Nitartha Digital Library
Tibetan
 
previousཤོག་ལྷེབ་ ༤༠༡ ནས་ ༥༠༠ བར།next

ཤོག་ལྷེབ་ ༤༠༡ ནས་ ༥༠༠ བར།


KMC002_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

བླག་སེམས་ཅན་ཐམས་ཅད་ཀྱིས། །འགྲུབ་ཕྱིར་བདག་སོགས་སེམས་ཅན་ཐམས་ཅད་ཀྱིས། །དགེ་ཚོགས་འབད་པ་དེ་ཡི་ཕྱིར་དུ་བསྔོ། །དཔལ་ལྡན་སངས་རྒྱས་མཉན་པ་ཡབ་སྲས་དང་། །སྐྱེ་དང་ཚེ་རབས་ཀུན་ཏུ་མི་འབྲལ་ཤོག །མཉམ་མེད་དྭགས་པོ་བཀའ་བརྒྱུད་ལ་གསོལ་བ་འདེབས་སོ། །མི་མཆོག་དུས་གསུམ་མཁྱེན་པ་ལ་གསོལ་བ་འདེབས་སོ། །སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་ལ་གསོལ་བ་འདེབས་སོ། །ཐུགས་རྗེ་ཅན་རང་བྱུང་ཀུན་མཁྱེན་ལ་གསོལ་བ་འདེབས་སོ། །ནུས་པ་ཅན་སངས་རྒྱས་མཉན་པ་ལ་གསོལ་བ་འདེབས་སོ། །བྱིན་རླབས་ཅན་དགའ་བའི་དབྱངས་ཅན་ལ་གསོལ་བ་འདེབས་སོ། །རྗེ་བཙུན་རྡོ་རྗེ་དབྱངས་ཅན་ལ་གསོལ་བ་འདེབས་སོ། །མཚུངས་མེད་རྡོ་རྗེ་དགའ་བ་ལ་གསོལ་བ་འདེབས་སོ། །ཟླ་མེད་དབྱངས་ཅན་བཟང་པོ་ལ་གསོལ་བ་འདེབས་སོ། །འགྲན་མེད་མི་བསྐྱོད་བཟང་པོ་ལ་གསོལ་བ་འདེབས་སོ། །མཁྱེན་


KMC002_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

རབ་མཚུངས་མེད་ལ༴ ཐུགས་རྗེ་མཚུངས་མེད་ལ༴ ནུས་པ་མཚུངས་མེད་ལ༴ འཆི་བ་སྙིང་ནས་གཟེར་བར་བྱིན༴ ཞེན་པ་གཏིང་ནས་ལོག་པར༴ ཅིས་ཀྱང་དགོས་མེད་རྟོགས་པར༴ མི་རྟག་ངེས་ཤེས་སྐྱེ་བར་བྱིན༴ ཉེ་རིང་མེད་པའི་ཐུགས་རྗེ་ཅན་ལ་གསོལ༴ ཕྱོགས་ལྷུང་མེད་པའི་ཕྲིན་ལས་ཅན་ལ༴ སྔ་ཕྱི་མེད་པའི་བྱིན་རླབས་ཅན་ལ༴ མཐོང་ཐོས་དོན་ལྡན་གྱི་མཛད་པ་ཅན་ལ༴ རྒྱལ་དབང་ཆོས་གྲགས་རྒྱ་མཚོ་ལ༴ ཀུན་མཁྱེན་མི་བསྐྱོད་རྡོ་རྗེ་ལ༴ རྒྱལ་བ་དཀོན་མཆོག་ཡན་ལག་ལ༴ རྗེ་བཙུན་དབང་ཕྱུག་རྡོ་རྗེ་ལ༴ གར་དབང་ཆོས་ཀྱི་དབང་ཕྱུག་ལ༴ རྒྱལ་མཆོག་ཆོས་དབྱིངས་རྡོ་རྗེ་ལ༴ དཔལ་ལྡན་ཡེ་ཤེས་སྙིང་པོ་ལ༴ མཚུངས་མེད་ཡེ་ཤེས་རྡོ་རྗེ་ལ༴ དཔལ་ཆེན་ཆོས་ཀྱི་དོན་གྲུབ་ལ༴ རྒྱལ་དབང་བྱང་ཆུབ་རྡོ་རྗེ་ལ༴ སི་ཏུ་ཆོས་ཀྱི་འབྱུང་གནས་ལ༴ རྗེ་བཙུན་བདུད་འདུལ་རྡོ་རྗེ་ལ༴ མི་ཕམ་ཆོས་གྲུབ་རྒྱ་མཚོ་ལ༴ པདྨ་ཉིན་བྱེད་དབང་པོ་ལ༴ རྒྱལ་


KMC002_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཐེག་མཆོག་རྡོ་རྗེ་ལ༴ རྗེ་བཙུན་བློ་གྲོས་མཐའ་ཡས་ལ༴ ཀུན་བཟང་མཁའ་ཁྱབ་རྡོ་རྗེ་ལ༴ པདྨ་དབང་མཆོག་རྒྱལ་པོ་ལ༴ དཔལ་ལྡན་མཁྱེན་བརྩེ་འོད་ཟེར་ལ༴ རང་བྱུང་རིག་པའི་རྡོ་རྗེ་ལ༴ དྲིན་ཆེན་རྩ་བའི་བླ་མ་ལ༴ ཞིང་ཁམས་སྤྲུལ་པས་ཁྱབ་པ་ལ༴ རབ་འབྱམས་ཞིང་གི་བདག་པོ་ལ༴ བསམ་བརྗོད་རེ་བ་ལས་འདས་པ་ལ་གསོལ་བ་འདེབས་སོ། །ཞེས་བྱ་བ་འདི་ནི་འབྲེལ་བ་ཐོགས་ཆོག་མའི་གསོལ་འདེབས་སུ་གྲགས་པ་ཐ་ན་དུད་འགྲོའི་སྐྱེ་གནས་སུ་ཆུད་པའི་རྣ་ལམ་དུ་ལན་ཅིག་བསྒྲགས་ཀྱང་ངན་སོང་གི་སྐྱེ་སྒོ་དུ་མ་ཆོད་ནས། མཐར་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ན་རྗེ་བཙུན་རྡོ་རྗེའི་དབྱངས་ཅན་དེ་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཤིན་ཏུ་དཀར་བའི་འོད་ཟེར་གྱི་ཕྱག་རིང་པོ་བརྐྱང་ནས། སྐད་ཅིག་ལག་པ་བརྐྱང་བསྐུམ་ཙམ་ལ་འདྲེན་པར་ཞལ་གྱིས་བཞེས་པ་ཡིན་ནོ། །མི་འཇིགས་པའི་དབུགས་ཆེན་པོ་


KMC002_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

འབྱིན་པའི་ཆོས་རྗེ་སྟོབས་པོ་ཆེ་ལ་གསོལ་བ་འདེབས་སོ། །སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་པའི། །དཔལ་ལྡན་བླ་མའི་དམ་ཚིག་ལ་གནས་ཤོག །དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །བླ་མའི་བྱིན་བརླབས་སེམས་ལ་འཇུག་པར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག། །།དེ་ནས་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་གསོལ་འདེབས་ནི། གནས་སྤྱི་གཙུག་པད་ཟླའི་གདན་སྟེང་ན། །སེམས་དཔའ་རང་བྱུང་རྡོ་རྗེ་ལ། །བཀའ་བརྒྱུད་བླ་མའི་ཚོགས་ཀྱིས་བསྐོར། །བདག་མོས་གུས་གདུང་བས་གསོལ་བ་འདེབས། །སྣང་སྲིད་བྱིན་གྱིས་རློབ་ཏུ་གསོལ། །དབུས་མི་འགྱུར་རྡོ་


KMC002_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་གདན་སྟེང་ན། །བཅོམ་ལྡན་ཐུགས་རྗེ་ཆེན་པོ་ལ། །རྒྱལ་བ་རྒྱ་མཚོའི་ཚོགས་ཀྱིས་བསྐོར། །བདག་མོས་གུས༴ སྣང་སྲིད༴ གཡས་མེ་དཔུང་འབར་བའི་ཀློང་དཀྱིལ་ན། །ཁྲོ་བོའི་རྒྱལ་པོ་རྟ་མཆོག་ལ། །དཔའ་བོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར། །བདག་མོས༴ སྣང་སྲིད༴ གཡོན་མཁའ་སྤྱོད་དག་པའི་གཞལ་ཡས་ན། ཡུམ་གསང་བ་ཡེ་ཤེས་ཌཱ་ཀི་ལ། །མཁའ་འགྲོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར། །བདག༴ སྣང་༴ སྟེང་དག་པ་ལྷའི་གཞལ་ཡས་ན། །སློབ་དཔོན་པདྨ་འབྱུང་གནས་ལ། །གྲུབ་ཐོབ་རྒྱ་མཚོའི་ཚོགས་ཀྱིས་བསྐོར། །བདག༴ སྣང་༴ འོག་དམ་ཚིག་ཆེན་པོའི་གཞལ་ཡས་ན། །ཆོས་སྐྱོང་མ་མགོན་ལྕམ་དྲལ་ལ། །དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བསྐོར། །བདག་མོས་གུས་གདུང་བས་གསོལ་བ་འདེབས། །སྣང་སྲིད་བྱིན་གྱིས་རློབ་ཏུ་གསོལ། །རྩ་བ་བརྒྱུད་པར་བཅས་རྣམས་ལ། །དད་ཅིང་གུས་པར་གསོལ་བཏབ་པས། །


KMC002_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དང་འགྲོ་དྲུག་སེམས་ཅན་རྣམས། །རྣམ་པ་ཀུན་མཁྱེན་ཐོབ་བར་ཤོག །སེམས་དཔའ་རང་བྱུང་རྡོ་རྗེ་ནི། །ཡིད་བཞིན་ནོར་བུ་རྙེད་པ་ལྟར། །བདག་གཞན་ཡོངས་ཀྱི་དབུལ་བ་སེལ། །དགོས་འདོད་འབྱུང་བའི་བཀྲ་ཤིས་ཤོག །བྱང་ཆུབ་སེམས་ཀྱི་ཕྲིན་ལས་ཀྱིས། །ཐུགས་རྗེའི་འོད་ཟེར་ཕྱོགས་བཅུར་འཕྲོ། །བཅོ་ལྔའི་ཟླ་བ་ཉ་རྒྱས་ལྟར། །འཛམ་གླིང་བདེ་བའི་བཀྲ་ཤིས་ཤོག །འཛམ་གླིང་བདེ་བར་མཛད་དུ་གསོལ། །ཅེས་གྲུབ་ཆེན་ཀརྨ་པས་མཛད་པའོ།། །།དེ་ནས་ཕྱི་དྲོའི་དུས་སུ་བྱ་བའི་གཏོར་མའི་རིམ་པ་ལ་གསང་སྔགས་ནང་གཏོར་ནི། རང་ཡི་དམ་དུ་གསལ་བས་གཏོར་མའི་རྫས་བདུད་རྩིའི་ཆུས་གསང་ཞིང་། ༀ་ཨཱཿབིགྷྣནྟ་ཀྲི་ཏ་ཧཱུྃ་ཕཊ། ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨ ཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་དང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་ཆང་ཟུང་ལ་ཡཾ་དང་། མཆོག་མ་གཉིས་ལ་གཡོ་བའི་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་


KMC002_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དམར་པོ་རཾ་གྱིས་མཚན་པ། དེའི་སྟེང་དུ་ཀཾ་གསུམ་ལས་ཐོད་པ་བུམ་རིལ་གྱི་སྒྱེད་པུ་ལྟག་པ་ནང་དུ་བསྟན་པ་གསུམ་གྱི་སྟེང་དུ། ཡི་གེ་ཨ་ཡོངས་སུ་གྱུར་པ་ལས་ཀ་པཱ་ལ་ཕྱི་དཀར་ལ་ནང་དམར་བ། དུམ་བུ་གཅིག་པ་དཔྲལ་བ་རང་ལ་བསྟན་པ། རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ། དེའི་དབུས་སུ་མུ་ལས་དྲི་ཆུ་བཻ་ཌཱུརྱ་ལྟ་བུ། ཤར་དུ་བི་ལས་དྲི་ཆེན་ཤེལ་ལྟ་བུ། ལྷོར་ར་ལས་རཀྟ་གསེར་བཙོ་མ་ལྟ་བུ། ནུབ་ཏུ་ཤུ་ལས་བྱང་སེམས་དཀར་པོ། བྱང་དུ་མ་ལས་ཀླད་པ། སླར་ཡང་དབུས་སུ་ན་ལས་མིའི་ཤ །ཤར་ལྷོར་གོ་ལས་བ་ལང་གི་ཤ །ལྷོ་ནུབ་ཏུ་ཀུ་ལས་ཁྱིའི་ཤ །ནུབ་བྱང་དུ་ད་ལས་གླང་པོ་ཆེའི་ཤ །བྱང་ཤར་དུ་ཧ་ལས་རྟའི་ཤ །དེ་རྣམས་སླར་ཡང་ཡི་གེ་དེ་དག་གིས་མཚན་པའོ། །རང་གི་སྣ་བུག་གཡོན་པ་ནས་རླུང་ཧཱུྃ་གི་དབྱིབས་ཅན་འཕྲོས། རླུང་གི་དཀྱིལ་འཁོར་ལ་ཕོག །བ་དན་བསྐྱོད་པས་རླུང་གཡོས་མེ་སྦར་ཐོད་པ་དྲོས།


KMC002_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་རྣམས་ཁོལ། ཉེས་པའི་སྐྱོན་རྣམས་ཕྱིར་ལུད། དེའི་སྟེང་དུ་ༀ་ཨཱཿཧཱུྃ་ལས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག །དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས། ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ། ལན་གསུམ་བརྗོད་པས་བྱིན་གྱིས་བརླབས། འབར་བའི་ཕྱག་རྒྱ་དཔྲལ་བར་བསྐོར་ཞིང་། ཕེཾ་ཕེཾ་ཕེཾ། ཞེས་གཏོར་མགྲོན་སྤྱན་དྲངས། པད་སྐོར་རྡོ་རྗེ་ཐལ་མོ་ཁ་ཕྱེ་བས། ༀ་བཛྲ་ཨཱ་ར་ལི་ཧོཿཛཿཧཱུྃ་བཾ་ཧོཿ བཛྲ་ཌཱ་ཀི་ནི་ས་མ་ཡ་སྟྭཾ། དྲྀ་ཤྱ་ཧོཿ ལན་གསུམ། ན་མོ་རཏྣ་གུ་རུ་ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོར་གྱུར་པ་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་


KMC002_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་བརྗོད། ཆོས་སྐུ་དྲུག་པ་རྡོ་རྗེ་འཆང་ཆེན་པོ། །ཏཻ་ལོ་ཤེས་རབ་བཟང་པོ། ནཱ་རོ་ཛྙཱ་ན་སིདྡྷི། མར་པ་ཆོས་ཀྱི་བློ་གྲོས། མི་ལ་བཞད་པ་རྡོ་རྗེ། དྭགས་པོ་ཟླ་འོད་གཞོན་ནུ། དཔལ་ལྡན་དུས་གསུམ་མཁྱེན་པ། འགྲོ་མགོན་རས་པ་ཆེན་པོ། རྒྱལ་སྲས་སྤོམ་བྲག་པ། གྲུབ་ཆེན་ཀརྨ་པཀྴི། མཁས་གྲུབ་ཨོ་རྒྱན་པ། སེམས་དཔའ་རང་བྱུང་རྡོ་རྗེ། རྒྱལ་བ་གཡུང་སྟོན་ཆེན་པོ། འཛམ་གླིང་ཆོས་ཀྱི་གྲགས་པ། རྟོགས་ལྡན་མཁའ་སྤྱོད་དབང་པོ། ཆོས་རྗེ་དེ་བཞིན་གཤེགས་པ། རྗེ་བཙུན་རཏྣ་བྷ་དྲ། སྤྲུལ་སྐུ་མཐོང་བ་དོན་ལྡན། ཀུན་མཁྱེན་འཇམ་དཔལ་བཟང་པོ། བྱང་སེམས་དཔལ་འབྱོར་དོན་གྲུབ། རྒྱལ་དབང་ཆོས་གྲགས་རྒྱ་མཚོ། གྲུབ་ཆེན་བཀྲ་ཤིས་དཔལ་འབྱོར། མཚུངས་མེད་མི་བསྐྱོད་རྡོ་རྗེ། རྒྱལ་བ་དཀོན་མཆོག་ཡན་ལག །རྗེ་བཙུན་དབང་ཕྱུག་རྡོ་རྗེ། གར་དབང་ཆོས་ཀྱི་དབང་ཕྱུག །


KMC002_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མཆོག་ཆོས་དབྱིངས་རྡོ་རྗེ། དཔལ་ལྡན་ཡེ་ཤེས་སྙིང་པོ། མཚུངས་མེད་ཡེ་ཤེས་རྡོ་རྗེ། དཔལ་ཆེན་ཆོས་ཀྱི་དོན་གྲུབ། རྒྱལ་དབང་བྱང་ཆུབ་རྡོ་རྗེ། སི་ཏུ་ཆོས་ཀྱི་འབྱུང་གནས། རྗེ་བཙུན་བདུད་འདུལ་རྡོ་རྗེ། མི་ཕམ་ཆོས་གྲུབ་རྒྱ་མཚོ། པདྨ་ཉིན་བྱེད་དབང་པོ་ལ། རྒྱལ་དབང་ཐེག་མཆོག་རྡོ་རྗེ། །རྗེ་བཙུན་བློ་གྲོས་མཐའ་ཡས། ཀུན་བཟང་མཁའ་ཁྱབ་རྡོ་རྗེ། པདྨ་དབང་མཆོག་རྒྱལ་པོ། དཔལ་ལྡན་མཁྱེན་བརྩེའི་འོད་ཟེར། རང་བྱུང་རིག་པའི་རྡོ་རྗེ་ ལ་སོགས་པ་དྲིན་ཅན༴ སློབ་དཔོན་ཆེན་པོ་ཌོམྦི་པ། མལ་གྱོ་ལོ་ཙ་བ། གཉལ་པ་ཉི་མ་འབར། གཉལ་པ་ཇོ་སྲས། འགྲོ་མགོན་རས་ཆེན། རྒྱལ་སྲས་སྤོམ་བྲག་པ། ཆོས་རྗེ་ཀརྨ་པ། བླ་མ་གཉན་རས། ཆོས་རྗེ་རང་བྱུང་རྡོ་རྗེ། མགོན་པོ་རྒྱལ་མཚན། ཆོས་རྗེ་རོལ་པའི་རྡོ་རྗེ། རྟོགས་ལྡན་གྲགས་པ་སེང་གེ །དར་མ་རྒྱལ་མཚན། རྟོགས་ལྡན་མཁའ་སྤྱོད་དབང་པོ། ཀུན་དགའ་བློ་གྲོས། བླ་མ་རིན་པོ་ཆེ་རཏྣ་


KMC002_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

བྷ་དྲ། ཆོས་ཀྱི་བཟང་པོ། སྤྲུལ་པའི་སྐུ་དྷརྨ་ཤྲཱི་ཛྙཱ་ན་ལ་སོགས་པ་དྲིན་ཅན༴ སློབ་དཔོན་ཆེན་པོ་པདྨ་སམྦྷ་བ། པུ་རངས་པ་ཞང་བཙུན་དར་མ་རིན་ཆེན། གཙང་ལ་སྟོད་ཀྱི་ཁྱུང་པོ་སྟག་ཤམ་ཅན། ཀྱུ་ར་རྒྱལ་བའི་ཡེ་ཤེས། ཕྱག་བླ་ཆེན་མགོན་པོ། སྟོང་དཔོན་ཤེས་རབ་མགོན་པོ། ཆོས་ཀྱི་རྗེ་དཔལ་ལྡན་དུས་གསུམ་མཁྱེན་པ་ལ་སོགས་པ་དྲིན་ཅན༴ ༀ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། ༀ་ཤྲཱི་བཛྲ་ཧེ་རུ་རུ་ཀཾ་ཧཱུྃ་ཧཱུྃ་ཕཊ། ཌཱ་ཀི་ནི་ཛཱ་ལ་སམྦ་རཾ་སྭཱ་ཧཱ། ཨི་དཾ༴ ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨི་དཾ༴ ༀ་ༀ་ༀ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་པརྞ་ནཱི་ཡེ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཨི་དཾ༴ སོགས་ཀྱིས་བདེ་མཆོག་ཡབ་ཡུམ་འཁོར་དང་བཅས་པའོ། ། ༀ་དེ་ཝ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨི་དཾ༴ སོགས་ཀྱིས་ཀྱཻ་རྡོར་དང་། ༀ་ཨཱཿཧཱུྃ་ཧྲཱིཿ ༀ་མ་ཎྀ་པདྨེ་ཧཱུྃ། དྷུ་མ་གྷ་ཡེ་ན་མཿསྭཱ་ཧཱ། ཧ་རི་ནི་ས་ར་ཙ་ཧྲི་ཡ་ཧཱུྃ་ཛཿ ཨི་དཾ༴ སོགས་ཀྱིས་རྒྱལ་བ་རྒྱ་མཚོ་དང་། ༀ་ཨཱཿབཛྲ་དྷྲྀ་ཀ་


KMC002_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ཕཊ་སྭཱ་ཧཱ། ཨི་དཾ༴ སོགས་ཀྱིས་གསང་འདུས་དང་། ༀ་ཧཱུྃ་སྭཱ་ཧཱ། ཨི་དཾ༴ སོགས་ཀྱིས་ གདན་བཞི་དང་། ༀ་ཨཱཿཧཱུྃ་ཧོཿ ཤྲཱི་ཀཱ་ལ་ཙཀྲ་ཧཱུྃ་ཕཊ་སྭཱ་ཧཱ། ཨི་དཾ༴ སོགས་ཀྱིས་དུས་འཁོར་དང་། ༀ་ཧྲཱིཿཥྟཱིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨི་དཾ༴ སོགས་ཀྱིས་གཤེད་དམར་དང་། ༀ་ཧྲཱིཿཥྚཱི་ཝི་ཀྲྀ་ཏཱེ་ན་ན་ཧཱུྃ་ཕཊ། ཨི་དཾ༴ སོགས་ཀྱིས་དགྲ་ནག་འཇིགས་བྱེད་དང་། ༀ་ཧྱ་གྲཱི་ཝ་པདྨ་ཀྲོ་དྷཱི་ཤྭ་རི་བཛྲ་པཱ་ཎྀ་བཛྲ་ཀི་ལི་ཀི་ལཱ་ཡ། མ་ཧཱ་ཀཱ་ལ་ཡཀྵ་ཡ་མཱནྟ ་ཀྲིཏྐཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་རཾ་ཧཱུྃ་ཕཊ་སྭཱ་ཧཱ། ༀ་ཁྲོཾ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ་སྭཱ་ཧཱ། ཨི་དཾ༴ ཧཱུྃ་བདེ་གཤེགས་འདུས་པའི་ལྷ་ཚོགས་དང་། །འཁོར་གྱི་དྲེགས་པ་ཕོ་མོའི་ཚོགས། །འཁོར་དང་གཡོག་ཏུ་བཅས་པ་ལ། །བདག་ཅག་དད་པས་འབུལ་ལགས་ན། །འདོད་དོན་མ་ལུས་སྒྲུབ་ཏུ་གསོལ། །ཨི་དཾ་བ་ལིཾ་ཏེ་ཛོ་བ་ལིཾ་བ་ལ་བ་ཏི་ས་མ་ཡེ་ཧཱུྃ། ཧཱུྃ། ཁོར་ཡུག་བཅས་པའི་བྷཎྡྷ་ཆེན་པོ་རུ། །རྒྱུ་དྲུག་རྟོག་པའི་རང་བཞིན་རྣམ་པར་དག །དུས་གསུམ་རྒྱལ་བའི་


KMC002_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་མ་ལུས་པའི། །སྐུ་གསུང་ཐུགས་ཀྱི་རྒྱུད་རྣམས་ཚིམ་གྱུར་ཅིག །ཨ་ལ་ལ་ཧོཿབཞེས་ཏེ་དགྱེས་པར་རོལ། །གྱིས་རྟ་མགྲིན་བདེར་འདུས་དང་། ༀ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། བཛྲ་ག་རུ་ཌ་ཧཱུྃ་ཕཊ། ག་རུ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ། དུཥྚན་མཱ་ར་ཡ་ཧཱུྃ་ཕཊ། ཨི་དཾ་བ་ལིཾ༴ སོགས་ཀྱིས་ཕྱག་རྡོར་གཏུམ་པོ་དང་། ཡི་དམ་བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད། རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་ཞལ་དུ༴ སོགས་ཀྱིས་ཡི་དམ་སྤྱི་ལ་ཕུལ་ནས། སྐུ་གསུང་ཐུགས་ཤིན་ཏུ་མཉེས་ནས་བདག་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་སྩོལ་བར་མཛད་དུ་གསོལ། ཞེས་འདོད་དོན་གསོལ། འཁོར་གྱི་མཁའ་འགྲོ་མ་དང་ཕྱོགས་སྐྱོང་སོགས་ལ། བཛྲ་ཌཱ་ཀི་ནི། བུདྡྷ་ཌཱ་ཀི་ནི། རཏྣ་ཌཱ་ཀི་ནི། པདྨ་ཌཱ་ཀི་ནི། ཀརྨ་ཌཱ་ཀི་ནི། བི་ཤྭ་ཌཱ་ཀི་ནི། ལོ་ཀ་ཌཱ་ཀི་ནི་ས་


KMC002_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡ་སྟྭཾ། དྲྀ་ཤྱ་ཧོཿ ཕེཾ་ཕེཾ་ཕེཾ། ༀ་བཛྲ་ཨཱ་རྒྷཾ། པཱདྱཾ། ནས། ཤབྡ་པྲ་ཏཱིཙྪ ་སྭཱ་ཧཱ། ༀ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཀྵ་ས་བྷཱུ་ཏ་པྲེ་ཏ་བི་ཤཱ་ཙ་ཨུན་མཱ་ད་ཨ་པ་སྨཱ་ར་ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡཿ ཨི་དཾ་བ་ལིཾ་གྲྀཧྣནྟུ་ས་མ་ཡ་རཀྵ་མ་མ་སརྦ་སིདྡྷི་མྨེ ་པྲ་ཡཱཙྪནྟུ ་ཡ་ཐཻ་བཾ་ཡ་ཐེཥྚཾ་བྷུཉྫ་ཐ་ཛི་གྷྲ་ཐ་པི་བ་ཐ་མཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀཱ་ར་ཏ་ཡ་སདྶུ་ཁཾ་བི་ཤུད་དྷ་ཡེ། ས་ཧཱ་ཡི་ཀ་བྷ་ཝནྟུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ༀ་ཧྲཱིཾ་ཧྲཱིཾ་ཧཾ་ཧཾ་ཧེ་ཧེ་ཧི་ཧི་ཕེཾ་ཕེཾ། ཞེས་པས་གཏོར་མ་ཕུལ་ཏེ། ཞིང་སྐྱོང་ཆེན་པོ་བརྒྱད་རྣམས་དང་། །མཁའ་འགྲོ་སུམ་ཅུ་སོ་གཉིས་སོགས། །མ་ལུས་འཁོར་བཅས་འདིར་བྱོན་ཞིང་། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་བསྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །


KMC002_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཀུན་གྱིས་སྟོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛད། །རྨི་ལམ་ངན་དང་མཚན་མ་ངན་། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །བདེ་ལེགས་ཕུན་སུམ་ཚོགས་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་འདོད་དོན་གསོལ་ལོ། །མ་མགོན་འཁོར་བཅས་ཀྱི་གཏོར་བསྔོས་ནི། ༀ་མ་དག་སྣོད་བཅུད་སྟོང་པར་སྦྱངས། །སྟོང་པའི་ངང་ལས་ཡེ་ཤེས་ཀྱི། །རླུང་མེ་ཐོད་སྒྱེད་སྟེང་ཉིད་དུ། །ཐོད་པར་ཤ་ལྔ་བདུད་རྩི་ལྔ། །རླུང་མེས་བསྐོལ་བས་དམ་ཚིག་པའི། །བདུད་རྩི་རབ་འབར་འོད་ཉིད་དེས། །ཡེ་ཤེས་བདུད་རྩི་སྤྱན་དྲངས་ནས། །དབྱེར་མེད་ༀ་དང་ཨཱཿཧཱུྃ་གིས། །བྱིན་བརླབས་དྲི་རོ་མཚུངས་མེད་གྱུར། །རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང་། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས་སྤྱན་དྲངས། །


KMC002_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་གྱི་ནམ་མཁར་སྤྲིན་བཞིན་གཏིབས་པར་གྱུར། །ཡི་དམ་ཀུན་འདུས་རྩ་བའི་བླ་མ་མཆོད། །དཀོན་མཆོག་ཀུན་འདུས་རྩ་བའི་བླ་མ་མཆོད། །ཆོས་སྐྱོང་ཀུན་འདུས་རྩ་བའི་བླ་མ་མཆོད། །ཁྱད་པར་ཆོས་སྐྱོང་བེར་གྱི་ན་བཟའ་ཅན། །དཔལ་ལྡན་ལྷ་མོ་རང་བྱུང་རྒྱལ་མོ་ནི། །མཆེད་ལྕམ་འཁོར་དང་བཅས་པ་མཆོད་པར་བགྱི། །རྒྱལ་པོ་རྣམ་མང་ཐོས་སྲས་སྔགས་ཀྱི་བདག །རྡོ་རྗེ་ལེགས་པ་སྲིན་མགོན་ཞིང་སྐྱོང་དང་། །མཁར་ནག་རྡོ་རྗེ་རྒྱལ་པོ་ལ་སོགས་པའི། །ཀརྨ་པ་ཡི་བསྟན་པ་སྐྱོང་རྣམས་ལ། །ཟག་མེད་ཤ་ལྔ་བདུད་རྩི་ལྔ་མཆོག་གི །གཏོར་མ་རྩ་བརྒྱད་པཉྩ་ཨ་མྲྀ་ཏ། ཛ་གད་རཀྟའི་ཡོན་ཆབ་མཆོད་པར་བཞེས། །འདོད་ཡོན་ལྔ་དང་གསང་བའི་མཆོད་པ་དང་། །དེ་ཁོ་ན་ཡི་ཀུན་བཟང་མཆོད་པས་མཆོད། །ཁྱོད་ཀྱི་སྐྱོན་དག་ཡོན་ཏན་རྫོགས་པ་དེའི། །གནས་ཚུལ་ཇི་བཞིན་རྟོགས་པའི་སྒོ་གསུམ་གྱིས། །བསྟོད་པ་མ་ལུས་པ་ཡིས་བསྟོད་པར་བགྱི། །


KMC002_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ལ་འདོད་དོན་གསོལ་བ་གདབ་པ་ནི། །བདག་སོགས་ཀུན་ལ་མཆོག་དང་ཐུན་མོང་གི །དངོས་གྲུབ་སྟན་ཐོག་འདི་ལ་སྩོལ་བ་དང་། །ཁྱད་པར་ཚེ་རིང་ནད་མེད་དཔལ་འབྱོར་རྒྱས། །ཡིད་ལ་བསམས་ཚད་སྐད་ཅིག་ཙམ་ཉིད་ལ། །གྲུབ་ནས་ཀརྨ་པ་ཡི་བཞེད་པ་ཀུན། །བདག་གིས་མ་ལུས་མྱུར་དུ་འགྲུབ་པ་དང་། །ཀརྨ་པ་ཡི་བསྟན་ལ་གནོད་བྱེད་རྣམས། །བདག་གིས་ཐལ་བ་བཞིན་དུ་རློག་པ་ཡི། །ནུས་པ་ད་ལྟ་ཉིད་དུ་སྩལ་དུ་གསོལ། །དེ་ལྟར་མཆོད་བསྟོད་དད་པའི་དགེ་བ་དེས། །མ་གྱུར་འགྲོ་བ་སེམས་ཅན་ཐམས་ཅད་ཀུན། །རྫོགས་པའི་སངས་རྒྱས་གོ་འཕང་ཐོབ་ཕྱིར་བསྔོ། །ཞེས་པ་འདི་དད་པའི་ནོར་ཅན་རིན་ཆེན་དཔལ་མོས་བསྐུལ་བའི་ངོར་ཀརྨ་པ་མི་བསྐྱོད་རྡོ་རྗེས་སྩལ་བའོ།། །།མཁའ་འགྲོ་སྤྱི་གཏོར་ནི། བསངས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་ཐོད་པ་ཕྱི་དཀར་ལ་ནང་


KMC002_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་མུ་མ་ར་ཤུ་ལས་བདུད་རྩི་ལྔ་སོ་སོར་ཡི་གེ་དེ་དག་གིས་མཚན་པའོ། །རང་གི་སྣ་བུག་གཡོན་པ་ནས་རླུང་ཧཱུྃ་གི་དབྱིབས་ཅན་འཕྲོས། རླུང་གིས་མེ་སྦར། མེས་ཐོད་པ་དྲོས་པས་རྫས་རྣམས་ཞུ། ཉེས་པའི་སྐྱོན་རྣམས་ཕྱིར་ལུད། དེའི་སྟེང་དུ་ༀ་ཨཱཿཧཱུྃ་ལས་འོད་ཟེར་འཕྲོས་པས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག །དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས། ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ། ལན་གསུམ། སངས་རྒྱས་མཁའ་འགྲོ། རྡོ་རྗེ་མཁའ་འགྲོ། རིན་ཆེན་མཁའ་འགྲོ། པདྨ་མཁའ་འགྲོ། ལས་ཀྱི་མཁའ་འགྲོ། སྣ་ཚོགས་མཁའ་འགྲོ། འཇིག་རྟེན་མཁའ་འགྲོ། གནས་ལས་སྐྱེས་པ། རིགས་ལས་སྐྱེས་པ། ཞིང་ལས་སྐྱེས་པ། སྔགས་ལས་སྐྱེས་པ། ལས་ལས་སྐྱེས་པ། ལྷན་ཅིག་སྐྱེས་པའི་ལྷ་རྣམས་ཀྱི་ཞལ་དུ་ༀ་


KMC002_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿཧཱུྃ། གནས་དང་ཉེ་བའི་གནས། ཞིང་དང་ཉེ་བའི་ཞིང་། ཚན་དྷོ་དང་ཉེ་བའི་ཚན་དྷོ། འདུ་བ་དང་ཉེ་བའི་འདུ་བ། འཐུང་གཅོད་དང་ཉེ་བའི་འཐུང་གཅོད། དུར་ཁྲོད་དང་ཉེ་བའི་དུར་ཁྲོད། གནས་ཉི་ཤུ་རྩ་བཞི། ཡུལ་སུམ་ཅུ་སོ་གཉིས། དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པའི་དཔའ་བོ་མཁའ་འགྲོ་སྲུང་མ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུྃ། ཕྱོགས་སྐྱོང་བཅུ་ལ་སོགས་པ་འཇིག་རྟེན་སྐྱོང་བ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུྃ། རྒྱ་གར་རྡོ་རྗེ་གདན། རྒྱ་ནག་རི་བོ་རྩེ་ལྔ། ནུབ་ཕྱོགས་ཨུ་རྒྱན། བྱང་ཤམ་བྷ་ལ། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན། ལྷོ་ཕྱོགས་དཔལ་གྱི་རི་བོ། ཤྲཱི་ན་ལནྡ། བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་ལ་སོགས་པ་གྲུབ་ཆེན་རྣམས་ཀྱི་བྱིན་གྱིས་བརླབས་པའི་གནས་རྣམས་སུ་གནས་པའི་དཔའ་བོ་མཁའ་འགྲོ་སྲུང་མ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུྃ། ལྷོ་དྲོ་བོ་ལུང་། འབྲོག་ལ་ཕྱི་ཆུ་བར། ཇོ་མོ་བཀྲ་ཤིས་ཚེ་རིང་མ་མཆེད་ལྔ། ཤར་


KMC002_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

དྭགས་ལྷ་དཔལ་གྱི་སྒམ་པོ། སྟོད་ལུང་མཚུར་ཕུ། ཀཾ་པོ་གནས་ནང་། ཀརྨ་རི་གླིང་། ཤར་ཕྱོགས་སྤུངས་རི། ལྷོ་གནས་མཆོག་དཔལ་གྱི་ཙཱ་རི་ཏྲ། གངས་དཀར་གྱི་རྒྱལ་པོ་ཏི་སེ། མཚོ་མ་ཕམ། བལ་ཡུལ་འཕགས་པ་ཤིང་ཀུན། ཤིང་ཀི་རིའི་མཆོད་རྟེན། རོང་བཙན་ཁ་བ་དཀར་པོ། ཆོས་འཁོར་ལྷ་ས། དཔལ་གྱི་བསམ་ཡས་ལ་སོགས་པ། གངས་རིའི་ཁྲོད་ཀྱི་སྒྲུབ་གནས་བྱིན་རླབས་ཅན་རྣམས་སུ་གནས་པའི་དཔའ་བོ་མཁའ་འགྲོ་སྲུང་མ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུྃ། སྐུ་གསུང་ཐུགས་ཤིན་ཏུ་མཉེས་ནས་སངས་རྒྱས་ཀྱི་བསྟན་པ་དར་བ་དང་། བདག་ཅག་སྒྲུབ་པ་པོ་རྣམས་ཀྱི་མཐུན་རྐྱེན་སྒྲུབས། འགལ་རྐྱེན་སོལ། འཇིག་རྟེན་གྱི་ཁམས་སུ་ཆར་ཆུ་དུས་སུ་འབབ་པ་དང་། ལོ་ཕྱུགས་རྟག་ཏུ་ལེགས་པ་དང་། མི་ནད་དང་ཕྱུག་ནད་དང་ཡམས་ནད་དང་། འཁྲུག་རྩོད་ཐམས་ཅད་ཉེ་བར་ཞི་བའི་ཕྲིན་ལས་མཛད་དུ་གསོལ། །གཞི་བདག་དཀར་གཏོར་ནི། ༀ་སྭ་བྷཱ་ཝ་


KMC002_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་གཏོར་མ་དཀར་གསུམ་མངར་གསུམ་ཁ་དོག་དྲི་རོ་རེག་བྱ་ནུས་པ་ཕུན་སུམ་ཚོགས་པ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ༀ་ཨཱཿཧཱུྃ། གསུམ། སྟོང་གཅིག་པ། སྟོང་གཉིས་པ། སྟོང་གསུམ་པ། མཐོ་བ་ནམ་མཁའ། དམའ་བ་ས་གཞི། རི་རབ་ཆེན་པོའི་ས་བདག །གསེར་གྱི་རི་བདུན། རོལ་བའི་མཚོ་བདུན། གླིང་བཞི་གླིང་ཕྲན་ལ་གནས་པའི་གཞི་བདག །འཛམ་བུ་གླིང་གི་ཟོ་དོར་། རྒྱལ་པོ་ཆེན་པོ་སྡེ་བཞི། བོད་ཀྱི་མགུར་ལྷ་བཅུ་གསུམ། སྲིད་པ་ཆགས་པའི་ལྷ་དགུ། བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས། སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག །སྒང་ལྔར་གནས་པའི་གཞིའི་བདག་པོ། གནས་ཀྱི་བདག་པོ། ཡུལ་གྱི་བདག་པོ། གྲོང་གི་བདག་པོ། གཉུག་མར་གནས་པ་


KMC002_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུྃ། གཞན་ཡང་ས་བདག་སའི་ལྷ་མོ་བརྟན་མ། ས་འཛིན་ལག་པ་ཆེན་པོ། སྤར་ཁ་བརྒྱད། སྨེ་བ་དགུ། ལོ་སྐོར་བཅུ་གཉིས། ས་བདག་གི་རྒྱལ་པོ་ཐེ་སེ་ལ་སོགས་པ་དེ་རིང་གི་ཉི་མ། གཟའ། རྒྱུ་སྐར། དུས་ཚོད་ཚེས་གྲངས་ལ་དབང་བའི་གཞི་བདག་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུྃ། རྣལ་འབྱོར་པ་བདག་ཅག་སྔོན་ཆད་གང་དུ་སོང་ཞིང་ཕྱིན་ཆད་གང་དུ་འགྲོ་བ། ད་ལྟ་གང་དུ་འདུག་པའི་གཞི་བདག་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུྃ། ཕ་རི་གཡས། ཚུ་རི་གཡོན། འགྲོ་བ་ལམ། སྐྱེ་བ་ཤིང་། འབབ་པ་ཆུ། སྲ་བ་བྲག །གཡོ་བ་རླུང་། བརྟན་པ་མཁར་ལ་སོགས་པ་ས་ཕྱོགས། ཡུལ་ཕྱོགས་དབེན་གནས། སྒྲུབ་གནས་འདི་ཉིད་དུ་གནས་པའི་གཞི་བདག་དཀར་པོའི་ཕྱོགས་ལ་མངོན་པར་དགའ་ཞིང་བྱང་ཆུབ་ཀྱི་སེམས་དང་ལྡན་པ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུྃ། སྐུ་གསུང་ཐུགས་མཉེས་ནས་རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་


KMC002_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ན་མ་བཀག །སྡོད་ན་མ་བསྐྲད། བསམ་པ་མ་ངན་། སྦྱོར་བ་མ་རྩུབ། འཚོ་བ་སྦྱོར། ཡོན་བདག་གི །མཐུན་རྐྱེན་སྒྲུབས། འགལ་རྐྱེན་སོལ། རྐྱེན་ཕྱི་ནང་གི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བའི་ཕྲིན་ལས་མཛོད་ཅིག །ཐུན་མོང་མིན་པའི་གཏོར་མ་ནི། ཕྱི་སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ། །ནང་འབྱུང་བཞིའི་དངོས་པོ་བ་ལིཾ་ཏ། །དེ་རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ། །ལས་རབ་འབྱམས་འགྲུབ་པར་བྱིན་གྱིས་རློབས། །ལུས་དབང་ཆེན་པགས་པའི་གཏོར་གཞོང་དུ། །ནང་ཤ་ཁྲག་རུས་པ་བ་ལིཾ་ཏ། །དེ་བསྟན་སྲུང་རྒྱ་མཚོའི་ཚོགས་ལ་འབུལ། །ཚེ་ཉི་ཟླ་དང་མཉམ་པར་བྱིན་གྱིས་རློབས། །སེམས་སྣང་བ་སྣ་ཚོགས་ཀྱི་གཏོར་གཞོང་དུ། །ནང་དྲན་རིག་གསལ་བའི་བ་ལིཾ་ཏ། །དེ་མཁའ་ཁྱབ་ཆོས་ཀྱི་སྐུ་ལ་འབུལ། །རྒྱུད་ཡེ་ཤེས་ལྔ་རུ་བྱིན་གྱིས་རློབས། ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ཞྭ་དམར་པ་ལྔ་པས་སོ།། །།དེ་ནས་སྐུ་རིམ་གྱི་སྐོར་ནི། འཇིག་རྟེན་འདྲེན་པའི་


KMC002_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །ༀ་ན་མོ་བྷ་ག་ཝ་ཏེ་ཨ་པ་རི་མི་ཏཱ་ཡུ་ཛྙཱ་ན་སུ་བི་ནི་ཥྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཡརྷ ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ༀ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ་ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སཾ་བྷཱ་རོ་བ་ཙི་ཏི། ༀ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷེ་དྷརྨ ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། སྦྱིན་པའི་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །མི་ཡི་སེང་གེ་སྦྱིན་པའི་སྟོབས་རྟོགས་ཏེ། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །སྦྱིན་པ་མཐར་ཕྱིར་ཚེ་ཡང་འཕེལ་བར་ཤོག །ཚུལ་ཁྲིམས་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །མི་ཡི་སེང་གེ་ཚུལ་ཁྲིམས་སྟོབས་རྟོགས་ཏེ། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །ཚུལ་ཁྲིམས་མཐར་ཕྱིར་ཚེ་ཡང་འཕེལ་བར་ཤོག །བཟོད་པ༴ བརྩོན་


KMC002_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུས༴ བསམ་གཏན༴ ཤེས་རབ་ རྣམས་ལའང་སྦྱར་བར་བྱའོ།། །།དེ་ནས། དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་བའི་སྐུ། །ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་ལོ། །ༀ་ན་མོ་བྷ་ག་ཝ་ཏེ་སརྦ་ཏྲཻ་ལོ་ཀྱ་པྲ་ཏི་བི་ཤིཥྛཱ་ཡ། བུདྡྷ་ཡ་ཏེ་ན་མཿ ཏདྱ་ཐཱ། ༀ་བྷྲཱུཾ་བྷྲཱུཾ་བྷྲཱུཾ་ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ཨ་ས་མ་ས་མནྟ་ཨ་བ་བྷཱ་ས་སྥ་ར་ཎ་ག་ཏི། ག་ག་ན་སྭ་བྷཱ་ཝ་བི་ཤུདྡྷེ། ཨ་བྷི་ཥཉྫཏྟུ་མཱཾ། སརྦ་ཏ་ཐཱ་ག་ཏཱཿ སུ་ག་ཏ་བ་ར་བ་ཙ་ན་ཨ་མྲྀ་ཏ་ཨ་བྷི་ཥེ་ཀཻ་ར། མ་ཧཱ་མུ་དྲཱ་མནྟུ་པ་དཻཿ ཨཱ་ཧ་ར་ཨཱ་ཧ་ར། མ་མ་ཨཱ་ཡུསྶཾ་དྷཱ་ར་ཎི། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ག་ག་ན་སྭ་བྷཱ་བ་བི་ཤུདྡྷེ། ཨུ ཥྞཱི་ཥ་བི་ཛ་ཡ་པ་རི་ཤུདྡྷེ། ས་ཧ་སྲ་རསྨི་སཉྩོ་དི་ཏེ། སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ནི། ཥཏྤཱ་ར་མི་ཏཱ་པ་རི་པཱུ་ར་ཎྀ། སརྦ་ཏ་ཐཱ་ག་ཡ་མཱ་ཏེ། ད་ཤ་བྷཱུ་མི་པྲ་ཏིཥྛ་ཏེ། སརྦ་ཏ་ཐཱ་ག་


KMC002_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ཧྲྀ་ད་ཡ། ཨ་དྷིཥྛཱ་ན་ཨ་དྷིཥྛིཏེ། མུ་དྲེ་མུ་དྲེ་མ་ཧཱ་མུ་དྲེ། བཛྲ་ཀ་ཡ་སཾ་ཧ་ཏ་ན་པ་རི་ཤུདྡྷ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤུདྡྷེ། པྲ་ཏི་ནི་ཝརྟ་ཡ་མ་མ་ཨཱ་ཡུར། བི་ཤུདྡྷེ་སརྦ་ཏ་ཐཱ་ག་ཏ། ས་མ་ཡ་ཨ་དྷིཥྛཱ་ན་ཨ་དྷིཥྛཱི ་ན་ཏེ། ༀ་མུ་ནི་མུ་ནི་མ་ཧཱ་མུ་ནི། བི་མུ་ནི་བི་མུ་ནི་མ་ཧཱ་བི་མུ་ནི། མ་ཏི་མ་ཏི་མ་ཧཱ་མ་ཏི། མ་མ་ཏི་སུ་མ་ཏི་ཏ་ཐཱ་ཏ། བྷཱུ་ཏ་ཀོ་ཊི་པ་རི་ཤུདྡྷེ། བི་སྥུ་ཊ། བུདྡྷ་ཤུདྡྷེ། ཧེ་ཧེ་ཛ་ཡ་ཛ་ཡ། བི་ཛ་ཡ་བི་ཛ་ཡ། སྨ་ར་སྨ་ར། སྥ་ར་སྥ་ར། སྥཱ་ར་ཡ་སྥཱ་ར་ཡ། སརྦ་བུདྡྷ་ཨ་དྷིཥྛཱ་ན་ཨ་དྷི ཥྛཱི་ཏེ། ཤུདྡྷེ་ཤུདྡྷེ། བུདྡྷེ་བུདྡྷེ། བཛྲེ་བཛྲེ་མ་ཧཱ་བཛྲེ། སུ་བཛྲེ་བཛྲེ་གརྦྷེ་ཛ་ཡ་གརྦྷེ། བི་ཛ་ཡ་གརྦྷེ། བཛྲ་ཛྲཱ་ལ་གརྦྷེ། བཛྲོདྦྷ་བེ། བཛྲ་སཾ་བྷ་བེ། བཛྲེ་བཛྲི་ཎི། བཛྲི་བྷ་བ་ཏུ་མ་མ་ཤ་རཱི་རཾ། སརྦ་ས་ཏྭཱ་ནཱཉྩ ་ཀཱ་ཡ་པ་རི་ཤུདྡྷེ་རྦྷ་བ་ཏུ། མེ་ས་དཱ་སརྦ་ག་ཏི་པ་རི་ཤུདྡྷི་ཥྩ། སརྦ་ཏ་ཐཱ་ག་ཏཱ་ཥྩ། མཱཾ་ས་མཱ་ཤྭཱ་ས་ཡནྟུ། བུ་དྷྱ་བུ་དྷྱ། སི་དྷྱ་སི་དྷྱ། བོ་དྷ་ཡ་བོ་དྷ་ཡ། བི་བོ་དྷ་ཡ་བི་བོ་དྷ་ཡ། མོ་ཙ་ཡ་མོ་ཙ་ཡ། བི་མོ་


KMC002_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཙ་ཡ་བི་མོ་ཙ་ཡ། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ས་མནྟ་མོ་ཙ་ཡ་མོ་ཙ་ཡ། ས་མནྟ་རསྨེ་པ་རི་ཤུདྡྷ། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཨ་དྷིཥྛཱི་ན་ཨ་དྷིཥྛཱི་ཏེ། མུ་དྲེ་མུ་དྲེ་མ་ཧཱ་མུ་དྲེ། མ་ཧཱ་མུ་དྲཱ་མནྟྲ་བཱ་དཻཿསྭཱ་ཧཱ། ༀ་བྷྲཱུཾ་སྭཱ་ཧཱ། ༀ་ཨ་མྲྀ་ཏ་ཨཱ་ཡུརྡ་དཻ་སྭཱ་ཧཱ། གང་ཞིག་བདེ་བར་གཤེགས་རྣམས་ཀྱི། །གཙུག་ཏོར་རབ་ཏུ་རྣམ་པར་རྒྱལ། །མཆོག་ཏུ་ཤེས་པར་མཛད་པ་ལ། །རྣམ་པ་ཀུན་ཏུ་བདག་ཕྱག་འཚལ། །ལྷ་གཅིག་ཁྱོད་ལ་གསོལ་བཏབ་མཐུས། །སངས་རྒྱས་བསྟན་པའི་མངའ་བདག་མཆོག །དཔལ་ལྡན་ཀརྨ་པ་ཆེན་པོའི། །ཕྲིན་ལས་ཕྱོགས་མཐར་ཁྱབ་གྱུར་ཅིག །རྒྱལ་དབང་མཆོག་གི་སྤྲུལ་པའི་སྐུ། །ནོངས་མེད་བརྟན་པའི་གནས་སྐབས་འདིར། །གདུལ་བྱའི་རྒྱུད་ཚོགས་དམ་ཆོས་ཀྱི། །སྣོད་བཟང་ལྡན་པ་ཁོ་ནར་ཤོག །གཤམ་གྱི་ཚིགས་བཅད་གཉིས་པོ་འདི་ཞྭ་དམར་བ་ལྔ་པས་མཛད་པའོ། །བདག་སོགས་རྣལ་འབྱོར་ཆོས་དང་མཐུན་པའི་ཚེ། །ཇི་ལྟར་བསམ་པ་


KMC002_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་བཞིན་འགྲུབ་པ་དང་། །ནད་གདོན་འགེགས་ཚོགས་བར་དུ་གཅོད་པའི་ཚེ། །ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། །ༀ་པི་ཤཱ་ཙི་པརྞ་ཤ་བ་རི་སརྦ་ཛྭ་ར་པྲ་ཤ་མ་ཎྀ་སྭཱ་ཧཱ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །མཐུ་སྟོབས་གཅིག་ཏུ་བསྡུས་པ་ཡི། །རྡོ་རྗེ་ཁྲོ་བོའི་སྐུར་སྟོན་པ། །རྣམ་པར་འཇོམས་ལ་ཕྱག་འཚལ་ལོ། །རྒྱ་གར་སྐད་དུ། །བཛྲ་བི་ད་ར་ཎ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། །བཅོམ་ལྡན་འདས་རྡོ་རྗེ་ལ་བཞུགས་ཏེ། སངས་རྒྱས་ཀྱི་མཐུས་ལག་ན་རྡོ་རྗེའི་ལུས་ཐམས་ཅད་རྡོ་རྗེར་བྱིན་གྱིས་བརླབས་ནས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ལག་ན་རྡོ་རྗེས་སངས་རྒྱས་ཀྱི་མཐུ་དང་། །སངས་རྒྱས་ཀྱི་བྱིན་གྱིས་རླབས་དང་། །བྱང་ཆུབ་སེམས་དཔའ་ཐམས་ཅད་


KMC002_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བྱིན་གྱིས་རླབས་ཀྱིས། རྡོ་རྗེ་ཁྲོ་བོ་ལས་བྱུང་བ། རྡོ་རྗེ་སྙིང་པོ་རབ་ཏུ་སྨྲས་ཏེ། མི་ཆོད་པ། མི་ཤིགས་པ། བདེན་པ། སྲ་བ། བརྟན་པ། ཐམས་ཅད་དུ་ཐོགས་པ་མེད་པ། ཐམས་ཅད་དུ་མ་ཕམ་པ། སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ། སེམས་ཅན་ཐམས་ཅད་འཇིལ་བར་བྱེད་པ། རིག་སྔགས་ཐམས་ཅད་གཅོད་པར་བྱེད་པ། རིག་སྔགས་ཐམས་ཅད་གནོན་པར་བྱེད་པ། ལས་ཐམས་ཅད་འཇོམས་པར་བྱེད་པ། གཞན་གྱི་ལས་ཐམས་ཅད་འཇིག་པར་བྱེད་པ། གདོན་ཐམས་ཅད་རླག་པར་བྱེད་པ། གདོན་ཐམས་ཅད་ལས་ཐར་པར་བྱེད་པ། འབྱུང་པོ་ཐམས་ཅད་འགུགས་པར་བྱེད་པ། རིག་སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པ། མ་གྲུབ་པ་རྣམས་གྲུབ་པར་བྱེད་པ། །གྲུབ་པ་རྣམས་ཆུད་མི་ཟ་བར་བྱེད་པ། འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ། སེམས་ཅན་ཐམས་ཅད་བསྲུང་བ། ཞི་བ། རྒྱས་པ། སེམས་ཅན་ཐམས་ཅད་


KMC002_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

རེངས་པར་བྱེད་པ། རྨུགས་པར་བྱེད་པའི་གསང་སྔགས་ཀྱི་མཐུ་ཆེན་པོ་འདི། སངས་རྒྱས་ཀྱི་མཐུས་ལག་ན་རྡོ་རྗེས་རབ་ཏུ་སྨྲས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། ༀ་ཏྲུ་ཊ་ཏྲུ་ཊ། ཏྲོ་ཊ་ཡ་ཏྲོ་ཊ་ཡ། སྥུ་ཊ་སྥུ་ཊ། སྥོ་ཊ་ཡ་སྥོ་ཊ་ཡ། གྷཱུརྣ་གྷཱུརྣ། གྷཱུརྣ་པ་ཡ་གྷཱུརྣ་པ་ཡ། སརྦ་ས་ཏྭཱ་ནི། བོ་དྷ་ཡ་བོ་དྷ་ཡ། སཾ་བོ་དྷ་ཡ་སཾ་བོ་དྷ་ཡ། བྷྲ་མ་བྷྲ་མ། སཾ་བྷྲཱ་མ་ཡ་སཾ་བྷྲཱ་མ་ཡ། སརྦ་བྷཱུ་ཏཱ་ནི། ཀུཊྚ་ཀུཊྚ། སཾ་ཀུཊྚ་ཡ་སཾ་ཀུཊྚ་ཡ། སརྦ་ཤིཏཱུ་ན། གྷ་ཊ་གྷ་ཊ། སཾ་གྷ་ཊ་ཡ། སཾ་གྷ་ཊ་ཡ། སརྦ་བི་དྱི་བཛྲ་བཛྲ། སྥོ་ཊ་ཡ་བཛྲ་བཛྲ། ཀ་ཊ་བཛྲ་བཛྲ། མ་ཊ་བཛྲ་བཛྲ། མ་ཐ་བཛྲ་བཛྲ། ཨཱཊྚ་ཧཱ་ས་ནཱི་ལ་བཛྲ་སུ་བཛྲཱ་ཡ་སྭཱ་ཧཱ། ཧེ་ཕུ་ལུ་ནི་རུ་ཕུལླུ། གྲྀཧྞ་ཀུལླུ། མི་ལི་ཙུལླུ། ཀུ་རུ་ཀུལླུ། བཛྲ་བི་ཛཱ་ཡཱ་ཡ་སྭཱ་ཧཱ། ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། ཀ་ཊ་ཀ་ཊ། མ་ཊ་མ་ཊ། ར་ཊ་ར་ཊ། མོ་ཊ་ན་པྲ་མོ་ཊ་ནཱ་ཡ་སྭཱ་ཧཱ། ཙ་ར་ཎི་ཙ་ར། ཧ་ར་ཧ་ར། ས་ར་ས་ར། མཱ་ར་


KMC002_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ཡ། བཛྲ་བི་དཱ་ར་ཎཱ་ཡ་སྭཱ་ཧཱ། ཙྪིནྡ་ཙྪིཎྡ། བྷིཎྡ་བྷིཎྡ། མ་ཧཱ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། བནྡྷ་བནྡྷ། ཀྲོ་དྷ་བཛྲ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། ཙུ་རུ་ཙུ་རུ་ཙཎྜ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། ཏྲཱ་ས་ཡ་ཏྲཱ་ས་ཡ། བཛྲ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། ཧ་ར་ཧ་ར། བཛྲ་དྷ་རཱ་ཡ་སྭཱ་ཧཱ། པྲ་ཧ་ར་པྲ་ཧ་ར། བཛྲ་པྲ་བྷཉྫ་ནཱ་ཡ་སྭཱ་ཧཱ། མ་ཏིསྠི་ར་བཛྲ། ཤྲུ་ཏིསྠིི་ར་བཛྲ། པྲ་ཏིསྠི་ར་བཛྲ། མ་ཧཱ་བཛྲ། ཨ་པྲ་ཏི་ཧ་ཏ་བཛྲ། ཨ་མོ་གྷ་བཛྲ། ཨེ་ཧྱེ་ཧི་བཛྲ། ཤཱི་གྷྲཾ་བཛྲ་དྷ་རཱ་ཡ་སྭཱ་ཧཱ། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། སརྦ་བཛྲ་ཀུ་ལ་མཱ་བརྟ་ཡ་སྭཱ་ཧཱ། གནོད་བྱེད་འབྱུང་པོ་མཱ་ར་ཡ་ཕཊ། ན་མཿས་མནྟ་བཛྲཱ་ཎཱཾ། སརྦ་བཛྲ་ཀུ་ལ་མཱ་བརྟ་ཡ། མ་ཧཱ་བ་ལ། ཀ་ཏ་བེ། ཏ་ཏ་ལེ། ཨ་ཙ་ལེ། མཎྜལ་མཱ་ལེ། ཨ་ཏི་བཛྲ་མ་ཧཱ་བ་ལེ། བེ་ག་ར་ཎ་ར་ཎ། ཨ་ཛི་ཏེ། ཛྭ་ལ་ཛྭ་ལ། ཏི་ཊྀ་ཏི་ཊྀ། ཏིང་ག་ལེ། ད་ཧ་ད་ཧ། ཏེ་ཛོ་བ་ཏི། ཏི་ལི་ཏི་ལི། བནྡྷ་བནྡྷ། མ་ཧཱ་བ་ལེ། བཛྲ་ཨཾ་ཀུ་ཤ་ཛྭ་ལཱ་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡ། ན་མཤྩཎྜ་


KMC002_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡ། ཏདྱ་ཐཱ། ༀ་ཧ་ར་ཧ་ར་བཛྲ། མ་ཐ་མ་ཐ་བཛྲ། དྷུ་ན་དྷུ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། དྷ་ར་དྷ་ར་བཛྲ། དྷཱ་ར་ཡ་དྷཱ་ར་ཡ་བཛྲ། དཱ་རུ་ཎ་དཱ་རུ་ཎ་བཛྲ། ཙྪཎྡ་ཙྪཎྡ་བཛྲ། བྷིནྡ་བྷིནྡ་བཛྲ་ཧཱུྃ་ཕཊ། ན་མཤྩཎྜ་བཛྲ་ཀྲོ་དྷཱ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུྃ་ཕཊ། བདག་དང་སེམས་ཅན་ཐམས་ཅད་ཀྱི། སྡིག་པ་ཐམས་ཅད་བྱང་བྱས་ནས། །སྡུག་བསྔལ་ཐམས་ཅད་མེད་པར་བྱེད། །རྒྱུད་དོ་ཅོག་གི་རྩ་བ་སྟེ། །དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན། །སེམས་ཅན་དབང་པོ་ཉམས་པ་དང་། །ཚེ་ཟད་པ་དང་ཚེ་ཉམས་དང་། །ཕུན་སུམ་ཚོགས་མིན་གང་ཆགས་དང་། །ལྷ་རྣམས་རྒྱབ་ཀྱིས་ཕྱོགས་པ་དང་། །མཛའ་སྡུག་སྐྱེ་བོ་སྡང་བ་དང་། །བྲན་བཟའ་ལ་སོགས་གཙེས་པ་དང་། །ཕན་ཚུན་མཐུན་པ་མ་ཡིན་དང་། ནོར་འགྲིབ་པས་ནི་གནོད་པ་དང་། །མྱ་ངན་ངལ་དང་གནོད་པ་དང་། །


KMC002_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་པ་དང་ནི་ཕོངས་པ་དང་། །གཟའ་དང་རྒྱུ་སྐར་བྱད་སྟེམས་དང་། །མི་བཟད་གདོན་གྱིས་ཉེན་པ་དང་། །མྱ་ངན་ངལ་ལས་བྱུང་བ་ཡི། །རྨི་ལམ་སྡིག་པ་མཐོང་ན་ཡང་། །དེས་ནི་རབ་བཀྲུས་གཙང་མ་ཡིན། །མདོ་སྡེ་དམ་པ་ཉན་པར་གྱིས། །གང་དག་ཡིད་དགེ་སེམས་དང་ཞིང་། །གཙང་མའི་གོས་ཀྱིས་རབ་བརྒྱན་ཏེ། །ཟབ་མོས་སངས་རྒྱས་སྤྱོད་ཡུལ་བ། །མདོ་སྡེ་འདི་ནི་ཉན་བྱེད་ན། །མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས། །སྲོག་ཆགས་དག་ནི་ཐམས་ཅད་ཀྱིས། །མི་བཟད་པ་ཡི་ནད་རྣམས་ཀྱང་། །དེ་དག་ཐམས་ཅད་ཞི་བར་ལྟ། །ཚེ་དང་བསོད་ནམས་འཕེལ་བར་འགྱུར། །སྡིག་པ་ཀུན་ལས་རྣམ་པར་ཐར། །ནོར་བུ་ཉུངས་ཀར་དུར་བ་དང་། །རིན་ཆེན་རྨ་མེད་ཙན་དན་བཅས། །ཤེལ་དང་རྡོ་རྗེ་མེ་ཏོག་དང་། །ཆུ་ཡིས་གསེར་རབ་ཡང་ན་ནི། །དངུལ་གྱི་བུམ་པ་དག་ཀྱང་རུང་། །གཙང་མའི་གོས་ཀྱིས་དཀྲི་ཞིང་དགང་། །ལན་གྲངས་ཉི་ཤུ་རྩ་


KMC002_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གམ། །ཡང་ན་ལན་གྲངས་བརྒྱ་རྩ་བརྒྱད། །རྡོ་རྗེ་རྣམ་འཇོམས་བཟླས་ནས་ནི། །རྒྱལ་པོ་རྟག་ཏུ་ཁྲུས་གྱིས་ཤིག །རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲཱི་ལཀྵྨཱི་ཀ་ར་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་བསྒྱུར་བའོ། །དུས་ཕྱིས་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་རྒྱ་དཔེ་དག་པ་རྣམས་དང་། རྒྱ་འགྲེལ་བཟང་པོ་རྣམས་ཀྱི་འབྲུ་སྦྱོར་དང་མཐུན་པར་བཅོས་ཏེ་ཤིན་ཏུ་དག་པར་བགྱིས་པའོ།། །།སླར་ཡང་ལྷུན་པོ་སྒང་གི་ཕོ་བྲང་དུ་མི་ཟད་པར་གྱི་ཆོས་སྦྱིན་བསྒྲུབ་དུས་ཞ་ལུ་ལོ་ཙཱ་བ་དགེ་སློང་ཆོས་སྐྱོང་བཟང་པོས་སྐད་གཉིས་ཀྱི་ཚུལ་སྒྲའི་གཞུང་དང་། རྒྱ་དཔེ་དང་། སྐད་གསར་བཅད་ཀྱི་བརྡ་རྣམས་དང་བསྟུན་ནས་ཞུས་དག་ལེགས་པར་བགྱིས་པའོ།། །།དེ་ནས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགགས་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་གི་དགེ་འདུན་


KMC002_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་ཉིད་ལ་རྣམ་པར་བལྟ་ཞིང་། ཕུང་པོ་ལྔ་པོ་དེ་དག་ལ་ཡང་རང་བཞིན་གྱིས་སྟོང་པར་རྣམ་པར་བལྟའོ། །དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་སྤྱད་པར་འདོད་པ་དེས་ཇི་ལྟར་བསླབ་པར་བྱ། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་


KMC002_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཤཱ་རིའི་བུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་སྤྱད་པར་འདོད་པ་དེས་འདི་ལྟར་རྣམ་པར་བལྟ་བར་བྱ་སྟེ། ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་ཡང་དག་པར་རྗེས་སུ་བལྟའོ། །གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་སྟོང་པའོ། །ཤཱ་རིའི་བུ་དེ་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་དེ། མཚན་ཉིད་མེད་པ། མ་སྐྱེས་པ། མ་འགགས་པ། དྲི་མ་མེད་པ། དྲི་མ་དང་བྲལ་བ་མེད་པ། བྲི་བ་མེད་པ། གང་བ་མེད་པའོ། །ཤཱ་རིའི་བུ་དེ་ལྟ་བས་ན་སྟོང་པ་ཉིད་ལ་གཟུགས་མེད། ཚོར་བ་མེད།


KMC002_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་ཤེས་མེད། འདུ་བྱེད་རྣམས་མེད། རྣམ་པར་ཤེས་པ་མེད། མིག་མེད། རྣ་བ་མེད། སྣ་མེད། ལྕེ་མེད། ལུས་མེད། ཡིད་མེད། གཟུགས་མེད། སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད། ཆོས་མེད་དོ། །མིག་གི་ཁམས་མེད་པ་ནས་ཡིད་ཀྱི་ཁམས་མེད། ཡིད་ཀྱི་རྣམས་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་མེད་དོ། །མ་རིག་པ་མེད། མ་རིག་པ་ཟད་པ་མེད་པ་ནས་རྒ་ཤི་མེད། རྒ་ཤི་ཟད་པའི་བར་དུ་ཡང་མེད་དོ། །དེ་བཞིན་དུ་སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་ལམ་མེད། ཡེ་ཤེས་མེད། ཐོབ་པ་མེད། མ་ཐོབ་པ་ཡང་མེད་དོ། །ཤཱ་རིའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཐོབ་པ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཅིང་གནས་ཏེ། སེམས་ལ་སྒྲིབ་པ་མེད་པས་སྐྲག་པ་མེད་དེ། ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ནས་མྱ་ངན་ལས་འདས་པའི་མཐར་ཕྱིན་ཏོ། །དུས་གསུམ་དུ་རྣམ་པར་


KMC002_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས། རིག་པ་ཆེན་པོའི་སྔགས། བླ་ན་མེད་པའི་སྔགས། མི་མཉམ་པ་དང་མཉམ་པའི་སྔགས། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས། མི་རྫུན་པས་ན་བདེན་པར་ཤེས་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་སྨྲས་པ། ཏདྱ་ཐཱ། ༀ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བྷོ་དྷི་སྭཱ་ཧཱ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་བསླབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་ལས་བཞེངས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ།


KMC002_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་སོ་ལེགས་སོ། །རིགས་ཀྱི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་ལྟར་ཁྱོད་ཀྱིས་བསྟན་པ་བཞིན་དུ་ཤེས་རབ་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་སྤྱད་པར་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱང་རྗེས་སུ་ཡི་རང་ངོ་། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ཏདྱ་ཐཱ། ༀ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བྷོ་དྷི་སྭཱ་ཧཱ། ཅི་འགྲུབ་བཟླས་མཐར། ན་མོ་བླ་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ། ཆོས་ལ། དགེ་འདུན་ལ། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །བདག་གི་བདེན་པའི་ཚིག་རྣམས་འགྲུབ་པར་གྱུར་ཅིག །ཇི་ལྟར་


KMC002_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ཡིད་ལ་བསམས་ཤིང་། ཚིག་ཁ་ཏོན་དུ་བྱས་པ་ལ་བརྟེན་ནས་བདུད་སྡིག་ཅན་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཕྱིར་བཟློག་པ་དེ་བཞིན་དུ། བདག་གིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ཡིད་ལ་བསམས་ཤིང་ཚིག་ཁ་ཏོན་དུ་བྱས་པ་ལ་བརྟེན་ནས་བདུད་སྡིག་ཅན་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཕྱིར་བཟློག་པར་གྱུར་ཅིག །མེད་པར་གྱུར་ཅིག །ཞི་བར་གྱུར་ཅིག །རབ་ཏུ་ཞི་བར་གྱུར་ཅིག །གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་སོགས་བྱའོ།། །།དེ་ནས། དཔལ་


KMC002_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་རྡོ་རྗེའི་ལྷ་མོ་ནི། །དྲག་མོ་སེང་གེའི་གདོང་པ་ཅན། །ཡེ་ཤེས་མེ་ཡི་འོད་ཟེར་འཕྲོ། །སེང་གེའི་གདོང་ཅན་ལྷ་མོར་འདུད། །ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿ མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་ཁྱོད་ཀྱི་རིག་སྔགས་བཟླས་པའི་མཐུ་དང་ནུས་པ་ལ་བརྟེན་ནས་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། བར་དུ་གཅོད་པའི་རྐྱེན། མདོར་ན་བཀྲ་མི་ཤིས་པའི་ཕྱོགས་རིས་ངན་པ་ཐམས་ཅད་ཕྱིར་བཟློག་པར་གྱུར་ཅིག །ཁྲོ་མོ་འབར་བའི་ཚོགས་རྣམས་ཀྱིས། །དགྲ་བགེགས་དག་ནི་ཐམས་ཅད་ཀྱི། །ལུས་ངག་ཐལ་བའི་རྡུལ་དུ་རློག །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །ཁྱོད་ཀྱི་རིག་སྔགས་བཟླས་པའི་མཐུས། །གནོད་བྱེད་མ་ལུས་ཞི་བ་དང་། །ཅི་བསམ་ཡིད་བཞིན་འགྲུབ་པ་དང་། །བཤད་སྒྲུབ་བསྟན་པ་རྒྱས་པར་མཛོད། །ཅེས་པ་འདི་རྗེ་བཙུན་མི་བསྐྱོད་རྡོ་


KMC002_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སོ། །རྡོ་རྗེ་འཆང་ལ་གསོལ་བ་འདེབས། །དུས་མིན་འཆི་བ་བཟློག་ཏུ་གསོལ། །བསམ་པ་བཞིན་དུ་འགྲུབ་པ་དང་། །ཡེ་ཤེས་ལྔ་ལྡན་ཐོབ་པར་ཤོག །ཏཻ་ལོ་པ་ལ་གསོལ་བ་འདེབས། །དུས་མིན་འཆི་བ་བཟློག་ཏུ་གསོལ། །བསམ་པ་བཞིན་དུ་འགྲུབ་པ་དང་། །ཡེ་ཤེས་ལྔ་ལྡན་ཐོབ་པར་ཤོག །ནཱ་རོ་པ་ལ་གསོལ་བ་འདེབས། །དུས་མིན་འཆི་བ་བཟློག་ཏུ་གསོལ། །བསམ་པ་བཞིན་དུ་འགྲུབ་པ་དང་། །ཡེ་ཤེས་ལྔ་ལྡན་ཐོབ་པར་ཤོག །ལྷོ་བྲག་པ་ལ་གསོལ་བ་འདེབས། །དུས་མིན་འཆི་བ་བཟློག་ཏུ་གསོལ། །བསམ་པ་བཞིན་དུ་འགྲུབ་པ་དང་། །ཡེ་ཤེས་ལྔ་ལྡན་ཐོབ་པར་ཤོག །མི་ལ་རྗེ་ལ་གསོལ་བ་འདེབས། །དུས་མིན་འཆི་བ་བཟློག་ཏུ་གསོལ། །བསམ་པ་བཞིན་དུ་འགྲུབ་པ་དང་། །ཡེ་ཤེས་ལྔ་ལྡན་ཐོབ་པར་ཤོག །སྒམ་པོ་པ་ལ་གསོལ་བ་འདེབས། །དུས་མིན་འཆི་བ་བཟློག་ཏུ་གསོལ། །བསམ་པ་བཞིན་དུ་འགྲུབ་པ་དང་། །ཡེ་ཤེས་ལྔ་ལྡན་ཐོབ་པར་


KMC002_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །དུས་གསུམ་མཁྱེན་ལ་གསོལ་བ་འདེབས། །དུས་མིན་འཆི་བ་བཟློག་ཏུ་གསོལ། །བསམ་པ་བཞིན་དུ་འགྲུབ་པ་དང་། །ཡེ་ཤེས་ལྔ་ལྡན་ཐོབ་པར་ཤོག །རས་ཆེན་པ་ལ༴ དུས༴ བསམ༴ ཡེ༴ སྤོམ་བྲག་པ་ལ༴ དུས༴ བསམ༴ ཡེ༴ ཀརྨ་པ་ལ༴ དུས༴ བསམ༴ ཡེ༴ ཨུ་རྒྱན་པ་ལ༴ དུས༴ བསམ༴ ཡེ༴ རང་བྱུང་པ་ལ༴ དུས༴ བསམ༴ ཡེ༴ གཡུང་སྟོན་པ་ལ༴ དུས༴ བསམ། ཡེ༴ རོལ་པའི་རྡོ་རྗེ་ལ༴ དུས༴ བསམ༴ ཡེ༴ མཁའ་སྤྱོད་དབང་ལ༴ དུས༴ བསམ༴ ཡེ༴ དེ་བཞིན་གཤེགས་ལ༴ དུས༴ བསམ༴ ཡེ༴ གནས་ལུགས་མཆོག་གི་དོན་རྟོགས་ཤིང་། །ཉོན་མོངས་གཡུལ་ལས་རྒྱལ་བ་ཡི། །རཏྣ་བྷ་དྲ་ལ༴ དུས༴ བསམ༴ ཡེ༴ མཐོང་བ་དོན་ལྡན་ལ༴ དུས༴ བསམ༴ ཡེ༴ འཇམ་དཔལ་བཟང་པོ་ལ༴ དུས༴ བསམ༴ ཡེ༴ དཔལ་འབྱོར་དོན་གྲུབ་ལ༴ དུས༴ བསམ༴ ཡེ༴ ཆོས་གྲགས་རྒྱ་མཚོ་ལ༴ དུས༴ བསམ༴


KMC002_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ༴ བཀྲ་ཤིས་དཔལ་འབྱོར་ལ༴ དུས༴ བསམ༴ ཡེ༴ མི་བསྐྱོད་རྡོ་རྗེ་ལ༴ དུས༴ བསམ༴ ཡེ༴ དཀོན་མཆོག་འབང་ལ༴ དུས༴ བསམ༴ ཡེ༴ དབང་ཕྱུག་རྡོ་རྗེ་ལ༴ དུས༴ བསམ༴ ཡེ༴ ཆོས་ཀྱི་དབང་ཕྱུག་ལ༴ དུས༴ བསམ༴ ཡེ༴ ཆོས་དབྱིངས་རྡོ་རྗེ་ལ༴ དུས༴ བསམ༴ ཡེ༴ ཡེ་ཤེས་སྙིང་པོ་ལ༴ དུས༴ བསམ༴ ཡེ༴ ཡེ་ཤེས་རྡོ་རྗེ་ལ༴ དུས༴ བསམ༴ ཡེ༴ ཆོས་ཀྱི་དོན་གྲུབ་ལ༴ དུས༴ བསམ༴ ཡེ༴ བྱང་ཆུབ་རྡོ་རྗེ་ལ༴ དུས༴ བསམ༴ ཡེ༴ ཆོས་ཀྱི་འབྱུང་གནས་ལ༴ དུས༴ བསམ༴ ཡེ༴ བདུད་འདུལ་རྡོ་རྗེ་ལ༴ དུས༴ བསམ༴ ཡེ༴ ཆོས་གྲུབ་རྒྱ་མཚོ་ལ༴ དུས༴ བསམ༴ ཡེ༴ པདྨ་ཉིན་བྱེད་ལ༴ དུས༴ བསམ༴ ཡེ༴ ཐེག་མཆོག་རྡོ་རྗེ་ལ༴ དུས༴ བསམ༴ ཡེ༴ བློ་གྲོས་མཐའ་ཡས་ལ༴ དུས༴ བསམ༴ ཡེ༴ མཁའ་ཁྱབ་རྡོ་རྗེ་ལ༴ དུས༴ བསམ༴ ཡེ༴ པདྨ་དབང་མཆོག་ལ༴ དུས༴ བསམ༴ ཡེ༴ དཔལ་ལྡན་མཁྱེན་བརྩེ་ལ༴ དུས༴ བསམ༴


KMC002_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ༴ རིག་པའི་རྡོ་རྗེ་ལ༴ དུས༴ བསམ༴ ཡེ༴ རྩ་བའི་བླ་མ་ལ༴ དུས༴ བསམ༴ ཡེ༴ རྡོ་རྗེ་ཕག་མོ་ལ༴ དུས༴ བསམ༴ ཡེ༴ མ་མགོན་གཉིས་ལ་གསོལ་བ་འདེབས། །དུས་མིན་འཆི་བ་བཟློག་ཏུ་གསོལ། །བསམ་པ་བཞིན་དུ་འགྲུབ་པ་དང་། །ཡེ་ཤེས་ལྔ་ལྡན་ཐོབ་པར་ཤོག །སེམས་དཔའ་རང་བྱུང་རྡོ་རྗེ་ནི། །ཞེས་སོགས་དང་བྱང་ཆུབ་སེམས་ཀྱི་སོགས་སྦྲེལ་བར་བྱའོ།། །།དེ་ནས་བསག་སྦྱང་བགྱིས་པའི་དགེ་བའི་རྩ་བ་མཐའ་དག་རྫོགས་བྱང་དུ་བསྔོ་ཞིང་སྨོན་ལམ་གདབ་པའི་རིམ་པ་ལ། །མདོ་སྡེ་ཕལ་པོ་ཆེ་ལས་བྱུང་བའི་བཟང་པོ་སྤྱོད་པའི་སྨོན་ལམ་ནི། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས་བསྐལ་པ་དང་། བསྐལ་པ་འབྱམ་ཀླས་པ་དང་། འཇིག་རྟེན་གྱི་ཁམས་གཅིག་ནས་གཅིག་ཏུ་བརྒྱུད་པ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་པོ་དེ་དག་བརྣན་ཏེ་མངོན་པར་མཛད་པའི་ཕྱིར་ཚིགས་སུ་བཅད་པའི་དབྱངས་ཀྱིས་སྨོན་ལམ་བཏབ་པ། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་


KMC002_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པར། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་པའི་གདུགས་མཆོག་དང་། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་


KMC002_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཕྱེ་མའི་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ཡང་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་


KMC002_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལ། །འཁོར་ལོ་བླ་ན་མེད་པར་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཡི། །འཇིག་རྟེན་དག་ན་གང་བཞུགས་མཆོད་པར་གྱུར། །གང་ཡང་མ་བྱོན་དེ་དག་རབ་མྱུར་བར། །བསམ་རྫོགས་བྱང་ཆུབ་རིམ་པར་སངས་རྒྱས་སྤྱོན། །ཕྱོགས་བཅུ་ག་ལའི་ཞིང་རྣམས་ཇི་སྙེད་པ། །དེ་དག་རྒྱ་ཆེར་ཡོངས་སུ་དག་པར་གྱུར། །བྱང་ཆུབ་ཤིང་དབང་དྲུང་གཤེགས་རྒྱལ་བ་དང་། །སངས་རྒྱས་སྲས་ཀྱིས་རབ་ཏུ་གང་བར་ཤོག །ཕྱོགས་བཅུའི་སེམས་ཅན་གང་


KMC002_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཇི་སྙེད་པ། །དེ་དག་རྟག་ཏུ་ནད་མེད་བདེ་བར་གྱུར། །འགྲོ་བ་ཀུན་གྱི་ཆོས་ཀྱི་དོན་རྣམས་ནི། །མཐུན་པར་གྱུར་ཅིང་རེ་བའང་འགྲུབ་པར་ཤོག །བྱང་ཆུབ་སྤྱོད་པ་དག་ནི་བདག་སྤྱོད་ཅིང་། །འགྲོ་བ་ཀུན་ཏུ་སྐྱེ་བ་དྲན་པར་གྱུར། །ཚེ་རབས་ཀུན་ཏུ་འཆི་འཕོ་སྐྱེ་བ་ན། །རྟག་ཏུ་བདག་ནི་རབ་ཏུ་འབྱུང་བར་ཤོག །རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། །བཟང་པོ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་། །ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡོངས་དག་པར། །རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག །ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་གྱི་སྒྲ་སྐད་ཇི་ཙམ་པར། །ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ། །དེས་ཤིང་ཕ་རོལ་ཕྱིན་ལ་རབ་བརྩོན་ཏེ། །བྱང་ཆུབ་སེམས་ནི་ནམ་ཡང་བརྗེད་མ་གྱུར། །སྡིག་པ་གང་རྣམས་སྒྲིབ་པར་འགྱུར་བ་དག །དེ་དག་མ་ལུས་ཡོངས་སུ་བྱང་བར་ཤོག །


KMC002_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དང་ཉོན་མོངས་བདུད་ཀྱི་ལས་རྣམས་ལས། །གྲོལ་ཞིང་འཇིག་རྟེན་འགྲོ་བ་རྣམས་སུ་ཡང་། །ཇི་ལྟར་པདྨོ་ཆུས་མི་ཆགས་པ་བཞིན། །ཉི་ཟླ་ནམ་མཁར་ཐོག་པ་མེད་ལྟར་སྤྱད། །ཞིང་གི་ཁྱོན་དང་ཕྱོགས་རྣམས་ཇི་ཙམ་པར། །ངན་སོང་སྡུག་བསྔལ་རབ་ཏུ་ཞི་བར་བྱེད། །བདེ་བ་དག་ལ་འགྲོ་བ་ཀུན་འགོད་ཅིང་། །འགྲོ་བ་ཐམས་ཅད་ལ་ནི་ཕན་པར་སྤྱད། །བྱང་ཆུབ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་། །སེམས་ཅན་དག་གི་སྤྱོད་དང་མཐུན་པར་འཇུག །བཟང་པོ་སྤྱོད་པ་དག་ནི་རབ་སྟོན་ཅིང་། །མ་འོངས་བསྐལ་པ་ཀུན་ཏུ་སྤྱོད་པར་གྱུར། །བདག་གི་སྤྱོད་དང་མཚུངས་པར་གང་སྤྱོད་པ། །དེ་དག་དང་ནི་རྟག་ཏུ་འགྲོགས་པར་ཤོག །ལུས་དང་ངག་རྣམས་དང་ནི་སེམས་ཀྱིས་ཀྱང་། །སྤྱོད་པ་དག་དང་སྨོན་ལམ་གཅིག་ཏུ་སྤྱད། །བདག་ལ་ཕན་པར་འདོད་པའི་གྲོགས་པོ་དག །བཟང་པོའི་སྤྱོད་པ་རབ་ཏུ་སྟོན་པ་རྣམས། །དེ་དག་དང་ཡང་རྟག་ཏུ་ཕྲད་པར་ཤོག །


KMC002_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་བདག་གིས་ནམ་ཡང་ཡིད་མི་དབྱུང་། །སངས་རྒྱས་སྲས་ཀྱིས་བསྐོར་བའི་མགོན་པོ་རྣམས། །མངོན་སུམ་རྟག་ཏུ་བདག་གིས་རྒྱལ་བ་བལྟ། །མ་འོངས་བསྐལ་པ་ཀུན་ཏུ་མི་སྐྱོ་བར། །དེ་དག་ལ་ཡང་མཆོད་པ་རྒྱ་ཆེར་བགྱི། །རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང་། །བྱང་ཆུབ་སྤྱོད་པ་ཀུན་ཏུ་སྣང་བར་བྱེད། །བཟང་པོ་སྤྱོད་པ་རྣམ་པར་སྦྱང་བ་ཡང་། །མ་འོངས་བསྐལ་པ་ཀུན་ཏུ་སྤྱད་པར་བགྱི། །སྲིད་པ་ཐམས་ཅད་དུ་ཡང་འཁོར་བ་ན། །བསོད་ནམས་ཡེ་ཤེས་དག་ནི་མི་ཟད་རྙེད། །ཐབས་དང་ཤེས་རབ་ཏིང་འཛིན་རྣམ་ཐར་དང་། །ཡོན་ཏན་ཀུན་གྱི་མི་ཟད་མཛོད་དུ་གྱུར། །རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་རྣམས་ཏེ། །ཞིང་དེར་བསམ་གྱིས་མི་ཁྱབ་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་ལ། །བྱང་ཆུབ་སྤྱད་པ་སྤྱོད་ཅིང་བལྟ་བར་བགྱི། །དེ་ལྟར་མ་ལུས་ཐམས་ཅད་ཕྱོགས་སུ་ཡང་། །སྐྲ་ཙམ་ཁྱོན་ལ་དུས་


KMC002_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཚད་སྙེད་ཀྱི། །སངས་རྒྱས་རྒྱ་མཚོ་ཞིང་རྣམས་རྒྱ་མཚོ་དང་། །བསྐལ་པ་རྒྱ་མཚོར་སྤྱོད་ཅིང་རབ་ཏུ་འཇུག །གསུང་གཅིག་ཡན་ལག་རྒྱ་མཚོའི་སྒྲ་སྐད་ཀྱིས། །རྒྱལ་བ་ཀུན་དབྱངས་ཡན་ལག་རྣམ་དག་པ། །འགྲོ་བ་ཀུན་གྱི་བསམ་པ་ཇི་བཞིན་དབྱངས། །སངས་རྒྱས་གསུང་ལ་རྟག་ཏུ་འཇུག་པར་བགྱི། །དུས་གསུམ་གཤེགས་པ་རྒྱལ་བ་ཐམས་ཅད་དག །འཁོར་ལོའི་ཚུལ་རྣམས་རབ་ཏུ་བསྐོར་བ་ཡིས། །དེ་དག་གི་ཡང་གསུང་དབྱངས་མི་ཟད་ལ། །བློ་ཡི་སྟོབས་ཀྱིས་བདག་ཀྱང་རབ་ཏུ་འཇུག །མ་འོངས་བསྐལ་པ་ཐམས་ཅད་འཇུག་པར་ཡང་། །སྐད་ཅིག་གཅིག་གིས་བདག་ཀྱང་འཇུག་པར་བགྱི། །གང་ཡང་བསྐལ་པ་དུས་གསུམ་ཚད་དེ་དག །སྐད་ཅིག་ཆ་ཤས་ཀྱིས་ནི་ཞུགས་པར་སྤྱད། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་གང་། །དེ་དག་སྐད་ཅིག་གཅིག་ལ་བདག་གིས་བལྟ། །རྟག་ཏུ་དེ་དག་གི་ནི་སྤྱོད་ཡུལ་ལ། །སྒྱུ་མར་གྱུར་པའི་རྣམ་


KMC002_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་སྟོབས་ཀྱིས་འཇུག །གང་ཡང་དུས་གསུམ་དག་གི་ཞིང་བཀོད་པ། །དེ་དག་རྡུལ་གཅིག་སྟེང་དུ་མངོན་པར་བསྒྲུབ། །དེ་ལྟར་མ་ལུས་ཕྱོགས་རྣམས་ཐམས་ཅད་དུ། །རྒྱལ་བ་རྣམས་ཀྱི་ཞིང་གི་བཀོད་ལ་འཇུག །གང་ཡང་མ་བྱོན་འཇིག་རྟེན་སྒྲོན་མ་རྣམས། །དེ་དག་རིམ་པར་འཚང་རྒྱ་འཁོར་ལོ་སྐོར། །མྱ་ངན་འདས་པ་རབ་ཏུ་ཞི་མཐའ་སྟོན། །མགོན་པོ་ཀུན་གྱི་དྲུང་དུ་བདག་མཆིའོ། །ཀུན་ནས་མྱུར་བའི་ རྫུ་འཕྲུལ་སྟོབས་རྣམས་དང་། །ཀུན་ནས་སྒོ་ཡི་ཐེག་པའི་སྟོབས་དག་དང་། །ཀུན་ཏུ་ཡོན་ཏན་སྤྱོད་པའི་སྟོབས་རྣམས་དང་། །ཀུན་ཏུ་ཁྱབ་པ་བྱམས་པ་དག་གི་སྟོབས། །ཀུན་ཏུ་དགེ་བའི་བསོད་ནམས་སྟོབས་རྣམས་དང་། །ཆགས་པ་མེད་པར་གྱུར་པའི་ཡེ་ཤེས་སྟོབས། །ཤེས་རབ་ཐབས་དང་ཏིང་འཛིན་སྟོབས་དག་གིས། །བྱང་ཆུབ་སྟོབས་རྣམས་ཡང་དག་སྒྲུབ་པར་བྱེད། །ལས་ཀྱི་སྟོབས་རྣམས་ཡོངས་སུ་དག་བྱེད་ཅིང་། །ཉོན་


KMC002_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་སྟོབས་རྣམས་ཀུན་ཏུ་འཇོམས་པར་བྱེད། །བདུད་ཀྱི་སྟོབས་རྣམས་སྟོབས་མེད་རབ་བྱེད་ཅིང་། །བཟང་པོ་སྤྱོད་པའི་སྟོབས་ནི་རྫོགས་པར་བགྱི། །ཞིང་རྣམས་རྒྱ་མཚོ་རྣམ་པར་དག་བྱེད་ཅིང་། །སེམས་ཅན་རྒྱ་མཚོ་དག་ནི་རྣམ་པར་འགྲོལ། །ཆོས་རྣམས་རྒྱ་མཚོ་རབ་ཏུ་མཐོང་བྱེད་ཅིང་། །ཡེ་ཤེས་རྒྱ་མཚོ་རབ་ཏུ་གོམས་པར་བྱེད། །སྤྱོད་པ་རྒྱ་མཚོ་རྣམ་པར་དག་བྱེད་ཅིང་། །སྨོན་ལམ་རྒྱ་མཚོ་རབ་ཏུ་རྫོགས་པར་བྱེད། །སངས་རྒྱས་རྒྱ་མཚོ་རབ་ཏུ་མཆོད་བྱེད་ཅིང་། །བསྐལ་པ་རྒྱ་མཚོར་མི་སྐྱོ་སྤྱད་པར་བགྱི། །གང་ཡང་དུས་གསུམ་གཤེགས་པའི་རྒྱལ་བ་ཡི། །བྱང་ཆུབ་སྤྱོད་པའི་སྨོན་ལམ་བྱེ་བྲག་རྣམས། །བཟང་པོ་སྤྱོད་པས་བྱང་ཆུབ་སངས་རྒྱས་ནས། །དེ་ཀུན་བདག་གིས་མ་ལུས་རྫོགས་པར་བགྱི། །རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ་པ། །གང་གི་མིང་ནི་ཀུན་ཏུ་བཟང་ཞེས་བྱ། །མཁས་པ་དེ་དང་མཚུངས་པར་སྤྱད་པའི་ཕྱིར། །དགེ་བ་འདི་དག་ཐམས་ཅད་


KMC002_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་བསྔོ། །ལུས་དང་ངག་དང་ཡིད་ཀྱང་རྣམ་དག་ཅིང་། །སྤྱོད་པ་རྣམ་དག་ཞིང་རྣམས་ཡོངས་དག་དང་། །བསྔོ་བའང་བཟང་པོ་མཁས་པ་ཅི་འདྲ་བ། །དེ་འདྲར་བདག་ཀྱང་དེ་དང་མཚུངས་པར་ཤོག །ཀུན་ནས་དགེ་བ་བཟང་པོ་སྤྱོད་པའི་ཕྱིར། །འཇམ་དཔལ་གྱི་ནི་སྨོན་ལམ་སྤྱད་པར་བགྱི། །མ་འོངས་བསྐལ་པ་ཀུན་ཏུ་མི་སྐྱོ་བར། །དེ་ཡི་བྱ་བ་མ་ལུས་རྫོགས་པར་བགྱི། །སྤྱོད་པ་དག་ནི་ཚད་ཡོད་མ་གྱུར་ཅིག །ཡོན་ཏན་རྣམས་ཀྱང་ཚད་གཟུང་མེད་པར་ཤོག །སྤྱོད་པ་ཚད་མེད་པ་ལ་གནས་ནས་ཀྱང་། །དེ་དག་འཕྲུལ་པ་ཐམས་ཅད་འཚལ་བར་བགྱི། །ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པར། །སེམས་ཅན་མ་ལུས་མཐའ་ཡས་དེ་བཞིན་ཏེ། །ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། །བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །གང་ཡང་ཕྱོགས་བཅུའི་ཞིང་རྣམས་མཐའ་ཡས་པ། །རིན་ཆེན་བརྒྱན་ཏེ་རྒྱལ་བ་རྣམས་ལ་ཕུལ། །


KMC002_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་དང་མི་ཡི་བདེ་བའི་མཆོག་རྣམས་ཀྱང་། །ཞིང་གི་རྡུལ་སྙེད་བསྐལ་པར་ཕུལ་བ་བས། །གང་གིས་བསྔོ་བའི་རྒྱལ་པོ་འདི་ཐོས་ནས། །བྱང་ཆུབ་མཆོག་གི་རྗེས་སུ་རབ་མོས་ཤིང་། །ལན་ཅིག་ཙམ་ཡང་དད་པ་སྐྱེད་པ་ནི། །བསོད་ནམས་དམ་པའི་མཆོག་ཏུ་འདི་འགྱུར་རོ། །གང་གིས་བཟང་སྤྱོད་སྨོན་ལམ་འདི་བཏབ་པས། །དེས་ནི་ངན་སོང་ཐམས་ཅད་སྤངས་པར་འགྱུར། །དེས་ནི་གྲོགས་པོ་ངན་པ་སྤངས་པ་ཡིན། །སྣང་བ་མཐའ་ཡས་དེ་ཡང་དེས་མྱུར་མཐོང་། །དེ་དག་རྙེད་པ་རབ་རྙེད་བདེ་བར་འཚོ། །མི་ཚེ་འདིར་ཡང་དེ་དག་ལེགས་པར་འོང་། །ཀུན་ཏུ་བཟང་པོ་དེ་ཡང་ཅི་འདྲ་བར། །དེ་དག་རིང་པོར་མི་ཐོགས་དེ་བཞིན་འགྱུར། །མཚམས་མེད་ལྔ་པོ་དག་གི་སྡིག་པ་རྣམས། །གང་གིས་མི་ཤེས་དབང་གིས་བྱས་པ་དག །དེ་ཡིས་བཟང་པོ་སྤྱོད་པ་འདི་བརྗོད་ན། །མྱུར་དུ་མ་ལུས་ཡོངས་སུ་བྱང་བར་འགྱུར། །ཡེ་ཤེས་དང་ནི་གཟུགས་དང་མཚན་


KMC002_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང་། །རིགས་དང་ཁ་དོག་རྣམས་དང་ལྡན་པར་འགྱུར། །བདུད་དང་མུ་སྟེགས་མང་པོས་དེ་མི་ཐུབ། །འཇིག་རྟེན་གསུམ་པོ་ཀུན་ནའང་མཆོད་པར་འགྱུར། །བྱང་ཆུབ་ཤིང་དབང་དྲུང་དུ་དེ་མྱུར་འགྲོ། །སོང་ནས་སེམས་ཅན་ཕན་ཕྱིར་དེར་འདུག་སྟེ། །བྱང་ཆུབ་སངས་རྒྱས་འཁོར་ལོ་རབ་ཏུ་སྐོར། །བདུད་རྣམས་སྡེ་དང་བཅས་པ་ཐམས་ཅད་བཏུལ། །གང་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་འདི། །འཆང་བ་དང་ནི་སྟོན་ཏམ་ཀློག་པ་ཡི། །དེ་ཡི་རྣམ་པར་སྨིན་པ་སངས་རྒྱས་མཁྱེན། །བྱང་ཆུབ་མཆོག་ལ་སོམ་ཉི་མ་བྱེད་ཅིག །འཇམ་དཔལ་ཇི་ལྟར་མཁྱེན་ཅིང་དཔའ་བ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་


KMC002_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན། །སྒྲིབ་པ་ཐམས་ཅད་དག་ནི་ཕྱིར་བསལ་ཏེ། །མངོན་སུམ་སྣང་བ་མཐའ་ཡས་དེ་མཐོང་ནས། །བདེ་བ་ཅན་གྱི་ཞིང་དེར་རབ་ཏུ་འགྲོ། །དེར་སོང་ནས་ནི་སྨོན་ལམ་འདི་དག་ཀྱང་། །ཐམས་ཅད་མ་ལུས་མངོན་དུ་འགྱུར་བར་ཤོག །དེ་དག་མ་ལུས་བདག་གིས་ཡོངས་སུ་བཀང་། །འཇིག་རྟེན་ཇི་སྲིད་སེམས་ཅན་ཕན་པར་བགྱི། །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །དེར་ནི་བདག་གིས་ལུང་བསྟན་རབ་ཐོབ་ནས། །སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡིས། །བློ་ཡི་སྟོབས་ཀྱིས་ཕྱོགས་བཅུ་རྣམས་སུ་ཡང་། །སེམས་ཅན་རྣམས་ལ་ཕན་པ་མང་པོ་བགྱི། །བཟང་པོ་སྤྱོད་པའི་སྨོན་ལམ་བཏབ་པ་ཡི། །དགེ་བ་ཅུང་ཟད་བདག་


KMC002_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཅི་བསགས་པ། །དེས་ནི་འགྲོ་བའི་སྨོན་ལམ་དགེ་བ་རྣམས། །སྐད་ཅིག་གཅིག་གིས་ཐམས་ཅད་འབྱོར་བར་ཤོག །བཟང་པོ་སྤྱོད་པ་ཡོངས་སུ་བསྔོས་པ་ལས། །བསོད་ནམས་མཐའ་ཡས་དམ་པ་གང་ཐོབ་དེས། །འགྲོ་བ་སྡུག་བསྔལ་ཆུ་བོར་བྱིང་བ་རྣམས། །འོད་དཔག་མེད་པའི་གནས་རབ་ཐོབ་པར་ཤོག །སྨོན་ལམ་རྒྱལ་པོ་འདི་དག་མཆོག་གི་གཙོ། །མཐའ་ཡས་འགྲོ་བ་ཀུན་ལ་ཕན་བྱེད་ཅིང་། །ཀུན་ཏུ་བཟང་པོས་བརྒྱན་པའི་གཞུང་གྲུབ་སྟེ། །ངན་སོང་གནས་རྣམས་མ་ལུས་སྟོངས་པར་ཤོག །རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། ཞུ་ཆེན་ཀྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།དཀོན་བརྩེགས་ལེའུ་ཞེ་གཅིག་པ་བྱམས་པས་ཞུས་པ་ལས་བྱུང་བའི་བྱམས་པའི་སྨོན་ལམ་ནི། སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །དྲང་སྲོང་ལྷ་མིག་ལྡན་པ་ཡི། །བྱང་ཆུབ་སེམས་དཔའ་རྣམས་དང་ཡང་། །ཉན་ཐོས་རྣམས་ལ་ཕྱག་འཚལ་ལོ། །ངན་འགྲོ་ཐམས་ཅད་


KMC002_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག་བྱེད་ཅིང་། །མཐོ་རིས་ལམ་ནི་རབ་སྟོན་ལ། །རྒ་ཤི་མེད་པར་འདྲེན་བགྱིད་པ། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །སེམས་ཀྱི་དབང་དུ་གྱུར་པས་ན། །བདག་གིས་སྡིག་པ་ཅི་བགྱིས་པ། །སངས་རྒྱས་སྤྱན་སྔར་མཆིས་ནས་སུ། །བདག་གིས་དེ་དག་བཤགས་པར་བགྱི། །བདག་ལས་རྣམ་པ་གསུམ་གང་གི །བསོད་ནམས་ཚོགས་ནི་བསྐྱེད་པ་སྟེ། །བདག་གི་ཀུན་མཁྱེན་ས་བོན་ཏེ། །བདག་གིས་བྱང་ཆུབ་མི་ཟད་ཤོག །ཕྱོགས་བཅུ་དག་གི་ཞིང་རྣམས་སུ། །སངས་རྒྱས་མཆོད་པ་གང་བྱུང་བ། །སངས་རྒྱས་མཁྱེན་པས་ཡི་རང་པ། །དེ་ལ་བདག་ནི་ཡི་རང་ངོ་། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །བསོད་ནམས་ཀུན་ལ་ཡི་རང་ངོ་། །སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །བདག་ནི་ཡེ་ཤེས་མཆོག་ཐོབ་ཤོག །ཕྱོགས་བཅུ་དག་གི་ཕྱོགས་རྣམས་སུ། །ས་བཅུ་དག་ལ་གནས་པ་ཡི། །བྱང་ཆུབ་སེམས་དཔའ་བྱང་ཆུབ་མཆོག །འཚང་རྒྱ་བགྱིད་པར་བསྐུལ་མ་


KMC002_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས། །བྱང་ཆུབ་དམ་པར་སངས་རྒྱས་ཤིང་། །སྡེ་དང་བཅས་པའི་བདུད་བཏུལ་ནས། །སྲོག་ཆགས་ཀུན་ལ་སྨན་སླད་དུ། །ཆོས་ཀྱི་འཁོར་ལོ་བསྐོར་གྱུར་ཅིག །ཆོས་རྔ་ཆེན་པོ་སྒྲ་ཡིས་ནི། །སྡུག་བསྔལ་སེམས་ཅན་ཐར་བགྱིད་ཤོག །བསྐལ་པ་བྱེ་བ་བསམ་ཡས་སུ། །ཆོས་སྟོན་མཛད་ཅིང་བཞུགས་གྱུར་ཅིག །འདོད་པའི་འདམ་དུ་བྱིང་གྱུར་ཅིང་། །སྲེད་པའི་སྲད་བུས་དམ་བཅིངས་པ། །འཆིང་བ་ཀུན་གྱིས་བཅིངས་བདག་ལ། །རྐང་གཉིས་མཆོག་རྣམས་གཟིགས་སུ་གསོལ། །སེམས་ཀྱིས་དྲི་མར་བགྱིས་པ་ལ། །སངས་རྒྱས་རྣམས་ནི་སྨོད་མི་མཛད། །སེམས་ཅན་རྣམས་ལ་བྱམས་ཐུགས་ལྡན། །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །རྫོགས་པའི་སངས་རྒྱས་གང་བཞུགས་དང་། །གང་དག་འདས་དང་མ་བྱོན་པ། །དེ་དག་རྗེས་སུ་བདག་སློབ་ཅིང་། །བྱང་ཆུབ་སྤྱད་པ་སྤྱོད་གྱུར་ཅིག །ཕ་རོལ་ཕྱིན་དྲུག་རྫོགས་བགྱིས་ནས། །འགྲོ་དྲུག་


KMC002_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐར་བགྱིད་ཤོག །མངོན་ཤེས་དྲུག་པོ་མངོན་བགྱིས་ནས། །བླ་མེད་བྱང་ཆུབ་རེག་གྱུར་ཅིག །མ་སྐྱེས་པ་དང་མི་འབྱུང་དང་། །རང་བཞིན་མ་མཆིས་གནས་མ་མཆིས། །རྣམ་རིག་མ་མཆིས་དངོས་མ་མཆིས། །སྟོང་པའི་ཆོས་ནི་རྟོགས་པར་ཤོག །སངས་རྒྱས་དྲང་སྲོང་ཆེན་པོ་ལྟར། །སེམས་ཅན་མ་མཆིས་སྲོག་མ་མཆིས། །གང་ཟག་མ་མཆིས་གསོ་མ་མཆིས། །བདག་མ་མཆིས་པའི་ཆོས་རྟོགས་ཤོག །བདག་འཛིན་བདག་གིར་འཛིན་པ་ཡི། །དངོས་པོ་ཀུན་ལ་མི་གནས་པར། །སེམས་ཅན་ཀུན་ལ་སྨན་སླད་དུ། །སེར་སྣ་མ་མཆིས་སྦྱིན་གཏོང་ཤོག །དངོས་པོ་དངོས་པོར་མ་མཆིས་པས། །བདག་གི་ལོངས་སྤྱོད་ལྷུན་གྲུབ་ཤོག །དངོས་པོ་ཐམས་ཅད་རྣམ་འཇིག་པས། །སྦྱིན་པའི་ཕ་རོལ་ཕྱིན་རྫོགས་ཤོག །ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་། །ཚུལ་ཁྲིམས་རྣམ་པར་དག་དང་ལྡན། །རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། །ཚུལ་ཁྲིམས་ཕ་


KMC002_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་ཕྱིན་རྫོགས་ཤོག །ས་འམ་ཡང་ན་ཆུ་འམ་མེ། །རླུང་གི་ཁམས་ལྟར་མི་གནས་ཤིང་། །བཟོད་པ་ཁྲོ་བ་མ་མཆིས་པར། །བཟོད་པའི་ཕ་རོལ་ཕྱིན་རྫོགས་ཤོག །བརྩོན་འགྲུས་བརྩམས་པའི་བརྩོན་འགྲུས་ཀྱིས། །གཏན་སྤྲོ་ལེ་ལོ་མ་མཆིས་ཤིང་། །སྟོབས་དང་ལྡན་པའི་ལུས་སེམས་ཀྱིས། །བརྩོན་འགྲུས་ཕ་རོལ་ཕྱིན་རྫོགས་ཤོག །སྒྱུ་མ་ལྟ་བུའི་ཏིང་འཛིན་དང་། །དཔའ་བར་འགྲོ་བའི་ཏིང་འཛིན་དང་། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །བསམ་གཏན་ཕ་རོལ་ཕྱིན་རྫོགས་ཤོག །རྣམ་པར་ཐར་པའི་སྒོ་གསུམ་དང་། །དུས་གསུམ་མཉམ་པ་ཉིད་དང་ཡང་། །རིགས་གསུམ་མངོན་སུམ་བགྱིས་པ་ཡིས། །ཤེས་རབ་ཕ་རོལ་ཕྱིན་རྫོགས་ཤོག །སངས་རྒྱས་ཀུན་གྱིས་བསྔགས་པ་དང་། །འོད་དང་གཟི་བརྗིད་འབར་བ་དང་། །བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཀྱིས། །བདག་གི་བསམ་པ་རྫོགས་གྱུར་ཅིག །དེ་ལྟར་སྤྱད་པ་སྤྱོད་བྱེད་ཅིང་། །


KMC002_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་པ་གྲགས་དང་ལྡན་པ་ཡིས། །ཕ་རོལ་ཕྱིན་དྲུག་རྫོགས་བགྱིས་ནས། །ས་བཅུའི་སྤོ་ལ་རབ་གནས་ཤོག །རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། འདི་ལྟར་བགྱིས་པའི་བསོད་ནམས་དཔག་མེད་ཀྱིས། །དམྱལ་བ་ཡི་དྭགས་དུད་འགྲོ་ལྷ་མ་ཡིན། །གནས་ངན་ལེན་རྣམས་རྟག་ཏུ་སྤངས་བྱས་ནས། །རྒྱལ་བ་བྱམས་པའི་གོ་འཕང་བརྙེས་གྱུར་ཅིག །རྒྱལ་བ་བྱམས་པ་དང་ནི་སེང་གེ་ཡིས། །མ་འོངས་སངས་རྒྱས་མཛད་པ་སྟོན་པའི་ཚེ། །བདག་ཀྱང་བྱང་ཆུབ་མཆོག་ལ་གནས་གྱུར་ཏེ། །བླ་ན་མེད་པའི་ལུང་ཡང་སྟོན་པར་ཤོག །དགེ་བ་འདི་ཡིས་ཚེ་རབས་ཐམས་ཅད་དུ། །དལ་ཐོབ་བཤེས་གཉེན་བཟང་ལ་བརྟེན་པ་དང་། །སེམས་ཅན་ཀུན་གྱི་སྡུག་བསྔལ་ཁུར་ཁྱེར་ནས། །བྱམས་པའི་བསྟན་ལ་བྱ་བ་བྱེད་པར་ཤོག །སྤྱོད་འཇུག་ལས་བྱུང་བའི་བྱང་ཆུབ་སྤྱོད་པའི་སྨོན་ལམ་ནི། བདག་གིས་བྱང་ཆུབ་སྤྱོད་པ་ལ། །འཇུག་


KMC002_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམ་པར་བརྩམས་པ་ཡི། །དགེ་བ་གང་དེས་འགྲོ་བ་ཀུན། །བྱང་ཆུབ་སྤྱོད་ལ་འཇུག་པར་ཤོག །ཕྱོགས་རྣམས་ཀུན་ན་ལུས་དང་སེམས། །སྡུག་བསྔལ་ནད་པ་ཇི་སྙེད་པ། །དེ་དག་བདག་གི་བསོད་ནམས་ཀྱིས། །བདེ་དགའ་རྒྱ་མཚོ་ཐོབ་པར་ཤོག །དེ་དག་འཁོར་བ་ཇི་སྲིད་དུ། །ནམ་ཡང་བདེ་ལས་ཉམས་མ་གྱུར། །འགྲོ་བས་བྱང་ཆུབ་སེམས་དཔའ་ཡི། །བདེ་བ་རྒྱུན་མི་འཆད་ཐོབ་ཤོག །འཇིག་རྟེན་ཁམས་ན་དམྱལ་བ་དག །གང་དག་ཇི་སྙེད་ཡོད་པ་རྣམས། །དེ་དག་ཏུ་ནི་ལུས་ཅན་རྣམས། །བདེ་ཅན་བདེ་བས་དགའ་བར་ཤོག །གྲང་བས་ཉམས་ཐག་དྲོ་ཐོབ་ཤོག །བྱང་ཆུབ་སེམས་དཔའི་སྤྲིན་ཆེན་ལས། །བྱུང་བའི་ཆུ་བོ་མཐའ་ཡས་ཀྱིས། །ཚ་བས་ཉམ་ཐག་བསིལ་བར་ཤོག །རལ་གྲི་ལོ་མའི་ནགས་ཚལ་ཡང་། །དེ་ལ་ཙན་དན་ནགས་སྟུག་ཤོག །ཤལ་མ་ལི་ཡི་སྡོང་པོ་ཡང་། །དཔག་བསམ་ཤིང་དུ་འཁྲུངས་པར་ཤོག །མཐིང་རིལ་ངུར་


KMC002_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

པ་དག་དང་ངང་པ་དང་། །བཞད་སོགས་སྐད་སྙན་འབྱིན་པས་མཛེས་གྱུར་ཅིག །པདྨ་དྲི་བསུང་ཆེ་ལྡན་མཚོ་དག་གིས། །དམྱལ་བའི་ས་ཕྱོགས་དག་ནི་ཉམས་དགར་ཤོག །སོལ་ཕུང་དེ་ཡང་རིན་ཆེན་ཕུང་པོར་གྱུར། །ས་བསྲེགས་ཤེལ་གྱི་ས་གཞི་བསྟར་བར་ཤོག །བསྡུས་འཇོམས་རི་བོ་རྣམས་ཀྱང་མཆོད་པ་ཡི། །གཞལ་མེད་ཁང་གྱུར་བདེ་གཤེགས་གང་བར་ཤོག །མདག་མ་རྡོ་བསྲེགས་མཚོན་གྱི་ཆར་པ་དག །དེང་ནས་བཟུང་སྟེ་མེ་ཏོག་ཆར་པར་གྱུར། །ཕན་ཚུན་མཚོན་གྱིས་འདེབས་པ་དེ་ཡང་ནི། །དེང་ནས་རྩེ་ཕྱིར་མེ་ཏོག་ འཕེན ་པར་ཤོག །ཆུ་བོ་རབ་མེད་མེ་དང་འདྲ་ནང་བྱིང་བ་དག །ཤ་ཀུན་ཞིག་གྱུར་རུས་གོང་མེ་ཏོག་ཀུནྡའི་མདོག །བདག་གི་དགེ་བའི་སྟོབས་ཀྱིས་ལྷ་ཡི་ལུས་ཐོབ་ནས། །ལྷ་མོ་རྣམས་དང་ལྷན་ཅིག་དལ་གྱིས་འབབ་གནས་ཤོག །ཅི་ཕྱིར་འདིར་ནི་གཤིན་རྗེའི་མི་དང་ཁྭ་དང་བྱ་རྒོད་མི་བཟད་རྣམས་སྐྲག་བྱེད། །ཀུན་ནས་མུན་


KMC002_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

བསལ་བདེ་དགའ་བསྐྱེད་པའི་མཐུ་བཟང་འདི་ཀོ་སུ་ཡི་མཐུ་སྙམ་སྟེ། །གྱེན་དུ་བལྟས་ན་ནམ་མཁའི་དཀྱིལ་ན་ཕྱག་ན་རྡོ་རྗེ་འབར་བ་བཞུགས་མཐོང་ནས། །རབ་ཏུ་དགའ་བའི་ཤུགས་ཀྱིས་སྡིག་དང་བྲལ་ནས་དེ་དང་ལྷན་ཅིག་འགྲོགས་པར་ཤོག །མེ་ཏོག་ཆར་པ་སྤོས་ཆུ་དང་འདྲེས་འབབ་པ་ཡིས། །དམྱལ་བའི་མེ་མདག་ཆིལ་ཆིལ་གསོད་པ་མཐོང་གྱུར་ནས། །གློ་བུར་བདེ་བས་ཚིམ་པ་འདི་ཅི་བསམ་པ་དང་། །སེམས་དམྱལ་རྣམས་ཀྱིས་ཕྱག་ན་པདྨ་མཐོང་བར་ཤོག །གྲོགས་དག་འཇིགས་པ་བོར་ལ་རིངས་པར་ཚུར་ཤོག་འུ་བུའི་ཐད་དུ་ནི། །གང་གི་མཐུ་ཡིས་སྡུག་བསྔལ་ཀུན་བྲལ་དགའ་བའི་ཤུགས་ཕྱིན་ལ། །འགྲོ་བ་ཀུན་ནས་ཡོངས་སྐྱོབ་བྱང་ཆུབ་སེམས་དང་བརྩེ་བ་སྐྱེས་གྱུར་པ། །གཞོན་ནུ་ཟུར་ཕུད་ཅན་འབར་འཇིགས་པ་མེད་པར་བྱེད་པ་ཅི་ཞིག་ཕྱིན། །ཁྱོད་ཀྱི་ལྷ་བརྒྱའི་ཅོད་པན་དག་གིས་ཞབས་ཀྱི་པདྨ་ལ་མཆོད་ཅིང་། །ཐུགས་རྗེས་


KMC002_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

བརླན་ཅན་དབུ་ལ་མེ་ཏོག་དུ་མའི་ཚོགས་ཀྱི་ཆར་འབབ་པ། ཁང་བརྩེགས་ཡིད་འོང་ལྷ་མོ་སྟོང་ཕྲག་བསྟོད་དབྱངས་སྒྲོགས་ལྡན་འདི་ལྟོས་ཞེས། །འཇམ་དབྱངས་དེ་འདྲ་མཐོང་ནས་ད་ནི་སེམས་དམྱལ་ཅ་ཅོ་འདོན་པར་ཤོག །དེ་ལྟར་བདག་གི་དགེ་རྩས་ཀུན་ཏུ་བཟང་ལ་སོགས། །བྱང་ཆུབ་སེམས་དཔའ་སྒྲིབས་པ་མེད་སྤྲིན་བདེ་བ་དང་། །བསིལ་ཞིང་དྲི་ཞིམ་ངད་ལྡན་ཆར་པ་འབེབས་མཐོང་ནས། །སེམས་ཅན་དམྱལ་བ་དེ་དག་མངོན་པར་དགའ་གྱུར་ཅིག །དུད་འགྲོ་རྣམས་ནི་གཅིག་ལ་གཅིག །ཟ་བའི་འཇིགས་དང་བྲལ་བར་ཤོག །སྒྲ་མི་སྙན་པའི་མི་བཞིན་དུ། །ཡི་དྭགས་རྣམས་ནི་བདེ་བར་གྱུར། །འཕགས་པ་སྤྱན་རས་གཟིགས་དབང་གི །ཕྱག་ནས་འབབ་པའི་འོ་རྒྱུན་གྱིས། །ཡི་དྭགས་རྣམས་ནི་ཚིམ་བྱས་ཤིང་། །ཁྲུས་བྱས་རྟག་ཏུ་བསིལ་བར་ཤོག །ལོང་བ་རྣམས་ཀྱིས་གཟུགས་མཐོང་ཞིང་། །འོན་པས་རྟག་ཏུ་སྒྲ་ཐོས་ཤོག །ལྷ་མོ་སྒྱུ་


KMC002_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་ཇི་བཞིན་དུ། །སྦྲུམ་མའང་གནོད་མེད་བཙའ་བར་ཤོག །གཅེར་བུ་རྣམས་ཀྱིས་གོས་དག་དང་། །བཀྲེས་པ་རྣམས་ཀྱིས་ཟས་དག་དང་། །སྐོམ་པ་རྣམས་ཀྱི་ཆུ་དག་དང་། །བཏུང་བ་ཞིམ་པོ་ཐོབ་པར་ཤོག །བཀྲེན་པ་རྣམས་ཀྱིས་ནོར་ཐོབ་ཤོག །མྱ་ངན་ཉམ་ཐག་དགའ་ཐོབ་ཤོག །ཡི་ཆད་རྣམས་ཀྱང་ཡིད་གསོས་ཤིང་། །བརྟན་པ་ཕུན་སུམ་ཚོགས་པར་ཤོག །སེམས་ཅན་ནད་པ་ཇི་སྙེད་པ། །མྱུར་དུ་ནད་ལས་ཐར་གྱུར་ཅིག །འགྲོ་བའི་ནད་ནི་མ་ལུས་པ། །རྟག་ཏུ་འབྱུང་བ་མེད་པར་ཤོག །སྐྲག་པ་རྣམས་ནི་འཇིགས་མེད་ཤོག །བཅིངས་པ་རྣམས་ནི་གྲོལ་བར་འགྱུར། །མཐུ་མེད་རྣམས་ནི་མཐུ་ལྡན་ཞིང་། །ཕན་ཚུན་སེམས་ནི་བསྙེན་གྱུར་ཅིག །འགྲོན་པ་དག་ནི་ཐམས་ཅད་ལ། །ཕྱོགས་རྣམས་ཐམས་ཅད་བདེ་བར་ཤོག །གང་གི་དོན་དུ་འགྲོ་བྱེད་པ། །དེ་འབད་མི་དགོས་འགྲུབ་གྱུར་ཅིག །གྲུ་དང་གྲུ་ཆེན་ཞུགས་པ་རྣམས། །ཡིད་ལ་


KMC002_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

བསམས་པ་གྲུབ་གྱུར་ཏེ། །ཆུ་ཡི་ངོགས་སུ་བདེར་ཕྱིན་ནས། །གཉེན་དང་ལྷན་ཅིག་དགའ་བར་ཤོག །མྱ་ངམ་ལམ་གོལ་འཁྱམས་པ་རྣམས། །འགྲོན་པ་དག་དང་ཕྲད་གྱུར་ནས། །ཆོམ་རྐུན་སྟག་སོགས་འཇིགས་མེད་པར། །མི་ངལ་བདེ་བླག་འདོད་པར་ཤོག །དགོན་སོགས་ལམ་མེད་ཉམ་ང་བར། །བྱིས་པ་རྒན་པོ་མགོན་མེད་ཅིང་། །གཉིད་ལོག་མྱོས་ཤིང་རབ་མྱོས་རྣམས། །ལྷ་དག་སྲུང་བ་བྱེད་པར་ཤོག །མི་དལ་ཀུན་ལས་ཐར་བ་དང་། །དད་དང་ཤེས་རབ་བརྩེ་ལྡན་ཞིང་། །ཟས་དང་སྤྱོད་པ་ཕུན་ཚོགས་ནས། །རྟག་ཏུ་ཚེ་རབས་དྲན་པར་ཤོག །ཐམས་ཅད་ནམ་མཁའ་མཛོད་བཞིན་དུ། །ལོངས་སྤྱོད་ཆད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པར། །རང་དབང་དུ་ནི་སྤྱོད་པར་ཤོག །སེམས་ཅན་གཟི་བརྗིད་ཆུང་ངུ་གང་། །དེ་དག་གཟི་བརྗིད་ཆེན་པོར་ཤོག །དཀའ་ཐུབ་ཅན་གང་གཟུགས་ངན་པ། གཟུགས་བཟང་ཕུན་སུམ་ཚོགས་པར་ཤོག །


KMC002_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་བུད་མེད་ཇི་སྙེད་པ། །དེ་དག་སྐྱེས་པ་ཉིད་གྱུར་ཅིག །མ་རབས་རྣམས་ནི་མཐོ་ཐོབ་ཅིང་། །ང་རྒྱལ་དག་ཀྱང་བཅོམ་པར་ཤོག །བདག་གི་བསོད་ནམས་འདི་ཡིས་ནི། །སེམས་ཅན་ཐམས་ཅད་མ་ལུས་པ། །སྡིག་པ་ཐམས་ཅད་སྤངས་ནས་ནི། །རྟག་ཏུ་དགེ་བ་བྱེད་པར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང་། །སངས་རྒྱས་རྣམས་ཀྱིས་ཡོངས་གཟུང་ཞིང་། །བདུད་ཀྱི་ལས་ཀྱང་སྤོང་བར་ཤོག །སེམས་ཅན་དེ་དག་ཐམས་ཅད་ནི། །ཚེ་ཡང་དཔག་མེད་རིང་བར་ཤོག །རྟག་ཏུ་བདེ་བར་འཚོ་འགྱུར་ཞིང་། །འཆི་བའི་སྒྲ་ཡང་གྲག་མ་གྱུར། །དཔག་བསམ་ཤིང་གི་སྐྱེད་མོས་ཚལ། །སངས་རྒྱས་དང་ནི་སངས་རྒྱས་སྲས། །ཆོས་སྙན་སྒྲོགས་པས་གང་བ་ཡིས། །ཕྱོགས་རྣམས་ཐམས་ཅད་གང་བར་ཤོག །ཐམས་ཅད་དུ་ནི་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང་། །ལག་མཐིལ་ལྟར་མཉམ་བཻ་


KMC002_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཌཱུརྱའི ། །རང་བཞིན་འཇམ་པོར་གནས་གྱུར་ཅིག །འཁོར་གྱི་དཀྱིལ་འཁོར་ཡོད་དགུར་ཡང་། །བྱང་ཆུབ་སེམས་དཔའ་མང་པོ་དག །རང་གི་ལེགས་པས་ས་སྟེང་དག །བརྒྱན་པར་མཛད་པས་བཞུགས་གྱུར་ཅིག །ལུས་ཅན་ཀུན་གྱིས་བྱ་དང་ནི། །ཤིང་དང་འོད་ཟེར་ཐམས་ཅད་དང་། །ནམ་མཁའ་ལས་ཀྱང་ཆོས་ཀྱི་སྒྲ། །རྒྱུན་མི་འཆད་པར་ཐོས་པར་ཤོག །དེ་དག་རྟག་ཏུ་སངས་རྒྱས་དང་། །སངས་རྒྱས་སྲས་དང་ཕྲད་གྱུར་ཅིག །མཆོད་པའི་སྤྲིན་ཕུང་མཐའ་ཡས་པས། །འགྲོ་བའི་བླ་མ་མཆོད་པར་ཤོག །ལྷ་ཡང་དུས་སུ་ཆར་འབེབས་ཤིང་། །ལོ་ཏོག་ཕུན་སུམ་ཚོགས་གྱུར་ཅིག །རྒྱལ་པོ་ཆོས་བཞིན་བྱེད་པ་དང་། །འཇིག་རྟེན་དག་ཀྱང་དར་བར་ཤོག །སྨན་རྣམས་མཐུ་དང་ལྡན་པ་དང་། །གསང་སྔགས་བཟླས་བརྗོད་འགྲུབ་པར་ཤོག །མཁའ་འགྲོ་སྲིན་པོ་ལ་སོགས་པ། །སྙིང་རྗེའི་སེམས་དང་ལྡན་གྱུར་ཅིག །སེམས་ཅན་འགའ་ཡང་སྡུག་མ་གྱུར། །


KMC002_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པར་མ་གྱུར་ན་མ་གྱུར། །འཇིགས་དང་བརྙས་པར་མི་འགྱུར་ཞིང་། །འགའ་ཡང་ཡིད་མི་བདེ་མ་གྱུར། །གཙུག་ལག་ཁང་རྣམས་ཀློག་པ་དང་། །ཁ་ཏོན་གྱིས་རྒྱས་ལེགས་གནས་ཤོག །རྟག་པར་དགེ་འདུན་མཐུན་པ་དང་། །དགེ་འདུན་དོན་ཡང་འགྲུབ་པར་ཤོག །བསླབ་པ་འདོད་པའི་དགེ་སློང་དག །དབེན་པ་དག་ཀྱང་ཐོབ་པར་ཤོག །གཡེང་བ་ཐམས་ཅད་སྤངས་ནས་ནི། །སེམས་ནི་ལས་རུང་སྒོམ་གྱུར་ཅིག །དགེ་སློང་མ་རྣམས་རྙེད་ལྡན་ཞིང་། །འཐབ་དང་གནོད་པ་སྤོང་བར་ཤོག །དེ་བཞིན་རབ་ཏུ་བྱུང་བ་ཀུན། །ཚུལ་ཁྲིམས་ཉམས་པ་མེད་གྱུར་ཅིག །ཚུལ་ཁྲིམས་འཆལ་བས་ཡིད་བྱུང་ནས། །རྟག་ཏུ་སྡིག་པ་ཟད་བྱེད་ཤོག །བདེ་འགྲོ་དག་ནི་ཐོབ་གྱུར་ནས། །དེར་ཡང་བརྟུལ་ཞུགས་མི་ཉམས་ཤོག །མཁས་པ་རྣམས་ནི་བཀུར་བ་དང་། །བསོད་སྙོམས་དག་ཀྱང་རྙེད་པར་ཤོག །རྒྱུད་ནི་ཡོངས་སུ་དག་པ་དང་། །ཕྱོགས་རྣམས་ཀུན་ཏུ་


KMC002_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པར་ཤོག །ངན་སོང་སྡུག་བསྔལ་མི་མྱོང་ཞིང་། །དཀའ་བ་སྤྱད་པ་མེད་པར་ཡང་། །ལྷ་བས་ལྷག་པའི་ལུས་ཐོབ་ནས། །དེ་དག་སངས་རྒྱས་མྱུར་ཐོབ་ཤོག །སེམས་ཅན་ཀུན་གྱིས་ལན་མང་དུ། །སངས་རྒྱས་ཐམས་ཅད་མཆོད་བྱེད་ཅིང་། །སངས་རྒྱས་བདེ་བ་བསམ་ཡས་ཀྱིས། །རྟག་ཏུ་བདེ་དང་ལྡན་གྱུར་ཅིག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལ་དེ་འབྱོར་ཤོག །དེ་བཞིན་རང་སངས་རྒྱས་རྣམས་དང་། །ཉན་ཐོས་རྣམས་ཀྱང་བདེ་གྱུར་ཅིག །བདག་ཀྱང་འཇམ་དབྱངས་བཀའ་དྲིན་གྱིས། །ས་རབ་དགའ་བ་ཐོབ་བར་དུ། །རྟག་ཏུ་ཚེ་རབས་དྲན་པ་དང་། །རབ་ཏུ་བྱུང་བ་བྱེད་པར་ཤོག །བདག་ནི་ཁ་ཟས་གྱི་ནས་ཀྱང་། །ཉམ་དང་ལྡན་ཞིང་འཚོ་བར་ཤོག །ཚེ་རབས་ཀུན་ཏུ་དབེན་གནས་པ། །ཕུན་སུམ་ལྡན་པ་ཐོབ་པར་ཤོག །གང་ཚེ་བལྟ་


KMC002_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

བར་འདོད་པའམ། །ཅུང་ཟད་དྲི་བར་འདོད་ན་ཡང་། །མགོན་པོ་འཇམ་དབྱངས་དེ་ཉིད་ནི། །གེགས་མེད་པར་ཡང་མཐོང་བར་ཤོག །ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་ཀུན་དོན་བསྒྲུབ་བྱའི་ཕྱིར། །ཇི་ལྟར་འཇམ་དབྱངས་སྤྱོད་མཛད་པ། །བདག་གི་སྤྱོད་པའང་དེ་འདྲར་ཤོག །ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །འགྲོ་བའི་སྡུག་བསྔལ་གང་ཅིའང་རུང་། །དེ་ཀུན་བདག་ལ་སྨིན་གྱུར་ཅིག །བྱང་ཆུབ་སེམས་དཔའི་དགེ་འདུན་གྱིས། །འགྲོ་བ་བདེ་ལ་སྤྱོད་པར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །གང་གི་དྲིན་གྱིས་དགེ་བློ་བྱུང་། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གི་དྲིན་


KMC002_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བདག་དར་བ། །དགེ་བའི་བཤེས་ལའང་བདག་ཕྱག་འཚལ། །བདེ་བ་ཅན་དུ་བགྲོད་པའི་སྨོན་ལམ་ནི། མངྒ་ལཾ་སྭ་སྟི་བྷ་ཝནྟུ། ཤེས་བྱ་ཐམས་ཅད་མངོན་སུམ་གཟིགས་པ་པོ། །མཆོག་གི་ཡོན་ཏན་མ་ལུས་མཐར་ཕྱིན་པའི། །ཟླ་མེད་བརྙེས་པ་དེ་དང་དམ་པའི་ཆོས། །བྱང་ཆུབ་སེམས་དཔའི་ཚོགས་ལ་གུས་ཕྱག་འཚལ། །མཐའ་ཡས་ནམ་མཁའི་མཐའ་ཀླས་ཞིང་རྒྱ་མཚོ། །མཐའ་དག་སྐུ་ཡི་སྤྲུལ་པས་སྣང་བར་མཛད། །མཐའ་ཡས་འོད་མངའ་ཐུབ་ཆེན་ཚེ་དཔག་མེད། །མཐའ་མེད་འཁོར་བའི་འགྲོ་བ་ཀུན་ལ་ཁྱབ། །ཀུན་མཁྱེན་རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་འོད། །ཀུན་ནས་རབ་རྫོགས་ཡེ་ཤེས་འོད་འཕྲོ་བའི། །ཀུན་རྟོག་སྲིད་པའི་མུན་སྟུག་སྣ་ཚོགས་པ། །ཀུན་སེལ་རྣམ་འདྲེན་གཙོ་ལ་ཕྱག་འཚལ་ལོ། །འོད་ཕྲེང་གསལ་བས་ཞིང་ཀུན་ཁྱབ་མཛད་དེ། །ཡེ་ཤེས་སྤྱན་གྱིས་ཅུང་ཟད་གཟིགས་པས་ཀྱང་། །བདུད་སྡེའི་དཔུང་ཚོགས་མ་ལུས་ཞི་མཛད་པ། །དཔག་


KMC002_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

མེད་སྐུ་ཡི་འོད་ལ་ཕྱག་འཚལ་ལོ། །སྲིད་དང་བཞི་བ་རབ་སྤངས་རྣམ་གྲོལ་སྐུ། །ངོ་བོ་ཉིད་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །གང་གང་འདུལ་བ་དེ་ལ་དེར་སྟོན་པའི། །མཚན་དང་དཔེ་བྱད་ཀྱིས་འབར་ཕྱག་འཚལ་ལོ། །ཆོས་ཀུན་རྣམ་འབྱེད་ཡན་ལག་དྲུག་ཅུ་ཡི། །གསུང་གཅིག་གིས་ཀྱང་ཕྱོགས་དུས་ཐམས་ཅད་དུ། །སེམས་ཅན་དབང་པོའི་རིམ་པ་ཇི་བཞིན་འཇུག །དཔག་མེད་གསུང་གི་འོད་ལ་ཕྱག་འཚལ་ལོ། །སྨྲ་བསམ་བརྗོད་པའི་ཡུལ་ལས་རབ་འདས་ཀྱང་། །འབད་མེད་ལྷུན་གྱིས་གྲུབ་པའི་ཡང་དག་ཚིག །གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པའི། །ལེགས་པའི་ལམ་མཆོག་སྟོན་ལ་ཕྱག་འཚལ་ལོ། །རང་བཞིན་འོད་གསལ་མཁའ་ལྟར་མི་དམིགས་ཀྱང་། །རྣམ་པ་ཀུན་ལྡན་ཡེ་ཤེས་རོལ་པ་ཡིས། །ཤེས་བྱ་ཇི་སྙེད་མཁྱེན་པའི་དཀྱིལ་འཁོར་རྒྱས། །དཔག་མེད་ཐུགས་ཀྱི་འོད་ལ་ཕྱག་འཚལ་ལོ། །ཆོས་ཀུན་ངོ་བོ་ཉིད་ཀྱིས་ཉེར་ཞི་


KMC002_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། །མ་འགགས་སྣང་བ་རབ་ཏུ་བཀྲ་བ་གང་། །ཁྱོད་ཀྱི་གཟིགས་པའང་རྣམ་དག་ཞི་བ་དང་། །དེ་བཞིན་ཀུན་ཏུ་གཟིགས་ལ་ཕྱག་འཚལ་ལོ། །གང་ཞིག་འགྲོ་བའི་ཡིད་བཞིན་ཉེར་འཚོའི་གནས། །སྐུ་གསུང་ཐུགས་དང་ཡེ་ཤེས་དཔག་མེད་སྟོབས། །ཐུགས་རྗེའི་ཕྲིན་ལས་དཔག་ཏུ་མེད་པ་ཡི། །འོད་དཔག་མེད་ལ་རྟག་པར་ཕྱག་འཚལ་ལོ། །དངོས་དང་ཡིད་ཀྱི་སྤྲུལ་པས་ལུས་ལོངས་སྤྱོད། །ཡོངས་སུ་མ་བཟུང་ནམ་མཁའི་མཐར་ཐུག་པ། །བློ་ཡིས་བླངས་ཏེ་བདེ་བར་གཤེགས་རྣམས་མཆོད། །དམན་ལ་བརྩེར་དགོངས་བདག་གི་འདི་དག་བཞེས། །བདག་དང་སེམས་ཅན་ཀུན་གྱི་སྡིག་པའི་ལས། །ཉེས་པར་གྱུར་གང་མཐོལ་ཞིང་བཤགས་པར་བགྱི། །སླན་ཆད་ནམ་ཡང་བགྱིད་པར་མ་གྱུར་ཅིག །ལས་ཀྱི་སྒྲིབ་པའང་གཏན་དུ་ཟད་བྱེད་ཤོག །རྒྱལ་དང་རྒྱལ་སྲས་ཉན་ཐོས་རང་རྒྱལ་དང་། །འགྲོ་བ་ཀུན་གྱི་དགེ་ལ་རྗེས་ཡི་རང་། །གང་ཡང་ཕྱོགས་བཅུའི་


KMC002_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་གཤེགས་ཐམས་ཅད་ལ། །ཐེག་མཆོག་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །བསྐལ་པ་རྒྱ་མཚོ་དཔག་ཏུ་མེད་པར་ཡང་། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །དུས་གསུམ་བསགས་པའི་དགེ་བ་ཅི་ཡོད་པ། །གཞན་ཕན་དོན་ཕྱིར་བྱང་ཆུབ་ཆེན་པོར་བསྔོ། །ཇི་སྲིད་བྱང་ཆུབ་སྙིང་པོ་མ་ཐོབ་པར། །སྐྱེ་བ་འདི་དང་མ་འོངས་ཐམས་ཅད་དུ། །བླ་མ་དམ་པས་རྗེས་སུ་འཛིན་གྱུར་ཅིག །བྱང་ཆུབ་སེམས་ནི་ནམ་དུའང་ཉམས་མ་གྱུར། །རིགས་གཟུགས་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཡི། །དལ་འབྱོར་མཆོག་ཐོབ་ཆོས་ལྡན་གྲོགས་དང་བཅས། །སངས་རྒྱས་བསྟན་ལ་རིམ་བཞིན་སློབ་པ་དང་། །འདུན་དང་བརྩོན་འགྲུས་བག་ཡོད་ལྡན་གྱུར་ཅིག །ངན་སོང་གསུམ་སོགས་མི་བཟད་འཁོར་བ་ཡི། །མི་ཁོམ་འཇིག་རྟེན་རྣམས་སུ་སྐྱེ་འགྱུར་ལས། །གང་དེ་ཚེ་འདི་ཉིད་ལ་རབ་སྨིན་ནས། །ལན་གྲངས་གཞན་དུ་མྱོང་བར་མ་གྱུར་ཅིག །


KMC002_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་དང་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དང་། །བསམ་གཏན་ཤེས་རབ་ཐབས་མཁས་རྨད་བྱུང་དང་། །སྨོན་ལམ་སྟོབས་དང་ཡེ་ཤེས་རྒྱ་མཚོ་ཡི། །སྤྱོད་པ་ཐམས་ཅད་ཡོངས་སུ་རྫོགས་གྱུར་ཅིག །ལུས་དང་དེ་བཞིན་སྲོག་ལའང་ལྟོས་མེད་པར། །སེམས་ལས་རུང་ཞིང་དབེན་པར་རང་རྒྱུད་དུལ། །ལུང་དང་མངོན་པར་རྟོགས་པའི་ཆོས་ཀྱིས་འབྱོར། །བརྩེ་ལྡན་རྟག་ཏུ་ཤེས་བཞིན་ལྡན་གྱུར་ཅིག །འཁོར་བའི་དེ་བཞིན་ཉིད་གང་མྱ་ངན་འདས། །ཀུན་རྟོག་དེ་བཞིན་ཉིད་གང་ཡེ་ཤེས་ཏེ། །གཅིག་དང་དུ་མའི་བདག་ཉིད་ལས་འདས་པའི། །ཆོས་ཉིད་རྟོགས་པའི་བློ་གྲོས་ལྡན་གྱུར་ཅིག །གང་ཡང་རྟེན་འབྱུང་ཟབ་མོའི་ཚུལ་གནས་པ། །ངེས་དོན་མཐར་ཐུག་སྤྲོས་བྲལ་ཆོས་ཀྱི་སྐུ། །སྟོབས་སོགས་ཡོན་ཏན་ཡེ་ཤེས་ཕྲིན་ལས་སོགས། །བདེ་གཤེགས་ཆོས་ལ་ཐོགས་མེད་འཇུག་གྱུར་ཅིག །གང་དུ་འགྲོ་བློ་མངོན་པར་དགའ་གྱུར་པའི། །ཡིད་ལུས་སྤྱོད་པ་རྣམ་པར་


KMC002_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ་དང་། །དབྱངས་སྙན་ངག་གིས་ཆོས་ཚུལ་རྒྱ་མཚོ་སྟོན། །རྒྱལ་སྲས་རྣམས་ཀྱི་སྤྱོད་དང་མཚུངས་པར་ཤོག །ཇི་སྲིད་དེ་ལྟའི་ཡོན་ཏན་མ་ཐོབ་པར། །མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་བ་ཡི། །འཆི་མེད་ཚེ་དང་དཔལ་འབྱོར་རྒྱས་པ་དང་། །བསམ་པའི་དོན་ཀུན་ཡིད་བཞིན་འགྲུབ་གྱུར་ཅིག །ཚེ་འདིའི་སྣང་བ་ནུབ་པར་ཉེ་བ་ན། །བདེ་གཤེགས་སྲས་དང་བཅས་པས་བྱིན་བརླབས་ཏེ། །འོད་གསལ་ལྷན་ཅིག་སྐྱེས་པའི་དོན་རྟོགས་ནས། །ལྷ་དང་ལྷ་མོ་དཔག་ཏུ་མེད་པ་ཡིས། །སྣ་ཚོགས་མཆོད་པས་བདག་གི་སྔུན་བསུ་ཞིང་། །རང་སྣང་དྲི་མེད་ཆོས་ཀྱི་དབྱིངས་རང་བཞིན། །རྣམ་དག་བདེ་བ་ཅན་གྱི་ཞིང་ཁམས་དེར། །བདེ་ཆེན་སེམས་ཀྱིས་བདེ་བླག་བགྲོད་གྱུར་ཅིག །ཞིང་དེར་དམར་སེར་འོད་ཀྱི་ཕུང་པོའི་དབུས། །རབ་མང་རིན་ཆེན་པདྨའི་ཟེའུ་འབྲུ་ལ། །དགེ་སློང་བྱེ་བ་འབུམ་དང་ཐབས་ཅིག་པའི། །ཆོས་རྗེ་འོད་དཔག་མེད་པ་


KMC002_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་གྱུར་ཅིག །རྒྱལ་སྲས་ཚོགས་ཀྱིས་ཡོངས་བསྐོར་བཅོམ་ལྡན་འདས། །ཐུན་མཚམས་འཆར་ཀའི་ཉིན་བྱེད་ལྟར་དམར་བ། །འོད་འབར་བལྟ་བས་མི་ངོམས་དེ་མཐོང་ནས། །བྱང་ཆུབ་ཆེན་པོའི་ལུང་བསྟན་ཐོབ་གྱུར་ཅིག །དགེ་ཚོགས་ལེགས་བྱས་རྣམ་པར་དཀར་བའི་འབྲས། །ངོ་མཚར་ཡོངས་རྫོགས་དཔལ་དང་ལྡན་པའི་ལུས། །དཔག་མེད་སྤྲུལ་ནས་བཅོམ་ལྡན་འདས་དེ་ལ། །བསྟོད་དབྱངས་རྒྱ་མཚོས་ཤིས་པ་བརྗོད་གྱུར་ཅིག །བྱམས་ཆེན་འཇམ་པའི་དབྱངས་དང་ཀུན་ཏུ་བཟང་། །སྤྱན་རས་གཟིགས་དབང་མཐུ་ཆེན་ཐོབ་ལ་སོགས། །རྒྱལ་སྲས་རྣམས་དང་རྟག་ཏུ་མི་འབྲལ་ཞིང་། །རྣམ་ཐར་ཚུལ་ལ་མཉམ་པར་འཇུག་གྱུར་ཅིག །རྣམ་ཐར་རྒྱ་མཚོ་སྒྱུ་མ་ལྟར་སྤྱོད་པས། །ཐེག་མཆོག་རྒྱ་མཚོའི་ཐབས་རྣམས་ཀུན་བཟུང་སྟེ། །ཡེ་ཤེས་རྒྱ་མཚོའི་རྟོགས་པ་རབ་ཐོབ་ནས། །སྲིད་པའི་མཚོ་ལས་འགྲོ་ཀུན་སྒྲོལ་གྱུར་ཅིག །ཞིང་ཁམས་རྒྱ་མཚོ་རྟག་ཏུ་


KMC002_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་བ་དང་། །ཚོགས་གཉིས་རྒྱ་མཚོ་དག་ནི་སྤེལ་བར་བྱེད། །སེམས་ཅན་རྒྱ་མཚོ་རབ་ཏུ་སྨིན་བྱས་ཏེ། །སྨོན་ལམ་རྒྱ་མཚོ་རྣམས་ནི་འགྲུབ་གྱུར་ཅིག །ཇི་ལྟར་སྔོན་གྱི་བདེ་བར་གཤེགས་རྣམས་ཀྱིས། །ཐུགས་བསྐྱེད་སྨོན་ལམ་མཛད་སྟོབས་ཅི་འདྲ་བ། །དེ་ལྟར་བདག་གིས་སེམས་ཅན་མ་ལུས་ཚོགས། །མྱུར་དུ་སངས་རྒྱས་ས་ལ་འགོད་པར་ཤོག །ཅེས་འོད་དཔག་ཏུ་མེད་པ་ལ་བསྟོད་པ་ཡན་ལག་བདུན་པ་སྨོན་ལམ་དང་བཅས་པ་འདི། ཀརྨ་པ་དེ་བཞིན་གཤེགས་པས་མདོ་སྨད་ཀྱི་སའི་ཆ་རྨ་ཆུ་འགྲམ་དུ་སྦྱར་བའོ།། །།རྗེ་རང་བྱུང་ཞབས་ཀྱིས་མཛད་པའི་ངེས་དོན་ཕྱག་རྒྱ་ཆེན་པོའི་སྨོན་ལམ་ནི། ན་མོ་གུ་རུ། བླ་མ་རྣམས་དང་ཡི་དམ་དཀྱིལ་འཁོར་ལྷ། །ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་དང་བཅས། །བདག་ལ་བརྩེར་དགོངས་བདག་གི་སྨོན་ལམ་རྣམས། །ཇི་བཞིན་འགྲུབ་པའི་མཐུན་འགྱུར་བྱིན་བརླབས་མཛོད། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །བསམ་སྦྱོར་རྣམ་དག་གངས་རི་ལས་


KMC002_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པའི། །འཁོར་གསུམ་རྙོག་མེད་དགེ་ཚོགས་ཆུ་རྒྱུན་རྣམས། །རྒྱལ་བ་སྐུ་བཞིའི་རྒྱ་མཚོར་འཇུག་གྱུར་ཅིག །ཇི་སྲིད་དེ་མ་ཐོབ་པ་དེ་སྲིད་དུ། །སྐྱེ་དང་སྐྱེ་བ་ཚེ་རབས་ཀུན་ཏུ་ཡང་། །སྡིག་དང་སྡུག་བསྔལ་སྒྲ་ཡང་མི་གྲག་ཅིང་། །བདེ་དགེ་རྒྱ་མཚོའི་དཔལ་ལ་སྤྱོད་པར་ཤོག །དལ་འབྱོར་མཆོག་ཐོབ་དད་བརྩོན་ཤེས་རབ་ལྡན། །བཤེས་གཉེན་བཟང་བསྟེན་གདམས་པའི་བཅུད་ཐོབ་ནས། །ཚུལ་བཞིན་བསྒྲུབ་ལ་བར་ཆད་མ་མཆིས་པར། །ཚེ་རབས་ཀུན་ཏུ་དམ་ཆོས་སྤྱོད་པར་ཤོག །ལུང་རིག་ཐོས་པས་མི་ཤེས་སྒྲིབ་ལས་གྲོལ། །མན་ངག་བསམ་པས་ཐེ་ཚོམ་མུན་ནག་བཅོམ། །སྒོམ་བྱུང་འོད་ཀྱིས་གནས་ལུགས་ཇི་བཞིན་གསལ། །ཤེས་རབ་གསུམ་གྱི་སྣང་བ་རྒྱས་པར་ཤོག །རྟག་ཆད་མཐའ་བྲལ་བདེན་གཉིས་གཞི་ཡི་དོན། །སྒྲོ་སྐུར་མཐའ་བྲལ་ཚོགས་གཉིས་ལམ་མཆོག་གིས། །སྲིད་ཞིའི་མཐའ་བྲལ་དོན་གཉིས་འབྲས་ཐོབ་པའི། །གོལ་འཆུག་མེད་པའི་


KMC002_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དང་ཕྲད་པར་ཤོག །སྦྱང་གཞི་སེམས་ཉིད་གསལ་སྟོང་ཟུང་འཇུག་ལ། །སྦྱོང་བྱེད་ཕྱག་ཆེན་རྡོ་རྗེའི་རྣལ་འབྱོར་ཆེས། །སྦྱང་བྱ་གློ་བུར་འཁྲུལ་པའི་དྲི་མ་རྣམས། །སྦྱངས་འབྲས་དྲི་བྲལ་ཆོས་སྐུ་མངོན་གྱུར་ཤོག །གཞི་ལ་སྒྲོ་འདོགས་ཆོད་པ་ལྟ་བའི་གདེངས། །དེ་ལ་མ་ཡེངས་སྐྱོང་བ་སྒོམ་པའི་གནད། །སྒོམ་དོན་ཀུན་ལ་རྩལ་སྦྱོང་སྤྱོད་པའི་མཆོག །ལྟ་སྒོམ་སྤྱོད་པའི་གདེངས་དང་ལྡན་པར་ཤོག །ཆོས་རྣམས་ཐམས་ཅད་སེམས་ཀྱི་རྣམ་འཕྲུལ་ཏེ། །སེམས་ནི་སེམས་མེད་སེམས་ཀྱི་ངོ་བོས་སྟོང་། །སྟོང་ཞིང་མ་འགགས་ཅིར་ཡང་སྣང་བ་སྟེ། །ལེགས་པར་བརྟགས་ནས་གཞི་རྩ་ཆོད་པར་ཤོག །ཡོད་མ་མྱོང་བའི་རང་སྣང་ཡུལ་དུ་འཁྲུལ། །མ་རིག་དབང་གིས་རང་རིག་བདག་ཏུ་འཁྲུལ། །གཉིས་འཛིན་དབང་གིས་སྲིད་པའི་ཀློང་དུ་འཁྱམ། །མ་རིག་འཁྲུལ་པའི་རྩད་དར་ཆོད་པར་ཤོག །ཡོད་པ་མ་ཡིན་རྒྱལ་བས་ཀྱང་མ་གཟིགས། །མེད་པ་


KMC002_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་འཁོར་འདས་ཀུན་གྱི་གཞི། །འགལ་འདུ་མ་ཡིན་ཟུང་འཇུག་དབུ་མའི་ལམ། །མཐའ་བྲལ་སེམས་ཀྱི་ཆོས་ཉིད་རྟོགས་པར་ཤོག །འདི་ཡིན་ཞེས་པ་གང་གིས་མཚོན་པ་མེད། །འདི་མིན་ཞེས་བྱ་གང་གིས་བཀག་པ་མེད། །བློ་ལས་འདས་པའི་ཆོས་ཉིད་འདུས་མ་བྱས། །ཡང་དག་དོན་གྱི་མཐའ་ནི་ངེས་པར་ཤོག །འདི་ཉིད་མ་རྟོགས་འཁོར་བའི་རྒྱ་མཚོར་འཁོར། །འདི་ཉིད་རྟོགས་ན་སངས་རྒྱས་གཞན་ན་མེད། །ཐམས་ཅད་འདི་ཡིན་འདི་མིན་གང་ཡང་མེད། །ཆོས་ཉིད་ཀུན་གཞིའི་མཚང་ནི་རིག་པར་ཤོག །སྣང་ཡང་སེམས་ལ་སྟོང་ཡང་སེམས་ཡིན་ཏེ། རྟོགས་ཀྱང་སེམས་ལ་འཁྲུལ་ཡང་རང་གི་སེམས། །སྐྱེས་ཀྱང་སེམས་ལ་འགགས་ཀྱང་སེམས་ཡིན་པས། །སྒྲོ་འདོགས་ཐམས་ཅད་སེམས་ལ་ཆོད་པར་ཤོག །བློས་བྱས་རྩོལ་བའི་སྒོམ་གྱིས་མ་བསླད་ཅིང་། །ཐ་མལ་འདུ་འཛིའི་རླུང་གིས་མ་བསྐྱོད་པར། །མ་བཅོས་གཉུག་མ་རང་བབ་འཇོག་ཤེས་


KMC002_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །སེམས་དོན་ཉམས་ལེན་མཁས་ཤིང་སྐྱོང་བར་ཤོག །ཕྲ་རགས་རྟོག་པའི་དབའ་རླབས་རང་སར་ཞི། །གཡོ་མེད་སེམས་ཀྱི་ཆུ་བོ་ངང་གིས་གནས། །བྱིང་རྨུགས་རྙོག་པའི་དྲི་མ་དང་བྲལ་བའི། །ཞི་གནས་རྒྱ་མཚོ་མི་གཡོ་བརྟན་པར་ཤོག །བལྟར་མེད་སེམས་ལ་ཡང་ཡང་བལྟས་པའི་ཚེ། །མཐོང་མེད་དོན་ནི་ཇི་བཞིན་ལྷག་གེར་མཐོང་། །ཡིན་མིན་དོན་ལ་ཐེ་ཚོམ་ཆོད་པ་ཉིད། །འཁྲུལ་མེད་རང་ངོ་རང་གིས་ཤེས་པར་ཤོག །ཡུལ་ལ་བལྟས་པས་ཡུལ་མེད་སེམས་སུ་མཐོང་། །སེམས་ལ་བལྟས་པས་སེམས་མེད་ངོ་བོས་སྟོང་། །གཉིས་ལ་བལྟས་པས་གཉིས་འཛིན་རང་སར་གྲོལ། །འོད་གསལ་སེམས་ཀྱི་གནས་ལུགས་རྟོགས་པར་ཤོག །ཡིད་བྱེད་བྲལ་བ་འདི་ནི་ཕྱག་རྒྱ་ཆེ། །མཐའ་དང་བྲལ་བ་དབུ་མ་ཆེན་པོ་ཡིན། །འདི་ནི་ཀུན་འདུས་རྫོགས་ཆེན་ཞེས་ཀྱང་བྱ། །གཅིག་ཤེས་ཀུན་དོན་རྟོགས་པའི་གདེངས་ཐོབ་ཤོག །ཞེན་པ་མེད་


KMC002_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདེ་ཆེན་རྒྱུན་ཆད་མེད། །མཚན་འཛིན་མེད་པའི་འོད་གསལ་སྒྲིབ་གཡོགས་བྲལ། །བློ་ལས་འདས་པའི་མི་རྟོག་ལྷུན་གྱིས་གྲུབ། །རྩོལ་མེད་ཉམས་མྱོང་རྒྱུན་ཆད་མེད་པར་ཤོག །བཟང་ཞེན་ཉམས་ཀྱི་འཛིན་པ་རང་སར་གྲོལ། །ངན་རྟོག་འཁྲུལ་པ་རང་བཞིན་དབྱིངས་སུ་དག །ཐ་མལ་ཤེས་པ་སྤང་བླང་བྲལ་ཐོབ་མེད། །སྤྲོས་བྲལ་ཆོས་ཉིད་བདེན་པ་རྟོགས་པར་ཤོག །འགྲོ་བའི་རང་བཞིན་རྟག་ཏུ་སངས་རྒྱས་ཀྱང་། །མ་རྟོགས་དབང་གིས་མཐའ་མེད་འཁོར་བར་འཁྱམ། །སྡུག་བསྔལ་མུ་མཐའ་མེད་པའི་སེམས་ཅན་ལ། །བཟོད་མེད་སྙིང་རྗེ་རྒྱུད་ལ་སྐྱེ་བར་ཤོག །བཟོད་མེད་སྙིང་རྗེའི་རྩལ་ཡང་མ་འགགས་པའི། །བརྩེ་དུས་ངོ་བོ་སྟོང་དོན་རྗེན་པར་ཤར། །ཟུང་འཇུག་གོལ་ས་བྲལ་བའི་ལམ་མཆོག་འདི། །འབྲལ་མེད་ཉིན་མཚན་ཀུན་ཏུ་བསྒོམ་པར་ཤོག །སྒོམ་སྟོབས་ལས་བྱུང་སྤྱན་དང་མངོན་ཤེས་དང་། །སེམས་ཅན་སྨིན་བྱས་སངས་རྒྱས་ཞིང་རབ་


KMC002_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱངས། །སངས་རྒྱས་ཆོས་རྣམས་འགྲུབ་པའི་སྨོན་ལམ་རྫོགས། །རྫོགས་སྨིན་སྦྱངས་གསུམ་མཐར་ཕྱིན་སངས་རྒྱས་ཤོག །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐུགས་རྗེ་དང་། །རྣམ་དཀར་དགེ་བ་ཇི་སྙེད་ཡོད་པའི་མཐུས། །དེ་ལྟར་བདག་དང་སེམས་ཅན་ཐམས་ཅད་ཀྱི། །སྨོན་ལམ་རྣམ་དག་ཇི་བཞིན་འགྲུབ་གྱུར་ཅིག །ངེས་དོན་ཕྱག་རྒྱ་ཆེན་པོའི་སྨོན་ལམ་ཞེས་བྱ་བ་རྗེ་རང་བྱུང་རྡོ་རྗེས་མཛད་པའོ།། །།བར་དོའི་སྨོན་ལམ་ནི། འདི་ཕྱི་བར་དོར་ལྟོས་པ་ཞུ་བའི་སྐྱབས། །ཡོངས་འཛིན་བླ་མའི་ཚོགས་ལ་གསོལ་བ་འདེབས། །འཁྲུལ་སྣང་བདེན་པར་འཛིན་པའི་ལས་དོན་གྱིས། །འགྲོ་དྲུག་འཁོར་བར་འཁྱམས་པ་དྲང་དུ་གསོལ། །འགྲོ་བའི་གནས་སུ་མ་ཕྱིན་བར་མའི་སྲིད། །རང་དབང་བྲལ་ཏེ་ཤུགས་དྲག་ལས་ཀྱིས་ཡེངས། །དེ་དུས་ལྷག་པར་དམིགས་པའི་གདམས་ངག་གིས། །ལམ་ཁྱེར་མཐའ་དག་ལག་ཏུ་ལོངས་པར་ཤོག །དཔྱད་ན་ཐོག་མཐའ་མི་དམིགས་


KMC002_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

བར་དོ་བྲལ། །འཁྲུལ་ངོར་ལྟོས་འཇོག་རྟེན་འབྲེལ་ཙམ་དུ་ན། །འཁོར་འདས་མ་ལུས་བར་དོར་བསྡུས་པ་ཡི། །རྒྱལ་བའི་བཀའ་ལ་ཡིད་ཆེས་རྙེད་པར་ཤོག །དམ་པའི་དོན་དུ་མཐའ་བྲལ་དབུ་མའི་གཤིས། །གཉིས་འཛིན་གཉིས་ཆོས་ཀུན་གྱི་བར་ན་གནས། །ཐམས་ཅད་དེ་ཉིད་དེ་ཉིད་ཐམས་ཅད་དེ། །གནས་ལུགས་བར་དོའི་རང་ཞལ་མཇལ་བར་ཤོག །ཀུན་རྫོབ་འཁྲུལ་སྣང་བརྒྱུད་མར་འབྲེལ་བའི་མཐུས། །སྒྱུ་མའི་སྔགས་ཀྱིས་ཐེབས་པའི་ལྟད་མོ་བཞིན། །མི་སྲིད་བྱ་བ་ཅི་ཡང་སྲིད་པ་ཡི། །སྣང་ཚུལ་བར་དོར་ངེས་ཤེས་བརྟན་པར་ཤོག །སྐྱེ་ཤི་བར་དོའི་ལུས་ཀྱི་འགྱུར་བ་དང་། །སྙན་དང་མི་སྙན་བར་མའི་བརྗོད་པ་དང་། །བཟང་ངན་སྣ་ཚོགས་ཡིད་བརྟན་མི་རུང་བ། །འདི་དག་ཐམས་ཅད་བར་དོར་ཤེས་པར་ཤེས། །དོན་ལ་མེད་ཀྱང་གཉིད་ཀྱིས་བསླད་པའི་མཐུས། །རྨི་ལམ་སྐྱེས་བུའི་སྤྱོད་འགྲོས་སྣ་ཚོགས་དང་། །སད་ཀྱང་ལེགས་ཉེས་ལྟས་སུ་ཨ་


KMC002_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

འཐས་པ། །རྨི་ལམ་བར་དོའི་འཁྲུལ་པ་སངས་པར་ཤོག །སྲིད་པ་བར་དོ་རྣམ་པ་གསུམ་ཡིན་ཏེ། །དང་པོ་བར་མ་མཐའ་མ་རིམ་བཞིན་དུ། །འོད་གསལ་ཆོས་སྐུ་སྒྱུ་ལུས་ལོངས་སྐུ་དང་། །སྐྱེ་བ་སྤྲུལ་སྐུའི་ལམ་གྱིས་བགྲོད་པར་ཤོག །བར་དོ་དང་པོ་འཆི་སྲིད་འོད་གསལ་ནི། །ས་ཁམས་ཐིམས་པས་ལུས་ཀྱིས་ཟུངས་མི་ཐུབ། །ཆུ་ཁམས་ཐིམ་པས་དབང་པོའི་སྒོ་རྣམས་སྐམ། །མེ་ཁམས་ཐིམ་པས་དྲོད་རྣམ་མཐའ་ནས་སྡུད། །རླུང་ཁམས་ཐིམ་པས་ཕྱི་དབུགས་རྒྱུ་བ་བྲལ། །སྣང་བ་ཐིབ་པས་ཕྱི་རྟགས་དཀར་ལམ་པ། །ནང་གི་རིག་པ་བན་བུན་དུ་བ་འདྲ། །ཞེ་སྡང་ལས་གྱུར་རྟོག་པ་སོ་གསུམ་འགག །མཆེད་པ་ཐིམ་པས་ཕྱི་རྟགས་དམར་ལམ་བ། །རིག་པ་རེས་འགའ་གསལ་ཙམ་མེ་ཁྱེར་འདྲ། །འདོད་ཆགས་ལས་གྱུར་རྟོག་པ་བཞི་བཅུ་འགག །དེ་ཡི་ཚེ་ན་འཆི་འཕོ་ཕལ་ཆེར་གྱིས། །རང་ཉིད་འཆི་བར་ཤེས་ཤིང་སྔར་བྱས་དྲན། །སྐྱེ་བ་ཕྱི་


KMC002_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ཡུལ་དང་ཕ་མ་དང་། །རང་གི་ཚུལ་སོགས་ཡང་ཡང་སྣང་འགྱུར་ཞིང་། །ལས་ཀྱི་ས་བོན་མཐུ་ལྡན་འཇོག་པས་ན། །འདི་ཡི་དུས་སུ་རྒྱལ་བ་ཡབ་སྲས་ཀྱི། །མཚན་དང་གཟུངས་སྔགས་ཟབ་མོ་སྒྲོགས་པ་དང་། །སྔོན་གྱི་དགེ་སྦྱོར་གསོལ་བདེབས་ལ་སོགས་པ། །འཕོ་བའི་མཚམས་སྦྱོར་ཤིན་ཏུ་གལ་ཆེར་གསུངས། །ཐོབ་པ་ཐིམ་པས་ཕྱི་རྟགས་ནག་ལམ་པ། །ནང་གི་རིག་པ་བུམ་ནང་མར་མེ་འདྲ། །གཏི་མུག་ལས་གྱུར་རྟོག་པ་བདུན་འགག་ཅིང་། །གཞན་ཡང་གཟུགས་སྒྲ་དྲི་རོ་རེག་ཆོས་རྣམས། །འཛིན་པའི་རྣམ་ཤེས་དྲུག་པོ་ཐིམ་པ་ཡི། །དེ་དང་དེ་ཡི་ཡུལ་སྣང་ཐིམ་པར་འགྱུར། །དེ་ལྟར་ཕུང་ཁམས་སྐྱེ་མཆེད་མ་ལུས་པ། །དོན་དམ་དཀྱིལ་འཁོར་ཉིད་དུ་འཇུག་པའི་ཚེ། །སྡིག་ཅན་རྣམས་ལ་གཤིན་རྗེའི་འཇིགས་པ་འཆར། །དགེ་གོམས་རྣམས་ལ་བདེ་འགྲོའི་སྣང་བ་འཆར། །ཐིམ་རིམ་དེ་དག་ཡོངས་སུ་རྫོགས་པའི་མཐར། །མ་ལས་ཐོབ་པའི་


KMC002_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

དམར་ཆ་གྱེན་དུ་གཤེགས། །ཕ་ལས་ཐོབ་པའི་དཀར་ཆ་ཐུར་དུ་ལྷུངས། །ཀུན་གཞིའི་རྣམ་ཤེས་སྲོག་རླུང་དང་བཅས་པ། །སྙིང་གར་དབུ་མའི་ནང་དུ་འཛོམ་པ་ཡི། །དྭངས་མ་ལྔ་འདུས་རྟེན་འབྲེལ་ཚོགས་པ་ལས། །སྤྲིན་མེད་ནམ་མཁའ་ལྟ་བུའི་འོད་གསལ་འཆར། །བྱིས་པ་ཆུང་ངུས་ལྷ་ཁང་མཐོང་བ་བཞིན། །ཤར་ཡང་རང་ངོ་མ་ཤེས་སྐད་ཅིག་འཕོ། །དེ་དག་སོ་སོའི་གནས་སྐབས་མ་འཁྲུལ་བར། །དྲན་དང་ཤེས་བཞིན་ཟབ་མོས་མཚམས་སྦྱོར་ཞིང་། །ལམ་གྱི་འོད་གསལ་སྔོན་ནས་གོམས་པའི་མཐུས། །གཞི་ཡི་འོད་གསལ་སྔར་འདྲིས་མི་ལྟར་ཤེས། །བདེ་གསལ་མི་རྟོག་ཁྱད་ཆོས་གསུམ་ལྡན་པའི། །རྩེ་གཅིག་ཏིང་འཛིན་བུ་ཡི་འོད་གསལ་དེ། །རང་བཞིན་གཟོད་ནས་རྣམ་པར་དག་པ་ཡི། །འོད་གསལ་མ་དང་མ་བུ་མཇལ་བར་ཤོག །དེ་ཕྱིར་ཚེ་འདིའི་རྣམ་གཡེང་ཀུན་སྤངས་ནས། །དབེན་པའི་གནས་སུ་མི་གཡོ་གསུམ་ལྡན་པས། །


KMC002_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་སྟོང་འཛིན་མེད་མཉམ་གཞག་ཆེན་པོའི་ངང་། །ཤིན་ཏུ་སྤྲོས་མེད་སྤྱོད་པ་མཐར་ཕྱིན་ཤོག །གལ་ཏེ་བར་དོ་དང་པོ་མ་ཆོད་ན། །རྣམ་ཤེས་སྲོག་གི་རླུང་དང་ལྷན་ཅིག་ཏུ། །ལྟེ་བ་སྨིན་མཚམས་ཚངས་བུག་སྣ་རྣ་བ། ཁ་མིག་བཤང་གཅི་སྒོ་དགུ་གང་རུང་ནས། །ཐལ་བྱུང་ཐོན་ཏེ་བར་སྲིད་སྣང་བ་འཆར། །དེ་ནི་ཕྱི་མ་གར་སྐྱེའི་ཤ་ཚུགས་ཅན། །སྒྱུ་མའི་སྐྱེས་བུ་ལྟ་བུ་ལྟོས་བྲལ་ལུས། །དབང་པོ་ཀུན་ཚང་ལས་ཀྱིས་རྫུ་འཕྲུལ་ལྡན། །ཇི་ལྟར་སྦྲང་བུས་ཉི་ཟེར་འབུགས་པ་བཞིན། །རྡོ་རྗེའི་བྲག་ལ་ཐོགས་པ་མེད་པར་རྒྱུ། །གང་དུ་འདོད་པའི་གནས་སུ་ཡུད་ཀྱིས་ཕྱིན། །ཟས་སུ་དྲི་ཟ་བར་དོ་ཕན་ཚུན་དང་། །བསམ་གཏན་ལས་བྱུང་ལྷ་མིག་དག་པས་མཐོང་། །མཐོ་རིས་འགྲོ་རྣམས་མགོ་བོ་གྱེན་དུ་བལྟ། །ངན་འགྲོར་འགྲོ་རྣམས་ཐུར་དུ་ཕྱོགས་པ་དང་། །ཉི་ཟླ་མེད་ཅིང་ལུས་ལ་གྲིབ་མ་མེད། །ལྷ་མི་དུད་འགྲོ་ཡི་དྭགས་དམྱལ་བའི་ལམ། །དཀར་དམར་


KMC002_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

སེར་སྔོ་ཤིན་ཏུ་གནག་པ་ཡི། །རྣམ་བྱང་འོད་ལྔའི་ལམ་ན་སོ་སོར་འཇུག །སྔོན་མེད་སྒྲ་གཟུགས་འཆར་བ་བར་དོའི་རྟགས། །ཉོན་མོངས་བསྲན་པས་མི་བཟང་མེ་ལྟར་འབར། །རླུང་ཉིད་སྟོབས་སུ་གྱུར་པས་སྡོད་དབང་མེད། །སྐྱོ་ཤས་མྱ་ངན་སྐྲག་སྣང་དུ་མས་གཟིར། །རང་དབང་མེ་འདུས་ཅི་བྱའི་ལྟོས་དང་བྲལ། །ལས་རླུང་དྲག་པོས་ཀུན་ཏུ་འདྲེན་ཞིང་འཕེན། །དེ་ཡི་ཚེ་ཚད་སྤྱིར་ནི་མ་ངེས་ཀྱང་། །ཕལ་ཆེར་བདུན་ཕྲག་བདུན་དང་ལྡན་པ་ལས། །ཉིན་ཞག་ཕྱེད་བཞིའི་བར་དུ་དྲན་པ་ནི། །རེས་གསལ་རེས་མི་གསལ་བ་མྱོས་པ་བཞིན། །རང་ཉིད་ཤིའམ་གསོན་པ་ཐག་མི་ཆོད། །ཟང་ཟིང་ལང་ལོང་སྣང་བས་སེམས་རྒྱུད་འཁྲུག །གཉེན་བཤེས་རྩ་ལག་སྙིང་ཉིའི་གྲོགས་པོ་དང་། །འགྲོགས་པར་འདོད་ཀྱང་དེ་དག་གིས་མི་ཤེས། །སྨྲ་ལ་ལན་མེད་རང་ཉིད་ཆོ་ངེས་འདེབས། །དེ་ནས་སྐབས་ཤིག་ཤི་བར་ངེས་པ་ན། །ཕུང་པོ་རྙིང་པ་ཉེ་དུའི་མྱ་ངན་


KMC002_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །རང་གི་ཡོ་བྱད་བགོ་བ་ལ་སོགས་མཐོང་། །ཕུང་པོ་ལ་ཡང་དང་པོར་དགའ་ཞིང་ཆགས། །ཕྱིས་ནས་མེད་པར་དགའ་བའི་འདུན་པ་འཆར། །དེ་ཉིད་མེར་བསྲེག་ཆུར་དོར་ལ་སོགས་དང་། དེ་ལ་བརྙས་པ་བྱེད་ལའང་ཞེ་སྡང་འཁྲུགས། །ཉེ་དུས་མྱ་ངན་བྱས་པ་མཐོང་བའི་ཚེ། །བོས་ཤིང་ཟློག་ཀྱང་བཟློག་པར་མ་ནུས་ནས། །རང་ཡང་ངུ་ཞིང་བརྒྱལ་ལ་ཐུག་པར་འགྱུར། །གཞན་དག་དགོད་ཅིང་རྩེ་བ་མཐོང་བའི་ཚེ། །ཁོ་བོ་འདི་ལྟར་ཉམ་ཉེས་གྱུར་པ་ལ། །འདི་རྣམས་དགོད་ཅེས་དགྲར་འཛིན་དྲག་པོ་འཆར། །རང་གིས་གཅེས་པ་བསགས་པའི་ནོར་ནས་རྣམས། །གཞན་གྱིས་ལང་ལོང་སྤྱད་པ་མཐོང་བའི་ཚེ། །ཤིན་ཏུ་ཆགས་པས་ནོར་གྱི་ཕྱི་བཞིན་འབྲང་། །བདག་གི་ཤིན་ཏུ་འཕོངས་པའི་དངོས་པོ་འདི། །འདི་ཡིས་མེད་པར་བྱས་ཞེས་ཁོང་ནས་འཁྲུག །དེ་ལྟར་སྲིད་པ་བར་མའི་སྣང་བ་རྣམས། །མན་ངག་མེད་པས་རྨི་ལམ་འབྱམས་པ་བཞིན། །མི་ཤེས་མི་


KMC002_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་འཁྲུལ་བར་ལ་བཟླ་བས། །ལམ་གྱི་ཚོད་འཛིན་རྨི་ལམ་འབྱོངས་པར་ཤོག །ཉིན་གྱི་སྣང་བ་མ་ལུས་སྒྱུ་མ་ལྟར། །རང་བཞིན་སྟོང་པ་ཉིད་དུ་ཝལ་ཝལ་འཆར། །དྲན་འཛིན་མི་དགོས་ངེས་ཤེས་རྒྱུན་བརྟན་པ། །ཡེ་ཤེས་སླེབ་པའི་ཚད་དུ་ཕྱིན་པར་ཤོག །ཐེ་ཚོམ་ཟ་ན་འཁོར་བར་ལྡོག་པའི་དུས། །བདེན་འཛིན་སྐྱེས་ན་བག་ཆགས་ལྡང་བའི་རོ། །དྲན་པས་མི་ཟིན་འབྱམས་པ་གོལ་བའི་ས། །འཁོར་བའི་ཆོམ་རྐུན་གསུམ་ལས་ཐར་བར་ཤོག །གཟུགས་སྣང་ཐམས་ཅད་འཇའ་ལུས་རྡོ་རྗེའི་སྐུ། །སྒྲ་སྐད་ཐམས་ཅད་གྲག་སྟོང་རྡོ་རྗེའི་སྔགས། །སེམས་ཉིད་བདེ་སྟོང་ཟུང་འཇུག་རྡོ་རྗེའི་ཐུགས། །ཟབ་ལམ་སྔགས་ཀྱི་ཐབས་མཁས་ལྡན་པར་ཤོག །རླུང་སེམས་རྩལ་ལས་གྲུབ་པ་སྒྱུ་མའི་ལུས། །འོད་གསལ་ཟག་པ་མེད་པའི་མེས་སྦྱངས་པས། །རྣམ་ཀུན་མཆོག་ལྡན་ཟུང་འཇུག་སྒྱུ་འཕྲུལ་སྐུ། །བར་དོ་ལོངས་སྤྱོད་རྫོགས་པའི་གནས་ཐོབ་ཤོག །


KMC002_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

བར་དོ་གཉིས་པའང་ཆོད་པར་མ་གྱུར་ན། །བར་དོ་གསུམ་པ་སྐྱེ་གནས་བདམ་པ་ནི། །སྔོན་མའི་ལུས་དོར་ཕྱི་མ་མ་ཐོབ་པས། །ཕྱོགས་སླེབ་འགྲོན་པོ་གནས་ལ་སྡོད་པའམ། །གཡུལ་ངོར་རྟ་ལས་ལྷུང་བ་མ་འཇོགས་ལྟར། །སླར་ཡང་སྐྱེ་བ་ལེན་ལ་མངོན་པར་ཕྱོགས། །རང་ཉིད་གང་དུ་སྐྱེ་ཞེས་བརྟག་པ་ན། །ལྷ་ཡི་རིས་སུ་སྐྱེ་བར་འགྱུར་བ་ཡིས། །ལྷ་གནས་ལོངས་སྤྱོད་ཕུན་སུམ་ཚོགས་པ་སོགས། །མཐོང་ནས་དགའ་སྤྲོའི་སེམས་དང་ལྡན་པར་འགྱུར། །རྒྱུ་དེས་འདིར་ཡང་ཕུང་པོ་མདངས་གསལ་ཞིང་། །གཉེན་མཛེས་མིག་ཀྱང་ཟིམ་བུར་གནས་པ་དང་། །དྲི་བཟང་ལྡན་ཞིང་ནམ་མཁར་ལྷ་ཡི་མཐུས། །འཇའ་ཚོན་བཀྲ་དང་མེ་ཏོག་ཆར་སོགས་འབྱུང་། །ལྷ་ཡི་བུ་དང་བུ་མོ་ལ་སོགས་པའི། །གླུ་གར་རྩེད་འཇོ་སྣ་ཚོགས་མཐོང་བ་ལས། །བདག་ཀྱང་འགྲོ་སྙམ་ཆགས་པས་ཉིང་མཚམས་སྦྱོར། །ལྷ་མིན་རྣམས་ནི་ལྷ་དང་ཕྱོགས་མཐུན་ཀྱང་། །ཅུང་ཟད་


KMC002_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ང་རྒྱལ་དག་དང་བཅས་པ་དང་། །ལྷ་མིན་དཔའ་བོ་གོ་ཆ་སྲ་བ་བགོས། །མཚོན་རྣོན་རྣམ་པ་སྣ་ཚོགས་འདེབས་པ་ཡིས། །གློག་ཕྲན་བར་མེད་ལྟ་བུར་འཁྲུག་པ་མཐོང་། །བདག་ཀྱང་འདིར་འགྲོ་སྙམ་དུ་ཆགས་པ་སྐྱེས། །མི་ཡི་འགྲོ་བ་རྣམས་སུ་སྐྱེ་བ་ན། །དེ་དང་དེ་ཡི་འབྱོར་པ་བདེ་སྐྱིད་དང་། །ཕྱི་མའི་ཕ་མ་འདུ་འཕྲོད་མཐོང་བ་ལ། །ཆགས་སྡང་མིག་སེར་དབང་གིས་ཉིང་མཚམས་སྦྱོར། །ཕ་ཡི་དབང་པོའི་སྒོ་རྣམས་གང་རུང་ནས། །ཞུགས་ཏེ་མ་ཡི་མངལ་དུ་གནས་པར་འགྱུར། །དུད་འགྲོ་ཕལ་ཆེར་རྨོངས་པ་ཤས་ཆེ་བས། །ཆགས་སྡང་དྲག་པོའི་དབང་གིས་སྐྱེ་བ་དང་། །ཡི་དྭགས་རྣམས་དང་དུད་འགྲོ་དམན་པ་རྣམས། །རང་གནས་མཐོང་ལ་ཆགས་པའི་བློ་མེད་ཀྱང་། །རྒྱ་མཚོ་འཆོལ་དང་ནགས་ཚལ་བསྲེགས་པ་དང་། །རི་བོ་ཉིལ་དང་དུས་མཐའི་རླུང་གི་སྒྲ། །འཇིགས་རུང་སྐྱེས་བུའི་སྒྲ་སྐད་དྲག་པོ་དང་། །གནོད་སྦྱིན་གཅན་གཟན་སོགས་


KMC002_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྐྲག་པ་དང་། ཁ་ཆར་བུ་ཡུག་སོགས་ཀྱིས་དེད་པ་ལས། །རིང་བར་བྲོས་ཏེ་ས་ཕུག་བྲག་ཕུག་དང་། །སྡོང་དུམ་རྩ་བ་བརྩིག་པའི་བུ་ག་དང་། །ལོ་མའི་གསེབ་སོགས་མུན་ནག་ཁང་བུ་རུ། །ཡིབ་པར་འདོད་པའི་བློ་ཡིས་སྐྱེ་བ་ལེན། །དམྱལ་བའི་ཁམས་སུ་སྐྱེ་བའི་ལས་ཅན་ནི། །ཤོང་ཤོང་རི་དང་ནགས་ཚལ་ལ་སོགས་པར། །དུད་འགྲོ་རི་དྭགས་གསོད་པའི་ལས་མཐོང་ནས ། །བདག་ཀྱང་འགྲོ་བར་སེམས་ཏེ་སོང་བ་ན། །དེ་དག་གཤིན་རྗེའི་སྐྱེས་བུར་གྱུར་པ་ཡིས། །དམྱལ་བའི་གནས་སུ་ཁྲིད་དེ་གསོད་པར་བྱེད། །ཁ་ཅིག་འཆི་ཁར་གཤིན་རྗེའི་ཕོ་ཉ་དག །མཐོང་སྟེ་ཤིན་ཏུ་སྐྲག་པའི་སྣང་བ་འཆར། །རྒྱུ་དེས་ཕུང་པོ་མི་སྡུག་རྣམ་པར་གྱུར། །འཆི་བའི་དུས་སུ་གནར་གཅོད་དྲག་པོ་ཡིས། །རེ་ཞིག་བར་ལ་བརྒྱལ་ཐབས་གྱུར་པ་ལས། །སད་ནས་བདག་ལུས་གང་ཞེས་འཚོལ་བ་ན། །དེ་ཡི་བར་དོའི་ལུས་ནི་གོང་གོང་པོ། །མིག་ནི་སྤྱི་བོའི་གཙུག་ཏུ་ཡོད་སྙམ་པ། །


previousཤོག་ལྷེབ་ ༤༠༡ ནས་ ༥༠༠ བར།next