དམ་རྫས་བདུད་རྩིའི་གཏོར་མ་བཞེས་སུ་གསོལ། ཁཱ་ཧི། ཞེས་དང་། ལྔ་བཅུ་པ་ལས། ཨོཾ་ཡ་མ་རཱ་ཛ་ག་ཏ་ཀྵོ་བྷ་ཡ། ཀྵོ་བྷ་ཡ། པ་ཏ་ལེ་པ་ཏ་ལེ་ཁཱ་ཧི་ཁཱ་ཧི། གྲྀ་ཧྞ་བ་ལི༚། གྲ་ཧ་གྲ་ཧ། ཨོཾ་མཾ་ཙཾ་མ་ཧཱ་བྷཻ་ར་ཝཱ་ཡ་སྭཱ་ཧཱ། དངོས་གྲུབ་ཐམས་ཅད་ཀྱི་དོན་དུ་ཕྱག་བཅུ་བཞི་པའི་སྔགས་འདིས་གཏོར་མ་སྦྱིན་ནོ། །ཨོཾ་ཤྲཱི་ཀྵི༚་གྲྀ་ཧྞ་བ་ལི༚་ཧཱུྃ་ཕཊ། མ་དྱ་མཾ་ས་པུཥྤ་དྷཱུ་པ་རཀྟ། ཏ་ཏ་ལི་པ་ཏ་ལི་ཨཥྚ་ནཱ་ག་དེ་ཝ་ཡཀྵ་རཀྵ་ས་གྲྀ་ཧ་ཎ་གྲྀ་ཧྞ། ཨི་མཾ་བ་ལི༚་ཧཱ་ཧཱ་ཧཱ་ཧཱུྃ་ཁ་ཧཱུྃ་ཁཱ་ཧི་ཁཱ་ཧི་ཁ་ཁ་ཧཱུྃ་ཛ ཕཻ༚་ཕཻ༚། ཧེ༚་ཧེ༚་མ་ཧཱ་ཌ་ཏཱ་ར་ཧཱ་ས་གརྫ་གརྫ་ཀྲྀཥྞ་ཝ་རྣཱ་ཡ་ཧཱུྃ་སྭཱ་ཧཱ། སྲན་མ་ཆེན་པོ་ལེགས་པར་གཙོས་པ་དང་། ཆང་དང་། ཤ་དང་། ཁྲག་གིས་ལེགས་པར་བཀང་ལ། དེ་ནས་མཚན་མོ་རྒྱུན་ཏུ་གཏོར་མ་སྦྱིན་པ་སྟེ། ཞག་ཉི་ཤུ་རྩ་
(༡༩༧)གཅིག་ན་དགེ་བའི་མཚན་མ་འབྱུང་ངོ། །ཟླ་བ་གཅིག་ན་དངོས་གྲུབ་སྟེར་ཏེ། ལོ་གཅིག་ན་གང་འདེད་།།།པ་སྟེར་རོ། །ཞེས་གསུངས་པ་རྣམས་ཀྱིས་དཔལ་མགོན་པོ་དང་། ཞང་བཙུན་གཏེར་བྱོན་སོགས་ལས། ཨོཾ་ཏྲག་རཀྵ་མ་ཧི་དུན་བྷྱོ། མ་ཧཱ་ཡཀྵ། ཏཱི་ཀྵཱ་ཀཱ་ལི་དུན་བྷྱོ། ཨི་དཾ་བ་ལི༚་པཱུ་ཛ་ཁཱ་ཧི། མ་མོ་ནག་མོ་བཻ་ཏཱ་ལི། ཀུ་ལུ་ཀུ་ལུ། ཧ་ཧ་ཧ། མ་ཧཱ་མཱཾ་ས་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ། མ་ཧཱ་ཙིཏྟ། མ་ཧཱ་བ་སུ་ཏ། མ་ཧཱ་མཉྩ་མེ་ཙ། མ་ཧཱ་གོ་རོ་ཙ་ན། མ་ཧཱ་ཨ་མྲྀ་ཏ། མ་ཧཱ་སུ་ར་ཏ། མ་ཧཱ་བ་ལི༚་ཏ། མ་ཧཱ་ཀི༚་ནི་རི་ཁ་རྃ་ཁཱ་ཧི། ཞེས་པས་དཔལ་ལྷ་མོ་དང་། ཨོཾ་སརྦ་ཛྙཱ་ན་དྷ་རྨ་པཱ་ལ། །ལོ་ཀ་དྷརྨ་པཱ་ལ། ཀཱ་ལ་པི་ཏཱ་ཨམྦོ་ཥོ་ཌ་ཤ། ད་ཤ་དིག་ལོ་ཀཱ་པཱ་ལ་ནཱ་ཐ་ད་ཤ། དྭཱ་ད་ཤ་སཔྟ་ཤྲཱི་ནཱ་ཐ། ཏྲི་རུ་དྲ་ཨ་ཤྭ་ཀ། སཔྟ་མཱ་ཏཱ། ཙ་ཏུར་བྷཱ་གི་ནཱི། ན་བ་ཛྭ་ལཱ། ཙ་ཏུར་ཀཱ་ལ་དེ་ཝཱི། ཙ་ཏུར་ཎི་ཀ་རཱ་ཛཱི། ཨཥྚ་བི༚་ཤ་ཏི་ཨི་ཤྭ་རཱི། དྭཱ་ད་ཤ་ཏིཥྠ། ས་པ་རི་ཝཱ་ར་ཨི་དཾ་བ་ལི༚་པཱུ་ཛ་ཁཱ་ཧི། ཞེས་པས་དཀྱིལ་འཁོར་ཐམས་ཅད་ལ་བཏོང་མ་འབུལ་ལོ། །བཅུ་དྲུག་པ་ནི། སླར་ཡང་གཏོར་མ་ནན་གྱིས་འབུལ་ཞིང་ཕྲིན་ལས་བཅོལ་བ་ནི། གྲུབ་ཆེན་རིན་པོ་ཆེ་ཀརྨ་པཀྴིས་སྤུངས་རིར་མགོན་པོ་ཞལ་གཟིགས་ཀྱི་དུས་སུ་མཛད་པ་ནི། ཧཱུྃ། ཐུགས་ནི་ཆོས་ཀྱི་དབྱིངས་
(༡༩༨)ནས་མ་གཡོས་ཀྱང་། གདུག་པ་འདུལ་ཕྱིར་ཐུགས་རྗེས་སྐུར་སྤྲུལ་པ། ཡེ་ཤེས་འདུ་འབྲལ་མེད་པའི་ཀློང་དཀྱིལ་ནས། དཔལ་ལྡན་མགོན་པོ་ནག་པོ་སྤྱན་འདྲེན་ན། འདིར་གཤེགས་མཆོད་པ་རྒྱན་གྱི་གཏོར་མ་བཞེས། མི་ནུབ་རྫོགས་སངས་བསྟན་པའི་རྒྱལ་མཚན་ཕྱོར། ཧཱུྃ། རབ་འཇིགས་དུར་ཁྲོད་ཆེན་པོའི་གནས་མཆོག་ནས། གཏུམ་ཆེན་གདུག་པའི་སྐུར་ནི་རྣམ་སྤྲུལ་པ། ཞིང་སྐྱོང་འཇིགས་སུ་རུང་བའི་དུར་ཁྲོད་ནས། དཔལ་ལྡན་མགོན་པོ་ཆེན་པོ་སྐུ་བཞེངས་འཚལ། འདིར་གཤེགས་མཆོད་པ་རྒྱན་གྱི་གཏོར་མ་བཞེས། མི་ནུབ་རྫོགས་སངས་བསྟན་པའི་རྒྱལ་མཚན་ཕྱོར། ཧཱུྃ། གྲུ་གསུམ་མཐིང་ནག་འབར་བའི་གཞལ་ཡས་ནས། མེ་དཔུང་སྨུག་ནག་འབར་བའི་དཀྱིལ་འཁོར་ནས། གསོད་བྱེད་ནག་པོ་ཆེན་པོ་སྐུ་བསྐྱོད་འཚལ། འདིར་གཤེགས་མཆོད་པ་རྒྱན་གྱི་གཏོར་མ་བཞེས། མི་ནུབ་རྫོགས་སངས་བསྟན་པའི་རྒྱལ་མཚན་ཕྱོར། ཧཱུྃ། སྐུ་མདོག་མཐིང་ནག་ཤིན་ཏུ་འཇིགས་པ་ལ། དར་ནག་འཇོལ་བར་དགུ་བརྩེགས་སྐུ་ལ་གསོལ། ཐོད་པ་རིན་ཆེན་་སྤྲུལ་གྱི་རྒྱན་གྱིས་བརྒྱན།
(༡༩༩)ལྷུན་གྲུབ་ཆེན་པོའི་གནས་མཆོག་དམ་པ་ནས། །འཇིགས་བྱེད་གནོད་སྦྱིན་རྒྱལ་པོ་སྐུ་བཞེངས་འཚལ། །འདིར་གཤེགས་མཆོད་པ་རྒྱན་གྱི་གཏོར་མ་བཞེས། །མི་ནུབ་རྫོགས་སངས་བསྟན་པའི་རྒྱལ་མཚན་ཕྱོར། ཧཱུྃ། །དྲག་པོ་ལྗགས་ལས་ཧེ་དང་ཧཱུྃ་སྒྲ་འབྱིན། །ཨག་ཚོམ་སྨིན་མ་མེ་ལྟར་ཀུན་ཏུ་འབར། །སྤྱན་མིག་ཁྲོ་གཉེར་བསྐྱོད་པ་གློག་ལྟར་འཁྱུག། གཟི་བརྗིད་ཆེན་པོའི་གནས་མཆོག་དེ་ཉིད་ནས། །ཟ་བྱེད་གདུག་པའི་ཚུལ་ཅན་སྐུ་བཞེངས་འཚལ། །འདིར་གཤེགས་མཆོད་པ་རྒྱན་གྱི་གཏོར་མ་བཞེས། །མི་ནུབ་རྫོགས་སངས་བསྟན་པའི་རྒྱལ་མཚན་ཕྱོར། ཧཱུྃ། །གྲི་གུག་འབར་བས་དམ་ཉམས་སྲོག་རྩ་གཅོད། །ཐོད་ཁྲག་དམར་པོས་དགྲ་བགེགས་སྙིང་ཁྲག་འཐུང་། །མཚོན་ཆ་སྣ་ཚོགས་ཆར་ལྟར་འབེབས་པ་ཅན། །རྩུབ་འགྱུར་ཆེན་པོ་ལྟ་བུའི་གནས་མཆོག་ནས། །དཔལ་ལྡན་མགོན་པོ་ནག་པོ་སྐུ་བཞེངས་འཚལ། །འདིར་གཤེགས་མཆོད་པ་རྒྱན་གྱི་གཏོར་མ་བཞེས། །མི་ནུབ་རྫོགས་སངས་བསྟན་པའི་རྒྱལ་མཚན་ཕྱོར། ཧཱུྃ། །སྟེང་ལ་སོགས་པའི་ཕྱོགས་མཚམས་ཐམས་ཅད་ནས། །ཕྱོགས་བཅུའི་མགོན་པོའི་ཚོགས་
(༢༠༠)ཀྱི་འཁོར་གྱིས་བསྐོར། །སྣ་ཚོགས་དུར་ཁྲོད་ཆེན་པོའི་གནས་མཆོག་ནས། །སྤྲུལ་དང་ཡང་སྤྲུལ་བསམ་མི་ཁྱབ་པ་དག། ཐོགས་མེད་རྫུ་འཕྲུལ་ཅན་རྣམས་སྐུ་བཞེངས་འཚལ། །འདིར་གཤེགས་མཆོད་པ་རྒྱན་གྱི་གཏོར་མ་བཞེས། །མི་ནུབ་རྫོགས་སངས་བསྟན་པའི་རྒྱལ་མཚན་ཕྱོར། ཧཱུྃ། །བསྟན་པའི་སྲུངས་ཤིག་ནག་པོ་ཆེ། །རྣལ་འབྱོར་སྲུངས་ཤིག་ཐུགས་དམ་ཅན། །ཕྱི་མའི་མུ་མཐར་ཐུག་གི་བར། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་རྣམས་བསྒྲུབ་པའི་དུས་ལ་བབ། །ཅེས་དང་། ཡང་གྲུབ་ཐོབ་ཆེན་པོ་ཀརྨ་པཀྴི་ལ་སྤུངས་རིར་མགོན་པོ་ཞལ་གཟིགས་དུས་མཛད་པ་ནི། ཧཱུྃ། རབ་དགྱེས་ལྷུན་གྱིས་གྲུབ་པ་ལ། ཧེ་རུ་ཀ་དཔལ་འཇིགས་པའི་གཟུགས། བསྟན་པ་བསྲུང་ཕྱིར་སྐུར་སྤྲུལ་པ། ལེགས་ལྡན་མགོན་པོ་ནག་པོ་ནི། ཡེ་ཤེས་མཁའ་འགྲོ་འབུམ་གྱི་དབུས། འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། འདས་དང་མ་བྱོན་ད་ལྟར་གྱི། བསྟན་པ་བསྲུང་བར་ཞལ་བཞེས་པ། མུ་སྟེགས་ལོག་པར་ལྟ་བ་དང་། བསྟན་པའི་སྤྱི་དགྲ་མྱུར་དུ་སྒྲོལ། དམ་ཚིག་ལས་ལས་གྲུབ་པ་ཡི། ནམ་མཁའི་དབྱིངས་ཀྱི་དཀྱིལ་འཁོར་ནས། མཐིང་ནག་འབར་བའི་གཞལ་ཡས་ཁང་།
(༢༠༡)སྲས་མཆོག་ནག་པོ་འཇིགས་པའི་ཚུལ། ལས་ཀྱི་མཁའ་འགྲོ་འབུམ་གྱི་དབུས། འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། འདས་དང་མ་འོངས་ད་ལྟར་གྱི། བསྟན་པ་བསྲུང་བར་ཞལ་བཞེས་པ། མུ་སྟེགས་ལོག་པར་ལྟ་བ་དང་། བསྟན་པའི་སྤྱི་དགྲ་མྱུར་དུ་སྒྲོལ། བྱང་ཕྱོགས་དུར་ཁྲོད་ཆེན་པོ་ནས། འཇིག་རྟེན་མགོན་པོ་གཟི་བརྗིད་ཅན། ཤ་ལ་དགའ་ཞིང་ཁྲག་ལ་རྔམས། འཇིག་རྟེན་མ་མོ་འབུམ་གྱི་དབུས། འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། འདས་དང་མ་འོངས་ད་ལྟར་གྱི། བསྟན་པ་བསྲུང་བར་ཞལ་བཞེས་པ། མུ་སྟེགས་ལོག་པར་ལྟ་བ་དང་། བསྟན་པའི་སྤྱི་དགྲ་མྱུར་དུ་སྒྲོལ། སྟེང་འོག་ཕྱོགས་མཚམས་ཐམས་ཅད་དང་། དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། བསྟན་པ་བསྲུང་ཕྱིར་སྐུར་སྤྲུལ་པ། ཕོ་ཉ་མྱུར་མགྱོགས་རྫུ་འཕྲུལ་ཅན། དམ་ཅན་རྒྱ་མཚོའི་ཚོགས་དབུས་ན། འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། འདས་དང་མ་བྱོན་ད་ལྟར་གྱི། བསྟན་པ་བསྲུང་བར་ཞལ་བཞེས་པ། མུ་སྟེགས་ལོག་པར་ལྟ་བ་དང་། བསྟན་ལ་གནོད་པའི་དགྲ་བགེགས་རྣམས། མྱུར་དུ་སྒྲོལ་ཅིག་ནག་པོ་ཆེ། ཕྱི་མའི་མུ་མཐར་ཐུག་གི་བར། །སངས་རྒྱས་བསྟན་པ་བསྲུང་
(༢༠༢)བ་དང་། །རིག་འཛིན་སྐྱོང་བའི་དུས་ལ་བབ། །སྔོན་གྱི་དམ་ཚིག་དབང་གིས་ནི། །སྤྲིན་ལྟར་འདུ་ཞིང་ཕྲིན་ལས་མཛོད། །རླུང་ལྟར་འཚུབས་ཤིང་དགྲ་བགེགས་སྒྲོལ། །སངས་རྒྱས་བསྟན་པའི་རྒྱལ་མཚན་ཕྱོར། །ཞེས་པས་ཕྲིན་ལས་བཅོལ་ལོ། །བཅུ་བདུན་པ་ནི། ཆོས་སྐྱོང་ལ་སོགས་པ་གཞན་ལ་གཏོར་མ་འབུལ་ན་སྐབས་འདིར་བྱ་བར་གསུངས་པས། བཀའ་རྒྱུད་འདི་ཉིད་ཀྱི་ཕྱིའི་བསྟན་བསྲུང་མགོན་པོ་ཕྱག་བཞི་པ་དང་དུད་པའི་སོལ་བ་མ། ཀརྨ་པའི་ཆོས་སྐྱོང་འཁོར་ལྔ། རྗེས་འབྲངས་དང་བཅས་པའི་གཏོར་ཆོག །མགྲོན་ཐབས་ཀྱི་ལྷ་དང་བཅས་པ། མཁའ་འགྲོ་སྤྱི་དང་། གཞི་བདག་སྤྱིའི་གཏོར་མ་བསྔོ་བ་རྒྱས་བསྡུས་ཀྱི་རིམ་པ་ཇི་ལྟར་འོས་པ་བཏང་ངོ། །བཅོ་བརྒྱད་པ་ནི། ཕྱོགས་བཅུའི་ཞིང་ཁམས་ཀྱི་རྒྱལ་བ་སྲས་དང་བཅས་པ་དང་། འཇིག་རྟེན་པའི་ཆེན་པོ་ཚངས་པ་ལ་སོགས་པ་རྣམས་ཀྱི་དབྱངས་དང་། འབྱུང་བའི་སྒྲ་ལ་སོགས་པ་ཐམས་ཅད་མགྲིན་གཅིག་པས་ཆེ་བའི་ཡོན་ཏན་ལ་བསྟོད་པར་བསམས་ལ། ཨོཾ་ཨཱཧཱུྃ་ཧོ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཅེས་སོགས་ཀྱིས་བླ་མ་དང་། རྡོ་རྗེ་རྣལ་འབྱོར་མ་དང་། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལ་སོགས་པ་ཡི་དམ་གྱི་བསྟོད་པ་ཇི་ལྟར་འདོད་པ་རྣམས་འདིར་བྱ། དེ་ནས་དཔལ་མགོན་པོ་ལ་བསྟོད་པའི་རིམ་པ་ནི། དུར་ཁྲོད་ནག་པོའི་རྒྱུད་ཀྱི་ལེའུ་བཞི་པ་ལས། ཧཱུྃ། །སྲིན་པོའི་གཟུགས་ཀྱིས་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །གྲོང་
(༢༠༣)ཁྱེར་སུམ་བརྩེགས་འཇིགས་བྱེད་པ། །གཏུམ་པོ་ཁྱོད་ལ་བདག་བསྟོད་དོ། །མདོག་ནག་གཟུགས་ཐུང་གཟི་བརྗིད་ཆེ། །གདུག་པ་ཚར་གཅོད་གྲི་གུག་གཡས། །གཡོན་པས་ཐོད་པ་ཁྲག་བཀང་གསོལ། །ཐོད་ཕྲེང་ཅན་ལ་བདག་བསྟོད་དོ། ཁྲོས་པའི་ཞབས་བརྡབ་ས་ཞི་གཡོ། །འཇིགས་པའི་གད་མོས་རི་རབ་བསྒྱེལ། །དམ་ཚིག་ཉམས་པའི་སྙིང་འབྱིན་པའི། །དམ་ཚིག་ཅན་ལ་བདག་བསྟོད་དོ། །ཅེས་དང་། ནག་པོ་ཆེན་པོའི་སྲོག་གི་རྒྱུད་ལས་འབྱུང་བ་ནི། ཧཱུྃ་སྐྱེས་འབར་བ་ནག་པོ་ཆེ། གདུག་པ་མ་ལུས་ཚར་གཅོད་པ། མདོག་ནག་གཟུགས་ཐུང་གཟི་བརྗིད་ཆེ། གྲི་གུག་ཐོད་པ་ཕྱག་ན་བསྣམས། ཞལ་ནས་ཁྲག་འཛག་མཐུ་བོ་ཆེ། གསུས་ཁྱིམ་ཆེ་ལ་མཐུར་དུ་འཕྱང་། མགོ་བོའི་ཕྲེང་བའི་དོ་ཤལ་ཅན། གྲུ་གསུམ་འབར་བའི་དབུས་གནས་ཤིང་། དབང་ཕྱུག་སྲས་པོ་དྲག་ཤུལ་ཆེ། མཁའ་འགྲོ་ཀུན་གྱི་གཙོ་བོ་སྟེ། ལྷ་ཡི་དམག་དཔོན་བྱེད་པའི་ཚེ་ རྩ་གསུམ་གནས་ཀྱི་བདག་པོ་མཛོད། དར་ནག་འཇོལ་བེར་སྐུ་ལ་གསོལ། གསེར་སྐེད་རིན་ཆེན་སྐུ་ལ་བཅིངས། ཕྱག་གཡས་ཙནྡན་བདེ་ཆེན་བསྣམས། གཡོན་པས་ཐོད་མཆོག་དཀུ་ལ་བརྟེན། ཞབས་གཉིས་བརྐྱང་བསྐུམ་ཚུལ་གནས་ཏེ། དབུ་སྐྲ་ཁམས་ནག་ཐོར་ཚུགས་འཁྱིལ། འཇིགས་བྱེད་ལྷ་ཡི་གཙོ་བོ་སྟེ། བདུད་འདུལ་ཁྱོད་ལ་ཕྱག་
(༢༠༤)འཚལ་བསྟོད། །ཅེས་དང་། ནག་པོ་ཆེན་པོ་སྲོག་གི་འཁོར་ལོའི་རྒྱུད་དང་། རིན་ཆེན་དཔུང་རྒྱན་གྱི་རྒྱུད་ལས་འབྱུང་བ་ནི། འབྲས་བུ་ཆེ་བའི་ལྷ་རྣམས་ཀྱིས་བསྟོད་པ། ཧཱུྃ། །སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་སྲས། །བྱང་ཆུབ་སེམས་དཔའི་རིག་འཛིན་སྲས། ཕྱག་ན་རྡོ་རྗེའི་བཀའ་ཉན་སྲས། །ལྷ་རྣམས་བདེ་བར་བྱེད་པའི་སྲས། །བསོད་ནམས་སྐྱེས་ཀྱི་ལྷས་བསྟོད་པ། མི་འཇིགས་སེང་གེ་ཉོན་མོངས་ཚོགས་ལས་རྒྱལ། །སྡེ་དཔོན་དཔའ་བོ་བདུད་ཀྱི་གཡུལ་ལས་རྒྱལ། །ཐུབ་མེད་དཔའ་བོ་ལྷ་མིན་གཡུལ་ལས་རྒྱལ། །མ་རིག་འཁྲུལ་པ་ཀུན་ལས་རྣམ་པར་རྒྱལ། །སྤྲིན་མེད་ཀྱི་ལྷས་བསྟོད་པ། དུས་གསུམ་བདེ་བར་གཤེགས་པས་བསྟོད་བསྔགས་ཁྱོད། །གནོད་པ་འདུལ་བས་ངེས་པའི་སྐུར་སྟོན་ཁྱོད། །སྐྱེ་འགྲོ་ཕལ་ཆེར་ཀུན་གྱི་སྐྱབས་གྱུར་ཁྱོད། །ཐུགས་རྗེ་དབང་གིས་འགྲོ་བའི་དོན་མཛད་ཁྱོད། དགེ་རྒྱས་ཀྱི་ལྷས་བསྟོད་པ། །དགེ་སློང་དགྲ་བཅོམ་རྣམས་དང་ཚུལ་ཁྲིམས་མཉམ། །དྲང་སྲོང་རིག་འཛིན་རྣམས་དང་དཀའ་ཐུབ་མཉམ། ཁྲོ་རྒྱལ་སྟོབས་ཆེན་རྣམས་དང་སྤྱོད་པ་མཉམ། །ལྷ་དབང་བརྒྱ་བྱིན་རྣམས་དང་ལོངས་སྤྱོད་མཉམ། ཚད་མེད་དགེ་བའི་ལྷས་བསྟོད་པ། །ཡུན་རིང་དཀའ་བས་འགྲོ་བའི་དོན་བརྩོན་འཕགས། །སྨོན་ལམ་ཕུན་སུམ་ཚོགས་པ་གྲུབ་པས་འཕགས། །འདོད་པ་བཞིན་དུ་ཞིང་ཁམས་སྐྱོང་བས་འཕགས། །རྟག་ཏུ་དམིགས་མེད་ཆོས་ལས་མི་གཡོ་
(༢༠༥)འཕགས། དགེ་ཆུང་གི་ལྷས་བསྟོད་པ། སྒྲོན་མ་མུན་སེལ་ཡིད་བཞིན་འབར་བའི་བདག །དཔའ་བོ་ཚོམ་ཚོམ་མེད་པ་གསང་སྔགས་བདག །རྒྱལ་སྲས་འབྱུང་བ་ཆེན་པོ་ཚོགས་གྱི་བདག །དབང་བསྐུར་སྐལ་པ་བཟང་པོ་སྲིད་གསུམ་བདག །འོད་གསལ་གྱི་ལྷས་བསྟོད་པ། གང་ཚེ་ཅི་ཡིས་འདུལ་བ་ཤེས་པ་པོ། །ཅི་དང་ཅིས་འདུལ་སྤྲུལ་པར་ཤེས་པ་པོ། །ཅི་རིགས་གང་དག་བཤད་པར་ཤེས་པ་པོ། །བཤད་པའི་ཡེ་ཤེས་ཇི་བཞིན་ཤེས་པ་པོ། །ཚད་མེད་འོད་ཀྱི་ལྷས་བསྟོད་པ། །དབང་ཕྱུག་ཆེན་པོ་མཐོང་ན་དགའ་བའི་གནས། །སྤྱོད་ཡུལ་རྒྱ་མཚོ་སངས་རྒྱས་བསྟན་པའི་གནས། ངེས་པ་ལྷ་རིགས་སྤེལ་ཚོགས་འབྱུང་བའི་གནས། །འཇིགས་བྱེད་འབྱུང་བ་མཐོང་ནི་དམ་ཚིག་གནས། །འོད་ཆུང་གི་ལྷས་བསྟོད་པ། ཆོས་ལ་བར་ཆད་མེད་པས་སངས་རྒྱས་རྣམས་ཀྱིས་བསྔགས། །འཁོར་རྣམས་ལེགས་པར་སྐྱོང་བས་བྱང་ཆུབ་སེམས་དཔས་བསྔགས། །སངས་རྒྱས་བསྟན་
(༢༠༦)པ་རྒྱས་པས་དགེ་འདུན་རྣམས་ཀྱིས་བསྔགས། །དགེ་ཚོགས་འཕེལ་བར་བྱེད་པས་སྐྱེ་བོ་ཀུན་གྱིས་བསྔགས། ཚངས་ཆེན་གྱི་ལྷས་བསྟོད་པ། འདྲེན་མཆོག་སྐྱོང་བ་སྲིད་གསུམ་ལྷུང་བ་འཛིན། །ཕོངས་པ་མི་བཟད་སྲོག་ཀྱང་གང་ཡིན་འཛིན། །རྒྱལ་པོ་ཡུལ་འཁོར་བཅས་བའི་འབྱོར་པ་འཛིན། །དབང་ཕྱུག་འགྱིང་བར་མཆོད་པའི་དོན་དུ་འཛིན། །ཚངས་པ་མདུན་ན་འདོན་གྱི་ལྷས་བསྟོད་བ། །བསྟོད་པར་འོས་པ་ཉེས་པ་སེལ་བར་བྱེད། །འདམ་རྫབ་སྐོམ་པས་འཁྲུགས་པ་ཞི་བར་བྱེད། །མིག་རྩ་དམར་པོས་སྲིན་པོ་བསྡིག་པར་བྱེད། །མདོག་ནག་ཚོགས་ཀྱི་བདག་པོ་བཀྲ་ཤིས་བྱེད། ཚངས་རིས་ཀྱི་ལྷས་བསྟོད་པ། །མཚན་དང་དཔེ་བྱད་བཟང་པོའི་རྒྱན་དང་བཅས། །སྤྲོས་པ་ཡོན་ཏན་མང་པོའི་ཚོགས་དང་བཅས། །སྤྲུལ་པ་རྣམ་པ་མང་པོའི་འཁོར་དང་བཅས། །ཅི་འདུལ་ཐབས་ཀྱི་མཚོན་ཆ་ཀུན་དང་བཅས། གཞན་འཕྲུལ་དབང་བྱེད་ཀྱི་ལྷས་བསྟོད་པ། །དུས་དང་སྦྱིན་པ་མཐུ་སྟོབས་ཅན་གྱི་རབ། ཁྱབ་འཇུག་གཙོ་བོ་མཐུ་སྟོབས་གྲུབ་པའི་རབ། །གཟི་བརྗིད་འབར་བ་བཤེས་གཉེན་ཅན་གྱི་རབ། །བརྗིད་འཛུམ་བྱང་ཆུབ་མཆོག་གི་ལམ་སྟོན་རབ། འཕྲུལ་དགའི་ལྷས་བསྟོད་པ། །སྙིང་རྗེས་
(༢༠༧)འཁོར་བར་མི་གཏོང་ཐབས་མཁས་མཆོག །བློ་ལྡན་སྐྱོན་གྱིས་མ་གོས་ཤེས་རབ་མཆོག །རྟོགས་ནས་དད་པས་ཁྱབ་པར་འབྱུང་བའི་མཆོག །ནད་རྣམས་སེལ་བར་བྱེད་པའི་སྨན་པའི་མཆོག། དགའ་ལྡན་གྱི་ལྷས་བསྟོད་པ། །མཐའ་ཡས་གསང་སྔགས་གཞིར་གྱུར་ནག་པོ་ཆེ། །ལེགས་ལྡན་ནག་པོ་ཆེན་པོ་གྲགས་པ་ཆེ། །ལག་ན་རྩེ་གསུམ་ལོག་འདྲེན་དཔའ་བསྐུམ་ཆེ། ཁ་གདངས་སོ་གཙིགས་གླང་ཆེན་ལྤགས་གྱོན་ཆེ། འཐབ་བྲལ་གྱི་ལྷས་བསྟོད་པ། །ཚོགས་ཆེན་ཡང་དག་རྫོགས་པའི་སངས་རྒྱས་ཡིན། །དམ་ཆོས་རྒྱས་ཤིང་ཅིར་ཡང་སྟོན་པ་ཡིན། །ཞིང་འགྲོ་གནོད་པ་མེད་པར་སྐྱོབས་པ་ཡིན། །སྒྲིབ་སྤངས་དགེ་འདུན་ལེགས་པར་མཆོད་པ་ཡིན། སུམ་ཅུ་རྩ་གསུམ་གྱི་ལྷས་བསྟོད་པ། །དཀོན་མཆོག་གཙུག་ལག་ཁང་ནི་སྐྱོང་བར་མཛད། །དགེ་བསྙེན་འཁོར་ཀུན་ལེགས་པར་འཕེལ་བར་མཛད། །གཞོན་ནུ་གཞོན་སྡེ་ཀུན་གྱིས་རྒྱས་པར་མཛད། །ལོག་འདྲེན་དགྲ་བགེགས་མ་ལུས་འདུལ་བར་མཛད། །དེ་དག་ནི་འདོད་གཟུགས་ཀྱི་ལྷ་རྣམས་ཀྱིས་བསྟོད་པའོ། །འཕགས་པ་འཇམ་དཔལ་གྱིས་བསྟོད་པ། ཧཱུྃ། །སེམས་ཅན་ཀུན་ལ་ཕན་གདགས་སྙིང་ལ་བསམ། །དད་པས་
(༢༠༨)མཆོག་བསྐྱེད་དགའ་བ་འདི་མཐོང་ན། །ནད་བྲལ་མཐོང་དགའ་བསམ་པ་རྣམ་གྲུབ་ཁྱོད། །བསོད་ནམས་དཔལ་གྱིས་བརྒྱན་པས་རབ་མཛེས་ཏེ། །ཚོགས་བདག་བྱིན་རླབས་གྲུབ་པས་གནོད་པ་སེལ། །འདི་དང་ཕ་རོལ་གཉིས་ཀར་ཕུན་སུམ་ཚོགས། །འདོད་པ་གཞན་ཡང་ཡིད་ལ་འབྱུང་བ་བཞིན། །དེ་བཞིན་འདོད་པ་ཐམས་ཅད་ལག་ཏུ་སྦྱིན། །སྨན་སྡོང་ལྟ་ན་སྡུག་པ་དུག་འཇོམས་འདྲ། སྤྱན་རས་གཟིགས་ཀྱིས་བསྟོད་པ། །ཕ་རོལ་ཕྱིན་བཅུ་སྤྱོད་ལ་ཕྱག་འཚལ་ལོ། །སྒྲིབ་པ་རྣམ་གཉིས་སྤངས་ལ་ཕྱག་འཚལ་ལོ། །སྟོན་པས་ལུང་བསྟན་ཐོབ་ལ་ཕྱག་འཚལ་ལོ། །བདག་མེད་གཉིས་མེད་རྟོགས་ལ་ཕྱག་འཚལ་ལོ། །བསྐལ་པ་གྲངས་མེད་འདས་པའི་སྔོན་རོལ་དུ། །མཐའ་ཡས་མངོན་པར་རྫོགས་པར་སངས་རྒྱས་ཀྱང་། །ཐུགས་རྗེའི་དབང་གིས་འགྲོ་བའི་དོན་མཛད་པ། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །གསང་བའི་བདག་པོས་བསྟོད་པ། །མགོན་པོ་དཔལ་སྦྱིན་གོམས་པས་ནམ་མཁའི་མཛོད་ལ་རོལ། །ཚུལ་ཁྲིམས་ཕུན་སུམ་ཚོགས་པས་གནས་གཙང་དོན་ཡོད་ཐོབ། །བཟོད་པ་ཕུན་སུམ་ཚོགས་པས་མདངས་
(༢༠༩)བཟང་བཀྲག་རེ་གསལ། །བརྩོན་འགྲུས་ཕུན་སུམ་ཚོགས་པས་སྟོབས་བཅུའི་རྩལ་དང་ལྡན། །བསམ་གཏན་ཕུན་སུམ་ཚོགས་པས་རྡོ་རྗེའི་གདན་མི་བསྐྱོད། །ཤེས་རབ་ཕུན་སུམ་ཚོགས་པས་རིགས་ལྔའི་སྤྱན་དང་ལྡན། །འཇིག་རྟེན་ཐབས་ཀྱིས་འདུལ་བས་ཕྱག་ན་ཙནྡན་བཟུང་། །དགེ་ཚོགས་སྟོབས་སུ་གྱུར་པས་སྤྱི་གཙུག་མཛེས་པ་འཕགས། །སྨོན་ལམ་དབང་དུ་གྱུར་པས་འཇིག་རྟེན་ཀུན་ལ་མངའ། །ཡེ་ཤེས་ལྷུན་གྱིས་གྲུབ་པས་འོད་ཟེར་ཕྱོགས་བཅུར་འགྱེད། །ཕ་རོལ་ཕྱིན་བཅུ་སྤྱོད་པས་ས་བཅུའི་གཙོ་བོ་མཛད། །ས་བཅུའི་གཙོ་བོ་ལགས་པས་ཆོས་ཀྱི་ཅོད་པན་འཛིན། །མགོན་པོ་སྤྱན་རས་གཟིགས་ཏེ་ཐུགས་རྗེའི་མངའ་བདག་ཅན། །ནག་པོ་ལྷ་མཆོག་ཁྱོད་ལ་བསྟོད་དེ་གུས་ཕྱག་འཚལ། ཁྱོད་ལ་བསྟོད་པས་བསོད་ནམས་དགེ་ཚོགས་འཕེལ་བ་དང་། །བདག་གི་བསམ་པ་འགྲུབ་པར་ཐུགས་རྗེས་མཛད་དུ་གསོལ། །ཞེས་རྒྱུད་ལས་འབྱུང་བའི་བསྟོད་པ་རྣམས་དང་། སློབ་དཔོན་ཆེན་པོ་ཨ་རྞ་པས་མཛད་པའི་རྒྱ་གཞུང་གི་བསྟོད་པ་ནི། ཧཱུྃ། ལས་རྣམས་རྫོགས་མཛད་མགོན་པོ་ནག་པོའི་སྐུ། །མཐིང་ནག་མེ་ཡི་འོབས་ཀྱིས་ཀུན་ནས་བསྐོར། །སྐུ་ཡ་བེར་
(༢༡༠)ནག་གསོལ་བས་སྟོང་གསུམ་འདུལ། །ནག་པོ་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད། །གྲི་གུག་འབར་བ་གཡས་ན་བསྣམས་པ་ནི། །སྲོག་རྩ་དམར་པོ་གཅོད་ཅིང་དོན་སྙིང་འབྱིན། །ཐོད་ཁྲག་དམར་པོ་གཡོན་ན་བསྣམས་པ་ནི། །ལས་ངན་ཆོས་འཁོར་འཇིགས་པའི་སྙིང་ཁྲག་འཐུང་། །བསྟན་པ་རྒྱས་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །ཤངས་ནས་རླུང་འབྱུང་འཇིག་རྟེན་རླུང་ནག་འཚུབས། །ཞལ་ནས་ཁྲག་འཛག་འཇིག་རྟེན་ནད་ཀྱིས་འགེངས། །སྤྱན་རྩ་དམར་པོ་ལྡོག་པས་སྟོང་གསུམ་བསྲེག །འཇིག་བྱེད་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད། ཁྲོས་པས་ལྷ་མིན་གཡུལ་ཟློག་མཐུ་བོ་ཆེ། །འཇིག་རྟེན་ལྷ་སྲིན་ཚོགས་རྣམས་དབང་བསྡུས་ནས། །བསྟན་པ་གཉན་པོ་བསྲུང་བའི་བྱ་ར་མཛད། །ཚོགས་ཀྱི་བདག་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །བདུད་དང་མུ་སྟེགས་ཕས་ཀྱི་རྒོལ་བ་ལ། །མཆེ་བ་གཙིགས་ཤིང་ཁྲོ་གཉེར་བསྟན་པ་ཡིས། །ལོག་པར་ལྟ་བ་ཐམས་ཅད་ཟད་མཛད་པ། །རྒོལ་བ་ཚར་གཅོད་ཁྱོད་ལ་ཕྱག་འཚལ་བསྟོད། །སྨོན་ལམ་སྟོབས་ཀྱིས་རྡོ་རྗེའི་གཟེབ་ནང་དུ། །མ་ཡི་འཁོར་ལོའི་བསྟན་པ་གཉན་བསྲུང་ཞིང་། །དམ་ཚིག་ཅན་གྱི་དཔལ་
(༢༡༡)ལྡན་མགོན་པོར་བཞེངས། །དངོས་གྲུབ་གཏེར་འབྱུང་ཁྱོད་ལ་ཕྱག་འཚལ་བསྟོད། །ཅེས་པའི་ཚིག་རྐང་ཕྱི་མ་གཉིས་བསྟོད་པར་བྱས་ཏེ་བཅོས་པའོ། དཔལ་ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པ་ནི། ཧཱུྃ། ནག་པོ་མི་བཟད་ཁྲོས་པའི་གཟུགས། སྲིན་པོའི་གཟུགས་ཀྱིས་གདུག་པ་འདུལ། ནག་པོ་ཤ་ཟན་བསྟན་པ་བསྲུང་། ཆོས་ཉིད་མི་འགྱུར་སྐུ་མདོག་མཐིང་། དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ། སྤྱན་གསུམ་དུས་གསུམ་ས་ལེར་མཁྱེན། ཤངས་ནས་བསྐལ་པའི་རླུང་ནག་འཚུབས། ཞལ་ནས་མཆེ་གཙིགས་རྐན་སྒྲ་རྡེབས། ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། ཐོད་རློན་ལྔ་བཅུའི་དོ་ཤལ་འཕྱང་། གཡས་ཀྱི་ཕྱག་ན་གྲི་གུག་བསྣམས། སྡང་བའི་དགྲ་བོའི་སྲོག་རྩ་གཅོད། གཡོན་པས་ཐོད་པ་ཁྲག་བཀང་འཛིན། དམ་ཉམས་རུ་དྲའི་སྙིང་ཁྲག་འཐུང་། སྐུ་ཡ་བེར་ནག་དགུ་བརྩེགས་གསོལ། ཤ་ཟའི་རྒྱལ་པོ་ཁྲོས་པའི་གཟུགས་རྡོ་རྗེ་བྲག་རིའི་སྟེང་ན་བཞུགས། །མེ་རླུང་འཚུབས་མའི་ཀློང་དཀྱིལ་ནས། ཁྲོས་པའི་ཞབས་བརྡབས་སྲིད་གསུམ་གཡོ། །ཟང་ཕྲག་ཕུད་པས་སྡེ་བརྒྱད་འདུལ། །རྟག་
(༢༡༢)ཏུ་སངས་རྒྱས་བསྟན་པ་བསྲུང་། །ནག་པོ་ཆེ་ལ་ཕྱག་འཚལ་བསྟོད། །འཁོར་དུ་ཕྱོགས་བཅུ་མགོན་པོས་བསྐོར། །བྲན་དུ་ལྷ་སྲིན་སྡེ་བརྒྱད་འགྱེད། །དགྲ་བགེགས་མ་ལུས་འདུལ་མཛད་པའི། །ཐོད་ཕྲེང་ཅན་ལ་ཕྱག་འཚལ་བསྟོད། །ཅེས་དང་། དཔལ་མཁའ་སྤྱོད་དབང་པོས་མཛད་པ་ནི། ཨོཾ། །དུས་གསུམ་རྒྱལ་བ་རབ་འབྱམས་ཕྲིན་ལས་སྐུ། །ཆེ་བའི་ཆེ་མཆོག་དབང་ཆེན་རྔམས་པའི་ཞལ། །འཇིགས་རུང་བདུད་སྡེར་འཇིགས་སྦྱིན་ཁྲོ་རྒྱལ་གཙོ། །དུས་གསུམ་ཀུན་དབང་སྟོབས་ལྡན་ནག་པོ་ཆེ། ཁྱོད་ནི་གང་དུའང་དམིགས་མེད་ཀུན་ཏུ་སྣང་། ཁྱོད་ནི་རྒྱལ་བ་རྒྱལ་བའི་དམ་ཆོས་ཁྱོད། །རིགས་གྲོལ་ལྡན་ཁྱོད་སྡུད་དང་བསྲུང་བ་སྟེ། ཁྱོད་ལས་གཞན་སུ་མགོན་པོར་མ་འཚལ་ཏོ། །མགོན་པོ་མགོན་པོ་མ་ལུས་ཀུན་གྱི་གཙོ། །སྲིད་པའི་དགྲ་གཡུལ་ཀུན་ལས་རྣམ་རྒྱལ་བ། །ཞི་བར་མི་གནས་རྫུ་འཕྲུལ་ཐབས་རྒྱ་འབར། །ཉི་མ་བྱེ་བ་གྲངས་མེད་གཟི་བརྗིད་ལྡན། །རྡོ་རྗེ་འཛིན་དབང་ཁྱོད་ལ་ཕྱག་འཚལ་ལོ། །ཌཱ་ཀི་རྒྱ་མཚོའི་དབང་ཕྱུག་ལ་ཕྱག་འཚལ། །ལེགས་ལྡན་གཙོ་བོ་ཁྱོད་ལ༴། ཕྲིན་ལས་རྒྱ་མཚོའི་མངའ་དབང་། རྡོ་རྗེ་དེ་བཞིན་གཤེགས་པ་གྲངས་མེད་
(༢༡༣)ཀྱིས། །མངོན་པར་དབང་བསྐུར་རྡོ་རྗེ་ནག་པོ་ཆེ། །འོད་ཟེར་གངྒའི་བྱེ་སྙེད་རབ་འབར་བ། །མངོན་དགའི་ཐུབ་དབང་རིགས་ཀྱི་བདག་པོར་མཛེས། །གང་དུ་ཕྱི་ནང་གསང་བ་གསང་ཆེན་གྱི། །བླ་མེད་མཆོད་པའི་སྤྲིན་ཆེན་རྒྱ་མཚོའི་དབྱིངས། །རཀྟའི་མཚོ་ཆེན་འོད་འབར་འཇིགས་རུང་བ། །འཇིག་རྟེན་ཁམས་རྣམས་ཀུན་ཏུ་གང་བས་མཆོད། །རྒྱལ་ཞིང་རྒྱ་མཚོའི་རྡུལ་སྙེད་རྒྱལ་བ་ཀུན། ཁྱོད་ལ་དགྱེས་པའི་བཞད་དབྱངས་བྱེ་བས་བསྟོད། །བསྟོད་བྱའི་ཡོན་ཏན་མཁའ་ལྟར་གཞལ་ཡས་ལ། །བསྟོད་པའི་སྤྲིན་མཛེས་ཕྲེང་བ་དུ་མ་འབར། །ཆེས་ཆེར་གནག་པའི་མུན་མཚུངས་ཁྱོད་ཀྱི་སྐུ། །མྱ་ངན་མུན་པ་མཐའ་དག་མཐར་བྱེད་དེ། །ཀུན་ནས་ཀུན་ཏུ་འགྱུར་མེད་བརྟན་པ་ཁྱེད། །སྲིད་དང་ཞི་བའི་རྣམ་འགྱུར་དུ་མ་རོལ། །གཅིག་ཏུ་ཞི་བའི་ཐུགས་མདའ་ཐུགས་རྗེའི་གཏེར། ཁྱོད་ནི་རྟག་པར་འཇིགས་ཆེན་ཁྲོ་བོའི་སྐུ། །མཐོང་བ་ཙམ་གྱིས་བརྟན་པོར་རློམ་པའི་སྙིང་། །རྣམ་པ་སྟོང་དུ་འགས་པར་བྱེད་པ་ཉིད། ཁྱོད་ཀྱི་སྤྱན་ནི་ཉི་མ་བྱེ་བ་བཞིན། །གང་ལ་གཟིགས་པ་ཐལ་བར་
(༢༡༤)མཛད་པ་སྟེ། །སྔགས་ཀྱི་དངོས་གྲུབ་རྒྱ་མཚོ་གེགས་མེད་པར། ཟུར་གྱི་ཆ་ཤས་ཡུད་ཙམ་རེག་པས་སྦྱིན། །འཆི་བདག་ཉོན་མོངས་ཕུང་པོའི་བདུད་ཚོགས་རྣམས། །འབིགས་བྱེད་རྡོ་རྗེ་རྡོ་རྗེའི་རང་བཞིན་ནོ། །གང་ལ་འཇིགས་རྣམས་ལྷག་པར་འཇིགས་བྱེད་པ། །རྒྱ་མཚོར་འཁྲུགས་པའི་རླབས་མཚུངས་ཁྲོ་གཉེར་འབར། །མེ་ལྕེ་མཐའ་ཡས་མངོན་པར་འབར་བའི་སྐྲ། །མཐའ་ཡས་ལྷག་མ་ཅན་གྱི་རྣམ་པར་བཅིངས། །སྣ་ཚོགས་ཡིད་བཞིན་རིན་ཆེན་འབར་བ་ཅན། །བསྐལ་མེ་འབར་བའི་ཐོད་པ་ཐོད་དུ་བྱས། །གསེར་གྱི་མངལ་དང་སྦྱིན་དགྲ་དེ་བཞིན་དུ། །ལང་དགྲ་ལ་སོགས་ཨ་དི་ཏི་ཡི་བུ། །གཙོ་བོ་མཐའ་དག་གཙུག་ཏུ་ཞབས་བཀོད་དེ། །གར་གྱི་རོལ་པ་རྒྱ་མཚོས་རྣམ་པར་བསྒྱིངས། །གསེར་གྱི་རྡོ་རྗེས་ཟངས་གྲི་ཉེར་མཚན་འབར། །མཁར་རྩེ་ཁྱོད་ནི་ཌཱ་ཀི་ཀུན་དབང་ཕྱུག། ཁྱོད་ཕྱག་རབ་རྒྱས་བུམ་བཟང་པད་སྣོད་ཆེར། །རབ་གང་རཀྟའི་རྒྱུན་ལ་རྟག་པར་དགྱེས། །དུག་རྒྱས་ལྟོ་འཕྱེ་མངོན་པར་དྲེགས་པའི་དུག། བདུད་རྩིར་མཛད་པའི་རྒྱན་གྱི་ཁྱད་པར་དང་། །གཟིག་སོགས་ཟིལ་གནོན་
(༢༡༥)སྟག་གི་ཤམ་ཐབས་ཅན། །དཀའ་ཐུབ་གྲུབ་རུས་མཐར་བྱེད་རྒྱན་ཕྲེང་འབར། །ལྷབ་ལྷུབ་དར་གྱི་ན་བཟས་མཛེས་པའི་སྐུ། ཁྲག་འཛག་མགོ་ཕྲེང་དད་ལྡན་བསྐལ་མེ་འབར། །གང་གའི་བྱེ་སྙེད་སྲེད་མེད་བུ་ཡི་སྟོབས། །རབ་རྫོགས་ཁྱོད་ནི་བགེགས་ཀུན་རྣམ་པར་བརྫི། །ཧཱུྃ་ཕཊ་སྔགས་ཀྱི་ང་རོ་མི་བཟད་པས། །རབ་ཡངས་ནམ་མཁའི་ཁམས་ཀུན་རྒྱས་བཀང་སྟེ། །བདུད་ཀྱི་རེ་བ་མཐའ་དག་ཉམས་བྱས་ཤིང་། །མཐོ་རིས་བདག་པོའི་དགའ་བ་རྫོགས་པར་འཕེལ། །ནམ་ཡང་རྟོག་པ་མེད་པར་ཁྱོད་ཀྱི་ཐུགས། ཁེངས་དང་ཁྲོ་དང་མི་བསྲུན་མི་སྡུག་པ། །འཇིགས་སུ་རུང་ཚུལ་བྱེ་བ་ཁྲི་ཕྲག་གིས། །འགྲོ་བ་འདུལ་ལ་ནམ་ཡང་གཡོ་མི་མངའ། །མ་ཧཱ་ཀཱ་ལ་ཁྱོད་ལ་ཕྱག་འཚལ་བསྟོད། །བདུད་བགེགས་མཐར་བྱེད་ཁྱོད་ལ་ཕྱག་འཚལ་རྫས་གསུམ་རྣམ་རྒྱལ་ཁྱོད་ལ༴འཇིགས་རུང་གཏུམ་པོ་ཁྱོད་ལར་ཨོཾ། །ཞེ་སྡང་ཆེན་པོས་ཞེ་སྡང་མཐར་མཛད་པ། །དཔལ་ཆེན་ཁྱོད་ནི་ཐུགས་ཀྱི་མགོན་པོ་སྟེ། །མཐོན་ཀ་ཆེན་པོ་ལྟ་བུར་འབར་བའི་སྐུ། །རིགས་ཀུན་མངའ་བདག་ཁྱོད་ལ་ཕྱག་འཚལ་ལོ། །གཏི་མུག་ཆེན་པོས་གཏི་མུག་མཐར་མཛད་པ། །དཔལ་
(༢༡༦)ཆེན་ཁྱོད་ནི་སྐུ་ཡི་མགོན་པོ་སྟེ། ཁ་བ་དུང་གི་མདོག་ལྟར་དཀར་བའི་སྐུ། བདེ་གཤེགས་རིགས་ཀྱི་གཙོ་ལ་ཕྱག་འཚལ་ལོ། ང་རྒྱལ་ཆེན་པོས་ང་རྒྱལ་མཐར་མཛད་པ། དཔལ་ཆེན་ཁྱོད་ནི་ཡོན་ཏན་མགོན་པོ་སྟེ། གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། རིན་ཆེན་རིགས་ཀྱི་གཙོ་ལ་ཕྱག་འཚལ་ལོ། འདོད་ཆགས་ཆེན་པོས་འདོད་ཆགས་མཐར་མཛད་པ། དཔལ་ཆེན་ཁྱོད་ནི་གསུང་གི་མགོན་པོ་སྟེ། བྱི་རུ་རཀྟ་ཟངས་ཞུན་ལྟར་འབར་སྐུ། པདྨའི་རིགས་ཀྱི་དབང་ཕྱུག་ཆེར་ཕྱག་འཚལ། ཕྲག་དོག་ཆེན་པོས་ཕྲག་དོག་མཐར་མཛད་པ། དཔལ་ཆེན་ཁྱོད་ནི་ཕྲིན་ལས་མགོན་པོ་སྟེ། རིན་ཆེན་མ་རྒད་ཕུང་ཆེན་ལྟར་གསལ་སྐུ། ལས་ཀུན་མངའ་བདག་ཁྱོད་ལ་ཕྱག་འཚལ་ལོ། ཌ་ཀཱི་བྱེ་བ་འབུམ་གྱིས་རབ་བཏུད་ཅིང་། བཅོམ་ལྡན་རྡོ་རྗེ་བདེ་མས་ཡང་དག་འཁྱུད། བདེ་ཆེན་ལྷུན་གྲུབ་མི་ཕྱེད་གོ་འཕང་བརྙེས། རྒྱལ་བ་ཀུན་ཡབ་ཁྱོད་ལ་ཕྱག་འཚལ་ལོ། བ་དན་དཀར་པོ་ཀུན་ཏུ་འཕྲོ་བ་དང་། རབ་རྒྱས་འོད་འབར་ནོར་བུ་འབར་བ་ཅན། ཙནྡན་བིང་ཆེན་དྲག་ཏུ་བསོར་མཛད་དེ། དགྱེས་ཆེན་དུ་མས་རབ་དགྱེས་ཕྱག་འཚལ་ལོ། །ཐོད་ཁྲག་
(༢༡༧)འཐུང་ཞིང་ཅང་ཏེའུ་དྲག་དུང་སྒྲས། །ས་བླ་ས་འོག་ས་སྟེང་སྲིད་པ་གསུམ། །སིལ་བུར་གཡོ་མཛད་ཧ་ཧ་ཧི་ཧི་སོགས། །རབ་བཞད་རྟག་པར་གར་མཛད་ཕྱག་འཚལ་ལོ། །རེས་འགའ་མེ་ལྕེ་འབར་བའི་བསྡིགས་མཛུབ་དང་། །རྡོ་རྗེ་ཞགས་པ་རྡོ་རྗེའི་ལྕགས་ཀྱུ་འབར། །འགྲོ་བ་མཐའ་དག་རང་དབང་མཛད་པའི་སྐུ། ཁྲོ་ཆེན་འདོད་པའི་རྒྱལ་ལ་ཕྱག་འཚལ་ལོ། །ལ་ལར་རལ་གྲི་འཁོར་ལོ་དགྲ་སྟྭ་དང་། །མདུང་དང་རྩེ་གསུམ་ཐོད་དབྱུག་མདའ་གཞུ་སོགས། །ཕྱག་རྒྱ་དུ་མས་བགེགས་ཀུན་མཐར་མཛད་དེ། །རྣམ་འཕྲུལ་རྒྱ་མཚོས་རྣམ་རོལ་ཕྱག་འཚལ་ལོ། ཁྱོད་ཀྱི་ཚུལ་གང་གཅིག་ཏུ་མ་ངེས་ཏེ། །དུ་མའི་མདོག་ཅན་དུ་མའི་ཞལ་དང་ཕྱག། དུ་མའི་རྣམ་པར་འགྱུར་བ་མི་བཟད་པ། །སྲིད་པ་དེ་སྲིད་ཁྱོད་ལ་ཕྱག་འཚལ་ལོ། །མགོན་པོ་རྒྱལ་བའི་དབང་པོ་ཁྱོད་འཕྲུལ་ལས། །བདེ་གཤེགས་སྟོང་སོགས་བསམ་ཡས་སྤྲུལ་པའི་སྐུ། །རྣམ་པར་སྣང་མཛད་ལ་སོགས་ལོངས་སྤྱོད་རྫོགས། །ཞི་དང་ཁྲོ་བོའི་ཚུལ་བརྒྱ་ཉེར་བར་གྲུབ། ཁྱོད་ནི་མཐའ་དག་འགྲོ་བ་འགྲོ་བའི་རྟེན། །དུ་མར་རབ་གྲུབ་གཅིག་དང་དུ་མ་
(༢༡༨)ལས། །ཤིན་ཏུ་རབ་འདས་བརྗོད་དུ་མེད་པ་སྟེ། །རྨོངས་པ་ཀུན་གྱིས་བརྗོད་ཀྱང་ཟད་མི་ཤེས། ཁྱོད་ཚུལ་སུས་ཀྱང་མཐོང་བར་མི་སྤྱོད་པ། ཁྱོད་ཀྱི་མཐའ་ཉིད་ཁོ་ནས་དེར་མཐོང་སྟེ། ཁྱོད་ཀྱི་མཐུ་དབང་མཚུངས་པ་མེད་པ་ཡིས། ཁྱོད་འདིར་གཡེལ་མེད་རྟག་ཏུ་རོལ་པར་གསོལ། །དཔལ་མགྲིན་རི་འཇོམས་ཆུ་ཡི་སྐྱེ་གནས་དང་། །མཚུངས་འཇུག་ནམ་སྤྱོད་ཞགས་ལྡན་དེ་བཞིན་དུ། །རྟག་འགྲོ་མིག་སྐྱ་ལ་སོགས་མཐུ་དང་སྟེ། །དཔག་མེད་ལྡན་པ་དུ་མའི་ཁྱོད་བདག་པོ། ཁྱོད་ནི་ཤན་པ་བྱེ་བའི་གཙོ་བོ་སྟེ། །ཀུན་ལ་ཀུན་ཏུ་བདུད་རྩི་སྦྱིན་བྱེད་ཁྱོད། ཁྱོད་ནི་འགྲོ་ཀུན་དགའ་བྱེད་གཅིག་བུ་སྟེ། །སྲིད་གསུམ་འཇོམས་མཛད་ཁྱོད་ནི་དཔལ་ཆེན་པོ། །ཨེ་མ་མགོན་པོ་དགྲ་ལས་རྣམ་རྒྱལ་ཞབས། །བདུད་གྱི་གཙོ་བོ་བདུད་སྟེའི་དཔུང་འཇོམས་པ། །རྟག་ཏུ་ཞི་ཡང་ཐུགས་རྗེས་ཁྲོས་པའི་གར། །ས་གསུམ་ཁྱབ་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཤིན་ཏུ་མི་བསྲུན་མཚན་མར་འཛིན་པའི་དགྲ། །རིང་ནས་འགྲོ་བ་ཀུན་གྱི་རྗེས་ཞུགས་པ། །རབ་ཏུ་གསོད་བྱེད་ཉོན་མོངས་ཕུང་སོགས་མགོ། །གཅོད་མཛད་དྲག་པོ་དཔལ་
(༢༡༩)ཆེན་རྨད་དུ་བྱུང་། །དོན་དམ་དབྱིངས་སུ་མཐའ་དག་རྣམ་གྲོལ་བ། །དཔའ་ཁྱོད་བསྟན་ལ་ལོག་པར་ཞུགས་པའི་སྙིང་། ཁྲག་དང་བཅས་པ་རྔམས་པས་གསོལ་མཛད་དེ། །ཉམས་པ་མཐའ་དག་ཉམས་པར་མཛད་པ་ལགས། །ལེགས་ལྡན་ཆེན་པོ་ཡབ་ཡུམ་ཁྱོད་ཀྱི་བཀས། །ཚངས་སོགས་མཐུ་ལྡན་རྒྱ་མཚོའི་མཐུ་དཔལ་ཡང་། །གང་ལ་ཉེ་བར་དམིགས་པ་དེ་ཉིད་དུ། །སྐད་ཅིག་སྐད་ཅིག་གཅིག་ལ་གྲུབ་པར་མཛོད། །འདི་ལྟར་བསྲུང་དང་ཞི་དང་རྒྱས་པ་དང་། །མཐའ་དག་རང་དབང་འབྱོར་པའི་ཕྲིན་ལས་བཟང་། །མཆོག་དང་ཐུན་མོང་གྲུབ་པ་ཅི་སྙེད་པ། །བཅོམ་ལྡན་ཁྱོད་ཀྱིས་དེང་འདིར་བསྩལ་བར་མཛོད། །རབ་གཏུམ་ཁྲོས་པའི་གར་ལས་མ་གཡོས་པར། །རྨད་བྱུང་མིག་གི་བདུད་རྩི་ཁྱོད་ཀྱི་སྐུ། །ནད་གདོན་ཉོན་མོངས་ལས་སྐྱེས་སྒྲིབ་པའི་ཚོགས། །བར་དུ་གཅོད་པ་མཐའ་དག་ཞི་བར་མཛོད། །འཆི་བ་མེད་པའི་ཚེ་དང་བསོད་ནམས་མཆོག །འོད་བཟང་ཚ་བོ་བྱེ་བས་བསྐྲུན་མེད་པའི། །དཔལ་འབྱོར་ལོངས་སྤྱོད་ནམ་ཡང་ཟད་མེད་པ། །སྐྱེ་རྒུ་རྣམས་ལ་ཀུན་ཏུ་རྩོལ་
(༢༢༠)བར་མཛོད། །ནམ་ཡང་གཞོམ་དུ་མེད་པའི་བདག་ཉིད་ཅན། །སྲུང་བའི་འཁོར་ལོ་རབ་ཡངས་ཆེས་ཆེར་འབར། །མི་ཤིགས་རྡོ་རྗེའི་དཀྱིལ་འཁོར་མཁའ་ཁྱབ་པར། །མཐའ་དག་ཕྱིན་ལོག་ལམ་ལས་བསྲུང་བར་མཛོད། །འགྲོ་ལ་ཕན་བདེའི་དགེ་ལེགས་དཔག་བསམ་ཤིང་། །བསམ་ཡས་འདོད་རྒུའི་འབྲས་ཟང་མངར་བའི་དཔྱིད། །ལེགས་ལམ་ཡོན་ཏན་མཐའ་ཡས་གྲིབ་བསིལ་ཅན། །ཕྱོགས་དུས་གནས་སྐབས་ཀུན་ཏུ་རྒྱས་པར་མཛོད། །ལྷ་མི་ལྷ་མིན་དྲི་ཟ་མིའམ་ཅི། །རིགས་མཆོག་གཙོ་བོ་ལས་བྱུང་རིག་ས་བླ་མེད། །ཕུལ་ཕྱིན་མཆོག་གི་གྲུབ་སྦྱིན་ཡིད་དུ་འོང་། །མ་ལུས་བདེ་བླག་འགྲུབ་ཅིང་དབང་དུ་མཛོད། །འདོད་སྦྱིན་གཙོ་བོ་གྲུབ་པའི་བསོད་ནམས་སྤྲིན། །དགའ་ཆེན་ཡིད་བཞིན་རྒྱས་གང་ནམ་མཁའི་མཛོད། །རབ་མངར་བདུད་རྩིའི་བཅུད་ལྡན་པདྨོའི་མཚོ། །རང་དབང་འབྱོར་པའི་དཔལ་ཀྱིས་ཚིམས་པར་མཛོད། །ས་གསུམ་རིགས་དབང་བྱེ་བ་དུང་ཕྱུར་འབུམ། །རྐང་དྲུག་ལྡན་པ་མཚོ་སྐྱེས་ཚལ་མཆོག་དང་། །གངྒཱ་ཡ་མུ་ནི་སོགས་རྒྱ་མཚོར་བཞིན། །ཅི་ཡང་འདོད་རྒུའི་དཔལ་འབྱོར་རྩོལ་
(༢༢༡)བར་མཛོད། །འགྲོ་བའི་འདོད་པ་ཇི་སྙེད་དེ་སྙེད་དུ། །ཕྲིན་ལས་རྒྱ་མཚོའི་འཇུག་པ་མི་དམན་པ། རབ་ཡངས་ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་པར། །རྟག་པར་ལྷུན་གྱིས་གྲུབ་པའི་བཀའ་དྲིན་སྩོལ། །འདི་ལྟར་ཁྱོད་ལ་བསྟོད་ཅིང་གསོལ་བའི་ཚིག །ཉུང་ངུ་ཡིས་ཀྱང་དོན་མང་ཉེར་མཚོན་པས། །བསྐུལ་བའི་འབྲས་བུ་གེགས་མེད་མྱུར་འགྲུབ་སྟེ། །ཐམས་ཅད་རྡོ་རྗེ་འཛིན་དབང་ཉིད་གྱུར་ཅིག །ཅེས་པས་དཔལ་མགོན་པོ་ལ་བསྟོད་དོ། །དེ་ནས་དཔལ་ལྡན་ལྷ་མོ་ལ་བསྟོད་པའི་རིམ་པ་ལ། སློབ་དཔོན་པདྨས་མཛད་པ་ཞང་བཙུན་དར་མ་རིན་ཆེན་གྱི་གཏེར་བྱོན་རྒྱུད་ལས་འབྱུང་བ་ནི། བྷྱོ། རླུང་ནག་འཚུབས་མ་དགུ་ཀློང་འཁྱིལ་བའི་དབུས། །ཕོ་བྲང་གཞལ་ཡས་ཐོད་པའི་སྐུ་མཁར་ནས། །མ་ཅིག་དཔལ་ལྡན་ལྷ་མོ་ཆེན་མོ་ནི། །སྲིན་པོ་ནག་པོའི་ཆུང་མ་རལ་པ་ཅན། །གསང་བའི་ལྷ་མོ་བོང་ཞོན་དབང་ཕྱུག་མ། །ཞལ་ནི་ཟླ་ལྟར་བཞད་པས་མུན་པ་སེལ། །རྔམས་པའི་ཚུལ་གྱིས་ཐོད་ཁྲག་དམར་ལ་རོལ། །སྐྱེ་བ་རྣམ་བཞིའི་འགྲོ་བའི་དོན་སྟོན་མ། ཁྱོད་ནི་ནག་མོ་འབུམ་གྱི་དབུས་ན་བཞུགས། །དབང་ཕྱུག་དྲག་མོ་ཀུན་གྱི་གཙོ་མོ་སྟེ། ཁྲོ་མོ་ཀུན་གྱི་ཐུགས་ཀྱི་སྤྲུལ་
(༢༢༢)པ་ཡིན། །ཉེར་བར་དམ་ཚིག་ལས་རྣམས་འགྲུབ་པར་མཛོད། །རྡོ་རྗེ་ནག་མོ་མཆེ་བ་གཙིགས་པའི་ཞལ། །དུས་གསུམ་སངས་རྒྱས་ཀུན་དང་སྦྱོར་བའི་ཡུམ། །སྲིད་གསུམ་ཟ་བར་བྱེད་པའི་ལྷ་མོ་ལ། །ཤིང་ལོ་རླུང་ཁྱེར་ས་ལ་མ་ཕོག་ང་ལ་ཡོད། །མི་དབང་འབྲས་བུ་སྨིན་པའི་ཤ་ནི་སྐམ་ལེགས་དང་། །མཚལ་གྱི་ཤིང་ཏོག་སྐམ་པོ་བུ་ལ་ཡོད། རྣམ་དག་བདུད་རྩིའི་གཏོར་མས་མཉེས་མཆོད་འབུལ། །མ་བུས་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་པ་འདི་ཕྲིན་བཅོལ་ལྟ་བུར་སྣང་ཡང་། སྔོན་གྱི་ཡིག་རྙིང་ཐམས་ཅད་དུ་བསྟོད་པའི་གཙོ་བོར་འབྱུང་བ་བཞིན་སྐབས་འདིར་ཡང་རང་སོར་བཞག་པའོ། །དཔལ་ལྡན་ལྷ་མོ་ཞལ་གཅིག་ཕྱག་བཞི་མ་ལ་མངོན་རྟོགས་ཀྱི་སྒོ་ནས་བསྟོད་པ་ནི། སློབ་དཔོན་པདྨའི་གསུང་པུ་རང་པའི་གཏེར་རྒྱུད་ལས། བྷྱོ། དཔལ་ལྡན་ལྷ་མོ་རེ་མ་ཏི། ཁྱོད་ཀྱི་མིང་ནས་འབོད་པ་ནི། །ཉི་མ་བྱང་ཤར་ཕ་ཀི་ན། །བྲག་དང་ཆུ་འཐབས་ཕར་འདས་ན། །མུ་ལེ་མཐིང་མཚོའི་ནང་ཤེད་ན། །མཐིང་ཤུན་སྔོན་པོའི་གུར་ཁང་ནས། །མ་མོ་ཡོངས་ཀྱི་གཙོ་མོ་ནི། །གཅིག་པུར་བཞུགས་པའི་འགྱིང་བག་ཅན། །མི་རོ་རྟ་རོ་བཅལ་དུ་བཀྲམ། །བམ་ཆེན་སྟེང་
(༢༢༣)ན་བརྐྱང་བསྐུམ་བཞུགས། བར་སྣང་ཁམས་ནས་གཤེགས་པའི་ཚེ། གསེར་གྱི་རྡེའུ་ཆུང་ཏི་རི་རི། གསེར་གྱི་རྡེའུ་ཆུང་བརྡུང་ཙམ་ན། ནག་མོ་འཁོར་བཅས་ཤ་ར་ར། ནག་མོ་འཁོར་བཅས་ཤར་ཙམ་ན། གུ་ཧྱ་ནག་མོ་རཀྟ་མཛོད། དམར་ཆེན་ཁྲག་གི་ལྕེ་རིས་ཅན། ཤྭ་ན་རཀྟ་པྲེངས་སེ་པྲེང་། ཤྭ་ན་རཀྟ་པྲེང་ཙམ་ན། ནག་མོ་འཁོར་བཅས་ཤ་ར་ར། ནག་མོ་འཁོར་བཅས་ཤར་ཙམ་ན། བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ། ཆིབས་སུ་དྲེལ་རྟ་རྐང་གསུམ་ཆིབས། གཡུ་ཐུར་སྔོན་མོ་བྲེངས་སེ་བྲེང་། བསེ་སྒ་དམར་པོ་ཝངས་སེ་ཝང་། སྤྲུལ་ནག་སྟོང་གི་གོང་སྨད་ཙན། མཆོང་གི་གློ་ནན་ཁྱུགས་སེ་ཁྱུག །ཟླ་བ་གཅིག་ལ་འཁོར་གསུམ་དུ། །སྟོང་ཁམས་མ་ལུས་ཁྱབ་པར་ཉུལ། །དཔག་ཆད་བརྒྱད་ཁྲི་བཞི་སྟོང་ཡང་། །ཐང་ཅིག་ཙམ་ལ་ཡུད་ཀྱིས་རྒྱུག། སྐུ་མདོག་མཐིང་ནག་འཇིགས་ཚུལ་ཅན། །དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། །རལ་པའི་ཅོད་པན་རེ་རེ་ལ། །གསེར་ཡུ་མུ་ཏིག་ཆུན་འཕྱངས་ཅན། །ཕྱག་བཞིའི་གཡས་ཀྱི་དང་པོ་ན། ཁ་ཊྭཱྃ་ག་ནི་རྩེ་གསུམ་བསྣམས། །དགྲ་
(༢༢༤)བགེགས་མ་ལུས་རྡུལ་དུ་རློག །གཡོན་གྱི་དང་པོའི་ཕྱག་མཚན་ནི། འཕྲུལ་གྱི་མེ་ལོང་ཕྱི་ཞིང་བལྟ། སྲིད་པ་གསུམ་ཡང་ས་ལེར་གཟིགས། གཡས་ཀྱི་འོག་མའི་ཕྱག་མཚན་ནི། གནམ་ལྕགས་ཕུར་པ་འདྲིལ་ཞིང་འདེབས། དགྲ་བགེགས་ཀླད་པའི་རྒྱས་སུ་འདེབས། གཡོན་གྱི་འོག་མའི་ཕྱག་མཚན་ནི། སྦྲུལ་ནག་སྟོང་གི་ཞགས་པ་བསྣམས། དམ་ལས་འདས་པ་བཀྱིག་པར་མཛོད། དྲེལ་ནག་བཅིབས་པའི་སྔ་གོང་ལ། ནད་ཀྱི་རྐྱལ་པ་སྔོ་དམར་བཀལ།། །དྲེལ་ནག་བཅིབས་པའི་ཕྱི་ཤད་ལ། །མཚོན་གྱི་གྲུ་གུ་སྔོ་དམར་བཏགས། །ནད་དང་རིམས་ཀྱི་སྐོས་འདེབས་མ། །མདུན་དུ་ཤོ་རྡེལ་དཀར་ནག་བཀྲམ། །ཕྱག་ན་བདུད་ཀྱི་ཁྲམ་བམ་ཐོགས། །སྐྱེ་འགྲོ་ཡོངས་ཀྱི་རྩིས་འཛིན་མ། །ལེགས་ཉེས་གཉིས་ཀྱི་སྟངས་འཛིན་མ། །སྟོང་གསུམ་ཡོངས་ཀྱི་ཉུལ་ལེ་མ། །ནད་ཀྱི་བདག་མོ་རིམས་ཀྱི་རྒྱལ། །བདུད་མོ་བྱེ་བ་འབུམ་གྱིས་བསྐོར། །དབྱིངས་ཕྱུག་ལྷ་མོ་བཻ་ཏ་ལི། །འདོད་ཁམས་དབང་ཕྱུག་རེ་མ་ཏི། །རྡོ་རྗེ་ཟ་བྱེད་ཆེན་མོ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་བསྟོད། །ཅེས་རྒྱུད་ཐོད་པ་ནག་པོ་དང་། དཔལ་
(༢༢༥)ལྡན་མར་བསྟོད་པའི་རྒྱུད་ཀྱི་རྒྱལ་པོ་ལས། གནོད་སྦྱིན་གྱི་རྒྱལ་པོ་རྣམ་ཐོས་སྲས་ཀྱིས་ལམ་རྣམ་པ་ལྔའི་ཚུལ་གྱིས་བསྟོད་པ། བྷྱོ། དམ་པ་རྣམས་ཀྱིས་བགྲོད་པའི་ཁྱད་པར་ནི། ཚོགས་ཀྱིས་སྦྱངས་ནས་དོན་ཡོད་མཐོང་བ་ཡི། གཉེན་པོ་ཡེ་ཤེས་རིམ་པར་བསྒོམ་པ་ལས། མཐར་ཕྱིན་ས་ལ་གཤེགས་པའི་དོན་མཆོག་ལགས། དེ་བས་ལྷ་མོ་ཁྱེད་ཀྱི་མཚན་ཉིད་ནི། འདི་ལྟར་རབ་ལྡན་ཁྱོད་ཀྱི་ཁྱད་པར་སྟེ། དང་པོའི་ཚོགས་ལས་ཡང་དག་རབ་བསགས་པས། དང་པོའི་ས་ལས་སྦྱོར་བའི་ཏིང་འཛིན་བརྙེས། རབ་ཏུ་དགའ་བའི་ས་ལ་དོན་དམ་ནི། རྣམ་པར་མི་རྟོག་སྐྱེ་མེད་ཚུལ་གྱིས་གཟིགས། དཔལ་ལྡན་བྱང་ཆུབ་སེམས་དཔའི་ཁྱད་པར་ནི། རང་སེམས་ས་གཉིས་དག་ལ་རབ་བརྟེན་ནས། དེ་བཞིན་ས་གསུམ་དག་པའི་ཕ་རོལ་སོན། རང་སེམས་བཞི་པའི་ས་ལ་ཆེར་བསྒོམས་པས། ལྔ་པའི་ས་ལ་བསམ་གཏན་ཕ་རོལ་སོན། རང་སེམས་དྲུག་པའི་ས་ལ་ཆེར་སྦྱངས་པས། བདུན་པ་ལ་ནི་ཐབས་ཀྱི་ཕ་རོལ་སོན། རང་སེམས་བརྒྱད་པ་ཉིད་ལ་ཆེར་བསྒོམས་པས། དཔལ་
(༢༢༦)ལྡན་ལྷ་མོ་ནག་མོའི་སྨོན་ལམ་ཉིད། །དགུ་པ་ལ་ཡང་སྟོབས་ཀྱི་ཡོན་ཏན་སྒྲུབ། །དེ་ཡི་སྟོབས་ཀྱིས་ཡེ་ཤེས་འཕེན་པར་འགྲུབ། །འདི་ལྟར་རྣམ་པར་རྫོགས་པར་བྱས་ནས་ནི། །སངས་རྒྱས་ས་ལ་སྨིན་པའི་སྨོན་ལམ་ཅན། །ས་བརྒྱད་ནོན་པས་གཞོན་ནུའི་ཚུལ་འཆང་མ། །འགྲོ་བ་འདུལ་ཕྱིར་དྲག་པོའི་ཚུལ་སྟོན་ཅིང་། །བསྟན་པ་བསྲུང་ཕྱིར་སྣ་ཚོགས་སྐུར་སྤྲུལ་ནས། །གདུག་པ་འདུལ་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །བདག་ཀྱང་ཁྱོད་ཀྱི་ལམ་ལྟར་མྱུར་འགྲུབ་ཤོག །ཅེས་དང་། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པས་ཕྲིན་ལས་བཞི་ཡི་སྒོ་ནས་བསྟོད་པ་ནི། བྷྱོ། སེམས་ཉིད་ཕྲིན་ལས་རྣམ་བཞིའི་ཁྱད་པར་ནི། །སེམས་ཉིད་གུད་ན་མེད་ཅིང་སེམས་ཀྱང་མེད། །དོན་དམ་སྤྲོས་བྲལ་ཁ་དོག་གཟུགས་ཀྱང་མེད། །ཀུན་རྫོབ་སྒྱུ་མ་ཙམ་དུ་རང་གི་སེམས། །མཐུན་པར་བསྟན་པའི་ཞི་བའི་དཔལ་ལྷ་མོ། །ཞི་མཛད་ཞི་གྱུར་ཞི་བའི་ངང་ཚུལ་ཅན། །ཞི་བའི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི། །རྟགས་ཀྱི་སྐུ་མདོག་དཀར་མོ་ཤིན་ཏུ་བརྗིད། །ཀུན་ཏུ་ཞི་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །བདག་གི་དགྲ་དང་ནད་རྣམས་ཞི་བར་
(༢༢༧)མཛོད། །མཐུན་པར་བསྟན་པའི་རྒྱས་པའི་དཔལ་ལྷ་མོ། །རྒྱས་མཛད་རྒྱས་གྱུར་རྒྱས་པའི་ངང་ཚུལ་ཅན། །རྒྱས་པའི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི། །རྟགས་ཀྱི་སྐུ་མདོག་སེར་མོ་ཤིན་ཏུ་བརྗིད། །ཀུན་ཏུ་རྒྱས་མཛད་མ་ལ་ཕྱག་འཚལ་བསྟོད། །བདག་གི་ཚེ་བསོད་ཡེ་ཤེས་རྒྱས་པར་མཛོད། །མཐུན་པར་བསྟན་པའི་དབང་གི་དཔལ་ལྷ་མོ། །དབང་མཛད་དབང་གྱུར་དབང་གི་ངང་ཚུལ་ཅན། །དབང་གི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི། །རྟགས་ཀྱི་སྐུ་མདོག་དམར་མོ་ཤིན་ཏུ་བརྗིད། །ཀུན་ཏུ་དབང་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །བདག་གི་འཁོར་དང་ལོངས་སྤྱོད་དབང་དུ་མཛོད། །མཐུན་པར་བསྟན་པའི་དྲག་པོའི་དཔལ་ལྷ་མོ། །དྲག་མཛད་དྲག་གྱུར་དྲག་པོའི་ངང་ཚུལ་ཅན། །དྲག་པོའི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི། །རྟགས་ཀྱི་སྐུ་མདོག་ནག་མོ་ཤིན་ཏུ་བརྗིད། །ཀུན་ཏུ་དྲག་མཛད་མ་ལ་ཕྱག་འཚལ་བསྟོད། །བདག་གི་དགྲ་དང་ནད་རྣམས་དྲག་པོས་སོད། ཁྱོད་ཀྱི་རང་བཞིན་ཅིར་ཡང་མ་གྲུབ་ལ། །འདི་ལྟར་མཚན་ཉིད་ཅིར་ཡང་སྣང་བ་ནི། །ཕྲིན་ལས་རྣམ་བཞིས་འགྲོ་དོན་མཛད་
(༢༢༨)པ་ལགས། །བདག་ཀྱང་ལས་བཞིའི་རང་བཞིན་ལྷུན་གྲུབ་ནས། ཁྱོད་ལྟར་གཞན་གྱི་དོན་ལ་བརྩོན་གྱུར་ཏེ། །འགྲོ་བ་སྒྲོལ་བའི་མཐུ་དང་ལྡན་པར་ཤོག །ཅེས་དང་། ལྷ་མ་ཡིན་གྱི་རྒྱལ་པོ་ཐག་བཟང་རིས་ཀྱིས་དོན་དམ་པའི་སྒོ་ནས་བསྟོད་པ། བྷྱོ། སྤྲོས་བྲལ་འོད་གསལ་ཡང་དག་ཞི་བའི་ངང་། །ཐུགས་ཀྱི་ཐུགས་མཆོག་རྣམ་དག་བདེན་པའི་ཡུམ། །གདོད་ནས་གཉིས་མེད་ནམ་མཁའི་སྙིང་པོ་ནི། །དཔལ་ལྡན་ཁྱོད་ཀྱི་རང་བཞིན་ཁྱད་པར་འཕགས། །འདི་ལྟར་རྣམ་དག་བརྗོད་མེད་ངོ་བོ་ལས། །བྱིས་པ་རྣམས་ནི་བསྟོད་པ་བྱེད་པས་བསླུ། །བློན་པོ་རྣམས་ཀྱིས་དངོས་པོར་རབ་བཏགས་ནས། །གཟུགས་ཅན་ཚུལ་དུ་གང་ཞིག་བསྟོད་པའི་ཚིག །རྒྱལ་བའི་དགོངས་པ་ཐུགས་ཆུད་ཁྱོད་ལ་ནི། །ཚིག་དང་ཡི་གེའི་སྒོ་ནས་བསྟོད་པ་རྣམས། །ནམ་ཡང་གྲོལ་བར་འགྱུར་བའི་ཆོས་ཉིད་མིན། །གདོད་ནས་གཉིས་མེད་བདེ་ཆེན་མ་རྟོགས་པར། ཁྱོད་ཀྱི་སྨོན་ལམ་རྟགས་ཀྱི་ཆོ་འཕྲུལ་ལ། །དོན་ཏུ་བཟུང་ནས་གང་ཞིག་བསྟོད་པ་རྣམས། ཁྱོད་ལ་བསྟེན་ནས་ཐམས་ཅད་ལྟུང་བར་འགྱུར། །གང་ཞིག་སྐྱེ་བ་མེད་པར་ཤེས་པ་དང་། །
(༢༢༩)གདོད་ནས་གཉིས་མེད་སྙིང་པོ་བསྒོམ་ནུས་ན། །གང་ཟག་དེས་ནི་ཁྱོད་ཉིད་བསྟོད་པ་ཡིན། ཁྱོད་ཀྱི་གཟུགས་དང་ཁ་དོག་འཛིན་པ་ཡིས། །བསྐལ་པ་གྲངས་མེད་འདས་པར་རབ་བལྟས་ཀྱང་། ཁྱོད་ཀྱི་གཟུགས་དང་ཁ་དོག་མཐོང་མི་ནུས། །གང་ཞིག་གཟུགས་སུ་མི་འཛིན་རྣམས་ཀྱིས་མཐོང་། །སྒྲ་དང་ཚིགས་དང་བརྗོད་པ་ཐམས་ཅད་ཀྱིས། ཁྱོད་ཉིད་བལྟས་ཀྱང་བསྐལ་པར་མི་མཐོང་སྟེ། །འདི་དག་སྤངས་པའི་རྣལ་འབྱོར་དེ་ཡིས་ནི། ཁྱོད་ཀྱང་མཐོང་ལ་དེ་ཡང་ཁྱོད་ཀྱིས་མཐོང་། །གང་ཞིག་ལུས་ངག་བལྟ་བས་ཁྱོད་བསྒྲུབ་ན། །བླུན་པོ་དེ་ཡིས་ནམ་ཡང་ཁྱོད་ཉིད་སྤངས། །ལུས་ངག་སྤངས་པའི་སེམས་ཀྱིས་ཁྱོད་མཆོད་པས། །མཆོད་ན་དངོས་གྲུབ་དེ་ཡིས་ཐོབ་པར་འགྱུར། ཁྱོད་ནི་རྒྱལ་བ་མང་པོའི་ཡོན་ཏན་སྡུད། །ཆོས་ཀྱི་དབྱིངས་ནས་རྒྱལ་བ་རྣམས་དང་རོལ། །ཟབ་མོ་དབུ་མའི་རང་བཞིན་སྟོན་པའི་ཕྱིར། །མི་འཇེད་འཇིག་རྟེན་ཤིན་ཏུ་རྩུབ་པ་འདིར། །ཕྱི་རོལ་ཚུལ་གྱིས་ཐམས་ཅད་འདྲེན་
(༢༣༠)མཛད་མ། ཁྱོད་ཀྱི་སྐུ་ནི་འདི་ལྟར་རབ་བརྟགས་པ། །སྒྲིབ་པ་མང་པོ་སྟོང་ཉིད་ངང་དུ་གཤེགས། །སྟོང་ཉིད་དམ་པ་སྟོང་པ་ཡང་དག་ཁྱོད། །སྟོང་པ་གཉིས་མེད་ཤེས་པ་རྣམས་ཀྱིས་བསྟོད། །འདི་ལྟར་བསྟོད་ན་བསྟོད་པར་འགྱུར་དྲང་བས། ཁྱོད་ནི་བསྟོད་པའི་ཡུལ་ཅན་མ་ཡིན་ཡང་། །བྱིས་པ་དྲང་ཕྱིར་ཁྱོད་ལ་འདི་ལྟར་བསྟོད། །ཅེས་དང་། མིའམ་ཅིའི་རྒྱལ་པོ་ལྗོན་པ་རྟ་མགོ་ཅན་གྱིས་གཉིས་སུ་མེད་པའི་སྒོ་ནས་བསྟོད་པ། བྷྱོ། དཔལ་ལྡན་ལྷ་མོ་གཉིས་སུ་མེད་པ་སྟེ། །དོན་དམ་སྤྲོས་བྲལ་ཆོས་ཉིད་འདི་ལས་བཙལ། །དོན་དམ་ཀུན་རྫོབ་གཉིས་སུ་མེད་པས་བདེན། །འཁོར་བ་མྱང་འདས་གཉིས་སུ་མེད་པས་ཟབ། །སེམས་ཅན་སངས་རྒྱས་གཉིས་སུ་མེད་པས་འཕགས། །ལས་དང་རྣམ་སྨིན་གཉིས་སུ་མེད་པས་བསྟོད། །རྒྱུ་དང་འབྲས་བུ་གཉིས་སུ་མེད་པས་སྨིན། །ཡུལ་དང་ཡུལ་ཅན་གཉིས་མེད་གཅིག་གི་དང་། སྤྲོས་དང་སྤྲོས་མེད་དོན་དམ་དབྱིངས་ཀྱིས་བསྡུས། །བསོད་ནམས་ཡེ་ཤེས་གཉིས་མེད་ཚོགས་ཆེན་ཏེ། །མཐོང་དང་དམ་པ་གཉིས་མེད་དག་པས་བསྟོད། །
(༢༣༡)བདག་དང་གཞན་གྱི་ཆོས་ནི་ངང་ཚུལ་གཅིག །གཟུང་དང་འཛིན་པ་གཉིས་མེད་ཟབ་མོའི་མཐུ། །མཐོ་རིས་ངན་སོང་གཉིས་བྲལ་དག་པའི་ཞིང་། །བཟང་ངན་གཉིས་མེད་རང་བཞིན་གཅིག་གིས་བསྟོད། །བསྐྱེད་མེད་རྫོགས་པ་གཉིས་མེད་ལྷུན་གྲུབ་མཆོག །སེམས་དང་ཕུང་པོ་གཉིས་མེད་སེམས་ཉིད་དེ། །སྒྲུབ་དང་བསྒྲུབ་བྱ་གཉིས་མེད་གྲུབ་པའི་ངང་། །བདག་གཞན་གཉིས་མེད་ཚུལ་མཆོག་གཅིག་གིས་བསྟོད། །ཡབ་དང་ཡུམ་མཁའ་གཉིས་མེད་བྱང་ཆུབ་སེམས། །ཐབས་དང་ཤེས་རབ་གཉིས་སུ་མེད་པའི་དོན། །སྟོང་དང་མི་སྟོང་གཉིས་མེད་ཞི་བའི་ངང་། །གྱུར་དང་འགྱུར་མེད་རྩོལ་བྲལ་ཕྱག་འཚལ་བསྟོད། །སྒྲ་ཚིག་གཉིས་མེད་བརྗོད་པ་མེད་པའི་ངང་། །ལུས་ངག་གཉིས་མེད་སེམས་ཉིད་གཅིག་གི་ཚུལ། །རྩོལ་མེད་རྩོལ་བྱ་གཉིས་མེད་དོན་གཅིག་པས། །རྣམ་པར་སྤྲོས་མེད་དོན་དམ་དབྱིངས་ཀྱིས་བསྟོད། །མུ་སྟེགས་སངས་རྒྱས་གཉིས་མེད་ཚུལ་གཅིག་པས། །དབྱིངས་དང་ཡེ་ཤེས་གཉིས་
(༢༣༢)མེད་དོན་རྟོགས་ཏེ། །སྲིད་དང་རྣམ་གྲོལ་ཡང་དག་དོན་གཅིག་པས། །ཐམས་ཅད་གཉིས་མེད་སྐུ་ལ་ཕྱག་འཚལ་བསྟོད། །ཕྱི་དང་ནང་མེད་གཉིས་མེད་གཅིག་གི་དང་། །སེམས་ལྡན་སེམས་མེད་རྣམ་དག་ཞི་བའི་ཚུལ། །སྣང་དང་མི་སྣང་གཉིས་མེད་གཅིག་གིས་མཐོང་། །གཉིས་མེད་དོན་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །འདི་དག་རྣམས་ནི་དོན་དམ་ཟབ་མོའི་ཚུལ། །སྤྲོས་པ་མེད་པའི་དོན་དང་འབྲེལ་བ་སྟེ། །འདི་རྣམས་ལྷ་མོ་ཁྱོད་ཀྱི་ཐུགས་ལ་གསལ། །འདི་ལྟར་བསྟོད་པས་བདག་ཀྱང་ཁྱོད་ལྟར་ཤོག །ཅེས་དང་། གྲུལ་བུམ་གྱི་རྒྱལ་པོ་གདེངས་ཀ་དགུ་པས་སྐུ་གསུང་ཐུགས་ཀྱི་སྒོ་ནས་བསྟོད་པ། བྷྱོ། དོན་དམ་གཉིས་མེད་བྱང་ཆུབ་སེམས་ཡིན་ཀྱང་། །སྲིད་གསུམ་འདུལ་ཕྱིར་རྟགས་ཀྱི་ཕྱག་རྒྱ་ནི། །རང་སེམས་རྣམ་དག་དྲག་པོའི་གཞལ་ཡས་ཁང་། །རཀྟ་ཁྲག་གི་རྒྱ་མཚོ་འཁྱིལ་པ་ལས། །ཀེང་རུས་ཐོད་ཕྲེང་ཞིང་གི་པགས་པས་བརྒྱན། །སྐུ་མདོག་ནག་ལ་འབར་འཇིགས་ཁྲོ་མོའི་རྒྱལ། །རབ་གཏུམ་ཁྲོས་པའི་བཞིན་རས་རྔམས་པའི་ལུས། །སྲིན་
(༢༣༣)མོ་རལ་པ་གཟེངས་པའི་སྤྲུལ་པ་འགྱེད། །སྐུ་ཡི་སྤྲུལ་པ་དཔལ་ལྡན་རེ་མ་ཛ། །གྲུ་གསུམ་སེར་ནག་ཞལ་གྱི་དབྱིངས་ནས་བཞེངས། །ཡོན་ཏན་རྒྱས་མཛད་སེར་མོ་མཁའ་ལ་བཞད། །ཕྲིན་ལས་རྒྱས་པ་ཐམས་ཅད་ཉེ་བར་མཛོད། །གསུང་གི་སྤྲུལ་པ་དཔལ་ལྡན་རེ་མ་ཛུ། །གྲུ་གསུམ་དམར་ནག་ཞལ་གྱི་དབྱིངས་ནས་བཞེངས། །དམར་མོ་ཆེན་མོ་དམར་ཆེན་གཏུམ་པ་སྟེ། །དབང་གི་ཕྲིན་ལས་ཐམས་ཅད་གྲུབ་པར་མཛོད། །ཐུགས་ཀྱི་སྤྲུལ་པ་དཔལ་ལྡན་རེ་མ་ཏི། །གྲུ་གསུམ་སྔོ་སྐྱ་ཞལ་གྱི་དབྱིངས་ནས་བཞེངས། །དཀར་མོ་ཆེན་མོ་ཞི་བའི་ཕོ་ཉ་སྟེ། །ཞི་བའི་ཕྲིན་ལས་ཐམས་ཅད་གྲུབ་པར་མཛོད། །སྐུ་གསུང་ཐུགས་ལྡན་སྤྲུལ་པ་རྒྱ་མཚོ་མ། །དྲག་པོ་གཏུམ་མཛད་བདུད་དཔུང་ཟིལ་གྱིས་གནོན། །འགྲོ་དྲུག་སྒྲོལ་མཛད་སེམས་ཅན་ཀུན་གྱི་མ། །བསྟན་པ་རྒྱས་མཛད་མ་ལ་ཕྱག་འཚལ་བསྟོད། །ཅེས་པ་རྣམས་ཀྱིས་དཔལ་ལྷ་མོ་ལ་བསྟོད་དོ། །འཁོར་རྣམས་ལ་བསྟོད་པ་ནི། ཧཱུྃ། ཧེ་རུ་ཀ་ཡི་གྲོང་ཁྱེར་མཆོག །ནག་པོ་ཆེན་པོའི་བཀའ་འཁོར་
(༢༣༤)དུ། །ཡེ་ཤེས་ལས་དང་འཇིག་རྟེན་གྱི། །ཤ་ཟ་སྡེ་བརྒྱད་དྲེགས་པའི་ཚུལ། །ཐབས་ཤེས་མཉམ་པའི་དཀྱིལ་འཁོར་ལྷ། སྤྲུལ་དང་ལས་ལས་གྲུབ་པའི་ཚོགས། །དུར་ཁྲོད་མགོན་པོ་བདུད་སྡེའི་གཤེད། །དབུགས་ལེན་ཡབ་ཡུམ་བཅུ་དྲུག་དང་། །འདོད་རྒུར་བསྒྱུར་བའི་སྟོབས་པོ་ཆེ། །ཕྱོགས་རྣམས་སྐྱོང་བའི་མགོན་པོ་བཅུ། །སྟོང་ཁམས་ཡོངས་ཀྱི་སྲོག་གི་བདག །དྲེགས་པའི་གཙོ་བོ་བདུན་ཅུ་གཉིས། སྲིད་གསུམ་སྲོག་བདུད་ཤན་པའི་རྒྱལ། དཔའ་བོ་མྱུར་མགྱོགས་དམག་དཔོན་གསུམ། འགུགས་བསྒྲལ་བསད་བཟློག་སྲུང་བ་ཡི། ལས་མཁན་མ་མོ་ཉི་ཤུ་བརྒྱད། གླིང་བཞིར་དབང་མཛད་སྲིང་མོ་བཞི། སྣང་སྲིད་ཁྱབ་པའི་འབར་མ་དགུ། དུས་ཀྱི་བདག་མོ་ལྷ་མོ་བཞི། མ་སྲིང་མཛའ་མོ་བྲན་མོའི་སྡེ། དཔལ་འབར་དབང་མོ་ཉི་ཤུ་བརྒྱད། ཛམ་བུ་གླིང་གི་ཟོ་དོར་ཆེ། བསྟན་སྐྱོང་ཡ་མ་བཅུ་གཉིས་དང་། ལྷ་སྲིན་མ་མོ་རུ་འདྲེན་གཙོ། འཇིགས་བྱེད་དམག་གི་རྒྱལ་མོ་བཞི། །ཕྱི་ཡི་གཡུལ་དཔོན་རྒྱལ་
(༢༣༥)ཆེན་བཞི། །ཕྱོགས་སྐྱོང་དཔལ་མགོན་ཕྱི་དང་ནང་། །གསང་བ་ཡང་གསང་གབ་ཅིང་སྦས། །བཏགས་ཤིང་ཆགས་པའི་སྡེ་བརྒྱད་དཔུང་། །ཕོ་ཉ་མོན་བདུད་ཀིང་ལང་ཀ། བྱ་གཅན་གཏུམ་པོའི་ཚོགས་དང་བཅས། །སྲིད་ཞི་མཉམ་སྦྱོར་གདལ་བའི་ཀློང་། །དཔལ་མགོན་ལྕམ་དྲལ་དཀྱིལ་འཁོར་དུ། །མ་ལུས་རྫོགས་པའི་བཀའ་ཡི་འཁོར། །མེ་ལྟར་འབར་ཞིང་སྤྲིན་ལྟར་གཏིབས། །རླུང་ལྟར་འཕྱོ་ཞིང་ཐོགས་ལྟར་འབེབས། གློག་ལྟར་མྱུར་ཞིང་མཁའ་ལྟར་ཁྱབ། གྲོགས་ལྟར་གདུང་ཞིང་འབངས་ལྟར་གུས། ཉམས་པའི་སྲོག་དབུགས་དྲོད་ལ་རྔམས། རྣམ་འགྱུར་ཆ་ལུགས་ས་མ་ཡ། གོ་ཆ་སྲ་ལ་མཚོན་ཆ་རྣོ། སྟོང་གསུམ་དཀྲུགས་ཤིང་རི་རབ་འཕེན། གནམ་ས་ལྡོག་ཅིང་རྒྱ་མཚོ་རྡུབས། ཨ་ལ་ལ་ཡི་གད་རྒྱང་ས་ཅན། ཉི་མ་འབུམ་གྱི་གཟི་བརྗིད་འབར། རྔམས་པའི་སྟངས་སྟབས་ཐང་ཅིག་གིས། ཚངས་པ་རྔ་སྒྲའི་ཞིང་ཁམས་གཡོ། བཟློག་ཏུ་མེད་པའི་མཐུ་སྟོབས་ཅན།
(༢༣༦)བརྗོད་དུ་མེད་པའི་ཡོན་ཏན་བདག །འགྲན་དུ་མེད་པའི་དཔལ་འབར་ལྟར། །བསྟོད་དོ་རྣལ་འབྱོར་བསམ་པ་སྒྲུབས། །བསྟོད་དོ་ལས་ལ་རྩལ་མ་ཞན། །བསྟོད་དོ་བརྣག་པའི་དགྲ་བགེགས་ཐུལ། །བསྟོད་དོ་ཆོས་འཁོར་དགོན་སྡེ་སྐྱོངས། །མི་ནུབ་བསྟན་པའི་རྒྱལ་མཚན་ཕྱོར། །བཅོལ་བའི་ཕྲིན་ལས་བསྒྲུབ་ཏུ་གསོལ། །ཞེས་དང་། གཞན་ཡང་འཁོར་ལྔ་ལ་སོགས་པའི་ཆོས་སྐྱོང་གི་བསྟོད་པའི་རིགས་རྣམས་སྐངས་འདིར་བྱས་མཐར། བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་བསྟོད། །ཅེས་པ་རྣམས་ཀྱིས་མགོན་པོ་ལྕམ་དྲལ་འཁོར་བཅས་ཀྱི་ཡོན་ཏན་ལ་བསྟོད་པས་མཉེས་པར་བྱའོ། །བཅུ་དགུ་པ་ནི། འདིར་བརྒྱུད་པའི་མན་ངག་གི་ཕྱག་བཞེས་ལས་འབྱུང་བ་བཞིན། སྤྱི་ཙམ་དུ་བསྙེན་སྒྲུབ་ཀྱི་རྣལ་འབྱོར་གཙོ་བོར་བྱས་པའི་སྐུ་གསུང་ཐུགས་ཀྱི་སྙིང་པོ་ལ་སོགས་པ་བཟླས་པའི་རིམ་པའམ། ལས་བྱེ་བྲག་པའི་དམིགས་བཟླས་སོགས་སྐབས་ཐོབ་ཀྱི་སྦྱོར་བ་ཇི་ལྟར་འོས་པས་འཇུག །ཐུན་གྱི་རྗེས་རིམ་ཡང་ལས་ཁྱད་པར་བ་རྣམས་སོ་སོའི་གཞུང་ལས་ཤེས་ཤིང་། །
(༢༣༧)འདིར་སྤྱི་ཙམ་དུ་ཐུན་གཏོར་ལ་དམིགས་པའི་འགུག་གཞུག་ལན་གསུམ་མཐར། བསྒྲལ་བརླབས་བསྟབ་ཅིང་ཕྲིན་ལས་གསོལ་བའི་ཏིང་འཛིན་གྱི་འཁྲུལ་འཁོར་དང་ལྡན་པས། རྟགས་ཀྱི་བསྟོད་པ་ཟུང་གི་བསྟོད་། བསྐུལ་མཐར། བཟློག་བསྒྱུར་དང་། སེང་གདོང་མའི་ཡང་བཟློག་བཅས་བྱའོ། །ཉི་ཤུ་པ་ནི། དཔལ་མགོན་ལྕམ་དྲལ་བཀའ་སྡོད་དང་བཅས་པའི་གསོལ་ཁ་འབུལ་བའི་རིམ་པ་རྣམས། སྔོན་གྱི་ཕྱག་རྒྱུན་གྱི་གཞུང་གི་ཡིག་ཆ་ལས་འབྱུང་བ་བཞིན་ཚད་ལྡན་དུ་འབུལ་བར་བྱའོ། །ཉེར་གཅིག་པ་ནི། གྲི་གུག་བརྩེགས་པའི་རྒྱུད་དང་། ནག་པོ་ཆེན་པོ་སྲོག་གི་རྒྱུད་ཀྱི་དུམ་བུ་དྲུག་པ་ལ་སོགས་པའི་རྗེས་སུ་འབྲང་ནས། རིན་པོ་ཆེ་ཀརྨ་པས་མཛད་པའི་བསྐང་བ་ནི། བསྐང་གཏོར་སོགས་མཆོད་པའི་རྫས་རྣམས་བདུད་རྩི་འཐོར་ཞིང་། ལས་སྔགས་ཀྱིས་བསང་། ཆོས་ཉིད་རྣམ་དག་གི་སྔགས་ཀྱིས་སྦྱངས་ནས་བྱིན་གྱིས་བརླབ་པ་ནི། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་མགོ་བོའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཤ་ལྔ་བདུད་རྩི་ལྔ་ཞུ་ཞིང་ཡེ་ཤེས་ཀྱི་བདུད་རྩི་དང་གཅིག་ཏུ་འདྲེས་པར་གྱུར་པའི་གཏོར་མ་རྣམས་དང་། ཧཱུྃ་ཡིག་ནག་པོ་དཔག་ཏུ་མེད་པ་ལས་བྱུང་བ། སྒྲུབ་པའི་རྫས། མཆོད་པའི་
(༢༣༨)རྫས། །བསྐང་པའི་རྫས། བསྟེན་པའི་རྫས་ལ་སོགས་པ་མཆོད་པའི་སྤྲིན་རབ་འབྱམས་ནམ་མཁའི་དབྱིངས་དང་མཉམ་པར་གྱུར་པར་བསམས་ལ། ཨོཾ་བཛྲ་ཨརྒྷཾ་ཨཱཧཱུྃ། དེ་བཞིན་ཏུ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝཱིདྱ། ཤཔྟ་ཨཱཧཱུྃ། ཨོཾ་མ་ཧཱ་མཾས། རཀྟ། ཙིཏྟ། བ་སུ་ཏ། མཉྩ་མེ་ཙི། གོ་རོ་ཙ་ན། ཨ་མྲྀ་ཏ། སུ་ར་ཏ། བ་ལིང་ཏ། ཀེ༚་ནི་རི་ཨོཾ་ཨཱཧཱུྃ། ཞེས་པས་བྱིན་གྱིས་བརླབས་ནས། སྤོས་བསྲེག །རོལ་མོ་དབྱངས་དང་བཅས་པས། བླ་མ་ཡི་དམ་མཁའ་འགྲོ་རྣམས་ཀྱི་ཐུགས་དམ་བསྐང་བ་གྲུབ་ཆེན་ཀརྨ་པཀྴིས་མཛད་པའི་གསེར་བསྐང་རིན་ཆེན་ཕྲེང་བ་ནས་བཏུས་པ་ནི། ཧཱུྃ། དག་སྣང་ཆོས་སྐུའི་ཕོ་བྲང་ནས། །རིགས་གཙོ་དཔལ་ལྡན་རྗེ་བཙུན་ཧེ་རུ་ཀ །བླ་མེད་རྡོ་རྗེ་འཆང་གི་ཐུགས་དམ་བསྐང་། །གཉིས་མེད་ཡེ་ཤེས་དོན་སྟོན་ཕྱིར། །བཀའ་རྒྱུད་བླ་མའི་ཐུགས་དམ་བསྐང་། །རྒྱུད་ལུང་མན་ངག་དོན་སྟོན་ཕྱིར། །སྙན་བརྒྱུད་བླ་མའི་ཐུགས་དམ་བསྐང་། །གཉིས་མེད་གསང་བ་མཆོག་གིས་བསྐང་། །དམ་ཚིག་སྤྱོད་པ་དག་པས་བསྐང་། །བསྐང་ངོ་བསྐལ་པར་ཐུགས་དམ་
(༢༣༩)བསྐང་། །ཐུགས་དམ་རྒྱུད་བསྐུལ་མཆོག་གི་དངོས་གྲུབ་སྩོལ། །ཉམས་ཆག་བསྐང་ཞིང་བར་ཆད་བདུད་དཔུང་ཟློག། ཧཱུྃ། །འདོད་ཡོན་སྣ་ཚོགས་བླ་མེད་མཆོད་སྤྲིན་དང་། །སྔགས་དང་ཕྱག་རྒྱ་ཏིང་འཛིན་བསྟོད་དབྱངས་འདིས། །རིགས་གསུམ་རྒྱལ་བ་ལ་སོགས་པའི། །བྱ་རྒྱུད་ལྷ་ཚོགས་ཐུགས་དམ་བསྐང་། །རྣམ་སྣང་མངོན་བྱང་ལ་སོགས་པའི། །སྤྱོད་རྒྱུད་ལྷ་ཚོགས་ཐུགས་དམ་བསྐང་། །དེ་ཉིད་འདུས་པ་ལ་སོགས་པའི། །རྣལ་འབྱོར་ལྷ་ཚོགས་ཐུགས་དམ་བསྐང་། །གསང་བ་འདུས་པ་ལ་སོགས་པའི། །བླ་མེད་ལྷ་ཚོགས་ཐུགས་དམ་བསྐང་། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །འཁོར་འདས་ཟུང་དུ་འཇུག་པས་བསྐང་། །བདེ་སྟོང་ཡེ་ཤེས་ཆེན་པོས་བསྐང་། །ཐུགས་དམ་རྒྱུད་བསྐུལ་བྱིན་རླབས་དངོས་གྲུབ་སྩོལ། །ཉམས་ཆགས་སོར་སྩོལ་བར་ཆད་དགྲ་བགེགས་ཟློག། ཧཱུྃ། །འདོད་ཡོན་ལྷ་ཚོགས་བླ་མེད་མཆོད་སྤྲིན་དང་། །ཤ་ལྔ་བདུད་རྩི་རཀྟ་བ་ལི༚་ཚོགས། །སྔགས་དང་ཕྱག་རྒྱ་ཏིང་འཛིན་མཆོད་བསྟོད་
(༢༤༠)འདིས། །ཐུགས་རྗེ་རོལ་པ་དབང་གི་དཀྱིལ་འཁོར་ནས། །ཡེ་ཤེས་ཧ་ཡ་གྲཱི་བ་དབང་གི་རྒྱལ། །ཞལ་གཅིག་པ་ལ་ཕྱག་གཉིས་ལྡན། །ཌ*ཌཱ་དྲི*་བེ་ཅོན་བསྡིགས་མཛུབ་མཛད། སྐུ་མདོག་ཆགས་མེད་ནུབ་ཀའི་དམར་ཐག་འདྲ། །ཞབས་གཉིས་བརྐྱང་བསྐུམ་རོལ་པའི་ཆ་ལུགས་ཀྱིས། །མ་རུངས་བདུད་བཞི་ཁ་སྤུབ་གནོན་པའི་ལྷ། །པདྨའི་རིགས་སྔགས་ཀུན་གྱི་རྒྱལ་པོ་ཆེ། །བཅོམ་ལྡན་རྟ་མགྲིན་ལྷ་ཚོགས་འཁོར་དང་བཅས། །དཔའ་བོ་རྒྱ་མཚོའི་ཐུགས་དམ་བསྐང་། །བསྐང་ངོ་བསྐལ་བར་ཐུགས་དམ་བསྐང་། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །གཡར་དམ་སྐོངས་ལ་བར་ཆད་དགྲ་བགེགས་ཐུལ། ཧཱུྃ། །འདོད་ཡོན་མཆོད་སྤྲིན་གསང་བ་བླ་མེད་དང་། །མཾ་ས་གཏོར་མ་རཀྟ་བདུད་རྩིའི་ཚོགས། །སྔགས་དང་ཕྱག་རྒྱ་ཏིང་འཛིན་བསྟོད་དབྱངས་འདིས། །ཆོས་སྐུ་སྤྲོས་བྲལ་དག་པའི་གཞལ་ཡས་ནས། །དུས་གསུམ་སངས་རྒྱས་ཀློང་ནས་བསྐྱེད་པའི་ཕྱིར། །ཧེ་རུ་ཀ་དཔལ་ཡང་དག་སྦྱོར། །རྡོ་རྗེ་དབྱིངས་ཀྱི་ཁྲོ་རྒྱལ་ཡུམ། །སངས་རྒྱས་མཁའ་
(༢༤༡)འགྲོ་འབུམ་གྱིས་བསྐོར། །དབུ་སྟོང་མ་ལ་སྤྱན་སྟོང་མ། །འབུམ་ཕྲག་བཅུ་ཡི་ཕྱག་དང་ལྡན། །ཡེ་ཤེས་ཡུམ་གྱི་ཐུགས་དམ་བསྐང་། །མཁའ་འགྲོ་རྒྱ་མཚོའི་དབུས་ན་བཞུགས། །དམར་མོ་ཞལ་གཅིག་ཕྱག་བཅུ་གཉིས། །ཉི་ཤུ་རྩ་བཞིའི་མཁའ་འགྲོས་བསྐོར། །འཁོར་ལོ་ལྔ་ཡི་བདག་ཉིད་མ། །མི་ཕྱེད་དབང་ཕྱུག་ལྷ་ཚོགས་ཐུགས་དམ་བསྐང་། །སྐྱོན་བྲལ་གྲུ་གསུམ་ཕོ་བྲང་ནས། །དུས་གསུམ་མཉམ་པའི་དབྱིངས་ནས་བཞེངས། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །དམར་མོ་གྲི་གུག་ཐོད་ཁྲག་བསྣམས། །ཀུན་རྫོབ་དོན་དམ་ཞལ་གཉིས་མ། །སྤྱན་གསུམ་སྐྲ་གྲོལ་རུས་པས་བརྒྱན། །སྲིད་དང་མྱ་ངན་འདས་སྡུད་ཕྱིར། །ཕྱེད་ཀྲུང་གར་གྱིས་དུས་མཚན་མནན། །ཞལ་གཉིས་མ་ཡི་ཐུགས་དམ་བསྐང་། ཧཱུྃ། །ཆོས་ཉིད་མི་འགྱུར་ཞལ་གཅིག་མ། །སྒྲིབ་སྐྱོན་སྤངས་ཤིང་གཅེར་བུའི་ཚུལ། །ཐབས་དང་ཤེས་རབ་ཕྱག་གཉིས་ཀྱིས། །གྲི་གུག་དང་ནི་ཐོད་ཁྲག་འཛིན། །དམར་མོ་སྤྱན་གསུམ་སྐྲ་གྲོལ་བཅིངས། །རུས་
(༢༤༢)པ་མགོ་བོའི་ཕྲེང་བས་བརྒྱན། སྐྱིལ་ཀྲུང་ཕྱེད་པའི་གར་གྱི་བཞུགས། ཞལ་གཅིག་མ་ཡི་ཐུགས་དམ་བསྐང་། ཤེས་རབ་སྙིང་རྗེ་དབྱེར་མེད་ཕྱིར། རྡོ་རྗེ་ཕག་མོའི་ཐུགས་དམ་བསྐང་། ཡེ་ཤེས་གོ་ཆ་བླ་མེད་ཕྱིར། གོ་ཆའི་དཔའ་མོ་དྲུག་ལ་སོགས། རི་རབ་བྱེ་བ་སྙེད་ཀྱི་རྡུལ། འབུམ་ཕྲག་སུམ་ཅུ་རྩ་གཉིས་གྲངས། དབྱིངས་དང་ཡེ་ཤེས་ལས་གྲུབ་པའི། མ་སྲིང་མཁའ་འགྲོ་བྱིན་རླབས་ཅན། དཔའ་མོ་རྒྱ་མཚོའི་ཐུགས་དམ་བསྐང་། བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །དེ་བཞིན་གཤེགས་པའི་ཡུམ་རྒྱུར་མ། །སངས་རྒྱས་མཁའ་འགྲོའི་ཐུགས་དམ་བསྐང་། །རྡོ་རྗེ་མཁའ་འགྲོའི་ཐུགས་དམ་བསྐང་། །རིན་ཆེན་མཁའ་འགྲོའི་ཐུགས་དམ་བསྐང་། །པདྨ་མཁའ་འགྲོའི་ཐུགས་དམ་བསྐང་། །ལས་ཀྱི་མཁའ་འགྲོའི་ཐུགས་དམ་བསྐང་། །གཞན་ཡང་མཁའ་འགྲོ་དཔའ་མོའི་ཚོགས། །བསམ་གྱིས་མི་ཁྱབ་ཐུགས་དམ་བསྐང་། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །ཕྲིན་ལས་རྣམ་བཞི་བསྒྲུབ་ཕྱིར་ཐུགས་དམ་བསྐང་། །དབང་དང་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཚེ་དང་
(༢༤༣)ལོངས་སྤྱོད་དཔལ་འབྱོར་རྒྱས་པར་མཛོད། །དམིགས་མེད་དོན་གྱི་དངོས་གྲུབ་སྩལ་དུ་གསོལ། །ཉམས་ཆགས་སོར་ཆུད་བར་ཆད་དགྲ་བགེགས་ཟློག །ཅེས་དང་། དཔལ་ལྡན་མགོན་པོའི་ཐུགས་དམ་བསྐང་བ་ནི། བསྐང་གཞུང་ལས། ཧཱུྃ། །རང་བཞིན་རྣམ་དག་དབྱིངས་ཉིད་ལས། །ཐུགས་རྗེ་ཆེན་པོས་སྐུ་སྤྲུལ་པ། །སྐྱེ་མེད་ངང་ལས་འཇིགས་བྱེད་སྐུ། །བསྟན་པ་བསྲུང་ཕྱིར་ཐུགས་བརྩེ་བ། །དཔལ་ལྡན་མགོན་པོའི་ཐུགས་དམ་བསྐང་། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །ཞེས་དང་། །གསར་བསྐང་ལས། ཧཱུྃ། །ལྷ་ཆེན་དཔལ་འབར་ནག་པོ་རྔམས་པའི་སྐུ། །ཞལ་གཅིག་ཕྱག་གཉིས་ཙནྡན་བེང་ཆེན་བསྣམས། །སྐུ་ལ་བེར་ནག་མནབས་པས་བདུད་དཔུང་འདུལ། །ལེགས་ལྡན་ནག་པོ་གྲོང་ཁྱེར་སུམ་བརྩེགས་འཇོམས། །ལྷ་དམག་ཉི་ཁྲི་ཆིག་སྟོང་ཕོ་ཉར་འགྱེད། བེང་ཆེན་མགོན་པོའི་ལྷ་ཚོགས་ཐུགས་དམ་བསྐང་། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། ཧཱུྃ། །ཀེང་རུས་འབར་བའི་གཞལ་ཡས་ནས། །དཔལ་ལྡན་མགོན་པོ་ནག་པོ་ནི། །འཇིགས་པའི་ཆ་
(༢༤༤)ལུགས་སྲིན་པོའི་གཟུགས། གྲི་གུག་ཐོད་པ་ཕྱག་ན་བསྣམས། །འགྱིང་བག་སྟག་གི་ཤམ་ཐབས་ཅན། །ནག་པོ་ཆེན་པོའི་ཐུགས་དམ་བསྐང་། །ཐུགས་ལས་ནག་པོ་གྲངས་མེད་འགྱེད། །ཕྱོགས་བཅུར་ནག་པོ་གྲི་ཐོད་ཅན། །སྤྲུལ་པའི་མགོན་པོའི་ཐུགས་དམ་བསྐང་། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །ཞེས་དང་། གྲི་གུག་བརྩེགས་པའི་རྒྱུད་ལས། ཧཱུྃ། སིངྒལ་ཡི་དུར་ཁྲོད་ནས། །རོ་དང་ཐོད་པའི་སྐུ་མཁར་ནས། །བདུད་དང་སྲིན་པོ་འབུལ་མཛད་པ། །ཞལ་གཅིག་ཕྱག་གཉིས་གྲི་ཐོད་བསྣམས། །ཕྱོགས་བཞི་མཚམས་བརྒྱད་ལ་སོགས་པ། ཁྱོད་ཀྱི་སྤྲུལ་པའི་ཚོགས་ཀྱིས་གང་། །མ་ཧཱ་ཀཱ་ལིའི་ཐུགས་དམ་བསྐང་། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། ཧཱུྃ། །དུར་ཁྲོད་ཆེན་པོའི་ཀློང་དཀྱིལ་ནས། །ཀེང་རུས་གསར་རྙིང་མང་པོའི་ཕོ་བྲང་ནས། །མེ་རི་སྨུག་ནག་འབར་བའི་ནང་ཤེད་ནས། །ཤིན་ཏུ་མི་བཟད་ནག་པོ་རྔམས་པའི་སྐུ། །ཆོས་ཉིད་མི་འགྱུར་སྐུ་མདོག་མཐིང་ནག་ལ། །རལ་པ་ཁམས་ནག་མེ་སྤྲིན་རབ་ཏུ་འབར། །དུག་ལྔ་མ་སྤངས་
(༢༤༥)སྦྲུལ་གྱི་ཡན་ལག་དང་། །འདུ་བྱེད་དག་པའི་ཐོད་རློན་ཕྲེང་བས་བརྒྱན། །ལོག་ལྟ་གཅོད་མཛད་གྲི་གུག་གཡས་ན་བསྣམས། །ཉོན་མོངས་འཇོམས་མཛད་ཐོད་ཁྲག་གཡོན་ན་བསྣམས། །ཡེ་ཤེས་རང་སྣང་དབུ་ཡི་རྒྱན་དུ་མཛད། །དཔལ་ལྡན་མ་ཧཱ་ཀཱ་ལའི་ཐུགས་དམ་བསྐང་། ཧཱུྃ། །ནག་པོ་ཆེན་པོ་ལྷ་ཡི་གཙོ། །མ་མོ་མཁའ་འགྲོ་འབུམ་གྱིས་བསྐོར། །ཤིན་ཏུ་འཇིགས་པའི་སྐུར་སྟོན་པ། ལྟོ་འགྲོའི་རིགས་ཀྱིས་ཡན་ལག་བརྒྱན། །དབུ་སྐྲ་གྱེན་དུ་འཁྱིལ་བ་ཡིས། །སྟེང་གི་ལྷ་རྣམས་འདར་ཞིང་འདུ། །ལྗགས་འདྲིལ་དྲག་པོའི་གློག་སྟོང་འགྱུ། །སྟོང་གསུམ་འོད་ཀྱིས་འགེངས་པར་བྱེད། །མཆེ་བ་ཟངས་ཡག་དམ་ཉམས་སྙིང་ལ་ཟེར། །གུར་གྱི་མགོན་པོ་ཁྱེད་ཀྱི་ཐུགས་དམ་བསྐང་། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། ཧཱུྃ། །ལེགས་ལྡན་ནག་པོ་ཐོད་པའི་ཕྲེང་བ་ཅན། །གཡས་པ་གྲི་གུག་གཡོན་ཐོད་ཁྲག། སྐུ་ལ་དར་ནག་བེར་ཆེན་གསོལ། །དབུ་སྐྲ་རལ་པ་གྱེན་དུ་འབར། །ཐོད་རློན་ཕྲེང་བས་དོ་ཤལ་བྱས། །ཡུམ་ནི་གཟུངས་ཆེན་
(༢༤༦)མ་དང་བཅས། ཀངྐ་དྷི་རི་ཕོ་ཉར་འགྱེད། ལེགས་ལྡན་མགོན་པོ་ལ་སོགས་པའི། དཔལ་ལྡན་མགོན་པོའི་ཐུགས་དམ་བསྐང་བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། ཞེས་དང་། བསྐང་གཞུང་ལས། ཤེལ་སྒོང་ནག་པོ་སྤྱི་དཀར་དང་། མཁའ་ལྡིང་ནག་པོ་གསེར་མིག་དང་། བདུད་རྩི་རྣམ་ལྔ་སྦྱར་བ་དང་། དམར་ཆེན་ཁྲག་གི་རྒྱ་མཚོ་དང་། དཔའ་བོ་ཆང་གི་རོ་མཆོག་དང་། སྨན་རྣམས་སྦྱར་བའི་རིལ་བུ་དང་། རིན་ཆེན་སྣ་ལྔའི་ཕྱེ་མ་དང་། ཞལ་ཟས་ཚོགས་ཀྱི་མཆོད་པ་དང་། བ་ལི༚་བཤོས་བུ་ཟུར་གསུམ་དང་། ཤ་ཁྲག་དམར་གྱི་གཏོར་མ་དང་། དར་ཚོན་སྣ་ལྔའི་མཆོད་པ་འདིས། མི་འགྱུར་རྡོ་རྗེའི་བྲག་སྟེང་ན། ཆགས་པའི་སྐྱོན་སྤངས་པད་སྟེང་དུ། དཔལ་ལྡན་མགོན་པོའི་ཐུགས་དམ་བསྐང་། མ་ཧཱ་ཀཱ་ལའི་ཐུགས་དམ་བསྐང་། གྲི་གུག་འཛིན་པའི་ཐུགས་དམ་བསྐང་། ཐོད་པ་འཆང་བའི་ཐུགས་དམ་བསྐང་། ཐོད་ཕྲེང་ཅན་གྱི་ཐུགས་དམ་བསྐང་ དུར་ཁྲོད་བདག་པོའི་ཐུགས་དམ་བསྐང་། །མཁའ་འགྲོའི་གཙོ་བོའི་ཐུགས་དམ་
(༢༤༧)བསྐང་། །གཟི་བརྗིད་ཅན་གྱི་ཐུགས་དམ་བསྐང་། །ཡ་མ་རཱ་ཛའི་ཐུགས་དམ་བསྐང་། །སྲས་མཆོག་ནག་པོའི་ཐུགས་དམ་བསྐང་། །ཀིང་ཀ་ར་ཡི་ཐུགས་བསྐང་། །ཐུགས་དམ་གཉན་པོ་བསྐང་གྱུར་ཅིག། དཔལ་ལྷ་མོའི་ཐུགས་དམ་བསྐང་བ་ནི། བྷྱོ། །སྣང་སྲིད་ཡུམ་གྱི་བྷ་གའི་ཀློང་། །དུས་གསུམ་བདེ་གཤེགས་ཡུམ་ཀློང་སྐྱེད། རྟག་པའི་རྒྱལ་མོ་མུ་ཁ་ལེ། ཡེ་ཤེས་མ་མོ་འཁོར་བཅས་ནི། བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། ཐུགས་དམ་བསྐང་ངོ་དངོས་གྲུབ་སྩོལ། གཙོ་མོ་ཡུམ། གྱི་མངོན་སྤྱོད་མ། སྤྱི་གཙུག་གཡུ་ཡི་རྡོ་རྗེ་འབར། གཡུ་ཡི་རལ་པས་སྟོང་གསུམ་ཁྱབ། གཡས་ཀྱི་ཕྱག་ན་སངས་རྒྱས་གསལ། གཡོན་གྱི་ཕྱག་ན་བདུད་རྩི་གསོལ། བལྟས་པས་མི་མཐོང་གཅིག་ཀྱང་མེད། བསྐང་ངོ་བསྐལ་པར་ཐུགས་དམ་ཅན། ཐུགས་དམ་བསྐང་ངོ་དངོས་གྲུབ་རྩོལ། ཚོགས་དང་གཏོར་མ་མདོས་དང་བཅས། ཚེ་དང་གལ་དང་ཐུན་དང་བཅས། མཁའ་ལྡིང་ནག་མོ་ཟངས་མཆུ་དང་། སྦྱོར་དང་སྒྲལ་བའི་དམ་རྫས་ནི། བསྒྲལ་བའི་བམ་ཆེན་ཕུང་པོ་ལྔ། །
(༢༤༨)འབྱུང་བ་ལྔ་དང་རྣམ་ཤེས་བརྒྱད། བདུད་རྩི་ལྔ་དང་ཨ་མྲྀ་ཏ། དར་ཚོན་སྣ་ལྔའི་མཆོད་པ་དང་། དུར་ཁྲོད་བཀོད་པའི་རྒྱན་བཟང་འབར། ཤ་ཁྲག་དམར་གྱི་གཏོར་མ་འདིས། དཔལ་ལྡན་གཉན་གྱི་རེ་མ་ཏི། ལྷ་མོ་ཆེན་མོ་ནམ་གྲུ་མ། རྫོགས་བྱེད་ཆེན་མོ་དཀའ་བཟློག་མ། ནག་མོ་ཆེན་མོ་ཁ་འབར་མ། བྱིས་པ་ཀུན་གྱི་དུར་འདེབས་མ། དུར་ཁྲོད་ཀུན་གྱི་ལོ་མ་ཅན། རཀྟ་ཀུན་གྱི་ཙ་མུཎྜི། ནམ་མཁའི་ཁམས་ཀྱི་དབང་མོ་ཆེ། བར་སྣང་ཁམས་ཀྱི་གློག་མ་སྤྲིན། ཁ་ནས་མེ་འབར་རྒྱ་མཚོ་སྐེམ། །ལག་ནས་རྡོ་འཕེན་རི་རབ་བརྙིལ། །རལ་པ་ནག་པོས་སྟོང་ཁམས་ཁེངས། ཁ་ནས་ཁྲག་གི་རྒྱ་མཚོ་ཁོལ། །ཉིན་གྱི་དུས་སུ་རྟོག་བྱེད་ཅིང་། །མཚན་གྱི་དུས་སུ་རྒྱུག་བྱེད་མ། །དཔལ་ཆེན་བཀའ་ཉན་དམ་ཚིག་ཅན། །ནག་མོ་འཁོར་བཅས་ཐུགས་དམ་བསྐང་། །ཤ་ཆེན་ཚོགས་ནི་རི་ལྟར་སྤུངས། །ཙིཏྟའི་ཚོགས་ནི་རྫ་ལྟར་ལྷག །རཀྟའི་ཚོགས་ནི་ཚོ་ལྟར་བསྐྱིལ། །ནག་མོ་འཁོར་བཅས་ཐུགས་དམ་བསྐང་། །ཞེས་པས་གཙོ་བོ་ཡབ་ཡུམ་དང་། །དེ་ནས་འཁོར་ནག་པོ་ཡབ་ཡུམ། ཕྱོགས་བཅུའི་མགོན་པོ་ལ་སོགས་པའི་དམ་ཅན་རྒྱ་མཚོ་ཐབས་ཤེས་མཉམ་པར་སྦྱོར་བའི་དཀྱིལ་
(༢༤༩)འཁོར་ལྷ་ཚོགས་རྣམས་ཀྱི་བསྐང་བ་ནི། ཧཱུྃ། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ཀྱེ་ཡི་རྡོ་རྗེ་ཧེ་རུ་ཀ། མ་ཧཱ་ཀཱ་ལ་ལྕམ་དྲལ་ནི། །བདེ་ཆེན་རོལ་པའི་ཕྲིན་ལས་ཀྱི། །ཆོ་འཕྲུལ་རྒྱན་གྱི་དྲྭ་བ་ལས། སྤྲུལ་པའི་མགོན་པོ་ལྕམ་དྲལ་རྣམས། བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། ཐུགས་གསུང་ཡོན་ཏན་ཕྲིན་ལས་དང་། ཞི་རྒྱས་དབང་དྲག་གསང་བའི་མཛོད། རྡོ་རྗེའི་དཀྱིལ་འཁོར་ལས་བཞེངས་པའི། ཡེ་ཤེས་ལས་དང་འཇིག་རྟེན་ཚུལ། གང་འདུལ་དེར་སྣང་ཕྱག་རྒྱའི་སྐུ། འཁོར་བ་མྱ་ངན་འདས་པའི་དབྱིངས། སྒྲོལ་བའི་ཤན་པ་ཡབ་དང་ཡུམ། སྟོང་ཉིད་ཡེ་ཤེས་བཅུ་དྲུག་དབྱིངས། ཡེ་ནས་ཁ་སྦྱོར་ལྕམ་དྲལ་ཚུལ། །འདུ་འབྲལ་མེད་པའི་ལྷ་ཚོགས་རྣམས། །ཡང་སྤྲུལ་བྱེ་བ་རྒྱ་མཚོར་བཅས། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །ཐུགས་དམ་གཉེན་སྐོང་ས་མ་ཡ། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་དང་། །ཤར་གྱི་མགོན་པོའི་ཐུགས་དམ་བསྐང་། །དཔལ་འབར་འཆང་གི་ཐུགས་དམ་བསྐང་། །ཉིན་ཚེ་འབྲུག་ཆིབས་ཐུགས་དམ་བསྐང་། །སྡུན་ན་ལྕགས་ཀྱི་བྱ་ཁྲ་
(༢༥༠)ནི། །རབ་ཏུ་ལྡིང་བའི་ཐུགས་དམ་བསྐང་། །ཕྱི་ན་སྟག་གཟིག་མང་པོ་ནི། །རབ་ཏུ་འགྲོལ་བའི་ཐུགས་དམ་བསྐང་། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །ཐུགས་དམ་གཉེན་པོ་བསྐང་གྱུར་ཅིག། ཤར་ཕྱོགས་འཁོར་ལོའི་གཞལ་ཡས་ནས། །རྟག་པའི་རྒྱལ་མོ་རྣམ་སྣང་གསལ། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ངོ་དངོས་གྲུབ་རྩོལ། །བྱང་གི་མགོན་པོའི་ཐུགས་དམ་བསྐང་། །རྣམ་ཐོས་སྲས་ཀྱི་ཐུགས་དམ་བསྐང་། །སེང་གེ་ཆིབས་པའི་ཐུགས་དམ་བསྐང་། །གསེར་མདོག་ཅན་གྱི་ཐུགས་དམ་བསྐང་། །གསེར་ཕྲེང་ཅན་གྱི་ཐུགས་དམ་བསྐང་། །གནོད་སྦྱིན་འཁོར་བསྐོར་ཐུགས་དམ་བསྐང་། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །བྱང་ཕྱོགས་ལས་གྲུབ་གཞལ་ཡས་ནས། །རྟག་པའི་རྒྱལ་མོ་གཡང་གསལ་མོ། །བསྐང་ངོ་བསྐལ་པ་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ངོ་དངོས་གྲུབ་སྩོལ། །ནུབ་ཀྱི་མགོན་པོའི་ཐུགས་དམ་བསྐང་། །མཚལ་བུ་ཆིབས་པའི་ཐུགས་དམ་བསྐང་། །གྲུ་ཚལ་བསྣམས་པའི་ཐུགས་དམ་
(༢༥༡)བསྐང་། །སྟག་གཟིག་མགོ་ཅན་ཐུགས་དམ་བསྐང་། །ཀླུ་བདུད་འཁོར་བསྐོར་ཐུགས་དམ་བསྐང་། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །ཐུགས་དམ་གཉན་པོ་བསྐང་གྱུར་ཅིག། ནུབ་ཕྱོགས་ཟླ་གམ་གཞལ་ཡས་ནས། །རྟག་པའི་རྒྱལ་མོ་གཉན་གསལ་མོ། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ངོ་དངོས་གྲུབ་སྩོལ། །ལྷོ་ཡི་མགོན་པོའི་ཐུགས་དམ་བསྐང་། །དཔལ་ལྡན་མགོན་པོའི་ཐུགས་དམ་བསྐང་། །སེར་ཆེན་འབེབས་པའི་ཐུགས་དམ་བསྐང་། བེང་ཆེན་བསྣམས་པའི་ཐུགས་དམ་བསྐང་། ལྷ་དམག་འཁོར་བསྐོར་ཐུགས་དམ་བསྐང་། ཡཀྵ་ཀཱ་ལའི་ཐུགས་དམ་བསྐང་། ལྕགས་ཀྱི་བྱ་ཁྲ་བཞི་དང་ནི། བྱ་ཁྱུང་བཞི་རུ་སྤྲུལ་ནས་ནི། བར་སྣང་ཁམས་ནས་འོང་བ་ཡི། བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། སྟག་གཟིག་དོམ་དྲེད་ཁྱི་བརྒྱད་ནི། ས་ཡི་ཕྱེད་ནས་འོང་བ་ཡི། བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །ལྷོ་ཕྱོགས་ཡོན་ཏན་གཞལ་ཡས་ནས། །རྟག་པའི་
(༢༥༢)རྒྱལ་མོ་འོད་གསལ་མོ། བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། ཐུགས་དམ་བསྐང་ངོ་དངོས་གྲུབ་སྩོལ། ཤར་ལྷོ་མགོན་པོའི་ཐུགས་དམ་བསྐང་། ཛམྦྷ་ལ་ཡི་ཐུགས་དམ་བསྐང་། ནོར་ལྷའི་རྒྱལ་པོའི་ཐུགས་དམ་བསྐང་། ཆུ་རིས་ཆིབས་པའི་ཐུགས་དམ་བསྐང་། སྡོ་ཁྲ་རོལ་ཁྲིད་ཐུགས་དམ་བསྐང་། དང་པོ་ཕྱི་འགྲོལ་ཐུགས་དམ་བསྐང་། ཤིང་ཏོག་བསྣམས་པའི་ཐུགས་དམ་བསྐང་། ནོར་ལྷ་མཆེད་བརྒྱད་ཐུགས་དམ་བསྐང་། བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །ཐུགས་དམ་གཉན་པོ་བསྐང་གྱུར་ཅིག། ཤར་ལྷོ་རྡོ་རྗེ་རིགས་ཀྱི་གཙོ། །རྡོ་རྗེ་དབྱིངས་ཕྱུག་མི་ཕྱེད་མ། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ངོ་དངོས་གྲུབ་སྩོལ། །ལྷོ་ནུབ་མགོན་པོའི་ཐུགས་དམ་བསྐང་། །མཛེས་ལྡན་སྲས་ཀྱི་ཐུགས་དམ་བསྐང་། །ཤུགས་ལྡན་མགོན་པོའི་ཐུགས་དམ་བསྐང་། །དར་དཀར་བསྣམས་པའི་ཐུགས་དམ་བསྐང་། །ལྷ་དམག་འཁོར་བསྐོར་ཐུགས་དམ་བསྐང་། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །ཐུགས་དམ་
(༢༥༣)གཉན་པོ་བསྐང་གྱུར་ཅིག །ལྷོ་ནུབ་རིན་ཆེན་རིགས་ཀྱི་གཙོ། །རིན་ཆེན་དབྱིངས་ཕྱུག་མི་ཕྱེད་མ། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ངོ་དངོས་གྲུབ་སྩོལ། །ནུབ་བྱང་མགོན་པོའི་ཐུགས་དམ་བསྐང་། །ཤ་བ་རི་ཡི་ཐུགས་དམ་བསྐང་། །ནོར་ཕྱུགས་སྐྱོང་བའི་ཐུགས་དམ་བསྐང་། །བེའུ་ལུག་སྐྱོང་བའི་ཐུགས་དམ་བསྐང་། །གོད་འདྲེ་ཡམས་འདུལ་ཐུགས་དམ་བསྐང་། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །ནུབ་བྱང་པདྨ་རིགས་ཀྱི་གཙོ། །པདྨ་དབྱིངས་ཕྱུག་མི་ཕྱེད་མ། །བསྐང་ངོ་བསྐལ་པ་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ངོ་དངོས་གྲུབ་སྩོལ། །བྱང་ཤར་མགོན་པོའི་ཐུགས་དམ་བསྐང་། །རྣམ་སྣང་དབུ་རྒྱན་ཐུགས་དམ་བསྐང་། །གཙུག་ཏོར་ལྗང་གུའི་ཐུགས་དམ་བསྐང་། །འཇོལ་བེར་མནབས་པའི་ཐུགས་དམ་བསྐང་། །སྡོང་དྲིལ་བསྣམས་པའི་ཐུགས་དམ་བསྐང་། །དམག་དཔོན་ཆེན་པོའི་ཐུགས་དམ་བསྐང་། །དགྲ་བོ་གསོད་པའི་ཐུགས་དམ་བསྐང་། །ལྷ་བདུད་འཇོམས་པའི་
(༢༥༤)ཐུགས་དམ་བསྐང་། །ཆུང་སྲི་འདུལ་བའི་ཐུགས་དམ་བསྐང་། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་།ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །བྱང་ཤར་ལས་ཀྱི་རིགས་ཀྱི་གཙོ། ལས་ཀྱི་དབྱིངས་ཕྱུག་མི་ཕྱེད་མ། བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། ཐུགས་དམ་བསྐང་ངོ་དངོས་གྲུབ་སྩོལ། སྟེང་གི་མགོན་པོའི་ཐུགས་དམ་བསྐང་། གཙུག་ཕུད་ཅན་གྱི་ཐུགས་དམ་བསྐང་། རལ་གྲི་འཛིན་པའི་ཐུགས་དམ་བསྐང་། མ་ཡམས་བཟློག་པའི་ཐུགས་དམ་བསྐང་། ཡ་བདུད་འཇོམས་པའི་ཐུགས་དམ་བསྐང་། བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །མ་མོ་ཆེན་མོ་ཁ་འབར་མ། །སྲིན་མོ་ཆེན་མོ་ཟ་བྱེད་མ། །མ་མོ་ཆེན་མོ་རལ་གཅིག་མ། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ངོ་དངོས་གྲུབ་སྩོལ། །འོག་གི་མགོན་པོའི་ཐུགས་དམ་བསྐང་། །ལྷ་མོ་བསྟན་མའི་ཐུགས་དམ་བསྐང་། །ས་བདག་ནག་མོའི་ཐུགས་དམ་བསྐང་། །ཀླུ་མགོན་རྣམས་ཀྱི་ཐུགས་དམ་བསྐང་། །མ་ཡམས་བཟློག་པའི་ཐུགས་དམ་བསྐང་། །
(༢༥༥)སྲི་ཅན་འདུལ་བའི་ཐུགས་དམ་བསྐང་། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །ཅེས་དང་། ཡེ་ཤེས་དབྱིངས་ལས་མ་གཡོས་ཀྱང་། །ལོག་པར་ཞུགས་པའི་སེམས་ཅན་རྣམས། །ཤུགས་སྒྲོལ་དྲག་པོའི་ཕྲིན་ལས་ཀྱིས། །ཚར་གཅོད་རྗེས་སུ་འཛིན་པའི་ཚུལ། །སྲིད་པའི་སྐྱེ་འགྲོའི་སྲོག་གི་བདག །ཤ་ཁྲག་དབུགས་ལ་མངའ་མཛད་པ། །འཇིག་རྟེན་མགོན་པོའི་དྲེགས་པའི་གཙོ། །དཔལ་འབར་འཇིགས་བྱེད་བདུན་ཅུ་གཉིས། །ས་ཡ་གྲངས་མེད་འཁོར་དང་བཅས། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །ཐུགས་དམ་གཉན་པོ་བསྐང་གྱུར་ནས། །བསྟན་དགྲ་སྒྲོལ་བའི་ལས་མཛོད་ཅིག །ཅེས་དང་། མགོན་པོ་འཁོར་བཅས་ཐུགས་དམ་བསྐང་། །རིགས་བཞི་ཀླུ་འདུལ་ཐུགས་དམ་བསྐུལ། །བདུད་མོ་རྣམས་ཀྱི་ཐུགས་དམ་བསྐང་། །ཡ་བདུད་རྣམས་ཀྱི་ཐུགས་དམ་བསྐང་། །མ་མོ་རྣམས་ཀྱི་ཐུགས་དམ་བསྐང་། །དུར་ཁྲོད་སྲུང་མའི་ཐུགས་དམ་བསྐང་། །བསྟན་པ་སྲུང་བའི་ཐུགས་དམ་བསྐང་། །དགྲ་བོ་གསོད་པའི་ཐུགས་
(༢༥༦)དམ་བསྐང་། །གནོད་བྱེད་འདུལ་བའི་ཐུགས་དམ་བསྐང་། །ཤ་ལ་སྲེད་པའི་ཐུགས་དམ་བསྐང་། ཁྲག་ལ་མོས་པའི་ཐུགས་དམ་བསྐང་། དམ་ཅན་རྣམས་ཀྱི་ཐུགས་བསྐང་། ཕོ་ཉ་རྣམས་ཀྱི་ཐུགས་དམ་བསྐང་། ལས་མཁན་རྣམས་ཀྱི་ཐུགས་དམ་བསྐང་། བྱ་ཁྲ་ཆིབས་པའི་ཐུགས་དམ་བསྐང་། དྲེལ་རྟ་ཆིབས་པའི་ཐུགས་དམ་བསྐང་། ལྕགས་ཀྱི་སྤྱང་མོ་ས་ཡ་ནི། དྲུག་འབུམ་ཆིབས་པའི་ཐུགས་དམ་བསྐང་། བདུད་ཀྱི་བྱ་ནག་ས་ཡ་ནི། དྲུག་འབུམ་ཆིབས་པའི་ཐུགས་དམ་བསྐང་། བདུད་ཀྱི་བྱ་ནག་ས་ཡ་ནི། དྲུག་འབུམ་ཆིབས་པའི་ཐུགས་དམ་བསྐང་། བསེ་ཡི་བྱ་ནག་ས་ཡ་ནི། དྲུག་འབུམ་ཆིབས་པའི་ཐུགས་དམ་བསྐང་། གསེར་གྱི་རུས་སྦལ་ས་ཡ་ནི། དྲུག་འབུམ་ཆིབས་པའི་ཐུགས་དམ་བསྐང་། བདུད་རྟ་ནག་ཅན་གྱི་ཐུགས༴མི་ནག་རྟ་ནག་ཅན་གྱི་ཐུགས༴མི་དམར་རྟ་དམར་ཅན་གྱི་ཐུགས༴མི་སྔོན་རྟ་སྔོན་ཅན་གྱི་ཐུགས་དམ་བསྐང་། བཀའ་ཉན་རྣམས་ཀྱི་ཐུགས་དམ་བསྐང་། །དམ་ཅན་རྣམས་ཀྱི་ཐུགས༴མགྱོགས་བྱེད་རྣམས་ཀྱི་ཐུགས༴མུ་མཐར་ཁྱབ་པའི་ཐུགས༴བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །ཐུགས་དམ་
(༢༥༧)གཉན་པོ་བསྐང་གྱུར་ཅིག །སྲིང་མོ་རྗེ་མོ་འཁོར་བཅས་རྣམས། བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། ཕུར་བུ་སྒྲུབ་པའི་བློན་མོ་བཞི། མ་མོ་ཀུན་གྱི་གཙོ་མོ་བཞི། མ་མོ་ཐུན་གྱི་བདག་མོ་བཞི། ལས་ལ་གཤིན་པའི་བྲན་མོ་བཞི། དགྲ་བོའི་སྙིང་འཕྲོག་ལྷ་མོ་བཞི། དཔལ་ལྡན་གཉན་གྱི་བཀའ་ཉན་མ། བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། མཚོ་སྨན་རྒྱལ་མོ་འཁོར་བཅས་རྣམས། བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། གཞན་ཡང་དབྱིབས་ཕྱུག་ལྷ་མོ་དང་། །།རྡོ་རྗེ་འཁོར་བཅས་ཐུགས་དམ་བསྐང་། །གློག་སྤྲིན་རྒྱལ་མོའི་ཐུགས་དམ་བསྐང་། །དཔྱིད་ཀྱི་རྒྱལ་མོའི་ཐུགས༴དབྱར་གྱི་རྒྱལ་མོའི་ཐུགས༴སྟོན་གྱི་རྒྱལ་མོའི་ཐུགས་དགུན་གྱི་རྒྱལ་མོའི་ཐུགས༴ཐུགས་དམ་བསྐང་ངོ་ཕྲིན་ལས་མཛོད། །གླིང་བཞི་རི་རབ་རྩེ་མོ་ན། །གནམ་ལྕགས་འབར་བའི་གཞལ་ཡས་ན། །དཔལ་ལྡན་ལྷ་མོ་རལ་གཅིག་མ། །ཕྲ་མེན་བཅུ་དྲུག་དབུ་ལ་རྫོགས། །སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ནི། །རེ་མ་ཏི་དང་རེ་མ་ཛ། །རེ་མ་ཛུ་ལ་སོགས་པ་སྟེ། །མ་མོ་འཁོར་བཅས་ཐུགས་དམ་བསྐང་། །
(༢༥༨)ལས་ཀྱི་མ་མོ་ཆེན་མོ་ནི། དབུ་དགུ་ཕྱག་ཀྱང་བཅོ་བརྒྱད་དེ། བདུད་མོ་ནག་མོ་ཁྲོས་པའི་གཟུགས། འཁོར་དུ་ལས་ཀྱི་མ་མོས་བསྐོར། བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། ཆགས་ཆེ་ཉམས་ང་བཟློག་ཏུ་གསོལ། ཕྱི་ནང་བར་ཆད་བཟློག་ཏུ་གསོལ། ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། དཀྱིལ་འཁོར་གཉན་པོ་དྲལ་ལ་རེ། ཉེས་བྱེད་སྡེབས་སུ་ཤོར་ལ་རེ། བདག་ཅག་རྣལ་འབྱོར་སྒྲུབ་པ་པོ། རྡོ་རྗེ་སློབ་དཔོན་སློབ་མར་བཅས། རྡོ་རྗེ་མཆེད་དང་ལྕམ་དྲལ་དང་། རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ། །མི་ལ་ནད་ཡམས་མ་བཏང་ཞིག །ཕྱུགས་ལ་གོད་ཡམས་མ་བཏང་ཞིག །ནོར་ལ་གྱ་གྲམ་མ་བཏང་ཞིག །ཞིང་ལ་བཙའ་སད་མ་བཏང་ཞིག །བདུད་ཀྱི་ཞགས་པ་ནག་པོ་ཆོད། །གཤིན་རྗེའི་ཁྲམ་ཁ་དགྲ་ལ་སྒྱུར། །མི་མཐུན་བར་ཆད་རྐྱེན་རྣམས་ཟློག །འཁོར་རྣམས་སྲུངས་ལ་རྐྱེན་རྣམས་ཟློག །སྡང་བའི་དགྲ་ལ་རྟགས་ཕྱུངས་ཤིག །གནོད་པའི་བགེགས་ལ་ལས་མཛོད་ཅིག །འདོད་པའི་དངོས་གྲུབ་སྩོལ་བ་དང་། །བཅོལ་བའི་ཕྲིན་ལས་སྒྲུབ་
(༢༥༩)པར་མཛོད། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། ཁྲོ་བོའི་དྲག་ཤུལ་བཟློག་ཏུ་གསོལ། །ཧེ་རུ་ཀ་ཡི་གཟི་བརྗིད་ཟློག །ཕུར་བའི་བྱད་ཀ་བཟློག་ཏུ་གསོལ། །སྟོབས་པོ་ཆེ་ཡི་ཟིལ་གནོན་ཟློག །ལྷ་རྣམས་ཀུན་གྱི་རྩུབ་རིམས་ཟློག །ལྷ་མིན་རྣམས་ཀྱི་དུག་གཟེར་ཟློག །གཟའ་ཆེན་བརྒྱད་ཀྱི་གཟེར་འདེབས་ཟློག །གཤིན་རྗེ་ཕོ་མོའི་འཁྲུལ་འཁོར་ཟློག །བདུད་དམག་རྣམས་ཀྱི་ཁྲམ་ཁ་ཟློག །མ་མོ་རྣམས་ཀྱི་ཐུན་ཟོར་ཟློག །ཀླུ་ཆེན་རྣམས་ཀྱི་འཆིང་བ་ཟློག །གནོད་སྦྱིན་རྣམས་ཀྱི་གཟེར་ནད་ཟློག །མཚན་གྱི་རྒྱུ་སྲང་བཟློག་ཏུ་གསོལ། །རྒྱལ་པོའི་དབྱིངས་སྨྱོ་ཐམས་ཅད་ཟློག །མཁའ་འགྲོའི་ཁྲག་ནད་བཟློག་ཏུ་གསོལ། །འབྱུང་པོ་ཡི་དྭགས་རིམས་ནད་ཟློག །ཐེའུ་རང་འགོང་པོ་ལ་སོགས་པ། །དམ་སྲི་ལོག་འདྲེན་བགེགས་ཚོགས་ཀྱི། །ཕུགས་ཀྱི་སྲིས་རྐུན་ཐམས་ཅད་ཟློག །བལ་མོའི་དུག་མཚོན་བཟློག་ཏུ་གསོལ། །ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལི་མ་ཧཱ་མཱཾ་ས་ཁ་རཾ་ཁཱ་ཧི། དེ་བཞིན་དུ། རཀྟ། ཙིཏྟ། བ་སུ་ཏ། མཉྩ་མེ་ཙི། གོ་རོ་ཙ་ནུ། ཨ་མྲྀ་ཏ། སུ་ར་ཏ། བ་ལི༚་ཏ། མ་ཧཱ་ཀི༚་ནི་རི་
(༢༦༠)ཁ་རཾ་ཁཱ་ཧི། ཞེས་པ་དང་། བསྡུས་པ་གྲངས་མང་བསགས་པར་འདོད་ན། ཧཱུྃ། བཀའ་བརྒྱུད་བླ་མའི་ཐུགས་དམ་བསྐང་། ཡི་དམ་ལྷ་ཚོགས་ཐུགས་དམ་བསྐང་། དཔའ་བོ་རྒྱ་མཚོའི་ཐུགས་དམ་བསྐང་། དཔའ་མོ་རྒྱ་མཚོའི་ཐུགས་དམ་བསྐང་། ཡེ་ཤེས་མགོན་པོའི་ཐུགས་དམ་བསྐང་། ལས་ཀྱི་མགོན་པོའི་ཐུགས་དམ་བསྐང་། འཇིག་རྟེན་མགོན་པོའི་ཐུགས་དམ་བསྐང་། སྲས་མཆོག་ནག་པོའི་ཐུགས་དམ་བསྐང་། དཔལ་ལྡན་ལྷ་མོའི་ཐུགས་དམ་བསྐང་། དབུགས་ལེན་ཡབ་ཡུམ་ཐུགས་དམ་བསྐང་། ཕྱོགས་བཅུའི་མགོན་པོའི་ཐུགས་དམ་བསྐང་། དྲེགས་པ་དོན་གཉིས་ཐུགས་དམ་བསྐང་། དྲེགས་པ་རྣམས་གསུམ་ཐུགས་དམ་བསྐང་། མ་མོ་བདུན་གྱི་ཐུགས་དམ་བསྐང་། སྲིང་མོ་བཞི་ཡི་ཐུགས་དམ་བསྐང་། འབར་མ་དགུ་ཡི་ཐུགས་དམ་བསྐང་། དུས་བཞི་ལྷ་མོའི་ཐུགས་དམ་བསྐང་། དམག་གི་རྒྱལ་མོའི་ཐུགས་དམ་བསྐང་། དབང་ཕྱུག་ཉེར་བརྒྱད་ཐུགས་དམ་བསྐང་། བསྟན་མ་བཅུ་གཉིས་ཐུགས་དམ་བསྐང་། །སྤྲུལ་དང་ཡང་སྤྲུལ་ཐུགས་དམ་
(༢༦༡)
(༢༦༢)
(༢༦༣)དང་། སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝ། པུ་རངས་པ་ཞང་བཙུན་དར་མ་རིན་ཆེན། གཙང་ལ་སྟོད་ཀྱི་ཁྱུང་པོ་སྟག་ཤམ་ཅན། ཀྱུ་ར་རྒྱལ་བའི་ཡེ་ཤེས། ཕྱག་བླ་ཆེན་མགོན་པོ། སྟོང་དཔོན་ཤེས་རབ་མགོན་པོ། ཆོས་ཀྱི་རྗེ་དཔལ་ལྡན་དུས་གསུམ་མཁྱེན་པ་ལ་སོགས་པ་ཡུམ་རྐྱང་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཆོས་སྐུ་དྲུག་པ་རྡོ་རྗེ་འཆང་ཆེན་པོ། ཏེ་ལོ་པྲཛྙཱ་བྷ་དྲ། ནཱ་རོ་ཛྙཱ་ན་སིདྡྷི། ཡབ་ཅིག་དྷརྨ་མ་ཏི། རྗེ་བཙུན་བཛྲ་དྷ་ཛ། མཉམ་མེད་རཏྣ་པུཎྱེ། མི་མཆོག་དྷརྨ་ཀི་རྟི། འགྲོ་མགོན་བུདྡྷ་ཀི་རྟི། རྒྱལ་སྲས་པུཎྱི་བཛྲ། རྡོ་རྗེ་སྲིན་པོ་ཀརྨ་པཀྴི་ནས། བདག་ཅག་གི་རྗེ་བཙུན་རྡོ་རྗེ་འཆང་དཔལ་ལྡན་བླ་མ་མཆོག་གི་བར་དུ་བྱོན་པའི་རྟོགས་པ་དོན་གྱི་དབང་ཕྱུག་ཞལ་སྦྱོར་བརྒྱུད་པའི་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར། སྒྲུབ་པ་པོ་བདག་གིས་བྱིན་པའི་ཟས་ཟོ། བཅོལ་བའི་ལས་གྱིས། གདམས་པའི་ངག་ཉོན། དགོས་པའི་དོན་སྒྲུབ། སྡང་པའི་དགྲ་སོད། གནོད་པའི་བགེགས་ཐུལ། བར་
(༢༦༤)ཆད་ཀྱི་རྐྱེན་ཟློག །གཞན་ཡང་སྡོད་སའི་གནས་མལ་སྲུངས། མཁོ་བའི་ཡོ་བྱད་སྒྲུབས། བརྒྱུད་འཛིན་གྱི་སློབ་མ་སྲུངས། རྡོ་རྗེ་སློབ་དཔོན་གྱི་སྐུ་ཚེ་བསྲིང་། ཀརྨའི་བཀའ་བརྒྱུད་ཀྱི་བསྟན་པ་མི་ནུབ་པའི་རྒྱལ་མཚན་ཕྱོར། གདན་ས་ཆོས་འཁོར་རྣམས་ཀྱི་མེལ་ཚོ་མཛོད། བདག་ཅག་སྒྲུབ་པ་པོ་དམ་ཚིག་དང་ལྡན་པ་རྣམས་ཀྱི་ལུས་དང་གྲིབ་མ་བཞིན་ཏུ་འགྲོགས་ནས། རང་དམ་གཉན་པོ་བཅས་པ་བཞིན་ཏུ་ཕྱི་མའི་མུ་མཐར་ཐུགས་གི་བར་དུ་བསྟན་པ་བསྲུང་བའི་ཕྲིན་ལས་གཡེལ་བ་མེད་པར་མཛོད་ཅིག །ཅེས་དབྱངས་དང་བཅས་པས་གྱེར་ཞིང་། འགྲོ་མགོན་རས་པ་ཆེན་པོ་ལ་དཔལ་མགོན་པོ་ཞལ་བསྟན་ནས་བསྟོད་པ་གྱིས་ཤིས་པར་རྗེས་སུ་གནང་བའི་དུས་དེ་ཉིད་དུ་མཛད་པའི་བསྟོད་བསྐུལ་ནི། ཧཱུྃ། བདག་ནི་དམ་ཅན་སྒྲུབ་པ་པོ། ཁྱོད་ནི་ཆོས་སྐྱོང་དམ་ཚིག་ཅན། །བསྟན་པའི་བཀའ་སྲུང་རྫུ་འཕྲུལ་ཅན། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །རྣལ་འབྱོར་བཅོལ་བའི་ལས་མཛོད་ཅིག །ཧཱུྃ །སྤྱན་གསུམ་དུས་གསུམ་ས་ལེར་གཟིགས། །སྲིད་གསུམ་བསྟན་ལ་བྱ་ར་བྱེད། །ལེགས་ཉེས་ཀུན་གྱི་ཤན་འབྱེད་པ། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །རྣལ་འབྱོར་
(༢༦༥)བཅོལ་བའི་ལས༴ཧཱུྃ། །སྟོང་ཉིད་ལས་བྱུང་ཧཱུྃ་ལས་སྐྱེས། རྡམས་པ་གྱད་ཀྱི་འདུག་སྟངས་ཅན། །བམ་ཆེན་རོ་ཡི་གདན་ལ་བཞུགས། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །རྣལ་འབྱོར་བཅོལ་བའི་ལས༴ཧཱུྃ། ཞལ་གདངས་མཆེ་བ་གཙིགས་པ་ཡི། ཨཱ་རལླི་ཡི་སྒྲ་སྒྲོག་པ། དཔའ་བོ་མཁའ་འགྲོ་ཕོ་ཉར་འགྱེད། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། རྣལ་འབྱོར་བཅོལ་བའི༴ ཧཱུྃ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་འདི། །དམ་ཚིག་ཡིན་པས་བདག་གིས་བསྒྲུབ། །སྒྲུབ་ལ་བར་དུ་གཅོད་པ་འདི། །རུ་དྲ་ཡིན་པས་ཁྱོད་ཀྱིས་སྒྲོལ། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །རྣལ་འབྱོར་བཅོལ་བའི༴ཧཱུྃ། །ཞལ་ནས་ཕཊ་ཀྱི་སྒྲ་སྒྲོག་པས། །སྲིད་པ་གསུམ་ཡང་རྡུལ་དུ་རློག། བསྟན་ལ་སྡང་བ་ཚར་གཅོད་པ། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །རྣལ་འབྱོར་བཅོལ་བའི༴ཧཱུྃ། །རྩོད་ལྡན་བསྟན་པ་སྙིགས་མའི་དུས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །སྔར་ཡང་རང་དམ་རང་གིས་བཅས། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །རྣལ་འབྱོར་བཅོལ་བའི་ལས་མཛོད་ཅིག །ཧཱུྃ། །
(༢༦༦)། མཐིང་ནག་ཧ་ལ་སྨན་ཆེན་མདོག །འགྱུར་བ་མེད་པའི་ཐུགས་དམ་ཅན། །གཟི་བརྗིད་ཆེན་པོས་དགྲ་བགེགས་འཇོམས། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །རྣལ་འབྱོར་བཅོལ་བའི་ལས་མཛོད་ཅིག །ཧཱུྃ། །དམ་རྫས་མཆོད་པ་ཆུང་མ་གསན། །རང་གི་དམ་བཅའ་ཉམས་ལ་རེ། །ཉེས་བྱེད་སྡེབས་སུ་ཤོར་ལ་རེ། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །རྣལ་འབྱོར་བཅོལ་བའི་ལས་མཛོད་ཅིག། ཧཱུྃ། །རྣལ་འབྱོར་རིག་འཛིན་བཀའ་མ་བཅག །བསྟན་པའི་སྤྱི་དགྲ་ཤོར་ལ་རེ། །དམ་ཚིག་ཆེན་པོའི་དུས་ལ་བབ། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །རྣལ་འབྱོར་བཅོལ་བའི་ལས་མཛོད་ཅིག། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་ཡ་ས་མ་ཡ་སིདྡྷི་ཏིཥྛ་ལྷན་ཧཱུྃ་ཕཊ་སྭཱ་ཧཱ། ཞང་བཙུན་གཏེར་རྒྱུད་ལས། བྷྱོ། །དུས་གསུམ་ཀུན་ཏུ་མ་བསྒྲིབས་ཡེ་ཤེས་ཅན། མ་སྲིང་ཆུང་མ་བུ་མོ་བྲན་མོའི་ཚོགས། །ཡེ་ཤེས་མངོན་ཤེས་མངའ་བའི་ཐུགས་བརྩེ་མ། །མཐུ་རྩལ་རྨད་བྱུང་མངའ་བའི་བྱིན་རླབས་ཅན། །སྔོན་གྱི་ཞལ་བཞེས་ཉིད་ཀྱི་དམ་བཅས་ལྟར། །བསྟན་པ་བསྲུང་ཕྱིར་རྟག་ཏུ་གྲོགས་མཛོད་ཅིག །ཨོཾ་མ་མ་ཏྲག་རཀྵ་རུ་ལུ་རུ་ལུ་བྷྱོ་ཛཧཱུྃ། ཞེས་ལས་
(༢༦༧)ཀྱེ་གཉེར་བསྒོ་ཞིང་ཐུགས་དམ་གནད་ནས་བསྐུལ་ལོ། །ཉེར་གསུམ་པ་ནི། བསྙེན་པའི་མན་ངག་རབ་འབྲིང་ཐ་མ་གང་རིགས་དང་ལྡན་པས། ལས་ལ་སྦྱོར་བ་གཙོ་བོར་བྱས་པའི་འཁྲུལ་འཁོར་རྩེ་གཅིག་ཏུ་བསྐོར་ཏེ། ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་སྤྱིའི་སྙིང་པོ་མངོན་འབྱུང་ལེའུ་ལྔ་བཅུ་པའི་ལེའུ་གསུམ་པ་ལས་གསུངས་པའོ། །ཨོཾ་མ་ཧཱ་ཀཱ་ལི་ཏྲག་རཀྵ། །མ་ཧཱ་ཀཱ་ལ་ཀཱ་ལ་ཡ། །ཡཀྵ་བེ་ཏཱ་ལི་ཧཱུྃ་ཛཞེས་ཞལ་སྦྱོར་སྐུའི་སྙིང་པོའོ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡཀྵ་བེ་ཏཱ་ལི་ཧཱུྃ་ཛཞེས་གསུང་གི་སྙིང་པོ་སྟེ་ཉེ་བའི་སྙིང་པོའོ། །ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལཱ་ཡཀྵ་གུ་ཎ་ཧྲི་ད་ཧཱུྃ་ཕཊ་ཛསྭཱ་ཧཱ། ཞེས་ཐུགས་ཀྱི་སྙིང་པོ་སྟེ་སྙིང་པོ་དམ་པའོ། །ཨོཾ་ཏྲག་རཀྵ་དུན་ཏིང་མ་བྷྱོ། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལཱ་ཡ། ཤཱ་ས་ནཾ་ཨུ་པ་ཀཱ་རི་ཎཾ། ཨི་ཥཱ་པཤྩིི་མ་ཀཱ་ལོ་ཡཾ། དུཾ་དུཾ་རཀྵ་ཚལ་པ་ཧ་ལ་དུཥྚ་ཤ་ཏྲཱུྃ་ཏ་ཐཱ་རུ་ཏྲི་པི་ཏ། དྷ་མི་རཏྣ་ཏྲ་ཡ་ཡ། ཨ་པ་ཀཱ་རི་ཎཱཾ། ཡ་ཏི་པྲ་ཏཱི་ཛྙཱ། སྨ་ར་སི་ཏ་ང་ལ། ཨི་དཾ་མ་མ་དུཥྚཾ་ཤ་ཏྲཱུྃ་དེ་ཝ་བྷ་སི། དྷ་ན་མི། ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲྀཧྞ་གྲྀཧྞ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། །པ་ཙ་པ་ཙ། དི་ན་མེ་ཀེ་ན། དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ། ཅེས་མ་མགོན་སྤྱི་དྲིལ་གྱི་སྔགས་རིང་སྟེ། ཞལ་སྦྱོར་གྱི་སྔགས་འདི་རྣམས་སློབ་དཔོན་པདྨས་ཆོས་རྒྱལ་ཁྲི་སྲོང་ལ་གནང་བ། ལྷ་སྲས་སད་ན་ལེགས་
(༢༦༨)ཀྱིས་གཏེར་ནས་ཕྱུངས་ཏེ། སྔགས་འཆང་མི་རབ་བཅོ་བརྒྱད་ཀྱི་མཐར། གྲུབ་ཆེན་ཀརྨ་པ་ཆོས་ཀྱི་བླ་མའི་བར་གཅིག་བརྒྱུད་དུ་འབྱུང་བའི་གཞུང་ལས་སོ། ཨོཾ་མ་ཧཱ་ཀཱ་ལཱ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། །ཞེས་མངོན་འབྱུང་ལྔ་བཅུ་པའི་ལེའུ་གསུམ་པ་ནས་གསུངས་པའི་ཕྱག་གཉིས་པའི་སྔགས་སོ། །ཨོཾ་བཛྲ་མ་ཧཱ་ཀཱ་ལཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཅེས་དངོས་གྲུབ་འབྱུང་བའི་ལེའུ་བཅུ་པ་ནས་གསུངས་པའི་ཕྱག་གཉིས་པའི་སྔགས་སོ། །ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལཱ་ཡ་དེ་ཝ་རཀྵ་ཛཧཱུྃ་བྃ་ཧོའདིར་ཤོག་འདིར་ཤོག །ཨཱ་གཙྪ་ཡ་ཨཱ་གཙྪ་ཡ། ཧཱུྃ་ཡ་ཛཧཱུྃ་ཡ་ཛཞེས་གྲུབ་ཆེན་ཀརྨ་པའི་མགོན་པོའི་མན་ངག་གཅིག་བརྒྱུད་ཀྱི་གཞུང་ལས་འབྱུང་བའི་སྤྱན་འདྲེན་གྱི་སྔགས་སོ། །ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལཱ་ཡ། ཤོག་ཧེར་ནི་ཤོག །ཧེར་མ་དུམ་རི་ལ་ཤོག །འདིར་ཤོག་འདིར་ཤོག །འདིར་དུམ་འདིར་དུམ། གནོད་བྱེད་དགྲ་བོའི་ཙིཏྟ་པྃ་ཙིཏྟ་རྦད། ཅེས་སྐུའི་སྙིང་པོ་སྟེ་བསྙེན་སྔགས་སོ། །ཨོཾ་མ་ཧཱ་ཀཱ་ལཱ་ཀཱ་ལ་ཡཱ། ཤཱ་ས་ནཾ། ཨུ་པ་ཀཱ་རི་ནཱཾ། ཨེ་ཥཱ་པཤྩི་མ་ཀཱ་ལོ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ཎཱཾ། ཡ་ཏི་པྲ་ཏི་ཛྙཱ། སྨ་ར་སི་ཏ་དཱ། ཨི་དཾ་དུཥྚཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲྀཧྣ་གྲྀཧྣ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན། མཱ་ར་ཡ་ཧཱུྃ་ཕཊ། ཅེས་ནག་པོ་སྲོག་
(༢༦༩)རྒྱུད་དང་། གྲི་གུག་བརྩེགས་པ་སོགས་མགོན་པོ་སྤྱི་སྒོས་ཀྱི་རྒྱུད་རྣམས་དང་། ཨརྞ་པས་མཛད་པའི་སྤར་བུའི་རྒྱ་གཞུང་བཅས་ནས་འབྱུང་བའི་གསུང་གི་སྙིང་པོ་སྟེ་བསྙེན་སྔགས་སོ། །ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལཱ་ཡ། དེ་ཝ་རཀྵ་དགྲ་བོའི་ཙིཏྟ་ལ་ཧུ་ར་ཧུ་ར། བེ་ར་བེ་ར། དུ་ན་དུ་ན། ཏྲི་ལཾ་ཤཾ་ཀ་རུ་ཏྲི་ཏ་ཏྲག་རཀྵ་རྦད། ཨོཾ་སྟཾྭ་བྷནྡྷ་སྟཾྭ་བྷནྡྷ་ཧཱུྃ་ཧཱུྃ་ཕཊ། ཅེས་ཐུགས་ཀྱི་སྙིང་པོ་སྟེ་གཅུན་སྔགས་སོ། །ཨོཾ་ཨེ་ཨཱ་ར་ལཱི་ཧོ། ཤྲཱི་མ་ཧཱ་ཀཱ་ལ་ཁཱ་ཧི། ཏྲག་རཀྵ་ཁཱ་ཧི། ཏྲག་རཀྵ་ཐུན་བྷྱོ་ཁཱ་ཧི། ཏྲག་རཀྵ་རྦད་བྷྱོ་ཁཱ་ཧི། ཞེས་རྦད་སྔགས་ཏེ་ལས་སྔགས་སོ། །སྨད་ལས་ཀྱི་བཞི་སྦྲེལ་འདི་རྣམས་གྲུབ་ཆེན་པཀྴིས་འགྲོ་མགོན་རས་ཆེན་ལ་གནང་བའི་སྙན་བརྒྱུད་ལྕགས་པར་མའི་གཞུང་ལས་སོ། །ཨོཾ་མ་མ་ཏྲག་རཀྵ། མ་ཧི་དུན་བྷྱོ། མ་ཧཱ་ཡཀྵ། མ་ཧཱ་ཏཱིཀྵ། ནག་མོ་དུན་ཏི༚་མ་བྷྱོ། ཞེས་ལྷ་མོ་ནག་མོ་ཐུགས་གསང་བའི་རྒྱུད་ལས་གསུངས་པའི་སྙིང་པོ་ཉེར་བཞི་མའོ། །ཨོཾ་ཏྲག་རཀྵ། མ་ཧི་དུན་བྷྱོ། མ་ཧཱ་ཡཀྵ། ཏི།།། །ཀཱ་ལི་དུན་བྷྱོ། ཞེས་ཞང་བཙུན་གཏེར་བྱོན་ལ་འབྱུང་བའི་ཡང་སྙིང་བཅུ་བདུན་མའོ། །ཨོཾ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་མ་ཧཱུྃ་མ་བྷྱོ་ཛཛཞེས་དཔལ་ལྡན་ལྷ་མོ་ནག་མོ་དྲག་པོའི་ལྟ་རྒྱུད་གསང་བ་ཆེན་པོའི་ལེའུ་བཅུ་པ་ལས་གསུངས་པའི་སྐུ་གསུང་ཐུགས་ཀྱི་མ་མོའི་སྙིང་པོའོ། །མ་མ་སྙིང་ཁྲག་ཚལ་པ་དུན་ཏི༚་ཧ་ལ་དུཾ་བྷྱོ། ཞེས་ཞང་བཙུན་གཏེར་བྱོན་
(༢༧༠)ལས་འབྱུང་བའི་ལས་ཀྱི་གཉེར་གཏད་པ་སྟེ། སྙིང་པོ་འདི་དག་མང་ཉུང་ཅི་རིགས་བརྗོད་པར་བྱའོ། །ཉེར་བཞི་པ་ནི། ཐུན་གྱི་གཏོར་མ་འབུལ་བ་ཡིན་ཏེ། འགྲེལ་པ་ལས། དེ་ཡང་ལིངྒའི་རྒྱུ་ཚོགས་པར་བྱས་ལ། ལིངྒ་སོར་བརྒྱད་པའི་ཚད་དུ་བྱས་པ་གཏོར་མའི་ནང་དུ་ལྡན་པར་བྱས་ཏེ། འགུགས་གཞུག་གི་སྦྱོར་བ་དང་ལྡན་པར་བྱའོ། །ཞེས་སོགས་དང་། བསྒྲུབ་བྱའི་ལུས་ནི་ཐམས་ཅད་ལ། །གྲི་གུག་འཁོར་ལོ་འཁོར་བའི་ཕྱིར། །དྲག་པོའི་བསམ་གཏན་ཞེས་བྱའོ། །ཞེས་བཤད་པས། གདབ་ལས་ཀྱི་ཆོ་ག་རྒྱས་པར་བྱ་བའམ། ཡང་ན་དམིགས་བྱའི་གཟུགས་བརྙན་རི་མོར་བྲིས་པའམ། འབུར་མ་ལ་སོགས་པ་གཏོར་མ་ལ་བཙུག་སྟེ། ལས་འགྲིག་གི་མན་ངག་ལས་འབྱུང་བ་ལྟར་བདེན་སྟོབས་བརྗོད་པས་འགུགས་པའམ། བསྡུ་ན། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང་། སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི་བདེན་པ་དང་། དགེ་འདུན་གྱི་བདེན་པ་དང་། གསང་སྔགས་དང་། རིགས་སྔགས་དང་། གཟུངས་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། ཆོས་ཉིད་དེ་བཞིན་ཉིད་ཀྱི་བདེན་པ་དང་། དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ཧཱ་ཀཱ་ལ་བར་ནག་པོ་ཅན་ལྕམ་དྲལ་བྲན་གཡོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པའི་མཐུས། སྤྱིར་སངས་རྒྱས་ཀྱི་བསྟན་
(༢༧༡)པ་བཤིག་པ། དཀོན་མཆོག་གི་དབུ་འཕངས་སྨད་པ། བླ་མའི་སྐུ་ལ་བསྔོ་བ། རིག་འཛིན་གྱི་བརྒྱུད་པ་བཅད་པ། དགེ་འདུན་གྱི་སྡེ་བཤིག་པ། དབེན་རི་གཉེན་པོ་བཅོམ་པ། མཚམས་མེད་ལྔ་ལ་སྤྱད་པ། མི་དགེ་བ་བཅུ་ལ་རྔམ་པ། ཁྱད་པར་དུ་དཔལ་ལྡན་ཀརྨ་པའི་བསྟན་པ་བསྟན་འཛིན་བརྒྱུད་པ་དང་བཅས་པ་རྣམས་ལ་ཕོད་བཙུགས་པ། དོ་བསྔོ་བ། བགྲས་འཚོལ་བ། ཡ་བོ་བཟུང་བ། སྔ་དགྲ་ལག་གིས་འདར་བ། ཕྱི་དགྲ་ཡིད་ལ་བསམ་པ། ད་དགྲ་ཐང་དུ་གཙུགས་པའི་དགྲ་བགེགས་བྱང་མ་རྦོད་གཏོང་དང་བཅས་པའི་བླ་སྲོག་རྣམ་པར་ཤེས་པ། སྲིད་པ་གསུམ་གང་དུ་གནས་ཀྱང་རང་དབང་མེད་པར་དྲག་པོའི་ཐུན་གྱི་གཏོར་མ་འདིའི་ནང་དུ་ཁུག་ཅིག །བཛྲ་ཨངྐུ་ཤཱ་ཛབཛྲ་པཱ་ཤ་ཧཱུྃ། བཛྲ་སྥོ་ཊ་བྃ། བཛྲ་གྷཎྜེ་ཧོཞེས་པས་ཤ་ཏྲཱུྃ་བཀུག་ལ། འགོ་བའི་ལྷ་དང་སོ་སོར་ཕྲལ་ཏེ། རྣམ་ཤེས་སྤར་ལ། དེའི་སྙིང་གར་པདྨ་འདབ་མ་བརྒྱད་པའི་འདབ་མ་རྣམས་ལ་ཤ་ལྔ་དང་། བདུད་རྩི་ལྔ་ས་བོན་དང་བཅས་པ་བསམ། ཕྱག་མཚན་དང་། ཤངས་ནས་ཧཱུྃ་འཕྲོས། བསྒྲུབ་བྱའི་དྲི་འཛིན་ལ་ཞུགས་
(༢༧༢)ཏེ། སྙིང་གར་པདྨའི་ལྟེ་བར་གྲི་གུག་གི་འཁོར་ལོར་གྱུར་པས་དུམ་བུར་གཏུབ་ཅིང་། སྔགས་ལས་གྲུབ་པའི་མཚོན་ཆས་ཕྱི་ནས་གཏུབས་པས། ཁྲག་འཕེལ་ཏེ་ཁྲག་གི་རྒྱ་མཚོ་དང་། ཤ་རུས་ཏིལ་ཙམ་དུ་གཏུབས་ནས་ཞུ་བ་དམ་ཚིག་གི་བདུད་རྩི་དང་། སྙིང་གའི་ཤ་ལྔ་བདུད་རྩི་ལྔ་ས་བོན་དང་བཅས་པ་ཞུ་ཞིང་འདྲེས་པས་ཡེ་ཤེས་ཀྱི་བདུད་རྩི་དང་དབྱེར་མེད་དུ་གྱུར་པ། མགོན་པོ་འཁོར་དང་བཅས་པས་གསོལ་བར་བསམ། ཡང་བསྡུས་པ་ནི། གཏོར་མ་བསྒྲུབ་བྱར་དམིགས་པའི་རྣམ་ཤེས་སྦར་ལ། ཕྱག་གཡོན་པའི་ཐོད་པར་བཅུག། གཡས་ཀྱི་གྲི་གུག་གིས་གཏུབས་ནས་ཤ་ཁྲག་གི་རྒྱ་མཚོར་གྱུར་པ། ནག་པོ་ཆེན་པོས་གསོལ་བ་མོས། གདུང་བའི་དབྱངས་ཀྱི་ཚིག་འདི་རྣམས་ཀྱིས་ཡབ་ཡུམ་འཁོར་བཅས་བསྐུལ་བར་བྱའོ། ཧཱུྃ། །བསྐལ་པ་མེ་ལྟར་འབར་བའི་དུར་ཁྲོད་ནས། །རླུང་ནག་དགུ་ཀློང་འཁྱིལ་བའི་ཕོ་བྲང་དུ། །ཤིན་ཏུ་མི་བཟད་མ་ཧཱ་ཀཱ་ལའི་སྐུ། །ཤིན་ཏུ་མི་བཟད་སྐུ་མདོག་མཐིང་ནག་ལ། །བརྗིད་པའི་ན་བཟའ་སྨུག་ནག་སྐུ་ལ་གསོལ། །ཐུགས་རྗེའི་རྟགས་ཀྱི་ཐོད་པས་དབུ་ལ་བཅིངས། །གཡས་ཀྱི་ཕྱག་ན་གཅོད་པའི་གྲི་གུག་བསྣམས། །གཡོན་ན་ཐོད་པ་གདུག་པའི་ཁྲག་བཀང་གསོལ། །དབུ་སྐྲ་རལ་པའི་ཐོར་ཚུགས་གཅིག་ཏུ་
(༢༧༣)འཁྱིལ། །གདུག་པ་སྦྲུལ་གྱི་ཆུན་པོས་སྐུ་ལ་བརྒྱན། །སྐུ་མདོག་མཐིང་ནག་འཇིགས་པར་སྟོན་པ་ནི། །དོན་དམ་དབྱིངས་ལས་འགྱུར་བ་མེད་པའི་རྟགས། །སྐུ་ལ་དར་ནག་བེར་ཆེན་གསོལ་བ་ནི། །ཐུགས་རྗེའི་སྤྲུལ་སྐུས་འགྲོ་དོན་བྱེད་པའི་རྟགས། །དབུ་ལ་ཐོད་སྐམ་ལྔ་ཡིས་བརྒྱན་པ་ནི། །ཐུགས་རྗེའི་སྤྲུལ་སྐུས་འགྲོ་དོན་འབྱུང་བའི་རྟགས། །གཡས་ན་གཅོད་པའི་གྲི་གུག་བསྣམས་བ་ནི། །ཉོན་མོངས་མ་ལུས་རྩད་ནས་གཅོད་པའི་རྟགས། །གཡོན་ན་བྷནྡྷ་ཁྲག་བཀང་བསྣམས་པ་ནི། །རྣམ་རྟོག་ཉོན་མོངས་གཏན་ནས་འཇོམས་པའི་རྟགས། །དབུ་སྐྲ་རལ་པ་གཅིག་ཏུ་འཁྱིལ་བ་ནི། །ཐམས་ཅད་ཆོས་ཀྱི་དབྱིངས་སུ་གཅིག་པའི་རྟགས། །གདུག་པ་སྤྲུལ་གྱི་ཆུན་པོས་བརྒྱན་པ་ནི། །ཞེ་སྡང་དབང་གིས་དགྲ་བགེགས་སྒྲོལ་བའི་རྟགས། །དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ལ། །བདག་གི་དགེ་བའི་བར་དུ་གཅོད་པ་དང་། །སངས་རྒྱས་བསྟན་པ་བཤིག་པའི་ལས་ངན་འདི། ཁྱོད་ཀྱི་ཁོང་ནས་དུག་གི་རླུང་བུས་ལ། །འདུ་བ་རྣམ་བཞིའི་ནད་རྣམས་ཁོང་ནས་སློང་། །པགས་གཞི་ལྷུ་རྣམས་ས་ལ་རྡེབ་ཏུ་ཆུག །དོན་སྙིང་རྣམ་ལྔ་ཁོང་ཁྲག་སྐྱུག་ཏུ་ཆུག །ལས་ངན་འཁོར་བཅས་བྲང་ཆེན་
(༢༧༤)བརྡུང་དུ་ཆུག། སྨྲེ་སྔགས་ཆོ་ངེས་གནམ་དུ་འབོད་དུ་ཆུག །ཁ་ནས་ལག་ཆུག་ཁོང་ནས་སྙིང་ཡང་ཐོན། །ལྟག་ནས་བདུད་ཆོང་གདོང་གི་འོད་ཀྱང་འཕྲོགས། །མཆན་གྱི་བུ་ཕྲོགས་འོག་གི་ཆུད་མ་སོང་། །འཆི་བའི་དུས་སུ་བླ་རྡོལ་སྨྱོ་འབོག་ཐོངས། །གཅན་གཟན་མཁའ་ལྡིང་ལ་སོགས་ལྟས་ངན་ཕེབས། །སྡང་བའི་དགྲ་བགེགས་མ་ལུས་མྱུར་དུ་སྒྲོལ། །བསྟན་པ་བསྲུང་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་གྲི་གུག་བརྩེགས་པའི་རྒྱུད་ལས་འབྱུང་བ་གཙོ་བོ་ལ་རྟགས་བསྟོད་ཀྱིས་བསྐུལ་བ་དང་། ལེགས་ལྡན་བསྐུལ་བ་ནི། ཧཱུྃ། སྔོན་ཚེ་བསྐལ་པ་དང་པོ་ལ། སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། ལེགས་ལྡན་ནག་པོ་ཆེན་པོ་ནི། ས་བཅུ་མགོན་པོའི་སྤྲུལ་པ་སྟེ། བསྟན་པ་བསྲུང་བར་ཞལ་གྱིས་བཞེས། འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། བསྟན་དགྲ་འདུལ་བར་མ་བྱས་སམ། དམ་བཅས་བཞིན་དུ་ཕྲིན་ལས་མཛོད། བྱང་ཕྱོགས་དུར་ཁྲོད་ཆེན་པོ་ཡི། གྲོང་ཁྱེར་སུམ་བརྩེགས་ཕོ་བྲང་ནས། ཡབ་གཅིག་ལེགས་ལྡན་ནག་པོ་ནི། །ཞལ་གཅིག་ཕྱག་གཉིས་འཇིགས་པའི་གཟུགས། །ཕྱག་ན་ཙནྡན་བེང་ཆེན་བསྣམས། །ལྷ་དམག་བྱེ་བ་འབུམ་གྱི་
(༢༧༥)དབུས། འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། སྡང་བའི་དགྲ་བོ་མྱུར་དུ་སྒྲོལ། ལྷ་དང་ལྷ་མིན་འཐབ་པའི་ཚེ། གྲོང་ཁྱེར་སུམ་བརྩེགས་འཇིག་བྱེད་ཅིང་། ལྷ་དམག་དཀར་པོའི་དབུགས་འབྱིན་པ། སངས་རྒྱས་བསྟན་པ་རྒྱས་མཛད་པ། འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། བསྟན་ལ་སྡང་བ་རྡུལ་དུ་རློག །ཙནྡན་བེང་ཆེན་གསོར་བ་ལས། ལྷ་དམག་འབུམ་གྱི་གཞལ་ཡས་ཁང་། སྒོ་རྣམས་དྲག་ཏུ་འབྱེད་བྱེད་ཅིང་། ལྷ་དམག་བྱེ་བ་དུང་ཕྱུར་འགྱེད། འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། བསྟན་པའི་སྤྱི་དགྲ་མྱུར་དུ་སྒྲོལ། ཧ་ཧ་ཧི་ཧིའི་སྒྲ་སྒྲོག་པས། མ་མོ་མཁའ་འགྲོ་ཕོ་ཉར་འགྱེད། སྲིད་པ་གསུམ་ཡང་ཟིལ་གྱིས་གནོན། ཕོ་ཉའི་ཚོགས་རྣམས་རླུང་ལྟར་འཚུབས། འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། ལོག་ལྟ་ཅན་རྣམས་དབང་དུ་བསྡུས། ཉི་མ་བྱང་ཕྱོགས་ཕ་ཀི་ན། མཐིང་ནག་འབར་བའི་གཞལ་ཡས་ཁང་། །དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་ནས། །ཡབ་གཅིག་མགོན་པོ་ནག་པོ་དང་། །ཡུམ་གཅིག་ལྷ་མོ་ནག་མོ་གཉིས། །འཁོར་དུ་མ་སྲིད་རྒྱ་མཚོས་བསྐོར། །འདིར་གཤེགས་
(༢༧༦)རྒྱན་གྱི་གཏོར་མ་བཞེས། །སངས་རྒྱས་བསྟན་པ་བསྲུང་དུ་གསོལ། །ཞེས་དང་། ལས་མགོན་སྲས་མཆོག་བསྐུལ་བ་ནི། ཧཱུྃ། །མི་འགྱུར་རྡོ་རྗེའི་བྲག་སྐས་ནས། །མཐིང་ནག་འབར་བའི་གཞལ་ཡས་ཁང་། །སྲས་མཆོག་ནག་པོ་འཇིགས་པའི་ཚུལ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག །གཡས་པས་གྲི་གུག་ནམ་མཁར་ཕྱར། །གཡོན་པས་ཐོད་ཁྲག་ཞལ་དུ་གསོལ། །སྐུ་ལ་དར་བེར་དགུ་བརྩེགས་གསོལ། །རྐང་ལ་སག་ལྷམ་ཡུ་རིང་གསོལ། །ལས་ཀྱི་མགོན་པོ་འབུམ་གྱིས་དབུས། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །དམ་ཉམས་རུ་དྲ་རྡུལ་དུ་རློག །བཀའ་ཉན་ཚོགས་ཀྱིས་བསྐོར་བ་ནི། །བདུད་དང་གཤིན་རྗེ་གིང་གི་ཚོགས། །ཟ་བྱེད་མ་མོ་རྫུ་འཕྲུལ་ཅན། །བྱེ་བ་དུང་ཕྱུར་ས་མ་ཡ། །ཐོགས་མེད་རྫུ་འཕྲུལ་སྟོབས་དང་ལྡན། །སྤྲིན་ལྟར་འདུ་ཞིང་དགྲ་བགེགས་ཐུལ། །རླུང་ལྟར་འཚུབས་ཅིང་ཕྲིན་ལས་མཛོད། །བསྟན་ལ་སྡང་བའི་དམ་ཉམས་འདི། །ཟོ་ཞིག་ལྷག་མ་མེད་པར་མཛོད། །དཀོན་མཆོག་གསུམ་གྱི་བཀའ་དམ་དང་། །དུས་གསུམ་རྒྱལ་བའི་བཀའ་ལ་ཉོན། །ནག་པོ་དམ་ལས་འདས་གྱུར་ན། །སྔོན་གྱི་དམ་
(༢༧༧)བཅའ་ཉམས་ལ་རེ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཅེས་དང་། བཀའ་ཉན་ཕྱོགས་བཅུའི་སྲས་མཆོག་བསྐུལ་བ་ནི། ཧཱུྃ། འཁོར་ལོ་རྩིབས་བཅུའི་ཁྲི་སྟེང་དུ། དགྲ་རོ་པད་ཟླ་ཉི་མའི་སྟེང་། དཔལ་ལྡན་ཕྱོགས་བཅུའི་མགོན་པོ་ནི། མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། དབུ་སྐྲ་ཁམས་ནག་གྱེན་དུ་བརྫེས། ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། སྤྱན་གསུམ་སྡང་མིག་དགྲ་ལ་བལྟ། ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས། སྨིན་མ་ཨ་ར་ཨག་ཚོམ་སེར། དར་ནག་བེར་ཆེན་སྐུ་ལ་གསལ། ཐོད་རློན་ལྔ་བཅུའི་དོ་ཤལ་བྱས། ཕྱག་གཡས་བེང་ཆེན་གྲི་གུག་བསྣམས། གཡོན་པས་ཐོད་ཁྲག་ཞལ་དུ་གསོལ། བསྲུང་བཟློག་བསད་པའི་ལས་ལ་རྔམས། ཞབས་གཉིས་བསྐྱང་བསྐུམ་དོར་སྟབས་སུ། །མེ་དཔུང་འབར་བའི་དབུས་ན་འགྱིང་། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །རྣལ་འབྱོར་བདག་ཅག་འཁོར་བཅས་སྲུངས། །བྱད་མ་ལྷ་སྲུང་རྦད་འདྲེ་ཟློག །བསྟན་ལ་སྡང་བའི་དགྲ་བོ་ཐུལ། །ཞེས་པ་རྣམས་ཀུན་མཁྱེན་རང་བྱུང་རྡོ་རྗེས་མཛད་པའི་མཐར། དཀོན་མཆོག་
(༢༧༨)གསུམ་ལ་སྨོད་པ་དང་། །གསང་སྔགས་ཐེག་པར་བརྙས་པ་དང་། །སྒྲུབ་པ་པོ་ལ་དོ་བསྔོས་དང་། །སེམས་ཅན་ཡོངས་ལ་འཚེ་བ་ཡི། །སྡང་བའི་དགྲ་དང་གནོད་པའི་བགེགས། །ཐམས་ཅད་མ་ལུས་རྡུལ་དུ་རློག། བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་གྲུབ་ཆེན་ཀརྨ་པཀྴིས་མཛད་པ་སྦྱར་བ་དང་། ཡང་གྲུབ་ཐོབ་ཆེན་པོ་ཀརྨ་པས་ཤར་ཕྱོགས་སྤུངས་རིར་མཛད་པའི་བསྐུལ་རིང་ནི། ཧཱུྃ། བྱང་ཕྱོགས་དུར་ཁྲོད་ཆེན་པོ་ཡི། །གྲོང་ཁྱེར་སུམ་བརྩེགས་ཕོ་བྲང་ནས། །ཡབ་གཅིག་ལེགས་ལྡན་ནག་པོ་ནི། །ཕྱག་ན་ཙནྡན་བེང་ཆེན་བསྣམས། །ལྷ་དམག་བྱེ་བ་འབུམ་གྱི་དབུས། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། ཧཱུྃ། །མི་འགྱུར་རྡོ་རྗེའི་བྲག་གི་ཐེམ་སྟེང་ན། །གྲུ་གསུམ་མཐིང་ནག་འབར་བའི་གཞལ་ཡས་ནས། །སྲས་མཆོག་ནག་པོ་འཇིགས་པའི་ཚུལ། །ལས་ཀྱི་མགོན་པོ་འབུམ་གྱི་དབུས། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། ཧཱུྃ། །ཡབ་གཅིག་མགོན་པོའི་བཀའ་ཉན་པ། །ཤར་ཕྱོགས་སྐྱོང་བའི་མགོན་པོ་ནི། །དཔལ་འབར་
(༢༧༩)འཇིགས་པའི་ཆ་བྱད་ཅན། །ཕྱག་ན་ནོར་བུའི་ཞགས་པ་བསྣམས། །མགོ་བརྙན་བྱེ་བ་འབུམ་གྱི་དབུས། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། ཧཱུྃ། ཡབ་གཅིག་མགོན་པོའི་བཀའ་ཉན་པ། ལྷོ་ཕྱོགས་སྐྱོང་བའི་ནག་པོ་ཆེ། སེར་ཆེན་འབེབས་ཤིང་བདེ་ཆེན་བསྣམས། གཤིན་རྗེ་འབུམ་གྱི་འཁོར་གྱིས་སྐོར། འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། ཧཱུྃ། ཡབ་གཅིག་མགོན་པོའི་བཀའ་ཉན་པ། ནུབ་ཕྱོགས་སྐྱོང་བའི་གཟི་བརྗིད་ཅན། མཚལ་བུ་རྟིང་དཀར་ཆིབས་ཤིང་གྲུ་ཚལ་བསྣམས། ཀླུ་བདུད་མང་པོའི་ཚོགས་ཀྱིས་བསྐོར། འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། ཧཱུྃ། ཡབ་གཅིག་མགོན་པོའི་བཀའ་ཉན་པ། བྱང་ཕྱོགས་སྐྱོང་བའི་རྣམ་ཐོས་སྲས། སེང་གེ་ཆིབས་ཤིང་བེང་ཆེན་བསྣམས། གནོད་སྦྱིན་སྨུག་ནག་འཁོར་གྱིས་བསྐོར། འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། ཧཱུྃ། ཡབ་གཅིག་མགོན་པོའི།བཀའ་ཉན་པ། །ཤར་ལྷོ་
(༢༨༠)སྐྱོང་བའི་ཛམྦྷ་ལ། །སྔོན་པོ་ཆུ་རིས་ཆིབས་པའི་ལྷ་དམག་འབུམ། སྔོ་ཁྲ་རོལ་དུ་ཁྲིད་པའི་དམ་ཅན་རྣམས། འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། ཧཱུྃ། ཡབ་གཅིག་མགོན་པོའི་བཀའ་ཉན་པ། ལྷོ་ནུབ་སྐྱོང་བའི་མཛེས་ལྡན་སྲས། སྟོབས་ཆེན་མགོན་པོ་ནག་པོ་ལ། རཀྴ་སྲིན་པོའི་ཚོགས་ཀྱིས་བསྐོར། འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། ཧཱུྃ། ཡབ་གཅིག་མགོན་པའི་བཀའ་ཉན་པ། ནུབ་བྱང་སྐྱོང་བའི་དམ་ཅན་ནི། བྲག་ལྷ་མགོན་པོ་ཐིག་ལེ་རྩལ། རླུང་ལ་ཆིབས་ཤིང་ཕྱོགས་བཅུར་རྒྱུག །དམ་ཅན་སྐྱེས་བུ་གིང་ཆེན་རྣམས། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། ཧཱུྃ། །ཡབ་གཅིག་མགོན་པོའི་བཀའ་ཉན་པ། །བྱང་ཤར་སྐྱོང་བའི་རྣམ་སྣང་དབུ་རྒྱན་ཅན། །གཙུག་ཏོར་ལྗང་གུ་འཁོར་བཅས་རྣམས། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། ཧཱུྃ། །ཡབ་གཅིག་མགོན་པོའི་བཀའ་ཉན་པ། །སྟེང་ཕྱོགས་སྐྱོང་བའི་གཙུག་ཕུད་ཅན། །དམག་དཔོན་ཆེན་པོ་ཡ་བདུད་འཇོམས། །གཟའ་ཆེན་བརྒྱད་ཀྱི་
(༢༨༡)འཁོར་གྱིས་བསྐོར། ལྷ་སྲིན་སྡེ་བརྒྱད་ཕོ་ཉེར་འགྱེད། འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། ཧཱུྃ། ཡབ་གཅིག་མགོན་པོའི་བཀའ་ཉན་པ། འོག་ཕྱོགས་སྐྱོང་བའི་བརྟན་མ་ནི། ཀླུ་ཆེན་ས་བདག་འཁོར་གྱིས་བསྐོར། གདུག་པ་ཐམས་ཅད་འདུལ་མཛད་པ། འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། ཧཱུྃ། ཡབ་གཅིག་མགོན་པོའི་བཀའ་ཉན་པ། བདུད་དམག་བྱེ་བ་འབུམ་གྱི་དབུས། གདུག་པ་འདུལ་མཛད་ཐོད་ཕྲེང་ཅན། རྟ་ནག་ཆིབས་པའི་མགོན་པོ་ཡང་། འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། ཧཱུྃ། ཡབ་གཅིག་མགོན་པོའི་བཀའ་ཉན་པ། ཁྲག་འཐུང་མ་མོ་རྫུ་འཕྲུལ་ཅན། །སྲིད་གསུམ་མ་མོའི་ཚོགས་ཀྱིས་བསྐོར། །དྲེའུ་རྟ་ཆིབས་ཤིང་བསྟན་པ་བསྲུང་། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། ཧཱུྃ། །ཡབ་གཅིག་མགོན་པོའི་བཀའ་ཉན་པ། །སྤྲུལ་དང་ཡང་སྤྲུལ་བསམ་མི་ཁྱབ། །བྱ་ནག་ཚོགས་དང་ཁྱི་ནག་ཚོགས། །ལྕེ་སྤྱང་ཚོགས་དང་གདུག་པའི་ཚོགས། །ཐོགས་
(༢༨༢)མེད་རྫུ་འཕྲུལ་སྟོབས་དང་ལྡན། །ཤ་ལ་དགའ་ཞིང་ཁྲག་ལ་མོས། །དུར་ཁྲོད་འགྲིམ་ཞིང་བཤུག་གླུ་ལེན། །དཔལ་གྱི་འཁོར་ཚོགས་མ་ལུས་པ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །སྔོན་ཚེ་དཔལ་ཆེན་སྤྱན་སྔ་དུ། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །རིག་འཛིན་རྣམས་ཀྱི་བསྟན་པ་སྲུངས། །གཏུམ་ཞིང་གདུག་པའི་དགྲ་བགེགས་རྣམས། །མྱུར་དུ་སྒྲོལ་བའི་ཕྲིན་ལས་མཛོད། །ཅེས་པས་མགོན་པོ་འཁོར་བཅས་དང་། དཔལ་ལྷ་མོ་ལ་བསྐུལ་བ་ནི། ཀླུའི་རྒྱལ་པོ་དགའ་བོས་ལྷ་མོའི་ཆ་ལུགས་ལ་བསྟོད་པ། བྷྱོ། གསང་སྔགས་རྣལ་འབྱོར་གྲུབ་པའི་བདག་ཉིད་མ། །ཡོན་ཏན་རྟགས་ཀྱི་སྐུ་མདོག་ཕྱག་མཚན་ནི། །དོན་དུ་སྣང་བ་མེད་ཀྱང་གདུལ་བྱའི་ཕྱིར། །རྟགས་ཀྱི་ཕྱག་རྒྱ་འདི་ལྟར་བསྟན་པའོ། ཁམས་གསུམ་འདུལ་ཕྱིར་གདན་དུ་བོང་བུ་ཞོན། །མྱ་ངན་མི་འདའི་རྟགས་སུ་ལྕགས་སྒྲོག་མངའ། །བདག་དོན་ལྷུན་གྲུབ་གླང་ཆེན་ཀོ་བས་བརྒྱན། །གཞན་དོན་ཕུན་སུམ་ཚོགས་ཕྱིར་རེ་ལྡེས་དཀྲིས། །བྱང་ཆུབ་སེམས་ལྡན་སྤྱི་གཙུག་ཟླ་རྒྱས་གསལ། །ཤེས་རབ་རྟོགས་ཕྱིར་ལྟེ་བ་ཉི་མས་བརྒྱན། །དུག་གསུམ་སྡོང་པོ་གཅོད་པའི་རལ་གྲི་དང་། །བསོད་ནམས་གཏེར་གྱི་ཕྱག་མཚན་ནེའུ་ལེ་བསྣམས་། །
(༢༨༣)དབང་དྲག་རྫོགས་ཕྱིར་རལ་པ་ཁམས་ནག་སྦྲུག །ཉོན་མོངས་འདྲེན་ཕྱིར་རྣོ་དབ་ལ་མཆེ་བ་གཙིགས། །འཁོར་བ་ལྗགས་ལ་བརྡར་ཕྱིར་རྐན་སྒྲ་སྡེག གདུག་པ་ཞེ་ལ་གནོན་ཕྱིར་སྡང་མིག་བགྲད། །ཐམས་ཅད་དབང་དུ་སྡུད་ཕྱིར་སྤྱན་རྩ་དམར། །སྙོམས་པའི་ཚོགས་མཆོག་མི་འགྱུར་སྐུ་མདོག་ནག། མ་མོ་འདུལ་ཕྱིར་དུར་ཁྲོད་ཆས་ཀྱིས་བརྒྱན། །སྐུ་གསུང་ཐུགས་ལྡན་རྟགས་ཀྱི་ཁ་ཊྭཱྃ་གསོར། །རྟོག་པ་སྒྲོལ་ཕྱིར་གནམ་ལྗགས་ཕུར་པ་འདྲིལ། །སྲིད་གསུམ་བྱ་ར་མཛད་ཕྱིར་མེ་ལོང་དང་། །ཞེ་སྡང་དབང་སྡུད་སྦྲུལ་ནག་ཞགས་པ་འཕེན། །སྐུ་གསུམ་རྫོགས་ཕྱིར་ཐོད་པའི་ཕྲེང་བས་བརྒྱན། །ཉོན་མོངས་སྲེག་བྱེད་མེ་དཔུང་ནང་ན་བཞུགས། །དྲག་པོ་མྱུར་མགྱོགས་སྟོན་ཕྱིར་འཚུབས་མས་བརྒྱན། །ལྷ་སྲིན་འདུལ་ཕྱིར་རྗོད་གི་བཀའ་བཟློག་མ། །འདོད་ཁམས་སྐྱོང་ཕྱིར་ཡོངས་འདུའི་ཤིང་ལ་བརྟེན། །དཔའ་རྟགས་སྟོན་ཕྱིར་སྟག་གི་ཤམ་ཐབས་ཅན། །བསྟན་པ་བསྲུང་ཕྱིར་དྲག་པོའི་ཆ་ལུགས་རྫོགས། །ང་རྒྱལ་དབང་སྡུད་བདག་མེད་སྒྲ་སྒྲོག་ཕྱིར། །ཐབས་ཀྱི་སྙན་ཆ་གཡས་པ་སེང་གེས་བརྒྱན། །ཞེ་སྡང་དབང་སྡུད་གདུག་ཅན་འདུལ་བའི་ཕྱིར། །ཤེས་རབ་སྙན་ཆ་གཡོན་པ་སྤྲུལ་གྱིས་བརྒྱན། །འདུ་བྱེད་མི་རྟག་
(༢༨༤)རྟགས་སུ་དྲིལ་བུའི་སྒྲ། །ཆགས་ཕྱིར་རྔམས་མཛད་རཀྟའི་རྦ་ཀློང་འཐུང་། །དམ་ཚིག་བསྲུང་ཕྱིར་ཞིང་པགས་རྒྱན་དུ་མཛད། །ཐ་དད་ལས་རྣམས་བསྒྲུབ་ཕྱིར་རྨ་བྱའི་འཕྲུ། །ཉོན་མོངས་སྒྲིབ་པའི་ཚོགས་རྣམས་རབ་སྤངས་ནས། །ཡེ་ཤེས་རིག་པའི་ཚོགས་རྣམས་ཤར་བའི་ཕྱིར། །རང་བཞིན་གནས་མཆོག་བྱང་ཤར་མཚམས་ལ་བརྟེན། །དབུ་མའི་ས་ལ་གནས་ཕྱིར་དྲེལ་ལ་ཆིབས། །ཉོན་མོངས་གདུག་པ་འདུལ་ཕྱིར་མ་ཡི་ཚུལ། །མཁའ་འགྲོ་མ་མོ་ཁྱོད་ལ་ཕྱག་འཚལ་ལོ། །བདག་གི་ལས་རྣམས་ཐམས་ཅད་འགྲུབ་པར་མཛོད། །ཅེས་རྟགས་ཀྱི་བསྟོད་བསྐུལ་སློབ་དཔོན་པདྨས་མཛད་པའི་པུ་རངས་པའི་གཏེར་རྒྱུད་ལས་འབྱུང་བ་དང་། རིན་པོ་ཆེ་ཀརྨ་པས་ཧོར་ཡུལ་དུ་མཛད་པའི་ཡུམ་བསྐུལ་ནི། བྷྱོ། ཡེ་ཤེས་དབྱིངས་ཀྱི་དཀྱིལ་འཁོར་ནས། །རང་བྱུང་ཡེ་ཤེས་དཔལ་ལྷ་མོ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །སྐུ་གསུང་ཐུགས་ཀྱི་ཕྲིན་ལས་མཆོག །ནག་མོ་མི་བཟད་རེ་མ་ཏི། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །སུམ་ཅུ་རྩ་གསུམ་གནས་མཆོག་ནས། །དཀར་མོ་དུང་གི་ཐོར་ཚུགས་ཅན། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་གྲུབ་
(༢༨༥)པར་མཛོད། །རིམ་པ་བཅུ་གསུམ་ཡར་སྟེང་ནས། །རེ་ཏི་མགོ་ཉག་ཡུམ་གཅིག་མ། །འདིར་གཤེགས༴བཅོལ་བའི༴རི་རབ་མཆོག་གི་ཁོང་སེང་ན། །ལྷ་མིན་བུ་མོ་གློག་འགྱུར་མ། །འདིར་གཤེགས༴བཅོལ་བའི༴གང་བ་བཟང་པོའི་བུ་མོ་ནི། ལྷ་མོ་རིན་ཆེན་སྐ་རགས་ཅན། འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། ལྷོ་ཕྱོགས་གཤིན་རྗེའི་གྲོང་ཁྱེར་ནས། ཆོས་ཀྱི་རྒྱལ་པོའི་ལྕམ་གཅིག་མ། འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། གཙུག་ན་རིན་ཆེན་བུ་མོ་ནི། ཀླུ་མོ་ནག་མོ་ཆུ་སྲིན་གདོང་། འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། བྱང་ཤར་ཐོད་པའི་སྐུ་མཁར་ནས། དཔལ་ལྡན་ལྷ་མོ་འཁོར་དང་བཅས། འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་སུ། དུས་གསུམ་སངས་རྒྱས་བསྟན་པ་བསྲུང་། དམ་ཅན་རྒྱ་མཚོའི་སྐུ་བསྐྱོད་འཚལ། ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། རིག་འཛིན་བསྒྲུབ་པའི་རྣལ་འབྱོར་པས། མོས་གུས་གདུང་བས་སྤྱན་འདྲེན་ན། ཕྱི་མའི་མུ་
(༢༨༦)མཐར་ཐུག་གི་བར། །བར་ཆད་མེད་པའི་སྟོང་གྲོགས་མཛོད། །ཅེས་དང་། ཆོས་རྗེ་གསུམ་པ་རང་བྱུང་རྡོ་རྗེས་མཛད་པའི་མ་མོ་སྤྱི་བསྐུལ་ནི། བྷྱོ། མ་གཡེལ་མ་གཡེལ་དཔལ་ལྷ་མོ། མ་གཡེལ་མ་གཡེལ་མ་མོའི་ཚོགས། རེ་མ་ཛ་དང་རེ་མ་ཛི། རེ་མ་ཛུ་དང་རེ་མ་ཏི། མ་བདུན་སྲིང་བཞི་འབར་མ་དགུ། འབེབས་པར་བྱེད་པའི་མ་ལྔ་དང་། ཨ་ཕྱི་ཆེན་མོ་སྲིང་མོ་དང་། དུས་ལ་འཆར་བའི་ལྷ་མོ་བཞི། དམག་གི་རྒྱལ་མོ་ཆེན་མོ་བཞི། དབང་ཕྱུག་ཉེར་བརྒྱད་བརྟན་མའི་ཚོགས། བོས་པའི་ཚེ་ན་སྙན་མ་སྲ། གསན་ཅིང་དགོངས་ལ་ད་ཚུར་བྱོན། གཡབ་པའི་ཚེ་ན་སྤྱན་མ་བཏུལ། མཆི་མ་ཐུལ་ཐུལ་ད་ཚུར་བྱོན། བསྟེན་པའི་ཚེ་ན་རྒྱང་མ་རིང་། ཏིང་འཛིན་རྩེ་གཅིག་བདག་ལ་དགོངས། བསྒྲུབ་པའི་ཚེ་ན་གོང་མ་གཡེལ། མཐུ་སྟོབས་དགྲ་བགེགས་བརླག་པར་མཛོད། རྦད་པའི་ཚེ་ན་མཐུ་མ་ཆུང་། དགྲ་བོའི་སྐྱེ་རྒྱུད་རྩད་ནས་གཅོད། བསྐུལ་བའི་ཚེ་ན་བང་མ་བུལ། བསྟན་པའི་སྤྱི་དགྲ་བསྒྲལ་བའི་ཕྱིར། ལྷ་མོ་ནག་མོ་འཁོར་བཅས་རྣམས། མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། མཚོན་གྱི་གྲུ་གུའི་ཞགས་པ་སྐྱོང་། ནད་ཀྱི་རྐྱལ་པ་ཁ་ཕྱེས་ལ། མདོས་ཟོར་ཐུན་གྱི་སྣ་དྲོངས་ཤིག། མ་བདུད་འབུམ་གྱི་
(༢༨༧)ཆིབས་ཁ་བསྒྱུར། བྷྱོ་དང་བྷྱོ་ཡི་སྒྲ་དང་ཆོས། ཧཱུྃ་དང་ཕཊ་ཀྱི་སྒྲ་དང་ཆོས། རྦད་དང་སོད་ཀྱི་སྒྲ་དང་ཆོས། རྒྱོབ་དང་བརྡུངས་ཀྱི་སྒྲ་དང་ཆོས། བསྟན་པ་ཡོངས་ལ་གནོད་པ་ཡི། སྡིག་ཅན་དགྲ་བོ་དམ་ཉམས་འདི། ད་ལྟར་བསྒྲལ་བའི་ཞིང་ཡིན་པས། དགྲ་བགེགས་ཚར་གཅོད་དུས་ལ་བབ། དགྲ་སྲོག་ཆོད་ལ་དགྲ་སྙིང་ཕྱུངས། དགྲ་བོ་བདུན་རྒྱུད་རྩད་ནས་ཆོད། དགྲ་བོ་མོ་རྒྱུད་མངལ་ནས་སྐོམས། དགྲ་བོའི་བུ་རྒྱུད་བརླག་པར་གྱིས། དུས་ལ་བབ་པོ་ས་མ་ཡ། ཞེས་པ་རྣམས་ཀྱིས་དཔལ་ལྷ་མོ་འཁོར་བཅས་བསྐུལ་ཞིང་ཕྲིན་ལས་བཅོལ། སླར་ཡང་དཔལ་མགོན་འཁོར་བཅས་དྲག་ཏུ་རྦད་ཅིང་ཕྲིན་ལས་གཞོལ་བ་ནི། ཧཱུྃ། གང་ཞིག་བླ་མ་ལ་སྨོད་ཆོས་ལ་སྡང་། །འགྲོ་ལ་རྣམ་འཚེ་སྒྲུབ་པ་པོ་ལ་གནོད། །ངན་འགྲོར་ཉེར་གཞོལ་དེ་དག་རྣམས་ཀྱི་སྲོག། ཟངས་གྲི་འབར་བས་ཡུད་ཀྱིས་གཅོད་པར་མཛོད། །གང་དུ་རྡོ་རྗེའི་སེར་ཆེན་དབབ་པའམ། །བསྐལ་མེ་འབར་དང་དྲག་པོའི་རླུང་ཤུགས་སོགས། འཇིག་ཆེན་བརྒྱ་ཕྲག་དུ་མའི་ཆོ་འཕྲུལ་དང་། །ལྟས་ངན་མཚན་མ་དབྱེ་བ་དབབ་པར་མཛོད། །ཤིན་ཏུ་མི་བཟད་ནད་གདོན་འབུམ་ཕྲག་གིས། །དགྲ་བོ་བུ་དང་ཆུང་མ་འབངས་བཅས་ཀུན། །སྐད་ཅིག་
(༢༨༨)ཉིད་ལ་བསད་དེ་བསྐལ་སྟོང་དུ། །མནན་གཟིར་བསྐྲད་དང་རེངས་པའི་ཕྲིན་ལས་མཛོད། །མི་བསྲུན་ཤ་ཟའི་ཕོ་ཉ་དུང་ཕྱུར་ཡང་། ཁྲོས་པའི་མིག་བགྲད་ཁྲོ་གཉེར་མཆེ་བ་གཙིགས། །རྣོ་བའི་མཚོན་ཐོགས་རྔམས་པའི་ང་རོ་འབྱིན། །རིངས་པར་རྒྱུག་བྱེད་ཁྱོད་ཀྱི་དུས་ལ་བབ། །ནམ་མཁའ་གང་བ་འདབ་བཟང་དབང་པོའི་ཚོགས། །གདོང་ལྔ་ལ་སོགས་གཅན་གཟན་མ་རུངས་པ། །བྱེ་བ་དུང་ཕྱུར་ཁྲི་ཕྲག་དུ་མ་རྣམས། །ཉམས་པ་འདི་ཡི་ཤ་རུས་ཁྲག་ལ་རོལ། །ཞེས་རྗེ་བཙུན་མཐོང་བ་དོན་ལྡན་གྱིས་མཛད་པ་དང་། མ་མོ་འཁོར་བཅས་རྦད་པ་ནི། བྷྱོ། ཡེ་ཤེས་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །འགྲོ་མགོན་སྐྱོབས་པ་རྣམས་ཀྱི་བཀའ་བཞིན་དུ། །ཕྲིན་ལས་ཚུལ་བཞིན་བསྒྲུབ་པའི་བཀའ་ཉན་མ། །རྫུ་འཕྲུལ་སྟོབས་དང་ལྡན་ཁྱོད་མ་ཐོགས་པར། །ཕྲིན་ལས་སྣ་ཚོགས་སྒྲུབ་པའི་ལས་མཛོད་ཅིག །དཔེར་ན་རྔོན་པས་རི་དྭགས་བཤོར་བ་བཞིན། །བསད་པ་དོན་ཏུ་གཉེར་བའི་ལས་མཛད་མས། །གསོད་པ་དོན་ཏུ་གཉེར་བའི་ལས་མཛོད་ཅིག། ཅེས་ཀརྨ་པཀྴིའི་གསུང་ལ། རྗེ་རང་བྱུང་རྡོ་རྗེ་དང་། ཞྭ་དམར་ལྔ་པས་ཁ་འགེངས་མཛད་པའོ། །གཞན་ཡང་ལས་འགྲིག་གི་མན་ངག་ནས་འབྱུང་བའི་བཀའ་ཉན་དྲེགས་པ་རྣམས་ཕྲིན་ལས་ལ་བསྐུལ་བའི་ཚིགས་
(༢༨༩)བཅད་ཇི་ལྟར་རིག་པ་བརྗོད་ཅིང་། རོལ་མོའི་སྒྲ་ཆེན་པོ་དང་བཅས་པས་གཏོར་མ་འབུལ་ཞིང་། དྲག་པོའི་རིག་སྔགས་གང་ཤེས་དང་། ཨོཾ་ཨེ་ཨཱ་རལླི་ཧོ། ཤྲཱི་མ་ཧཱ་ཀ་ལ་ཁཱ་ཧི། ཏྲག་རཀྴ་ཁཱ་ཧི། ཏྲག་རཀྵ་དུན་བྷྱོ་ཁཱ་ཧི། ཏྲག་རཀྵ་རྦད་བྷྱོ་ཁཱ་ཧི། དམ་ཅན་མགོན་པོ་ནག་པོ་མཁའ་འགྲོའི་ཚོགས་སུ་གྱུར་པ་རྣམས་ཀྱི་ཞལ་དུ་དམ་རྫས་བདུད་རྩིའི་གཏོར་མ་འདི་འབུལ་ལོ། །བཞེས་སུ་གསོལ། ཁཱ་ཧི། ཞེས་དྲག་ཏུ་བཟླ་ཞིང་ཐུན་གཏོར་ཕྱིར་དཔག །བཟློག་བསྒྱུར་ཇི་ལྟར་འོས་པ་དང་། ཕྱག་བཞེས་ལས་འབྱུང་བ་བཞིན་འཇམ་དཔལ་ཚེ་བདག་ནག་པོའི་ཡང་བཟློག་ཀྱང་བྱའོ། །ཉེར་ལྔ་པ་ནི། དངོས་གྲུབ་བླང་པའི་ཕྱིར། བདག་བསྐྱེད་དང་། མདུན་བསྐྱེད་ཀྱི་གཙོ་བོའི་ན་བཟའི་སུལ་རྣམས་ནས་རིན་པོ་ཆེ་སྣ་ཚོགས་བའི་ཆར་དང་། གཞན་ཡང་གནས་གསུམ་ནས་ཅི་འདོད་པའི་དངོས་གྲུབ། སྐུ་གཟུགས། སྙིང་པོ། ཕྱག་མཚན་གྱི་རྣམ་པ་ལ་སོགས་པ་འཕྲོས་ནས། རང་ཉིད་ལ་བསྟིམ་པ་སོགས་མན་ངག་ལས་འབྱུང་བ་ལྟར་དམིགས་ཤིང་། ངག་ཏུ་སྙན་བརྒྱུད་ཀྱི་མན་ངག་གྲུབ་ཆེན་ཀརྨ་པཀྴིའི་གསུང་ལས་འབྱུང་བ། ཧཱུྃ། །ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ནས། །ཡེ་ཤེས་མགོན་པོ་འཁོར་དང་བཅས། །འདིར་གཤེགས་བདག་ལ་དགོངས་ནས་ཀྱང་། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ནམ་མཁའི་དབྱིངས་
(༢༩༠)ཀྱི་དཀྱིལ་འཁོར་ནས། །སྲས་མཆོག་ནག་པོ་འཇིགས་པའི་གཟུགས། །འདིར་གཤེགས་བདག་ལ་དགོངས་ནས་ཀྱང་། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །རི་རབ་མཆོག་གི་སྟེང་ཤེད་ནས། །འཇིག་རྟེན་མགོན་པོ་གཟི་བརྗིད་ཅན། འདིར་གཤེགས་བདག་ལ་དགོངས་ནས་ཀྱང་། བྱིན་གྱིས་བརླབ་པར་མཛད་དུ་གསོལ། མཐོང་བ་ཙམ་གྱིས་བདུད་ཀྱི་དཔུང་། ཀུན་ནས་སྐྲག་པར་བྱེད་པ་ཡི། མ་ཧཱ་ཀཱ་ལ་ཁྱོད་ཀྱི་ཞལ། བདག་ལ་དེ་རིང་བསྟན་དུ་གསོལ། ལས་བཞི་གྲུབ་པ་ཆེན་པོ་བརྒྱད། སྐད་ཅིག་ཡུད་ཀྱིས་འགྲུབ་བྱེད་པ། སྔགས་ཀྱི་དངོས་གྲུབ་ཆེན་པོ་དེའང་། བདག་ལ་དེ་རིང་སྩལ་དུ་གསོལ། བྱམས་པའི་ཐུགས་ཀྱིས་བདག་ལ་དགོངས། བརྩེ་བའི་སྤྱན་གྱིས་བདག་ལ་གཟིགས། ལུང་བསྟན་རྗེས་སུ་གནང་བ་ཡི། བཀའ་སྩལ་བདག་ལ་གནང་དུ་གསོལ། བྷྱོ། མ་གཅིག་སྨིན་མཚམས་མཛོད་སྤུ་ཡི། འོད་ཟེར་གྱི་ནི་དྲྭ་བ་ལས། སྐུ་ཡི་སྤྲུལ་པ་གྲངས་མེད་འགྱེད། དཔལ་ལྡན་ལྷ་མོ་རེ་མ་ཛ། ཕྱོགས་བཅུ་ནམ་མཁའི་བདུད་བཅོམ་ནས། སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ། མ་གཅིག་ལྗགས་ཀྱི་དབང་པོ་ཡི། འོད་ཟེར་གྱི་ནི་དྲྭ་བ་ལས། །གསུང་གི་སྤྲུལ་པ་གྲངས་
(༢༩༡)མེད་འགྱེད། །དཔལ་ལྡན་ལྷ་མོ་རེ་མ་ཛུ། །ཕྱོགས་བཅུ་ནམ་མཁའི་བདུད་བཅོམ་ནས། །གསུང་གི་དངོས་གྲུབ་སྩལ་དུ་གསོལ། །མ་གཅིག་ཐུགས་ཀྱི་དཔལ་བེའུ་ཡི། །འོད་ཟེར་གྱི་ནི་དྲྭ་བ་ལས། །ཐུགས་ཀྱི་སྤྲུལ་པ་གྲངས་མེད་འགྱེད། །དཔལ་ལྡན་ལྷ་མོ་རེ་མ་ཏི། །ཕྱོགས་བཅུ་ནམ་མཁའི་བདུད་བཅོམ་ནས། །ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་རེ་མ་ཏི་སརྦ་སིདྡྷི་ཕ་ལ་ཧཱུྃ། སིདྡྷི་ས་མ་ཡ་ཧཱུྃ་ཨཱཧཱུྃ། ཞེས་བཟླ་བཞིན་པས་ཡབ་ཡུམ་གྱི་དངོས་གྲུབ་བླང་ངོ། །ཉེར་དྲུག་པ་ནི། ཚོགས་ཀྱི་འཁོར་ལོའི་སྟོན་མོ་ལ་སྤྱོད་པ་སྟེ། །དྲག་པོའི་བརྟག་པར། ཚོགས་ཀྱི་འཁོར་ལོ་བསྐོར་བའི་དུས། །ཞེས་དང་། འགྲེལ་པར། ཁ་ཟས་ཚོགས་པར་བྱས་ལ། གོང་གི་ལྷ་ཡི་རྣལ་འབྱོར་རྣམས། །ཤིན་ཏུ་གསལ་བར་བྱས་ནས་ནི། །དེ་ནས་བདུད་རྩིའི་ཞལ་ཟས་རྣམས། །ཡེ་ཤེས་བདུད་རྩིར་བྱིན་བརླབས་ལ། །ལྷ་ཡི་འཁོར་ལོ་ཐམས་ཅད་ཀྱི། །ལྕེ་ལ་ཧཱུྃ་བྱུང་རྡོ་རྗེ་བསམ། །དམ་ཚིག་བཟའ་དང་བཏུང་བ་དག །པདྨའི་ཕྱག་རྒྱས་སྔོན་དུ་སྦྱིན། །དེ་ནས་ཁ་ཟས་ཐམས་ཅད་ཀྱི། །ཕུད་ཀྱིས་དཀྱིལ་འཁོར་གསལ་བར་མཆོད། །ལྷ་ཡི་རྣལ་འབྱོར་ལྡན་པ་ཡིས། །ཞལ་ཟས་ཚིམ་པ་བཟའ་བར་བྱ། །ཞེས་འབྱུང་བས་དཀྱིལ་འཁོར་གྱི་ལྷ་ཚོགས་མཆོད་པའི་བྱ་བ་སྔོན་ཏུ་སོང་ནས། སྐབས་འདིར་
(༢༩༢)རྣལ་འབྱོར་པ་རྣམས་ཚོགས་ཀྱི་ལོངས་སྤྱོད་ཀྱིས་མཉེས་པར་བྱ་བའི་དོན་དུ། ཐབས་ཤེས་ཀྱི་རྫས་ཆེན་པོའི་ཡོ་བྱད་རྣམས་ལས་ཀྱི་རྡོ་རྗེ་ལ་སོགས་པས་བཏེགས་ལ། གུས་འདུད་དང་བཅས་པས་རྡོ་རྗེ་སློབ་དཔོན་གྱི་དྲུང་དུ། དཔའ་བོ་ཆེན་པོ་དགོངས་སུ་གསོལ། །གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས། །འདི་ལ་རྣམ་རྟོག་བྱར་མི་རུང་། །བྲམ་ཟེ་ཁྱི་དང་གདོལ་པ་གསུམ། །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །ཞེས་དྲངས་ལ། །སློབ་དཔོན་གྱིས། བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འདོད་ཆགས་དྲི་མ་དང་བྲལ་བ། །གཟུང་དང་འཛིན་པ་རྣམ་པར་སྤངས། །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །ཞེས་བརྗོད་ཅིང་བླངས། གཞན་རྣམས་ལའང་། གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས། །ཞེས་སོགས་བརྗོད་ཅིང་ཚོགས་དྲངས། དེས་ཀྱང་། བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །ཞེས་སོགས་བརྗོད་ཅིང་བླངས། ཅི་ཙམ་འོས་པའི་ཕུད་བཞག་ལ་ལོངས་སྤྱད་ཅིང་། སྨོན་ལམ་གྱི་རིམ་པའང་སྐབས་སུ་ཇི་ལྟར་བབ་པ་བཞིན་རྒྱ་ཆེར་གདབ་བོ། །ཉེར་བདུན་པ་ནི། འགྲེལ་པར། ལྷག་མ་དུར་ཁྲོད་གནས་སུ་སྦྱིན། །ཞེས་པས། ལས་ཀྱི་རྡོ་རྗེས་ཚོགས་ཀྱི་ལྷག་མ་དང་། །ཕུད་རྣམས་སྣོད་གཅིག་ཏུ་བསྡུས་ལ། ཕྱག་སྔོན་དུ་འགྲོ་བས། དཀྱིལ་འཁོར་ལྷ་ཡི་བཀའ་བསྒྲུབ་ཅིང་། །ལྷག་མའི་ཟས་ལ་སྤྱོད་བྱེད་པ། །མི་བསྲུན་མཁའ་འགྲོ་ཕོ་ཉ་ལ། །ལྷག་མའི་གཏོར་མ་
(༢༩༣)སྦྱིན་དུ་གསོལ། །ཞེས་གསོལ་བ་བཏབ་ནས། སློབ་དཔོན་གྱི་ཁ་བཤལ་བའི་ཆང་གིས་བྲན་པ་བཤམས་ལ། ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། བཟའ་བཏུང་སྣ་ཚོགས་ཀྱི་ཕུད་ལྷག། བཤལ་ཆུའི་གཏོར་མ་བསམ་གྱིས་མི་ཁྱབ་པར་གྱུར། ཅེས་པས་བྱིན་གྱིས་བརླབས། ཨོཾ་སརྦ་ཨུཙྪིཥྚ་བ་ལི༚་ཏ་བྷཀྵ་སི་སྭཱ་ཧཱ། ཞེས་པས་བསྔོས་ཏེ། ལས་ཀྱི་མཁའ་འགྲོ། འཇིག་རྟེན་མཁའ་འགྲོ། ཤ་ཟ་མཁའ་འགྲོ། མཁའ་འགྲོ་ཕོ་ཉའི་ཚོགས་རྣམས་ལ་འབུལ་ལོ། །ཕུད་ལྟག་བཤལ་ཆུའི་གཏོར་མ་འདི་བཞེས་ཤིར་ཚིམ་པར་མཛོད་ལ། བསྟན་པ་བསྲུང་བ་དང་། རྣལ་འབྱོར་བ་སྐྱོང་བ་དང་། དགྲ་བགེགས་འདུལ་བའི་ཕྲིན་ལས་མཛོད་ཅིག། ཅེས་ཕྲིན་ལས་བཅོལ་ལ་རོལ་མོ་དང་བཅས་པས་ལྷག་མ་རྣམས་དཀྱིལ་འཁོར་ཀྱི་ཁང་པའི་ཕྱི་རོལ་དུ་བཏང་ཞིང་། སྣོད་བཤལ་ཆུས་བཀྲུས་པ་ཁ་ནང་དུ་བསྟན་པར་ཁྱེར་བ་དངོས་གྲུབ་འདུ་བའི་རྟེན་འབྲེལ་དུ་བཤད་དོ། །རྩ་བའི་བཞི་པ་ཆོ་གའི་རྗེས་ཀྱི་རིམ་པ་ལའང་བཅུ་གསུམ་ལས། མཆོད་པ་བྱིན་གྱིས་བརླབས་པ། །གཏང་རག་གི་མཆོད་སྤྲིན་བསྟབ་པས། བསྟོད་པས་མངའ་དབུལ་བ། འདོད་དོན་གྱི་ཕྲིན་ལས་བཅོལ་བ། ཉེས་ལྟུང་བཤགས་ཤིང་བཟོད་པར་གསོལ་བ། མན་ངག་གི་ཡི་གེ་བརྒྱ་པ་ཉམས་སུ་བླངས་པ། བཀྲ་ཤིས་
(༢༩༤)པའི་གཟུངས་སྔགས་བཟླ་བ། སྨོན་ལམ་གདབ་པ། ཡེ་ཤེས་པ་བརྟན་པར་གསོལ་བ། བདག་བསྐྱེད་བསྡུག ། ཐུན་མཚམས་ཀྱི་ལྷར་ལྡང་བ། དགེ་བ་བསྔོ་བ། བཀྲ་ཤིས་བརྗོད་པའོ། །དང་པོ་ནི། མཆོད་པ་རྣམས་ཁ་གསོས་བར་བདུད་རྩིའི་ཆབ་བཏང་ནས། ལས་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་མཆོད་རྫས་འདི་རྣམས་ཐམས་ཅད་ཀྱི་འོག་ཏུ། ཨ་ལས་བྱུང་བའི་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་ཟླ་བ་ལྟར་དཀར་བའི་ནང་དུ། ཧཱུྃ་ཡིག་ནག་པོ་འོད་དུ་ཞུ་བ་ལས་བྱུང་བའི་དུག་གི་མེ་ཏོག་གི་ཕྲེང་བ་དང་ལྡན་པའི་ཁྲག་གི་ཨརྒྷཾ། དབང་པོའི་མེ་ཏོག་ཚིལ་ཆེན་གྱི་བདུག་སྤོས། ཞུན་ཆེན་གྱི་མར་མེ། བྱང་སེམས་དཀར་པོ། རང་བྱུང་གི་རཀྟ། གྲི་ཁྲག་དང་དུག་གི་ཡོན་ཆབ། འབྲས་ཆེན་དང་། འབྲུ་ནག་དང་། ཤ་ཆེན་གྱི་བཤོས་བུ། ག་བུར་གྱི་ཞབས་བསིལ། ཕུན་སུམ་ཚོགས་པའི་ཞལ་ཟས། གྲི་རྐང་གི་གླིང་བུ། ཐོད་པའི་ཌཱ་རུ། དེ་ལ་སོགས་ཏེ་མཆོད་པའི་སྤྲིན་ཕུང་དྭངས་ཤིང་ཐོགས་པ་མེད་པ། བསམ་གྱིས་མི་ཁྱབ་པའི་དྲག་པོའི་མཆོད་རྫས་ཀྱི་རྒྱ་མཚོ་ཆེན་པོས་ཡོངས་སུ་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཧཱུྃ། དེ་བཞིན་དུ། པཱ་དྱཾ། པུཥྤེ། དྷཱུ་བེ། དཱི་པཾ། །
(༢༩༥)གནྡྷེ། ནཻ་ཝི་དྱ། ཤབྡའི་བར་གྱིས་བརླབ་བོ། །གཉིས་པ་ལ། ཕྱིའི་མཆོད་པ་ནི། ཧཱུྃ། དཔལ་ལྡན་མགོན་པོ་འཁོར་བཅས་ལ། །མེ་ཏོག་བདུད་སྤོས་བྱུག་པ་དང་། །སྣང་གསལ་རོལ་མོ་ཤ་སྣ་ཚོགས། ཁུར་བ་ཤིང་ཏོག་འབྲས་ཀྱི་ཆན། །བདུད་རྩི་ལྔ་སོགས་མཆོད་པ་འདིས། །ནག་པོ་ཆེན་པོ་འཁོར་བཅས་མཆོད། ནང་མཆོད་ནི། ཧཱུྃ། །དཔལ་ལྡན་མགོན་པོ་འཁོར་བཅས་ལ། །ནང་གི་མཆོད་པ་འབུལ་བ་ནི། །བདུད་རྩི་ལྔ་ནི་མཚོ་ལྟར་བསྐྱིལ། །དམར་ཆེན་གཏོར་མ་རྫ་ལྟར་བརྩིགས། །ཤ་ཆེན་ལྔ་ནི་རི་ལྟར་སྤུངས། ཁྲག་ཆེན་རཀྟ་བརྫིང་ལྟར་བསྐྱིལ། །ཛ་གད་དཔའ་བོའི་མཆོད་པ་འདིས། །ནག་པོ་ཆེན་པོ་འཁོར་བཅས་མཆོད། གསང་མཆོད་ནི། ཧཱུྃ། །དཔལ་ལྡན་མགོན་པོ་འཁོར་བཅས་ལ། །གསང་བའི་མཆོད་པ་འབུལ་བ་ནི། །སྣང་སྲིད་ཐབས་ཤེས་ཡབ་ཡུམ་དུ། །གཉིས་སུ་མེད་པར་མཉམ་སྦྱར་ནས། །གཉིས་མེད་བདེ་བའི་མཆོད་པ་དང་། །བྱང་ཆུབ་སེམས་ཀྱི་མཆོད་སྤྲིན་གསལ། །ཏ་ན་ག་ནའི་མཆོད་པ་ནི། །བདེ་བ་ཆེན་པོར་བཞེས་སུ་གསོལ། བླ་མེད་མཆོད་པ་ནི། ཧཱུྃ། །དཔལ་ལྡན་མགོན་པོ་འཁོར་བཅས་ལ། །བླ་མེད་མཆོད་པ་ཁྱད་
(༢༩༦)པར་ཅན། སྤོས་དང་ལྷ་བཤོས་དྲི་ཆབ་དང་། འབྲས་ཆེན་དུག་གི་ལ་དུ་དང་། ཉ་ཤ་རྒྱུ་མའི་ཆུན་པོ་དང་། ཤ་ཆེན་བསྲེག་པའི་གསུར་དུད་དང་། ཚོལ་ཆེན་བལྟམས་པའི་མར་མེ་དང་། པདྨ་འབར་བའི་རཀྟ་དང་། མར་གྱིས་བྱུག་པའི་བཤོས་གཙང་དང་། འབྲུ་ཡི་བཅུད་ཕྱུངས་ཆང་མཆོག་འབུལ། བདུད་རྩི་གཏོར་མ་འབུལ་བ་ནི། ཧཱུྃ། དཔལ་ལྡན་མགོན་པོ་འཁོར་བཅས་ལ། བདུད་རྩི་གཏོར་མ་འབུལ་བ་ནི། བྷནྡྷ་འབར་བའི་སྣོད་ནང་དུ། དྲི་ཆེན་དྲི་ཆུ་རཀྟ་དང་། བྱང་སེམས་གླད་པ་བདུད་རྩི་དང་། བ་ལི༚་རྒྱན་གྱི་གཏོར་མ་ལ། རུ་དྲའི་ཤ་ཁྲག་རུས་པས་བརྒྱན། དམ་རྫས་གཏོར་ཆེན་འབར་བ་ནི། ཐུགས་དམ་བསྐང་ཕྱིར་མཆོད་པ་འབུལ། །བཞེས་ནས་བསྟན་པ་བསྲུང་དུ་གསོལ། སྤྱི་མཆོད་ནི། ཧཱུྃ། །དཔལ་ལྡན་མགོན་པོ་འཁོར་བཅས་ལ། །སྤྱི་མཆོད་སྣ་ཚོགས་འབུལ་བ་ནི། །གྷི་ཧཾ་ག་བུར་ཛ་ཏི་དང་། །བུར་སྨུག་ཀར་ཤིང་མངར་དང་། །ལི་ཤི་ལྕ་སྒ་ན་ལེ་ཤམ། །གུར་གུམ་སྤོས་དཀར་ཙནྡན་དང་། །རྒྱ་ཚ་རྒྱ་མ་ཚ་དྲོད་སྨན་དང་། །དཀར་གསུམ་མངར་གསུམ་སྐྱུར་གསུམ་དང་། །སྨན་རྣམས་སྦྱར་བའི་རིལ་བུ་དང་། །རིན་ཆེན་སྣ་ལྔའི་ཕྱེ་མ་དང་། །དར་ཚོན་
(༢༩༧)སྣ་ལྔའི་ཆུན་པོ་དང་། །སྦྲང་རྩི་རྒུན་འབྲུམ་སེ་འབྲུའི་ཆང་། །ནས་གྲོ་འབྲས་སྲན་བྲའོ་དང་། །ཉུང་དཀར་ཁྲེ་དང་སྙེབ་རྣམས་དང་། །འབྲུ་སྣ་ཚོགས་པའི་མཆོད་པ་དང་། །སྒོག་གཙོང་ཤ་མོང་ལ་སོགས་པའི། །དཀའ་ཐུབ་ཟས་དང་མཉེས་མཆོད་དང་། ཁམ་བུ་སྟར་ཁ་ཝ་སེ་དང་། །གྲག་ཉོལ་སེ་བ་ཀ་ཟན་དང་། གཡེར་མ་བལ་པོ་སེའུ་དང་། །ཅོ་ལེ་ཉོ་ལེ་ལ་ཕུད་དང་། །འུ་སུ་གོ་སྙོད་བཅའ་འབྲུ་སོགས། །སྤོད་དང་ལ་དུའི་མཆོད་པ་དང་། །རོལ་མོ་གླུ་དབྱངས་སིལ་སྙན་འདིས། །མཁའ་འགྲོ་མགོན་པོ་དམ་ཅན་གྱི། །སྐུ་གསུང་ཐུགས་ལ་མཉེས་མཆོད་འབུལ། །ཡོན་ཏན་ཕྲིན་ལས་མཉེས་གྱུར་ཅིག། ཐུགས་དམ་གཉན་པོ་སྐང་བ་དང་། དགྲ་བགེགས་བསྒྲལ་ཕྱིར་བཞེས་སུ་གསོལ། །ཨོཾ་ཨེ་ཨཱ་རལླི་ཧོཤྲཱི་མ་ཧཱ་ཀཱ་ལ་ཁཱ་ཧི། ཏྲག་རཀྵ་ཁཱ་ཧི། ཏྲག་རཀྵ་དུན་བྷྱོ་ཁཱ་ཧི། ཏྲག་རཀྵ་དགྲ་བོའི་སྲོག་རྩ་ལ་མཱ་ར་ཡ་རྦད་བྷྱོ། ཁཱ་ཧི་ཁཱ་ཧི། ཞེས་པའི་མཆོད་པ་འདི་རྣམས་ཆོས་རྗེ་རང་བྱུང་ཞབས་ཀྱི་གསུང་ལས་འབྱུང་བའོ། །གསུམ་པ་ནི། བསྟོད་པས་མངའ་དབུལ་བ་ལ། ཆོས་རྗེ་ཀརྨ་པའི་གསུང་ལས། ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ཆེན་པོ་ནི། །སྐུ་མདོག་མཐིང་ནག་རལ་པ་གྱེན་དུ་འཁྱིལ། །སྤྱན་
(༢༩༨)གསུམ་སྡང་མིག་དམར་པོ་མེ་ལྟར་འབར། །ཞལ་ནས་དགྲ་ལ་རིམས་ནད་དཔག་མེད་འགྱེད། །སྐུ་ལ་བདུད་ཀྱི་བེར་ནག་དགུ་བརྩེགས་གསོལ། །དཔའ་བོ་བདུད་འདུལ་སྟག་གི་ཤམ་ཐབས་ཅན། །སངས་རྒྱས་བསྟན་པ་ཡུན་ཏུ་སྐྱོང་བྱེད་པའི། །ནག་པོ་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། ཧཱུྃ། །དཔལ་ལྡན་མགོན་པོ་ནག་པོ་ཆེན་པོ་ནི། །དྲག་གཏུམ་གཟི་བརྗིད་བསྐལ་པའི་མེ་ལྟར་འབར། །ཧཱུྃ་ཕཊ་སྒྲ་སྒྲོགས་ཞལ་བགྲད་མཆེ་བ་གཙིགས། །གདུག་པ་འདུལ་ཕྱིར་ཐོད་པའི་ཕྲེང་བས་བརྒྱན། །བདུད་ལས་རྒྱལ་ཕྱིར་འཇོལ་བེར་དགུ་བརྩེགས་གསོལ། །རྡོ་རྗེ་བྲག་རིའི་སྟེང་ན་བརྐྱང་བསྐུམ་བཞུགས། །རྣལ་འབྱོར་དམ་ཅན་སྐྱོང་བའི་ནག་པོ་ཆེ། །མ་ཧཱ་ཀཱ་ལ་ཁྱོད་ལ་བདག་བསྟོད་དོ། །ཅེས་པས་དཔལ་མགོན་པོ་དང་། མེ་ལྕེ་ཕྲེང་བའི་རྒྱུད་ལས། བདུད་པོ་རེ་ཏི་མགོ་ཡགས་ཀྱིས་དབང་གི་སྒོ་ནས་བསྟོད་པའོ། བྷྱོ། །ལྷ་ལ་དབང་བསྒྱུར་ལྷ་མོ་དཔལ་འབར་མ། །དབང་ཕྱུག་སྲས་མོ་ལྷ་མོ་གཟི་ལྡན་མ། །སུམ་ཅུ་རྩ་གསུམ་གནས་ཀྱི་གཙོ་མོ་སྟེ། །ལྷ་མོ་རེ་མ་ཏི་ལ་ཕྱག་འཚལ་བསྟོད། །བདུད་ལ་དབང་བསྒྱུར་བདུད་མོ་དཔལ་འབར་མ། །རེ་ཏི་མགོ་ཡགས་བུ་མོ་རེ་མ་ཏི། །ནག་པོ་དགུ་བརྩེགས་གནས་
(༢༩༩)ཀྱི་གཙོ་མོ་སྟེ། །བདུད་མོ་རེ་མ་ཏི་ལ་ཕྱག་འཚལ་བསྟོད། །ཀླུ་ལ་དབང་བསྒྱུར་ཀླུ་མོ་དཔལ་འབར་མ། །གཙུག་ན་རིན་ཆེན་བུ་མོ་ཡིད་འོང་བྱམས། །རོལ་མཚོ་བདུན་གྱི་གནས་ཀྱི་གཙོ་མོ་སྟེ། །ཀླུ་མོ་རེ་མ་ཏི་ལ་ཕྱག་འཚལ་བསྟོད། །གནོད་སྦྱིན་དབང་བསྒྱུར་གནོད་སྦྱིན་དཔལ་འབར་མ། །གང་བ་བཟང་པོའི་བུ་མོ་ཤང་ཀི་མ། །ནགས་ཚལ་དྲྭ་བ་ཅན་གྱི་གཙོ་མོ་སྟེ། །གནོད་སྦྱིན་རེ་མ་ཏི་ལ་ཕྱག་འཚལ་བསྟོད། །ཅེས་པས་དཔལ་ལྷ་མོ་དང་། ཧཱུྃ། །ཡེ་ཤེས་དབྱིངས་ལས་མ་གཡོས་ཀྱང་། །ཐུགས་རྗེའི་ཐབས་ཀྱིས་གདུག་པ་འདུལ། །དཔལ་ལྡན་བཀའ་ཡི་བྱ་ར་བ། །དམ་ཅན་རྒྱ་མཚོའི་ཚོགས་ལ་བསྟོད། །ཅེས་པས་འཁོར་རྣམས་ལ་བསྟོད་དོ། །བཞི་པ་ནི། འདོད་དོན་གསོལ་ཞིང་ཕྲིན་ལས་བཅོལ་བ་གྲུབ་ཆེན་ཀརྨ་པཀྴིའི་གསུང་ལས་འབྱུང་བ། ཧཱུྃ། །ཉི་མ་བྱང་ཤར་ཕ་ཀི་ན། །བྲག་སྟེང་གྲུ་གསུམ་འབར་བའི་དབུས། །མདུང་དང་རལ་གྲི་གཤིབས་པའི་ཁྲི། །ཐོད་པ་སྣ་ཚོགས་སྐུ་མཁར་ན། །དགྲ་རོ་པད་ཉིའི་གདན་སྟེང་ནས། །ལྷ་ཆེན་ལེགས་ལྡན་ནག་པོ་ནི། །མ་ཧཱ་ཀཱ་ལ་བེར་ནག་ཅན། །ནག་པོ་སྟོང་གི་འཁོར་གྱིས་བསྐོར། །ཤ་ཟ་འབུམ་ནི་ཕོ་ཉར་འགྱེད། །ལྷ་དམག་དུང་
(༣༠༠)ཕྱུར་ཐམས་ཅད་ཀྱང་། ཞལ་གཅིག་ཕྱག་གཉིས་འཇིགས་པའི་གཟུགས། དབུ་སྐྲ་ཁམས་ནག་གྱེན་དུ་འཁྱིལ། སྨིན་མ་སྨ་ར་དམར་སེར་འབར། ཤངས་ནས་བསྐལ་པའི་རླུང་ནག་འཚུབས། ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས། སྐུ་མདོག་ནག་པོ་གཟི་བརྗིད་ཆེ། དར་ནག་འཇོལ་བེར་སྐུ་ལ་གསོལ། ཐོད་པ་སྐམ་རློན་དབུ་ལ་བརྒྱན། ཞིང་ཆེན་རིན་ཆེན་སྟག་ལྤགས་གསོལ། སྣ་ཚོགས་དར་གྱི་རྒྱན་གྱིས་སྤྲས། ཕྱག་གཡས་གྲི་གུག་ནམ་མཁར་ཕྱར། གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས། ཞབས་གཉིས་བརྐྱང་བསྐུམ་དོར་སྟབས་བགྲད། མེ་དཔུང་འབར་བའི་ནང་ན་བཞུགས། བྲོས་པས་སྲིད་གསུམ་ཐལ་བར་རློག། རྔམས་པས་ཁམས་གསུམ་ཟས་སུ་ཟ། །གདུག་པའི་དགྲ་བགེགས་རྩད་ནས་གཅོད། །མཁའ་འགྲོ་ཆོས་སྐྱོང་ཀུན་གྱི་གཙོ། །དུར་ཁྲོད་གནས་མཆོག་ཀུན་གྱི་བདག། སྡེ་བརྒྱད་དྲེགས་བྱེད་ཀུན་གྱི་མགོན། ལས་མཁན་དམ་ཅན་ཀུན་གྱི་རྗེ། རིག་འཛིན་རྣལ་འབྱོར་ཀུན་གྱི་གྲོགས། སྡིག་ཅན་དམ་ཉམས་ཀུན་གྱི་གཤེད། འགྲོ་དྲུག་སེམས་ཅན་ཀུན་གྱི་སྐྱབས། ཀུན་གྱི་དཔལ་གྱུར་མགོན་པོ་ཁྱོད། མཆོད་གཏོར་དམ་པ་འདི་བཞེས་ལ། བདག་ལ་དགྱེས་པའི་ཞལ་འཛུམ་སྟོན། བརྩེ་བའི་སྤྱན་གྱིས་བདག་ལ་གཟིགས། དཔལ་འབར་སྐུ་ཡི་གཟི་བརྗིད་སྐྱེད། ཚངས་པ་གསུང་གི་དངོས་གྲུབ་སྩོལ། །བྱམས་པའི་ཐུགས་ཀྱིས་
(༣༠༡)བདག་ལ་དགོངས། །ཡོན་ཏན་གཏེར་གྱི་དངོས་གྲུབ་སྩོལ། །ཕྲིན་ལས་དགྲ་བགེགས་བརླག་པར་མཛོད། །བླ་མ་བརྒྱུད་པའི་སྐུ་ཚེ་བསྲིང་། །རིག་འཛིན་རྒྱལ་བའི་བརྒྱུད་པ་སྲུངས། །ཡི་དམ་ལྷ་ཚོགས་གཟི་བརྗིད་བསྐྱེད། །སངས་རྒྱས་བྱང་སེམས་བསྟན་པ་སྲུངས། །དམ་ཆོས་ཕྱོགས་བཅུར་དར་པར་མཛོད། །ཉན་ཐོས་རང་རྒྱལ་དགྲ་བཅོམ་སྐྱོངས། །འཕགས་པའི་དགེ་འདུན་གྲྭ་སྡེ་ཚུགས། །དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད། །དཔའ་བོ་མཁའ་འགྲོའི་རྫུ་འཕྲུལ་སྟོན། །ཆོས་སྐྱོང་ཕོ་མོའི་མཐུ་དཔལ་བསྐྱེད། །བཀའ་སྲུང་དམ་ཅན་དམག་དཔུང་སྡུས། །སྣང་སྲིད་ལྷ་འདྲེ་བྲན་ཏུ་ཁོལ། །བདག་ཅག་འཁོར་དང་བཅས་པ་ཡི། །ཚེ་དང་བསོད་ནམས་དཔལ་འབྱོར་སྐྱེད། །བཀྲག་དང་གཟི་མདངས་ལེགས་པ་དང་། ཁ་རྗེ་དབང་ཐང་ཆེ་བར་མཛོད། །སྲོག་ལུས་ཀླུང་རྟ་དར་བ་དང་། །འཁོར་དང་ལོངས་སྤྱོད་ཕྱུག་པ་དང་། །ཟས་ནོར་རྟ་ཕྱུགས་འཕེལ་བ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་དང་། །བཀྲ་ཤིས་ཕུན་གསུམ་ཚོགས་པ་དང་། །སྲིད་གསུམ་དབང་དུ་འདུས་པ་དང་། །གཙུག་ལག་ཁང་པ་ལེགས་པ་དང་། །མི་སྡེ་ཡུལ་གཞིས་མང་བ་དང་། ཁ་དྲག་དཔུང་གཉེན་
(༣༠༢)ཆེ་བ་དང་། འཁོར་དང་གང་ཟག་འཁྱོངས་པ་དང་། རྨི་ལྟས་ངན་པ་བཟློག་པ་དང་། འགལ་རྐྱེན་བར་ཆད་ཞི་བ་དང་། རླུང་མཁྲིས་བད་ཀན་ལ་སོགས་པའི། ན་ཚ་སྡུག་བསྔལ་མེད་པ་དང་། ལོག་འཚོའི་བར་ཆད་མེད་པར་མཛོད། ཞི་རྒྱས་དབང་དྲག་དངོས་གྲུབ་སྩོལ། དམ་རྫས་གཏོར་མ་འདི་གསོལ་ལ། བསྟན་པ་ཡོངས་ལ་གནོད་པ་དང་། གདུག་པའི་དགྲ་བགེགས་ཐམས་ཅད་སྒྲོལ། དམ་ཚིག་ཉམས་པའི་དགྲ་བོ་འདིའི། ཤ་ཟོ་ཁྲག་འཐུང་རུས་པ་འཆོས། དམ་ཉམས་དགྲ་བོ་ལས་ངན་འདིའི། ཕོ་རྒྱུད་མོ་རྒྱུད་རྡུལ་དུ་རློག །དགྲ་བོའི་བུ་རྒྱུད་ཐུན་བུར་འཐུས། །སྡང་དགྲ་སོད་ལ་གནོད་བྱེད་ཐུལ། །བར་ཆད་སོལ་ལ་རྐྱེན་ངན་ཟློག །རེ་བ་སྐོངས་ལ་བསམ་པ་སྒྲུབས། །སངས་རྒྱས་བསྟན་པའི་རྒྱལ་མཚན་ཕྱོར། །སྙན་གྲགས་ཕྱོགས་བཅུར་དར་བར་མཛོད། །རྣལ་འབྱོར་བདག་གི་ཆེ་བ་སྐྱེད། །ཕྱི་ནང་ནོར་རྫས་ཐུབ་པར་སྲུངས། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་པས་དཔལ་མགོན་པོ་དང་། སློབ་དཔོན་པདྨས་མཛད་པ་ཞང་བཙུན་གཏེར་བྱོན་གྱི་རྒྱུད་ལས། བྷྱོ། །བསྐལ་པ་གྲངས་མེད་འདས་པའི་སྔོན་རོལ་ནས། །ལྷ་མོ་ཁྱོད་དང་སྨོན་ལམ་གཅིག་པའི་མཐུས། །ད་ལྟ་ཞལ་
(༣༠༣)མཛལ་ཡི་དམ་ལྷར་གསལ་ནས། །ལྷ་མོ་ཁྱོད་ཀྱིས་དངོས་གྲུབ་བདག་ལ་སྩོལ། །དུས་ཚིགས་འདི་ནས་བཟུང་སྟེ་ཡི་དམ་ལྷ། །སྙིང་པོ་བྱང་ཆུབ་མཆོག་ལ་མི་གནས་བར། །བདག་ནི་ཚེ་རབས་གར་བྱུང་གར་སྐྱེས་ཀྱང་། །གསང་བའི་ལྷ་མོ་ཁྱོད་དང་མི་འབྲལ་ཞིང་། །བདག་ཀྱང་ཏིང་འཛིན་རྩེ་གཅིག་མི་བཏང་ངོ། །རྐྱེན་ངན་བསྒྲལ་བའི་རྣམ་སྨིན་ཅི་བྱུང་ཡང་། །ལྷ་མོ་འཁོར་བཅས་ཁྱོད་ཀྱིས་གནང་བར་མཛོད། །དངོས་གྲུབ་སྩོལ་ཅིག་མ་ཅིག་དཔལ་ལྷ་མོ། །བདུད་དགྲ་གཡོས་ཀྱང་སླར་ལ་བཟློག་ཏུ་གསོལ། །ཞེས་དང་། ཞིང་ཁམས་སྟོང་གི་འཇིག་རྟེན་ན། །སངས་རྒྱས་བསྟན་པ་རྒྱས་གྱུར་ཏེ། །མཐུ་ཆེན་ལྷ་མོ་ཁྱོད་ཀྱིས་སྲུངས། །བདག་ཀྱང་དེང་འདིར་ཚེ་རིང་སྟེ། །རིག་འཛིན་བརྒྱུད་པ་འཕེལ་བ་དང་། །ཕྱུགས་དང་རྐང་འགྲོས་འཕེལ་བ་དང་། །འབྲུ་དང་བང་མཛོད་འཕེལ་གྱུར་ཅིག །འཁོར་དང་ལོངས་སྤྱོད་ཕྱུག་གྱུར་ཅིག །ལོག་པར་ལྟ་བའི་དགྲ་བགེགས་རྣམས། །སྲུངས་དང་ཟློག་པར་མཛད་དུ་གསོལ། །ཞེས་པས་དཔལ་ལྷ་མོ་ལ་འདོད་དོན་གསོལ་ལོ། །ལྔ་པ་ནི། ལྷག་ཆད་ལ་སོགས་པ་དང་། དམ་ཚིག་ཉིས་ལྟུང་བཤགས་ཤིང་བཟོད་པར་གསོལ་བས། ཆོས་རྗེ་རང་བྱུང་ཞབས་ཀྱི་གསུང་ལས། ཧཱུྃ། །
(༣༠༤)དོན་དམ་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །ཐུགས་རྗེའི་ཐབས་ཀྱིས་སྤྲུལ་པའི་སྐུར་སྟོན་ཅིང་། །སྨོན་ལམ་དབང་གིས་གདུག་པའི་ཚུལ་འཛིན་པ། །དཔལ་ལྡན་འཁོར་བཅས་བདག་ལ་དགོངས་སུ་གསོལ། །ཐོག་མེད་དུས་ནས་མ་རིག་དབང་གྱུར་པས། །མི་ཤེས་སྒྲིབ་པ་ལེ་ལོའི་དབང་གིས་ནི། །ཐམས་ཅད་མཁྱེན་པའི་ལམ་ལས་འགལ་བ་རྣམས། །སྤྲུལ་པ་མཁའ་འགྲོའི་ཚོགས་ཀྱིས་བཟོད་པར་མཛོད། །ད་ལྟ་བདག་བློ་དམན་པའི་དབང་གྱུར་ཏེ། །བསྐྱེད་རྫོགས་ཏིང་འཛིན་ཡན་ལག་མ་ཚང་དང་། །གསང་སྔགས་གྲངས་ཉུང་ལོག་པར་གྱུར་པ་རྣམས། །ལས་ཀྱི་མགོན་པོའི་ཚོགས་ཀྱིས་བཟོད་པར་མཛོད། །སྒོ་གསུམ་སྙོམས་ལས་ལེ་ལོའི་དབང་གིས་ནི། །དམ་རྫས་མ་ཚང་གཏོར་མའི་ཕུང་ཉམས་དང་། །འགལ་དང་ནོར་འཁྲུལ་ལྷག་ཆད་གྱུར་པ་རྣམས། །འཇིག་རྟེན་ཕོ་ཉའི་ཚོགས་ཀྱིས་བཟོད་པར་མཛོད། །དེ་ལྟར་གསོལ་བའི་ཐུགས་རྗེའི་འོད་ཟེར་གྱིས། །བདག་གི་ཉེས་པའི་ཚོགས་རྣམས་དག་པ་དང་། །རྒྱལ་བའི་བསྟན་པ་ཡུན་ཏུ་བསྲུང་བ་དང་། དགྲ་བགེགས་འདུལ་བའི་མཐུ་རྩལ་དངོས་གྲུབ་སྩོལ། །ཞེས་པས་མ་ཧཱ་ཀཱ་ལ་དང་། སློབ་དཔོན་པདྨའི་གསུངས་པུ་རངས་
(༣༠༥)པའི་གཏེར་བྱོན་ལྷ་མོའི་རྒྱུད་ལས། བྷྱོ། །རླུང་ནག་དགུ་ཀློང་འཁྱིལ་བའི་དཀྱིལ་འཁོར་དུ། །དཔལ་གྱི་བཀའ་སྡོད་ཉེ་བའི་སྙིང་ཉེ་མ། །རྒྱལ་བའི་གདུང་འཚོ་བ་ཁམས་གསུམ་བདུད་འདུལ་མ། །དབང་ཕྱུག་ལྷ་མོ་དཔོན་གཡོག་བདག་ལ་དགོངས། །འདའ་དཀའ་རྡོ་རྗེ་དམ་ཚིག་གཏན་གྱི་གཉེར། །ཡོངས་སུ་མི་གཏོང་འདའ་བར་མི་བགྱིད་ཀྱང་། །ཀློང་དུ་མ་གྱུར་གོམས་པའི་ཤུགས་ཆུང་བས། ལྟ་བ་འཕངས་དམ་འཆོས་ཉིད་དོན་མ་རྟོགས། །སྒོམ་པ་ཡུན་ཐུང་ལྷ་མོའི་ཞལ་མ་མཐོང་། །སྙིང་པོ་གྲངས་ཉུང་གྲྭ་ཆག་ཟུར་ཉམས་དང་། །ཉམས་དང་ཚོགས་འདྲེས་ཉམས་པ་བསྐང་བ་དང་། །ཉམས་དང་གཏམ་བྱས་ཁ་འཕྲོ་བསྲེས་པ་དང་། ཁས་བླངས་དམ་བཅས་དུས་ལས་ཡོལ་བ་དང་། །དམ་རྫས་མ་ཚང་གཏོར་མའི་ཕུང་ཉམས་དང་། །སྒྲུབ་ལ་མི་བརྩོན་ལེ་ལོས་གཡེངས་པ་དང་། །གསང་བའི་མན་ངག་གཞན་ལ་སྤེལ་བ་རྣམས། །རབ་ཏུ་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །མཐོལ་ལོ་མཐོལ་ལོ་ཡེ་ཤེས་མ་མོའི་ཚོགས། །བཤགས་སོ་བཤགས་སོ་འཇིག་རྟེན་ཕོ་ཉ་རྣམས། །ཐུགས་རྗེ་ཆེན་པོས་ཚངས་པ་སྩལ་དུ་གསོལ། །ཞེས་པས་དེ་ཝཱི་ཀཱ་ལི་ལ་བཤགས་པར་གསོལ་ལོ། །དྲུག་པ་ནི། མན་ངག་
(༣༠༦)ལས་འབྱུང་བའི་ཡི་གེ་བརྒྱ་པའི་དམིགས་རིམ་ལ། མདུན་བསྐྱེད་མགོན་པོ་ཡབ་ཡུམ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀའི་ངོ་བོར་བཞུགས་པའི་གནས་གསུམ་དུ། འབྲུ་གསུམ་གྱི་མཐར། བཟླ་བྱའི་སྔགས་ཕྲེང་དཀར་དམར་མཐིང་གསུམ་གཡས་བསྐོར་དུ་འཁོར་བ་བཟླས་པས་བསྐུལ་ཞིང་། གསོལ་བ་བཏབ་པས། བདུད་རྩི་འོད་ཟེར་འབར་བའི་རྒྱུན་གྱིས་སྒོ་གསུམ་གྱི་ཉམས་ཆག་སྦྱངས་ཞིང་བཀྲུས་པར་བསམས་ལ། ཨོཾ་ས་མ་ཡ། ཨཱས་མ་ཡ། ཧཱུྃ་ས་མ་ཡ། ཨོཾ་ཤིྭཱ་མ་ཧཱ་ཀཱ་ལ་ཡཀྵ་བེ་ཏ་ལི་ཧཱུྃ་ཛཨོཾ་བཛྲ་ས་ཏྭ་ས་མ་ཡ་སོགས་མན་ངག་གི་ཡིག་བརྒྱ་ཅི་ནུས་སུ་ཟླའོ། །བདུན་པ་ནི། མ་མགོན་ཤིན་ཏུ་བཀྲ་ཤིས་པའི་ཐབས་གཟུངས་ཀྱི་རིམ་པ་ལ། བཅོམ་ལྡན་འདས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཉིད་ཀྱིས་ཞུས་པའི་མན་ངག་གྲི་གུག་བརྩེགས་པའི་རྒྱུད་ལས་འབྱུང་བ་འདི་སྐད་དོ། །ཚེ་རབས་ཀུན་ནས་རྒྱལ་བའི་དབང་བསྐུར་ཞིང་། །ཚེ་རབས་ཀུན་ཏུ་བསྟན་པ་བསྲུང་མཛད་པའི། །མགོན་པོ་མཐུ་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །ན་མོ་ཨཱ་ཀྲི་ནི། ན་མོ་ཡོ་ཀྲི་ནི། ན་མོ་ཏ་ཀྲི་ནི། ཏདྱ་ཐཱ། ཨོཾ་ཧི་ལི་ཧི་ལི། ཀི་ཏི་ཙི་ཏི། ནི་ཏི་པ་ཏ་ཡེ་སྭཱ་ཧཱ། ཚེ་རབས་སྔོན་ནས་ད་ལྟ་ཕན་ཆད་དུ། །རྒྱལ་བའི་བསྟན་པ་བསྲུང་བར་དམ་བཅས་པ། །ད་ལྟ་དེང་འདིར་བསྟན་པ་རྒྱས་པ་དང་། །བདག་ཅག་རྣལ་འབྱོར་འཁོར་དང་བཅས་པ་ཡི། །ཕྱི་ནང་བར་ཆད་ཞི་བར་ཐམས་ཅད་
(༣༠༧)ཤོག། ཅེས་པ་འདིའི་དོན་ནི། བསྙེན་སྒྲུབ་ཀྱི་དུས་སུ་བླ་མ་དང་མཆེད་གྲོགས་ལ་དམ་ཚིག་ཉམས་པ་དང་། གཏོར་མཆོད་ཀྱི་ཕུད་ཉམས་པ་དང་། སེར་སྣའི་དབང་གིས་དུས་གཏོར་གྱི་མཆོད་པ་ལོ་ཟླར་འདས་པ་དང་། བསྟན་པའི་སྤྱི་སེམས་ཆུང་ཞིང་ནག་པའི་མི་ལ་དད་པ་དང་། ཟས་ཆུང་ཆུང་གི་ཐོག་ཏུ་ཡོན་བདག་གི་མཚེར་རྩུབ་བཟློག་པ་ལ་སོགས་པའི་དབང་གིས་ནག་པོ་ཆེན་པོ་འཁྲུགས་པར་གྱུར་ན། ཞག་བདུན་ནམ། ལྔའམ། གསུམ་དུ་གཏོང་མཆོད་རྒྱ་ཆེན་པོ་བཤམས་ཏེ། གཟུངས་ཀྱི་བསྐང་རྒྱུན་མ་ཆད་པར་བྱས་ན་ཉམས་ཆགས་ཇི་ལྟར་བྱུང་ཡང་ཞི་བར་འགྱུར་རོ། །གཞན་གྱི་བསྲུང་བ་བྱེད་པ་དང་། ནད་ཡམས་གཅོད་པ་དང་། ལས་གང་བསྒྲུབ་ཀྱི་སྔོན་དུ་གཏོར་མཆོད་རྒྱ་ཆེན་པོ་བཤམས་ཤིང་། གཟུངས་སྔགས་བརྒྱ་རྩ་བརྒྱད་བཏོན་ནས་གང་འདོད་པའི་གསོལ་བ་བཏབ་ན་ཅི་བསམ་པ་དེ་བཞིན་ཏུ་འབྲུབ་པར་འགྱུར་རོ། །ཞེས་གསུངས་སོ། །བརྒྱད་པ་ནི། སྨོན་ལམ་གདབ་པ་ལ། རིན་ཆེན་དཔུང་རྒྱན་གྱི་རྒྱུད་ལས། །མ་འོངས་པ་ན་ལུང་བསྟན་པ། །དེ་བཞིན་གཤེགས་པ་ཐལ་པ་ཡི། །དབང་པོ་ཞེས་བྱར་གྱུར་པའི་ཚེ། །གདུག་ཅིང་རྩུབ་པའི་གདུལ་བྱ་རྣམས། །འདྲེན་པའི་ཞབས་དྲུང་སྐྱེས་ནས་ཀྱང་། །ཆོས་ཀྱི་བདུད་རྩི་འཐུང་བར་ཤོག །ཅེས་དང་། ཆོས་རྗེ་རང་བྱུང་བའི་གསུང་ལས། བདག་ནི་མངོན་པར་བྱང་ཆུབ་སྟེ། །རང་རིག་
(༣༠༨)ཡེ་ཤེས་མངོན་གྱུར་ནས། །སངས་རྒྱས་བསྟན་པ་བསྲུང་སླད་དུ། ཁྱོད་དང་མི་འབྲལ་འགྲོགས་པར་ཤོག། ཅེས་དང་། བདག་རང་གིས་གསར་དུ་སྨོན་པ་ནི། །བཅོམ་ལྡན་ཐུབ་ཆེན་རྒྱལ་བ་ཡི། །བསྟན་པའི་སྙིང་པོ་ཀརྨ་པའི། །རིང་ལུགས་དྲི་མེད་འཕེལ་ཞིང་རྒྱས། །བསྟན་འཛིན་དབང་པོའི་ཞབས་པད་བརྟན། །དགེ་འདུན་སྡེ་རྒྱས་བཤད་སྒྲུབ་འཕེལ། །ཆོས་སྲིད་མངའ་ཐང་རྒྱས་པ་དང་། །རྒྱུ་སྦྱོར་དམ་ལྡན་བདེ་ཞིང་སྐྱིད། །ཛམ་གླིང་རྒྱས་ཁམས་བདེ་གྱུར་ནས། །བདག་ཅག་བསམ་པ་འགྲུབ་པ་དང་། །ཚེ་རིང་ཆོས་འབྱོར་རྒྱས་པར་ཤོག །ཅེས་བརྗོད། དགུ་པ་ནི། བརྟན་བཞུགས་བྱ་བ་ལ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་པ། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཞེས་པའམ། རྡུལ་ཚོན་གྱི་དཀྱིལ་འཁོར་དང་འབྲེལ་བའི་ཚེ་ཉིན་ཐ་མར། རྟེན་ནི་རྡུལ་ཚོན་དཀྱིལ་འཁོར་ལ། །བཞུགས་པའི་ལྷ་ཚོགས་མ་ལུས་པ། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ། །བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །སོགས་དང་སྦྲེལ་བའི་ཁྱད་པར་ཤེས་པས་ཡེ་ཤེས་པ་བཞུགས་སུ་གསོལ་
(༣༠༩)ཞིང་། དམ་ཚིག་པ་རང་ཉིད་ཀྱི་སྙིང་གར་ཐིམ་པར་བསམས་ལ། ཨོཾ་ཨཱཧཱུྃ། ཞེས་བརྗོད། མགྲོན་གཞན་རྣམས། མཆོད་སྦྱིན་གནས་འདིར་གང་ལྷག་པའི། །འབྱུང་པོ་ས་འོག་རྒྱུ་བ་དང་། །གང་ཡང་ས་སྟེང་འཁོད་པ་དང་། །ས་བླར་རྒྱུ་བ་གང་ཡིན་པ། །མགུ་བར་གྱིས་ལ་རང་གནས་སུ། །ཐམས་ཅད་ཐ་དད་འགྲོ་བར་གྱིས། །སརྦ་བྷཱུ་ཏ་གཙྪ། ཞེས་པས་འཇིག་རྟེན་པ་རྣམས་རང་གནས་སུ་བཏང་ངོ། །བཅུ་པ་ནི། བདག་བསྐྱེད་འོད་གསལ་དུ་ཉེ་བར་བསྡུ་བ་ལ། ཐུགས་ཀའི་ཧཱུྃ་གི་འོད་ཀྱིས་ཁམས་གསུམ་པོ། །རྡོ་རྗེའི་དཀྱིལ་འཁོར་གཅིག་ཏུ་བསྡམས་བྱས་པ། །འོད་ཞུ་སྲུང་འཁོར་དེ་ཡང་གཞལ་ཡས་ཁང་། །དེ་ཉིད་འཁོར་ལ་འཁོར་རྣམས་ཡུམ་ལ་ཐིམ། །ཡུམ་ཡབ་ཡབ་ཀྱང་ས་བོན་དེ་ཉིད་ཀྱང་། །ཞབས་ཀྱུ་ཁོག་པ་ལ་ཐིམ་མགོ་ཟླ་ཚེས། །ཐིག་ལེ་ནཱ་དང་བསྡུས་ནས་སྟོང་གི་ཆ། །བཞི་ཆ་སུམ་བྲལ་དབྱིངས་སུ་མཉམ་པར་བཞག། ཅེས་སྤྲོས་མཐའ་ཐམས་ཅད་དང་བྲལ་བ་གདོད་མའི་གཤིས་ལ་མཉམ་པར་བཞག །བཅུ་གཅིག་པ་ནི། དེ་ལས་ལྡང་བ་ན། སྟོང་དང་སྙིང་རྗེའི་རོལ་པ་ཟུང་འཇུག་མཐུས། །ཆུ་ལས་ཉ་ལྡང་བཞིན་ཏུ་རྗེ་བཙུན་མགོན། །མ་ཧཱ་ཀཱ་ལ་ཤིན་ཏུ་འཇིགས་པའི་སྐུ། གྲི་ཐོད་གར་
(༣༡༠)བསྒྱུར་མུན་པ་ཆེན་པོའི་མདངས། །རྒྱན་རྫོགས་བདེ་མ་ཡུམ་དང་མཉམ་རོལ་བའི། །སྐུ་གསུང་ཐུགས་མཆོག་མི་འགྱུར་སྲོག་ཡིག་དང་། །བ་སྤུ་ཡེ་ཤེས་རྡོ་རྗེ་ཁྲོ་བོའི་མཁར། །ཡེ་ཤེས་མེ་དང་ལས་ཀྱི་མཚོན་ཆའི་གུར། །སྲུང་བའི་འཁོར་ལོ་ཆེན་པོ་ལྷུན་གྲུབ་དབུས། །སྣང་གྲགས་རྟོག་གསུམ་རྡོ་རྗེ་གསུམ་གྱི་ངང་། །སྤྱོད་ལམ་ཐམས་ཅད་གང་འདུལ་རོལ་པའི་གར། །མངོན་སྤྱོད་ཕྲིན་ལས་འབར་བའི་ངོ་བོར་བཞེངས། །ཞེས་པའི་ང་རྒྱལ་དང་ལྡན་པས་སྤྱོད་ཡུལ་ལམ་དུ་ཁྱེར་བར་བྱའོ། །བཅུ་གཉིས་པ་ནི། དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོ་བས་རྒྱས་འདེབས་པ་ལ། དཀོན་མཆོག་རིན་ཆེན་གསུམ་ལ་ཕྱག་འཚལ་ལོ། །དགེ་བ་འདི་ཡིས་ཉེ་བར་མཚོན་ནས་ནི། །སེམས་ཅན་རྣམས་ཀྱིས་དུས་གསུམ་བསགས་པ་ཡི། །ཟག་བཅས་ཟག་མེད་ཟུང་འཇུག་དགེ་བ་རྣམས། །བླ་མེད་བྱང་ཆུབ་ཆེན་པོར་བསྔོ་བར་བགྱི། །འགྲོ་ཀུན་ཐམས་ཅད་མཁྱེན་པ་ཐོབ་པར་ཤོག །ཅེས་དང་། ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །བདག་སོགས་སེམས་ཅན་ཐམས་ཅད་ཀྱིས། །དུས་གསུམ་བསགས་དང་རྟོགས་པ་ཡིས། །འགྲོ་དྲུག་སེམས་ཅན་མ་ལུས་པ། །སྐུ་ལྔ་
(༣༡༡)ཡོངས་རྫོགས་སངས་རྒྱས་ཐོབ་པར་ཤོག །ཅེས་གྲུབ་ཆེན་ཀརྨ་པའི་རྡོ་རྗེའི་གསུང་ལས་འབྱུང་བ་དང་། ཨོཾ། དགེ་བ་འདི་ཡིས་མྱུར་དུ་བདག །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་ཡིག་རྙིང་རྣམས་ལས་འབྱུང་བ་བཞིན་བྱའོ། །བཅུ་གསུམ་པ་ནི། ཕྱོགས་དུས་ཀྱི་རྩ་གསུམ་དཀོན་མཆོག་རྣམས་ཀྱིས་བཀྲ་ཤིས་པའི་བདེན་ཚིག་མགྲིན་གཅིག་མཛད་ཅིང་། བྱིན་རླབས་དངོས་གྲུབ་བཀྲ་ཤིས་ཀྱི་མེ་ཏོག་ཆར་དུ་བསྙིལ་བས། བདེ་ལེགས་ཕུན་ཚོགས་ཆེན་པོའི་འབྱོར་པ་རྒྱས་པར་བསམ་ལ། ཨོཾ། སྔོན་ཚེ་བཅོམ་ལྡན་ཐུབ་པའི་བསྟན་པ་ལ། །ཞི་བ་ལོ་ལེགས་བཀྲ་ཤིས་ལྗངས་འཁྲུངས་ཏེ། །རྡོ་རྗེ་གདན་གྱི་དྲུང་དུ་ཚེ་གསོལ་བས། །བདུད་རྩི་སྤེལ་མཛད་དགེ་བའི་ལོ་རྟོག་སྨིན། །དེ་བཞིན་དེང་འདིར་བདག་ཀྱང་བཀྲ་ཤིས་ཤོག །འཇིག་རྟེན་འདི་ཡི་བཀྲ་ཤིས་མཆོག་རབ་ནི། །བདག་ཅག་ལུས་ལ་རྒས་རྒུད་མི་འབྱུང་ཞིང་། །ཚེ་འདིར་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡི། །དཔལ་དང་ལྡན་པའི་བཀྲ་ཤིས་ཐོབ་པར་ཤོག །འཁོར་བའི་འཇིག་རྟེན་སྡུག་བསྔལ་འདས་ནས་ནི། །འོག་མིན་ལྷུན་གྱིས་གྲུབ་པའི་གནས་
(༣༡༢)མཆོག་ཏུ། །ངེས་པའི་དོན་མཆོག་མན་ངག་སྟོན་པ་ལ། །བཀའ་དྲིན་ཅན་གྱི་རྡོ་རྗེ་སློབ་དཔོན་དང་། ལུ་གུ་རྒྱུད་དུ་འབྲེལ་བའི་མཆེད་ལྕམ་རྣམས། དུས་གསུམ་འདུ་འབྲལ་མེད་པར་འགྲོགས་པ་དང་། རྟག་ཏུ་སྐྱེ་ཤི་འཕོ་འགྱུར་མེད་པ་ཡི། བླ་མེད་སྐུ་གསུང་ཐུགས་སུ་འགྲུབ་པར་ཤོག །བདག་ནི་ལྕམ་དྲལ་ཐུགས་ཀྱི་དཀྱིལ་འཁོར་དུ། འགྱུར་བ་མེད་པར་ལྷུན་གྱིས་གྲུབ་པ་དང་། རབ་འབྱམས་རྒྱལ་བའི་བཀའ་ལ་དབང་ཐོབ་པའི། འགྲོ་ཀུན་དཔལ་དུ་འགྱུར་བའི་བཀྲ་ཤིས་ཤོག །ཅེས་ཆོས་རྗེ་རང་བྱུང་རྡོ་རྗེའི་གསུང་ལས་འབྱུང་བ་དང་། གསང་བའི་ཐེག་པ་རྒྱ་མཚོའི་སྙིང་པོ་ནི། བཀའ་བརྒྱུད་ཡིད་བཞིན་ནོར་བུའི་བསྟན་པ་འདི། བཀའ་བཙན་བྱིན་ཆེ་འབྲེལ་ཚད་རྣམ་གྲོལ་ཐོབ། ངར་རྒྱས་ཡུན་ཏུ་གནས་པའི་བཀྲ་ཤིས་ཤོག །སངས་རྒྱས་ཀུན་དངོས་ཀུན་ལས་རྨད་བྱུང་བའི། འཁོར་ལོའི་མགོན་པོའི་སྐུ་ཚེ་ཆབ་སྲིད་བརྟན། བདག་ཅག་ཐེག་མཆོག་སྙིང་པོའི་ཆོས་ཀྱི་སྣོད། བཟང་པོའི་དཔལ་དུ་འགྱུར་བའི་བཀྲ་ཤིས་ཤོག །བྱང་ཆུབ་སེམས་ཀྱི་རྡོ་རྗེ་མི་ཕྱེད་པའི། མཐུ་སྟོབས་འབར་བས་བདུད་སྡེ་མཐར་བྱེད་ཅིང་། འགྲོ་ལ་དགེ་བཅུའི་ནོར་མཆོག་སྦྱིན་པའི་མཐུས།
(༣༡༣)རྫོགས་ལྡན་ལང་ཚོ་རྒྱས་པའི་བཀྲ་ཤིས་ཤོག །ཅེས་དང་། གྲུབ་ཆེན་ཀརྨ་པཀྴིའི་གསུང་ལས། ཧཱུྃ། དཀྱིལ་འཁོར་གཞལ་ཡས་འདིར་ཡང་བཀྲ་ཤིས་ཤིང་། ཉིན་ཡང་བཀྲ་ཤིས་དཔལ་འབར་ཏ་ལ་ལ། མཚན་ཡང་བཀྲ་ཤིས་དཔལ་འབར་ཀྱི་ལི་ལི། ཉིན་མཚན་རྟག་ཏུ་བཀྲ་ཤིས་བདེ་ལེགས་ཤོག། མངྒ་ལཾ་སིདྡྷི་ཛ་ཡ་ཨ་ལ་ལ་ཧོཞེས་དབྱངས་སུ་གྱེར་ཞིང་མེ་ཏོག་སིལ་མའི་ཆར་དང་། སྙན་པའི་རོལ་མོ་བསྒྲགས། དེ་ནས་མཆོད་གཏོར་ལ་སོགས་པ་རྣམས་བསལ་ཞིང་། གཞན་དུ་མི་འཁྱེར་བར་དངོས་གྲུབ་ཏུ་བླངས་པ་དང་། གཙང་མའི་གནས་སུ་སྦ་ཞིང་བཞག་པར་བྱའོ། རྩ་བའི་ལྔ་པ་འཕྲོས་དོན་ནི། རྒྱལ་དབང་དྲུག་པ་དོན་ལྡན་ཞབས་ཀྱིས་མཛད་པའི་གཞུང་ཆེན་མོ་ལས། རྒྱལ་པ་ཁྱབ་བདག་དཀྱིལ་འཁོར་ཀུན་གྱི་དབང་ཕྱུག་སྟོན་པ་རྡོ་རྗེ་འཛིན་པ་ཉིད། ཆོས་སྡུད་པ་པོ་དང་། སྲུང་བ་པོར་བསྟན་པའི་ཕྱིར། དཔལ་མ་ཧཱ་ཀཱ་ལ་ཡབ་ཡུམ་ནི། བཅོམ་ལྡན་འདས་དང་ངོ་བོ་གཅིག་པ་ཁོ་ན་སྟེ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལེའུ་ལྔ་བཅུའི་བདག་ཉིད་དང་། དྲག་པོའི་བརྟག་པ་དང་། །སྲོག་གི་རྒྱུད་ཀྱི་ལེའུ་དང་པོའི་ལུང་སྔར་སྨོས་པ་དང་། དཔལ་ཀརྨ་པ་ཆེན་པོས། རིན་པོ་ཆེ་དཔུང་རྒྱན་གྱི་རྒྱུད་ཀྱི་མཚམས་སྦྱོར་དུ་གསུང་པའི་ལུང་གོང་དུ་དྲངས་པ་དང་། ཀྱེའི་རྡོ་རྗེས། ཁམས་གསུམ་པའི་གདུག་
(༣༡༤)པ་ཅན་རྣམས་ཞལ་དུ་བསྟབ་ཅིང་ཟིལ་གྱིས་མནན་ནས། སྐད་ཅིག་ཙམ་གྱིས་སྒྲོལ་བར་མཛད་པའི་ཕྱིར། ཁམས་གསུམ་སྐུ་གསུང་ཐུགས་ཀྱིས་ཁྱབ་པར་མཛད་པའི་མགོན་པོ་ནག་པོ། རང་བྱུང་ཆོས་ཀྱི་དབྱིངས་དང་མཉམ་པར་སྒྱུ་འཕྲུལ་གྱིས་ཁྱབ་པར་མཛད་པ། ཞེས་དང་། ལྔ་བཅུ་པའི་མཚམས་སྦྱོར་དུ་ཡང་། བཅོམ་ལྡན་འདས་གདུལ་བྱའི་ཕྲིན་ལས་ཀྱི་དབང་གིས་སྐད་ཅིག་ཙམ་གྱིས་རྡོ་རྗེ་འཆང་ཆེན་པོ་ཞི་ཁྲོའི་ཚོགས་ཐམས་ཅད་ཡེ་ཤེས་རྒྱ་མཚོ་ཀྱཻའི་རྡོ་རྗེར་འདུས་པའི་ཕྲིན་ལས་ཀྱི་ལྷ་ཚོགས་གཅིག་ཏུ་རྫོགས་ཤིང་འདུས་པ་ནི་མ་མགོན་ཡབ་ཡུམ་སྟེ། སངས་རྒྱས་ཀྱི་བསྟན་པ་བསྲུང་ཞིང་། སེམས་ཅན་བདེ་བ་ལ་འགོད་བའི་ཕྱིར། ཁམས་གསུམ་ཕྲིན་ལས་རྣམ་བཞིའི་དཀྱིལ་འཁོར་དུ་སྦྱོར་ཞིང་སྒྲོལ་བའི་ཕྱིར་ན། མ་མགོན་གྱི་ཚོགས་ཀྱིས་མི་ཁྱབ་པ་མེད་ཅིང་། ཞེས་དང་། མ་མོ་སྐོར་གསུམ་གྱི་ཐོག་མར་ཡང་། རྒྱུད་ལུང་གིས་སངས་རྒྱས་སེམས་ཅན་ཐམས་ཅད་མ་མོའི་རྩ་རླུང་གི་འཁོར་ལོར་སྟོན་པ་སྟེ། ཆོས་ཀྱི་དབྱིངས་ཀྱི་ཁྱབ་ཚད་རྟག་པའི་རྒྱལ་མོའི་སྐུ་གསུང་ཐུགས་ཀྱིས་མ་ཁྱབ་པ་མེད་པར་སྟོན་པའི་ཕྱིར། སྐུ་བཞི་འདུ་འབྲལ་མེད་པའི་རྟག་པའི་རྒྱལ་མོའོ། ཞེས་སོགས་མ་མགོན་སྐོར་གསུམ་གྱི་ནང་དུ་རྒྱ་ཆེར་གསུངས་པ་རྣམས་དང་། རིན་པོ་ཆེ་རང་བྱུང་པས་གནད་འདྲིར། སྟོད་ལས་བྱང་ཆུབ་སྒྲུབ་པ་དང་། ཞེས་པ་དང་། ཡེ་
(༣༡༥)ཤེས་མགོན་པོ་བླ་མའི་རྣལ་འབྱོར་གྱི་མན་ངག་དང་། ཡི་དམ་དུ་བསྒྲུབ་པ་རིགས་གསུམ་གཅིག་དྲིལ་གྱི་ཨུ་པ་དེ་ཤ་དང་། མཁའ་སྤྱོད་པ་དྲི་མེད་དཔལ་ཡེ་ཤེས་ཀྱིས་མཛད་པའི་མངོན་རྟོག་ཏུ། བླ་མ་རྒྱལ་བ་མ་ལུས་པ། འཇིགས་བྱེད་ཆེན་པོ་ཁྱོད་གཅིག་པུའི། སྤྲུལ་པ་ཀུན་ཏུ་སྤྲུལ་པ་སྟེ། དེ་སླད་རྟག་ཏུ་ཁྱོད་བསྟེན་ནོ། ཞེས་དང་། །བདེ་གཤེགས་ཀུན་དངོས་བླ་མ་མཆོག །ཁྱོད་ནི་ནག་པོ་ཆེ་གཟུགས་ཀྱི། །བདག་ནི་བསྲུང་ཞིང་སྲུང་བ་སྟེ། །ཐེ་ཚོམ་མེད་པར་བདག་དད་དོ། །ཅེས་སོགས་ཚད་མར་གྱུར་པའི་གསུང་གི་ངེས་པ་ཁོང་དུ་ཆུད་པར་བྱའོ། །ལ་ལ་དག་ཡིད་ཆེས་པའི་ངེས་པ་མ་རྙེད་པར། ཐ་མལ་པའི་ལོ་རྒྱུས་ཙམ་ཐོས་པ་རྒྱུ་མཚན་དུ་བྱས་ཏེ། འདི་ནི་འཇིག་རྟེན་གྱི་དྲེགས་བྱེད་གདུག་པ་ཅན་ཞིག་ཡིན་ནོ་སྙམ་དུ་སེམས་ཤིང་། བཟང་ངན་ཆེ་ཆུང་མཐོ་དམན་དུ་འཛིན་པ་ནི་ཤིན་ཏུའང་མི་རིགས་ཏེ། ཕྱི་ནང་གཞན་གསུམ་གྱི་སྦྱར་བཤད་དུ་མ་དང་། །གཞན་ཡང་དོན་གྱི་དབང་དུ་ན། འཁོར་འདས་སྤངས་བླངས། དགག་སྒྲུབ། རེ་དོགས་སོགས་མཐའ་ཐམས་ཅད་དང་བྲལ་བའི་དེ་བཞིན་ཉིད་དང་ཡང་འགལ་བར་འགྱུར་རོ། །གཞན་ཡང་མན་ངག་གི་གསང་མ་མཐོང་བ་འགའ་ཞིག་གིས། འདི་ལ་ནི་མངོན་སྤྱོད་དྲག་པོའི་བྱ་བ་ཁོ་ན་ཡིན་གྱི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྒྲུབ་པའི་ལམ་གཞན་ནི་
(༣༡༦)མེད་དོ་སྙམ་པ་དག་ཡོད་དེ། དེ་དག་ལས་གལ་ཏེ་སྣོད་དང་ལྡན་ཞིང་སོམ་ཉི་དང་བྲལ་བར་འདོད་པ་ཡོད་ན། སྔར་སྨོས་པའི་རྒྱུད་འགྲེལ་རྣམས་སུ་དབང་གི་རབ་ཏུ་བྱེད་པ་དང་། ཞི་རྒྱས་སོགས་ཕྲིན་ལས་ཀྱི་ཆོ་ག། སྦྱིན་སྲེག་རིམ་པ་གཉིས་ཀྱི་རྣལ་འབྱོར་རྒྱ་ཆེར་གསུངས་པ་རྣམས་དང་། དེ་དག་གི་དོན་ཆོས་ཀྱི་རྗེ་མར་པ་ལོ་ཙཱས་བསྒྱུར་བའི་མགོན་པོ་རིགས་བསྡུས་ཀྱི་གཞུང་མན་ངག་དང་བཅས་པ་སྟེ། བསྐྱེད་པའི་རིམ་པ་གཙོ་ཆེ་བ་རྣམས་དང་། རླུང་བསྲེ་དང་། རླུང་སེམས་ཁ་སྦྱོར་གསང་བའི་སྒྲུབ་པ་དང་། མགོན་པོ་བླ་མའི་རྣལ་འབྱོར་སོགས་དང་། མཆོག་གསང་བདེ་ཆེན་ཏུ་བསྒྲུབ་པའི་མན་ངག་སོགས་རྫོགས་པའི་རིམ་པ་ཟབ་མོ་ཡོད་པ་རྣམས། བླ་མ་མཆོག་གི་ཞལ་ལས་ཐོས་ཤིང་ཁོང་དུ་ཆུད་པར་བྱོས་ཤིག །དེ་ལྟར་དཔལ་མ་ཧཱ་ཀཱ་ལའི་མངོན་པར་རྟོགས་པ་དོན་ཀུན་སྒྲུབ་བྱེད་ལོག་འདྲེན་ཚར་གཅོད་སྡང་བ་རྣམ་བསྲེག་ཅེས་བྱ་བ། རྒྱུད་ཀྱི་རྒྱལ་པོ་ལྔ་བཅུ་པ་དང་། དྲག་པོའི་རྟག་པ་དང་། དུར་ཁྲོད་ནག་པོ་དང་། ནག་པོ་སྲོག་གི་རྒྱུད་དང་། གྲི་གུག་བརྩེགས་པ་དང་། རིན་པོ་ཆེ་དཔུང་རྒྱན་ཏེ་དྲུག་དང་། །སློབ་དཔོན་ཆེན་པོ་ཨ་རྞ་པས་མཛད་པའི་སྒྲུབ་ཐབས་དང་། རྟ་དབྱངས་ཀྱིས་བྱས་པའི་འགྲེལ་པ་དང་། །པཎྜི་ཏ་ས་མནྟ་ཤྲཱིས་བྱས་པའི་སྒྲུབ་ཐབས་སོགས་དང་། མགོན་པོ་ནོར་ལྷ་ལྟར་སྒྲུབ་པ་འགྲོ་མགོན་རས་ཆེན་གྱིས་མཛད་པ་དང་། བདག་
(༣༡༧)རྐྱེན་ཏུ་གྱུར་ཅིང་། སངས་རྒྱས་མཉན་སྤྲུལ་དགུ་པ་ཀརྨ་དགེ་ལེགས་གྲུབ་པའི་ཉི་མ་སྒྲུབ་བརྒྱུད་བསྟན་པ་སྐྱོང་བའི་སྡེ་ནས་ཀྱང་། བསྟན་པ་རིན་པོ་ཆེ་འདི་ལ་དགེ་བའི་ཐུགས་བསྐྱེད་ཀྱིས་བསྐུལ་མ་བྱུང་བས་མཚམས་སྦྱར་ནས། རྗེ་དོན་ལྡན་ཞབས་ཀྱིས་མཛད་པའི་གཞུང་ཆེན་མོ་ཉིད་གཙོ་བོར་བཟུང་། མཚལ་གསེར་གུད་དུ་ཕྱེས་པ་ཐམས་ཅད་ཀྱིས་ཉམས་སུ་ལེན་བཞིན་པས་དགོས་གལ་མི་ཆེ་བར་མཐོང་ནས། མཚལ་མ་བསལ་འོས་རྣམས་བསལ་ཞིང་། གསེར་མའང་མི་ཕྱེ་བའི་ལུགས་སུ་བྱས། རྒྱུད་དུར་ཁྲོད་ནག་པོ་དང་། ལྔ་བཅུ་པ་དང་། གྲི་གུག་བབརྩེགས་གས་པ་དང་། རིན་ཆེན་དཔུང་རྒྱན་སོགས་ཀྱི་དགོངས་པ་དང་། གྲུབ་ཆེན་ཀརྨ་པཀྴི་དང་། རང་བྱུང་ཞབས་སོགས་ཀྱི་གསུང་གསང་གིས་ཁ་བསྐང་ཞིང་། རྒྱུད་ཚིག་གི་གཙོས་གོང་མའི་གསུང་ཕལ་ཆེར་ཁ་བྱང་གིས་གསལ་བར་བྱས། བྱིང་ཁ་གསལ་མ་བཀོད་པ་རྣམས་རྗེ་དོན་ལྡན་ཞབས་ཀྱི་གསུང་ཡིན་ལ། དམིགས་གསལ་མགོན་པོ་རྡོར་སེམས་དང་། བླ་མའི་རྣལ་འབྱོར་སོགས་མན་ངག་བྲི་བར་འོས་པ་རྣམས་དང་། སྲུང་འཁོར་གྱི་འདོན་ཆ་ཕལ་མོ་ཆེ། །མདུན་བསྐྱེད་ཀྱི་གཙོ་བོ་ཡབ་ཡུམ་དང་། དྲེག་པ་སྐྱ་གསུམ་སོགས་ཀྱི་སྐོར་རྣམས་དང་། ཚོགས་ལས་ལེ་ཚན་རྣམས་ཀྱི་གཤམ་མཐུད་དང་། རཀྟའི་བྱིན་རླབས། འཁོར་གྱི་བསྟོད་པ་དང་། བསྐང་བ། །
(༣༡༨)བསྡུ་ལྡང་བཀྲ་ཤིས་ཀྱི་ཁ་སྐོང་སོགས་དོན་ཐོབ་ཁ་ཤས་བདག་རང་གིས་སྦྱར་བས་ཟུར་བརྒྱན་ཏེ། གཞུང་ནག་པོ་འགྲོ་ཤེས་བཀླག་པས་འགྲུབ་པ་ལྟ་བུར་འདུ་བགྱིད་པ་པོ། སངས་རྒྱས་ཀརྨ་པའི་སྐྱེས་རབས་བཅོ་ལྔ་པའི་མཚན་གྱི་ཡི་གེ་སྤྱི་བོར་རེག་པས། ཀརྨའི་བཀའ་བརྒྱུད་ཀྱི་བསྟན་པའི་ཁུར་འཛིན་པར་གྲགས་པའི་སྔགས་བན་རིག་འཛིན་གྱི་བཙུན་པ་མཁའ་ཁྱབ་རང་བྱུང་རྟག་པའི་རྡོ་རྗེའམ། དཔལ་ལྡན་ཀུན་བཟང་ཆོས་ཀྱི་ཉི་མ་ཆེན་པོ་ཕྲིན་ལས་མཁའ་ཁྱབ་རྡོ་རྗེ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེས། མཚུར་མདོ་བོ་ལུང་རྡོ་རྗེ་སྲིན་པོ་བཛྲ་དྷ་ར་ཀརྨ་ཀ་རིམ་པར་བྱོན་པའི་ཕོ་བྲང་ཆེན་པོའི་བ་གམ་དུ། །རབ་བྱུང་བཅོ་ལྔ་པའི་ནང་ཚན་སྟོད་འབྲེལ་གྱི་བརྡ་ལས་མི་མཐུན་པའི་མུན་པ་འཇོམས་ཤིང་། ལེགས་པའི་སྣང་བ་སྦྱིན་པ་མེ་ཞེས་འབོད་པའི་ལོར། །སྟོན་ཟླ་ཐ་ཆུང་གི་ནག་པོའི་ཚེས་དྲུག །རེས་གཟའ་ལྷའི་བླ་མ་དང་། རྒྱུ་སྐར་ལྷ་མོ་རྒྱལ་གཉིས་བརྩེ་བ་འཆི་མེད་གྲུབ་པའི་སྦྱོར་བ་དང་ལྡན་པའི་ཉིན་དབུ་བརྩམས། ཧོར་ཟླ་བཅུ་པའི་ཤེས་རབ་ཀྱི་ཕྱོགས་ཚེས་པའི་དགའ་བ་དང་པོ། རེས་བཟའ་བཀྲ་ཤིས་དང་། རྒྱུ་སྐར་ལྷ་མོ་ནབས་སོ་བརྩེ་བ་སྟོབས་ལྡན་གྱི་སྦྱོར་བ་དང་ལྡན་པའི་ཉིན་གྲུབ་པར་བགྱིས་པ་ལ། རྨོངས་པའི་དབང་གིས་ཉེས་བྱས་སུ་གྱུར་པ་དང་། མན་ངག་ཟབ་པར་
(༣༡༩)གྱུར་པའི་སྐྱོན་གྱི་ཆ་གང་མཆིས། ཡེ་ཤེས་སྤྱན་ལྡན་དཔལ་མགོན་བླ་མ་ཡབ་ཡུམ་གྱི་སྤྱན་སྔར་སྙིང་ནས་བཤགས་ཤིང་། ལེགས་བྱས་ཀྱི་དགེ་བས་སྙིང་པོའི་བསྟན་དང་། བསྟན་འཛིན་དར་ཞིང་རྒྱས་ནས་ཡུན་རིང་དུ་བརྟན་ཅིང་གནས་ལ། གོང་ནས་གོང་དུ་འཕེལ་ཞིང་། ཆོས་ལྡན་གྱི་རྒྱལ་ཁམས་བདེ་ཞིང་སྐྱིད་པའི་རྒྱུར་འགྱུར་བར་རྩ་གསུམ་མགོན་གྱིས་བྱིན་གྱིས་བརླབ་ཏུ་གསོལ། སླར་ཡང་སྨྲས་པ། གུ་རུ་ཤྲཱི་མ་ཧཱ་ཀཱ་ལ་བི་ཛ་ཡནྟུ། རབ་ཏུ་ཞི་ཞིང་མཉམ་པར་གནས་པས་གཡོ་བའི་འཇུག་པ་བཏང་གྱུར་མོད། ཐུགས་རྗེའི་དཔལ་ནི་མཁའ་ལྟར་དངོས་པོ་ཀུན་གྱི་རྗེས་སུ་ཡང་དག་ཞུགས། ཟླ་བའི་འོད་ཀྱིས་ཡི་དྭགས་བཞིན་ཏུ་བྱམས་པའི་སྟོབས་ཀྱིས་བདུད་སྡེ་འཇོམས། །བཅོམ་ལྡན་དགྱེས་མཛད་མ་ཧཱ་ཀཱ་ལས་བསྟན་པ་རིན་ཆེན་རྟག་ཏུ་སྐྱོངས། །གང་གི་ངོ་བོ་རྡོ་རྗེ་ཅན་གྱི་དཔལ་ལྡན་ཐུབ་མཆོག་དེ་ཉིད་དང་། རྒྱལ་བ་ཉིད་ཀྱང་རྒྱལ་སྲས་རྣམ་རོལ་གྲུབ་ཆེན་བླ་མའི་མན་ངག་གི །སྙིང་པོར་གྱུར་པའི་དཀྱིལ་འཁོར་ཆོ་ག་ཡིད་བཞིན་ནོར་བུའི་རྒྱལ་པོ་ནི། སྲི་ཞུས་གཙང་བྱས་མི་ནུབ་བསྟན་པའི་རྒྱལ་མཚན་རྩེ་མོར་བདག་གིས་མཆོད་དེ་ཡི་མཐུ་ལས་བྱུང་བའི་རྣམ་བཞིའི་ཕྲིན་ལས་རྒྱ་མཚོའི་གྲུ་ཆར་གྱིས། འཛིན་མའི་ཁྱོན་ཀུན་དགེ་ལེགས་བྱེ་བས་མཛེས་པར་བྱས་པའི་ལྟེ་བ་ལས། ཀརྨའི་བཀའ་བརྒྱུད་རིན་ཆེན་སྙིང་པོའི་རི་དབང་བརྟན་བརྗིད་
(༣༢༠)འབར་བའི་འོད། ཉི་ཟླའི་སྣང་བས་ཕྱོགས་དུས་ཀུན་ཏུ་ཕན་བདེའི་ནོར་བུ་སྦྱིན་གྱུར་ཅིག། བཀྲ་ཤིས་དཔལ་འབར་མི་མཐུན་གཡུལ་ལས་རྣམ་པར་རྒྱལ་བའི་ཉི་མ་ཛམ་གླིང་བདེ་བའི་རྒྱན་ཏུ་འབར་ཞིང་བརྟན་པར་གྱུར་ཅིག ༈། ཡིད་ཀྱི་དཔྱིད་ཐིག་ཉི་མའི་གཟི་བྱིན་གྱིས། ཀུན་ཏུ་འཁྲུལ་མུན་དཔུང་ཀུན་རྡུལ་དུ་འཇུག །ཡེ་ཤེས་སེམས་དེས་བདེ་ལེགས་སྐྱེད་བྱེད་གཉེན། བླ་མ་དམ་པ་གང་ལ་བདག་ཕྱག་འཚལ། ཆོས་དབྱིངས་ཞི་བར་བཞུགས་ཀྱང་ཁྲོ་བོའི་གར། སྲིད་གསུམ་འདྲེན་པར་གྱུར་ཀྱང་སྒྲོལ་བའི་མགོན། ཆོས་ཀྱི་བླ་མ་ཡེ་ཤེས་སེམས་དཔའ་རུ། རྗེས་ཞུགས་དབྱིངས་ན་བཞུགས་པའི་ལྷ་དེས་སྐྱོངས། །གང་གི་གསལ་སྣང་བརྟན་པ་གཅིག་ཁོ་ནས། །མཆོག་དངོས་གྲུབ་དང་བདུད་ལས་རྒྱལ་བ་ཡི། མཐུ་ཅན་ཆོག་གཞུང་རྒྱས་དང་བསྡུས་པ་ཡི། རིམ་པ་སྙིང་པོར་བཟུང་བའི་ངང་ཚུལ་འདི། མཁའ་ཁྱབ་ཡེ་ཤེས་ཆུ་ཁུར་བརྩེགས་པ་ལས། སྲིད་ཞིའི་བདེ་ལེགས་འབྱུང་གནས་གྲུ་ཆར་བརྒྱར། འཇོ་བས་རྡོ་རྗེའི་འཁྲི་ཤིང་སྨིན་པའི་རྩེར། ངལ་འཚོ་འགྲོ་བའི་བླ་མ་གང་དེའི་མཐུ། ཁྱོད་ནི་འགྲོ་ལ་རྗེས་ཆགས་སྙིང་རྗེའི་ཤུགས། བདུད་ལས་རྣམ་པར་རྒྱལ་བའི་གསོལ་གཞུང་འདི། གཅིག་ལས་དུ་མར་འཆར་རུང་སྦར་གཞིའི་ཚུལ། །
(༣༢༡)གསར་དུ་བསྐྲུན་པའི་བྱེད་པོའང་ཁྱོད་ཁོ་ན། དེ་བས་མ་འོངས་དྲུག་པ་སེང་གེ་རུ། མངོན་འཚང་རྒྱ་ཞིང་ཆོས་འཁོར་མ་བསྐོར་བར། འཕགས་མའི་ཐུགས་ཀར་བཅུད་རྒྱས་ཏེ་ཏཾ་ཀི་གོར། གསང་གསུམ་ཞུགས་པས་ལང་ཚོ་དར་བར་སྨོན། ཡེ་ཤེས་ལས་དང་འཇིག་རྟེན་དྲེགས་པའི་ཚུལ། རིམ་པ་དང་མཐུན་བསྒྲུབས་ཏེ་ས་བོན་སྲོག །འདའ་དཀའི་རྒྱ་ཡིས་བཏབ་པས་ལེགས་ཚོགས་རྣམས། སྤེལ་ཕྱིར་དབྱིངས་ནས་བཞེངས་ཤིག་ནག་པོ་ཆེ། སྒྲུབ་བསྟན་འཛིན་བྱེད་སྐྱེས་ཆེན་འདུས་པའི་སྡེ། གཙུགས་ལག་ཁང་སོགས་གཉེར་བའི་དོན་མཐའ་དག །ཡིད་བཞིན་བསྒྲུབ་པའི་ཕྲིན་ལས་མྱུར་བ་དང་། བདུན་ལྡན་བསྟན་དགྲའི་ཀླད་པ་སྐེམ་གྱུར་ཅིག །དེ་མཐུས་འགྲོ་རྣམས་ཀློ་བུར་རྐྱེན་ངན་གྲོལ། རྣམ་དཀར་བགྱི་བས་ཉིན་ཚན་འདའ་བྱས་ཤིང་། ཐར་པའི་གྲོང་ལ་ལྟ་བའི་མིག་རས་འཛུམས། ལས་བཞི་སྒྲུབ་པའི་དགའ་སྟོན་རྒྱས་པར་ཤོག །ཅེས་ཁྱབ་བདག་འཁོར་ལོའི་མགོན་པོའི་ཕྲིན་ལས་ཀྱི་རྩ་ལག་གསོལ་ཆོག་འདི་ཉིད་ཆོས་ཀྱི་སྒར་ཆེན་དུ་སྤར་བསྐྲུན་གནང་སྐབས་སྨོན་ཚིགས་སུ་འདུ་བགྱི་བ་པོ་ཀརྨ་གྲགས་པ་ཡོང་འདུར་འབོད་པའི་བཙུན་ཧྲུལ་དེའོ། །དགེ་ལེགས་འཕེལ། །