Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་ཉེར་དྲུག་པ།

27 occurrences of དྲིལ་བུ་
[Clear Hits]


  
  
27   
འདུས་པ་མདོའི་དབང་གི་ཆོ་ག་ཁྲིགས་སུ་བྱས་པ་དཀྱིལ་འཁོར་རྒྱ་མཚོའི་འཇུག་ངོགས་ལས་གླེགས་བམ་གསུམ་པ། རིག་འཛིན་པདྨ་ཕྲིན་ལས།


27 occurrences of དྲིལ་བུ་
[Clear Hits]

 
previousའདུས་པ་མདོའི་དབང་གི་ཆོ་ག་ཁྲིགས་སུ་བྱས་པ་དཀྱིལ་འཁོར་རྒྱ་མཚོའི་འཇུག་ངོགས་ལས་གླེགས་བམ་གསུམ་པ། རིག་འཛིན་པདྨ་ཕྲིན་ལས།no next

འདུས་པ་མདོའི་དབང་གི་ཆོ་ག་ཁྲིགས་སུ་བྱས་པ་དཀྱིལ་འཁོར་རྒྱ་མཚོའི་འཇུག་ངོགས་ལས་གླེགས་བམ་གསུམ་པ། རིག་འཛིན་པདྨ་ཕྲིན་ལས།

འདུས་པ་མདོའི་དབང་གི་ཆོ་ག་ཁྲིགས་སུ་བྱས་པ་དཀྱིལ་འཁོར་རྒྱ་མཚོའི་འཇུག་ངོགས་ལས་གླེགས་བམ་གསུམ་པ་བཞུགས་སོ། །གཉིས་པ་སློབ་མ་འཇུག་ཅིང་དབང་བསྐུར་བའི་རིམ་པ་ནི། རྩ་བར། དེ་ནས་རྒྱལ་ཐེབས་ཀྱིས་གུ་གུལ་དང་བདུད་རྩི་འཁྱིལ་བའི་སྔགས་རིང་གིས་བགེགས་བསྐྲད། སློབ་མ་རྣམས་ལས་མཁན་གྱིས་སྣ་དྲངས་ལ་རུ་ལུ་གར་གྱི་དབྱངས་དང་བཅས་པས་དཀྱིལ་འཁོར་དང་བླ་མ་ལ་བསྐོར་བ་ལན་གསུམ་དུ་བྱས་ཏེ་གྲལ་རིམ་དུ་འདུག་གོ། །ཞེས་གསུངས་པས། སློབ་མ་རྣམས་དཀྱིལ་འཁོར་དུ་ཞུགས་ཟིན་པ་ཡིན་ནའང་གཞུང་གི་དགོངས་པ་ལྟར་བགེགས་གཏོར་སློབ་མ་སྟ་གོན་བཞིན་བཏང་། གུ་གུལ་གྱི་དུད་པས་བདུག །སློབ་མ་རྣམས་འཕྲང་ལ་བཤར་ཏེ་རྒྱལ་ཐེབས་ཀྱིས་བགེགས་བསྐྲད་པར་གསུངས་ཀྱང་རྡོ་རྗེ་སློབ་དཔོན་ཉིད་ཀྱིས་ཡུངས་ཐུན་བརྡེག་ཅིང་བདུད་རྩི་འཁྱིལ་བའི་སྔགས་རིང་ནི། ཕཊ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། ན་མོ་བཛྲ་ཀྲོ་དྷ་ཡ་མ་ཧཱ་དཾཥྚོཾ་ཏ་ཀ་ཊ་བཻ་ར་ཝཱ་ཡ། ཨ་སི་མུ་ས་ལ་དྷཱ་ར་ཡ། པ་ར་ཤུ་པ་ཤ་ཧསྟཱ་ཡ། ཏདྱཱ་ཐ། ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧུ་ལུ་ཧུ་ལུ། ཏིཥྛཱ་ཏིཥྛཱ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། གྲྀཧྞ་གྲྀཧྞ། གརྫ་གརྫ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། སརྦ་བིགྷྣཱན་བི་ནཱ་ཡ་ཀ་ནཱན། མ་ཧཱ་གྷ་ན་པ་ཏི་ཛི་ཝཱི་ཏེ་ཨནྟ་ཀ་ར་ཡ་སྭཱ་ཧཱ། ཞེས་སོགས་དང་ཁྲོ་བོའི་དྲག་སྔགས་གཞན་ཡང་བརྗོད་དེ་བགེགས་བསྐྲད་ཅིང་། ལས་མཁན་གྱིས་སྣ་དྲངས་ལ་རུ་ལུའི་གར་དབྱངས་ཀྱིས་བླ་མ་དང་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་ཏེ་གྲལ་ལ་འཁོད་དེ། རྩ་བར། ད་ནི་སློབ་མ་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་བྱ་སྟེ། འདི་ལ་དོན་བཅུ་བདུན་ལས། དང་པོ་བདག་ཉིད་འཇུག་པ་དང་། གཉིས་པ་སློབ་མ་ཁྲུས་དང་ཞེས་གསུངས་པས་ལས་བུམ་གྱི་ཆུས་ཁྲུས་བྱ་ཞིང་། ཇི་ལྟར་བལྟམས་པ་ཞེས་སོགས་སྔགས་དང་བཅས་པ་བརྗོད་ནས་ཁྲུས་བྱ། མཎྜལ་གྱི་མེ་ཏོག་བཀྱེ་བསྡུ་བྱས་ལ། བླ་མས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཁྱབ་བདག་གདོད་མའི་མགོན་པོ་ཀུན་བཟང་ཧེ་རུ་ཀའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་འདིར་བཅོམ་ལྡན་འདས་ཞི་ཁྲོ་ཚོགས་ཆེན་འདུས་པའི་དཀྱིལ་འཁོར་དུ་ཞུགས་ཏེ་དོན་ཉམས་སུ་བླངས་ཏེ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བགྱིད་སྙམ་པའི་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་གསལ་བཏབ་སྟེ་གསན་འཚལ། གསན་བྱའི་ཆོས་ཀྱི་ངོ་སྐལ་དུ་གྱུར་པ་ནི་འདིར། གསང་སྔགས་རྡོ་རྗེ་ཐེག་པ་ལ། །རྒྱུ་དང་ལམ་དང་འབྲས་བུའི་དབང་། །ཞེས་གསུངས་པའི་ཕྱིར། འདི་ལ་ཡང་འཆད་ཚུལ་མང་ཡང་དང་པོར་དཔོན་སློབ་ཀྱི་རྟེན་འབྲེལ་ལེགས་པར་འགྲིག་པས་རྡོ་རྗེ་ཐེག་པའི་སྨིན་བྱེད་རྒྱུའི་དབང་བཞིས་སྨིན་པར་བྱས་ཏེ། དེ་ཉིད་ལམ་དུས་སུ་ཐུན་བཞིའམ་དྲུག་དང་། ཡང་ན་ཐུན་མཚམས་མེད་པར་དབང་བཞིའི་ལམ་ཉམས་སུ་བླངས་པས་འབྲས་བུ་ཀུན་བཟང་ཡེ་ཤེས་བླ་མའི་ས་ཐོབ་པའི་ཚེ། རྒྱུ་ལམ་འབྲས་བུའི་དབང་ཡོངས་སུ་རྫོགས་པ་ཞེས་བྱ་བ་ཡིན་ལ། དེ་ལྟར་དབང་བསྐུར་བྱེད་པ་ལ་ཡང་རྒྱུད་སྡེ་སོ་སོའི་ལུགས་དང་སྤྱི་བཀའི་ཁོག་ནས་སྒོས་བཀའ་ཚང་བའི་ལུགས་གཉིས་སུ་ཡོད་པ་ལས་ཕྱི་མ་ཡིན། དེ་ལ་ཡང་གང་ཟག་དབང་པོ་ཡང་རབ་རྣམས་ཀྱི་དོན་དུ་སྔ་གྱུར་གཏེར་མའི་ཕྱོགས་སུ་ཐེག་པ་རིམ་དགུའི་སྨིན་བྱེད་ཅིག་ཅར་དུ་བསྐུར་བའི་ལུགས་མང་དུ་ཡོད་ཀྱང་། འདིར་གསང་སྔགས་བཀའ་མ་འདུས་པ་ཆེན་པོ་མདོའི་ལུགས་ཀྱིས་དང་པོར་སྒོ་འབྱེད་ཕྱག་ན་རྡོ་རྗེ་ངན་སོང་ཀུན་འདྲེན་གྱི་དབང་གིས་སྒོ་ཕྱེ་སྟེ་འཇིག་རྟེན་ལྷ་མིའི་ཐེག་པར་དྲངས་ཤིང་གྲུབ་པའི་མཐས་བློ་བསྒྱུར་ཏེ་ཉན་ཐོས་ཀྱི་ཐེག་པར་བཀྲི་ཞིང་། དེ་ཡང་ལམ་དེ་དག་ཁོ་ན་མཆོག་མ་ཡིན་ཞིང་དྲང་བའི་དོན་ཡིན་ཏེ། དགོངས་པ་འདུས་པའི་མདོ་ཆེན་པོ་ལས། བསླུ་བའི་ཐབས་ཀྱིས་གཟུད་པའི་ཕྱིར། །སོ་སོ་མོས་པ་སྣ་ཚོགས་ཀྱིས། །ལྟ་སྤྱོད་རྣམས་དང་མཐུན་འཇུག་ཏུ། །སྦྱར་ནས་བརྟེན་དྲང་ཐབས་སུ་གསུངས། །ཞེས་དང་། དེ་ཡང་ཇི་ལྟར་ལ་ལ་ཞིག །ཆུ་བོ་ཕ་མཐར་འགྲོ་འདོད་པས། །གྲུ་གཟིངས་དག་ལ་བརྟེན་པས་འགྲོ། །མཐར་སོན་པ་ན་འབོར་བ་བཞིན། །ཐབས་སམ་ཐེག་པའི་བྱེ་བྲག་རྣམས། །བརྟེན་པས་དྲང་བའི་ཐབས་ཡིན་ཡང་། །དོན་གྱི་ངེས་པ་རྙེད་མ་ཐག །ཆུ་བོ་བརྒལ་བའི་གྲུ་བཞིན་འདོར། །ཞེས་གསུངས་པའི་ཕྱིར། དཔེར་ན་ཆུ་བོ་བརྒལ་བར་འདོད་པས་གྲུ་གཟིངས་ལ་མ་བརྟེན་པར་འགྲོ་མི་ནུས་ལ། སྐམ་སར་ཐོན་ནས་གྲུ་བརྟེན་ཀྱང་ངལ་བ་དོན་མེད་པར་འབོར་དགོས་པའི་ཕྱིར་ན། ལྷ་མི་ཉན་རང་སོགས་ཀྱི་ཐེག་པ་རྣམས་འབོར་བའི་རྒྱ་མཚོ་ལས་དྲང་བའི་ལམ་རྟེན་གྲུ་གཟིངས་དང་ཆོས་མཚུངས་ལ། དངོས་དོན་བསྒྲུབ་བྱའི་གཙོ་བོ་ནི་ཐེག་པ་ཆེན་པོའི་ལམ་ཡིན་པར་གསུངས་ཤིང་། དེ་ལྟ་བུའི་ཐེག་པ་ཆེན་པོ་དེ་ལ་ཡང་རྒྱུ་ཕ་རོལ་ཏུ་ཕྱིན་པ་དང་། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་གཉིས་སུ་ཡོད་པ་ལས། དང་པོར་རྡོ་རྗེ་ཐེག་པའི་ལམ་རྟེན་ཕ་རོལ་ཏུ་ཕྱིན་པའི་ལམ་བྱང་ཆུབ་སེམས་དཔའི་ཐེག་པར་དཀྲིས་ཏེ། ལམ་དེའི་ཚུལ་རྣམས་ཁོང་དུ་ཆུད་པ་དག །ཀྲྀ་ཡ་དང་། ཨུ་པ་ཡ་དང་། ཡོ་ག་རྣལ་འབྱོར་གྱི་རྒྱུད་རྣམས་སུ་རིམ་བཞིན་དྲངས། མཐར་གསང་སྔགས་བླ་ན་མེད་པ་ཡོ་ག་གསུམ་གྱི་དཀྱིལ་འཁོར་ཆེན་པོར་འཇུག་པའི་སྐབས་ཡིན་པས་ལམ་སྲོལ་འདི་ནི་རྨད་དུ་བྱུང་བ་བསྟན་པ་ཡོངས་རྫོགས་ཀྱི་ཉེ་ལམ་ཆེན་པོར་གྱུར་པ་ཡིན། དེ་ལྟར་ཡོ་ག་གསུམ་ལས་འདིར་ཨ་ནུ་ཡོ་ག་གཙོ་ཆེ་བའི་ཁོག་ནས་ཡོ་ག་གསུམ་གྱི་སྨིན་གྲོལ་གྱི་ལམ་ཚང་ལ་མ་ནོར་བ་བསྟན་པས་དེ་ཁོ་ན་ཉིད་ཀྱི་དོན་མངོན་དུ་འགྱུར་ཞིང་། དེ་ལྟ་བུའི་དོན་ཁོང་དུ་ཆུད་ནས་ལམ་ཐམས་ཅད་གྲོགས་སུ་འགྱུར་བ་ཡིན་ཏེ། དགོངས་འདུས་ལས། དེས་ན་དེ་བཞིན་ཉིད་ཤེས་ན། །ཐམས་ཅད་ཐམས་ཅད་གང་ཡང་རུང་། །དམ་པའི་ལམ་དུ་ངེས་པས་ན། །ལམ་གྱི་ནང་ནས་ཉེ་ལམ་ཡིན། །ཞེས་གསུངས་པའི་ཕྱིར། དེ་ལྟ་བུའི་ལམ་གྱི་འཇུག་སྒོ་ནི་དབང་བསྐུར་ཁོ་ན་སྟེ། དེ་ལ་ཡང་མ་ཐོབ་པའི་ཉེས་དམིགས་དང་། ཐོབ་པའི་ཕན་ཡོན་གཉིས་ལས། དང་པོ་ནི། སྒྱུ་འཕྲུལ་གསང་སྙིང་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པ་མ་བྱས་པར། །ཉན་པ་ལ་སོགས་རྩོམ་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཞེས་གསུངས་པ་དང་། གཉིས་པ་ནི། དེ་ཉིད་ལས། དབུ་རྒྱན་ཅོད་པན་ཕྲེང་བ་དང་། །གོ་ཆ་རྒྱལ་མཚན་ཕྱག་རྒྱ་དང་། །གདུགས་དང་བུམ་པ་བཟའ་བཏུང་དང་། །སྙིང་པོ་ལྔ་ཡི་དབང་བསྐུར་ན། །དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཞེས་གསུངས་ཤིང་། ལུང་སྦྱོར་རྒྱས་པར་གཞན་དག་ཀྱང་སྤྲོའོ། །དེ་ལྟར་གསང་སྔགས་ནང་གི་དབང་བསྐུར་བའི་ཚུལ་ཡང་། རྒྱུད་དེ་ཉིད་ལས། ཕན་པའི་དབང་སྦྱིན་ནུས་པའི་དབང་། རིམ་པ་བཞིན་དུ་སྦྱིན་པར་བྱ། །ཞེས་གསུངས་པ་རྣམས་འོག་ཏུ་རྒྱས་པར་འབྱུང་ཞིང་། དེ་ལྟ་བུའི་དབང་བསྐུར་བའི་ཡོན་འབུལ་ཚུལ་ཡང་། དེ་ཉིད་ལས། དེ་ནས་རིགས་ཀྱི་བུ་མཆོག་དེས། །རྒྱལ་སྲིད་དང་ནི་རང་གི་ལུས། །བུ་དང་ཆུང་མ་ནོར་གྱི་དབྱིག །རབ་ཏུ་གཅེས་དང་ཡིད་འཐད་དབུལ། །ཞེས་དང་། དེ་ལྟར་ཕུལ་བའི་ཕན་ཡོན་ཡང་། དེ་ཉིད་ལས། དབང་ཕྱུག་ལོངས་སྤྱོད་ལྔས་མཆོད་ན། །དཀྱིལ་འཁོར་ཐམས་ཅད་མཆོད་པ་ཡིན། །ཉེ་བའི་དཀྱིལ་འཁོར་སྨོས་ཅི་དགོས། །ཉེས་པ་ཐམས་ཅད་དག་པར་འགྱུར། །ཞེས་གསུངས། །དེ་ལྟར་དབང་བསྐུར་བྱ་ཡང་ལམ་སྲོལ་འདིའི་ལུགས་ཀྱི་དབང་གི་ཆུ་བོ་ཆེན་པོ་བཞི་སྟེ། ཇི་སྐད་དུ། ཡོ་ག་ལ་སོགས་ཐེག་དྲུག་ལ། །ཕྱི་རྒྱུད་དབང་གི་ཆུ་བོས་བྱ། །བསྐྱེད་པ་མ་ཧཱ་ཡོ་ག་ལ། །ནང་དབང་འབྱུང་བའི་ཆུ་བོས་བྱ། །རྫོགས་པ་ཨ་ནུ་ཡོ་ག་ལ། །སྒྲུབ་དབང་གྲགས་པའི་ཆུ་བོས་བྱ། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །གསང་དབང་རྫོགས་པའི་ཆུ་བོས་བྱ། །ཞེས་གསུངས་པའི་དོན་ཕྱི་རྒྱུད་ཀྱི་དབང་གི་ཆུ་བོ་ཆེན་པོ་གྲུབ་ནས། ཡོ་ག་གསུམ་གྱི་དབང་གི་ཆུ་བོ་བྱ་བ་སྐབས་སུ་བབ་པ་ཡིན། དེ་ལྟ་བུའི་དབང་གི་ངོ་བོ་ནི་གདུལ་བྱའི་རྒྱུད་བྱིན་གྱིས་རློབ་པ་ཡིན་ལ། ངེས་ཚིག་ནི་རང་རང་གི་ལྟ་སྒོམ་སྤྱོད་གསུམ་ལ་དབང་བ་སྟེ། དཔེར་ན་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དེས་རྒྱལ་སྲིད་ལ་དབང་སྒྱུར་ནུས་པ་དང་མཚུངས་པའི་ཕྱིར། དབྱེ་བ་ཡང་རྒྱས་པར་ཕྱེ་ན་མང་དུ་ཡོད་ཀྱང་། བསྡུ་ན་རང་ལུགས་སུ་ཡོངས་སུ་འཛིན་པ་དགེ་བའི་བཤེས་གཉེན་གྱི་དབང་། བཀའ་རྟགས་པོ་ཏི་གླེགས་བམ་གྱི་དབང་། ཡེ་ཤེས་ལྷའི་དབང་། རིག་པའི་རྩལ་དབང་དང་བཞིར་ཕྱེ་བའི་ལུགས་ལྟར་ན། ཐེག་པ་རིམ་དགུ་དང་སྦྱོར་བས། བྱང་སེམས་མན་ཆད་ལ་དབང་དང་པོ་སྦྱོར་ཏེ་སོ་སོར་ཐར་པའི་སྐབས། བཅོམ་ལྡན་འདས་ཀྱིས་ཚུལ་ཤོག་བཀའ་སྩལ་པ། །སྐྲ་བྱི་སྣམ་སྦྱར་གྱོན་པའི་ལུས་ལྡན་ཞིང་། །མོད་ལ་དབང་པོ་རབ་ཞི་གནས་གྱུར་ཏེ། །སངས་རྒྱས་དགོངས་པས་ལུས་གཟུགས་བཀབ་པར་གྱུར། །ཞེས་གསུངས་པའི་དོན་ཡང་སངས་རྒྱས་ཀྱི་དགོངས་པས་བྱིན་གྱིས་བརླབས་ཏེ་དགེ་སློང་གི་དངོས་པོར་དབང་བསྐུར་བ་ལྟ་བུ་ཡིན་ལ། དེ་མཚུངས་བྱང་སར་ཡང་བཅོམ་ལྡན་འདས་དགའ་ལྡན་ནས་འཕོ་བའི་ཚེ་བྱམས་པ་རྒྱལ་ཚབ་ཏུ་དབང་བསྐུར་བ་དང་། འོད་ཟེར་ཆེན་པོའི་དབང་བསྐུར་བ་སོགས་ཀྱང་དོན་གྱི་དབང་ཡིན་པའི་ཕྱིར་ན། ཐང་ཡིག་ལས། ཡོངས་སུ་འཛིན་པའི་དགེ་བའི་བཤེས་གཉེན་དབང་། །ཞེས་གསུངས། གཉིས་པ་པོ་ཏི་གླེགས་བམ་གྱི་དབང་ནི། རྒྱལ་པོ་ཛཿའམ་རྒྱལ་པོ་ལུང་བསྟན་རྡོ་རྗེའི་ཁང་ཐོག་ཏུ་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ཀྱི་རྒྱུད་སྡེའི་ཆོས་ཆར་ཆེན་པོ་བབས་པ་ལྟ་བུ་དང་། བོད་ཡུལ་གངས་ཅན་གྱི་ལྗོངས་འདིར་ཡང་དམ་པའི་ཆོས་ཀྱི་དབུ་བརྙེས་པའི་ཐོག་མར་ལྷ་ཐོ་ཐོ་རི་སྙན་ཤལ་གྱི་དུས་ཕོ་བྲང་ཡུམ་བུ་བླ་མཁར་དུ་མདོ་སྡེ་ཟ་མ་ཏོག་དང་དབང་སྐོང་ཕྱག་རྒྱ་པ་སོགས་བབས་པ་ལ་བརྟེན་བསིལ་ལྡན་གྱི་ལྗོངས་འདིར་མདོ་སྔགས་ཀྱི་བསྟན་པ་གཉིས་ལྡན་དར་བར་བྱེད་པའི་རྟེན་འབྲེལ་དོན་གྱི་དབང་ལྟ་བུ་ཡིན་ཏེ། ཐང་ཡིག་ལས། ཆོས་བཀའ་གཏད་པ་པོ་ཏི་གླེགས་བམ་དབང་། །ཞེས་གསུངས། གསུམ་པ་ནི། ཡི་དམ་གྱི་ལྷའི་སྐུ་ཕྱག་རྒྱ་ཆེན་པོའི་གཟུགས་བརྙན་གྱིས་དབང་བསྐུར་པ་རང་གཞུང་ཁོ་ནའི་ཁྱད་ཆོས་ཏེ། ཐང་ཡིག་ལས། རིག་པའི་རྩལ་དབང་ཡི་དམ་ལྷ་ཡི་དབང་། །ཞེས་གསུངས། བཞི་པ་ནི། རིག་པའི་རྩལ་དབང་དངོས་ཨ་ཏི་ཡོ་གའི་དབང་བསྐུར་བ་རྣམས་ཡིན་ཏེ། ཐང་ཡིག་ལས། ཡོངས་རྫོགས་ཕྱག་རྒྱ་ཆེན་པོ་མཆོག་གི་དབང་། །ཞེས་གསུངས་པའི་ཕྱིར། ཁྱད་པར་གསང་སྔགས་ནང་པ་བླ་ན་མེད་པའི་ཕྱོགས་འདིར། བུམ་པ། གསང་བ། ཤེས་རབ་ཡེ་ཤེས། བདེ་བ་ཆེན་པོའམ་དབང་བཞི་པ་སྟེ་བཞིར་ངེས་ལ། དེ་དག་ལ་ཡང་སོ་སོར་རིམ་པ་བཞིན་དུ་དབང་། ལམ། ལྟ་བ། གྲུབ་མཐའ། འདའ་ཁའི་རྣལ་འབྱོར། འབྲས་བུ་སྟེ་དོན་ཚན་དྲུག་ལས། དང་པོ་བུམ་པའི་དབང་ནི། མཚོན་བྱེད་དཔེའི་དཀྱིལ་འཁོར་དུ་རྡོ་རྗེ་སློབ་མའི་དབང་གི་དུས་སུ་རིག་པའི་དབང་ལྔ། བརྟུལ་ཞུགས་རྡོ་རྗེ་སློབ་དཔོན་གྱི་དབང་དང་བཅས་པ་སྟོན་པར་བྱེད་པ་ལ་ཕྱི་ཕན་པའི་དབང་བཅུ་དང་། ནང་ནུས་པའི་དབང་ལྔ། གཉིས་པ་ལམ་ནི། ཕྱི་ནང་གི་ཕུང་ཁམས་སྐྱེ་མཆེད་སྦྱོང་བར་བྱེད་པ་བསྐྱེད་རིམ་གྱི་ལམ། གསུམ་པ་དེ་ལམ་དུ་འཁྱེར་བྱེད་ཀྱི་ལྟ་བ་ནི། སྣང་ཕྱོགས་ཀྱི་ངོ་བོ་ཉིད་གསུམ། སྟོང་ཕྱོགས་ཀྱི་ངོ་བོ་ཉིད་གསུམ། ཟུང་འཇུག་གི་ངོ་བོ་ཉིད་གསུམ་སྟེ་ལྟ་བའི་ངོ་བོ་ཉིད་གསུམ། བཞི་པ་དེའི་གྲུབ་མཐའ་ལ་འཁོར་འདས་དབྱེར་མེད། ལྔ་པ་འདའ་ཁའི་རྣལ་འབྱོར་ལ། སྣང་བ་བསྒྱུར་བ་དང་། འོད་ཀྱི་གོང་བུ་དང་། སྒྲ་ཡིས་འཕོ་བ་སྟེ་གསུམ། བགྲོད་བྱེད་ཀྱི་ཐབས་དེས་ལུས་རྩའི་དྲི་མ་མཐའ་དག་སྦྱངས་ཏེ། དྲུག་པ་འབྲས་བུ་སྤྲུལ་པའི་སྐུ་འགྲུབ་པར་བྱེད་པ་ཡིན་ཏེ། ཤེས་བྱེད་ཀྱི་གཏན་ཚིགས་སུ། དྲི་མེད་བཤགས་རྒྱུད་དེ་བུམ་དབང་གི་བཤགས་པའི་དུས་སུ། བསྐྱེད་རིམ་དབྱིབས་ཀྱི་ལམ་དུ་མ་ཤེས་བཤགས། །ཞེས་ལམ་དང་། ངོ་བོ་ཉིད་གསུམ་ལྟ་བའི་ཀློང་དུ་བཤགས། །ཞེས་ལྟ་བ་དང་། གྲུབ་མཐའ་འཁོར་འདས་དབྱེར་མེད་དང་དུ་བཤགས། །ཞེས་གྲུབ་མཐའ་དང་། མ་རྟོགས་འཆི་དུས་སྣང་བ་བསྒྱུར་བ་དང་། འོད་ཀྱི་གོང་བུ་སྒྲ་ཡིས་འཕོ་མ་ཤེས། །ཞེས་སོགས་འདའ་ཁའི་རྣལ་འབྱོར་དང་། ལུས་ཀྱི་རྩ་ཡི་གཙོ་བོ་ཕལ་པ་རྣམས། །ཡེ་ནས་སྤྲུལ་སྐུར་གནས་པ་མ་ཤེས་ཏེ། །དབྱིབས་ཀྱི་ལྷ་སྐུ་རང་གསལ་སྒོམ་མ་ཤེས། །སྤྲུལ་སྐུ་རང་བཞིན་ལྷུན་གྲུབ་འབྲས་བུར་བཤགས། །ཞེས་གསུངས་པའི་ཕྱིར། གཉིས་པ་གསང་དབང་ནི། རྫས་གསང་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་ནི། ཡབ་དང་། ཡུམ་དང་། གཉིས་ཀ་ལས་ཐོབ་པ་སོགས་དངོས་སམ་ཐབས་དང་བརྡས་བསྐུར། ལམ་བདག་བྱིན་གྱིས་བརླབ་པའི་རིམ་པ་འཁོར་ལོ་ལ་བརྟེན་པ་དང་མ་བརྟེན་པའི་རྫོགས་རིམ་ཟབ་མོ། ལྟ་བ་ཉོན་མོངས་རང་བྱུང་། རྣམ་རྟོག་རང་བྱུང་། སྣྲེལ་གཞི་རང་བྱུང་། གསལ་ཞིང་ཡངས་པའི་རང་བྱུང་སྟེ་རང་བྱུང་གི་ཡེ་ཤེས་བཞི། གྲུབ་མཐའ་མ་འདྲེས་ཡོངས་རྫོགས། འདའ་ཁའི་རྣལ་འབྱོར་འོད་གསལ། བགྲོད་བྱེད་ཀྱི་ཐབས་དེས་ངག་རྩ་ཡི་གེའི་དྲི་མ་སྦྱངས་ཏེ་འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པར་བྱེད་དེ། བཤགས་རྒྱུད་ཀྱི་འཕྲོས་གསང་དབང་གི་བཤགས་པའི་སྐབས་ལས། འཁོར་ལོ་བརྟེན་དང་མ་བརྟེན་མན་ངག་གནད། །བདེ་བ་ཉམས་སུ་ལེན་པའི་ལམ་མ་བསྒོམས། །བདག་ལ་བྱིན་རླབས་ལམ་གྱི་ངང་དུ་བཤགས། །ཞེས་ལམ་དང་། ཉོན་མོངས་དང་ནི་རྣམ་རྟོག་སྣྲེལ་གཞི་སྟེ། །གསལ་ཞིང་ཡངས་པའི་རང་བྱུང་ཡེ་ཤེས་གནས། །ལྟ་བ་རང་བྱུང་ཡེ་ཤེས་ཀློང་དུ་ཞེས་སོགས་ལྟ་བ་དང་། གྲུབ་མཐའ་མ་འདྲེས་ཡོངས་རྫོགས་ངང་དུ་ཞེས་སོགས་གྲུབ་མཐའ་དང་། འདའ་ཁའི་གདམས་ངག་འོད་གསལ་ངང་དུ་ཞེས་སོགས་འདའ་ཁའི་རྣལ་འབྱོར་དང་། འབྲས་བུ་ལོངས་སྤྱོད་རྫོགས་སྐུའི་ངང་དུ་བཤགས། །ཞེས་སོགས་གསུངས་པའི་ཕྱིར། དེ་བཞིན་དུ་དབང་གསུམ་པ་ཡང་། དངོས་སམ་ཡེ་ཤེས་ཀྱི་ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་། དེ་ལམ་མྱུར་མགྱོགས་ཕོ་ཉའི་ལམ་སྟེ་ཐབས་ལམ། ལྟ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས། གྲུབ་མཐའ་བདེ་སྟོང་རྒྱ་ཆུང་བ། འདའ་ཁའི་རྣལ་འབྱོར་ནམ་འཆི་བའི་ཚེ་རྡོ་རྗེ་སེམས་དཔའ་འབྱོན་པར་འགྱུར་བ། བགྲོད་བྱེད་ཀྱི་ཐབས་དེས་ཡིད་ཁམས་བདུད་རྩིའི་དྲི་མ་སྤྱངས་ཏེ་འབྲས་བུ་ཆོས་ཀྱི་སྐུར་གྲོལ་བར་བྱེད་དེ། བཤགས་རྒྱུད་ཀྱི་དབང་གསུམ་པའི་བཤགས་པའི་སྐབས་ལས། ཡུམ་བདག་འདོད་པའི་བྱིན་རླབས་མཉམ་པ་ལ། །འཁོར་ལོ་ཐབས་ཀྱི་ལམ་དུ་ཞེས་སོགས་ལམ་དང་། བདེ་བཞི་ལྟ་བ་ལྷན་སྐྱེས་ངང་དུ་ཞེས་སོགས་ལྟ་བ་དང་། བདེ་སྟོང་རྒྱ་ཆུང་གྲུབ་མཐའ་མ་རྟོགས་པ། །ཞེས་སོགས་གྲུབ་མཐའ་དང་། འདའ་ཁ་རྡོ་རྗེ་སེམས་དཔའི་ངང་དུ་ཞེས་འདའ་ཁའི་རྣལ་འབྱོར་དང་། འབྲས་བུ་ཆོས་ཀྱི་སྐུ་ཡི་ངང་དུ་ཞེས་སོགས་གསུངས་པའི་ཕྱིར། དེ་ལྟར་དབང་བཞི་པ་ཡང་། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་རིག་པ་རྩལ་གྱི་དབང་། དེའི་ལམ་རོ་རྐྱང་དབུ་གསུམ་གྱི་རྡོ་རྗེ་རླབས། ལྟ་བ་ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པ། གྲུབ་མཐའ་བདེ་སྟོང་རྒྱ་ཆེ་བ། འདའ་ཁའི་རྣལ་འབྱོར་ཕྱག་རྒྱ་ཆེན་པོ། བགྲོད་བྱེད་ཀྱི་ཐབས་དེ་ཉིད་ཀྱིས་ཡེ་ཤེས་རླུང་གི་དྲི་མ་སྦྱངས་ཏེ། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པར་འགྱུར་བ་སྟེ། བཤགས་རྒྱུད་ཀྱི་བདེ་བ་ཆེན་པོའི་བཤགས་པའི་སྐབས་ལས། རྡོ་རྗེ་རྦ་རླབས་ལམ་གསུམ་ངང་དུ་ཞེས་སོགས་ལམ་དང་། ལྟ་བ་ཆོས་རྣམས་རྣམ་དག་ངང་དུ་ཞེས་སོགས་ལྟ་བ་དང་། བདེ་སྟོང་རྒྱ་ཆའི་གྲུབ་མཐའ་ཞེས་སོགས་གྲུབ་མཐའ་དང་། འདའ་ཁ་ཕྱག་རྒྱ་ཆེན་པོའི་ངང་དུ་ཞེས་སོགས་འདའ་ཁའི་རྣལ་འབྱོར་དང་། འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་རུ་ཞེས་སོགས་ཀྱང་གསུངས་པའི་ཕྱིར་རོ། །དེ་ལྟར་དབང་དེ་རྣམས་བསྐུར་བར་བྱེད་པའི་བླ་མའང་བཞིར་ངེས་ཏེ། སྒྲོ་འདོགས་གཅོད་བྱེད་ཀྱི་བླ་མས་བུམ་དབང་། ཡེ་ཤེས་སྟོན་བྱེད་ཀྱི་བླ་མས་གསང་དབང་། ལྷན་སྐྱེས་སྟོན་བྱེད་ཀྱི་བླ་མས་དབང་གསུམ་པ། དེ་ཉིད་སྟོན་བྱེད་ཀྱི་བླ་མས་དབང་བཞི་པ་རྣམས་བསྐུར་བར་བྱེད་དགོས་པ་ཡང་དྲི་མེད་བཤགས་རྒྱུད་ཀྱི་གླེང་གཞིའི་སྐབས་ལས། ལམ་ལ་གནས་པའི་བླ་མ་དམ་པ་ནི་བཞི་ཞིག་ཡོད་དེ། ཕྱི་སྒྲོ་འདོགས་ཡོངས་སུ་གཅོད་པར་བྱེད་པའི་བླ་མ་དམ་པ་དང་། ནང་རང་བྱུང་གི་ཡེ་ཤེས་སྟོན་པར་བྱེད་པའི་བླ་མ་དམ་པ་དང་། གསང་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྟོན་པར་བྱེད་པའི་བླ་མ་དམ་པ་དང་། མཐར་ཐུག་དེ་ཁོ་ན་ཉིད་ཀྱི་བླ་མ་ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་དེ་ཁོ་ན་ཉིད་སྟོན་པར་བྱེད་པའི་བླ་མ་དམ་པའོ། །ཞེས་གསུངས་ལ། དེ་ལྟ་བུའི་བླ་མ་དམ་པ་དེས་གདུལ་བྱའི་རྒྱུད་ལ་བརྟགས་ཏེ་སྡུག་བསྔལ་གསུམ་གྱི་མཚང་བསྟན་པ་མ་དག་པའི་སྣང་བ་དང་། ལམ་སྒོམ་པའི་རྣལ་འབྱོར་གྱི་ཐབས་བསྟན་པ་ལས་བྱུང་བའི་ཉམས་ཀྱི་སྣང་བ་དང་། ལམ་དེས་འབྲས་བུ་གྲུབ་པའི་ཚུལ་ལ་སྤྲོ་བ་བསྐྱེད་པ་དག་པའི་སྣང་བ་གསུམ་གྱིས་རྒྱུད་སྦྱངས། ཀུན་གཞི་རྒྱུའི་རྒྱུད་ལྟ་བས་གཏན་ལ་ཕབ། ལུས་ཐབས་ཀྱི་རྒྱུད་དབང་བཞིའི་ལམ་གྱིས་སྦྱངས། ཕྱག་རྒྱ་ཆེན་པོ་འབྲས་བུའི་རྒྱུད་རང་བྱུང་ལྷུན་གྲུབ་ཏུ་ངོ་སྤྲད། དེ་དག་ཀྱང་རྒྱུ་ལམ་འབྲས་བུའི་རྣལ་འབྱོར་གསུམ་གྱི་ས་བསྡུས་ཏེ། མདོར་ན་དེ་དག་ཀྱང་བླ་མའི་སྙན་རྒྱུད་ཚད་མ་གདམས་ངག་གི་སེལ་མེད་པ་དང་། དེ་ཉིད་ཉམས་མྱོང་ཚད་མས་གཏན་ལ་འབེབས་པ་དང་། དེ་ལ་ངེས་ཤེས་བསྐྱེད་ཕྱིར་རྟོགས་བརྗོད་དང་ལོ་རྒྱུས་ཚད་མ་དང་སྦྱར་བ་དང་། རྒོལ་བ་ངན་པའི་ཀླན་ཀའི་དྲི་མ་མེད་པའི་ཕྱིར། མདོ་རྒྱུད་ཀྱི་བཀའི་ལུང་ཚད་མ་སྟེ་དབང་བཞིའི་ཆུ་བོ་མ་ནུབ་པའི་དབང་རིག་འཛིན་བརྒྱུད་པའི་བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པ་དེ་ཉིད་གདམས་ངག་གི་སྣ་ཁ་མ་ལོག་པར་གདུལ་བྱའི་མོས་གུས་ཀྱི་བསམ་པ་ཚིམ་པར་བྱས་ཏེ། ཕྱི་ནང་གསང་གསུམ་གྱི་རྟེན་འབྲེལ་ཡང་དག་པར་བསྒྲིགས་ལ། ལྟ་སྒོམ་སྤྱོད་གསུམ་གྱི་སྒོ་ནས་གསང་སྔགས་ཀྱི་ལམ་བཟང་པོར་འཇུག་པའི་ཚུལ་ལེགས་པར་འཆད་པ་ཤིན་ཏུ་འཐད་དེ། དྲི་མེད་རྒྱལ་པོ་བཤགས་རྒྱུད་ལས། ཁྱད་པར་དུ་ཡང་མ་དག་པའི་སྣང་བ་དང་། ཉམས་ཀྱི་སྣང་བ་དང་། དག་པའི་སྣང་བ་རྣམས་མ་རྟོགས་པ་དང་། ཀུན་གཞི་རྒྱུའི་རྒྱུད་དང་། ལམ་ཐབས་ཀྱི་རྒྱུད་དང་། ཕྱག་རྒྱ་ཆེན་པོ་འབྲས་བུའི་རྒྱུད་མ་རྟོགས་པ་དང་། རྒྱུའི་རྣལ་འབྱོར་དང་། ལམ་གྱི་རྣལ་འབྱོར་དང་། འབྲས་བུའི་རྣལ་འབྱོར་མ་རྟོགས་པ་དང་། བདེ་བར་གཤེགས་པའི་བཀའ་ཡང་དག་པ་ལུང་གི་ཚད་མ་དང་། རྣལ་འབྱོར་གྱི་དབང་ཕྱུག་ཉམས་མྱོང་རྗེས་སུ་དྲན་པའི་ཚད་མ་དང་། བླ་མ་རྡོ་རྗེ་སློབ་དཔོན་སྙན་ཁུང་བརྒྱུད་པ་མན་ངག་གི་ཚད་མ་དང་། དངོས་པོའི་མཐའ་རྟེན་ཅིང་འབྲེལ་བར་འབྱུང་བ་ལོ་རྒྱུས་ཀྱི་ཚད་མ་མ་རྟོགས་པ་དང་། དེ་དག་རྟོགས་པར་བྱ་བའི་ཕྱིར་འདི་དག་བཤད་དེ། དབང་གི་ཆུ་བོ་མ་ནུབ་པ་དང་། བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པ་དང་། གདམས་ངག་གི་སྣ་ཁ་མ་ལོག་པ་དང་། མོས་གུས་ཀྱི་བསམ་པ་ཚིམ་པར་ནུས་པའི་ཕྱིར། ཕྱིའི་རྟེན་འབྲེལ་དང་། ནང་གི་རྟེན་འབྲེལ་དང་། གསང་བའི་རྟེན་འབྲེལ་དང་། མཐར་ཐུག་དེ་ཁོ་ན་ཉིད་ཀྱི་རྟེན་འབྲེལ་བསྒྲིགས་ཏེ། བདེ་བར་གཤེགས་པའི་བཀའ་ཚད་མ་དང་། བླ་མའི་མན་ངག་ཚད་མ་དང་། རང་གི་རིག་པ་ཚད་མས་གཏན་ལ་ཕབ་སྟེ། ལྟ་བའི་དུག་ཕྱུངས། སྒོམ་པའི་བདུད་རྩི་བསྟེན། སྤྱོད་པས་ལ་དོར་ནས་གསང་སྔགས་གསང་བའི་ལམ་ལ་ཞུགས། ཞེས་གསུངས་པའི་ཕྱིར་རོ། །མདོར་ན་དེ་དག་བཤད་གཞི་ཙམ་མ་ཡིན་པར་མངོན་སུམ་གྱི་སྤྱོད་ཡུལ་དུ་བྱར་རུང་བས་བླ་མ་གདམས་ངག་ཅན་ཞིག་ངེས་པར་བསྟེན་དགོས་ཤིང་། ཁྱད་པར་འཁྲུལ་པ་མེད་པའི་ལམ་འདི་ལྟར་འཇུག་རུང་ངམ། བརྟེན་རུང་གི་སྐལ་པ་བཟང་པོ་དང་ལྡན་པ་ཡིན། དེའི་ཐབས་ཀྱི་གཙོ་བོ་འདིར་སྐབས་སུ་བབས་པ་སྨིན་བྱེད་དབང་གི་ལས་བྱ་བའི་སྐབས་ཡིན་ལ། དེ་ལ་ཡང་སློབ་དཔོན་གྱི་བྱ་བ་དང་། སློབ་མའི་བྱ་བ་གཉིས་སུ་ཡོད་པ་ལས། སློབ་དཔོན་གྱི་བགྱི་བར་འོས་པ་མཐའ་དག་ཁ་སང་ནས་ལེགས་པར་གྲུབ་པའི་ཚུལ་ཀུན་གྱིས་ཉམས་སུ་མྱོང་བ་དེ་བཞིན་ལགས། འདིར་སློབ་མའི་བགྱི་བར་འོས་པ། རྩ་བའི་དབང་དུ་སློབ་མ་འཇུག་པའི་ཆོས་བཅུ་བདུན་དུ་གསུངས་པའི་དང་པོ་སློབ་དཔོན་གྱི་བདག་འཇུག་དང་། གཉིས་པ་ཁྲུས་བྱ་བ་གཉིས་གྲུབ་པའི་སྐབས་འདིར། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཀུན་ཏུ་བཟང་པོ་དང་ཐ་མི་དད་པའི་ཞབས་དྲུང་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་མཚམས་སྦྱར་ལ་མཎྜལ་འབུལ། རྩ་བར། གསུམ་པ་མིག་དགབ་པ་སོང་ནས། ཞེས་འབྱུང་བས་མིག་དར་དམར་པོ་འཆིང་ཞིང་། འཁྲུལ་གཞིའི་དོན་དུ་མིག་དར་བཅིངས་པར་མོས་མཛོད། ༀ་ཙཀྵུ་བནྡྷ་ཝཱ་ར་མ་ན་ཡེ་སྭཱ་ཧཱ། ཞེས་མིག་དར་འཆིང་། དར་སྣ་ལྔའི་ཅོད་པན་མེ་ཏོག་གི་ཕྲེང་བ་ལྔ་བརྒྱུས་པ་བྲིམ་ཞིང་། དཀྱིལ་འཁོར་གྱི་ལྷ་རྣམས་དང་མཇལ་བའི་ཚེ་ཕྱག་རྟེན་མཚོན་པའི་མེ་ཏོག་གི་ཕྲེང་བ་གཏད་པར་མོས་མཛོད། ཨཱ་ཁཾ་ཝཱི་ར་ཧཱུཾ། ཞེས་བྲིམ་མོ། །རྩ་བར། བཞི་པ་སློབ་མ་དཀྱིལ་འཁོར་དུ་འཇུག་པ་བཟོད་པར་གསོལ་བ་ནི། ཞེས་གསུངས་པའི་དོན་བླ་མས་བཞེངས་ཏེ་དཀྱིལ་འཁོར་ཕྱོགས་སུ་ཐལ་མོ་སྦྱར་ཏེ། རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕོ་བྲང་སྙིང་པོའི་དཀྱིལ་འཁོར་འདིར། །བདག་གིས་སློབ་མ་གཞུག་པར་བགྱི། །བཟོད་པར་མཛད་དེ་དགོངས་སུ་གསོལ། །ཞེས་གསོལ་བ་བཏབ་པས། ལྷ་རྣམས་དགྱེས་པས་ཆུ་གཅིག་ཅེས་བཀའ་གནང་བར་བསམ་མོ། །ལྔ་པ་དྲི་བ་ནི། བུ་ཁྱོད་དགའ་བ་ཅི་ལ་དགའ། །བུ་ཁྱོད་དད་པ་ཅི་ལ་དད། །ཁྱོད་ཀྱི་དགོས་པ་ཇི་ལྟ་བུ། །ད་ལྟ་ཉིད་དུ་འདིར་སྨྲོས་ཤིག །ཅེས་བྱ། སློབ་མས་དེའི་ལན་དུ་འདིའི་རྗེས་ཟློས་བྱ་སྟེ། བདག་ནི་སྐལ་ལྡན་བདེ་ཆེན་ཏེ། །རབ་དགྱེས་འཕྲུལ་ལ་བདག་དགའ་འོ། །བྱང་ཆུབ་སེམས་ལ་བདག་དད་དོ། །ཐེག་ཆེན་ཆོས་ལ་བདག་མོས་སོ། །ཞེས་ལན་གསུམ་བྱས་ལ། གསོལ་བ་གདབ་པ་ནི། འདིའི་རྗེས་ཟློས་བྱ་སྟེ། རྩ་བར། ཨེ་མ་བདེ་གཤེགས་སྙིང་པོའི་དོན། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཁྱེད་ཀྱི་རབ་ཏུ་བསྟན་དུ་གསོལ། །ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཀྱིས། །རྡོ་རྗེའི་ལམ་ནས་དྲངས་ནས་ཀྱང་། །འདུས་པ་ཆེན་པོའི་དཀྱིལ་འཁོར་དུ། །བྱིན་རླབས་དབང་མཆོག་བླང་བར་བགྱི། །ཞེས་བྱའོ། །དྲུག་པ་ལུས་དབུལ་བ་ནི། རྩ་བར། ལུས་དབུལ་བའི་ཚིགས་བཅད་ཙམ་ལས་མ་བྱུང་ཡང་འདིའི་དོན་ནི། གསང་སྔགས་བཀའ་མ་འདིར། བདེ་གཤེགས་དབང་ཕྱུག་སེམས་ཅན་ལ། །དགོས་པ་གསུམ་ཕྱིར་ལུས་འབུལ་ལོ། །ཞེས་གསུངས་པའི་བདེ་གཤེགས་ནི་འདས་པའི་སངས་རྒྱས། དབང་ཕྱུག་ནི་བླ་མ་སྟེ་ད་ལྟར་གྱི་སངས་རྒྱས། སེམས་ཅན་ནི་མ་འོངས་པ་ན་སངས་རྒྱས་སུ་འགྱུར་བས་མ་འོངས་སངས་རྒྱས་ཏེ། དེ་དག་དུས་གསུམ་དུ་བཞུགས་པའི་ཕྱིར་མཁས་གྲུབ་སེ་སྟོན་རིན་ཆེན་རྒྱལ་མཚན་གྱིས་ཚིག་གི་མཐའ་ཅུང་ཟད་བསྒྱུར་ཏེ། བདག་དང་མཐའ་ཡས་སེམས་ཅན་རྣམས། །དུས་གསུམ་བཞུགས་ལ་ལུས་འབུལ་ལོ། །ཞེས་གསུངས་ཤིང་། དགོས་པ་གསུམ་ནི། བདེ་གཤེགས་ལ་ལུས་ཕུལ་བས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཡེ་ཤེས་ཐོབ་པའི་དགོས་པ་དང་། བླ་མ་ལ་ལུས་ཕུལ་བས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཐོབ་པའི་སྣོད་དུ་རུང་བ་དང་། སེམས་ཅན་ལ་ལུས་ཕུལ་བས་སེམས་ཅན་གྱི་དོན་མཐར་ཕྱིན་པར་བྱ་བ་ཡིན་པར་བཤད་ཅིང་། དེ་དག་གི་དོན་ནི། རྡོ་རྗེ་ལས་རིམ་དུ། ཕྱོགས་བཅུ་སྲས་དང་བཅས་པ་དང་། །དབང་ཕྱུག་སངས་རྒྱས་ད་ལྟ་བདག །མ་འོངས་རང་བཞིན་སེམས་ཅན་ལ། །དགོས་པ་གསུམ་ཕྱིར་ལུས་དབུལ་བྱ། །མཆོག་གི་ཡོན་ཕྱིར་སྣོད་དུ་འགྱུར། །ཞེས་གསུངས་པས། དབང་གི་ཡོན་གྱི་མཆོག་བདག་གི་ལུས་དུས་གསུམ་དུ་བཞུགས་པའི་རྒྱལ་བ་དེ་དག་ལ་འབུལ་དགོས་པས་ཡིད་རྩེ་གཅིག་དེའི་དོན་བཞི་པས་ཐལ་མོ་སྦྱར་ཏེ་རྗེས་ཟློས་བྱ་བ་ནི། རྩ་བར། ཧཱུཾ། འབྱུང་ལུས་གདོས་པས་བཅིངས་པའི་ཕུང་པོ་འདི། །བདག་མེད་རྒྱལ་བའི་ཞིང་དུ་སྦྱར་བའི་ཕྱིར། །ལུས་སོགས་རྫས་ཀྱི་མཆོད་པ་དམ་པ་འདིས། །བླ་མེད་སྨན་པའི་མཆོད་པར་འབུལ་ལགས་ན། །གཉིས་སུ་མེད་པའི་ཚུལ་གྱིས་དགོངས་ནས་སུ། །བླང་དོར་མེད་པའི་ཚུལ་གྱིས་བཞེས་སུ་གསོལ། །ཞེས་བྱའོ། །བདུན་པ་ལུས་བསྲུང་ནི། རྩ་བར། བི་ཤྭ་བཛྲས་བགེགས་བསྐྲད་ལ། ཞེས་གསུངས་པའི་དོན་དཀྱིལ་འཁོར་ལྷ་ཚོགས་ཀྱི་ཐུགས་ཀ་ནས་ཁྲོ་བོའི་ཚོགས་སྤྲོས་ཏེ་དབང་ལེན་པ་ལ་བར་དུ་གཅོད་པའི་བགེགས་རིགས་རྣམས་བསྐྲད་པར་མོས་མཛོད། ན་མོ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཞིང་ཁམས་དག་པ་མི་ཟད་པ་རྒྱན་གྱི་འཁོར་ལོའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་འདིར་འདུས་པའི་སློབ་བུ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་འབྱུང་པོ་ཐམས་ཅད་འདིར་མ་གནས་པར་དེངས་ཤིག །ཡུངས་ཐུན་འཐོར་ཞིང་། ཧཱུཾ་ཧཱུཾ་ཧཱུཾ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜལ་ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཧ་ལ་ཧཱུཾ། ཞེས་སྤྲུལ་པ་སྤྲོ་ཞིང་། སུམྦྷས་ཀྱང་བགེགས་བསྐྲད་དོ། །རྩ་བར། སློབ་མའི་ཀླད་པ་དུང་ཁང་དུ་ཉི་མའི་འོད་ཀྱིས་ལུས་ཐམས་ཅད་ཁྱབ། ཨ་ཡུ་ཧཱུཾ་ཛཿས་ཚེའི་ངོ་བོ་མུ་ཏིག་དཀར་པོ་ལྟ་བུ། བྷྲཱུཾ་ལས་ཟླ་གམ་དམར་པོ་སྒོ་གཅིག་པའི་ནང་དུ་ༀ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ་གིས་ཧཱུཾ་ཀཱ་ར་བསྐྱེད། ༀ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལས་མི་གཡོ་བས་སྒོ་བསྲུང་བ་བསམ། རང་དཔལ་གྱི་སོར་མོ་བཅུར་ཉི་ཟླ་ལ་ཡིག་འབྲུ་བཅུ་ལས་རིགས་ལྔ་ཡབ་ཡུམ་གྱི་འཕྲོ་འདུ་བྱས་ཏེ། ཞེས་གསུངས་པའི་དོན་སློབ་མའི་ཀླད་པ་དུང་ཁང་དུ་ཉི་མའི་འོད་ཀྱིས་ལུས་ཐམས་ཅད་ཁྱབ། བླ་མའི་ཐུགས་ཀའི་ས་བོན་ལས་ཡི་གེ་བྷྲཱུཾ་རེ་སློབ་མ་རྣམས་ཀྱི་དཔྲལ་བར་འཕྲོས། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཞེས་བརྗོད་པས། ཟླ་གམ་དམར་པོའི་ཁང་ཁྱམས་སྒོ་གཅིག་པ་སྒོ་ཁྱུད་ཅན་ཞིག་བསམ། དེའི་ནང་དུ་ཨ་ཡུཿཧཱུཾ་ཛཿ ཞེས་བརྗོད་པས་སློབ་མ་དེ་རྣམས་ཀྱི་ཚེའི་དངོས་པོ་ཐམས་ཅད་མུ་ཏིག་དཀར་པོ་ལྟ་བུར་བསྡུས་ཏེ་ཧཱུཾ་ལ་ཐིམ། ༀ་བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཕཊ། ཅེས་བརྗོད་པས་ཧཱུཾ་ཀཱ་ར་སྔོ་ནག་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་དང་གཡོན་སྡིགས་མཛུབ་ཅན་དུ་བསམ། ཟླ་གམ་གྱི་སྒོ་ཁྱུད་ལ། ༀ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུཾ་ཕཊ། ཅེས་བརྗོད་པས་ཁྲོ་བོ་མི་གཡོ་བ་ལྗང་ནག་རལ་གྲི་དང་སྡིགས་མཛུབ་ཀྱིས་ཞགས་པ་བསྣམས་པས་སྒོ་བསྲུང་བར་བསམ། སློབ་དཔོན་བདག་ཉིད་དཔལ་ཆེན་པོར་གསལ་བའི་སོར་མོ་བཅུ་ལས་གཡས་ཀྱི་སོར་མོ་ལྔ་ལ་ཉི་མའི་གདན་ལ། ཧཱུཾ་ༀ་སྭཱ་ཨཱཾ་ཧཱ་སྟེ། འབྲུ་ལྔ་ལས་རིགས་ལྔ་ཡབ་ལྔ། གཡོན་གྱི་སོར་མོ་ལྔ་ལ་ཟླ་བའི་གདན་ལ། མཱུཾ་ལཱཾ་མཱཾ་པྱཱཾ་ཏཱཾ་སྟེ་འབྲུ་ལྔ་ལས་ཡུམ་ལྔ། སུ་ར་ཏ་སྟྭཾ། ཞེས་སྦྱར་བས་རིགས་ལྔ་ཡབ་ཡུམ་སྦྱོར་བ་མཛད་པར་བསམ། བཛྲ་ཨཉྫ་ལི། ཞེས་ཕྱག་རྒྱ་བསྣོལ། བཛྲ་བྷནྡྷ། ཞེས་ཕྱག་རྒྱ་བསྡམས་ཏེ་བདེན་པ་བརྗོད་པ་ནི། རྩ་བར། ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཞིང་ཁམས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་གང་ཟག་འདི་དག་གི་རྒྱུད་ལ་ཡོད་པའི་ལས་དང་ཉོན་མོངས་པའི་སྒྲིབ་པ་དང་། ལྟ་བ་དམན་ཞིང་ཤེས་རབ་ཞན་པའི་སྒྲིབ་པ་དང་། ཁྱད་པར་དུ་གསང་སྔགས་ཟབ་མོའི་དབང་ནོད་པའི་སྒྲིབ་པ་གང་ཡོད་པ་ཐམས་ཅད་སྐད་ཅིག་ཙམ་ལ་བྱང་ཞིང་དག་པར་གྱུར་ཅིག །བཛྲ་བྷནྡྷ་ཊ་ཐ། ཞེས་པའི་སྔགས་མང་དུ་བརྗོད་ཅིང་ཕྱག་རྒྱ་བཀྲོལ་ཏེ་སྤྲུགས་པས་རིགས་ལྔ་ཡབ་ཡུམ་སྦྱོར་བ་མཛད་པ་བྱང་ཆུབ་ཀྱི་སེམས་སུ་ཞུ་བའི་འོད་ཟེར་གྱིས་སློབ་མ་རྣམས་ཀྱི་སྒྲིབ་པ་མ་ལུས་པར་སྦྱངས་པས་ཤེས་རྒྱུད་ཤེལ་ལྟར་དག་པར་བསམ། བཛྲ་ཨ་བེ་ཤ་ཡ་ཨཱ་ལས་ཁྲོ་བོ་ཧཱུཾ་ཀཱ་ར་དང་མི་གཡོ་བ་གཉིས་འོད་དུ་ཞུ་བས་སློབ་མའི་རྣམ་ཤེས་དང་གཅིག་ཏུ་གྱུར་ཏེ། ལུས་བཀྲག་མདངས་དང་ལྡན་པར་བསམ་ཞིང་མཐར་ལུས་ཀྱང་དངུལ་ཆུ་ཞུན་མ་ལྟ་བུར་གནས་པར་གྱུར། དེ་ནས་རང་གང་མོས་ཀྱི་ལྷར་བསྐྱེད་ལ་གོ་བགོ་ལུས་བསྲུང་ངོ་། །ཞེས་གསུངས་པའི་དོན་ནི། སྐད་ཅིག་གིས་སློབ་མ་པད་ཟླའི་གདན་ལ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་གཡས་རྡོ་རྗེ་ཐུགས་ཀ་དང་གཡོན་ དྲིལབུ next hit་དཀུར་བརྟེན་པ་རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་གསོལ་བ་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པར་གྱུར། ༀ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་བཞིན་དུ་ཐོག་མཐའ་འདྲ་བར། ཨཱ་དཪྴ། ས་མ་ཏཱ། པྲ་ཏྱ་བཻ་ཀྵ་ཎ། ཀྲྀ་ཏྱཱ་ནུཥྛ་ན་སོགས་ཕྱག་རྒྱ་དང་བཅས་ཏེ་ཡེ་ཤེས་ལྔས་དབང་བསྐུར། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་བཞིན་དུ་ཝཱ་ཀ་བཛྲ། ཙིཏྟ་བཛྲ་སོགས་ཀྱིས་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་བོ། །གོ་བགོ་བ་ནི་རྡོ་རྗེ་གོ་ཆའི་ཕྱག་རྒྱ་བཅས་ཏེ། བཛྲ་ཀཱ་ཝཱ་ཙི་རཀྵ་རཀྵ། ཞེས་བརྗོད་པས་ལུས་མགོ་མཇུག་ཐམས་ཅད་རྡོ་རྗེའི་གོ་ཁྲབ་ཀྱིས་གཏམས་པར་བསམ། སྔར་ལྟར་ལག་གཉིས་ཀྱི་མཛུབ་མོ་གཉིས་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་དང་མི་འཆི་ཐལ་སྦྱོར་གྱི་རང་བཞིན་ཅན་གྱིས་གནས་དྲུག་ཏུ་བསྲུང་བའི་ཕྱག་རྒྱ་བཅས་པས་གསང་གནས་སུ་ཁྲོ་བོ་གཉིས་གཤིབས་ཏེ་ཞལ་ཕྱིར་བསྟན་བཞེངས་པའི་ཚུལ་དུ་བསྲུང་། ལྟེ་བར་ཁྲོ་བོ་གཉིས་དབུ་སྤྲད་བཅུ་དྲུག་མདོར་ཞབས་སྤྲད་དེ་སྐེ་རགས་ཀྱི་ཚུལ་དུ་བསྲུང་། རྒྱབ་ཀྱི་ཚིགས་པ་བདུན་པར་དབུ་སྤྲད་སྙིང་གར་ཕྱག་སྤྲད་དེ་སྟོད་ཆིངས་ཀྱི་ཚུལ་དུ་བསྲུང་། མགྲིན་པར་ཁྲོ་བོ་གཉིས་གཤིབས་ཏེ་བཞེངས་པའི་ཚུལ་དུ་བསྲུང་། དཔྲལ་བར་དབུ་སྤྲད་ལྟག་ཁུང་དུ་ཞབས་སྤྲད་དེ་ཐོད་ཁྱེར་གྱི་ཚུལ་དུ་བསྲུང་། སྤྱི་བོར་བཞེངས་པའི་ཚུལ་གྱིས་བསྲུང་བར་བསམ་ལ་གནས་དེ་དག་ཏུ་ཕྱག་རྒྱའི་མཛུབ་མོ་གཉིས་བསྣོལ་ཞིང་། ༀ་ཏྲུཾ་ཞེས་བརྗོད་དོ། །བརྒྱད་པ་སྐྱབས་སུ་འགྲོ་བ་ནི། མདུན་གྱི་དཀྱིལ་འཁོར་ཆེན་པོའི་སྟེང་གི་ཆར་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མར་བཅས་པ་མངོན་སུམ་ལྟ་བུར་བཞུགས་པའི་དྲུང་དུ་སེམས་ཅན་རྣམས་དང་ལྷན་ཅིག་པར་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས་མཛོད། རྩ་བར། རྡོ་རྗེ་རྣལ་འབྱོར་མཆོག་གི་ལྷ། །འགྲོ་དྲུག་འདྲེན་པའི་དཔའ་མཛད་པའི། །རྡོ་རྗེ་ཅན་ལ་ཕྱག་བཙལ་ཏེ། །བྱམས་མགོན་ཁྱོད་ལ་སྐྱབས་སུ་མཆི། །ཞེས་ལན་གསུམ་དང་། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱི་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་བགེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་དབང་ཕྱུག་སེམས་ཅན་ལ། །དགོས་པ་གསུམ་ཕྱིར་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ལན་གསུམ། རྩ་བར་གསལ་བར་མ་བྱུང་ཡང་། སེམས་བསྐྱེད་པའི་ཕྱིར་འདིའི་རྗེས་ཟློས་ཀྱང་བྱར་བཞུག་སྟེ། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་མོད་ཀྱང་། །རྟོག་པའི་དབང་གིས་འཁོར་བ་ལས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་དང་། གཡོ་ལྡང་བྱང་སེམས། འཇིག་འཇུག་བྱང་སེམས། གནས་པ་བྱང་སེམས། དམིགས་པ་བྱང་སེམས། མཐར་ཕྱིན་བྱང་སེམས་རྣམས་བསྐྱེད་ཕྱིར། རྒྱུད་ལྟར། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཨེ་མ་ཧོ་ངོ་མཚར༴ རྫོགས་པའི་སངས་རྒྱས༴ འགག་པ་མེད་ལས་ཐམས་ཅད་འགག །འགག་པ་ཉིད་ན་འགག་པ་མེད། །ཨེ་མ་ཧོ་ངོ་མཚར༴ རྫོགས་པའི་སངས་རྒྱས༴ གནས་པ་མེད་ལས་ཐམས་ཅད་གནས། །གནས་པ་ཉིད་ན་གནས་པ་མེད། །ཨེ་མ་ཧོ་ངོ་མཚར༴ རྫོགས་པའི༴ དམིགས་པ་མེད་ལས་ཐམས་ཅད་དམིགས། །དམིགས་པ་ཉིད་ན་དམིགས་པ་མེད། །ཨེ་མ་ཧོ་ངོ་མཚར༴ རྫོགས་པའི་སངས༴ འགྲོ་འོང་མེད་ལས་འགྲོ་དང་འོང་། །འགྲོ་འོང་ཉིད་ན་འགྲོ་འོང་མེད། །ཅེས་སོགས་ཀྱང་ཚར་གསུམ་གྱི་བར་དུ་རྗེས་ཟློས་བྱར་གཞུག །རྩ་བར། ཞེས་བརྗོད་དེ་བླ་མས། སངས་རྒྱས་དག་ནི་ཐམས་ཅད་ཀྱི། །གསང་བ་རྡོ་རྗེ་གསུམ་ལས་བྱུང་། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པའི། །དབང་བསྐུར་གནང་བ་ཆེན་པོ་སྦྱིན། །ཞེས་སོགས་ཀྱིས་གནང་བ་སྦྱིན། དགུ་པ་དམ་ཚིག་སྦྱིན་པ་ཞུ་བ་ནི། སློབ་མས་རྗེས་ཟློས་བྱ་སྟེ། རྩ་བར། ཧཱུཾ། ཨ་ལ་ལ་སྟེ་མཆོད་པར་འབུལ། །ཨ་ལ་ལ་སྟེ་མཉེས་པར་མཛོད། །ཨ་ལ་ལ་སྟེ་དམ་ཚིགས་སྐོངས། །ཨ་ལ་ལ་སྟེ་དངོས་གྲུབ་སྩོལ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཅིང་ཇི་ལྟར་མཛད་པ་ལྟར། །བདག་ཅག་རབ་ཏུ་བསྒྲལ་སླད་དུ། །ནམ་མཁའི་རྡོ་རྗེ་བདག་ལ་སྩོལ། །ཞེས་བརྗོད། བླ་མས་ཀ་པཱ་ལར་བདུད་རྩི་ལ་ཆོས་སྨན་བཏབ་པ་ཐོགས་ཏེ། བདུད་རྩིའི་ནང་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་ཡིག་འབྲུ་གསུམ་གསལ་བར་བསྒོམ་ལ། རྩ་བར། ༀ་བཛྲ་ཨ་མྲྀ་ཏ་མ་ཏི་སྠི་ར་མཎྜ་ལ། ༀ་ཨཱཿཧཱུཾ་ཧྲཱིཿཐཱ་དང་། རྡོ་རྗེས་བདུད་རྩི་ལྕེ་ཐོག་ཏུ་བཞག་ལ། དམ་ཚིག་གི་སྣོད་དང་ལྡན་པར་བསམ་མོ། །བཅུ་པ་དེ་ནས་དམ་ཚིག་དབོག་པ་ནི། དཔལ་ལྡན་རྡོ་རྗེའི་སྐུ་གསུང་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་སྐུ་གསུང་ཐུགས་དང་ལྡན། །དེང་བདག་སངས་རྒྱས་སྐུ་གསུང་ཐུགས་འཛིན་པ། །རྡོ་རྗེ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྦྱིན། །བླ་མས་ཕྱག་གཡས་ཀྱིས་རྡོ་རྗེ་དང་བཅས་སྲིན་ལག་གིས་བདུད་རྩི་བླངས་ལ་སློབ་མའི་གནས་གསུམ་དུ་བཞག་ཅིང་། ༀ་ཨཱཿཧཱུཾ་ས་མ་ཡ་ཛཿ ཞེས་བརྗོད་པས་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཐོབ་པར་བསམ་ལ་དམ་ཚིག་དབོག་ཅིང་བསྒུགས་པ་ནི། རྩ་བར། དམ་ཚིག་སྡོམ་པ་ཆེན་པོ་ནི། །སྔོན་གྱི་རྒྱལ་བ་རྣམས་ཀྱི་ཐུགས། །ད་ལྟ་ང་ཡི་སྙིང་ལ་གནས། །ད་ནི་མཆེད་ལྕམ་རྣམས་ཀྱི་སྲོག །ༀ་ཨཱཿཧཱུཾ་྄ཞེས་དང་། དེའི་དོན་ནི། ལས་རིམ་ལས། དམ་ཚིག་ཆེན་པོ་བདུད་རྩི་ལྔ། །རང་བཞིན་འབྲུ་གསུམ་སྐུ་གསུང་ཐུགས། །གཟི་བྱིན་ལྡན་པར་བྱིན་རླབས་པས། །དམ་ཚིག་སྡོམ་པའི་མཆོག་ཅེས་བྱ། །ཞེས་གསུངས་པའི་དོན། སླར་ཡང་རྡོ་རྗེ་སྙིང་གར་བཞག་ལ། ལས་རིམ་ལས། སྙིང་གར་རྡོ་རྗེ་བརྟན་བྱས་ལ། །ཞེས་སོགས་ཀྱི་དོན་དུ། རྩ་བར། སངས་རྒྱས་ཀུན་གྱི་གསང་བ་འདི། །དམ་ཉམས་མ་འདྲེས་གང་ལ་ནི། །ནམ་ཡང་སྨྲ་བར་མ་བྱེད་ཅིག །ཐེག་པ་ཆེན་པོ་སྟོན་བྱེད་པ། །ང་ལ་བརྙས་དང་སྨད་མི་རུང་། །སྐུ་གསུང་ཐུགས་ལ་བརྟག་གནས་ཏེ། །མ་ལུས་སེམས་ཅན་དོན་གྱིས་ཤིག །ཅེས་བརྗོད་ཅིང་དོན་བཀྲོལ་ལོ། །བཅུ་གཅིག་པ་མནའ་ཆུ་ནི། དུང་ཆོས་སུ་ཙནྡན་དཀར་དམར་སྦྱར་བའི་ཆུ་རྡོ་རྗེ་གནོད་སྦྱིན་དུ་བསྐྱེད་ལ། ཞེས་གསུངས་པའི་དོན་ནི། ལས་རིམ་ལས། ཙནྡན་དཀར་དམར་སྦྱར་བ་ལ། །རྡོ་རྗེ་འཛིན་པས་རབ་གནས་བྱ། །ཞེས་གསུངས་པ་ལྟར། གཡུང་སྟོན་ཆེན་པོས། ཆོ་ག་གསུམ་གྱིས་རྡོ་རྗེ་སེམས་དཔར་བསྐྱེད་ཅིང་ཡེ་ཤེས་པ་འཇུག་པར་གསུངས་པ་འདིར་ཆོ་གའི་དངོས་བསྟན་ལས་རྡོ་རྗེ་གནོད་སྦྱིན་འབྱུང་བ་འཐད་ཅིང་། ཆོ་ག་གསུམ་གྱིས་བསྐྱེད་རིགས་པར་སྣང་བས་འདི་ལྟར། དུང་ཕོར་གྱི་ཆུ་སྟོང་པའི་ངང་ལས་ཧཱུཾ་ལས་རྡོ་རྗེའི་མཆེ་བ་ཧཱུཾ་གིས་མཚན་པ་ལས། ཁྲོ་བོ་རྡོ་རྗེ་གནོད་སྦྱིན་ལྗང་ནག་མཆེ་བ་འཛིན་པར་གྱུར། རང་འདྲའི་ཡེ་ཤེས་པ་ཛཿཧཱུཾ་བཾ་ཧོཿས་བསྟིམ། ཞུ་བ་ལས་དམ་ཚིག་རྡོ་རྗེའི་ཆུར་གྱུར་པ་སློབ་མ་རྣམས་ལ་སྦྱིན་ཏེ། རྩ་བར། དམ་ཚིག་མ་བསྲུངས་པའི་ཉེས་དམིགས་བརྗོད་པའི་སྒོ་ནས་དམ་ལ་བཞག་པ་ནི། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །རྡོ་རྗེ་ཁྲོ་བོ་ཆེན་པོར་འགྱུར། །རྡོ་རྗེའི་ཆུ་ནི་བཏུང་བར་གྱིས། །ༀ་བཛྲ་ཡཀྵ་ཧཱུཾ་གིས་ལན་གསུམ་གྱི་བར་དུ་སྦྱིན་པ་ནི་སྒོ་གསུམ་གྱི་དམ་ཚིག་བསྲུང་བའི་དོན་ཏེ། ལས་རིམ་ལས། ལན་གསུམ་བྱིན་ནས་རབ་བསྒྲགས་པས། །ཞེས་གསུངས་པའི་དོན་ནོ། །བསྲུངས་པའི་ཡོན་ཏན་ནམ་ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག་པ་ནི། རྩ་བར། དེ་ལྟ་བས་ན་བུ་ཁྱོད་ཀྱི། །དམ་ཚིག་འདི་དག་བསྲུང་བར་གྱིས། །དམ་ཚིག་བསྲུངས་ན་དངོས་གྲུབ་འབྱུང་། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཞིག །ༀ་བཛྲ་ཨུ་ཏ་ཀ་ཋཿས་སླར་ཡང་དམ་ཆུ་སྦྱིན་ནོ། །སླར་ཡང་དེ་དག་གི་དོན་བཤད་པ་ནི། གཡུང་གི་དགོངས་པ་འདི་ལྟར། དེ་ལྟར་བདུད་རྩིའི་ཆུ་དེ་བཞག་པ་ལྕེ་ལ་བཞག་ཀྱང་། བབས་པ་སྙིང་གི་དཀྱིལ་དུ་བབས་ནས་གལ་ཏེ་དམ་ཚིག་མ་བསྲུངས་ན། ཆུ་དེ་རྡོ་རྗེ་གནོད་སྦྱིན་ཞེས་བྱ་བ་ལྕགས་ཀྱི་སྡིག་པ་མགོ་དགུ་པར་གྱུར་ནས་སྙིང་ཁྲག་ཞོ་བཞིན་འཇིབ་པས་ཚེ་ཐུང་ཞིང་ནད་མང་བ་དང་། ཚེ་ཕྱི་མར་དམྱལ་བའི་སྡུག་བསྔལ་གྱིས་ཉམ་ཐག་པར་འགྱུར་རོ། །དམ་ཚིག་བསྲུངས་ན་ཆུ་དེ་རྡོ་རྗེ་སེམས་དཔར་གྱུར་ནས། དེས་རྟག་ཏུ་བྱིན་གྱིས་བརླབ་ཅིང་ཚེ་འདིར་ཡང་དགེ་དགུ་དང་སྨོན་བརྒྱད་དུ་གྱུར་ནས་ནད་བཞི་བརྒྱ་རྩ་བཞི་གདོན་སྟོང་ཕྲག་བརྒྱད་ཅུས་མི་ཚུགས་པ་དང་། ཕྱི་མར་བླ་ན་མེད་པའི་བྱང་ཆུབ་ཐོབ་ནས་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་གནས་སུ་འདྲེན་པའི་དེད་དཔོན་བྱེད་པར་འགྱུར་རོ། །ཞེས་གསུངས་པ་ལྟར་བརྗོད་ལ་དོན་བཤད། རྩ་བར། དེ་ནས་དམ་བསྒྲག་སྟེ། རྒྱལ་བས་གསུངས་པའི་ཡེ་ཤེས་གང་། །དེ་རིང་དངོས་གྲུབ་མཆོག་ཏུ་གསུངས། །དམ་ཚིག་ཆེ་བས་ཆེན་པོ་མཆོག །བྱེ་བྲག་མེད་པར་ཁྱོད་ཀྱིས་སྤྱོད། །དགེ་དང་མི་དགེའི་ཆོས་རྣམས་ལ། །ལྷག་པར་བསྙེན་པ་མི་བྱ་སྟེ། །མཉམ་ཉིད་རིན་ཆེན་ཀློང་བཞུགས་ནས། །ཅི་ལའང་ཐོགས་པ་མེད་པར་སྤྱོད། །ཀྱེ་མ། རྒྱལ་བའི་རིགས་སུ་གྱུར་པའི་བུ་ཁྱོད་རྣམས། །རྡོ་རྗེ་སློབ་དཔོན་སྙིང་ལྟར་ཁུར། །རྡོ་རྗེ་མཆེད་ལ་མིག་བཞིན་གྱིས། །ཡི་དམ་ལྷ་ནི་སྙིང་ལྟར་ཁུར། །གསང་བའི་དམ་ཚིག་རང་ཚང་ལྟར། །ནམ་ཡང་དེ་བཞིན་སེམས་པར་གྱིས། །སེམས་ཅན་ཐམས་ཅད་བུ་ལྟར་བཟུང་། །རྒྱལ་བའི་བཀའ་ལས་མ་འདའ་ཞིག །ཅེས་དང་། དོན་རྒྱས་པར་བཀྲོལ་ཏེ་བཤད་དོ། །རྩ་བར། བཅུ་གཉིས་པ་མནའ་དགག་པ་ནི། སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །དམ་ཚིག་སྡོམ་པ་ཆེན་པོའི་ནི། །ལྷ་རྣམས་དང་ནི་མི་རྣམས་དང་། །སྒྲུབ་པ་པོ་དང་རྣལ་འབྱོར་པ། །དེ་དག་ཉམས་ན་ཁྲག་ཆེན་པོ། །ཉམས་པའི་སྙིང་ནས་དྲངས་ཏེ་འཐུང་། །ཞེས་བརྗོད་ལ་སློབ་མས་བྲོ་བོར་བའི་དོན་དུ། ཨི་དམ་ན་ར་ཀན་ཞེས་རྗེས་ཟློས་བྱའོ། །བཅུ་གསུམ་པ་རིན་པོ་ཆེའི་མེ་ཏོག་དོར་བ་ནི། གསང་སྔགས་གཞན་ལྟར་ན་འོག་ཏུ་འཐད་ཀྱང་ཡིག་རྙིང་ཐམས་ཅད་དུ་སྐབས་འདིར་བཤད་པས་གོང་དུ་སྦྱིན་པའི་མེ་ཏོག་གི་ཕྲེང་བ་དེ་དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཕུང་བས་ལས་འབྲེལ་གང་ཡོད་ལ་ཕོག་པར་ཤོག་ཅིག་སྙམ་པས་འདིའི་རྗེས་ཟློས་བྱ་སྟེ། རྩ་བར། མེ་ཏོག་ལ་སོགས་རིན་ཆེན་ཕྲེང་། །སྔོན་ཚེ་ཡེ་ཤེས་བསྙེན་པའི་ལྷ། །ཐུགས་རྗེས་བཟུང་བར་དགོངས་ནས་ཀྱང་། །གང་ཡིན་དེ་ལ་འབབ་གྱུར་ཅིག །ༀ་པྲ་ཏཱིཙྪ་བཛྲ་ཧོཿ ཞེས་དཀྱིལ་འཁོར་ཕྱོགས་སུ་གཏད་དེ་རས་བྲིས་ཀྱི་པདྨ་འདབ་བརྒྱད་བྲིས་པའི་སྟེང་དུ་དོར་ལ། དབུས་དང་ཕྱོགས་མཚམས་ཀྱི་རིགས་གང་ལ་ཕོག་བརྟག་གོ། །ཞེས་གསུངས་པའི་དོན། འདིར་མེ་ཏོག་འདོར་ཚུལ་གཡུང་སྟོན་ཆེན་པོའི་སྒྱུ་འཕྲུལ་དབང་བྱང་དུ་བླ་མའི་སྐུ་ལ་གཏོར་བར་བཤད་པ་ཡང་ཤིན་དུ་འཐད་ཅིང་། འདིར་ངེས་གསལ་མ་བྱུང་ཡང་རས་བྲིས་ཀྱི་པད་འདབ་ལ་འདོར་བ་འདི་ཕྱག་ལེན་བདེ་བས་ཕྱོགས་མཚམས་དབུས་གར་བབས་བརྟགས་ཏེ་དབུས་སུ་དེ་བཞིན་གཤེགས་པའི་རིགས། ཤར་དུ་རྡོ་རྗེའི་རིགས། ལྷོར་རིན་པོ་ཆེའི་རིགས། ནུབ་ཏུ་པདྨའི་རིགས། བྱང་དུ་ལས་ཀྱི་རིགས། མཚམས་རྣམས་རིགས་ཆུང་དུ་བསྡུས་ཏེ། སླར་ཡང་མེ་ཏོག་གི་ཕྲེང་བ་སློབ་མའི་མགོར་འཆིང་ཞིང་། དབུས་སུ་བབས་པ་རྣམས་ལ་ༀ་བུདྡྷ་མཱ་ལེ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་པ་དང་། དེ་བཞིན་དུ་ཤར་དུ་བཛྲ་མཱ་ལེ༴ ལྷོར་རཏྣ་མཱ་ལེ༴ ནུབ་ཏུ་པདྨ་མཱ་ལེ༴ བྱང་དུ་ཀརྨ་མཱ་ལེ༴ ཤར་ལྷོ་སོགས་མཚམས་བཞིར་སྔགས་པར་བཀབ་མེད་དེ། དེ་ཡང་ལས་རིམ་ལས། དཀྱིལ་འཁོར་ཡིད་ལ་མངོན་བྱས་ལ། །འདོད་པའམ་ཡང་ན་གཞན་ཡང་རུང་། །དོར་ཏེ་འབྲེལ་བ་ལེགས་བརྟག་བྱ། །ཞེས་གསུངས་པའི་དོན་ནོ། །རྩ་བར། བཅུ་བཞི་པ་ལྷ་དབབ་སྟེ། ལྷ་གང་ལ་ཕོག་པ་དེ་དག་གི་ཕྱག་རྒྱས་སྙིང་གི་དཀྱིལ་དུ་བསྟིམ། ཞེས་གསུངས་པའི་དོན་ནི། རྡོ་རྗེ་ལས་རིམ་ལས། རང་མིང་དམ་ཚིག་ཧཱུཾ་དང་བཅས། །དམ་ཚིག་ཕྱག་རྒྱ་ལན་གསུམ་བསྟན། །ལྕགས་ཀྱུ་ཧ་ཧིས་བཀུག་བྱས་ནས། །ཉེས་ལེགས་ཕྲིན་ལས་གསལ་བྱས་ལ། །ཕྱག་རྒྱས་བསྟིམ་ལ་བརྟན་པར་བྱ། །ཞེས་གསུངས་པའི་དོན། མེ་ཏོག་གང་ལ་ཕོག་པའི་ལྷར་བསྐྱེད་དེ་བསྟིམ་པར་གསུངས་པ་དང་། གཡུང་སྟོན་ཆེན་པོས་གོང་གི་དམ་ཆུའི་གནས་སྐབས་དེ་ཉིད་ལྷར་བླངས་ཏེ་ཡེ་ཤེས་པ་འཇུག་པ་སོགས་འཆད་ཚུལ་མང་བས་གཞུང་དོན་དང་མི་འགལ་བར་གསར་དུ་བསྡེབས་པ་ནི། ཤཱུ་ནྱ་ཏཱས་སྟོང་པའི་ངང་ལས། སློབ་མ་རྣམས་པདྨ་དང་ཟླ་བའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རྡོ་རྗེ་དང་previous hit དྲིལབུ next hit་བསྣམས་ཏེ་ཡུམ་ལ་འཁྱུད་པ། བར་པ་གཉིས་ཀྱི་འཁོར་ལོ་དང་པདྨ། ཐ་མ་གཉིས་ཀྱིས་རིན་པོ་ཆེ་དང་རལ་གྲི། ཡུམ་དབྱིངས་ཕྱུག་མ་སྔོན་མོ་རྡོར་དྲིལ་འཛིན་པས་ཡབ་ལ་འཁྱུད་པའི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཧཱུཾ་ལས་འོད་ཟེར་འཕྲོས་པར་འོག་མིན་ནས་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་བཅོམ་ལྡན་འདས་ཞི་ཁྲོ་ཚོགས་ཆེན་འདུས་པའི་དཀྱིལ་འཁོར་གྱི་རྣམ་པར་ནམ་མཁའི་ཁམས་གང་བར་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ལ་ཐིམ་པའི་མོས་པ་མཛོད། ཅེས་བརྗོད་ལ་ལས་སློབ་རྣམས་ཀྱིས་སྤོས་དང་རོལ་མོའི་སྒྲ་ཆེན་པོ་བྱ་ཞིང་། བླ་མས་རྡོ་རྗེ་བསྡུ་བའི་ཕྱག་རྒྱར་བཅས་ཏེ། བཛྲ་ས་མ་ཡ་ཧཱུཾ་ཛཿ ཞེས་ལན་གསུམ་བྱ་ཞིང་སེ་གོལ་གཏོགས་པའི་མཐར། ༀ་བཛྲ་སཏྭ་ཛྙཱ་ན་སཏྭ་ཨེ་ཧྱེ་ཧི་བྷ་ག་ཝན་མ་ཧཱ་ཀཱ་རུ་ཎི་ཀ་དྲཱྀ་ཤྱ་ཧོཿ ས་མ་ཡ་སྟྭཾ། ཛཿཧཱུཾ་བཾ་ཧོཿ ཞེས་ལྕགས་ཀྱུའི་ཕྱག་རྒྱས་ནམ་མཁར་སྤྱན་དྲངས། དེ་རྗེས་ལས་རིམ་གྱི་དགོངས་པ། ཕྱག་རྒྱས་བསྟིམ་ལ་བརྟན་པར་བྱ། །ཞེས་གསུངས་པའི་དོན་དུ་སྤྲོ་ན་དབྱངས་དང་རོལ་མོར་བཅས་ཏེ། སློབ་དཔོན་གྱིས་སོ་སོའི་ཕྱག་རྒྱ་བཅའ་བ་དང་བསྟུན་ཏེ། ཐུགས་རྗེའི་ལྕགས་ཀྱུས་ཐུགས་དམ་རྒྱུད་བསྐུལ་ཞིང་། །བྱམས་པའི་ཞགས་པས་གནས་ནས་སྤྱན་ཡང་འདྲེན། །ལྕགས་སྒྲོག་བཀའ་ཡི་ཕོ་ཉས་གནས་བསྐྱོད་དེ། །བདེ་གཤེགས་བཞུགས་ཤིང་རྣམ་གྲོལ་དགྱེས་པ་བསྐྱེད། །ༀ་བཛྲ་ཨངྐུ་ཤ་ཛཿ ༀ་བཛྲ་པཱ་ཤ་ཧཱུཾ། ༀ་བཛྲ་སྤོ་ཊ་བཾ། ༀ་བཛྲ་གཎྜེ་ཧོཿ པྲ་བེ་ཤ་ཡ་ཕཊ། ཨ་བེ་ཤ་ཡ་ཨས་སྙིང་གི་དཀྱིལ་དུ་བསྟིམ་མོ། །ལས་རིམ་ལས། ཉེས་ལེགས་ཕྲིན་ལས་གསལ་བྱས་ལ། །ཞེས་གསུངས་པའི་དོན་མིག་དར་དང་བཅས་ཏེ་དཀྱིལ་འཁོར་ལ་བལྟས་པས་ཁ་དོག་ཇི་ལྟར་སྣང་དྲི་ཞིང་དཀར་སེར་དམར་ལྗང་གིས་ལས་བཞི་དང་། ཁྲ་བོས་སྣ་ཚོགས། མཐིང་ཁས་མཆོག་ཐོབ་པར་འགྱུར་བར་ངོ་སྤྲད་དོ། །དེ་ལྟ་བུའི་ཡེ་ཤེས་དེ་དག་མི་ཉམས་ཤིང་བརྟན་པར་བྱ་བའི་ཕྱིར། སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་ལ་ཏིཥྛ་བཛྲ་གྱིས་བརྟན་པར་བྱའོ། །རྩ་བར། བཅོ་ལྔ་པ་ལྷ་མི་སྤང་བ་ནི་ལྷ་མ་སྒོམས་ན། དད་མེད་ཉམས་ན་འཕུང་བར་འགྱུར། །ཞེས་དང་། གང་ཞིག་ཕྱག་རྒྱ་འདི་སྤངས་ན། །ལྷ་སྤངས་དགེ་སྤྱད་དོན་མེད་འགྱུར། །ཅེས་སོ། །བསྒོམས་པའི་ཡོན་ཏན་ནི། བདག་ཉིད་ལྷ་དང་མཉམ་སྦྱར་ན། །ཡོན་ཏན་ཆུང་ཡང་འགྲུབ་པར་འགྱུར། །ལྷ་ཡི་སྐུ་ཉིད་གསལ་བསྒོམས་ན། །བསོད་ནམས་ཚོགས་ཆེན་འགྲུབ་པར་འགྱུར། །དེ་ཉིད་ཆུ་ཟླའི་ཚུལ་ཤེས་ན། །ཡེ་ཤེས་ཚོགས་ཆེན་རྫོགས་པར་འགྱུར། །ཞེས་སོ། །བཅུ་དྲུག་པ་མིག་དབྱེ་བ་ནི། བླ་མས་མིག་ཐུར་ཐོགས་ཏེ། རྡོ་རྗེ་དེ་རིང་དད་པའི་ཤུགས་ཀྱིས་ནི། །དཀྱིལ་འཁོར་བཟང་པོ་འདི་ལྟོས་ལ། །སངས་རྒྱས་གསུང་གི་རིགས་སུ་འཁྲུངས། །སངས་རྒྱས་དངོས་གྲུབ་ཐམས་ཅད་ནི། །བརྟེན་ནས་ཐོབ་པར་འགྱུར་བ་ཡིན། །བཛྲ་ཙཀྵུ་པྲ་བེ་ཤ་ཕཊ། ཅེས་མིག་རས་བསལ་བས་མ་རིག་པའི་མུན་པ་བསལ་ནས། ཡེ་ནས་རང་ལ་གསལ་བའི་དཀྱིལ་འཁོར་མཐོང་བར་བསམ་མོ། །སྐབས་འདིར་དཀྱིལ་འཁོར་བསྟན་པ་ནི། ལས་རིམ་ལས། འཁོར་ལོ་མངོན་པའི་ང་རྒྱལ་བྱ། །ཞེས་གསུངས་པའི་དོན་ནི། དེ་ཡང་མཚོན་བྱེད་དཔེའམ་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ཆེན་པོ་འདི་ཉིད་ལ་རྟེན་དང་བརྟེན་པ་གཉིས་ལས། རྟེན་གཞལ་ཡས་ཁང་ཕྱི་ནས་བསྟན། བརྟེན་པ་ལྷ་ནང་ནས་སྟོན་དགོས་པས། དང་པོ་ནི། ཕྱི་རོལ་ཏུ་རྡོ་རྗེའི་ས་གཞི་ར་བ་དྲྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ་དང་བཅས་པའི་ནང་དུ་དུར་ཁྲོད་ཆེན་པོ་བརྒྱད། དེའི་ནང་དུ་སྣ་ཚོགས་པདྨའི་འདབ་མ་ཡོངས་སུ་བརྡལ་བའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཕྱི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་ཅིང་། ནང་དུར་ཁྲོད་རྫས་ཀྱི་རང་བཞིན་ཅན་གྱི་གཞལ་ཡས་ཁང་རིམ་པ་བཅུ་གཅིག་གི་ནང་མའི་ལྟེ་བར་འཁོར་ལོ་རྩིབས་བརྒྱད་སེར་པོ། གློ་འབུར་གྱི་གྲུ་ཆད་ཕྱོགས་མདོག །ཁྱམས་དང་པོ་སེར་པོ། གཉིས་པ་དཀར་པོ། གསུམ་པ་དམར་པོ། བཞི་པ་སེར་པོ། ལྔ་པ་དམར་པོ། དྲུག་པ་དཀར་པོ། བདུན་པ་ནག་པོ། །བརྒྱད་པ་ཕྱོགས་མདོག །དགུ་པ་ལྗང་གུ །བཅུ་པ་དང་བཅུ་གཅིག་པ་གཉིས་ཕྱོགས་མདོག །དེའི་སྟེང་དུ་རེག་ལ་མ་འབྱར་བའི་རྣམ་པས་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་མེ་རི་རྡོ་རྗེ་སོགས་བསྲུང་བའི་འཁོར་ལོའི་ནང་དུ་པད་ར་ཉི་དཀྱིལ་དང་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་གནས་པའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ལྟེ་བར་འཁོར་ལོ་རྩིབས་བཞི་སེར་པོ། གློ་འབུར་ལྗང་གུ། ཁྱམས་ཕྱོགས་མདོག་དང་བཅས་པ་རྟེན་གཞལ་ཡས་ཁང་ཡིན་ལ། བརྟེན་པ་ལྷ་ནི། ཞི་བའི་དཀྱིལ་འཁོར་གྱི་ལྟེ་བར་གཞིའི་ཀུན་བཟང་ཡབ་ཡུམ། དེའི་མདུན་དུ་མི་བསྐྱོད་རྡོར་སེམས་ཡབ་ཡུམ། རྩིབས་བཞིར་ཤར་དུ་རྣམ་སྣང་། ལྷོར་རིན་འབྱུང་། ནུབ་ཏུ་སྣང་མཐའ། བྱང་དུ་དོན་གྲུབ་ཡབ་ཡུམ་རྣམས། རྩིབས་མཆན་བཞི་དང་གློ་འབུར་གྱི་གྲུ་ཆད་བཞིར་སེམས་དཔའ་ཡབ་ཡུམ་བརྒྱད། ཁྱམས་ཀྱི་ཤར་ནུབ་ཏུ་བྱ་བ་དང་བྱེད་པོ་ཡབ་ཡུམ། ལྷ་རྣམས་ལ་ཐུབ་དྲུག །སྒོ་བཞིར་སྒོ་བ་ཡབ་ཡུམ་བརྒྱད་རྣམས་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར། འོག་གི་ཁྲོ་བོའི་དཀྱིལ་འཁོར་གྱི་དབུས་སུ་བཅོམ་ལྡན་འདས་ཆེ་མཆོག་ཧེ་རུ་ཀ་དབུ་ཉེར་གཅིག་ཕྱག་ཞེ་གཉིས་པ། ཞབས་བརྒྱད་ཀྱིས་ཁྲོ་མོ་གནམ་ཞལ་མའི་དབུ་བརྒྱད་བརྫིས་ཤིང་། ཞལ་དབུས་མར་གསང་རྡོར་འཚིར་བ། ཡབ་ཀྱི་ཕྱག་ན་ཞི་བ་ཞེ་གཉིས་དང་། ཡུམ་གྱི་ཕྱག་བཅོ་བརྒྱད་ཀྱིས་གནས་ཡུལ་གྱི་ཁྲོ་མོ་ཕྲ་མེན་རྣམས་འཛིན་པ་སྟེ། བདུད་རྩི་ཁྲོ་མཁར་གྱི་རྣམ་པར་བཞུགས་པ། དེའི་མདུན་དུ་དབང་མཆོག་ཧེ་རུ་ཀ་དབུ་དགུ་ཕྱག་བཅོ་བརྒྱད་པ། དེའི་མདུན་དུ་བཛྲ་ཧེ་རུ་ཀ་ཞལ་གསུམ་ཕྱག་དྲུག་པ། དེའི་ཕྱི་རོལ་གྱི་རྩིབས་བཞི་ལ་ཕྱོགས་བཞིར་རྒྱུད་ཀྱི་ཁྲོ་བོ་བཞི་དང་། མཚམས་སུ་ལུང་གི་ཁྲོ་བོ་བཞི་ཡབ་ཡུམ། གློ་འབུར་གྱི་ཕྱོགས་མཚམས་སུ་གནས་ཀྱི་ཁྲོ་མོ་བརྒྱད། ཁྱམས་དང་པོར་ཡུལ་གྱི་ཕྲ་མེན་བརྒྱད། སྒོ་བཞིར་སྒོ་མ་བཞི་དང་བཅས་པ། དཀྱིལ་འཁོར་གཉིས་པ་དཀར་ཁྱམས་ལ་སྦོར་མ་བརྒྱད། སྒོ་བཞིར་གསང་ཡུམ་བཞི། དཀྱིལ་འཁོར་གསུམ་པ་དམར་ཁྱམས་ལ་དབང་མོ་ཉེར་བརྒྱད་དེ་འདི་ཡན་ཁྲག་འཐུང་རྩ་བའི་དཀྱིལ་འཁོར། དཀྱིལ་འཁོར་བཞི་པ་སེར་ཁྱམས་ལ་མཁའ་འགྲོ་སུམ་ཅུ་སོ་གཉིས། དཀྱིལ་འཁོར་ལྔ་པ་དམར་ཁྱམས་ལ་མ་བདུན་སྲིང་བཞི། དཀྱིལ་འཁོར་དྲུག་པ་དཀར་ཁྱམས་ལ་རྡོ་རྗེ་གིང་ཆེན་བཅོ་བརྒྱད་དེ་བཞི་པ་དང་དྲུག་པ་གཉིས་པོ་མཁའ་འགྲོ་ལས་ཀྱི་དཀྱིལ་འཁོར། དཀྱིལ་འཁོར་བདུན་པ་ནག་ཁྱམས་ལ་ཁྲོ་བོ་ཁྲོ་མོ་དྲུག་ཅུ་སྟེ་ཁྲོ་བོ་རོལ་པའི་དཀྱིལ་འཁོར། དཀྱིལ་འཁོར་བརྒྱད་པ་ཕྱོགས་མདོག་ལ་ཕོ་ཉ་ཉིས་བརྒྱ་བཞི་བཅུ་སྟེ་མགྱོགས་འགྲོ་ཡིད་ཀྱི་དཀྱིལ་འཁོར། དཀྱིལ་འཁོར་དགུ་པ་ལྗང་ཁྱམས་ལ་མ་མོ་དྲུག་ཅུ་སྟེ་དམ་ཚིག་ཆེན་པོའི་དཀྱིལ་འཁོར། དཀྱིལ་འཁོར་བཅུ་པ་ཕྱོགས་མདོག་ལ་བཀའ་བརྒྱད་ཐེག་དགུའི་ལྷ་ཚོགས། དཀྱིལ་འཁོར་བཅུ་གཅིག་པ་ཕྱོགས་མདོག་ཅན་གྱི་ཁྱམས་ལ་ཡོ་ག་གསུམ་གྱི་བརྒྱུད་གསུམ་རིག་འཛིན་བླ་མ་སྟེ། འདི་རྣམས་ཀྱང་མངོན་སུམ་ལྟ་བུར་མཐོང་བའི་མོས་པ་དང་། འདི་རྣམས་ཀྱང་ཁྱེད་རང་རྣམས་ཀྱི་ལྷ་སྐལ་ཡིན་པས་མཆོད་བསྟོད་སྒོམ་བཟླས་ལ་ནན་ཏན་དུ་མཛོད། ཅེས་སམ། རྒྱས་པར་སྤྲོ་ན་ཞི་ཁྲོ་གཉིས་ཀའི་མངོན་རྟོགས་ལྟར་ངོ་སྤྲད་དོ། །དེ་ནས་ལྷ་དེ་རྣམས་ཀྱི་བརྡ་དོན་བཤད་པ་ནི། རྩ་བར། བཅུ་བདུན་པ་དཀྱིལ་འཁོར་ལྷའི་དོན་རྟགས་བཤད་པ་ནི། ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བའི་རྟགས་སུ་ལྟེ་བ་ཟླུམ་པོ། ཡེ་ཤེས་ལྔ་དང་ལྡན་པའི་རྟགས་སུ་འཁོར་ལོ་རྩིབས་བཞི་ལྟེ་བ་དང་ལྔ། ཡེ་ནས་རྒྱུ་འབྲས་དབྱེར་མེད་པས་རྡོ་རྗེའི་ར་བ། ཚད་མེད་བཞི་དང་ལྡན་པས་གྲུ་ཆད་བཞི། ལྷག་པའི་ཡེ་ཤེས་ཕྲིན་ལས་བཞི་དང་ལྡན་པས་གློ་འབུར་བཞི། ཆེ་བའི་ཡོན་ཏན་ཕྱོགས་མེད་རྒྱས་པས་གྲུ་བཞིར་ལྡན་པ། ཏིང་ངེ་འཛིན་བཞི་དང་ལྡན་པས་སྒོ་བཞི། སྐུ་ལྔ་ལྷུན་གྱིས་གྲུབ་པས་དུར་ཁྲོད་ཀྱི་ཐོད་པ་སྐམ་རློན་གནམ་ལྕགས་གཟེར་གྱིས་བསྡམས་པ། འཁོར་བ་མ་སྤངས་གནས་སུ་དག་པས་ཞིང་ལྤགས་ཁ་སྦྱར་གྱི་སྒོ། སྐར་མའི་སྒོ་རྟེན་རུས་སྦལ་གྱི་མ་ཐེམ། ཆུ་སྲིན་གྱི་ཡ་ཐེམ། ཞིང་སྐམ་གྱི་སྒོ་སྐྱེས། ཞིང་སྨུག་གི་ཀ་བ། གཟའ་ཆེན་བརྒྱད་ཀྱི་གདུང་། རྒྱུ་སྐར་ཉེར་བརྒྱད་ཀྱི་ཕྱམ། སྦྲུལ་ནག་འབར་བའི་དྲལ་མའོ། །དེ་དག་ནི་ནང་དུར་ཁྲོད་འབར་བའི་རྟགས་སོ། །ཡེ་ཤེས་ལྔ་དང་ལྡན་པས་རྩིག་པ་ལྔ། རིན་པོ་ཆེའི་ཀ་བ། རིན་ཆེན་གདུང་བརྒྱད་བསྣོལ་མ། རིན་ཆེན་སྣ་ཚོགས་ཀྱི་དྲལ་ཕྱམ་མོ། །མ་རིག་པའི་མུན་པ་སེལ་བས་ཟླ་ཕྱེད་རྡོ་རྗེའི་གདུང་མགོ་གཞིག་པར་མི་ནུས་པས་བཅུ་གཅིག་རྡོ་རྗེས་གཏམས་པ། ཆེ་བའི་ཡོན་ཏན་ཡོངས་སུ་མ་འགགས་པས་མདའ་ཡབ་དཀར་པོ། ཆོས་རྣམས་ལྷུན་གྱིས་གྲུབ་ཅིང་ཐེག་པ་བརྒྱད་ནས་བགྲོད་པས་རྟ་བབས་བརྒྱད། འཁོར་འདས་གཉིས་སུ་མེད་ཅིང་མཚན་རྟོག་དང་བྲལ་བས་འཁོར་ལོ་གདུགས་འཕན་དར་དཔྱངས་དཔག་བསམ་གྱི་ཤིང་། ཐམས་ཅད་ལ་དབང་སྒྱུར་བ་མེ་རིའི་ཕྲེང་བའོ། །ལྷའི་དེ་ཉིད་ནི། མེ་ཏོག་ཕོག་པ་ལ་སོགས་པ། ལྷའི་སྙིང་པོ། མཚན། རིགས། སྐུ་མདོག་གསང་མཚན་རྣམས་བསྟན་ཏེ་ངེས་པར་བྱའོ། །ཞེས་གསུངས་པའི་དོན་ལྟར་རྒྱས་བཤད་བྱ། སྐབས་འདིར། རྩ་བར། ལྷའི་སྙིང་པོ། མཚན། རིགས། སྐུ་མདོག་གསང་མཚན་རྣམས་བསྟན་ཏེ་ཞེས་འབྱུང་བས་འདིར་གསང་མཚན་འདོགས་པ་གཡུང་སྟོན་ཆེན་པོས་ཀྱང་བཤད་མོད། འོན་ཀྱང་འོག་ཏུ་ཕན་དབང་བཅུའི་དགུ་པར་གསང་མིང་འབྱུང་ཕྱིར་མིང་བཏགས་པ་ནི་དེར་འཐད་ལ། ལྷའི་སྙིང་པོ་དང་སྐུ་མདོག་སོགས་འདིར་སྟོན་པ་འཐད་པས་མེ་ཏོག་གར་བབས་ཀྱི་ལྷའི་ངོ་སྤྲད་ཅིང་། སྙིང་པོ་སོ་སོའི་རྗེས་ཟློས་ཀྱང་བྱར་གཞུག་སྟེ། དཔེར་ན་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ལ་མེ་ཏོག་ཕོག་ན་ལྷ་དེའི་མངོན་རྟོགས་བསྒྲག་ཅིང་། སྔགས་ཧཱུཾ་བཛྲ་དྷྲྀཀ྄། མཱུཾ་དྷཱ་ཏྭི་ཤྭ་རཱི། ཞེས་པ་ལྟ་བུས་མཚོན་ཏེ་ཞི་ཁྲོའི་སྐབས་གང་འཐད་ཀྱི་ལྷ་དང་། དེ་དག་གི་སྙིང་པོ་རྣམས་ཀྱང་བསྒྲག་གོ། །དེས་འཇུག་པའི་ཆོས་རྣམས་གྲུབ་ནས། རྩ་བར། སྐབས་འདིར་གཏད་རྒྱ་དང་དངོས་གྲུབ་བླང་བ་འབྱུང་ཞིང་། དེ་ཡང་གླན་སྟོན་བསོད་ནམས་མགོན་པོས་དེ་ལྟར་དཀྱིལ་འཁོར་གྱི་དོན་རྟགས་དང་། ལྷ་ངོ་ཤེས་ནས་དེ་དག་གི་ཁུངས་སྨོས་པས་ཡིད་ཆེས་པར་བྱ་བའི་ཕྱིར་བརྒྱུད་ཁུངས་ཀྱི་གཏད་རྒྱའམ། ཟབ་མོ་དབང་གི་གླེང་གཞི་གདམས་པ་དང་བཅས་པ་བཤད་པ་ནི་ལས་འདི་རུ་གཟིགས་ཤིག །དེ་ནས་བརྒྱུད་པའི་ཁུངས་ངོ་ཤེས་ནས་གྲུབ་པའི་འབྲས་བུ་ཐོབ་པའི་ཕྱིར་དངོས་གྲུབ་བླང་བའི་རིམ་པ་ཞེས་དང་། དེ་དག་ལེགས་པར་ཚར་ནས་དཀྱིལ་འཁོར་ལྷའི་དབང་བསྐུར་བར་བྱ་སྟེ། ཞེས་གསུངས་ལ། འོན་ཀྱང་དངོས་གྲུབ་བླང་བ་ནི། གླན་སྟོན་གྱིས། དངོས་གྲུབ་བླང་བའི་ཆོ་ག་དང་ལག་ལེན་རྣམས་འདི་དག་འོག་མ་གཉིས་འདམ་ཁ་ཡིན་པས་ནམ་ཟླའི་དུས་ཚོད་བརྩི་བ་གལ་ཆེ་བ་ཡིན་ནོ། །ཞེས་གསུངས་པས་མདོར་ན་གཏད་རྒྱ་དང་དངོས་གྲུབ་གཉིས་འདིར་བྱས་ཀྱང་རྒྱུ་མཚན་དེ་དག་གི་ཕྱིར་སྐྱོན་མེད་ལ། དེང་སང་བླ་མའི་ཕྱག་བཞེས་སུ་མཇུག་ཏུ་མཛད་པ་ལྟར་རྣམ་པ་གཅིག་ཏུ་འཐད་པར་སྣང་བས། འདིར་དབང་དངོས་ལ་འཇུག་པར་བྱ་བ་ནི། རྩ་བར། དེ་ནས་དབང་བསྐུར་བར་བྱ་སྟེ། དབང་དོན་བསྡུས་པ་ལས། ཡོ་ག་ལ་སོགས་ཐེག་དྲུག་ལ། །ཕྱི་དབང་རྒྱུད་ཀྱི་ཆུ་བོས་བྱ། །བསྐྱེད་པ་མ་ཧཱ་ཡོ་ག་ནི། །ནང་དབང་འབྱུང་བའི་ཆུ་བོས་བྱ། །རྫོགས་པ་ཨ་ནུ་ཡོ་ག་ལ། །སྒྲུབ་དབང་གྲགས་པའི་ཆུ་བོས་བྱ། །རྫོགས་ཆེན་ཨ་ཏི་ཡོ་ག་ནི། །གསང་དབང་རྫོགས་པའི་ཆུ་བོས་བྱ། །ཞེས་གསུངས་པས། ཡོ་ག་ལ་སོགས་པ་དྲུག་གི་དབང་ཚར་ནས། ད་གསང་སྔགས་ནང་གི་དབང་བསྐུར་བ་ལ། ཆོ་ག་སུམ་ཅུ་རྩ་དྲུག་སྟེ། ཀུན་འདུས་ལས། ཕྱི་དང་ནང་དང་གསང་བ་ཡི། །བཅུ་དང་བཅུ་གཅིག་བཅུ་གསུམ་དང་། །རྣམ་པ་གཉིས་ཀྱི་ཁྱད་པར་གྱིས། །དབང་མཆོག་སུམ་ཅུ་རྩ་དྲུག་རྫོགས། །ཞེས་གསུངས་པས། ཕྱི་དབང་བཅུ། ནང་དབང་བཅུ་གཅིག །སྒྲུབ་དབང་བཅུ་གསུམ། ཟབ་མོའི་དབང་གཉིས་སུ་བསྟན་པ་ལ། ཕྱི་དབང་ནང་དབང་མ་ཧཱ། སྒྲུབ་དབང་གསང་དབང་ཨ་ནུ་གཙོ་ཆེ་ཡང་། ཐུན་མོང་དུ་དབང་གང་རུང་བསྐུར་བ་ལ། དཔོན་སློབ་རྣམས་གོས་བཟང་པོ་དང་། རྒྱན་དང་ཐོར་ཚུགས་དབུ་རྒྱན་ལ་སོགས་པ་བརྗིད་བག་དང་ལྡན་པས་ཁྲི་ལ་འདུག་སྟེ། ཁ་གཡུ་ཁ་གསེར་ལ་སོགས་པ་ཐོགས་པ་རྒྱལ་པོ་ལྟར་དབང་བསྐུར་བའོ། །ཡང་ཐམས་ཅད་ཁྲུས་དང་གཙང་སྦྲ་བྱས་ཏེ་གོས་གཙང་མ་གྱོན། དཔྲལ་མགྲིན་སྙིང་ཁར་དྲི་བཟང་པོས་ཐིག་ལེ་དང་བཅས་པ་ནི་བྲམ་ཟེ་ལྟར་དབང་བསྐུར་བའོ། །ཡང་ན་ཐམས་ཅད་ཡེ་ཤེས་ལྷའི་ངང་ལས་གཙང་རྨེའི་རྟོག་པ་དང་ཉམ་ང་བག་ཚ་མེད་པར་བརྟུལ་ཞུགས་ཆེན་པོའི་ངར་དང་ལྡན་པ་ནི་གདོལ་བ་ལྟར་དབང་བསྐུར་བ་སྟེ། དེ་དག་ཀྱང་ལྡོག་པ་ཐ་དད་དུ་སྣང་ཡང་ངོ་བོ་གཅིག་པས། དབང་སྟེགས་ལ་ཡི་དམ་ཆེ་མཆོག་གི་ང་རྒྱལ་གྱིས་འདུག་པར་བྱའོ། །ཞེས་གསུངས་པའི་དོན་ནི་དབང་སྟེགས་ཀྱི་དཀྱིལ་འཁོར་པདྨ་འདབ་བརྒྱད་སྒོ་རྒྱན་རྫོགས་པར་བྲིས་པའི་སྟེང་དུ་བླ་བྲེས། གཡས་སུ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན། གཡོན་དུ་རྒྱལ་མཚན། མཐའ་སྐོར་དུ་བཀྲ་ཤིས་པའི་རྫས་དང་རྟགས་ཀྱི་ཁྱད་པར་བརྒྱད་སོགས་མཆོད་པའི་ཡོ་བྱད་ཀྱིས་བསྐོར་བ་དངོས་སམ་བསྒོམས་པས་ཀྱང་རུང་སྟེ། དེ་ལྟ་བུའི་དབང་སྟེགས་ལ་སློབ་མ་རྣམས་ཆེ་མཆོག་དབུ་ཉེར་གཅིག་ཕྱག་ཞེ་གཉིས་ཞབས་བརྒྱད་པ་ཡུམ་དང་བཅས་པའམ། ཞལ་གསུམ་ཕྱག་དྲུག་གམ། རྒྱུའི་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་ང་རྒྱལ་གྱིས་ཀྱང་རུང་སྟེ་བསྐྱེད་རིམ་ཕོག་གོ། །བླ་མ་ཡང་དཀྱིལ་འཁོར་གྱི་གཙོ་བོ་ཆེ་མཆོག་གི་ང་རྒྱལ་གསལ་བཏབ་སྟེ། རྩ་བར། དེ་ནས་བླ་མས་སྤྱི་བོ་ནས། རྟའི་འདུར་གླུ་ཕྱོགས་བཅུར་འཚེར་ཞིང་བསྒྲགས་པས། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་གྱི་ནམ་མཁར་བྱོན། བདག་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས་དབང་བསྐུར་བའི་ནུས་པ་དང་ལྡན་པར་བྱས། བརྒྱུད་པའི་བླ་མ་རྣམས་ཀྱང་བྱོན། རྟའི་རྣ་བ་དང་ཕུཾ་ཕུཾ་གྱི་རྣམ་པའི་འོད་ཀྱི་ཕུང་པོར་སྒོམ། དེའི་འོད་ཟེར་གྱིས་སློབ་མ་རྣམས་ཀྱི་བག་ཆགས་དང་སྣོད་ངན་པའི་དྲི་མ་ཐམས་ཅད་དག་པར་བསམ། དེ་ནས་སེམས་ཅན་འདི་དག་འཁོར་བ་ལས་བསྒྲལ་ཏེ་བླ་ན་མེད་པའི་བྱང་ཆུབ་ལ་འགོད་སྙམ་པའི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལྷ་ངེ་བ་སྒོམ། དེ་ནས་སློབ་མ་རྣམས་ལ་ཐུགས་མ་ཡེངས་པར་གསན་མཛོད། དེ་ཡང་དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་དེ་དགོས་འདོད་ཐམས་ཅད་ཀྱི་འབྱུང་གནས་ཡིན་ཏེ། རང་གི་ཅི་ལྟར་གསོལ་བ་བཏབ་པ་བཞིན་དུ་འདོད་པའི་དོན་འགྲུབ་པ་ལྟར། བླ་མ་འདི་ཡང་དགོས་འདོད་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས། མཆོག་ཐུན་མོང་གི་གསོལ་བ་གང་བཏབ་འགྲུབ་པས། བླ་མ་སངས་རྒྱས་སུ་བསྒོམ་ལ་མོས་གུས་གདུང་སེམས་གྱིས་ལ་གསོལ་བ་ཐོབ་བྱ། སློབ་མས་ཐལ་མོ་སྦྱར་ལ། འདིའི་རྗེས་ཟློས་ལན་གསུམ་བྱ་སྟེ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ས་མཐའི་སེམས་དཔའ་ཆེན་པོ་ཡིས། །ཇི་ལྟར་མཆོད་ཅིང་ཞུས་པ་ལྟར། །དེ་བཞིན་སྐལ་ལྡན་བདག་ཅག་ལ། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡིས། །དབང་རྣམས་རིམ་པར་སྩལ་དུ་གསོལ། །ཞེས་པ་གསོལ་བ་བཏབ། བླ་མས། སངས་རྒྱས་དག་ནི་ཐམས་ཅད་ཀྱིས། །གསང་བ་རྡོ་རྗེ་རྣམ་གསུམ་ལས། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །དབང་བསྐུར་གནང་བ་ཆེན་པོ་སྦྱིན། །ཅེས་བྱ། དེ་ནས་བླ་མས་བཞེངས་ཏེ་དཀྱིལ་འཁོར་ཕྱོགས་སུ་བཏུད་ཅིང་། དབྱངས་དང་བཅས་པས། འདུས་པ་ཆེན་པོའི་དཀྱིལ་འཁོར་དུ། །སློབ་བུ་རྣམས་ལ་དབང་བསྐུར་བས། །སེམས་ཅན་དོན་ལ་བདག་བརྩོན་ན། །བཟོད་པར་མཛད་དེ་དགོངས་སུ་གསོལ། །ༀ་བཛྲ་ས་མ་ཡེ་ཧཱུཾ་ཛཿ ཞེས་ལན་གསུམ་བརྗོད་པས། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་མདུན་གྱི་ནམ་མཁར་སྤྲིན་འཐིབས་པ་བཞིན་བྱོན་ནས་དབང་བསྐུར་ཞིག་པར་བཀའ་སྩལ་བར་བསམ་ལ། སྐབས་འདིར་གླན་སྟོན་གྱི་དགོངས་པ་ལྟར་དུ། བླ་མས་ༀ་མ་ཧཱ་ཤཱུ་ནྱ་ཏཱ་སོགས་ཡེ་ཤེས་ལྔའི་སྔགས་དང་བཅས་ཏེ། དབུ་རྒྱན་སོགས་དབང་ཆས་གྱོན་ཏེ་འཁོར་ལོས་སྒྱུར་བའི་ཆ་ལུགས་ཀྱིས་དབང་ཁྲིར་བཟང་པོའི་འདུག་སྟངས་ཀྱིས་འདུག་ལ། ༀ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་བཞིན་དུ་ཝཱ་ཀ་བཛྲ། ཙིཏྟ་བཛྲ་སོགས་བརྗོད་པས་བདག་ཉིད་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གཟི་བྱིན་དང་ལྡན་པར་བསམ་ལ། བསྐུར་བྱེད་ནམ་མཁའ་ལྷ་རྣམས་ལ་གསོལ་བ་འདེབས་པ་ནི། ཚིག་འདི་སྐད་བརྗོད་དེ། རྩ་བར། རྒྱལ་བ་སངས་རྒྱས་ཐམས་ཅད་ཀུན། །འདུས་པ་ཆེན་པོའི་དཀྱིལ་འཁོར་དུ། །དང་བའི་ཡིད་ཀྱིས་ཞུགས་ནས་ཀྱང་། །བྱིན་རླབས་དབང་མཆོག་ནོད་པར་མཛོད། །ཅེས་བརྗོད་ལ། དབང་བཞི་ཡོངས་སུ་རྫོགས་པར་བསྐུར་ཏེ།
༈ ཐོར་མར་ཕྱི་ཕན་པའི་དབང་བཅུ་ལ། དང་པོ་ཞི་བའི་ལྷའི་ཕྱག་རྒྱའི་དབང་། གཉིས་པ་ཕྱག་མཚན། གསུམ་པ་གཟུངས་མ། བཞི་པ་བུམ་པ། ལྔ་པ་བཀྲ་ཤིས་རྫས་བརྒྱད། དྲུག་པ་རིན་ཆེན་སྣ་བདུན། བདུན་པ་གདན་ཁྲི། བརྒྱད་པ་རྒྱན་རྟགས། དགུ་པ་མིང་། བཅུ་པ་འཁོར་ལོའི་དབང་ངོ་། །དེ་ལ་དང་པོ་ཞི་བའི་ཕྱག་རྒྱའི་དབང་སྔར་ཡོ་གར་སོང་ལ། འདིར་ཡང་སྤྲོ་ན་བླང་ངོ་། །ཞེས་གསུངས་པ་གོང་དུ་སོང་བས་མི་དགོས། དེའི་དོད་དུ་འདིར་རིགས་ལྔའི་སྐུ་ལྔས་དབང་བསྐུར་ཞིང་། རྩ་བར། རྒྱལ་པོ་ཕྱག་རྒྱ་མཆོག་གི་རྒྱ། །ཕྱག་རྒྱའི་དབང་མཆོག་མི་འདའ་བ། །ཡེ་ཤེས་ལྔ་དང་རིགས་ལྔའི་དབང་། །དམ་ཚིག་ཕྱག་རྒྱར་རྫོགས་པར་འགྱུར། །ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱིས་སྐལ་ལྡན་ཁྱེད་རྣམས་ལ་ཕྱག་རྒྱ་ལྔའི་དབང་བསྐུར་བས་རིགས་ལྔ་ཡེ་ཤེས་ལྔའི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿཨ་བྷི་ཥིཉྩ་ཧཱུཾ། གཉིས་པ་ཕྱག་མཚན་གྱི་དབང་རྫས་རྡོ་རྗེ་སོགས་རིམ་པ་བཞིན་ཐོགས་ཏེ། འདི་སྐད་དུ། མེ་ལོང་ལྟ་བུའི་ཡེ་ཤེས་ཉིད། །འཇོམས་བྱེད་རྡོ་རྗེ་རང་སྣང་བས། །རྡོ་རྗེ་སེམས་དཔའ་དམ་ཚིག་ཆེ། །མི་ཕྱེད་རྡོ་རྗེའི་དབང་ཐོབ་ཤོག །ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱིས། ཞེས་པ་འོག་མ་རྣམས་ལའང་འགྲེ། སྐལ་ལྡན་རིགས་ཀྱི་བུ་ཁྱེད་ལ་རྡོ་རྗེའི་རིགས་རྡོ་རྗེ་སེམས་དཔའི་ཕྱག་མཚན་རྡོ་རྗེས་དབང་བསྐུར་བས་མེ་ལོང་ལྟ་བུའི་ཡེ་ཤེས་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་དབང་ཐོབ་པར་གྱུར་ཅིག །ༀ་མ་ཧཱ་ཨཱ་དཪྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཨ་བྷི་ཥིཉྩ་ཧཱུཾ། འཁོར་ལོ་ཐོགས་ཏེ། སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱིས། །འཁོར་ལོ་ཆེན་པོ་རང་སྣང་བས། །རྣམ་པར་སྣང་མཛད་བདག་ཉིད་ཆེ། །ཆོས་ཀྱི་འཁོར་ལོས་ཁྱོད་དབང་བསྐུར། །ན་མོ། ཕྱོགས་བཅུ༴ སྐལ་ལྡན་ཁྱོད་ལ་དེ་བཞིན་གཤེགས་པའི་རིགས་རྣམ་པར་སྣང་མཛད་ཀྱི་ཕྱག་མཚན་འཁོར་ལོས་དབང་བསྐུར་བས་སྟོང་པ་ཉིད་ཀྱི་ཡེ་ཤེས་རྣམ་པར་སྣང་མཛད་ཀྱི་སྐུ་གསུང་ཐུགས་ཀྱི་དབང་དམ་པ༴ ༀ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན༴ ཨ་བྷི༴ རིན་པོ་ཆེ་ཐོགས་ཏེ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཉིད། །ཡིད་བཞིན་ནོར་བུར་རང་སྣང་བས། །རིན་ཆེན་འབྱུང་ལྡན་བདག་ཉིད་དེ། །དགོས་འདོད་འབྱུང་བའི་བཀྲ་ཤིས་ཤོག །ན་མོ། ཕྱོགས་བཅུ༴ སྐལ་ལྡན་ཁྱོད་ལ་རིན་པོ་ཆེའི་རིགས་རིན་ཆེན་འབྱུང་ལྡན་གྱི་ཕྱག་མཚན་རིན་པོ་ཆེའི་དབང་བསྐུར་བས་མཉམ་པ་ཉིད་ཀྱི་ཡེ་ཤེས་རིན་ཆེན་འབྱུང་ལྡན་གྱི་སྐུ་གསུང་ཐུགས་ཀྱི་དབང་དམ་པ༴ ༀ་མ་ཧཱ་ས་མ་ཏཱ་ཛྙཱ་ན༴ ཨ་བྷི༴ པདྨ་ཐོགས་ཏེ། སོ་སོར་རྟོག་པའི་ཡེ་ཤེས་ཉིད། །བག་ཆགས་མེད་པར་རང་སྣང་བས། །སྣང་བ་མཐའ་ཡས་བདག་ཉིད་དེ། །སྤྱོད་བཞིན་མ་ཆགས་དབང་ཐོབ་ཤོག ན་མོ། ཕྱོགས་བཅུ་དུས་གསུམ༴ སྐལ་ལྡན་ཁྱོད་ལ་པདྨའི་རིགས་སྣང་བ་མཐའ་ཡས་ཀྱི་ཕྱག་མཚན་པདྨའི་དབང་བསྐུར་བས་སོ་སོར་རྟོག་པའི་ཡེ་ཤེས་སྣང་བ་མཐའ་ཡས་ཀྱི་སྐུ་གསུང་ཐུགས་ཀྱི་དབང་དམ་པ༴ ༀ་མ་ཧཱ་པྲ་ཏྱཱ་བེ་ཀྵ་ཎ་ཛྙཱ་ན༴ ཨ་བྷི༴ རལ་གྲི་ཐོགས་ཏེ། བྱ་བ་གྲུབ་པའི་ཡེ་ཤེས་ཉིད། །རལ་གྲིའི་དངོས་པོར་རང་སྣང་བས། །དོན་ཡོད་པ་ཡི་ངོ་བོ་སྟེ། །སྒྲིབ་པ་གཅོད་པའི་དབང་ཐོབ་ཤོག །ན་མོ། ཕྱོགས་བཅུ༴ སྐལ་ལྡན་ཁྱོད་ལ་ལས་ཀྱི་རིགས་དོན་ཡོད་གྲུབ་པའི་ཕྱག་མཚན་རལ་གྲིས་དབང་བསྐུར་བས་བྱ་བ་གྲུབ་པའི་ཡེ་ཤེས་དོན་ཡོད་གྲུབ་པའི་སྐུ་གསུང་ཐུགས་ཀྱི་དབང་དམ་པ༴ ༀ་མ་ཧཱ་ཀྲྀ་ཏྱཱ་ནུཥྛ་ན་ཛྙཱ་ན༴ ཨ་བྷི༴ གསུམ་པ་རིག་མ་ཐོགས་ཏེ། ཤེས་རབ་གཟུངས་ཀྱི་དབང་མཆོག་ནི། །རྟོག་དང་ལྡན་པར་གྱུར་པ་ཡིས། །མཐའ་གཉིས་དོན་དུ་མི་གཏོང་བའི། །རྒྱལ་ཡུམ་ཤེས་རབ་ཕ་རོལ་ཕྱིན། །གཟུངས་ཀྱི་དབང་མཆོག་ཁྱོད་ལ་སྦྱིན། །དོན་དམ་རང་བཞིན་སྤྲོས་དང་བྲལ། །དྲི་མེད་རྣམ་དག་བྱང་ཆུབ་སེམས། །ཅིས་ཀྱང་གོས་མེད་རིག་མའི་དབང་། །སྐལ་ལྡན་རྣལ་འབྱོར་ཁྱོད་ལ་སྦྱིན། །གཉིས་མེད་ཡོངས་སུ་རྫོགས་པས་ན། །ཐམས་ཅད་བདེ་བ་ཆེན་པོའི་དབང་། །བྱང་ཆུབ་སེམས་དང་དོན་དུ་འབྲེལ། །ཤེས་རབ་ཆེན་པོ་རྫོགས་དབང་སྦྱིན། །ༀ་མ་ཧཱ་མུ་དྲེ་ཨ་བྷི་ཥིཉྩ་ཧཱུཾ། བཞི་པ་བུམ་པ་ཐོགས་ཏེ། ཞེས་གསུངས་པའི་དོན་ནི། སྐབས་འདིར་ཞི་བའི་དབང་བུམ་རྣམས་ཡིན་ཏེ། ཐོག་མར་རྡོ་རྗེ་སློབ་དཔོན་གྱིས་དབུས་ཀྱི་བུམ་པ་བླངས་ཏེ་བསྐུར་ཞིང་། རྒྱལ་ཐེབས་སོགས་ཀྱི་རོལ་མོའི་སྒྲ་དང་སྤོས་དུད་ཆེན་པོ་སྦྱར་རོ། །སྒོམ་དོན་ནི་བུམ་པའི་ནང་ན་བཞུགས་པའི་ལྷ་ཚོགས་དེ་རྣམས་ཀྱི་སྦྱོར་མཚམས་ནས་བྱང་སེམས་བདུད་རྩིའི་ཆུ་རྒྱུན་བྱུང་བ་དེས་ཁྱེད་རང་རྣམས་ཀྱི་ལུས་ཀྱི་ནང་ཐམས་ཅད་གང་བས། སྔོན་ཆད་ཕུང་པོ་ལྔ་དང་འབྱུང་བ་ལྔ་དང་ཉོན་མོངས་པ་ལྔ་རང་ཁ་མའི་སྒྲིབ་པ་མ་སྤངས་གནས་སུ་དག་སྟེ་བུམ་པའི་དབང་བསྐུར་བ་ཐོབ་པའི་ཡོན་ཏན་གྱིས་ཡེ་ཤེས་རྣམ་པ་ལྔའི་ཆུ་རྒྱུན་ལ་ལོངས་སྤྱོད་པའི་ནུས་པ་དངོས་སུ་སྐྱེས་པའི་མོས་པ་མཛོད། ཅེས་མཚམས་སྦྱར་ལ། རྩ་བར། བཀྲ་ཤིས་ཆེན་པོའི་བུམ་དབང་འདི། །བདེ་གཤེགས་བཞུགས་པའི་ཕོ་བྲང་སྟེ། །དཀྱིལ་འཁོར་རྫོགས་པར་གྱུར་པ་ཡི། །དབང་མཆོག་དེ་ཡང་སྦྱིན་པར་བྱ། །ན་མོ། ཕྱོགས་བཅུ༴ སྐལ་ལྡན་ཁྱོད་ལ་བུམ་པའི་དབང་བསྐུར་བས། དཀྱིལ་འཁོར་རྫོགས་པའི་དབང་དམ་པ༴ ༀ་བཛྲ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧཱུཾ། དེ་བཞིན་དུ་ཤར་གྱི་བུམ་པ་ཐོགས་ཏེ། བསྐུར་ཚིག་གོང་མ་དང་། སྔགས་ༀ་བུདྡྷ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ༀ། ཞེས་པའོ། །ལྷོའི་བུམ་པ་ལ་ཡང་ཚིག་གོང་མ་དང་། སྔགས་ༀ་རཏྣ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཏྲཱཾ། ནུབ་ཀྱི་བུམ་པར་ཡང་བསྐུར་ཚིག་གོང་མ་དང་། སྔགས་ༀ་པདྨ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧྲཱིཿ བྱང་གི་བུམ་པར་ཡང་བསྐུར་ཚིག་གོང་མ་དང་། སྔགས་ༀ་ཀརྨ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཨཱཿ ན་མོ། ཕྱོགས་བཅུ༴ སྐལ་ལྡན་རིགས་ཀྱི་བུ་ལ་བུམ་པའི་དབང་བསྐུར་བས་ནང་གི་སྒྲིབ་པ་མ་ལུས་པ་དག་ནས་དཀྱིལ་འཁོར་ཡོངས་སུ་རྫོགས་པར་གྱུར་ཅིག །ལྔ་ཀའི་བུམ་ཆུ་ཡང་བླུད་དོ། །སྤྲོས་མེད་སྤྲོས་བྲལ་ཆོས་ཀྱི་དབྱིངས། །བུམ་པ་ཟླུམ་པོ་ཆོས་ཀྱི་གཏེར། །ཕན་བྱེད་སྨན་པའི་མཆོག་ཡིན་ཏེ། །འགྲོ་བའི་ནད་སེལ་བཀྲ་ཤིས་ཤོག །ཅེས་མེ་ཏོག་འཐོར་རོ། །ལྔ་པ་རྫས་བརྒྱད་ནི། དཱུརྦ་ཐོགས་ཏེ། གསང་བའི་བསྟན་པ་རྒྱས་ནས་ནི། །ཡུན་རིང་གནས་པར་གྱུར་པ་ཡི། །བཀྲ་ཤིས་རྫས་ཀྱི་དབང་མཆོག་ཀྱང་། །གནང་བ་ཆེན་པོ་སྦྱིན་པར་བྱ། །ཏིང་འཛིན་དཱུརྦས་བསོད་ནམས་ཀུན་ཏུ་འཕེལ། །ཇི་ལྟར་དྲང་སྲོང་ཆེན་པོ་ཨ་ཏ་ཀས། །བྱིན་གྱིས་བརླབས་པའི་རྩྭ་མཆོག་དཱུརྦ་འདིས། །རེག་པས་ནད་རྣམས་ཐམས་ཅད་བསལ་གྱུར་ནས། །ནད་ཀྱིས་གདུངས་པ་ཀུན་ལས་ཐར་བར་ཤོག །དཱུརྦས་དགེ་བའི་རྩ་བ་འགག་མེད་པའི། །དབང་ཐོབ་ནས་ནི་ཀུན་ཏུ་བཀྲ་ཤིས་ཤོག །དཱུརྦས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་གྲུབ་ནས། །ཉོན་མོངས་སྐྱེ་ཤིའི་སྡུག་བསྔལ་རྒྱུན་བཅད་དེ། །བཀྲ་ཤིས་དེས་ཀྱང་ཚེ་ནི་བརྟན་གྱུར་ཅིག །ལི་ཁྲི་ཐོགས་ཏེ། ཡང་དག་ལས་མཐའ་ཆགས་ཤིང་རལ་གྲི་འཛིན། །རྡོ་རྗེ་དང་ནི་རིན་ཆེན་ཆུ་སྐྱེས་དང་། །དེ་བཞིན་ལས་ཀྱི་རིགས་ཀྱི་དབང་བསྐུར་བས། །ཁ་དོག་བཟང་པོ་མདོག་མཛེས་ལི་ཁྲི་འདིས། །ལྷ་མིའི་འདོད་ཡོན་དབང་དུ་འདུས་པར་ཤོག །ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣས་མ་ལུས་དབང་དུ་གྱུར་པ་སྟེ། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པ། །ལི་ཁྲིས་བཀྲ་ཤིས་མཆོག་ཏུ་བརྟན་གྱུར་ཅིག །མེ་ལོང་ཐོགས་ཏེ། ཡང་དག་ལྟ་བས་བདེན་གཉིས་མེ་ལོང་སྟོན། །དེ་གྲུབ་དེ་ཐོབ་དེ་ལས་འདའ་མི་མཛད། །ཆོས་རྣམས་ཐམས་ཅད་སྒྱུ་མ་ལྟ་བུ་དེ། །རང་བཞིན་དག་པས་སྒྱུ་མ་སླར་ཤེས་ནས། །གཏི་མུག་མུན་པའི་བག་ཆགས་བསྲེགས་སྦྱངས་ཏེ། །མེ་ལོང་ལྟ་བུའི་ཡེ་ཤེས་ཐོབ་པར་ཤོག །མེ་ལོང་ཡེ་ཤེས་ཆེན་པོའི་གཟུགས་བརྙན་ཏེ། །ཡེ་ཤེས་རྒྱལ་པོའི་བདུད་རྩི་མཆོག་གྱུར་ནས། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག །དུང་ཐོགས་ཏེ། ཡང་དག་ངག་གི་སྒྲ་སྐད་ཚངས་པ་ཡི། །ཇི་ལྟར་མཱ་ར་ཡ་ནར་ལྷ་ཆེན་གྱིས། །དུང་སྒྲ་བསྒྲགས་ནས་རིམས་ནད་བསལ་བ་ལྟར། །དམ་ཆོས་བདུད་རྩི་དུང་གི་སྒྲ་བསྒྲགས་པས། །ནད་ཀྱིས་གདུངས་པ་ཀུན་ལས་རྒྱལ་བར་ཤོག །དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོག་པའི་ཚུལ། །ཡོན་ཏན་རྒྱ་མཚོ་མཆོག་ཏུ་དག་གྱུར་ནས། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ནི་ཚེ་ལ་ལོངས་སྤྱོད་ཤོག །གྷི་ཝང་ཐོགས་ཏེ། ཤེས་བཅུ་སྲོག་གི་དབང་པོ་ཐོབ་ནས་ནི། །ཡང་དག་དྲན་པས་གྷི་ཝང་ནད་གསོ་མཛད། །ཇི་ལྟར་གྷི་ཝང་ཁྱུ་མཆོག་གླང་པོ་ཡི། །སྲོག་གི་དབང་པོ་གཉེན་དུ་གྱུར་ནས་ནི། །རྣམ་པར་དཀར་བའི་དམ་ཆོས་འཛིན་པ་ལྟར། །ཤེས་བཅུ་སྲོག་གི་དབང་པོ་ཐོབ་པར་ཤོག །གྷི་ཝང་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ཏེ། །ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་མེད་པར་ཤོག །བིལྦ་ཐོགས་ཏེ། ཡང་དག་དོན་དམ་རྟོགས་པ་བིལྦའི་དབང་། །དེ་ཐོབ་དེ་གྲུབ་དེ་ལས་མི་འདའ་མཛད། །ཇི་ལྟར་རྒྱུ་དང་ས་བོན་ཉུང་ངུ་ལས། །འབྲས་བུ་ཆེར་སྨིན་ཤིང་མཆོག་བིལྦ་ལྟར། །དེ་བཞིན་དགེ་བའི་རྒྱུ་མཆོག་ཆུང་ངུ་ལས། །འབྲས་བུ་རྒྱ་ཆེ་དཔག་མེད་ཐོབ་པར་ཤོག །བིལྦ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེས་ནི་འཇིག་རྟེན་འགྲུབ་པར་ཤོག །ཞོ་ཐོགས་ཏེ། ཡང་དག་འཚོ་བ་རྣམས་ནི་འདོད་ཞོ་ཡི། །ལྷ་དབང་བརྒྱ་བྱིན་བདག་ཉིད་ཆེན་པོ་ཡིས། །བྱིན་གྱིས་བརླབས་ཤིང་གྲུབ་པའི་རྫས་མཆོག་གིས། །ནད་རྣམས་མ་ལུས་འཇོམས་པའི་བདུད་རྩི་འདི། །རྣམ་པར་རྒྱལ་བའི་རོ་མཆོག་ཆེན་པོ་འདིས། །བསམ་གཏན་ཏིང་འཛིན་བཅུད་ཟས་ལྡན་པར་ཤོག །ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་བྱང་ཆུབ་སེམས་རྟོགས་ཏེ། །ཡོན་ཏན་ཀུན་གྱི་སྙིང་པོར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་ནད་རྣམས་སེལ་བར་ཤོག །ཡུངས་ཀར་ཐོགས་ཏེ། ཡང་དག་རྩོལ་བས་ཡུངས་ཀར་བདུད་བཞི་འཛོམས། །བདེ་བར་གཤེགས་པས་བྱིན་གྱིས་བརླབས་པ་ཡིས། །བགེགས་རྣམས་འཇོམས་པའི་སྒྲུབ་རྫས་རྒྱལ་པོ་འདིས། །བར་དུ་གཅོད་པའི་བགེགས་ཀྱི་ཚོགས་བཅོམ་ནས། །དེང་འདིས་བཀྲ་ཤིས་མཆོག་ཉིད་ཐོབ་པར་ཤོག །ཡུངས་ཀར་རྡོ་རྗེའི་རིགས་ཏེ་བགེགས་རྣམས་འཇོམས། །ཡོན་ཏན་མཐུ་སྟོབས་ཆེན་པོར་གྱུར་པ་ཡིས། །བདུད་བཞི་བར་དུ་གཅོད་པ་ཀུན་བཅོམ་ནས། །མི་མཐུན་ཕྱོགས་ལས་རབ་ཏུ་རྒྱལ་བར་ཤོག །དྲུག་པ་སྣ་བདུན་ནི། འཁོར་ལོ་ཐོགས་ཏེ། དམ་ཆོས་རྣམ་པར་འབྱེད་པའི་འཁོར་ལོ་སྟེ། །དེ་ཐོབ་དེ་གྲུབ་དེ་ལས་འདའ་མི་མཛད། །འཁོར་ལོ་རིན་ཆེན་བརྟན་པ་ཡིས། །ས་བཅུ་དག་ལ་དབང་སྒྱུར་ཞིང་། །ཐེག་པ་རྣམ་གསུམ་རྟོགས་པ་དང་། །ཆོས་ཀྱི་རྒྱལ་པོ་ཆེན་པོར་ཤོག །འཁོར་ལོའི་དབང་བསྐུར་བས་ཐེག་པ་རྣམ་གསུམ་རྟོགས་ནས་ས་བཅུ་ལ་དབང་སྒྱུར་བའི་ཆོས་ཀྱི་རྒྱལ་པོའི་དབང་དམ་པ་ཐོབ་པར་གྱུར་ཅིག །གླང་པོ་ཆེ་ཐོགས་ཏེ། ཏིང་འཛིན་མི་འགྱུར་སྟོབས་ཀྱི་གླང་པོ་ཆེ། །དེ་ཐོབ་དེ་གྲུབ༴ གླང་པོ་རིན་ཆེན༴ ས་བཅུ་དག་ལ་དབང་སྒྱུར་ཞིང་། །ཐེག་པ་རྣམ་གསུམ༴ བྱང་ཆུབ་སྙིང་པོར་གནས་པར་ཤོག །གླང་པོ་ཆེ་ཡི་དབང་བསྐུར་བས་ཐེག་པ་རྣམ་གསུམ་རྟོགས་ནས་སྟོབས་བཅུ་ལ་དབང་སྒྱུར་བའི་དབང་དམ་པ༴ རྟ་མཆོག་ཐོགས་ཏེ། རྫུ་འཕྲུལ་མྱུར་མགྱོགས་ཤུགས་འཆང་རྫུ་འཕྲུལ་རྟ། །དེ་ཐོབ་དེ་གྲུབ༴ རྟ་མཆོག་རིན་ཆེན༴ རྫུ་འཕྲུལ་རྐང་བཞིའི་དབང་ཐོབ་ནས། །འཁོར་བའི་རྒྱ་མཚོ་སྒྲོལ་བ་དང་། །ཐར་པའི་འབྲས་བུ་ཐོབ་པར་ཤོག །རྟ་མཆོག་གི་དབང་བསྐུར་བས་རྫུ་འཕྲུལ་རྐང་པ་བཞིས་འཁོར་བའི་སེམས་ཅན་ཐམས་ཅད་ཐར་བར་སྒྲོལ་བའི་དབང་དམ་པ༴ དམག་དཔོན་ཐོགས་ཏེ། དྲན་པ་རང་གི་ཕྱོགས་འཛིན་གཞན་འཇོམས་དམག །དེ་ཐོབ་དེ་གྲུབ༴ དམག་མི་རིན་ཆེན༴ མི་འཇིགས་བཞི་ཡི་དབང་ཐོབ་ནས། །ཕས་ཀྱི་རྒོལ་བ་ཚར་བཅད་དེ། །གོ་ཆ་ཆེན་པོ་བགོས་པར་ཤོག །དམག་མིའི་དབང་བསྐུར་བས་མི་འཇིགས་པ་བཞིས་རྒོལ་བ་ཐམས་ཅད་ཚར་བཅད་ནས་གོ་ཆ་ཆེན་པོའི་དབང་དམ་པ༴ བཙུན་མོ་ཐོགས་ཏེ། ལུས་སེམས་ཤིན་ཏུ་སྦྱངས་པ་བཙུན་མོ་སྟེ། །དེ་ཐོབ་དེ་གྲུབ༴ བཙུན་མོ་རིན་ཆེན༴ ཤེས་རབ་དབྱིངས་ཀྱི་མཆོག་ཐོབ་ནས། །སྐྱེ་འགག་མེད་པའི་དོན་རྟོགས་ཏེ། །བྱང་ཆུབ་སྙིང་པོར་གནས་པར་ཤོག །བཙུན་མོའི་དབང་བསྐུར་བས་ཤེས་རབ་དབྱིངས་ཀྱི་སྐྱེ་འགག་མེད་པའི་དོན་རྟོགས་ཤིང་དབང་དམ་པ༴ བློན་པོ་ཐོགས་ཏེ། གདུལ་དཀའ་འདུལ་མཁས་ཁྱིམ་བདག་དགའ་བ་ཡིན། །དེ་ཐོབ་དེ་གྲུབ༴ བློན་པོ་རིན་ཆེན༴ སུམ་ཅུ་རྩ་གསུམ་དབང་ཕྱུག་རྗེ། །རྫུ་འཕྲུལ་ཆེན་པོ་བརྒྱ་བྱིན་ལྟར། །ལྷ་ཡི་རྒྱལ་པོ་ཆེན་་པོར་ཤོག །བློན་པོའི་དབང་བསྐུར་བས་རྫུ་འཕྲུལ་ཆེན་པོ་ལྷའི་རྒྱལ་པོའི་དབང་དམ་པ༴ ནོར་བུ་ཐོགས་ཏེ། བཏང་སྙོམས་ཡང་དག་དོན་མཛད་རིན་ཆེན་ཡིན། །དེ་ཐོབ་དེ་གྲུབ༴ འཇིག་རྟེན་དབང་ཕྱུག་དེ་བཞིན་གཤེགས། །དཔེ་བྱད་མཚན་གྱིས་བརྒྱན་པ་དང་། །གསེར་གྱི་ཁ་དོག་ཐོབ་པར་ཤོག །ནོར་བུ་རིན་པོ་ཆེའི་དབང་བསྐུར་བས་མཚན་དཔེ་དང་ལྡན་ཞིང་གསེར་གྱི་ཁ་དོག་ལྟ་བུའི་སྐུ་ཐོབ་པར་གྱུར་ཅིག །དཀོན་མཆོག་གསུམ་གྱི་ཡོན་ཏན་རིན་པོ་ཆེ། །འཁོར་བའི་མུན་སེལ་བདེ་བའི་སྙིང་པོ་འབྱུང་། །དགོས་པ་མཆོག་སྦྱིན་ནོར་བདུན་ཕུན་སུམ་ཚོགས། །ཡིད་བཞིན་ནོར་བུ་རིན་ཆེན་སྤྱོད་པར་ཤོག །ན་མོ། ཕྱོགས་བཅུ༴ སྐལ་ལྡན་ཁྱེད་རྣམས་ལ་རྒྱལ་སྲིད་སྣ་བདུན་གྱི་དབང་བསྐུར་བས་འཕགས་པའི་ནོར་བདུན་གྱིས་འགྲོ་བའི་འཕོངས་པ་རྒྱུན་བཅད་དེ། མི་གནས་པའི་ཡེ་ཤེས་ལ་སྤྱོད་པའི་དབང་དམ་པ༴ བདུན་པ་གདན་ཁྲི་ནི། གདན་ལྔ་ཐོགས་ཏེ། རང་རིག་རྟོགས་པའི་ཡེ་ཤེས་ནི། །ཅིས་ཀྱང་མི་གོས་ཐམས་ཅད་འཇོམས། །སེང་གེའི་གཟུགས་ཀྱི་དབང་བསྐུར་བས། །མི་འཇིགས་བཞི་ཡི་དབང་ཐོབ་ཤོག །སེམས་ཉིད་རྟོགས་པའི་རིག་པ་ཡིས། །མཚན་མ་ཐམས་ཅད་ཟིལ་གྱིས་གནོན། །གླང་ཆེན་ཐེག་པའི་དབང་༴ སངས་རྒྱས་སྟོབས་བཅུའི་དབང་༴ ཐམས་ཅད་སེམས་སུ་རྟོགས་གྱུར་ནས། །གར་མ་བགྲོད་པ་ཀུན་ཏུ་ཕྱིན། །མྱུར་མགྱོགས་རྟ་ཡི་དབང་༴ རྫུ་འཕྲུལ་རྐང་པའི་དབང་༴ ཉོན་མོངས་སེམས་སུ་གང་ཤེས་པ། །སྤྱོད་བཞིན་མི་གོས་དབང་དུ་བྱེད། །མཛེས་བྱེད་རྨ་བྱའི་དབང་༴ རྒྱལ་བའི་དབང་བཅུ་ཐོབ་པར་ཤོག །ཤེས་བྱ་རང་དུ་གང་རྟོགས་པ། །བལྟས་པ་མེད་པར་ཐམས་ཅད་གསལ། །མཁའ་ལྡིང་ཤང་ཤང་དབང་༴ ཤེས་བྱ་ཐོགས་མེད་དབང་ཐོབ་ཤོག །སེམས་ཅན་ཆེན་པོ་ལྔའི་གདན་གྱི་དབང་བསྐུར་བས་ཡོན་ཏན་ལྔ་ལྷུན་གྱིས་གྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །རིན་པོ་ཆེ་ཁྲི་ཐོགས་ཏེ། སེམས་ཉིད་དགོས་འདོད་ལྷུན་གྲུབ་པས། །རྟོག་པས་མ་བཙལ་རང་ལ་སྣང་། །རིན་ཆེན་ཁྲི་ཡི་དབང་༴ ཡོན་ཏན་བརྟན་པའི་དབང་༴ རིན་ཆེན་པདྨ་སེང་གེའི་ཁྲི། །བླ་མར་གྱུར་པའི་གདན་མཆོག་སྟེ། །ཁྱད་པར་ཆེན་པོར་གྱུར་པའི་དབང་། །ཁྲི་ཆེན་དག་ལ་བཞུགས་པར་བྱའོ། །རིན་པོ་ཆེའི་ཁྲིའི་དབང་བསྐུར་བས་འགྲོ་བ་ལྷ་དང་བཅས་པའི་བླ་མར་གྱུར་ཅིག །བརྒྱད་པ་ནི། རྒྱན་ཆ་ཐོགས་ཏེ། དར་གྱི་ཅོད་པན་ཕྲེང་ལ་སོགས། །དབང་མཆོག་བརྗིད་པའི་རྒྱན་གྱིས་བཀླུབས། །མགུལ་རྒྱན་དོ་ཤལ་སེ་མོ་དོ། །དཔུང་རྒྱན་ལག་གདུབ་རྐང་གདུབ་རྣམས། །དབང་མཆོག་རྒྱལ་པོ་དེ་ལ་སྦྱིན། །ཆོས་ཉིད་ཅིར་ཡང་སྣང་བའི་ལོངས་སྤྱོད་རྒྱན། །རིགས་ལྔའི་རིན་ཆེན་དབུ་རྒྱན་འདི་བཅིངས་པས། །ཡེ་ཤེས་ལྔ་དག་རིགས་ལྔ་དབྱེར་མེད་པ། །རིགས་ལྔའི་དབུ་རྒྱན་དབང་མཆོག་ཐོབ་པར་ཤོག །ཞེ་སྡང་ཆེན་པོ་རང་གི་སེམས། །གཟུངས་དང་ཏིང་འཛིན་རྒྱུ་འབྲས་ཆོས། །བྱང་ཆུབ་ཕྱོགས་རྣམས་རྟོགས་པའི་རྒྱན། །མཚན་དང་དཔེ་བྱད་ལ་སོགས་པའི། །འབྲས་བུའི་ཆོས་ལ་དབང་ཐོབ་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་གུ་ཧྱ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་སཏྭ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དགུ་པ་ནི། སྐབས་འདིར་གསང་མཚན་འདོགས་དགོས་པས་གོང་དུ་མེ་ཏོག་ཕོག་པའི་རིགས་ངེས་པར་བྱས་ཏེ། འདིར་ཞི་བ་ཁོ་ནས་འཐུས་ཕྱིར། དབུས་སུ་བབ་པ་ཕོ་རྣམས་ལ་རྡོ་རྗེ་སྙིང་པོ་རྩལ། རྡོ་རྗེ་ཡང་དག་རྩལ། རྡོ་རྗེ་ཐུགས་མཆོག་རྩལ། མོ་རྣམས་ལ་རྡོ་རྗེ་དབྱིངས་ཕྱུག་རྩལ་ལྟ་བུ། དེ་བཞིན་དུ་ཤར་བ་རྣམས་ལ་རྡོ་རྗེ་སྐུ་མཆོག་རྩལ། རྡོ་རྗེ་བདེ་གཤེགས་རྩལ། རྡོ་རྗེ་ལྷུན་གྲུབ་རྩལ། རྡོ་རྗེ་བཻ་རོ་ཙ་ན་རྩལ། མོ་རྣམས་ལ་དེ་བཞིན་དབྱིངས་ཕྱུག་རྩལ། ལྷོ་བ་རྣམས་ལ་རྡོ་རྗེ་ཡོན་ཏན་རྩལ། རྡོ་རྗེ་གཏེར་འབྱུང་རྩལ། རྡོ་རྗེ་དཔལ་མཆོག་རྩལ། རྡོ་རྗེ་རིན་ཆེན་སྙིང་པོ་རྩལ། མོ་རྣམས་ལ་རིན་ཆེན་དབྱིངས་ཕྱུག་རྩལ། ནུབ་པ་རྣམས་ལ་རྡོ་རྗེ་གསུང་མཆོག་རྩལ། རྡོ་རྗེ་མྱུ་གུ་རྩལ། རྡོ་རྗེ་དབང་ཕྱུག་རྩལ། རྡོ་རྗེ་མ་ཆགས་པདྨ་རྩལ། རྡོ་རྗེ་དྲི་མེད་རྩལ། མོ་རྣམས་ལ་པདྨ་དབྱིངས་ཕྱུག་རྩལ། བྱང་པ་རྣམས་ལ་རྡོ་རྗེ་ལས་རབ་རྩལ། རྡོ་རྗེ་ཁྱུང་གཤོག་རྩལ། རྡོ་རྗེ་ཐོགས་མེད་རྩལ། རྡོ་རྗེ་བདུད་འཇོམས་རྩལ། མོ་རྣམས་ལ་ལས་ཀྱི་དབྱིངས་ཕྱུག་རྩལ། ཞེས་སོགས་ཀྱི་མཚོན་པར་གཏགས་ཤིང་། རྩ་བར། རྡོ་རྗེ་ཐོགས་ཏེ། དབང་ཐོབ་མཛེས་པ་བརྗིད་པའི་རྒྱལ་པོ་སྟེ། །དབང་ཕྱུག་ཡིན་པས་དེ་ལ་ཀུན་ཕྱག་འཚལ། །རྡོ་རྗེ་དབང་ཕྱུག་ཅེས་པའི་མཚན་ནས་ནི། །ཀུན་གྱི་སྒྲ་ཆེན་འབོད་ཅིང་བསྒྲགས་པར་བྱ། །སྟོན་པའི་ཐུགས་རྗེས་ངེས་པར་མིང་བཏགས་པའི། །ཐུགས་རྗེའི་ངང་ནས་ངེས་པའི་སྲས་སུ་མཛད། །ན་མོ། ཕྱོགས་བཅུ༴ སྐལ་ལྡན་ཁྱེད་རྣམས་ལ་རྡོ་རྗེ་མིང་གི་དབང་བསྐུར་བས་རྒྱལ་བའི་ཞིང་ཁམས་ཐམས་ཅད་དུ་དབང་ཕྱུག་གྲགས་པའི་སྙན་པས་ཁྱབ་པར་གྱུར་ཅིག །བཅུ་པ་ནི། འཁོར་ལོ་ཐོགས་ཏེ། གསེར་གྱི་འཁོར་ལོ་རྩིབས་སྟོང་ལྡན་པ་ཞིག །སྐལ་ལྡན་རིགས་ཀྱི་བུ་ལ་སྦྱིན་བྱས་པས། །འཇིག་རྟེན་ཀུན་ལ་ཁ་ལོ་སྒྱུར་བ་ཡི། །དབང་མཆོག་རྒྱལ་པོ་འདི་ནི་ཐོབ་པར་ཤོག །ཡོངས་ལ་དབང་སྒྱུར་དབང་གི་མཆོག །གང་ལའང་མ་ཆགས་འདོད་དགུར་སྒྱུར། །གཉིས་སུ་མེད་པའི་ཕོ་བྲང་དུ། །སྤོང་ལེན་མེད་པར་དབང་བསྐུར་རོ། །འོག་ཏུ་གསེར་གྱི་འཁོར་ལོ་དག །བརྗིད་པའི་དོན་དུ་འབྲུ་བཀོད་ནས། །གཞན་དོན་འདི་ལ་ཕན་པའི་ཕྱིར། །རྒྱལ་བའི་འཁོར་ལོ་བསྐོར་བར་མཛོད། །ན་མོ། ཕྱོགས་བཅུ༴ སྐལ་ལྡན་ཁྱེད་རྣམས་ལ་འཁོར་ལོའི་དབང་བསྐུར་བས་འཁོར་ལོ་སྒྱུར་བའི་རྒྱལ་ཐབས་ཀྱིས་འཇིག་རྟེན་གྱི་ཁ་ལོ་གྱེན་དུ་བསྒྱུར་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །བཛྲ་ཙཀྲ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་པས་བསྐུར་ཏེ། དེ་ཡན་ཆད་ཀྱིས་ཕྱི་དབང་བཅུ་ཚར་བའོ། །
༈ དེ་ནས་ནང་དབང་བཅུ་གཅིག་ལ། དང་པོ་གསང་བ་ཉན་པའི་དབང་། གཉིས་པ་ལས་བཞིའི། གསུམ་པ་འཆད་པའི། བཞི་པ་རྡོ་རྗེ་རྒྱལ་པོ། ལྔ་པ་གདན་ཁྲི། དྲུག་པ་ཁྱད་པར་གྱི་རིན་ཆེན་བདུན། བདུན་པ་ཕྱག་རྒྱ་གཟུགས་བརྙན། བརྒྱད་པ་ཡེ་ཤེས་ལྔ། དགུ་པ་སྐུ་གསུང་ཐུགས། བཅུ་པ་བཀྲ་ཤིས་རྟགས་ཀྱི། བཅུ་གཅིག་པ་ཐིག་ལེ་མིང་གི་དབང་ངོ་། །དེ་ལ་དང་པོ་ནི། འདིར་སྒྱུ་འཕྲུལ་སོགས་ལ་སྤྱིར་བསམ་རྒྱུད་དང་། བསྒྲག་ཚིག་གཉིས་བྱེ་བྲག་ཏུ་ཕྱེ་ནས་སོ་སོར་ངོ་བོ། རྒྱུ་རྐྱེན། བསྐུར་ཚུལ། བསྟིམ་གནས། ངེས་ཚིག་སྒྲིབ་པ། ཐོབ་ཚད། ཆོས་སྣོད། འབྲས་བུ། དགོས་པ། སྐྱོན། ཡོན་ཏན་སོགས་བཅུ་གསུམ་གྱིས་སྟོན་པར་བྱེད་ཅིང་། དེ་ལྟ་བུའི་བསམ་རྒྱུད་བསྒོམ་བྱ་ལ་ཡང་ཉན་དབང་གི་བསྐུར་གནས་རྣ་བ་ཡིན་པས་རྣ་བ་གཉིས་ཀྱི་འདོམས་རྩར་གཞལ་ཡས་ཁང་གི་དབུས་སུ་རྡོར་རིན་འབྱུང་ཡབ་ཡུམ་བཅོ་བརྒྱད་སྒོམ་དགོས་ཏེ། དེ་དག་ལ་དབང་། བརླབ། དབབ། དྲང་། བསྟིམ། བརྟན། མཆོད། ཞུ་བ་ལས་སློབ་མ་རིན་འབྱུང་དུ་བསྐྱེད་ཚུལ་གསུངས་པ་རྒྱས་པར་སྤྲོ་ན་སྦྱར་དགོས་ཏེ། གསང་སྙིང་གི་ལེའུ་བཅུ་པར། ཉན་བྱེད་འཁོར་ལོའི་གཞལ་ཡས་སུ། །གསལ་བའི་ཐིག་ལེའི་ངོ་བོ་ཉིད། །ཏྲཾ་གི་ཕྱག་རྒྱའི་ཚོགས་མཆོག་ལས། །རིན་ཆེན་དཀྱིལ་འཁོར་གསལ་སྤྲོ་བསྟིམ། །ཞེས་གསུངས་པའི་ཕྱིར། འོན་ཀྱང་འདིར་རྩ་བ་ཟུར་ལུགས་དང་ཁམས་ལུགས་གཉིས་ཀར་སློབ་མ་རིན་འབྱུང་དུ་བསྐྱེད་པ་ཙམ་ལས་མ་གསུངས་པ་དེའི་དོན་འདི་ལྟར། དང་པོ་ཉན་པའི་དབང་ནི། སློབ་མ་རྣམས་སྐད་ཅིག་གིས་རིན་ཆེན་འབྱུང་ལྡན་སེར་པོ་རིན་པོ་ཆེ་དང་previous hit དྲིལབུ next hit་འཛིན་པ་ཡུམ་དང་བཅས་པའི་སྐུར་གྱུར་པ་དེ་ལ་བླ་མས་གླེགས་བམ་གཏད་དེ་དབང་བསྐུར་བས་ཐེག་པ་གསུམ་གྱི་དམ་པའི་ཆོས་མ་ལུས་པ་ཉན་པའི་དབང་ཐོབ་པར་མོས་མཛོད། ཅེས་མཚམས་སྦྱར་ལ། མདོ་དགོངས་འདུས་ལྟ་བུའི་གླེགས་བམ་གཏད་དེ། རྩ་བར། པོ་ཏི་ཐོགས་ཏེ། གསང་བའི་སྒོ་རུ་འདི་ཞུགས་ནས། །གླེགས་བམ་ལག་ཏུ་གཏད་པས་ནི། །དམ་ཆོས་མཛོད་ཆེན་ཐེག་པ་གསུམ། །མ་ལུས་ཉན་པའི་དབང་ཐོབ་ཤོག །གསང་བ་གསང་ཆེན་གསང་བ་རྣམས། །སྟོན་པས་ངེས་པར་གསུངས་པའི་དོན། །ཉན་ཅིང་ཡིད་ལ་འཛིན་པ་ཡི། །མ་འདྲེས་འཛིན་པའི་དབང་ཐོབ་ཤོག །ན་མོ། ཕྱོགས་བཅུ༴ སྐལ་ལྡན་ཁྱོད་རྣམས་ལ་ཆོས་ཉན་པའི་དབང་བསྐུར་བས་གསང་བའི་བཀའ་མཐའ་དག་ཉན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་སརྦ་ཏ་ཐཱ་ག་ཏ་གརྦྷ་སརྦ་དྷརྨ་སིདྡྷི་ཧཱུཾ། དེ་ནས་གཉིས་པ་ཕྲིན་ལས་ཀྱི་དབང་གི་ཕྱིར་སློབ་མ་རིན་ཆེན་འབྱུང་ལྡན་གནས་འགྱུར་ཏེ་དོན་གྲུབ་ལྗང་གུ་རྒྱ་གྲམ་དང་previous hit དྲིལབུ next hit་འཛིན་པ་ཡུམ་དང་བཅས་པའི་སྐུར་གྱུར་པ་ལ་སྣ་ཚོགས་རྡོ་རྗེ་གཏད་པས་ཕྲིན་ལས་བཞིར་དབང་སྒྱུར་བའི་དབང་ཐོབ་པར་བསམ་ལ། རྩ་བར། སྣ་ཚོགས་རྡོ་རྗེ་ཐོགས་ཏེ། ཞི་རྒྱས་དབང་དང་དྲག་པོ་ཡི། །རིགས་སུ་གྱུར་པ་མ་ལུས་པ། །དགོས་པ་ཐམས་ཅད་བྱེད་པར་འགྱུར། །ལས་རྣམས་རྒྱ་མཚོ་ཐམས་ཅད་ཀུན། །གྲུབ་རྟགས་རྡོ་རྗེ་རྒྱ་གྲམ་རྫས། །ཐབས་མཆོག་དབང་ནི་སྦྱིན་པར་བྱ། །ཞི་རྒྱས་དབང་དང་མངོན་སྤྱོད་དག །མནན་བསྐྲད་རྨོངས་གསོ་འགུགས་པ་དང་། །གང་བྱེད་ལས་རྣམས་གྲུབ་པར་ཤོག །ན་མོ། ཕྱོགས་བཅུ༴ སྐལ་ལྡན་ཁྱོད་རྣམས་ལ་བྱ་བ་ཕྲིན་ལས་ཀྱི་དབང་བསྐུར་བས་འགྲོ་དོན་ཐོགས་པ་མེད་པའི་དབང་དམ་པ༴ གསུམ་པ་འཆད་པའི་དབང་ནི། རྩ་བར། སློབ་མའི་ལྕེ་ལ་སྣང་བ་མཐའ་ཡས་བསྐྱེད་ཅེས་གསུངས་པའི་དོན་སློབ་མ་དོན་གྲུབ་གནས་འགྱུར་ཏེ་སྣང་བ་མཐའ་ཡས་དམར་པོ་པདྨ་དང་previous hit དྲིལབུ next hit་འཛིན་པ་ཡུམ་དང་བཅས་པར་གྱུར་པ་ལ་འཁོར་ལོ་གཏད་པས་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་འཆད་པའི་དབང་ཐོབ་པར་མོས་མཛོད། རྩ་བར། འཁོར་ལོ་གཏད་ལ། གསེར་གྱི་འཁོར་ལོ་རྩིབས་སྟོང་མུ་ཁྱུད་ལྡན། །འཇིག་རྟེན་ཀུན་ལ་ཁ་ལོ་སྒྱུར་བའི་དབང་། །དབང་སྒྱུར་འཁོར་ལོའི་དབང་མཆོག་ཐོབ་པར་ཤོག །གཞན་གྱི་རེ་བ་སྐོང་བའི་བུ་མཆོག་འདི། །རྒྱལ་པོ་རྒྱལ་རིགས་རྨད་དུ་བྱུང་བ་བཞིན། །རྒྱ་ཚབ་ཆོས་ཀྱི་སྲས་སུ་བྱུང་བས་ན། །གསུང་རབ་དམ་པའི་མཛོད་གསུམ་སྦྱིན་པར་བྱ། །བུ་དེས་སློབ་མའི་ཚོགས་ཀུན་སྐྱོང་བ་དང་། །བསྟན་པ་སྒྲོག་པའི་ས་ལ་གནས་པའི་ཕྱིར། །རྡོ་རྗེ་རྒྱལ་པོར་མངའ་གསོལ་དབང་མཆོག་འདི། །ཐེག་པ་དགུ་ཡི་རྟགས་བཅས་སྦྱིན་པར་བྱ། །ན་མོ། ཕྱོགས་བཅུ༴ སྐལ་ལྡན་ཁྱོད་རྣམས་ལ་ཆོས་འཆད་པའི་དབང་བསྐུར་བས་བཀའ་གསུང་རབ་མཐའ་དག་བཤད་པའི་དབང་དམ་པ༴ དྷརྨཱ་ཙཀྲ་ཨ་བྷི་ཥིཉྩ་ཧཱུཾ། བཞི་པ་རྡོ་རྗེ་སློབ་དཔོན་གྱི་དབང་ནི། སློབ་མ་སྣང་བ་མཐའ་ཡས་གནས་འགྱུར་ཏེ་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་previous hit དྲིལབུ next hit་འཛིན་པ་ཡུམ་དང་བཅས་པའི་སྐུར་གྱུར་པ་ལ་རྡོ་རྗེ་དང་previous hit དྲིལབུ next hit་གླེགས་བམ་རྣམས་གཏད་པས་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་ཐོབ་སྟེ་རྒྱལ་བའི་གདུང་གསོབ་པའི་ནུབ་པ་དང་ལྡན་པར་མོས་མཛོད། རྩ་བར། པོ་ཏི་རྡོར་དྲིལ་ཐོགས་ཏེ། བསྟན་པ་སྒྲོག་པའི་ས་ལ་གནས་བྱས་ནས། །རྡོ་རྗེ་རྒྱལ་པོ་དཔལ་གྱི་དབང་མཆོག་འདི། །ཐེག་ཆེན་དགུ་ཡི་རྟགས་དང་བཅས་ཏེ་སྦྱིན། །གླེགས་བམ་འོན་ཏེ་རྡོ་རྗེ་རྩེ་དགུའོ། །རྡོ་རྗེ་རྒྱལ་པོ་འགྲོ་བ་འདྲེན་པའི་དཔལ། །ཀུན་ལ་བུ་བཞིན་བརྩེ་བའི་ངང་ཚུལ་ཅན། །རྒྱལ་བའི་གདུང་གསོབ་བསྟན་པ་རིན་ཆེན་འཛིན། །ཆོས་ལ་དབང་འབྱོར་རྒྱལ་ཐབས་སྦྱོར་བར་ཤོག །ན་མོ། ཕྱོགས་བཅུ༴ སྐལ་ལྡན་ཁྱོད་རྣམས་ལ་རྡོ་རྗེའི་རྒྱལ་པོའི་དབང་བསྐུར་བས་ཐབས་མཁས་ཐུགས་རྗེའི་རླབས་ཀྱིས་འགྲོ་བ་འདྲེན་པའི་དབང་དམ་པ༴ ནུས་དབང་ལྔ་པ་འདི་ལ་བསམ་རྒྱུད་མེད་ཀྱང་སྔར་བཞིན་ཆེ་མཆོག་གི་ང་རྒྱལ་ལ་གནས་པའི་དབང་དུ་བྱས་པ་ཡིན་ཏེ་བསྒྲག་ཚིག་ནི། རྩ་བར། དོམ་དྲེགས་ཀྱི་གདན་ཐོགས་ཏེ། དབང་ཕྱུག་ལ་སོགས་དྲེགས་པའི་ཚོགས། །སྨོན་ལམ་ཆེན་པོ་བརྟན་བྱེད་པའི། །དྲེགས་པ་བསྣོལ་བ་དབང་གི་གདན། །བརྟེན་པས་ཟིལ་གནོན་དབང་ཐོབ་ཤོག །མཐའ་གཉིས་མུན་པ་སེལ་བ་ཡི། །ཉི་ཟླ་གཉིས་ཀྱི་དབང་བསྐུར་བས། །ཐབས་དང་ཤེས་རབ་འབྲེལ་བ་ཡི། །བདག་གཞན་དོན་ཀུན་རྫོགས་པར་ཤོག །མཉམ་རྫོགས་བརྟུལ་ཞུགས་ཆེན་པོ་ཡིས། །ཐམས་ཅད་དུ་ནི་ཐོགས་མེད་ཕྱིར། །ཟིལ་གནོན་དོམ་གྱི་དབང་བསྐུར་བས། །བརྟུལ་ཞུགས་གསུམ་གྱི་དབང་ཐོབ་ཤོག །ལྷ་ཆེན་གདན་གྱིས་དབང་བསྐུར་བས། ཁམས་གསུམ་དྲེགས་པ་ཟིལ་གྱིས་གནོན་པའི་དབང་དམ་པ༴ གདན་ཁྲི་ཐོགས་ཏེ། རང་སྣང་ཡོན་ཏན་མང་པོས་བརྗིད། །རྩོལ་བ་ཟིལ་གྱིས་གནོན་བྱེད་ཕྱིར། །ཁྱུ་མཆོག་ཟུང་གིས་དབང་བསྐུར་བས། །ཐམས་ཅད་ཟིལ་གནོན་དབང་ཐོབ་ཤོག །ཕུང་པོ་ཁམས་སོགས་དོན་རིག་པས། །ཡོན་ཏན་མང་པོ་བརྗིད་སྣང་ཕྱིར། །མ་ཧེ་ཟུང་གིས་དབང་བསྐུར་བས། །ཀུན་ལ་མཛེས་པའི་དབང་ཐོབ་ཤོག །ཐབས་ལ་རོལ་པ་སྣ་ཚོགས་ཀྱིས། །གདུལ་བྱ་ཀུན་ལ་མཐུན་འཇུག་ཕྱིར། །གཟིག་གི་གཟུགས་ཀྱི་དབང་བསྐུར་བས། །ཐབས་ལ་མཁས་པའི་དབང་ཐོབ་ཤོག །རྒྱུ་འབྲས་གཉིས་མེད་སེམས་ཉིད་ལ། །ས་དང་ས་ཡི་རིམ་བྲལ་ཕྱིར། །མཁྱེན་པ་སྟག་གི་དབང་བསྐུར་བས། །ཁྱད་འཕགས་ས་དབང་ཐོབ་པར་ཤོག །ས་རྣམས་ནོན་པའི་རྟགས་མཆོག་གདན་ཁྲིའི་དབང་། །ལྷ་ཆེན་ལ་སོགས་ཞིང་ཆེན་ཉི་ཟླར་བཅས། །ཁྱུ་མཆོག་མ་ཧེ་སྟག་གཟིག་དོམ་གྱི་ཁྲི། །ཡོན་ཏན་རྫོགས་པའི་གནད་དུ་སྦྱིན་པར་བྱ། །དྲུག་པ་ཁྱད་པར་གྱི་རིན་ཆེན་བདུན་ནི། འཁོར་ལོ་ཐོགས་ཏེ། འཁོར་ལོ་བསྐོར་ཞིང་གཅོད་པའི་རྟགས། །སྐྱེ་བ་རྣམས་བཞི་རྒྱུན་ཆོད་པ། །དེ་རིང་ཁྱོད་ལ་སྦྱིན་པ་ཡིས། །སྐྱེ་བཞི་གྲོལ་བའི་དབང་ཐོབ་ཤོག །འཁོར་ལོའི་དབང་དམ་པ་བསྐུར་བས། སྐྱེ་བ་རྣམ་པ་བཞི་ལས་གྲོལ་བའི་དབང་དམ་པ༴ ལྷ་ཡུམ་ཐོགས་ཏེ། དབྱིངས་ཕྱུག་ལ་སོགས་བདེ་བའི་ཡུམ། །ཐུགས་རྗེ་གཟུགས་ཀྱི་རིག་མ་སྟེ། །དེ་རིང་ཁྱོད་ལ་བྱིན་པ་ཡིས། །ཐབས་ལ་སྤྱོད་པའི་དབང་ཐོབ་ཤོག །ཡུམ་གྱི་དབང་བསྐུར་བས། ཐབས་ཀྱི་སྤྱོད་པ་ལ་འཇུག་པའི་དབང་དམ་པ༴ རྡོ་རྗེ་ཐོགས་ཏེ། ཆོས་རྣམས་ཀུན་ལ་ཐོགས་མེད་པའི། །བློ་གྲོས་ཀུན་ལྡན་རྡོ་རྗེ་སེམས། །དེ་རིང་ཁྱོད་ལ་བྱིན་པ་ཡིས། །ཤེས་བྱ་མཁྱེན་པའི་དབང་ཐོབ་ཤོག །རྡོ་རྗེའི་དབང་བསྐུར་བས། །རྡོ་རྗེ་སེམས་དཔའི་བློ་གྲོས་ཕུན་སུམ་ཚོགས་པའི་དབང་དམ་པ༴ སྟོབས་པོ་ཆེ་ཐོགས་ཏེ། ཁམས་གསུམ་བདོ་བ་ཀུན་འདུལ་བ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་སྟེ། །དེ་རིང་ཁྱོད་ལ་བྱིན་པ་ཡིས། །བདུད་དཔུང་འདུལ་བའི་དབང་ཐོབ་ཤོག །སྟོབས་པོ་ཆེའི་དབང་བསྐུར་བས། བདུད་ཚོགས་མཐའ་དག་འདུལ་བའི་དབང་དམ་པ༴ གླང་པོ་ཆེ་ཐོགས་ཏེ། ཐེག་པའི་མཐའ་ལ་གནས་པ་རྣམས། །ཟིལ་གནོན་ཐེག་ཆེན་གླང་གི་གཟུགས། །དེ་རིང་ཁྱོད་ལ་བྱིན་པ་ཡིས། །བདོ་བ་ཟིལ་གནོན་དབང་ཐོབ་ཤོག །བྱང་ཆུབ་སེམས་དཔའ་སྤོས་ཀྱི་གླང་པོའི་དབང་བསྐུར་བས། སྟོབས་བཅུས་ཕ་རོལ་ཟིན་གྱིས་གནོན་པའི་དབང་དམ་པ༴ རྟ་མགྲིན་ཐོགས་ཏེ། ཐམས་ཅད་བདག་ཉིད་ཁྱབ་ཆེན་པོ། །དབང་ཕྱུག་ཀུན་འགྲོ་རྟ་ཡི་གཟུགས། །དེ་རིང་ཁྱོད་ལ་བྱིན་བྱས་པས། །ཐོགས་མེད་རྫུ་འཕྲུལ་ཐོབ་པར་ཤོག །ཁྲོ་བོ་རྟ་མགྲིན་གྱི་དབང་བསྐུར་བས། གང་ལ་ཡང་ཐོགས་པ་མེད་པའི་རྫུ་འཕུལ་གྱི་དབང་དམ་པ༴ རྡོ་རྗེ་རིན་ཆེན་ཐོགས་ཏེ། ཀུན་རྫོགས་སེམས་དཔའི་རིག་པར་ལྡན། །བསམ་པས་འབྱུང་བ་རིན་པོ་ཆེ། །དེ་རིང་ཁྱོད་ལ་བྱིན་པ་ཡིས། །གདུལ་བྱ་མ་ལུས་རེ་སྐོང་ཤོག །རྡོ་རྗེ་རིན་ཆེན་གྱི་དབང་བསྐུར་བས། གདུལ་བྱའི་རེ་བ་ཡིད་བཞིན་སྐོང་བའི་དབང་དམ་པ༴ སྐྱེ་ལ་དབང་སྒྱུར་རྒྱལ་པོ་མཉེས་པའི་གཟུགས། །ཕ་རོལ་དཔུང་འཇོམས་སྲིད་ཐུབ་འཛིན་པ་དང་། །བདག་གཞན་དོན་གྲུབ་རྫུ་འཕྲུལ་རྐང་པར་ལྡན། །དགོས་འདོད་ཡིད་བཞིན་སྐོང་བའི་རིན་པོ་ཆེ། །རྒྱལ་པོ་དེ་ལ་ཐབས་ཀྱིས་བྱིན་པར་བྱ། །ཁྲོ་བོ་གསང་བུམ་གྱི་དབང་འདིར་བསྐུར་ངེས་པ་ཞིག་བརྒྱུད་པ་གཉིས་ཀར་མི་སྣང་ཡང་། རིག་པས་བརྟགས་ན་གོང་གི་ཞི་བའི་བུམ་དབང་གི་རྗེས་སུ་བསྐུར་ཡང་རིགས་པར་སྣང་ཞིང་། ཡང་ན་སྐབས་འདིར་གཟུགས་བརྙན་ཕྱག་རྒྱའི་དབང་གི་མགོར་འཐད་པ་འདྲ་བས་འདི་ལྟར། ཁྲོ་བོ་གསང་བུམ་རྣམས་ཀྱི་དབང་བསྐུར་བའི་ཚེ་ལྷ་རྣམས་ཀྱི་སྦྱོར་མཚམས་ནས་བདུད་རྩི་བབས་པས་བག་ཆགས་ཀྱི་དྲི་མ་དག་ཅིང་བུམ་དབང་ཐོབ་པའི་དམིགས་པ་ཞི་བའི་སྐབས་ལྟར་བསྒོམ་དུ་བཅུག་ལ། དབུས་ཀྱི་གསང་བུམ་ལ། རུ་ལུའི་མཐར་ༀ་བཛྲ་ཧེ་རུ་ཀ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧཱུཾ། ཤར་གྱི་གསང་བུམ་ལ་རུ་ལུའི་མཐར་ༀ་བུདྡྷ་ཧེ་རུ་ཀ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ༀ། ལྷོར་རུ་ལུའི་མཐར་ༀ་རཏྣ་ཧེ་རུ་ཀ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཏྲཱཾ། ནུབ་ལ་རུ་ལུའི་མཐར་ༀ་པདྨ་ཧེ་རུ་ཀ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧྲཱིཿ བྱང་ལ་རུ་ལུའི་མཐར་ༀ་ཀརྨ་ཧེ་རུ་ཀ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཨཱཿ ཞེས་བརྗོད་ཅིང་མཐར་བདུད་རྩི་རློན་སྦྱོར་ཡིན་ན་བླུད་ཅིང་སྐམ་སྒྲུབ་ཀྱི་བདུད་རྩི་རིལ་བུ་སྦྱིན་ནོ། །རྩ་བར། བདུན་པ་ཕྱག་རྒྱ་གཟུགས་བརྙན་གྱི་དབང་ནི། དེ་ནས་རྒྱལ་བའི་སྲས་པོ་ཡིན་པས་ན། ཕྱག་རྒྱ་ཆེན་པོའི་དབང་མཆོག་སྦྱིན་པར་བྱ། །རིས་སམ་འབུར་རམ་ལུགས་སུ་བླུག་པ་ཡི། །ཕྱག་རྒྱ་གཟུགས་བརྙན་དེ་ཡི་སྤྱི་བོར་བཞག །འདིར་གསང་དབང་རྫོགས་པའི་ཆུ་བོ་ལ་རྩ་བའི་བླ་མ་སངས་རྒྱས་ཡི་དམ་དུ་ངེས་པས་དབང་ཞུའི་ཙཀླི་དཀྱིལ་འཁོར་གྱི་དབུས་སུ་སྦམས་ཏེ་གསལ་བའི་རྟེན་དུ་བྱའོ། །ཞེས་གསུངས་པའི་དོན་ནི། ཞི་ཁྲོའི་ལྷ་ཚོགས་དེ་དང་དེ་དག་གཟུགས་བརྙན་གྱི་རྣམ་པ་བྱོན་ཏེ་བདག་ལ་ཐིམ་པའི་དམིགས་པ་སྔ་འགྱུར་སྤྱི་ལྟར་བྱ་དགོས་པར་སྣང་ངོ་། །དེ་ལ་འདིར་ཐོག་མར་ཡོ་ག་ལྟར་ཞི་བ་རྡོ་རྗེ་དབྱིངས་རྒྱས་པའི་ལྷ་དབང་རྣམས་ཡིན་ཏེ། སྒྲུབ་མཆོད་ཀྱི་ཚེ་བསྒོམ་བྱར་མེད་ཀྱང་ངོ་བོ་གཅིག་ཡིན་པས་རྣམ་པར་རྟོག་པའི་སྤྲོ་བསྡུ་མི་བྱ་བ་གལ་ཆེའོ། །རྩ་བར། མི་བསྐྱོད་པ་ཐོགས་ཏེ། ཧཱུཾ། རྣམ་ཤེས་ཕུང་པོ་སངས་རྒྱས་པས། །རྡོ་རྗེའི་རིགས་སུ་ལྷུན་གྱིས་གྲུབ། །འབྱུང་བ་ནམ་མཁའ་རྣམ་དག་པ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །རྟགས་ཀྱི་ཕྱག་རྒྱ་ཆེན་པོ་འདི། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །ཧཱུཾ་བཛྲ་དྷྲྀཀ྄ །མཱུཾ་དྷཱ་ཏྭི་ཤྭ་རཱི། རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །སེམས་དཔའ་རྡོ་རྗེ་དབྱིངས་ལ་བལྟ། །བརྟན་མ་རྡོ་རྗེ་འགྱུར་བ་མེད། །རྟགས་ཀྱི་ཕྱག་རྒྱ༴ དེ་རིང་ཁྱོད་ལ༴ ༀ་སཏྭ་བཛྲ་ཧཱུཾ། བཛྲ་ཏིཥྛ་ཧཱུཾ། རྡོ་རྗེ་རིན་ཆེན་ཆོས་དོན་གསལ། །རྡོ་རྗེ་འབར་བ་མཐའ་གཉིས་བསྲེག །རྟགས་ཀྱི་ཕྱག་རྒྱ༴ དེ་རིང་ཁྱོད་ལ༴ ༀ་བཛྲ་རཏྣ་ཧཱུཾ། ༀ་བཛྲ་ཛྭ་ལ་ཧཱུཾ། ཆོས་ཀྱི་རྡོ་རྗེ་ཆོས་དོན་རིག །རྡོ་རྗེ་སྡུད་མ་དབྱིངས་སུ་སྦྱོར། །རྟགས་ཀྱི༴ དེ་རིང་༴ ༀ་དྷརྨ་བཛྲི་ཧཱུཾ། སཾ་ཏྲ་བཛྲ་ཧཱུཾ། ལས་ཀྱི་རྡོ་རྗེ་དབྱིངས་སུ་སྦྱོར། །རྡོ་རྗེ་བསྐྱེད་མ་ཅིར་མི་གནས། །རྟགས་ཀྱི༴ དེ་རིང་༴ ༀ་ཀརྨ་བཛྲ་ཧཱུཾ། ༀ་ཙནྡྲ་ཛྭ་ལ་ཧཱུཾ། འོད་རིམ་དུ། གཙོ་ཟུང་འབྲེལ་བའི་ཕྱག་རྒྱ་སྟེ། །འོད་རྩེར་འཆང་བ་ཐུགས་ཀར་བརྟན། །རྡོ་རྗེ་རིན་ཆེན་པདྨ་གྲི། །འབྲེལ་ན་ཡུམ་གྱི་གཡོན་པའོ། །འབར་མ་ནུབ་མོ་སྡུད་ཆུ་ལྷོ། །རྒྱུད་དཀྲུགས་ཆུ་ན་མཱ་ཀི་ལྷོ། །ལུང་གཅུས་མན་ངག་དེ་ལྟར་གབ། །མེ་ནི་གོས་དཀར་གོས་གཙང་ནུབ། །ཅེས་གསུངས་སོ། །རྣམ་སྣང་ཐོགས་ཏེ། གཟུགས་ཀྱི་ཕུང་པོ་སངས་རྒྱས་པ། །སངས་རྒྱས་རིགས་སུ་ལྷུན་གྱིས་གྲུབ། །འབྱུང་བ་ས་ནི་སངས་རྒྱས་པ། །དེ་རྒྱན་ཅན་དུ་ལྷུན་གྱིས་གྲུབ། །ༀ་ཛཱི་ན་ཛིཀ྄ །ལཱཾ་དྭེ་ཥ་ར་ཏི། སེམས་དཔའ་རྡོ་རྗེ་དབྱིངས་ལ་ལྟ། །རྡོ་རྗེ་སྒེག་མོ་འགྱུར་བ་མེད། །རྟགས་ཀྱི༴ དེ་རིང་༴ ༀ་བཛྲ་སཏྭ་ཧཱུཾ། ༀ་བཛྲ་ལཱ་སྱ་ཧཱུཾ། རྡོ་རྗེ་རྒྱལ་པོ་མཐའ་བཞི་འཇོམས། །བདུག་པ་དབྱིངས་ཀྱི་ཚིམ་པར་བྱེད། །རྟགས་ཀྱི༴ དེ་རིང་༴ ༀ་བཛྲ་རཱ་ཛ་ཛཿ ༀ་བཛྲ་དྷཱུ་པེ་ཧཱུཾ་ཨ། རྡོ་རྗེ་ཆགས་པས་མཐའ་གཉིས་འཇོམས། །རྡོ་རྗེ་ལྕགས་ཀྱུས་དེ་བཞིན་འགུགས། །རྟགས་ཀྱི༴ དེ་རིང་༴ ༀ་བཛྲ་རཱ་ག་ཧོཿ ༀ་བཛྲ་ཨངྐུ་ཤ་ཛཿ རྡོ་རྗེ་ལེགས་པ་གསལ་བར་བསྐུལ། །སྒྲོན་མ་གཉིས་མེད་ཚུལ་གྱིས་གསལ། །རྟགས་ཀྱི༴ དེ་རིང་༴ ༀ་བཛྲ་སཱ་དྷཱུ་དུ། ༀ་བཛྲ་དྭེ་ཥ་ར་ཏི། འོད་རིམ་དུ། རྡོ་རྗེ་ལྕགས་ཀྱུ་མདའ་གཞུ་རྒྱ། །མེ་ལོང་པོག་ཕོར་ལྕགས་ཀྱུ་ཕྲེང་། །རྒྱལ་མཚན་སེ་གོལ་ཏོག་རྒྱ་གྲམ། །རིན་འབྱུང་ཐོགས་ཏེ། ཚོར་བའི་ཕུང་པོ་སངས་རྒྱས་པ། །རིན་ཆེན་རིགས་སུ་ལྷུན་གྱིས་གྲུབ། །འབྱུང་བ་ཆུ་ནི་སངས་རྒྱས་པས། །རིན་ཆེན་དབྱིངས་ཀྱི་དབང་ཕྱུག་མ། །རྟགས་ཀྱི༴ དེ་རིང་༴ སྭཱ་རཏྣ་དྷྲིཀ྄ །མཱཾ་མོ་ཧ་ར་ཏི། རྡོ་རྗེ་རིན་ཆེན་མཉམ་ཉིད་གསལ། །ཕྲེང་བ་མ་འདྲེས་ཡོངས་རྫོགས་གསལ། །རྟགས་ཀྱི༴ དེ་རིང་༴ ༀ་བཛྲ་རཏྣ་ཏྲཾ། ༀ་བཛྲ་མཱ་ལེ་ཏྲཾ། རྡོ་རྗེ་ཉི་མ་གསལ་མཐའ་མནོན། །མེ་ཏོག་མཐའ་དྲལ་རང་རིག་མཛེས། །རྟགས་ཀྱི༴ དེ་རིང་༴ ༀ་བཛྲ་སཱུརྱ་ཏྲཾ། ༀ་བཛྲ་པུཥྤེ་ཏྲཾ། རྒྱལ་མཚན་མི་གནོན་ང་རྒྱལ་ལྡན། །ཞགས་པས་མ་ལུས་སེམས་སུ་སྡུད། །རྟགས་ཀྱི༴ དེ་རིང་༴ ༀ་བཛྲ་ཀེ་ཏུ་བྷྲི། ༀ་བཛྲ་པཱ་ཤ་ཧཱུཾ། བཞད་པས་རང་རིག་དགྱེས་ལྡན་པ། །རྡོ་རྗེ་བདེ་བྱེད་མཐའ་དང་བྲལ། །རྟགས་ཀྱི༴ དེ་རིང་༴ ༀ་བཛྲ་ཧ་ས་ཧ། ༀ་བཛྲ་ཧ་རི་ཏྲཾ། འོད་རིམ་ལས། རིན་ཆེན་མྱུ་གུ་ཉི་མ་དང་། །རྒྱལ་མཚན་མོ་ཕྲེང་རིན་ཆེན་དང་། །མེ་ཏོག་ཞགས་པ་བསིལ་ཡབ་བོ། །སྣང་མཐའ་ཐོགས་ཏེ། འདུ་ཤེས་ཕུང་པོ་སངས་རྒྱས་པས། །པདྨའི་རིགས་སུ་ལྷུན་གྱིས་གྲུབ། །འབྱུང་བ་མེ་ནི་སངས་རྒྱས་པ། །པདྨ་དབྱིངས་ཀྱི་དབང་ཕྱུག་མ། །རྟགས་ཀྱི༴ དེ་རིང་༴ ཨཱཾཿཨ་རོ་ལི ཀ྄། པྱཱཾ་རཱ་ག་ར་ཏི། ཆོས་ནི་རང་རིག་ཅིར་མ་ཆགས། །དབྱངས་ནི་དེ་དོན་གསལ་བར་བྱེད། །རྟགས་ཀྱི༴ དེ་རིང་༴ ༀ་བཛྲ་དྷརྨཱ་ཧྲཱིཿ ༀ་བཛྲ་གཱི་ཏི་ཧྲཱིཿ རྡོ་རྗེ་གནོན་པོ་མཐའ་རྣམས་གཅོད། །སྒྲོལ་མ་མ་སྐྱེས་དོན་གསལ་བྱེད། །རྟགས་ཀྱི༴ དེ་རིང་༴ ༀ་བཛྲ་ཏིཀྵ་ཎ་དྷི། ༀ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ འཁོར་ལོ་མྱ་ངན་འདས་པར་བསྐོར། །ཐམས་ཅད་དེར་འབྲེལ་ལྕགས་སྒྲོག་མ། །རྟགས་ཀྱི༴ དེ་རིང་༴ ༀ་བཛྲ་ཙཀྲ་ཧྲཱིཿ ༀ་བཛྲ་སྥོ་ཊ་བཾ། སྨྲ་བ་རིགས་གསལ་བརྗོད་པ་འདྲ། །གསལ་བཀྲ་ཀུན་ལ་གསལ་བར་བྱེད། །རྟགས་ཀྱི༴ དེ་རིང་༴ ༀ་བཛྲ་བྷཱ་ཥ་བྷ། ༀ་བཛྲ་རཱ་ག་ར་ཏི་ཧྲཱིཿ འོད་རིམ་ལས། པདྨ་ཁ་འབྱེད་རལ་གྲི་དང་། །འཁོར་ལོ་རྡོ་རྗེ་ལྕེ་འཛིན་པ། །པི་ཝང་མར་མེ་ལྕགས་སྒྲོག་རྨ་བྱའི་མདོངས། །དོན་གྲུབ་ཐོགས་ཏེ། འདུ་བྱེད་ཕུང་པོ་སངས་རྒྱས་པས། །ལས་ཀྱི་རིགས་སུ་ལྷུན་གྱིས་གྲུབ། །འབྱུང་བ་རླུང་ནི་སངས་རྒྱས་པས། །ལས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ། །རྟགས་ཀྱི༴ དེ་རིང་༴ ཧཱ་པྲ་ཛྙཱ་དྷྲྀཀ྄ ཏཱཾ་བཛྲ་ར་ཏི། ལས་ནི་དོན་བདུན་གཅིག་པར་རིག །གར་ནི་གསལ་བར་སྣང་བའོ། །རྟགས་ཀྱི༴ དེ་རིང་༴ ༀ་བཛྲ་ཀརྨཱ་ཧ། ༀ་བཛྲ་ནཱིརྟྱ་ཧི། རྡོ་རྗེ་བསྲུང་བ་མཐའ་མ་རེག །བྱུག་པ་དེ་དོན་བློས་རིག་པའོ། །རྟགས་ཀྱི༴ དེ་རིང་༴ ༀ་བཛྲ་རཀྵ་ཧཾ། ༀ་བཛྲ་གནྦྷེ་ཧ། གནོད་སྦྱིན་མཐའ་རྣམས་ཟ་བར་བྱེད། །དྲིལ་བུ་དེ་དོན་གསལ་སྒྲོག་པའོ། །རྟགས་ཀྱི༴ དེ་རིང༴ ༀ་བཛྲ་ཡཀྵ་ཧཱུཾ། ༀ་བཛྲ་གྷཎྜེ་ཧོཿ ཁུ་ཚུར་གཉིས་མེད་དོན་རིག་པ། །འབེབས་པ་དེ་ཉིད་སྣང་བར་བྱེད། །རྟགས་ཀྱི༴ དེ་རིང་༴ ༀ་བཛྲ་སནྟི་བཾ། ༀ་བཛྲ་ཨ་བེ་ཤ་ཡ་ཨ་ཧ། འོད་རིམ་དུ། རལ་གྲི་རྡོ་རྗེ་ཕྲེང་བ་དང་། །མཆེ་བ་ཁུ་ཚུར་གར་བྱུག་པ། །དྲིལ་བུ་དང་ནི་འབེབས་པའོ། །འདི་ཡན་ཆོད་ཀྱིས་སྔགས་རྣམས་དཔེ་རྙིང་ཕལ་དང་གོང་རའི་དཔེ་ཙཀ་སོགས་ཕལ་ཆེར་ལ་མ་དག་པའི་རྒྱུན་ཁོ་ན་འབྱམས་པ་ལས་དཔྱད་པ་མ་ཞུགས་པར་སྣང་བར། ཁོ་བོས་ཡོ་གའི་རང་གཞུང་དང་གཡུང་སྟོན་ཆེན་པོའི་སྒྱུ་འཕྲུལ་ཞི་བའི་དབང་བྱང་ལྟར་དག་པར་བཅོས་ཏེ་ཡིད་བརྟན་དུ་རུང་བར་བགྱིས་ཡོད་པས་མཁས་པ་ཆོས་ཀྱི་སྤྱན་ལྡན་རྣམས་ཀྱིས་དཔང་པོ་མཛད་དུ་གསོལ། རྩ་བར། ལུང་ཨ་ནུའི་རིགས་བདག་ཀུན་བཟང་ཐོགས་ཏེ། ཧཱུཾ། བྱང་ཆུབ་སེམས་མཆོག་ཡེ་ཤེས་རྡོ་རྗེའི་ཐུགས། །སྲིད་གསུམ་དབང་སྡུད་ཐམས་ཅད་མཁྱེན་པའི་དཔལ། །བསྙེམས་པ་མི་མངའ་འགྲོ་བའི་དོན་མཛད་པ། །ཀུན་བཟང་རྡོ་རྗེ་ཡིད་ལ་ཕྱག་འཚལ་ལོ། །ཨེ་མ་ཧོ་ཀུན་བཟང་རྡོ་རྗེ་ཡིད། །རིག་པ་ཚུལ་སྣང་སངས་རྒྱས་པ། །སངས་རྒྱས་ཐམས་ཅད་བསྐྱེད་མཛད་པ། །ཀུན་ཏུ་བཟང་པོའི་དབང་མཆོག་སྦྱིན། །ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ༀ། ཨ་བྷི་ཥིཉྩ་ཧཱུཾ། གདོད་ནས་མ་བྱུང་མ་སྐྱེས་ཆོས་ཀྱི་དབྱིངས། །མ་སྐྱེས་མ་འགགས་དངོས་པོར་འཛིན་དང་བྲལ། །འབྱུང་བྱེད་ཐམས་ཅད་བསྐྱེད་པ་ཡུམ་གྱི་ཚུལ། །བཟང་པོ་བྱ་བ་མོ་ལ་ཕྱག་འཚལ་ལོ། །ཕྱི་ཡི་ཡུལ་ནི་སངས་རྒྱས་པ། །སྣང་སྲིད་ཐམས་ཅད་ཆོས་ཀྱི་དབྱིངས། །ཐབས་དང་ཤེས་རབ་འབྲེལ་བའི་ཡུམ། །ཀུན་ཏུ་བཟང་མོའི་དབང་༴ ཨ་ཨ་ཨ་བཛྲི་བྷ་དྲ་ས་མནྟ་ཨ། ཨ་བྷི༴ རྒྱུད་མ་ཧཱའི་གཙོ་བོ་རྡོར་སེམས་ཐོགས་ཏེ། མ་སྐྱེས་རྡོ་རྗེ་ཐབས་ལ་རོལ། །དོན་དམ་དབྱེར་མེད་རོལ་མཛད་པ། །ཐབས་དང་ཤེས་རབ་བྱང་ཆུབ་སེམས། །རྡོ་རྗེ་སེམས་དཔའ་བདག་ལ་དགོངས། །རྣམ་ཤེས་ཕུང་པོ་སངས་རྒྱས་པ། །རྡོ་རྗེ་རིགས་སུ་ལྷུན་གྱིས་གྲུབ། །སངས་རྒྱས་ཀུན་གྱི་ཐུགས་ཡིན་པས། །རྡོ་རྗེ་སེམས་པའི་དབང་༴ འབྱུང་བ་ནམ་མཁའ་སངས་རྒྱས་པ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །རྡོ་རྗེ་རིགས་ཀྱི་ཡུམ་ཡིན་པས། །ཀུན་ཏུ་བཟང་མོའི་དབང་༴ ཧཱུཾ་བཛྲ་དྷྲྀཀ྄ །མཱུཾ་དྷཱ་ཏྭེ་ཤྭ་རཱི་ཨ་བྷི༴ རྣམ་སྣང་ཐོགས་ཏེ། གཟུགས་ཀྱི་ཕུང་པོ་གནས་དག་པས། །དེ་བཞིན་རིགས་སུ་ལྷུན་གྱིས་གྲུབ། །སངས་རྒྱས་ཀུན་གྱི་སྐུ་ཡིན་པས། །རྣམ་པར་སྣང་མཛད་དབང་༴ འབྱུང་བ་ས་ནི་སངས་༴ རྡོ་རྗེ་དབྱིངས་ཀྱི་དབང་༴ བདེ་གཤེགས་རིགས་ཀྱི་ཡུམ༴ སངས་རྒྱས་སྤྱན་གྱི་དབང་༴ ༀ་ཛཱི་ན་ཛིཀ྄། ལཱཾ་དྭེ་ཥ་ར་ཏི་ཨ་བྷི༴ རིན་འབྱུང་ཐོགས་ཏེ། ཚོར་བའི་ཕུང་པོ་སངས༴ རིན་ཆེན་རིགས་སུ་ལྷུན༴ སངས་རྒྱས་ཀུན་གྱི་ཡོན་ཏན་གྱི། །རིན་ཆེན་འབྱུང་ལྡན་དབང༴ འབྱུང་བ་ཆུ་ནི་སངས༴ རིན་ཆེན་དབྱིངས་ཀྱི་དབང་༴ རིན་ཆེན་རིགས་ཀྱི་ཡུམ༴ མཱ་མ་ཀཱི་ཡི་དབང་༴ སྭཱ་རཏྣ་དྷྲྀཀ྄། མཱཾ་མོ་ཧ་ར་ཏི་ཨ་བྷི༴ སྣང་མཐའ་ཐོགས་ཏེ། འདུ་ཤེས་ཕུང་པོ་སངས༴ པདྨའི་རིགས་སུ་ལྷུན༴ སངས་རྒྱས་ཀུན་གྱི་གསུང་ཡིན་པས། །སྣང་བ་མཐའ་ཡས་དབང་༴ འབྱུང་བ་མེ་ནི་སངས༴ པདྨ་དབྱིངས་ཀྱི་དབང་༴ པད་རིགས་ཀྱི་ཡུམ༴ གོས་དཀར་མོ་ཡི་དབང་༴ ཨཱཾཿཨ་རོ་ལིཀ྄། པྱཱཾ་རཱ་ག་ར་ཏི་ཨ་བྷི༴ དོན་གྲུབ་ཐོགས་ཏེ། འདུ་བྱེད་ཕུང་པོ་སངས༴ ལས་ཀྱི་རིགས་སུ་ལྷུན༴ སངས་རྒྱས་ཕྲིན་ལས་མཆོག་ཡིན་པས། །དོན་ཡོད། གྲུབ་པའི་དབང་༴ འབྱུང་བ་རླུང་ནི་སངས༴ ལས་ཀྱི་དབྱིངས་ཀྱི་དབང་༴ སྣ་ཚོགས་འདུལ་བའི་ཡུམ༴ དམ་ཚིག་སྒྲོལ་མའི་དབང་༴ ཧཱ་པྲཛྙཱ་དྷྲྀཀ྄ །ཏཱཾ་བཛྲ་ར་ཏི་ཨ་བྷི༴ ས་སྙིང་ཐོགས་ཏེ། མིག་གི་རྣམ་ཤེས་སངས་རྒྱས་པས། །བྱང་ཆུབ་ཆེན་པོ་མཐོང་བའི་དཔལ། །བདག་གི་མིག་ལས་བསྐྱེད་བྱས་པས། །ས་ཡི་སྙིང་པོའི་དབང་༴ གཟུགས་སུ་སྣང་བ་སངས་རྒྱས་པས། །བྱང་ཆུབ་ལྷ་མོ་དཀར་མོ་སྟེ། །ཕྱི་ཡི་གཟུགས་ལས་བསྐྱེད་བྱས་པས། །ལྷ་མོ་ལཱ་སྱ་དབང་༴ ཀྵི་ཧི་རཱ་ཛ་ཡ། ཧཱུཾ་ལཱ་སྱ་ས་མ་ཡ་སྟྭཾ། ཨ་བྷི༴ ནམ་མཁའི་སྙིང་པོ་ཐོགས་ཏེ། རྣ་བའི་རྣམ་ཤེས་སངས་རྒྱས་པས། །བྱང་ཆུབ་ཆེན་པོ་ཐོས་པའི་དཔལ། །བདག་གི་རྣ་བས་བསྐྱེད་བྱས་པས། །ནམ་མཁའ་སྙིང་པོའི་དབང་༴ སྒྲ་ཡི་ཡུལ་ནི་སངས་རྒྱས་པས། །བྱང་ཆུབ་ལྷ་མོ་བཻཌཱུརྻ། །ཡུལ་གྱི་སྒྲ་ལས་བསྐྱེད་བྱས་པས། །ལྷ་མོ་མཱ་ལེའི་དབང་༴ ཏྲཱཾ་ཨཱ་གརྦྷ་ཡ། ཏྲཾ་མཱ་ལེ་ས་མ་ཡ་ཧོཿ ཨ་བྷི༴ སྤྱན་རས་གཟིགས་ཐོགས་ལ། སྣ་ཡི་རྣམ་ཤེས་སངས་རྒྱས་པས། །བྱང་ཆུབ་ཆེན་པོ་སྣོམ་པའི་དཔལ། །བདག་གི་སྣ་ལས་བསྐྱེད་བྱས་པས། །སྤྱན་རས་གཟིགས་ཀྱི་དབང་༴ ཚོར་ཞིང་ཡུལ་རྣམས་སངས་རྒྱས་པས། །བྱང་ཆུབ་ལྷ་མོ་རཱ་ག་ཏི། །ཚོར་བ་ཡུལ་ལས་བསྐྱེད་བྱས་པས། །ལྷ་མོ་གཱི་ཏིའི་དབང་༴ ཧྲཱིཿཧ་ཧཱུཾ་པདྨ་པད་མ། ཧྲཱིཿགཱི་ཏི་ར་ཧོ་ཧཾ། ཨ་བྷི༴ ཕྱག་རྡོར་ཐོགས་ཏེ། ལྕེ་ཡི་རྣམ་ཤེས་སངས་རྒྱས་པས། །བྱང་ཆུབ་ཆེན་པོ་མྱོང་བའི་དཔལ། །བདག་གི་ལྕེ་ལས་བསྐྱེད་བྱས་པས། །ཕྱག་ན་རྡོ་རྗེའི་དབང་༴ བྲོ་བའི་ཡུལ་རྣམས་སངས་རྒྱས་པས། །བྱང་ཆུབ་ལྷ་མོ་ཨིནྡྲ་ནཱི། །བྲོ་བའི་ཡུལ་ལས་བསྐྱེད་བྱས་པས། །ལྷ་མོ་ནཱིརྟྱའི་དབང་༴ ཛྲི་ཀུ་རུ་པནྣ་ཧྲིཿ ཨ་ནཱིརྟྱ་རཱ་ག་ཡ་མི། ཨ་བྷི༴ བྱམས་པ་ཐོགས་ཏེ། མཐོང་བའི་དབང་པོ་སངས་རྒྱས་པས། །བྱང་ཆུབ་ཆེན་པོ་མཐོང་བར་བྱེད། །དེ་ཉིད་ལས་ནི་བསྐྱེད་བྱས་པས། །བྱམས་པའི་དབང་མཆོག་ཁྱོད་ལ་སྦྱིན། །དབྱར་དགུན་སྟོན་དཔྱིད་སངས་རྒྱས་པས། །དུས་བཞི་ཡུམ་རྣམས་སེམས་མའི་སྐུ། །དེ་ཉིད་ལས་ནི་བསྐྱེད་བྱས་པས། །དྷཱུ་པེའི་དབང་མཆོག་ཁྱོད་ལ་སྦྱིན། །མཻ་དྷ་ར་ཎི་སྭཱ་ཧཱ། ཛཿདྷཱུ་པེ་པྲ་པེ་ཤ །ཨ་བྷི༴ སྒྲིབ་སེལ་ཐོགས་ཏེ། ཐོས་པའི་དབང་པོ་སངས་རྒྱས་པས། །བྱང་ཆུབ་ཆེན་པོ་ཐོས་པར་བྱེད། །ཐོས་པའི་དབང་པོ་དེ་བསྐྱེད་པས། །སྒྲིབ་པ་རྣམས་སེལ་དབང་མཆོག་སྦྱིན། །དེ་བཞིན་ཉིད་ལས་སངས་རྒྱས་པས། །ལྷ་མོ་འོད་ལྡན་མཛེས་མའི་སྐུ། །དེ་ཉིད་ལས་ནི་བསྐྱེད་བྱས་པས། །བཛྲ་པུཥྤེའི་དབང་༴ ཐླྷིཾ་ནིསྶ་རཾ་པ་ཡ་སྭཱ་ཧཱ། ཧཱུཾ་པུཥྤེ་ཨ་བེ་ཤ །ཨ་བྷི༴ ཀུན་བཟང་ཐོགས་ཏེ། ཚོར་བའི་ཕུང་པོ་སངས་རྒྱས་པས། །བྱང་ཆུབ་ཆེན་པོ་ཚོར་བྱེད་པ། །དབང་པོ་དེ་ལས་བསྐྱེད་བྱས་པས། །ཀུན་ཏུ་བཟང་པོའི་དབང་༴ ཡུལ་དུས་བཞི་ཡང་སངས་རྒྱས་པས། །ལྷ་མོ་མུན་སེལ་འོད་ཀྱི་མཆོག །ཡུལ་དེ་ཉིད་ལས་བསྐྱེད་བྱས་པས། །བཛྲ་ཨཱ་ལོ་ཀེའི་དབང་༴ ཧཱུཾ་ས་རཱ་ཛ་ཡ་སྭཱ་ཧཱ། བཾ་དཱི་པ་སུ་ཁི་ནཱི། ཨ་བྷི༴ འཇམ་དཔལ་ཐོགས་ཏེ། མྱོང་བའི་དབང་པོ་སངས་རྒྱས་པས། །བྱང་ཆུབ་ཆེན་པོ་མྱོང་བྱེད་པས། །དབང་པོ་དེ་ལས་བསྐྱེད་བྱས་པས། །འཇམ་དཔལ་གཞོན་ནུའི་དབང་༴ དུས་བཞིའི་དུས་ཉིད་སངས་རྒྱས་པས། །ལྷ་མོ་འཇམ་དེས་བདེ་ལྡན་མ། །དུས་དེའི་ཡུལ་ལས་སངས་རྒྱས་པས། །བཛྲ་གནྡྷེའི་དབང་༴ མཱུཾ་ཤྲཱི་ཨ་རཾ་ག་ཡ་སྭཱ་ཧཱ། ཧོཿགནྡྷེ་ཙིཏྟ། ཨ་བྷི༴ གཤིན་རྗེ་གཤེད་ཐོགས་ཏེ། ཕྱིན་ཅི་ལོག་བཞི་སངས་རྒྱས་པས། །འཇོམས་བྱེད་ཁྲོ་བོ་རེག་ཤེས་ཏེ། །རེག་ཤེས་ཉིད་ལས་སྐུར་བསྐྱེད་པ། །གཤིན་རྗེ་གཤེད་པོའི་དབང་༴ དེ་ཡི་ཡུལ་བཞི་སངས་རྒྱས་པས། །རྟག་པར་མ་ཡིན་ཁྲོ་བོ་སྟེ། །དེ་ཉིད་ལས་ནི་སྐུར་བསྐྱེད་པ། །རོ་ལངས་མ་ཡི་དབང་༴ ཧཱུཾ་ཡ་མཱནྟ་ཀྲྀཏ་ཕཊ། ༀ་མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནཱི་ཧཱུཾ་ཕཊ། ཨ་བྷི༴ སྟོབས་པོ་ཆེ་ཐོགས་ཏེ། ཕྱིན་ཅི་ལོག་བཞི་སངས་རྒྱས་པས། །འཇོམས་བྱེད་ཁྲོ་བོ་རེག་བྱེད་དེ། །དེ་ཉིད་ལས་ནི་སྐུར༴ གཞན་གྱིས་མི་ཐུབ་དབང་༴ དེ་ཡི་ཡུལ་བཞི་སངས་རྒྱས་པས། །ཆད་པར་མ་ཡིན་ཁྲོ་མོ་ཉིད། །དེ་ཉིད་ལས་ནི་སྐུར༴ མི་ཕམ་མ་ཡི་དབང་༴ ཧཱུཾ་པྲཛྙཱནྟ་ཀྲྀཏ་ཕཊ། ༀ་མ་ཧཱ་རཏྣ་དྷ་ར༴ ཨ་བྷི༴ རྟ་མགྲིན་ཐོགས་ཏེ། ཕྱི་ཅི་ལོག་བཞི་སངས་རྒྱས་པས། །འཇོམས་བྱེད་ཁྲོ་བོ་རེག་བྱེད་སྐུ། །དེ་ཉིད་ལས་ནི་སྐུར༴ རྟ་མགྲིན་དབང་མཆོག་ཁྱོད་ལ་སྦྱིན། །དེ་ཡི་ཡུལ་བཞི་སངས་རྒྱས་པས། །བདག་ཏུ་མ་ཡིན་ཁྲོ་མོ་ཉིད། །ཡུལ་དེ་ཉིད་ལས་སྐུར༴ ཁྲོ་གཉེར་མ་ཡི་དབང་༴ ཧཱུཾ་པདྨཱནྟ་ཀྲྀཏ་ཕཊ། ༀ་མ་ཧཱ་པདྨ་དྷ་ར༴ ཨ་བྷི༴ བདུད་འཁྱིལ་ཐོགས་ཏེ། ཕྱིན་ཅི་ལོག་བཞི་སངས་རྒྱས་པས། །འཇོམས་བྱེད་ཁྲོ་བོ་རེག་བྱ་སྟེ། །རིག་པ་ཉིད་ལས་སྐུར༴ བདུད་རྩི་འཁྱིལ་པའི་དབང་༴ དེ་ཡི་ཡུལ་བཞི་སངས་རྒྱས་པས། །མཚན་མ་མ་ཡིན་ཁྲོ་མོའི་སྐུ། །ཡུལ་དེ་ཉིད་ལས་སྐུར༴ རལ་གཅིག་མ་ཡི་དབང་༴ ཧཱུཾ་བིགྷྣཱནྟ་ཀྲྀཏ་ཕཊ། ༀ་མ་ཧཱ་ཀརྨ་དྷ་ར༴ ཨ་བྷི༴ ཀུན་བཟང་ཐོགས་ལ། ཡིད་ཀྱི་རྣམ་ཤེས་སངས་རྒྱས་པས། །བྱེད་པོ་ཀུན་ཏུ་བཟང་པོ་སྟེ། །དེ་ཉིད་ལས་ནི་སྐུར༴ ཀུན་ཏུ་བཟང་པོའི་དབང་༴ ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ༀ། ཨ་བྷི༴ བཟང་མོ་ཐོགས་ཏེ། ཆོས་ཀྱི་སྐྱེ་མཆེད་སངས་རྒྱས་པས། །བྱ་བ་ཀུན་ཏུ་བཟང་མོ་བྱུང་། །དེ་ཉིད་ལས་ནི་སྐུར༴ ཀུན་ཏུ་བཟང་མོའི་དབང་༴ ཨ་ཨ་ཨ་བཛྲཱི་བྷ་དྲ་ས་མནྟ་ཨ། ཨ་བྷི༴ ལྷའི་ཐུབ་པ་ཐོགས་ཏེ། ང་རྒྱལ་ཐམས་ཅད་སངས་རྒྱས་པས། །བརྒྱ་བྱིན་ལྷ་ཡི་དབང་པོ་བྱུང་། །དེ་ཉིད་ལས་ནི་སྐུར༴ ལྷ་ཡི་ཐུབ་པའི་དབང་༴ ༀ་མུ་ནེ་ཀྲེཾ་སྭཱ་ཧཱ། ཨ་བྷི༴ ལྷ་མིན་ཐུབ་པ་ཐོགས་ཏེ། ཕྲག་དོག་ཐམས་ཅད་སངས་རྒྱས་པས། །ལྷ་མ་ཡིན་ལས་ཐག་བཟང་རིས། །དེ་ཉིད་ལས་ནི་སྐུར་བསྐྱེད་པ། །ལྷ་མིན་ཐུབ་པའི་དབང་༴ ༀ་མུ་ནེ་ཧཱུཾ་ཏྲུཾ་སྭཱ་ཧཱ། ཨ་བྷི༴ མིའི་ཐུབ་པ་ཐོགས་ཏེ། འདོད་ཆགས་ཐམས་ཅད་སངས་རྒྱས་པས། །བཅོམ་ལྡན་ཤཱཀྱ་ཐུབ་པ་སྟེ། །དེ་ཉིད་ལས་ནི་སྐུར་བསྐྱེད་པས། །ཤཱཀྱ་ཐུབ་པའི་དབང་༴ ༀ་མུ་ནེ་སྲཱུཾ་སྭཱ་ཧཱ། ཨ་བྷི༴ བྱོལ་སོང་ཐུབ་པ་ཐོགས་ཏེ། གཏི་མུག་ཉིད་ལས་སྐུར་བསྐྱེད་པ། །སངས་རྒྱས་སེང་གེ་རབ་བརྟན་བྱུང་། །དེ་ཉིད་ལས་ནི་སྐུར་བསྐྱེད་པ། །བྱོལ་སོང་ཐུབ་པའི་དབང་༴ ༀ་མུ་ནེ་པྲཾ་སྭཱ་ཧཱ། ཨ་བྷི༴ ཡི་དྭགས་ཐུབ་པ་ཐོགས་ཏེ། སེར་སྣ་ཐམས་ཅད་སངས་རྒྱས་པས། །སངས་རྒྱས་ཁ་འབར་སྐུ་འབྱུང་སྟེ། །སེར་སྣ་ཉིད་ལས་བསྐྱེད་བྱས་པས། །ཡི་དྭགས་ཐུབ་པའི་དབང་༴ ༀ་མུ་ནེ་ཀྵཾ་སྭཱ་ཧཱ། ཨ་བྷི༴ དམྱལ་བའི་ཐུབ་པ་ཐོགས་ཏེ། ཞེ་སྡང་ཡེ་ནས་སངས་རྒྱས་པས། །སྟོན་པ་ཆོས་ཀྱི་རྒྱལ་པོ་བྱུང་། །ཞེ་སྡང་རྒྱུ་ལས་སྐུར་བསྐྱེད་པས། །དམྱལ་བའི་ཐུབ་པའི་དབང་༴ ༀ་མུ་ནེ་ཡེ་སྭཱ་ཧཱ། ཨ་བྷི༴ དེ་དག་ཀྱང་ༀ་ཨཱཿཧཱུཾ་ཧྲཱི་ཧའི་གནས་སུ་དང་པོར་བཀོད་ལ་བྱིན་ནོ། །ཀུན་གྱིས་འདའ་བར་དཀའ་བ་ཡི། །ཚིག་བཙན་ཡུལ་ལ་དབང་སྒྱུར་བ། །རྒྱལ་པོ་བཀའ་རྟགས་ཕྱག་རྒྱའི་དབང་། །སྐུ་ལྔ་ཡོངས་སུ་རྫོགས་པར་གྱུར། །ན་མོ། ཕྱོགས་བཅུ༴ སྐལ་ལྡན་རིགས་ཀྱི་བུ་ལ་ཕྱག་རྒྱ་བཞི་བཅུ་རྩ་གཉིས་ཀྱི་དབང་བསྐུར་བས་སྐུ་ལྔ་ཡོངས་སུ་རྫོགས་པའི་དབང་དམ་པ༴ ཨ་བྷི་ཥིཉྩ་ཨ། ན་མོ། ཕྱོགས་བཅུ༴ སྐལ་ལྡན་རིགས་ཀྱི་བུ་ལ་ཕྱག་རྒྱ་བཞི་བཅུ་རྩ་གཉིས་ཀྱི་དབང་བསྐུར་བས་སྐུ་ལྔ་ཡོངས་སུ་རྫོགས་པའི་དབང་དམ་པ༴ ཨ་བྷི་ཥིཉྩ་ཨ། ན་མོ། ཕྱོགས་བཅུ༴ སྐལ་ལྡན་རིགས་ཀྱི་བུ་ལ་རྒྱལ་པོ་བཀའ་རྟགས་ཀྱི་ཕྱག་རྒྱའི་དབང་བསྐུར་བས་རྒྱུད་མ་ཧཱ་ཡོ་ག་དང་ལུང་ཨ་ནུ་ཡོ་གའི་ལྷ་ཚོགས་ཞི་ཁྲོ་རབ་འབྱམས་ཀྱི་སྐུ་ལྔ་ཡོངས་སུ་རྫོགས་ཏེ། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་རྡོ་རྗེའི་སྐུ་མངོན་པར་བྱང་ཆུབ་པའི་སྐུ་ཐོབ་པར་གྱུར་ཅིག །ཅེས་བརྗོད་དེ། དེ་ཡན་ཆད་ཞི་བའི་ལྷའི་དབང་ངོ་། །འདིའི་ཁྲོ་བོ་ཨ་ཏི་ལ་བསྡུས་ཏེ་བསྟན་པ་ཙཀླི་ཉུང་བས་དབང་ཐོབ། དོན་ལ་མ་ཧཱ་ཡོ་ག་ལའང་ཞི་ཁྲོ་གཉིས་ཡོད་དོ། །དེ་ནས་ཁྲོ་བོའི་དབང་ལ། དང་པོ་དབང་མཆོག་གི་སྐུ་ཐོགས་ལ། བཅོམ་ལྡན་དབང་མཆོག་ཧེ་རུ་ཀ །མཐིང་ནག་འཇིགས་སྐུ་གདུག་པ་འདུལ། །དབུ་གསུམ་དང་པོར་བྱུང་བ་ནི། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །སྐུ་གསུང་ཐུགས་དང་ལྡན་པའི་དབུ། །ཁམས་གསུམ་མྱ་ངན་འདས་པའི་ཞལ། །དབུ་གསུམ་བར་དུ་རྔམས་པ་ནི། །གཡས་སྔོ་གཡོན་དམར་དབུས་མཐིང་ཞལ། །ཐབས་དང་ཤེས་རབ་སེམས་ཀྱི་དབུ། །སྲིད་གསུམ་དབྱིངས་སུ་རྫོགས་པའི་ཞལ། །དབུ་གསུམ་ཐ་མར་རྔམས་པ་ནི། །གཡས་གཡོན་དབུས་གསུམ་མཐིང་བའི་ཞལ། །ལུང་དང་མན་ངག་སེམས་ཀྱི་དབུ། །ཁམས་གསུམ་རེ་བ་སྐོང་བའི་ཞལ། །བཅོ་བརྒྱད་ཕྱག་རྒྱ་རོལ་པ་ནི། །སྟོང་པ་བཅོ་བརྒྱད་དབྱིངས་སུ་ཐིམ། །བཅོ་བརྒྱད་ཕྱག་ན་བསྣམས་པ་ནི། །རྡོ་རྗེ་གློ་སྙིང་ཞིང་ཆུང་གཡས། །བྷནྡྷ་ཞིང་ཆུང་ཏི་ར་གཡོན། །ཞིང་ཞགས་ཉི་མ་ཁྱུང་ཆེན་གཡས། །ཞིང་ཆེན་ཟླ་བ་འུག་པ་གཡོན། །མེ་དང་རྒྱ་མཚོ་གའུ་གཡས། །ཀླུ་དང་རིན་ཆེན་རི་རབ་གཡོན། །ཡོན་ཏན་བཅོ་བརྒྱད་དབྱིངས་སུ་རྫོགས། །ཁྲོ་རྒྱལ་རྒྱན་རྣམས་སྐུ་ལ་བརྗིད། །ཀྲོ་དྷི་མཐིང་ནག་འཁྲིལ་བའི་ཚུལ། །བྷནྡྷ་རཀྟ་གཙོ་ལ་སྟོབ། །རྒྱུད་རྒྱལ་ཆེ་མཆོག་ཧེ་རུ་ཀ །དབང་མཆོག་སྐུ་ལ་ཕྱག་འཚལ་བསྟོད། །ༀ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་ཧཱུཾ་རུ་ལུ༴ སརྦ་ཏ་ཐཱ་ག་ཏ་ཀྲོ་དྷཱི་ཤྭ་རཱི་ས་མ་ཡ་སྟྭཾ། ཨ་བྷི༴ ན་མོ། ཕྱོགས་བཅུ༴ སྐལ་ལྡན་རིགས་ཀྱི་བུ་ཁྱེད་རྣམས་ཀྱིས་དབང་མཆོག་ཡབ་ཡུམ་གྱི་དབང་ཐོབ་པ་གྱུར་ཅིག །ཆེ་མཆོག་དབུ་ཉེར་གཅིག་པ་ཐོགས་ཏེ། ཧཱུཾ། སྟོན་པ་ཀུན་བཟང་གནས་གྱུར་པ། །ཁྲོ་རྒྱལ་ཀུན་གྱི་རྗེ་བཙན་ཡབ། །སྐུ་དང་ཕྱག་རྒྱ་མངོན་རྫོགས་པ། །ཆེ་མཆོག་ཧེ་རུ་ཀའི་དབང་སྦྱིན་ནོ། །ཀུན་ཏུ་བཟང་མོ་གནས་གྱུར་པ། །ཁྲོ་མོ་ཀུན་གྱི་རྗེ་བཙན་ཡུམ། །ཤེས་རབ་དབྱིངས་ལས་སྐུར་བསྐྱེད་པའི། །ཀྲོ་དྷི་ཤྭ་རཱིའི་དབང་མཆོག་སྦྱིན། །ༀ་ཨ་ཀྲ་མ་ཧཱ་ཤྲཱི་ཧེ་རུ་ཀ །ཀ་ཏ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཧཱུཾ་ཕཊ། ཨ་བྷི༴ ཆེ་མཆོག་ཞལ་གསུམ་ཕྱག་དྲུག་པ་ཐོགས་ཏེ། སྟོན་པ་ཀུན་བཟང་གནས་གྱུར་པ། །ཁྲོ་རྒྱལ་ཀུན་གྱི་རྗེ་བཙན་ཡབ། །སྐུ་དང་ཕྱག་རྒྱ་མངོན་རྫོགས་པ། །ཆེ་མཆོག་དབང་བསྐུར་ཁྱོད་ལ་སྦྱིན། །ཀུན་ཏུ་བཟང་མོ་གནས་གྱུར་པ། །ཁྲོ་མོ་ཀུན་གྱི་རྗེ་བཙན་ཡུམ། །ཤེས་རབ་དབྱིངས་ལས་སྐུ་བསྐྱེད་པ། །ཀྲོ་དྷི་ཤྭ་རཱིའི་དབང་བསྐུར་སྦྱིན། །ༀ་སིདྷ་མ་ཧཱ་ཤྲཱི་ཧེ་རུ་ཀ །སིདྷ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཧཱུཾ་ཕཊ། ཨ་བྷི༴ ན་མོ། ཕྱོགས་བཅུ༴ སྟོན་པ་ཀུན་བཟང་ཡབ་ཡུམ་གནས་གྱུར་པའི་ཆེ་མཆོག་ཧེ་རུ་ཀ་ཡབ་ཡུམ་གྱི་དབང་བསྐུར་དམ་པ་ཐོབ་པར་གྱུར་ཅིག །ཡུམ་གྱི་སྐུ་ཐོགས་ཏེ། ཀུན་ཏུ་བཟང་པོ་གནས་གྱུར་པ། །ཁྲོ་མོ་ཀུན་གྱི་རྗེ་བཙན་ཡུམ། །སྐུ་དང་ཕྱག་རྒྱ་མངོན་རྫོགས་པས། །ཆེ་མཆོག་ཡུམ་གྱི་དབང་མཆོག་སྦྱིན། །ཀྲོ་དྷ་ཀྲོ་དྷི་ཤཱ་རཱི་ཧཱུཾ་ཕཊ། ཨ་བྷི༴ ཆེ་མཆོག་ཁྲོ་མཁར་གྱི་སྐུ་ཐོགས་ཏེ། ཨེ་མ་ཧོཿ ཆོས་ཀུན་སྐུ་ལ་ཡོངས་སུ་རྫོགས་པས་ཆོས་ཀྱི་སྐུ། །རྡོ་རྗེ་ཆེ་མཆོག་ཕྱག་འཚལ་ཧེ་རུ་ཀ །ཐེག་པ་དགུ་དང་འཁོར་བའི་ཆོས་རྣམས་ཀུན། །ཕྱག་རྒྱ་གཅིག་ཏུ་བཀོད་ནས་རྫོགས་པའི་སྐུ། །འཁོར་བ་དང་ནི་ཐར་པའི་ཆོས་རྣམས་ཀུན། །དཔའ་བོ་ཆེན་པོའི་གདན་དུ་བརྗིད་ཅིང་རོལ། །འགྲན་གྱི་ཟླ་མེད་ཆེ་བཙན་གཅིག་པུ་ཉིད། །གསང་མཆོག་འབར་བའི་སྐུ་ལ་ཕྱག་འཚལ་བསྟོད། །ན་མོ༴ གཞལ་ཡས་ནི་ཡུམ་ཀུན་ཏུ་བཟང་མོ་དཔལ་ཆེ་མཆོག་གི་སྐུ་ལ་གཙུག་ཏོར་རྒྱལ་མཚན་རྩེ་མོ་ལ་གསེར་གྱི་ཏོག་སྟོང་ནི་རྫོགས་པ་ཆེན་པོ་དང་། སྐུ་དང་སྐུའི་རྒྱན་ལ་རྫོགས་པ་དང་། བསྐྱེད་པའི་རྣལ་འབྱོར་གྱི་གདན་གྱི་འོག་ནོར་བུ་རིན་པོ་ཆེའི་གདན་གྱི་སྟེང་ན་རྡོ་རྗེ་ལྔ་དང་རྩེ་གསུམ་གྱི་བྲག་རིས་གཏམས་པ་ལ། ཡོ་ག་དང་། །ཨུ་པ་དང་། ཀྲྀ་ཡ་དང་། རི་རབ་ཀྱི་ཁ་མུ་ཏིག་ཅལ་དང་། ཀརྨ་གརྦྷའི་འོད་འཁྲིགས་པའི་ནོར་བུའི་འོད་འབར་བྲག་ལ་བྱང་ཆུབ་སེམས་དཔའ་དང་། རང་རྒྱལ་དང་། ཉན་ཐོས་དང་། ལྷ་མི་ཡང་འཁོར་བ་གཟུགས་མེད་པའི་ཁམས་དང་། ཀེང་རུས་གྱི་རི་རབ་དང་། གཟུགས་ཁམས་ཞིང་ཆེན་གྱི་ས་དང་། འདོད་ཁམས་ཀྱི་ཆགས་པ་ཐམས་ཅད་ཁྲག་གི་རྒྱ་མཚོར་མངོན་པར་མཐོང་ཞིང་། ཕྱག་རྒྱ་རྣམ་པར་སྤྲོ་བའི་ཏིང་ངེ་འཛིན་གྱི་དབང་དམ་པ་ཐོབ་པར་གྱུར་ཅིག །དེའང་ཆེ་མཆོག་མདོ་ལྟར་ན། ཁྲོ་བོ་རྩར་ཕྲེང་ལས། གནམ་ཞལ་ཕྱག་གཉིས་སྐུ་ལ་འཁྲིལ། །ཞེས་པས། ཞི་བ་སྔོན་མོའམ་ཁྲོ་བོ་སྨུག་པོའི་ཡུམ་མམ། ཟུར་དུ་ཙཀླི་མཛད་པའོ། །ཆེ་མཆོག་བདུད་རྩི་ལ་དགོངས་པ་ལྟར་ན་ཡབ་ཀྱི་རྡོ་རྗེ་ཡུམ་གྱི་ཞལ་དུ་བཅུག་པས་ཡུམ་གྱི་མཁའ་ནས་བཛྲ་ཧེ་རུ་ཀ་ཕྱེད་ཐོན་བདུད་རྩི་འབབ་པའི་སྦྱོར་བ་གསུངས་སོ། །བཛྲ་ཧེ་རུ་ཀ་ཐོགས་ཏེ། རྡོ་རྗེ་སེམས་དཔའ་གནས་གྱུར་པས། །ཁྲག་འཐུང་ཞེ་སྡང་འཇོམས་པའི་སྐུ། །འཇིགས་བྱེད་འབར་བའི་སྐུར་སྤྲུལ་ནས། །མཆོག་ཅིང་བྱིན་རླབས་གསལ་བསྒྲུབས་པས། །བཛྲ་ཧེ་རུ་ཀའི་དབང་མཆོག་སྦྱིན། །ནམ་མཁའ་ཀུན་བཟང་གནས་གྱུར་པས། །ཁྲོ་མོ་དབང་ཕྱུག་སྐུར་གསལ་བས། །ཐབས་དང་ཤེས་རབ་གཉིས་སུ་མེད། །ཡབ་ཡུམ་མཆོད་ཅིང་གསལ་བསྒྲུབས་པས། །བཛྲ་ཀྲོ་དྷི་ཤཱ་རཱིའི་དབང་༴ བཛྲ་ཤྲཱི་ཧེ་རུ་ཀ །བཛྲ་ཀྲོ་དྷི་ཤྭ་རཱི་ས་མ་ཡ་ཧཱུཾ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུྃ། ཨ་བྷི༴ བུདྡྷ་ཧེ་རུ་ཀ་ཐོགས་ཏེ། རྣམ་པར་སྣང་མཛད་གནས༴ ཁྲག་འཐུང་གཏི་མུག༴ འཇིགས་བྱེད་སྨུག་ནག་འབར་བར་གསལ། །མཆོད་ཅིང་བསྒྲུབས་ཏེ་བྱིན་རླབས་པས། །བུདྡྷ་ཧེ་རུ་ཀའི་དབང་༴ སངས་རྒྱས་སྤྱན་མ་གནས༴ ཁྲོ་མོ་དབང་ཕྱུག་སྐུར༴ ཐབས་དང་ཤེས་རབ་བྱང་ཆུབ་སེམས། །སྤྱན་དྲངས་མཆོད་ཅིང་བསྒྲུབས་པ་ཡིས། །ཀྲོ་དྷི་ཤཱ་རཱིའི་དབང་༴ བུདྡྷ་ཤྲཱི་ཧེ་རུ་ཀ །བུདྡྷ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ༀ་རུ་ལུ༴ ཨ་བྷི༴ རཏྣ་ཧེ་རུ་ཀ་ཐོགས་ཏེ། རིན་ཆེན་འབྱུང་ལྡན་གནས༴ ཁྲག་འཐུང་ཆེན་པོ་ང་རྒྱལ་འཇོམས། །འཇིག་བྱེད་སེར་ནག་འབར་བ་ལ། །སྤྱན་དྲངས་མཆོད་ཅིང་བསྒྲུབས་པ་ལས། །རཏྣ་ཧེ་རུ་ཀའི་དབང་༴ མཱ་མ་ཀཱི་ལས་གནས༴ འཇིགས་བྱེད་ཁྲོ་མོའི་སྐུ་བྱུང་བ། །ཡབ་ཡུམ་ཐབས་དང་ཤེས་རབ་ལས། །སྤྱན་དྲངས་མཆོད་གནས་བསྙེན་བསྒྲུབས་པས། །ཀྲོ་དྷི་ཤྭ་རཱིའི་དབང་༴ རཏྣ་ཤྲཱི་ཧེ་རུ་ཀ །རཏྣ་ཀྲོ་དྷཱི་ཤྭ་རཱི་སྟྭཾ། ༀ་རུ་ལུ༴ ཨ་བྷི༴ པདྨ་ཧེ་རུ་ཀ་ཐོགས་ཏེ། སྣང་བ་མཐའ་ཡས་གནས༴ དཔལ་ཆེན་ཁྲག་འཐུང་འདོད་ཆགས་འཇོམས། །དམར་ནག་འབར་བའི་རལ་པ་ཅན། །བསྒོམས་ཤིང་མཆོད་དེ་བསྒྲུབས་པ་ལས། །པདྨ་ཧེ་རུ་ཀའི་དབང་༴ ན་བཟའ་དཀར་མོ་གནས༴ འཇིགས་བྱེད་ཁྲོ་མོའི་སྐུར་སྣང་བས། །ཡབ་ཡུམ་ཐབས་དང་ཤེས་རབ་ལས། །གཉིས་མེད་བྱང་ཆུབ་སེམས་བསྒྲུབས་པས། །ཀྲོ་དྷི་ཤྭ་རཱིའི་དབང་༴ ༀ་པདྨ་ཤྲཱི་ཧེ་རུ་ཀ །པདྨ་ཀྲོ་དྷི་ཤྭ་རཱི་སྟྭཾ། ༀ་རུ་ལུ༴ ཨ་བྷི༴ ཀརྨ་ཧེ་རུ་ཀ་ཐོགས་ཏེ། དོན་ཡོད་གྲུབ་པ་གནས༴ འཇིགས་བྱེད་ཁྲག་འཐུང་ཕྲག་དོག་འཇོམས། །ལྗང་ནག་མེ་འབར་འཇིགས་པའི་གཟུགས། །གསལ་བར་བསྐྱེད་ཅིང་མཆོད་བསྒྲུབས་པས། །ཀརྨ་ཧེ་རུ་ཀའི་དབང་༴ དམ་ཚིག་སྒྲོལ་མ་གནས༴ འཇིགས་བྱེད་ཁྲོ་མོའི་ཆ་ལུགས་བཞིན། །ཡབ་ཡུམ་ཐབས་དང་ཤེས་རབ་ལས། །ལྷག་པ་བྱང་ཆུབ་སེམས་འཕྲོས་པས། །ཀྲོ་དྷི་ཤྭ་རཱིའི་དབང་༴ ཀརྨ་ཤྲཱི་ཧེ་རུ་ཀ །ཀརྨ་ཀྲོ་དྷི་ཤྭ་རཱི་སྟྭཾ། ༀ་རུ་ལུ༴ ཨ་བྷི༴ རཀྴ་ཧེ་རུ་ཀ་ཐོགས་ཏེ། མཐུ་སྟོབས་མངའ་བདག་གནས༴ སྒྲོལ་བྱེད་ཆེན་པོ་བདུད་རྣམས་འཇོམས། །ཐོད་དབྱུག་སྲིན་པོ་སྒྲོལ་ལ་མཁས། །མཐིང་ནག་འཇིགས་པའི་ཆ་ལུགས་ཅན། །རཀྟ་ཧེ་རུ་ཀའི་དབང་༴ ལྷ་མོ་རལ་གཅིག་གནས༴ ཁྲོ་མོ་ཡབ་ཀྱི་ཆ་ལུགས་ཅན། །ཡབ་ཡུམ་ཐབས་དང་ཤེས་རབ་ལས། །རཀྴ་ཀྲོ་དྷིའི་དབང་༴ ༀ་མ་ཧཱ་རཀྴ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊ། མ་ཧཱ་རཀྵ་ཀྲོ་དྷི་ཤྭ་རཱི་ཧཱུཾ་ཕཊ། ༀ་རུ་ལུ༴ ཨ་བྷི་ཥེ་ཀ་སྭཱ་ཧཱ། ཨེ་ཤ་ར་སི་ཏི་ན་མ་སྭཱ་ཧཱ། ཨ་བྷི༴ ས་ནུ་ཐོགས་ཏེ། མཁྱེན་རབ་བདག་པོ་གནས༴ སྒྲོལ་བྱེད་མ་མོ་མཁའ་འགྲོ་འདུལ། །སེར་ནག་མདོག་ཅན་འཇིགས་པའི་གཟུགས། །གང་སྒྲུབ་མཐུ་དང་དབང་སྩོལ་པའི། །ས་ནུ་ཧེ་རུ་ཀའི་དབང་༴ འཇིགས་བྱེད་ནག་མོ་གནས༴ ཁྲོ་མོ་དབང་ཕྱུག་ཀུན་གྱི་རྗེ། །སྤྲུལ་པ་ཡང་སྤྲུལ་ཀུན་གྱི་མ། །ས་ནུ་ཀྲོ་དྷིའི་དབང་༴ ༀ་མ་ཧཱ་ས་ནུ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊ། ༀ་མ་ཧཱ་ས་ནུ་ཀྲོ་དྷི་ཤྭ་རཱི་ཧཱུཾ་ཕཊ། ཨ་བྷི་ཥེ་ཀ་སྭཱ་ཧཱ། ཨེ་ཤ་ར་སི་ཏི་ན་མཿ ༀ་རུ་ལུ༴ ཨ་བྷི༴ གུ་ཧྱ་ཐོགས་ཏེ། ཐུགས་རྗེའི་བདག་པོ་གནས༴ གསང་བའི་དོན་ལ་མངའ་མཛད་པའི། །དམར་ནག་འཇིགས་པའི་ཆ་ལུགས་ཅན། །དུས་རྣམས་རྟག་ཏུ་གསང་བའི་ལྷ། །གུ་ཧྱ་ཧེ་རུ་ཀའི་དབང་༴ གསང་བའི་ལྷ་མོ་གནས༴ ཁྲོ་མོ་ཆེན་མོ་གསང་བའི་ལྷ། །གསང་བའི་དོན་ལ་བསྐུལ་བྱེད་མ། །གུ་ཧྱ་ཀྲོ་དྷིའི་དབང་༴ གུ་ཧྱ་ཤྲཱི་ཧེ་རུ་ཀ །གུ་ཧྱ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ༀ་རུ་ལུ༴ ཨ་བྷི་ཥེ་ཀ་སྭཱ་ཧཱ། ཨ་བྷི༴ ཡཀྴ་ཐོགས་ཏེ། བཛྲ་ཡཀྴ་གནས་གྱུར་པ། །དཔལ་ལྡན་དམ་ཚིག་མངའ་མཛད་པའི། །ལྗང་ནག་འཇིགས་པའི་ཆ་ལུགས་ཅན། །བསྐལ་པ་བརྒྱར་ཡང་དམ་ཚིག་ལྷ། །ཡཀྵ་ཧེ་རུ་ཀའི་དབང་༴ ཡུམ་ཆེན་དམ་ཚིག་གནས༴ ཁྲོ་མོ་དམ་ཚིག་བྱ་ར་མཁན། །སངས་རྒྱས་སེམས་ཅན་འདའ་མི་བྱེད། །དམ་ཚིག་དབྱིངས་སུ་བསྐུལ་བྱེད་མ། །ཡཀྵ་ཀྲོ་དྷིའི་དབང་ཐོབ་ཤོག །ༀ་མ་ཧཱ་ཡཀྵ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚནྟ་ཀ་ཡ་ན་ད་ཧ་པ་ཙ་ཧཱུཾ་ཕཊ། ༀ་མ་ཧཱ་ཡཀྵ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནཱི་ཧཱུཾ་ཕཊ། ཨ་བྷི་ཥེ་ཀ་ཏ་སྭཱ་ཧཱ། ཨེ་ཤ་རི་སི་ཏི་ན་མཿ བྷི་ཤེ་ཙ་ནི་མངྒ་ལ་ན་ཤཱ་པ་ཧཱུཾ། ༀ་རུ་ལུ༴ ཨ་བྷི༴ ག་རཱི་ཐོགས་ཏེ། དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །འཁོར་ལོ་བརྒྱད་ཀྱི་ཕྱི་རོལ་ན། །གྲུ་ཆད་བཞི་དང་གློ་འབུར་དུ། །ཁྲོ་མོ་བརྒྱད་ཀྱིས་བསྐོར་བ་ནི། །ས་ཡི་སྙིང་པོ་གནས་གྱུར་པས། །སྲིན་མོ་ཆེན་མོ་ཀེང་ཐོད་བཏུལ། །དཀར་མོ་མཐུ་རྩལ་རྐུ་བྱེད་མ། །བཛྲ་ག་རཱིའི་དབང་༴ ༀ་བཛྲ་ག་རཱི་ཧ་ཧ་ཧ། ༀ་རུ་ལུ༴ ཨ་བྷི་ཥེ་ཀ་ཏ་སྭཱ་ཧཱ། ཨེ་ཤ་ར་སི་ཏི་ན་མཿ བྷེ་ཤ་ཙ་ནི་སྭ་ཏི་ཧཱུཾ། ཨ་བྷི༴ ཙ་རཱི་ཐོགས་ཏེ། དབང་གི༴ འཁོར་ལོ༴ གྲུ་ཆད༴ ཁྲོ་མོ༴ ནམ་མཁའ་སྙིང་པོ་གནས༴ སྲིན་མོ་ཆེན་མོ་མདའ་འཕེན་བཏུལ། །རྐུན་མོ་མཐུ་རྩལ་ལེན་བྱེད་མ། །བཛྲ་ཙ་རཱིའི་དབང་༴ ༀ་བཛྲ་ཙ་རཱི་ཧ་ཧ་ཧ། ༀ་རུ་ལུ༴ ཨ་བྷི་ཥེ་ཀ་སྭཱ་ཧཱ། ཨེ་ཤ་ར་སི་ཏི་ན་མཿ བྷེ་ཤ་ཙ་ནི་སྭ་ཏི་ཧཱུཾ། ཨ་བྷི༴ པྲ་མོ་ཐོགས་ཏེ། དབང་གི༴ འཁོར་ལོ༴ གྲུ་ཆད༴ ཁྲོ་མོ༴ སྤྱན་རས་གཟིགས་དབང་གནས༴ སྲིན་མོ་ཆེན་མོ་འཇིགས་བྱེད་བཏུལ། །རྨོངས་མོ་མཐུ་རྩལ་འབྲལ་བྱེད་མ། །བཛྲ་པྲ་མོའི་དབང་༴ ༀ་བཛྲ་པྲ་མོ་ཧཱེ་ཧ་ཧ་ཧ། ༀ་རུ་ལུ༴ ཨ་བྷི་ཥེ་ཀ་ཏ་སྭཱ་ཧཱ། ཨེ་ཤ་ར་སི་ཏི་ན་མཿ བྷི་ཤ་ཙ་ནི་སྭ་ཏི་ཧཱུཾ། ཨ་བྷི༴ བཻཏྟ་ལཱི་ཐོགས་ཏེ། དབང་གི༴ འཁོར་ལོ༴ གྲུ་ཆད༴ ཁྲོ་མོ༴ ཕྱག་ན་རྡོ་རྗེ་གནས༴ སྲིན་མོ་བཻཏྟ་ནག་མོ་བཏུལ། །ཐལ་བྱེད་མཐུ་རྩལ་ཉམས་བྱེད་མ། །བཛྲ་བཻཏྟ་ལི་ཡི་དབང་༴ ༀ་བཛྲ་བཻཏྟ་ལཱི་ཧ་ཧ་ཧ། ༀ་རུ་ལུ༴ ཨ་བྷི་ཥེ་ཀ་ཏ་སྭཱ་ཧཱ། ཨེ་ཤ་ར་སི་ཏི་ན་མཿ བྷེ་ཤ་ཙ་ནི་སྭ་ཏི་ཧཱུཾ། ཨ་བྷི༴ པུཀྐ་སཱི་ཐོགས་ཏེ། དབང་གི༴ འཁོར་ལོ༴ གྲུ་ཆད༴ ཁྲོ་མོ༴ འཕགས་པ་བྱམས་པ་གནས༴ སྲིན་མོ་ནང་རོལ་འདྲེན་མ་བཏུལ། །སྦོས་མོའི་མཐུ་རྩལ་འཆིང་བྱེད་མ། །པུཀྐ་སཱི་ཡི་དབང་༴ ༀ་བཛྲ་པུཀྐ་སཱི་ཧ་ཧ་ཧ། ༀ་རུ་ལུ༴ ཨ་བྷི་ཥེ་ཀ་ཏ་སྭཱ་ཧཱ། ཨེ་ཤ་ར་སི་ཏི་ན་མཿ བྷེ་ཤ་ཙ་ནི་སྭ་ཏི་ཧཱུཾ། ཨ་བྷི༴ གྷསྨ་རཱི་ཐོགས་ཏེ། དབང་གི༴ འཁོར་ལོ༴ གྲུ་ཆད༴ ཁྲོ་མོ༴ སྒྲིབ་པ་རྣམ་སེལ་གནས༴ ལྷོ་ནུབ་སྲིན་མོ་རབ་འཇིགས་བཏུལ། །སྨེ་ཤའི་མཐུ་རྩལ་ཉམས་བྱེད་མ། །གྷསྨ་རཱི་ཡི་དབང་༴ ༀ་བཛྲ་གྷསྨ་རཱི་ཧ་ཧ་ཧ། ༀ་རུ་ལུ༴ ༀ་བྷི་ཥེ་ཀ་ཏ་སྭཱ་ཧཱ། ཨེ་ཤ་ར་སི་ཏི་ན་མཿ བྷེ་ཤ་ཙ་ནི་སྭ་ཏི་ཧཱུཾ། ཨ་བྷི༴ སྨེ་ཤ་ནཱི་ཐོགས་ཏེ། དབང་གི༴ འཁོར་ལོ༴ གྲུ་ཆད༴ ཁྲོ་མོ༴ ཀུན་ཏུ་བཟང་པོ་གནས་གྱུར་པས། །ནུབ་བྱང་སྲིན་མོ་སྲོག་གཅོད་བཏུལ། །གཏུམ་མོའི་མཐུ་རྩལ་དབང་བྱེད་མ། །སྨེ་ཤ་ནཱི་ཡི་དབང་༴ ༀ་བཛྲ་སྨེ་ཤ་ནཱི་ཧ་ཧ་ཧ། ༀ་རུ་ལུ༴ ཨ་བྷི་ཥེ་ཀ་ཏ་སྭཱ་ཧཱ། ཨེ་ཤ་ར་སི་ཏི་ན་མཿ བྷེ་ཤ་ཙ་ནི་སྭ་ཏི་ཧཱུཾ། ཨ་བྷི༴ ཙཎྜ་ལཱི་ཐོགས་ཏེ། དབང་གི༴ འཁོར་ལོ༴ གྲུ་ཆད༴ ཁྲོ་མོ༴ འཇམ་དཔལ་གཞོན་ནུ་གནས༴ བྱང་ཤར་སྲིན་མོ་སྨྱོན་མ་བཏུལ། །མ་ཚོགས་མཐུ་རྩལ་སྨྱོ་བྱེད་མ། །ཙཎྜ་ལཱི་ཡི་དབང་༴ ༀ་བཛྲ་ཙཎྜ་ལཱི་ཧ་ཧ་ཧ། ༀ་རུ་ལུ༴ ཨ་བྷི་ཥེ་ཀ་ཏ་སྭཱ་ཧཱ། ཨེ་ཤ་ར་སི་ཏི་ན་མཿ བྷེ་ཤ་ཙ་ནི་སྭ་ནི་སྭ་ཏི་ཧཱུཾ། ཨ་བྷི༴ སིདྷ་ཐོགས་ཏེ། དབང་གི༴ འཁོར་ལོ༴ བར་འཁྱམས་ཕྱོགས་བཞི་མཚམས་བརྒྱད་དུ། །ཕྲ་མེན་བརྒྱད་ཀྱིས་བསྐོར་བ་ནི། །བཛྲ་ལཱ་སྱ་གནས་གྱུར་པས། །ཤར་ཕྱོགས་སྲིན་མོ་སེང་གདོང་བཏུལ། །ཕྲ་མེན་མཐུ་རྩལ་གཟི་བྱིན་མ། །སིདྷ་མུ་ཁའི་དབང་༴ ༀ་བཛྲ་སིདྷ་མུ་ཁ་ཧེ་ཧེ་ཧེ། ༀ་རུ་ལུ༴ ཨ་བྷི་ཥེ་ཀ་ཏ་སྭཱ་ཧཱ། ཨེ་ཤ་ར་སི་ཏི་ན་མཿ བྷེ་ཤ་ཙ་ནི་སྭ་ཏི་ཧཱུཾ། ཨ་བྷི༴ བྱཱ་གྷྲི་མུ་ཁ་ཐོགས་ཏེ། དབང་གི༴ འཁོར་ལོ༴ བར་ཁྱམས༴ ཕྲ་མེན༴ བཛྲ་མཱ་ལེ་གནས༴ ལྷོ་ཕྱོགས་སྲིན་མོ་སྟག་མགོ་བཏུལ། །ཕྲ་མེན་མཐུ་རྩལ་འཇོམས་བྱེད་མ། །བྱཱ་གྷྲི་མུ་ཁའི་དབང་༴ བཛྲ་བྱཱ་གྷྲྀ་མུ་ཁ་ཧེ་ཧེ་ཧེ། ༀ་རུ་ལུ༴ ཨ་བྷི་ཥེ་ཀ་ཏ་སྭཱ་ཧཱ། ཨེ་ཤ་ར་སི་ཏི་ན་མཿ བྷེ་ཤ་ཙ་ནི་སྭ་ཏི་ཧཱུཾ། ཨ་བྷི༴ སྲིངྒ་ལ་མུ་ཁ་ཐོགས་ཏེ། དབང་གི༴ འཁོར་ལོ༴ བར་ཁྱམས༴ ཕྲ་མེན༴ བཛྲ་གཱི་ཏི་གནས་༴ ནུབ་ཕྱོགས་སྲིན་མོ་སྲོག་ལེན་བཏུལ། །ཕྲ་མེན་མཐུ་རྩལ་འཛིན་བྱེད་མ། །སྲིངྒ་ལ་མུ་ཁའི་དབང་༴ བཛྲ་སྲིངྒ་ལ་མུ་ཁ་ཧེ་ཧེ་ཧེ། ༀ་རུ་ལུ་༴ ཨ་བྷི་ཥེ་ཀ་ཏ་སྭཱ་ཧཱ། ཨེ་ཤྭ་ར་སི་ཏི་ན་མཿ བྷེ་ཤ་ཙ་ནི་སྭ་ཏི་ཧཱུཾ། ཨ་བྷི༴ ཤྭ་ན་མུ་ཁ་ཐོགས་ལ། དབང་གི༴ འཁོར་ལོ༴ བར་ཁྱམས༴ ཕྲ་མེན༴ བཛྲ་ནཱིརྟྱ་གནས༴ བྱང་ཕྱོགས་སྲིན་མོ་སྤྱང་མགོ་བཏུལ། །ཕྲ་མེན་མཐུ་རྩལ་འདྲི་བྱེད་མ། །ཤྭ་ན་མུ་ཁའི་དབང་༴ བཛྲ་ཤྭ་ན་མུ་ཁ་ཧེ་ཧེ་ཧེ། ༀ་རུ་ལུ༴ ཨ་བྷི་ཥེ་ཀ་ཏ་སྭཱ་ཧཱ། ཨེ་ཤ་ར་སི་ཏི་ན་མཿ བྷི་ཤ་ཙ་ནི་སྭ་ཏི་ཧཱུཾ། ཨ་བྷི༴ གྲཱྀ་ཌྷ་མུ་ཁ་ཐོགས་ཏེ། དབང་གི༴ འཁོར་ལོ༴ བར་ཁྱམས༴ ཕྲ་མེན༴ བཛྲ་དྷཱུ་པེ་གནས༴ ཤར་ལྷོའི་སྲིན་མོ་ཁྲག་འཐུང་བཏུལ། །ཕྲ་མེན་མཐུ་རྩལ་མགྱོགས་བྱེད་མ། །གྲཱྀ་ཌྷ་མུ་ཁའི་དབང་༴ བཛྲ་གྲཱྀ་ཌྷ་མུ་ཁ་ཧེ་ཧེ་ཧེ། ༀ་རུ་ལུ༴ ཨ་བྷི་ཥེ་ཀ་ཏ་སྭཱ་ཧཱ། ཨེ་ཤ་ར་སི་ཏི་ན་མཿ བྷེ་ཤ་ཙ་ནི་སྭ་ཏི་ཧཱུཾ། ཨ་བྷི༴ ཀངྐ་མུ་ཁ་ཐོགས་ཏེ། དབང་གི༴ འཁོར་ལོ༴ བར་ཁྱམས༴ ཕྲ་མེན༴ བཛྲ་པུཥྤེ་གནས༴ ལྷོ་ནུབ་སྲིན་པོ་རྐང་ཟ་བཏུལ། །ཕྲ་མེན་མཐུ་རྩལ་ཁྱབ་བྱེད་མ། །ཀངྐ་མུ་ཁའི་དབང་༴ བཛྲ་ཀངྐ་མུ་ཁ་ཧེ་ཧེ་ཧེ། ༀ་རུ་ལུ༴ ཨ་བྷི་ཥེ་ཀ་ཏ་སྭཱ་ཧཱ། ཨེ་ཤ་ར་སི་ཏི་ན་མཿ བྷེ་ཤ་ཙ་ནི་སྭ་ཏི་ཧཱུཾ། ཨ་བྷི༴ ཀཱ་ཀ་མུ་ཁ་ཐོགས་ཏེ། དབང་གི༴ འཁོར་ལོ༴ བར་འཁྱམས༴ ཕྲ་མེན༴ བཛྲ་ཨཱ་ལོ་ཀེ་གནས༴ ནུབ་བྱང་སྲིན་མོ་འཇོམས་བྱེད་བཏུལ། །ཕྲ་མེན་མཐུ་རྩལ་ཟ་བྱེད་མ། །ཀཱ་ཀ་མུ་ཁའི་དབང་༴ བཛྲ་ཀཱ་ཀ་མུ་ཁ་ཧེ་ཧེ་ཧེ། ༀ་རུ་ལུ༴ ཨ་བྷི་ཥེ་ཀ་ཏ་སྭཱ་ཧཱ། ཨེ་ཤར་སི་ཏི་ན་མ༴ བྷེ་ཤ་ཙ་ནི་སྭ་ཏི་ཧཱུཾ། ཨ་བྷི༴ ཨུ་ལུ་ཀ་མུ་ཁ་ཐོགས་ཏེ། དབང་གི༴ འཁོར་ལོ༴ བར་ཁྱམས༴ ཕྲ་མེན༴ བཛྲ་གནྡྷེ་གནས༴ བྱང་ཤར་སྲིན་མོ་རྐུ་བྱེད་བཏུལ། །ཕྲ་མེན་མཐུ་རྩལ་མྱོས་བྱེད་མ། །ཨུ་ལུ་མུ་ཁའི་དབང་མཆོག་སྦྱིན། །བཛྲ་ཨུ་ལུ་ཀ་མུ་ཁ་ཧེ་ཧེ་ཧེ། ༀ་རུ་ལུ༴ ཨ་བྷི་ཥེ་ཀ་ཏ་སྭཱ་ཧཱ། ཨེ་ཤ་ར་སི་ཏི་ནམཿ བྷེ་ཤ་ཙ་ནི་སྭ་ཏི་ཧཱུཾ། ཨ་བྷི༴ ཨངྐུ་ཤ་ཐོགས་ཏེ། དབང་གི༴ གྲུ་ཆད་བར་ཁྱམས་ཕྱི་རིམ་གྱི། །རྣམ་པར་ཐར་པའི་སྒོ་བཞི་རུ། །སྒོ་མ་བཞི་ཡིས་བསྐོར་བ་ནི། །ལྷ་མོ་བྱམས་མ་གནས་གྱུར་པས། །ཤར་གྱི་སྲིན་མོ་རྟ་མགོ་བཏུལ། །བྱམས་ཆེན་རྣལ་འབྱོར་མགོན་མཛད་མ། །ཨངྐུ་ཤ་ཡི་དབང་མཆོག་སྦྱིན། །བཛྲ་ཨཱརྻ་ཏེ་ཛ་ཏེ་ང་ཛཿཕཊ། ༀ་རུ་ལུ༴ ཨ་བྷི་ཥེ་ཀ་ཏ་སྭཱ་ཧཱ། ཨེ་ཤ་ར་སི་ཏི་ན་མཿ བྷེ་ཤ་ཙ་ནི་སྭ་ཏི་ཧཱུཾ། ཨ་བྷི༴ པཱ་ཤ་ཐོགས་ཏེ། དབང་གི༴ གྲུ་ཆད༴ རྣམ་པར༴ སྒོ་མ༴ ལྷ་མོ་སྙིང་རྗེ་གནས༴ ལྷོ་སྒོའི་སྲིན་མོ་ཕག་མགོ་བཏུལ། །ཐུགས་རྗེ་གཞན་ལ་ཕན་འདོགས་མ། །བཛྲ་པཱ་ཤའི་དབང་༴ བཛྲ་ཨ་མུ་ཁ་ཧཱུཾ་ཕཊ། ༀ་རུ་ལུ༴ ཨ་བྷི་ཥེ་ཀ་ཏ་སྭཱ་ཧཱ། ཨེ་ཤ་སི་ཏི་ན་མཿ བྷེ་ཤ་ཙ་ནི་སྭ་ཏི་ཧཱུཾ། ཨ་བྷི༴ ལོ་ཀ་ཐོགས་ཏེ། དབང་གི༴ གྲུ་ཆད༴ རྣམ་པར༴ སྒོ་མ༴ དགའ་བ་ཆེན་མོ་གནས༴ ནུབ་ཀྱི་སྲིན་མོ་དྲེད་མགོ་བཏུལ། །དགའ་བས་རྣལ་འབྱོར་སྲོངས་མཛད་མ། །ལོ་ཀ་མ་ཡི་དབང་༴ བཛྲ་ལོ་ཀ་བཾ་ཕཊ། ༀ་རུ་ལུ༴ ཨ་བྷི་ཥེ་ཀ་ར་སྭཱ་ཧཱ། ཨེ་ཤ་ར་སི་ཏི་ན་མཿ བྷེ་ཤ་ཙ་ནི་སྭ་ཏི་ཧཱུཾ། ཨ་བྷི༴ བྷསྨི་པ་ལ་ཐོགས་ཏེ། དབང་གི༴ གྲུ་ཆད༴ རྣམ་པར༴ སྒོ་མ༴ བཏང་སྙོམས་ཆེན་པོ་གནས༴ བྱང་སྒོའི་སྲིན་མོ་སྤྱང་མགོ་བཏུལ། །བཏང་སྙོམས་ཆེན་པོས་དོན་མཛད་མ། །བྷསྨི་པ་ལའི་དབང་༴ བཛྲ་བྷསྨི་པ་ལ་ཡབ་ཏོ་ཧོཿཕཊ། ༀ་རུ་ལུ༴ ཨ་བྷི་ཥེ་ཀ་ཏ་སྭཱ་ཧཱ། ཨེ་ཤ་ར་སི་ཏི་ན་མཿ བྷི་ཤ་ཙ་ནི་སྭ་ཏི་ཧཱུཾ། ཨ་བྷི༴ ཤར་གྱི་སྤོར་མ་ཐོགས་ཏེ། དབང་གི༴ རྣམ་བཞི་སྒོ་བཞིའི་སྒོ་ཁྱུད་ལ། །སྣམ་བུ་ཕྱོགས་བཞི་མཚམས་བརྒྱད་དུ། །སྤོར་མ་བརྒྱད་ཀྱིས་བསྐོར་བ་ནི། །ནང་གི་དབང་མོ་གནས་གྱུར་པས། །སྲིན་མོ་འབར་མ་ཉི་ཞགས་བཏུལ། །མི་ཟད་སྣ་ཚོགས་ཉི་ཟེར་ཞགས། །ཤར་གྱི་སྤོར་མའི་དབང་མཆོག་སྦྱིན། །ༀ་བཛྲ་ཨ་པྲ་ཏི་ཧ་ཨཱརྻ་ནི་ཙ་ཏུར་ཏ་ར་ཕཊ། ཨ་བྷི་ཥེ་ཀ་ཏ་སྭཱ་ཧཱ། ཨེ་ཤ་ར་སི་ཏི་ན་མཿ བྷེ་ཤ་ཙ་ནི་སྭ་ཏི་ཧཱུཾ། ཨ་བྷི༴ ཤར་ལྷོའི་སྤོར་མ་ཐོགས་ཏེ། དབང་གི༴ རྣམ་བཞི༴ སྣམ་བུ༴ སྤོར་མ༴ ཡི་དྭགས་སྟོན་པ་གནས༴ འབར་མ་སྲིན་མོ་མེ་གདོང་བཏུལ། །མེ་ཁྱེར་དམན་ནག་གློག་ཕྲེང་འཛིན། །ཤར་ལྷོ་སྤོར་མའི་དབང་༴ ༀ་བཛྲ་ཨ་པྲ་ཏི་ཧ་ཨཱརྱ་ནི་ཙ་ཏུར་ཏ་ར་ཕཊ། ཨ་བྷི་ཥེ་ཀ་ཏ་སྭཱ་ཧཱ། ཨེ་ཤ་ར་སི་ཏི་ན་མཿ བྷེ་ཤ་ཙ་ནི་སྭ་ཏི་ཧཱུཾ། ཨ་བྷི༴ ལྷོའི་སྤོར་མ་ཐོགས་ཏེ། དབང་གི༴ རྣམ་བཞི༴ སྣམ་བུ༴ སྤོར་མ༴ མི་ཡི་སྟོན་པ་གནས༴ སྲིན་མོ་འབར་མ་གཏུམ་མོ་བཏུལ། །གཏུམ་མོ་སེར་ནག་མདུང་ཐུང་འཕེན། །ལྷོ་ཡི་སྤོར་མའི་དབང་༴ ༀ་བཛྲ་ཨ་པྲ་ཏི་ཧ་ཨཱརྻ་ནི་ཙ་ཏུར་ཏ་ར་ཕཊ། ཨ་བྷི་ཥེ་ཀ་ཏ་སྭཱ་ཧཱ། ཨེ་ཤ་ར་སི་ཏི་ན་མཿ བྷེ་ཤ་ཙ་ནི་སྭ་ཏི་ཧཱུཾ། ཨ་བྷི༴ ལྷོ་ནུབ་སྤོར་མ་ཐོགས་ལ། དབང་གི༴ རྣམ་བཞི༴ སྣམ་བུ༴ སྤོར་མ༴ དམྱལ་བའི་སྟོན་པ་གནས༴ སྲིན་མོ་འབར་མ་རལ་གྲི་བཏུལ། །གཤིན་རྗེ་སྔོ་ནག་རལ་གྲི་དགྲ། །ལྷོ་ནུབ་སྤོར་མའི་དབང་༴ ༀ་བཛྲ་ཨ་པྲ་ཏི་ཧ་ཨཱརྻ་ནི་ཙ་ཏུར་ཏ་ར་ཕཊ། ཨ་བྷི་ཥེ་ཀ་ཏ་སྭཱ་ཧཱ། ཨེ་ཤ་ར་སི་ཏི་ན་མཿ བྷེ་ཤ་ཙ༴ ཨ་བྷི༴ ནུབ་ཀྱི་སྤོར་མ་ཐོགས་ཏེ། དབང་གི༴ རྣམ་བཞི༴ སྣམ་བུ༴ སྤོར་མ༴ ཕྱི་ཡི་ཡུལ་ཆོས་གནས༴ སྲིན་མོ་འབར་མ་སྒྲ་འབྱིན་བཏུལ། །རྡོ་རྗེ་previous hit དྲིལབུ next hit་འཁྲོལ་བྱེད་མ། །ནུབ་ཀྱི་སྤོར་མའི་དབང་༴ ༀ་བཛྲ་ཨ་པྲ་ཏི་ཧ་ཨཱརྻ་ནི་ཙ་ཏུར་ཏ་ར་ཕཊ། ཨ་བྷི་ཥེ༴ ཨེ་ཤར༴ བྷེ་ཤར༴ ཨ་བྷི༴ ནུབ་བྱང་གི་སྤོར་མ་ཐོགས་ཏེ། དབང་གི༴ རྣམ་བཞི༴ སྣམ་བུ༴ སྤོར་མ༴ ལྷ་ཡི་སྟོན་པ་གནས༴ འབར་མ་སྲིན་མོ་གནོད་སྦྱིན་བཏུལ། །གནོད་སྦྱིན་མཐིང་ནག་ཁྱུང་ཐོགས་མ། །ནུབ་བྱང་སྤོར་མའི་དབང་༴ ༀ་བཛྲ་ཨ་པྲ་ཏི་ཧ་ཨཱརྻ་ནི་ཙ་ཏུར་ཏ་ར་ཕཊ། །ཨ་བྷི་ཥེ༴ ཨེ་ཤ་ར༴ བྷེ་ཤ་ར༴ ཨ་བྷི༴ བྱང་གི་སྤོར་མ་ཐོགས་ཏེ། དབང་གི༴ རྣམ་བཞི༴ སྣམ་བུ༴ སྤོར་མ༴ ལྷ་མིན་སྟོན་པ་གནས༴ སྲིན་མོ་འབར་མ་ཐོགས་མེད་བཏུལ། །ཐོགས་མེད་སྔོ་ནག་སྐར་མདའི་གདོང་། བྱང་གི་སྤོར་མའི་དབང་༴ ༀ་བཛྲ་ཨ་པྲ་ཏི་ཧ་ཨཱརྻ་ནི་ཙ་ཏུར་ཏ་ར་ཕཊ། ཨ་བྷི་ཥེ༴ ཨེ་ཤ་ར༴ བྷེ་ཤ་ཙ༴ ཨ་བྷི༴ བྱང་ཤར་གྱི་སྤོར་མ་ཐོགས་ཏེ། དབང་གི༴ རྣམ་བཞི༴ སྣམ་བུ༴ སྤོར་མ༴ བྱོལ་སོང་ཐུབ་པ་གནས༴ སྲིན་མོའི་འཇིག་རྟེན་འབར་མ་བཏུལ། །འཇིག་རྟེན་སྨུག་ནག་གླག་ཤ་སྟོབ། །བྱང་ཤར་སྤོར་མའི་དབང་༴ ༀ་བཛྲ་ཨ་པྲ་ཏི་ཧ་ཨཱརྻ་ནི་ཙ་ཏུར་ཏ་ར་ཕཊ། ཨ་བྷི་ཥེ༴ ཨེ་ཤ་ར༴ བྷེ་ཤ་ཙ༴ ཨ་བྷི༴ གསང་ཡུམ་གོས་དཀར་ཐོགས་ཏེ། དབང་གི༴ གྲུ་ཆད་བར་ཁྱམས་སྒོ་བཞི་ཡི། །ཕྱི་རིམ་སྣམ་བུ་སྒོ་བཞི་ལ། །གསང་ཡུམ་བཞི་ཡིས་བསྐོར་བ་ནི། །དཀར་མོ་མིག་གཅིག་རྒྱས་འདེབས་མ། །དཔལ་ཆེན་སྐུ་ལ་སྦྱོར་མཛད་མ། །མདུན་ནས་སངས་རྒྱས་གཟུངས་མཛད་མ། །སྐུ་དཀར་ཕྱག་ན་རྡོ་རྗེ་བསྣམས། །གསང་བ་ཡུམ་གྱི་དབང་མཆོག་སྦྱིན། །ༀ་ཤྲཱི་བཛྲ་མུཏྒ་ར་མུ་ཁ་ཤྭ་ར་ཡ་ན་མ། ཨ་བྷི༴ སེར་མོ་ཐོགས་ཏེ། སེར་མོ་ལས་མཁན་ཚེ་འཕེལ་མ། །སྐུ་སེར་ཕྱག་ན་མདའ་གཞུ་འགེངས། །དཔལ་ཆེན་སྐུ་ལ་སྦྱོར༴ གཡས་ན་སངས་རྒྱས་གཟུངས༴ གསང་བ་ཡུམ་གྱི་དབང་༴ ༀ་ཤྲཱི་བཛྲ་རཱ་ག་མ་ཤྭ་ར་ཡ་ཡཱ་ན་མ། ཨ་བྷི༴ དམར་མོ་ཐོགས་ཏེ། དམར་མོ་ཟ་བྱེད་དབང་སྡུད་མ། །སྐུ་དམར་ཕྱག་ན་རྒྱལ་མཚན་བསྣམས། །དཔལ་ཆེན་སྐུ་ལ་སྦྱོར༴ རྒྱབ་ན་སངས་རྒྱས་གཟུགས༴ གསང་བའི་ཡུམ་གྱི་དབང་༴ ༀ་ཤྲཱི་བཛྲ་ཁ་ཊྭཾ་ཀ་པྲ་ཛྭ་ལ་ཡ་ཡཱ་ན་མ། ཨ་བྷི༴ ནག་མོ་ཐོགས་ཏེ། ནག་མོ་རལ་གཅིག་རྨོངས་བྱེད་མ། །ལྗང་ནག་ཕྱག་ན་previous hit དྲིལབུ next hit་བསྣམས། །དཔལ་ཆེན་སྐུ་ལ་སྦྱོར༴ གཡོན་ནས་སངས་རྒྱས་གཟུངས༴ གསང་བའི་ཡུམ་གྱི་དབང་༴ ༀ་ཤྲཱི་བཛྲ་གྷཎྜེ་པྲ་ཛྭ་ལ་ཡ་ཡཱ་ན་མ། ཨ་བྷི༴ མ་ནུ་རཀྴ་སཱི་ཐོགས་ཏེ། དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །ཕྱི་རིམ་ཁྱམས་ཀྱི་ཁྲག་མཚོ་ལ། །སྒོ་བཞི་སྣམ་བུ་ངོས་བཞི་ལ། །དབང་ཕྱུག་ཚོགས་ཀྱིས་བསྐོར་བ་ནི། །སྲིན་མོའི་ཆུང་མ་གནས་གྱུར་པས། །དབང་ཕྱུག་ཆེན་མོ་མི་སྲིན་མོ། །སྐུ་མདོག་དམར་ནག་ཐོད་རློན་འཆང་། །དེ་ཉིད་ལས་ནི་གནས་གྱུར་པས། །དམར་སེར་ཏྲི་ཤུལ་ཞིང་ཆེན་གཡག །མཐུ་དང་རྫུ་འཕྲུལ་བྱིན་རླབས་ཀྱིས། །མ་ནུ་རཀྴའི་དབང་མཆོག་སྦྱིན། །མ་ནུ་རཀྴ་སཱི་བྷྱོ། ཨ་བྷི༴ བཛྲ་བྲ་ཧྨ་ནཱི་ཐོགས་ཏེ། དབང་གི་དཀྱིལ་འཁོར་སོགས་གོང་འདྲ། །ཚངས་པའི་ཆུང་མ་གནས་གྱུར་པས། །དབང་ཕྱུག་ཆེན་མོ་ཚངས་མ་སྟེ། །སྐུ་མདོག་དམར་སེར་པདྨ་བསྣམས། །དེ་ཉིད་ལས་ནི་གནས་གྱུར་པས། །དམར་སྐྱ་རྩེ་ལྔ་བྷན་དམར་སྤྲུལ། །མཐུ་སྟོབས་དབང་ཕྱུག་བསམ་མི་ཁྱབ། །བཛྲ་བྲ་ཧྨའི་དབང་༴ བྲ་ཧྨ་ནི་བྷྱོ། ཨ་བྷི༴ ར་ཏྲི་ཐོགས་ལ། ལྷ་ཆེན་ཆུང་མ་གནས་གྱུར་པས། །དབང་ཕྱུག་ཆེན་མོ་འཁྲུག་མོ་ཆེ། །སྐུ་མདོག་དཀར་མོ་ཏྲི་ཤུ་ལ། །དེ་ཉིད་ལས་ནི་གནས་གྱུར་པས། །དམར་སེར་ཞིང་དབྱུག་སྙིང་འབྱིན་གཟིག །རོལ་པའི་རྫུ་འཕྲུལ་བྱིན་རླབས་ཀྱིས། །བཛྲ་ར་ཏྲིའི་དབང་༴ ར་ཏྲི་མ་བྷྱོ། ཨ་བྷི༴ ཀུ་མཱ་རཱི་ཐོགས་ཏེ། ཁྱབ་འཇུག་ཆུང་མ་གནས་གྱུར་པས། །དབང་ཕྱུག་ཆེན་མོ་འཇུག་སྲེད་མོ། །རྟོགས་འདོད་ཆེན་མོ་འཁོར་ལོ་འཆང་། །དེ་ཉིད་ལས་ནི་གནས་གྱུར་པས། །རིལ་པ་འཁོར་ལོ་ཕ་ཝང་སེར། །དྲེགས་པའི་མཐུ་སྟོབས་བསམ་ཡས་པའི། །བཛྲ་ཀུ་མཱ་རཱིའི་དབང་༴ ཀུ་མཱ་རཱི་བྷྱོ། ཨ་བྷི༴ ཨིནྡྲ་མ་ཐོགས་ཏེ། གཞོན་ནུའི་ཆུང་མ་གནས་གྱུར་པས། །དབག་ཕྱུག་ཆེན་མོ་དམར་མོ་སྟེ། །གཞོན་ནུ་དམར་མོ་མདུད་ཐུང་འཕེན། །དེ་ཉིད་ལས་ནི་གནས་གྱུར་པས། །དབང་མོ་དམར་སྐྱ་བམ་དབྱུག་དྲེད། །ཡོན་ཏན་མཐུ་རྩལ་བསམ་ཡས་པ། །བཛྲ་ཨིནྡྲའི་དབང་མཆོག་སྦྱིན། །ཨིནྡྲ་མ་བྷྱོ། ཨ་བྷི༴ བེཥྞ་བེ་ཐོགས་ཏེ། བརྒྱ་བྱིན་ཆུང་མ་གནས་གྱུར་པས། །དབང་ཕྱུག་ཆེན་མོ་དབང་མོ་ཆེ། །སྐུ་མདོག་དཀར་མོ་ཨིནྡྲ་གདེངས། །དེ་ཉིད་ལས་ནི་གནས་གྱུར་པས། །དཀར་དམར་བྱིས་ཟ་དུང་དམར་སྲེ། །ཆེ་བའི་ཡོན་ཏན་བསམ་ཡས་པས། །བེཥྞ་བེ་ཡི་དབང་༴ བེཥྞ་བེ་བྷྱོ། ཨ་བྷི༴ བཛྲ་པིངྐ་ལཾ་ཐོགས་ཏེ། ལྷ་མོ་ཁྱོ་མེད་གནས་གྱུར་པས། །དབང་ཕྱུག་ཆེན་མོ་དམར་མོ་སྟེ། །ཞི་བ་དམར་མོ་ཙནྡན་འཐུང་། །དེ་ཉིད་ལས་ནི་གནས་གྱུར་པས། །དམར་མོ་དུང་དམར་རྒྱུ་ཞགས་དོམ། །ཡིད་ཀྱི་འདོད་པ་བསམ་ཡས་པ། །པིངྐ་ལཾ་གྱི་དབང་༴ བཛྲ་པིངྐ་ལཾ་བྷྱོ། ཨ་བྷི༴ བཛྲ་ཨ་མྲྀ་ཏ་ཐོགས་ཏེ། ཉི་མའི་ཆུང་མ་གནས་གྱུར་པས། །དབང་ཕྱུག་ཆེན་མོ་བདུད་རྩི་མོ། །སྐུ་མདོག་དམར་མོ་པདྨ་བསྣམས། །དེ་ཉིད་ལས་ནི་གནས་གྱུར་པས། །བདུད་རྩི་སྔོན་མོ་ཆུ་སྲིན་བུམ། །སྨན་གྱི་མཐུ་སྟོབས་བསམ་ཡས་པས། །བཛྲ་ཨ་མྲི་ཏའི་དབང་༴ །བཛྲ་ཨ་མྲི་ཏ་བྷྱོ། ཨ་བྷི༴ བཛྲ་ས་མྱ་ཐོགས་ཏེ། ཟླ་བའི་ཆུང་མ་གནས་གྱུར་པ། །དབང་ཕྱུག་ཆེན་མོ་ཞི་བ་མོ། །ཞི་བ་དཀར་མོ་པུནྡྷ་རི། །དེ་ཉིད་ལས་ནི་གནས་གྱུར་པས། །སྔོ་སྐྱ་བུམ་རིལ་ཁོག་སྨད་སྡིག །བདུད་རྩི་བྱང་ཆུབ་སེམས་ཀྱི་མཐུས། །བཛྲ་ས་མྱའི་དབང༴ བཛྲ་ས་མྱ་བྷྱོ། ཨ་བྷི༴ བཛྲ་དྷ་ན་ཐོགས་ཏེ། བེ་ཅོན་ཆུང་མ་གནས་གྱུར་པས། །དབང་ཕྱུག་ཆེན་མོ་བེ་ཅོན་མ། །སྐུ་མདོག་སྔོན་མོ་དབྱུག་ཏོ་ཐོགས། །དེ་ཉིད་ལས་ནི་གནས་གྱུར་པས། །ནག་མོ་བེ་ཅོན་ཐོད་རློན་ཁྲ། །དྲག་ཤུལ་འཇོམས་པའི་མཐུ་སྟོབས་ཀྱིས། །བཛྲ་དྷ་ནའི་དབང་༴ བཛྲ་དྷ་ན་དཾ་བྷྱོ། ཨ་བྷི༴ བཛྲ་རཀྟ་སཱི་ཐོགས་ཏེ། སྲིན་མོ་ཁྱོ་མེད་གནས་གྱུར་པས། །དབང་ཕྱུག་ཆེན་མོ་སྲིན་མོ་སྟེ། །སྐུ་མདོག་དམར་སེར་ཐོད་ཁྲག་འཐུང་། །དེ་ཉིད་ལས་ནི་གནས་གྱུར་པས། །དམར་ནག་ཞིང་ཆེན་རྒྱུ་འདྲེན་ཝ། །དྲག་པོའི་མཐུ་སྟོབས་བསམ་ཡས་པས། །བཛྲ་རཀྴའི་དབང་༴ བཛྲ་རཀྴ་སི་བྷྱོ། ཨ་བྷི༴ བཛྲ་བཀྴ་ཐོགས་ཏེ། ནག་ཆེན་ཆུང་མ་གནས་གྱུར་པས། །དབང་ཕྱུག་ཆེན་མོ་ཟ་བ་མོ། །དམར་ནག་ཤ་དང་ཁྲག་ལ་རོལ། །དེ་ཉིད་ལས་ནི་གནས་གྱུར་པ། །ནག་མོ་བམ་ཆེན་སྙིང་འབྱིན་སྟག །མཐུ་སྟོབས་གཞན་གྱིས་མི་ཐུབ་པ། །བཛྲ་བཀྵའི་དབང་༴ བཛྲ་བཀྵ་སཱི་བྷྱོ། ཨ་བྷི༴ བཛྲ་ར་ཏི་ཐོགས་ཏེ། བྷྲིང་གི་ཆུང་མ་གནས་གྱུར་པས། །དབང་ཕྱུག་ཆེན་མོ་དགའ་མོ་སྟེ། །སྐུ་མདོག་དམར་མོ་ཁཏྒ་འཆང་། །དེ་ཉིད་ལས་ནི་གནས་གྱུར་པས། །དམར་མོ་འཁོར་ལོ་ཐོད་པ་རྒོད། །མཐུ་དང་ལོངས་སྤྱོད་བསམ་མི་ཁྱབ། །ར་ཏི་ཏཾ་གྱི་དབང་༴ བཛྲ་ར་ཏི་ཏཾ་བྷྱོ། ཨ་བྷི༴ བཛྲ་རུ་དྷི་ར་མཏྟཱ་ཐོགས་ཏེ། འདི་ནི་ཁྲག་མྱོས་མ་ཞེས་བྱ་བའི་དོན་ཡིན་ཅེས་ཁོ་བོའི་ཡོངས་འཛིན་སྨན་ལུང་པ་གསུང་ངོ་། །སྟོབས་བཟང་ཆུང་མ་གནས་གྱུར་པས། །དབང་ཕྱུག་ཆེན་མོ་ཁྲག་འཐུང་མྱོས། །སྐུ་མདོག་དཀར་མོ་གཤོལ་འཆང་མ། །དེ་ཉིད་ལས་ནི་གནས་གྱུར་པས། །དམར་ནག་རྡོར་དབྱུག་དུང་དམར་རྟ། །མཐུ་སྟོབས་རྫུ་འཕྲུལ་མཐའ་ཡས་པས། །ར་མཏྟཱ་ཡི་དབང་༴ བཛྲ་རུ་དྷི་ར་མཏྟཱ་བྷྱོ། ཨ་བྷི༴ བཛྲ་ཨེ་ཀ་ཙ་ར་མ་ཐོགས་ཏེ། རྣམ་ཐོས་ཆུང་མ་གནས་གྱུར་པས། །དབང་ཕྱུག་ཆེན་མོ་གཅིག་པུ་སྤྱོད། །རྡོ་རྗེ་སེར་མོ་སྤུ་གྲིས་གཅོད། །དེ་ཉིད་ལས་ནི་གནས་གྱུར་པས། །དཀར་དམར་རྡོ་རྗེ་བྷནྡྷ་ཁྱུང་། །འབྱོར་པའི་ལོངས་སྤྱོད་བསམ་མི་ཁྱབ། །ཨེ་ཀ་ཙ་རའི་དབང་༴ །བཛྲ་ཨེ་ཀ་ཙ་ར་མ་བྷྱོ། ཨ་བྷི༴ བཛྲ་མ་ནོ་ཧ་རཾ་ཐོགས་ཏེ། འདོད་ལྷའི་ཆུང་མ་གནས་གྱུར་པས། །དབང་ཕྱུག་ཆེན་མོ་ཡིད་འཕྲོག་མ། །སྐུ་མདོག་དམར་མོ་མདའ་གཞུ་ཐོགས་། །དེ་ཉིད་ལས་ནི་གནས་གྱུར་པས། །དམར་སེར་ཞིང་སྡོམ་བྱིས་ཟ་ཁྱི། །འདོད་པའི་ཡོན་ཏན་ཀུན་རྫོགས་པས། །མ་ནོ་ཧ་རཾ་དབང་༴ མ་ནོ་ཧ་རཾ་བྷྱོ། ཨ་བྷི༴ བཛྲ་སིདྡྷ་ཀཾ་ཐོགས་ཏེ། ནོར་སྲུང་ཆུང་མ་གནས་གྱུར་པས། །དབང་ཕྱུག་ཆེན་མོ་གྲུབ་མོར་བྱུང་། །སྐུ་མདོག་དཀར་མོ་བུམ་པ་འཛིན། །དེ་ཉིད་ལས་ནི་གནས་གྱུར་པས། །དཀར་དམར་པདྨ་རོ་པུ་ཤུད། །ལྷག་པར་ནོར་གྱི་ལོངས་སྤྱོད་ཆེ། །སིདྡྷ་ཀ་ཡི་དབང་༴ བཛྲ་སིདྡྷི་ཀཾ་བྷྱོ། ཨ་བྷི༴ བཛྲ་བ་ཡ་བེ་ཐོགས་ཏེ། རླུང་ལྷའི་ཆུང་མ་གནས་གྱུར་པས། །དབང་ཕྱུག་ཆེན་མོ་རླུང་མོ་སྟེ། །སྐུ་མདོག་སྔོན་མོ་བ་དན་འཕྱར། །དེ་ཉིད་ལས་ནི་གནས་གྱུར་པས། །དམར་སྐྱ་རོ་ཟ་ཤ་བའི་མགོ། །མགྱོགས་བྱེད་ཤུགས་འཆང་དངོས་གྲུབ་འཆང་། །བ་ཡ་བེ་ཡི་དབང་༴ བཛྲ་བ་ཡ་བེ་བྷྱོ། ཨ་བྷི༴ བཛྲ་མ་ཧཱ་མཱ་ར་ན་ཐོགས་ཏེ། སྐྱོང་མ་ཁྱོ་མེད་གནས་གྱུར་པས། །དབང་ཕྱུག་ཆེན་མོ་ཁྱོ་མེད་མ། །སྐུ་མདོག་དམར་ནག་རལ་གྲིས་གཅོད། །དེ་ཉིད་ལས་ཀྱང་གནས་གྱུར་པས། །ལྗང་ནག་བམ་ཆེན་རྔེ་ཆུང་སྤུང་། །སྒྲོལ་བྱེད་མཐུ་སྟོབས་བསམ་ཡས་པས། །མཱ་ར་ན་ཡི་དབང་༴ བཛྲ་མ་ཧཱ་མཱ་ར་ན་བྷྱོ། ཨ་བྷི༴ བཛྲ་ཨགྣ་ཡེ་ཐོགས་ཏེ། མེ་ལྷའི་ཆུང་མ་གནས་གྱུར་པས། །སྐུ་མདོག་དམར་མོ་གསལ་ཤིང་འཛིན། །དབང་ཕྱུག་ཆེན་མོ་མི་མོར་བྱུང་། །དེ་ལས་མི་ཟད་སྐུ་སྤྲུལ་པས། །ལྗང་དམར་མེས་བསྲེག་རྒྱུ་འདྲེན་སྐྱིན། །རྣམ་རྟོག་བག་ཆགས་ཀུན་བསྲེག་པའི། །ཨགྣེ་མ་ཡི་དབང་༴ བཛྲ་ཨགྣ་ཡེ་བྷྱོ། ཨ་བྷི༴ སྐྱིན་མགོ་འདི་ལྷོ་འབྲོང་དང་། ཀྱུང་ཀ་དང་། རི་བོང་གི་སྐྱེས་རབས་ལས་སྐྱིན་གོར་ཞིག་དང་ཞེས་པ་ད་བྱིད་ལ་ངོས་འཛིན་ལ་སོགས་ལུགས་གསུམ་སྣང་ངོ་། །བཛྲ་བཱ་ར་ཧི་ཐོགས་ཏེ། ས་བདག་ཆུང་མ་གནས་གྱུར་པས། །དབང་ཕྱུག་ཆེན་མོ་ཕག་མོར་བྱུང་། །སྐུ་མདོག་དམར་ནག་མཆེ་བ་བསྣམས། །དེ་ཉིད་ལས་ཀྱང་སྐུ་སྤྲུལ་པ། །ལྗང་སེར་རྩེ་གསུམ་བྱིས་རོ་ཕག །འཇིག་རྟེན་ཁམས་ཀྱི་དཔལ་གཅིག་མ། །བཱ་ར་ཧིའི་དབང་མཆོག་སྦྱིན། །བཛྲ་པཱ་ར་ཧི་བྷྱོ། ཨ་བྷི༴ བཛྲ་ཙ་མུཎྜཱི་ཐོགས་ཏེ། གཤིན་རྗེ་ཆུང་མ་གནས་གྱུར་པས། །དབང་ཕྱུག་ཆེན་མོ་རྒན་བྱེད་མོ། །དམར་སྨུག་བྱིས་རོ་རྒྱུ་མ་ཟ། །དེ་ཉིད་ལས་ཀྱང་གནས་གྱུར་པ། །ལྗང་སྔོན་རྒྱུ་འདྲེན་ཁྲག་འཐོར་ཁྲ། །མ་མོ་མཐུ་དབང་ཀུན་རྫོགས་པའི། །ཙ་མུཎྜཱི་ཡི་དབང་༴ བཛྲ་ཙ་མུཎྜཱི་བྷྱོ། ཨ་བྷི༴ བཛྲ་སུ་ཏ་ནཾ་ཐོགས་ཏེ། བགེགས་ཀྱི་ཆུང་མ་གནས་གྱུར་པས། །དབང་ཕྱུག་མ་མོ་སྣ་ཆེན་མོ། །སྐུ་མདོག་དམར་ནག་ཐོད་ཁྲག་འཐུང་། །དེ་ཉིད་འཇིགས་པའི་སྐུ་སྤྲུལ་པ། །ལྗང་དམར་བམ་ཆེན་ལོངས་སྤྱོད་གླང་། །བགེགས་ཆེན་ཀུན་འདུལ་མཐུ་སྟོབས་ཀྱིས། །སུ་ཏ་ན་ཡི་དབང་༴ བཛྲ་སུ་ཏ་ནཾ་བྷྱོ། ཨ་བྷི༴ བཛྲ་ཝ་རུ་ཎ་ཐོགས་ཏེ། །ཆུ་ལྷའི་ཆུང་མ་གནས་གྱུར་པས། །དབང་ཕྱུག་ཆེན་མོ་ཆུ་ལྷ་མོ། །སྐུ་མདོག་དཀར་སྔོ་སྦྲུལ་ཞགས་འཛིན། །འཇིགས་བྱེད་འབར་བའི་སྐུ་སྤྲུལ་པ། །ལྗང་ནག་བདུད་རྩི་དུང་དམར་སྤྲུལ། །གཏེར་གྱི་ལོངས་སྤྱོད་བསམ་ཡས་པའི། །ཝ་རུ་ཎ་ཡི་དབང་༴ བཛྲ་ཝ་རུ་ཎ་བྷྱོ། ཨ་བྷི༴ བཛྲ་མ་ཧཱ་ལི་ཐོགས་ཏེ། ནག་མོའི་ཆུང་མ་གནས་གྱུར་པས། །དབང་ཕྱུག་ནག་མོ་ཆེན་མོ་སྟེ། །སྐུ་མདོག་ནག་མོ་ཨངྐུ་ཤ །འཇིགས་བྱེད་འབར་བའི་སྐུ་སྤྲུལ་པས། །ནག་མོ་ལྕགས་ཀྱུ་ཁུ་བྱུག་མགོ། །པུ་ཏྲ་འཛིན་བྱེད་ཐམས་ཅད་རྫོགས། །མ་ཧཱ་ཀཱ་ལིའི་དབང་༴ བཛྲ་མ་ཧཱ་ཀཱ་ལི་བྷྱོ། ཨ་བྷི༴ བཛྲ་ཙ་ཀ་ལི་ཐོགས་ཏེ། ར་གདོང་ཆུང་མ་གནས་གྱུར་པས། །དབང་ཕྱུག་ཆེན་མོ་ར་མགོ་མ། །སྐུ་མདོག་དམར་སེར་ཞགས་པ་བསྣམས། །འཇིགས་བྱེད་འབར་བའི་སྐུ་སྤྲུལ་མ། །སྔོན་མོ་རྒྱུ་ཞགས་འདྲེན་པའི་ར། །འཁོར་བར་མི་གཏོང་དབང་མོ་ཆེ། །ཙ་ཀ་ལི་ཡི་དབང་༴ བཛྲ་ཙ་ཀ་ལི་བྷྱོ། ཨ་བྷི༴ བཛྲ་བུམ་པ་ཀ་ལ་ཐོགས་ཏེ། བུམ་སྣའི་ཆུང་མ་གནས་གྱུར་པས། །དབང་ཕྱུག་བུམ་སྣ་སྔོ་ནག་མ། །སྐུ་མདོག་སྔོ་ནག་ལྕགས་སྒྲོག་སྡོམ། །འཇིགས་བྱེད་འབར་བའི་སྐུ་སྤྲུལ་མ། །དམར་མོ་བེ་ཅོན་ལྕགས་སྒྲོག་སེང་། །བགེགས་བདུད་སྲིན་སྡོམ་དབང་མོ་ཆེ། །བུམ་པ་ཀ་ལའི་དབང་༴ བཛྲ་བུམ་པ་ཀ་ལ་མ་བྷྱོ། ཨ་བྷི༴ བཛྲ་ལཾ་བོ་དྷ་ར་ཐོགས་ཏེ། གསུས་ཆེན་ཆུང་མ་གནས་གྱུར་པས། །དབང་ཕྱུག་གསུས་འཛིན་ཆེན་མོ་བྱུང་། །སྐུ་མདོག་ལྗང་ནག་previous hit དྲིལབུ next hit་འཁྲོལ། །འཇིགས་བྱེད་འབར་བའི་སྐུ་སྤྲུལ་པ། །ལྗང་ནག་དྲིལ་ཆེན་དུང་དམར་སྐྱེག །ང་རྒྱལ་དྲེགས་པ་ཞིང་བཅུ་སྤོར། །ལཾ་བོ་དྷ་རའི་དབང་༴ བཛྲ་ལཾ་བོ་དྷ་ར་བྷྱོ། ཨ་བྷི༴ མ་ཧཱ་བཛྲ་དྷ་ར་ཐོགས་ཏེ། དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །ཕྱི་རིམ་ལྷག་མའི་དཀྱིལ་འཁོར་འདིར། །ཕྱོགས་བཞི་མཚམས་བརྒྱད་སྒོ་བཞི་རུ། །མཁའ་འགྲོ་ཚོགས་ཀྱིས་བསྐོར་བ་ནི། །རྡོ་རྗེ་སེམས་དཔའ་གནས་གྱུར་པས། །མཁའ་འགྲོ་དགའ་བྱེད་རྡོ་རྗེ་བསྣམས། །མཁའ་འགྲོ་རྡོ་རྗེ་རིགས་དབང་ཕྱུག །བཛྲ་དྷ་རའི་དབང་༴ ཀྲོ་དྷི་ཤྭ་རཱི་ཐོགས་ཏེ། དབང་གི་དཀྱིལ་འཁོར་ཆེན་པོ་འདིར། །ཕྱི་རིམ་ལྷག་མ་སོགས་འགྲེའོ། །རྡོ་རྗེ་རྒྱལ་པོ་གནས་གྱུར་པས། །འདྲེན་བྱེད་དཀར་སྐྱ་ལྕགས་ཀྱུ་མ། །མཁའ་འགྲོ་འཛིན་བྱེད་ལྕགས་ཀྱུ་མ། །ཀྲོ་དྷི་ཤྭ་རིའི་དབང་༴ བཛྲ་མ་ཧཱ་ཧེ་མི་ཏི་ཐོགས་ཏེ། རྡོ་རྗེ་ཆགས་པ་གནས་གྱུར་པས། །གསོད་བྱེད་ཐབས་ཀྱི་མདའ་འགེངས་མ། །མཁའ་འགྲོ་སྒྲོལ་བྱེད་མཐུ་དབང་རྫོགས། །མ་ཧཱ་མ་ཏིའི་དབང་༴ བཛྲ་ཀུ་མ་རཱི་ཐོགས་ཏེ། རྡོ་རྗེ་ལེགས་པར་གནས་གྱུར་པས། །སྤོར་བྱེད་དཀར་སྐྱ་སྤུ་གྲི་ཐོགས། །ཀུ་མཱ་རི་ཡི་དབང་༴ མ་ཧཱ་བཛྲ་མ་ཙི་མ་ཐོགས་ཏེ། རྡོ་རྗེ་རིན་ཆེན་གནས་གྱུར་པས། །འབར་བྱེད་མཐིང་ནག་རིན་ཆེན་འབར། །མཁའ་འགྲོ་དགོས་འདོད་ཀུན་སྐོང་བའི། །བཛྲ་མི་ཙའི་དབང་༴ བཛྲ་ཏྲི་ཤྲཱི་སྨ་ར་ཡ་ཐོགས་ཏེ། རྡོ་རྗེ་ཉི་མ་གནས་གྱུར་པས། །མཁའ་འགྲོ་གཟི་བརྗིད་འོད་ཐོགས་མ། །རྣམ་རྟོག་མུན་སེལ་མཐུ་དབང་རྫོགས། །ཏྲི་ཤྲཱི་སྨ་རའི་དབང་༴ བཛྲ་ཙག་ནེ་ཐོགས་ཏེ། རྡོ་རྗེ་རྒྱལ་མཚན་གནས་གྱུར་པས། །ཁྲོ་གཉེར་མཐིང་ནག་ཞིང་དར་འཕྱར། །བདུད་བཞི་འདུལ་བྱེད་དབང་ལྡན་པའི། །བཛྲ་ཙག་ནེའི་དབང་༴ མ་ཧཱ་ཀྲོ་དྷི་ཐོགས་ཏེ། རྡོ་རྗེ་བཞད་པ་གནས་གྱུར་པའི། །འཇོམས་བྱེད་ཞིང་གི་ཁ་གདངས་མ། །དུར་ཁྲོད་བགེགས་འཇོམས་ཟ་བྱེད་པའི། །མ་ཧཱ་ཀྲོ་དྷིའི་དབང་༴ མ་ཧཱ་ཨ་མྲྀ་ཏོད་ཐོགས་ཏེ། རྡོ་རྗེ་ཆོས་མཆོག་གནས་གྱུར་པས། །ཆགས་མེད་དམར་ནག་པདྨ་བསྣམས། །ཉེས་པའི་སྐྱོན་བྲལ་ལེགས་དབང་རྫོགས། །ཨ་མྲྀ་ཏོད་པའི་དབང་༴ མ་ཧཱ་ས་མ་ཐོགས་ཏེ། རྡོ་རྗེ་རྣོན་པོ་གནས་གྱུར་པས། །ཆགས་བྲལ་དམར་ནག་གྲི་ཐོགས་མ། །མཁའ་འགྲོ་སྒྲོལ་བྱེད་མཐུ་དབང་རྫོགས། །མ་ཧཱ་ས་མའི་དབང་༴ མ་ཧཱ་བཛྲ་དན་ཏི་ཐོགས་ཏེ། རྡོ་རྗེ་འཁོར་ལོ་གནས་གྱུར་པས། །འཁོར་ལོ་དམར་སེར་འཁོར་ལོ་འཕེན། །མཁའ་འགྲོ་གཅོད་བྱེད་མཐུ་དབང་རྫོགས། །བཛྲ་དན་ཏིའི་དབང་༴ མ་ཧཱ་ར་མི་ནི་ཐོགས་ཏེ། རྡོ་རྗེ་སྨྲ་བ་གནས་གྱུར་ཏེ། །རྒྱས་འདེབས་དམར་ནག་ལྕེ་འབྱིན་མ། །ཐོགས་མེད་ལྕགས་ཀྱུ་དབང་སྒྱུར་མ། །མ་ཧཱ་ར་མི་ནིའི་དབང་༴ མ་ཧཱ་སྨྲྀ་ཏི་ཀ་པ་ལ་ཧེ་སྟེ་ཏ་ཀ་ཐོགས་ཏེ། རྡོ་རྗེ་ཕྲིན་ལས་གནས་གྱུར་པས། །སྣ་ཚོགས་ལུས་འཆང་རྒྱ་གྲམ་ཐོགས། །མཁའ་འགྲོ་ཕྲིན་ལས་རྫོགས་པའི་དབང་། །ཧེསྟེ་ཏ་ཀའི་དབང་༴ བཛྲ་ས་ཉ་ཐོགས་ཏེ། རྡོ་རྗེ་སྲུང་བ་གནས་གྱུར་པས། །སྲུང་བ་མོ་ལྗང་གོ་ཆ་ཐོགས། །འཇིགས་ཀུན་སྲུང་མའི་མཁའ་འགྲོ་མ། །བཛྲ་ས་ཉའི་དབང་༴ མྲི་ཏ་སུ་ཏ་ན་ད་རི་ཐོགས་ཏེ། རྡོ་རྗེ་གནོད་སྦྱིན་གནས་གྱུར་པས། །གནོད་སྦྱིན་མོ་ལྗང་མཆེ་བ་འབྱིན། །དམ་ཉམས་གསོད་པའི་མཁའ་འགྲོ་མ། །སུ་ཏ་ན་ད་རའི་དབང་༴ བཛྲ་བི་ལ་ཀི་ལ་ཐོགས་ལ། རྡོ་རྗེ་ཁུ་ཚུར་གནས་གྱུར་པས། །ཡང་དག་འཕྲོག་ལྗང་མུ་ཏིག་འཕྱར། །རྡུལ་དུ་རློག་བྱེད་མཁའ་འགྲོའི་དབང་། །བི་ལ་ཀི་ལའི་དབང་༴ བི་ཤི་རི་རི་ཐོགས་ཏེ། དཔའ་བར་འགྲོ་བ་གནས་གྱུར་པས། །བྱ་རོག་གདོང་ལ་མིག་འབྱིན་མ། །ལག་ན་གྲི་དང་འཁར་གཞོང་ཐོགས། །རྣམ་ཤེས་འཇོམས་པའི་མཁའ་འགྲོའི་དབང་། །བི་ཤི་རི་རི་དབང་༴ ཀྵ་ནི་ཀྵ་ཐོགས་ཏེ། ཀུན་ཏུ་བཟང་པོ་གནས༴ འཇིགས་བྱེད་དཀར་སྔོ་མཆེ་གཙིགས་མ། །ཐམས་ཅད་འཇོམས་མ་མཁའ་འགྲོའི་དབང་། །ཀྵ་ནི་ཀྵ་ཡི་དབང་༴ ཤ་ནི་ཏ་ཀ་ཐོགས་ཏེ། ཟླ་འོད་གཞོན་ནུ་གནས༴ བཞད་མགོ་དཀར་མོ་སྙིང་འབྱིན་མ། །ཐམས་ཅད་སྒྲོལ་བའི་མཁའ་འགྲོ་གིང་། །ཤ་ནི་ཏ་ཀའི་དབང་༴ པི་ཏ་ཀི་ཐོགས་ཏེ། བྱང་སེམས་བཟང་སྐྱོང་གནས༴ འུག་མགོ་དཀར་སྔོན་ཀེང་རུས་འཆའ། །ལས་བྱེད་ལྷག་སྡུད་གཞི་དབང་ཀུན། །པི་ཏ་ཀ་ཡི་དབང་༴ བཛྲ་ཨ་ན་ཡ་ཐོགས་ཏེ། བྱང་སེམས་དྲྭ་འོད་གནས༴ ཁྱི་མགོ་མཐིང་ནག་ཀེང་རུས་འཆའ། །དུར་ཁྲོད་འཇོམས་པའི་དབང་བསྐུར་བས། །ཨ་ན་ཡ་ཡི་དབང་། །པེ་ཀཱེ་ནི་ཐོགས་ཏེ། རྡོ་རྗེ་སྙིང་པོ་གནས༴ མཐིང་ནག་མཱི་ས་ཕག་གི་མགོ། །གཙང་རྨེ་མེད་པར་ཟ་བྱེད་མ། །པེ་ཀཱེ་ནིའི་དབང་༴ ཛ་དུ་ལ་ཡ་ཐོག་ཏེ། ནམ་མཁའ་མཛོད་ནི་གནས༴ སྒོ་ནག་གློ་འདྲེན་རྔ་མོ་མགོ། །ཡི་དྭགས་གདོང་འཇོམས་མཁའ་འགྲོ་དབང་། །ཛ་དུ་ལ་ཡི་དབང་༴ ཏ་ཀི་བི་ཀ་ཐོགས་ཏེ། འོད་དཔག་མེད་པ་གནས༴ ཐོད་དབྱུག་དགྲ་སྟྭ་བོང་བུའི་མགོ། །དགའ་བྱེད་འཇོམས་པའི་མཁའ་འགྲོ་མ། །བི་ཀ་ཏེ་ཡི་དབང་༴ བཛྲ་ཏ་ར་ཤེ་ཐོགས་ཏེ། མྱ་ངན་ཀུན་འཇོམས་གནས༴ དམར་ནག་སྤུ་གྲི་ར་ཡི་མགོ། །དགྲ་བགེགས་འཇོམས་བྱེད་མཁའ་འགྲོ་མ། །བཛྲ་ཏ་ར་ཤེའི་དབང་༴ ཀ་ལི་པྲ་བེ་ཤ་ཐོགས་ལ། རྒྱལ་བ་ཡེ་ཤེས་གནས༴ དམར་ནག་རུས་འཆའ་བྱི་ལའི་མགོ། །མ་ལུས་སྒྲོལ་བྱེད་མཁའ་འགྲོའི་དབང་། །པྲ་བེ་ཤ་ཡི་དབང་༴ ཨུས་ཏིང་མ་ཐོགས་ཏེ། བློ་གྲོས་མི་ཟད་གནས་གྱུར་པས། །དམར་ལྗང་ཀེང་རུས་དཀར་པོ་འཛིན། །ཞེ་སྡང་འཇོམས་པའི་མཁའ་འགྲོ་མ། །ཨུས་ཏིང་མང་སའི་དབང་༴ ཀ་རན་ཙ་ཐོགས་ཏེ། སྤོབས་པ་བརྩེགས་པ་གནས་གྱུར་པས། །དམར་སེར་རུས་ཕྲེང་ཅེ་སྤྱང་མགོ། །དངོས་པོ་ཀུན་འཇོམས་མཁའ་འགྲོ་མ། །ཀ་རན་ཙ་ཡི་དབང་མཆོག་སྦྱིན། །སརྦ་མ་ཏ་ར་ཐོགས་ཏེ། ངན་སོང་ཀུན་འདྲེན་གནས་གྱུར་པས། །མཁའ་འགྲོ་སྲིན་མོ་བུམ་སྣ་མ། །རྡོ་རྗེ་ལྕགས་ཀྱུ་ཀ་ཏ་རི། །མ་ཏ་ར་ཡི་དབང་༴ ས་ལ་ཏ་ཀ་ཐོགས་ཏེ། བྱམས་པ་བརྩེགས་པ་གནས་གྱུར་པས། །མཁའ་འགྲོ་གཤིན་རྗེ་རྣམ་འཇོམས་མ། །ཞགས་པ་གྲི་ཐོགས་འཛིན་ཅིར་སྒྲོལ། །ས་ལ་ཏ་ཀའི་དབང་༴ བཛྲ་སརྦ་བྷནྡྷ་ཨ་ཐོགས་ཏེ། སྤོས་ཀྱི་གླང་པོ་གནས་གྱུར་པས། །མཁའ་འགྲོ་དྷ་ཤ་གྲྀ་བ་སྟེ། །ལྕགས་སྒྲོག་སྤུ་གྲི་ཟ་བྱེད་མ། །བྷནྡྷ་ཨ་ཡི་དབང་༴ བཛྲ་ས་བྷ་ན་ཨ་ཐོགས་ཏེ། སེམས་དཔའ་དོན་གྲུབ་གནས་གྱུར་པས། །མཁའ་འགྲོ་ཆེན་མོ་འབོད་གྲོགས་མ། །དྲིལ་བུ་དགྲ་སྟྭས་སྒྲོལ་ཞིང་སྤོར། །ས་བྷ་ན་ཨའི་དབང་༴ རྡོ་རྗེ་ཀུན་གྲགས་མོ་ཐོགས་ཏེ། དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །ཕྱི་ཡི་སྣམ་བུ་ཕྱོགས་བཞི་ལ། །མ་བདུན་སྲིང་བཞིས་བསྐོར་བ་ནི། །མ་མོ་བདུན་གྱི་དབང་མཆོག་སྟེ། །རྒྱ་མཚོ་ཆེན་པོའི་དཀྱིལ་འཁོར་ནས། །དཔལ་ལྡན་ཤུགས་སྒྲོལ་གཙོ་མོ་སྟེ། །རི་རབ་བསྙིལ་བའི་མཐུ་མོ་ཆེ། །རྡོ་རྗེ་ཀུན་གྲགས་དབང་བསྐུར་རོ། །མ་མ་དྷཱ་ཏུ་ཀྲོ་དྷི་ཤྭ་རཱི་སྟྭཾ། ཨ་བྷི༴ ཀུན་ཏུ་བཟང་མོ་ཐོགས་ཏེ། དབང་གི་དཀྱིལ་འཁོར་སོགས་འགྲེ། ནམ་མཁའ་སྟོང་གི་དཀྱིལ་འཁོར་ནས། །ཐམས་ཅད་ཀུན་ལ་ཁྱབ་མཛད་ཅིང་། །མ་ལུས་ཡོངས་ལ་དབང་བསྒྱུར་བའི། །ཀུན་ཏུ་བཟང་མོའི་དབང་༴ མ་མ་དྷཱ་ཏུ་ཀྲོ་དྷི་ཤྭ་རཱི་སྟྭཾ། ཨ་བྷི༴ རྡོ་རྗེ་ཀུན་གསལ་མ་ཐོགས་ཏེ། གཞའ་ཚོན་འབར་བའི་དཀྱིལ་འཁོར་ནས། །མཛེས་པའི་ཚུལ་གྱིས་འོད་འཕྲོ་ཞིང་། །མ་རིག་མུན་པ་སེལ་མཛད་མ། །རྡོ་རྗེ་ཀུན་གསལ་དབང་༴ མ་མ་སོགས། རྡོ་རྗེ་ཡེ་ཤེས་མཆོག་ཐོགས་ཏེ། དམ་ཚིག་ཆེན་པོའི་དཀྱིལ་འཁོར་ནས། །ཕོ་ཉ་མ་སྟེ་དྲུག་ཅུའི་གཙོ། །ཤ་ཆེན་ཁྲག་ལ་ལོངས་སྤྱོད་པའི། །རྡོ་རྗེ་ཡེ་ཤེས་དབང་༴ མ་མ་སོགས། རྡོ་རྗེ་འོད་ཆགས་མ་ཐོགས་ཏེ། ཁྲག་གི་རྒྱ་མཚོའི་དཀྱིལ་འཁོར་ནས། །རྡོ་རྗེ་དྲྭ་བའི་ཕྲེང་ཐོགས་ཤིང་། །ཕྲིན་ལས་འབྱུང་པོ་ཀུན་འདུལ་མ། །རྡོ་རྗེ་འོད་ཆགས་དབང་༴ མ་མ་སོགས། རྡོ་རྗེ་འོད་འཕྲོ་ཐོགས་ཏེ། མེ་དཔུང་འབར་བའི་དཀྱིལ་འཁོར་ནས། །ཞགས་པ་སྟོང་གི་བདེ་ལྡན་ཞིང་། །བྱང་ཕྱོགས་རང་གི་འཁོར་འདུལ་མ། །རྡོ་རྗེ་འོད་འཕྲོའི་དབང་༴ མ་མ་སོགས། རྡོ་རྗེ་གཡུ་སྒྲོན་མ་ཐོགས་ཏེ། དབང་ཕྱུག་ཆེན་པོའི་དཀྱིལ་འཁོར་ནས། །དམ་ཚིག་ཉམས་པ་གཅོད་བྱེད་ཅིང་། །བཀའ་ལས་འགལ་བའི་སྙིང་འཕྲོག་མ། །རྡོ་རྗེ་གཡུ་སྒྲོན་དབང་༴ མ་མ་སོགས། ལྷའི་སྲིང་མོ་ཐོགས་ཏེ། དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །ཕྱི་རིམ་སྣམ་བུ་སྒོ་བཞི་རུ། །སྲིང་མོ་བཞི་ཡི་དབང་བསྐུར་བས། །གླིང་བཞི་མགྱོགས་མ་ལྷ་ཡི་སྲིང་། །སྐུ་ལ་བྱ་རྒོད་ཐུལ་བ་གསོལ། །ཐུགས་དམ་རྣལ་འབྱོར་གྲོགས་ལ་བརྩོན། །ལྷ་ཡི་སྲིང་མོའི་དབང་བསྐུར་རོ། །བཛྲ་དུནྟིང་བྷྱོ། ཨ་བྷི་ཥིཉྩ་ཧཱུཾ། གཤིན་རྗེའི་སྲིང་མོ་ཐོགས་ཏེ། དབང་སོགས་འགྲེ། མཁའ་ལ་ཁྱུང་ལྡིང་གཤིན་རྗེའི་སྲིང་། །སྐུ་ལ་སྟག་གི་ཐུལ་པ་གསོལ། །ཐུགས་དམ་རྣལ་འབྱོར་གྲོགས་ལ་བརྩོན། །གཤིན་རྗེའི་སྲིང་མོའི༴ བཛྲ་དུནྟིང་སོགས། ཀླུའི་སྲིང་མོ་ཐོགས་ཏེ། དམར་མོ་གཡག་ཐོད་ཀླུ་ཡི་སྲིང་། །ན་བཟའ་ཆུ་སྲིན་ལྤགས་པ་གསོལ། །དམ་ཚིག་ཅན་ལ་བརྩེར་དགོངས་མ། །ཀླུ་ཡི་སྲིང་མོའི་དབང་༴ བཛྲ་དུནྟིང་༴ གནོད་སྦྱིན་སྲིང་མོ་ཐོགས་ཏེ། ནག་མོ་སྡེར་ཆེན་གནོད་སྦྱིན་སྲིང་། །སྐུ་ལ་རྨ་བྱའི་ཐུལ་བ་གསོལ། །དམ་ཚིག་ཅན་ལ་བརྩེར་དགོངས་མ། །གནོད་སྦྱིན་སྲིང་མོའི་དབང་༴ བཛྲ་དུནྟི་ང་༴ དཔའ་བོ་ཆེན་པོ་ཐོགས་ཏེ། དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །ཕྱི་རིམ་སྣམ་བུ་ཕྱོགས་བཞི་རུ། །ཐུགས་ཀྱི་འོད་ཟེར་སྤྲུལ་པ་ལས། །ཁྲོ་བོ་གིང་གི་བསྐོར་བ་ནི། །དཔལ་ཆེན་ལས་རྣམས་ཀུན་བྱེད་པའི། །མཐིང་ནག་རལ་གྲི་བྷནྡྷ་བསྣམས། །གང་ལ་དམིགས་པ་སྒྲོལ་བ་ཡི། །རྡོ་རྗེ་གིང་གི་དབང་བསྐུར་རོ། །ༀ་བཛྲ་ཀ་ཏ་རི་ཤཱ་ཤྭ་རཱི་ཧཱུཾ། ཨ་བྷི༴ ཁྲོ་མོ་ཆེན་མོ་ཐོགས་ཏེ། ཁྲོ་མོ་ཁམས་གསུམ་དབང་སྡུད་མ། །སྔོ་ནག་ཐོད་ཁྲག་འཇམ་དཔལ་ཐོགས། །སྒྲོལ་བྱེད་འབའ་ཞིག་ལས་ལ་འགྱེད། །རྡོ་རྗེ་གིང་མོའི་དབང་༴ ༀ་བཛྲ་ཀ་ཏ་རི་ཤཱ་ཤྭ་རཱི་ཧཱུཾ། ཨ་བྷི༴ དམར་ནག་ཐོགས་ཏེ། དབང་གི་དཀྱིལ་འཁོར་སོགས་འགྲེ། གིང་ཆེན་རྡོ་རྗེ་དམར་ནག་ནི། །དུང་དམར་དང་ནི་ཀ་ཏར་བསྣམས། །མ་ཐོགས་མྱུར་དུ་སྒྲོལ་བར་བྱེད། །རྡོ་རྗེ་གིང་གི་དབང་༴ ༀ་བཛྲ་ཀ་ཏ༴ ཨ་བྷི༴ གནོད་སྦྱིན་ཐོགས་ཏེ། གིང་ཆེན་རྡོ་རྗེ་གནོད་སྦྱིན་ནི། །ལྗང་ནག་ཕྱག་གིས་སྡིགས་མཛུབ་འཕྱར། །དམ་ཚིག་ཉམས་རྣམས་སྒྲོལ་བྱེད་པ། །རྡོ་རྗེ་གིང་གི་དབང་༴ ༀ་བཛྲ་ཀ་ཏ༴ ཨ་བྷི༴ སྤྱང་མགོ་ཐོགས་ཏེ། རྡོ་རྗེ་གིང་ཆེན་སྤྱང་ཀི་ནི། །དམར་ནག་སྤྱང་མགོ་སྤུ་གྲི་ཐོགས། །གསོད་པའི་ལས་ལ་ཤིན་ཏུ་དགྱེས། །རྡོ་རྗེ་གིང་གི་དབང་༴ ༀ་བཛྲ་ཀ་ཏ༴ ཨ་བྷི༴ གཤིན་རྗེ་ཐོགས་ཏེ། རྡོ་རྗེ་གིང་ཆེན་གཤིན་རྗེ་ནི། མཐིང་ནག་བེ་ཅོན་དགྲ་སྟྭ་འཛིན། །མ་ལུས་སྒྲོལ་བའི་གིང་ཆེན་ཏེ། །རྡོ་རྗེ་གིང་གི་དབང་༴ ༀ་བཛྲ་ཀ་ཏ༴ ཨ་བྷི༴ རོལ་པ་ཐོགས་ཏེ། རྡོ་རྗེ་གིང་ཆེན་རོལ་པ་ནི། །དམར་ནག་བྷནྡྷ་ཕལ་ཚབ་བསྣམས། །དགྲ་བགེགས་མ་ལུས་ཉམ་ཐག་གཅོད། །རྡོ་རྗེ་གིང་གི་དབང་༴ ༀ་བཛྲ་ཀ་ཏ༴ ཨ་བྷི༴ འཆི་བདག་ཐོགས་ཏེ། རྡོ་རྗེ་གིང་ཆེན་འཆི་བདག་ནི། །ལྗང་སེར་རྡོ་རྗེ་གསོར་ཞིང་བརྡེག །དྲག་ཤུལ་སྦྱོར་བའི་མཐུ་སྟོབས་ཅན། །རྡོ་རྗེ་གིང་གི་དབང་༴ ༀ་བཛྲ་ཀ་ཏ༴ ཨ་བྷི༴ དུས་མཚམས་ཐོགས་ཏེ། རྡོ་རྗེ་གིང་ཆེན་དུས་མཚམས་ནི། །ལྗང་ནག་ཤཀྟི་བྷནྡྷ་ཐོགས། །དགྲ་དང་འབྱུང་པོ་ཀུན་འཇོམས་པས། །རྡོ་རྗེ་གིང་གི་དབང་༴ ༀ་བཛྲ་ཀ་ཏ༴ ཨ་བྷི༴ རོ་ལངས་ཐོགས་ཏེ། རྡོ་རྗེ་གིང་ཆེན་རོ་ལངས་ནི། །སེར་ནག་ཞིང་གི་དབྱུག་པ་འཕྱར། །གང་ལ་དམིགས་པ་ཡུད་ཀྱིས་འཇོམས། །རྡོ་རྗེ་གིང་གི་དབང་༴ ༀ་བཛྲ་ཀ་ཏ༴ ཨ་བྷི༴ འཇོམས་པ་ཐོགས་ཏེ། རྡོ་རྗེ་གིང་ཆེན་འཇོམས་པ་ནི། །སྨུག་ནག་རྡོ་རྗེ་ཐོ་བ་ཐོགས། །བགེགས་ཀྱི་དཔུང་ཡང་ཡུད་ཀྱིས་འཇོམས། །རྡོ་རྗེ་གིང་གི་དབང་༴ ༀ་བཛྲ་ཀཏ༴ ཨ་བྷི༴ དབང་བསྡུད་ཐོགས་ཏེ། རྡོ་རྗེ་གིང་ལྕམ་དབང་སྡུད་ནི། །ལྗང་ནག་རྡོ་རྗེ་ལྕགས་ཀྱུས་འདྲེན། །གང་ལ་དམིགས་པ་ཡུད་ཀྱིས་སྒྲོལ། །རྡོ་རྗེ་གིང་ལྕམ་དབང་༴ ༀ་བཛྲ་ཀ་ཏ༴ ཨ་བྷི༴ དབང་སྒྱུར་མ་ཐོགས་ཏེ། རྡོ་རྗེ་གིང་ལྕམ་དབང་སྒྱུར་མ། །ཁམས་གསུམ་ཞིང་གི་གཡབ་མོ་འདེབས། །མཐུ་དང་རྫུ་འཕྲུལ་བསམ་མི་ཁྱབ། །རྡོ་རྗེ་གིང་གི་དབང་༴ ༀ་བཛྲ་ཀ་ཏ༴ ཨ་བྷི༴ འཕྲུལ་མོ་ཆེ་ཐོགས་ཏེ། རྡོ་རྗེ་གིང་ལྕམ་འཕྲུལ་མོ་ཆེ། །གཟུགས་མེད་རླུང་ལྟར་རྒྱུ་བྱེད་ཅིང་། །གང་ལ་དམིགས་པ་ཡུད་ཀྱིས་ཁྱབ། །རྡོ་རྗེ་གིང་ལྕམ་དབང་༴ ༀ་བཛྲ་ཀ་ཏ༴ ཨ་བྷི༴ གློག་འགྱུ་མ་ཐོགས་ཏེ། རྡོ་རྗེ་གིང་ལྕམ་གློག་འགྱུ་མ། །རྫུ་འཕྲུལ་གར་གྱི་གློག་ལྟར་འགྱུ། །ཅིར་ཡང་བསྒྱུར་བའི་འཕྲུལ་མོ་ཆེ། །རྡོ་རྗེ་གིང་མོའི་དབང་༴ ༀ་བཛྲ་ཀ་ཏ༴ ཨ་བྷི༴ མཐུ་མོ་ཆེ་ཐོགས་ཏེ། རྡོ་རྗེ་གིང་ལྕམ་མཐུ་མོ་ཆེ། །ལྗང་ནག་ལྕགས་ཀྱི་ཐོ་བ་ཐོགས། །རྦོད་གཏོང་བཅོལ་བ་ལེན་བྱེད་པའི། །རྡོ་རྗེ་གིང་གི་དབང་༴ ༀ་བཛྲ་ཀ་ཏ༴ ཨ་བྷི༴ རྩལ་མོ་ཆེ་ཐོགས་ཏེ། རྡོ་རྗེ་གིང་ལྕམ་རྩལ་མོ་ཆེ། །མཐིང་ནག་རྡོ་རྗེ་དགྲ་སྟྭ་ཐོགས། །ཕྲིན་ལས་རྣ་ཉན་ཕྲ་མ་ཟེར། །རྡོ་རྗེ་གིང་མོའི་དབང་༴ ༀ་བཛྲ་ཀ་ཏ༴ ཨ་བྷི༴ སྒྲོལ་བྱེད་མ་ཐོགས་ཏེ། རྡོ་རྗེ་གིང་ལྕམ་སྒྲོལ་བྱེད་མ། །སྨུག་ནག་བྷནྡྷ་གྲི་ཐོགས་མ། །ཕྲིན་ལས་སྲིད་གསུམ་སྒྲོལ་བྱེད་མ། །རྡོ་རྗེ་གིང་མོའི་དབང་༴ ༀ་བཛྲ་ཀ་ཏ༴ ཨ་བྷི༴ ཟ་བྱེད་མ་ཐོགས་ཏེ། གིང་ལྕམ་ཟ་བྱེད་ཆེན་མོ་ནི། །མཐིང་ནག་ཕྱག་ན་ལོངས་སྤྱོད་བསྣམས། །ཕྲིན་ལས་ཚོགས་ཀྱི་ཆག་ཚང་བྱེད། །རྡོ་རྗེ་གིང་མོའི་དབང་༴ ༀ་བཛྲ་ཀ་ཏ༴ ཨ་བྷི༴ རྡོ་རྗེ་གིང་ལྕམ་མྱོང་བྱེད་མ། །སྨུག་ནག་ཕྱག་ན་ལོངས་སྤྱོད་བསྣམས། །ཕྲིན་ལས་ཚོགས་ཀྱི་ཆག་ཚང་བྱེད། །རྡོ་རྗེ་གིང་མོའི་དབང་༴ ༀ་བཛྲ་ཀ་ཏ༴ ཨ་བྷི༴ རྣམ་རྒྱལ་ཡབ་ཡུམ་ཐོགས་ཏེ། དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བཅུ། །དགྲ་གདོན་མ་ལུས་འདུལ་བའི་ཕྱིར། །སྐུ་ཡི་ཁ་དོག་མཐིང་ནག་ལས། །ཁྲོ་བོ་ཁྲོ་མོ་དྲུག་ཅུ་སྤྲུལ། །རྣམ་རྒྱལ་མདོག་དཀར་རྡོ་རྗེ་ཐོ་བ་ཐོགས། །སྙེམས་མ་གཙོ་འཁྱུད་ཐོད་ཁྲག་ཡབ་ལ་སྟོབ། །མཐུ་རྩལ་ཡང་ཆེ་དྲི་ཟའི་གདོན་འདུལ་བའི། །ཁྲོ་བོ་ཁྲོ་མོའི་དབང་མཆོག་ཐོབ་པར་ཤོག །ༀ་བཛྲ་ཀྲོ་དྷ་ཀྲོ་དྷི་ཤྭ་རཱི་ཧཱུྃ། ཨ་བྷི༴ དབྱུག་སྔོན་ཐོགས་ལ། དབང་གི༴ ཕྱོགས་སོགས་འགྲེ། དབྱུག་པ་སྔོན་པོ་སྡིགས་མཛུབ་རིན་ཆེན་སྔོ། །སྡེར་མོ་གཙོ་འཁྱུད་དུང་དམར་ཡབ་ལ་སྟོབ། །མཐུ་རྩལ་ཆེ་བས་དྲང་སྲོང་གདོན་འདུལ་བའི། །ཁྲོ་བོ་ཁྲོ་མོའི་དབང་འདི་ཐོབ་པར་ཤོག །ༀ་བཛྲ༴ ཨ་བྷི༴ གཤེད་པོ་ཐོགས་ཏེ། གཤིན་རྗེ་གཤེད་པོ་མཐིང་ནག་དབྱུག་ཏོ་འཕྱར། །རྡོ་རྗེ་དུར་ཁྲོད་དུང་དམར་ཡབ་ལ་སྟོབ། །ང་རྒྱལ་མཐུ་ཆེན་གཤིན་རྗེའི་གདོན་འདུལ་བའི། །ཁྲོ་བོ་ཁྲོ་མོའི་དབང་༴ ༀ་བཛྲ་༴ ཨ་བྷི༴ མི་གཡོ་བ་ཐོགས་ཏེ། མི་གཡོ་མགོན་པོ་ཁུ་ཚུར་རལ་གྲི་ཐོགས། །རྡོ་རྗེ་གཏུན་ཁུང་དུང་དམར་གཙོ་ལ་སྟོབ། །རྫུ་འཕྲུལ་སྟོབས་ཆེན་སྲིན་པོའི་གདོན་རྣམས་འདུལ། །ཁྲོ་བོ་ཁྲོ་མོའི་དབང་༴ ༀ་བཛྲ༴ ཨ་བྷི༴ རྟ་མགྲིན་ཐོགས་ཏེ། རྟ་མགྲིན་མདོག་དམར་པདྨ་མདའ་གཞུ་བསྣམས། །རྡོ་རྗེ་གཏུམ་མོ་དུང་དམར་གཙོ་ལ་སྟོབ། །ཐུགས་རྗེ་མཐུ་རྩལ་གཏི་མུག་ཀླུ་འདུལ་བའི། །ཁྲོ་བོ་ཁྲོ་མོའི་དབང་༴ ༀ་བཛྲ༴ ཨ་བྷི༴ གཞན་གྱིས་མི་ཐུབ་པ་ཐོགས་ཏེ། གཞན་གྱིས་མི་ཐུབ་དགྲ་སྟྭ་གཏུན་ཤིང་སྔོ། །རྡོ་རྗེ་མདའ་སྙེམས་དུང་ཁྲག་གཙོ་ལ་སྟོབ། །མཐུ་དང་རྫུ་འཕྲུལ་ཀླུ་གདོན་འདུལ་མཛད་པའི། །ཁྲོ་བོ་ཁྲོ་མོའི་དབང་༴ ༀ་བཛྲ༴ ཨ་བྷི༴ བདུད་རྩི་འཁྱིལ་བ་ཐོགས་ཏེ། བདུད་རྩི་འཁྱིལ་བ་ལྗང་ནག་རྒྱ་གྲམ་འཕྱར། །རྡོ་རྗེ་རླུང་འབྱིན་དུང་དམར་གཙོ་ལ་སྟོབ། །དྲག་པོའི་མཐུ་ཡིས་གནོད་སྦྱིན་འདུལ་མཛད་པའི། །ཁྲོ་བོ་ཡབ་ཡུམ་དབང་༴ ༀ་བཛྲ༴ ཨ་བྷི༴ ཁམས་གསུམ་རྣམ་རྒྱལ་ཐོགས་ཏེ། ཁམས་གསུམ་རྣམ་རྒྱལ་རྡོ་རྗེ་ཐོ་བ་ནག །རྡོ་རྗེ་གསོད་བྱེད་དམར་གྱི་མཆོད་པ་འདྲེན། །དྲག་ཤུལ་མཐུ་ཡིས་འབྱུང་པོའི་གདོན་འདུལ་བའི། །ཁྲོ་བོ་ཡབ་ཡུམ་དབང་༴ ༀ་བཛྲ༴ ཨ་བྷི༴ སྟོབས་པོ་ཆེ་ཐོགས་ཏེ། སྟོབས་ཆེན་དུད་ཁ་འབུད་དུང་རྔ་ཡབ་ཐོགས། །རྡོ་རྗེ་བསྐྱོད་བྱེད་དུང་ཁྲག་ཡབ་ལ་སྟོབ། །མཐུ་སྟོབས་ལྡན་པས་ས་བདག་གདན་འདུལ་བའི། །ཁྲོ་བོ་ཡབ་ཡུམ་དབང་༴ ༀ་བཛྲ༴ ཨ་བྷི༴ ཧཱུཾ་མཛད་ཐོགས་ཏེ། ཧཱུཾ་མཛད་དམར་སྐྱ་རྡོ་རྗེ་མདའ་གཞུ་འགེངས། །རྡོ་རྗེ་སྒྲ་འབྱིན་དུང་དམར་ཞལ་དུ་སྟོབ། །ཉི་ཟླ་གཟའ་སྐར་ཡས་གདོན་འདུལ་མཛད་པའི། །ཁྲོ་བོ་ཡབ་ཡུམ༴ ༀ་བཛྲ༴ ཨ་བྷི༴ ཀཱི་ལ་ཡ་ཐོགས་ཏེ། དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །སྐུ་ཡི་འོད་ཟེར་མཐིང་ནག་ལས། །ཁྲོ་བོ་ཡབ་ཡུམ་དྲུག་ཅུས་བསྐོར། །དགྲ་བགེགས་མང་པོ་འདུལ་སླད་དུ། །རྡོ་རྗེ་ཕུར་པ་མཐིང་ནག་ཕུར་བུ་འདྲིལ། །ཁྲོ་མོ་རྒྱས་འདེབས་བྷནྡྷ་རཀྟས་བཀང་། །མཐུ་དབང་ཆེ་བས་དགྲ་དང་ལྷ་གདོན་འདུལ། །ཁྲོ་བོ་ཡབ་ཡུམ་དབང་༴ ༀ་བཛྲ༴ ཨ་བྷི༴ རྨེ་བརྩེགས་ཐོགས་ཏེ། ཁྲོ་བོ་རྨེ་བརྩེགས་མཐིང་ནག་རྡོ་རྗེ་ཐོགས། །ཁྲ་མོ་འདམ་འབྱིན་དུང་ཆེན་དམ་རྫས་བཀང་། །མི་གཙང་རྟོག་འཇོམས་བདུད་དང་རུ་ཏྲ་འདུལ། །ཁྲོ་བོ་ཡབ་ཡུམ་དབང་༴ བཛྲ་ཡཀྵ་ཐོགས་ཏེ། ཡཀྵ་ལྗང་ནག་ཕུར་པ་སྡིགས་མཛུབ་སྒྲེང་། །ཁྲོ་མོ་ཡག་མོ་དུང་ཆེན་སྙིང་ཁྲག་བཅས། །དམ་ཚིག་ཉམས་དང་དམ་སྲི་འདུལ་མཛད་པའི། །ཁྲོ་བོ་ཡབ་ཡུམ་དབང་༴ ༀ་བཛྲ༴ ཨ་བྷི། དམར་ནག་ཐོགས་ཏེ། ཁྲོ་བོ་དམར་ནག་རྡོ་རྗེ་ཐོ་བ་ཐོགས། །ཁྲོ་བོ་དབང་སྒྱུར་མགོ་བཅད་རཀྟས་བཀང་། །མཐུ་རྩལ་ཆེ་བས་མ་གདོན་འདུལ་མཛད་པའི། །ཁྲོ་བོ་ཡབ་ཡུམ་དབང་༴ ༀ་བཛྲ༴ ཨ་བྷི༴ ཟ་འོག་ཐོགས་ཏེ། ཁྲོ་བོ་ཟ་འོག་ཐོད་སྦྲུལ་སྣ་ཚོགས་མདོག །ཁྲོ་མོ་ཟ་མོ་རྡོ་རྗེ་ཐོད་ཁྲག་སྟོབ། །རྫུ་འཕྲུལ་མཐུ་ཡིས་རྨུ་གདོན་འདུལ་མཛད་པའི། །ཁྲོ་བོ་ཡབ་ཡུམ་དབང་༴ ༀ་བཛྲ༴ ཨ་བྷི༴ རབ་གྲུབ་ཐོགས་ཏེ། ཁྲོ་བོ་རབ་གྲུབ་སྔོ་ནག་རལ་གྲི་འཕྱར། །ཁྲོ་མོ་རབ་འཇིགས་ཐོད་ཁྲག་ཞལ་དུ་སྟོབ། །མཐུ་རྩལ་ཆེ་བས་ཡ་བདུད་འདུལ་མཛད་པ། །ཁྲོ་བོ་ཡབ་ཡུམ་དབང་༴ ༀ་བཛྲ༴ ཨ་བྷི༴ མ་ཧཱ་ཀཱ་ལ་ཐོགས་ཏེ། ཁྲོ་ཆེན་མ་ཧཱ་ཀཱ་ལ་དམར་ནག་ཞགས། །ཁྲོ་མོ་རལ་པ་སྒྲེང་མ་ཐོད་ཁྲག་སྟོབ། །མཐུ་རྩལ་ཆེ་བས་མ་བདུད་འདུལ་མཛད་པ། །ཁྲོ་བོ་ཡབ་ཡུམ་དབང་༴ ༀ་བཛྲ༴ ཨ་བྷི༴ ཐལ་སྦྱོར་ཐོགས་ཏེ༴ མི་འཆི་ཐལ་སྦྱོར་སྔོ་ནག་ཐལ་མོ་སྡེབ། །ཁྲོ་མོ་འཇོམས་ཆེན་དུང་ཁྲག་ཞལ་དུ་སྟོབ། །མཐུ་རྩལ་ཆེ་བས་སྲོག་ཆགས་འདུལ་མཛད་པ། །ཁྲོ་བོ་ཡབ་ཡུམ་དབང་༴ ༀ་བཛྲ༴ ཨ་བྷི༴ གུ་ལང་ཐོགས་ཏེ། ཁྲོ་ཆེན་གུ་ལང་སྨུག་ནག་གཏུན་ཤིང་སྡེབ། །ཁྲོ་མོ་ལས་ཀུན་བྷནྡྷ་དམར་གྱིས་བཀང་། །མཐུ་རྩལ་ཆེ་བས་ཁམས་གསུམ་བསད་གསོ་མཛད། །ཁྲོ་བོ་ཡབ་ཡུམ་དབང་༴ ༀ་བཛྲ༴ ཨ་བྷི༴ རབ་རྔམ་ཐོགས་ཏེ། རབ་རྔམ་ལྗང་ནག་རྡོ་རྗེ་དཀྲུག་ཅིང་གསོལ། །གཏུམ་ཆེན་ཐོད་ཁྲག་ཙིཏྟ་གཙོ་ལ་སྟོབ། །མཐུ་རྩལ་ཆེ་བས་བརྗེད་བྱེད་གདོན་རྣམས་འདུལ། །ཁྲོ་བོ་ཡབ་ཡུམ་དབང་༴ ༀ་བཛྲ༴ ཨ་བྷི༴ གསུམ་སྣང་ཐོགས་ཏེ། འཇིག་རྟེན་གསུམ་སྣང་བེ་ཅོན་སྡིགས་མཛུབ་ཐོགས། །ཁྲོ་མོ་མི་ཕམ་དེ་བཞིན་དུང་ཆེན་སྟོབ། །མཐུ་རྩལ་ཆེ་བས་སྒོ་སྲུང་ཤར་གདོན་འདུལ། །ཁྲོ་བོ་ཡབ་ཡུམ་དབང་༴ ༀ་བཛྲ༴ ཨ་བྷི༴ གསུམ་འདུལ་ཐོགས་ཏེ། འཇིག་རྟེན་གསུམ་འདུལ་དམར་ནག་ཐོ་བ་འཕྱར། །ཁྲོ་མོ་ལྕགས་ཀྱུ་དེ་བཞིན་ལྕགས་ཀྱུ་དང་། །ཤར་སྒོ་སྲུང་ཞིང་ཤར་གདོན་འདུལ་བའི་བདག །ཁྲོ་བོ་ཡབ་ཡུམ་དབང་༴ ༀ་བཛྲ༴ ཨ་བྷི༴ གསུམ་འཇིགས་ཐོགས་ཏེ། འཇིག་རྟེན་གསུམ་འཇིགས་དམར་ནག་ཐོ་བ་འཕྱར། །ཁྲོ་གཉེར་ཐོད་ཁྲག་དེ་བཞིན་ཞལ་དུ་སྟོབ། །མཐུ་རྩལ་ཆེ་བས་སྒོ་སྲུང་ལྷོ་གདོན་འདུལ། །ཁྲོ་བོ་ཡབ་ཡུམ་དབང་༴ ༀ་བཛྲ༴ ཨ་བྷི༴ གསུམ་འཆིང་ཐོགས་ཏེ། འཇིག་རྟེན་གསུམ་འཆིང་སྔོ་ནག་དབྱུག་ཏོ་འཕྱར། །ཁྲོ་མོ་ཞགས་པ་དུང་དམར་ཞགས་པ་ཐོགས། །ལྷོ་སྒོ་སྲུང་ཞིང་ལྷོ་གདོན་འདུལ་བའི་བདག །ཁྲོ་བོ་ཡབ་ཡུམ་དབང་༴ ༀ་བཛྲ༴ ཨ་བྷི༴ པད་རྒྱལ་ཐོགས་ཏེ། པད་རྒྱལ་དམར་ནག་དེ་བཞིན་རལ་གྲི་འཕྱར། །རོ་ལངས་དེ་བཞིན་ཐོད་ཁྲག་ཞལ་དུ་སྟོབ། །མཐུ་རྩལ་ཆེ་བས་སྒོ་སྲུང་ནུབ་གདོན་འདུལ། །ཡབ་ཡུམ་འདི་གཉིས་དབང་ཡང་ཐོབ་པར་ཤོག །ༀ་བཛྲ༴ ཨ་བྷི༴ བེ་ཅོན་ཐོགས་ཏེ། བེ་ཅོན་སྔོན་པོ་རིན་ཆེན་བེ་ཅོན་འཕྱར། །ཁྲོ་མོ་ལྕགས་སྒྲོག་དེ་བཞིན་དུང་ཆེན་འབུད། །ནུབ་ཕྱོགས་སྒོ་སྲུང་ནུབ་གདོན་འདུལ་བའི་བདག །ཁྲོ་བོ་ཡབ་ཡུམ་དབང་༴ ༀ་བཛྲ༴ ཨ་བྷི༴ ཀ་ཏི་ཐོགས་ཏེ། ཀ་ཏི་བཛྲ་དམར་ནག་གྲི་སྡིགས་མཛུབ། །རལ་གཅིག་དུང་ཁྲག་གཙོ་བོའི་ཞལ་དུ་སྟོབ། །མཐུ་རྩལ་ཆེ་བས་སྒོ་སྲུང་བྱང་གདོན་འདུལ། །ཁྲོ་བོ་ཡབ་ཡུམ་དབང་༴ ༀ་བཛྲ༴ ཨ་བྷི༴ རྡོ་རྗེ་གོ་ཆ་ཐོགས་ལ། རྡོ་རྗེ་གོ་ཆ་མཐིང་ནག་གོ་ཆ་བསྣམས། །ཁྲོ་མོ་དྲིལ་འཁྲོར་ཐོད་ཁྲག་previous hit དྲིལབུ next hit་བསྣམས། །བྱང་ཕྱོགས་སྒོ་སྲུང་བྱང་གདོན་འདུལ་བའི་བདག །ཁྲོ་བོ་ཡབ་ཡུམ་དབང་༴ ༀ་བཛྲ༴ ཨ་བྷི༴ རྔམ་ཆེན་ཐོགས་ཏེ། ཁྲོ་བོ་རྔམ་ཆེན་སྨུག་ནག་བེ་ཅོན་མཛུབ། །ཁྲོ་མོ་དབང་སྡུད་ཐོད་ཁྲག་ཞལ་དུ་སྟོབ། །མཐུ་རྩལ་ཆེ་བས་བདུད་དང་སྲིན་པོ་འདུལ། །ཁྲོ་བོ་ཡབ་ཡུམ་དབང་༴ ༀ་བཛྲ༴ ཨ་བྷི༴ ཐོ་བ་ཐོགས་ཏེ། རྡོ་རྗེ་ཐོ་བ་དུད་ཁ་ཐོ་བ་བསྣམས། །ཁྲོ་མོ་ཟ་བྱེད་དུང་ཁྲག་ཡབ་ལ་སྟོབ། །མཐུ་རྩལ་ཆེ་བས་མ་མོ་གཤིན་རྗེ་འདུལ། །ཁྲོ་བོ་ཡབ་ཡུམ་དབང་༴ ༀ་བཛྲ༴ ཨ་བྷི༴ མཐོང་བྱེད་མ་ཐོགས་ཏེ། དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །སྐུ་ཡི་འོད་ཟེར་རྣམ་འཕྲུལ་ལས། །སུམ་བརྒྱ་དྲུག་ཅུའི་གདོན་བསྒྲལ་ཕྱིར། །ཕོ་ཉ་སུམ་བརྒྱ་དྲུག་ཅུར་སྤྲུལ། །དྲི་ཟའི་དགྲ་གདོན་འདུལ་བའི་ཕྱིར། །འཇིགས་བྱེད་ཕོ་ཉར་སྐུ་སྤྲུལ་པ། །ཤར་ཕྱོགས་འོད་ཟེར་དཀར་པོ་ལས། །དུང་གི་མི་མོ་དྲུག་ཅུ་སྤྲུལ། །རྡོ་རྗེ་འབར་བའི་ཕོ་ཉ་མོ། །དཀར་མོ་མཐོང་བྱེད་ལྕགས་ཀྱུ་མ། །ཡིད་ཀྱིས་ཕྱིན་ཅིང་བསམ་པས་འགྲུབ། །དབང་འདི་བུ་ལ་བསྐུར་བར་བྱ། །ༀ་བྷ་ན་བྷ་ན་ཨངྐུ་ཤ་ཛཿ ཨ་བྷི༴ སྡེར་མོ་ཐོགས་ཏེ། རྡོ་རྗེ་སྡེར་མོ་ཕོ་ཉ་མོ། །འཛིན་བྱེད་དཀར་མོ་ཞགས་པ་འདེབས། །གར་ཡང་ཐོགས་མེད་གློག་འགྱུ་བས། །དབང་འདི་བུ་ལ་བསྐུར༴ ༀ་བྷ་ན༴ ཨ་བྷི༴ ཀཱི་ལ་ཡ་ཐོགས་ཏེ། ཕོ་ཉ་རྡོ་རྗེ་ཀཱི་ལ་ཡ། །དཀར་མོ་ཐོགས་མེད་དམིགས་གསལ་མ། །འཛིན་བྱེད་སྙིང་གི་ཞགས་འཕེན་དབང་། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ འབིགས་མ་ཐོགས་ཏེ། ཕོ་ཉ་རྡོ་རྗེ་འབིགས་པ་མོ། །དཀར་མོ་ཤེལ་གྱི་མདའ་འཕེལ་མ། །གང་ལ་དམིགས་པ་གྲུབ་བྱེད་པ། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ རོ་ལངས་མ་ཐོགས་ཏེ། ཕོ་ཉ་རྡོ་རྗེ་རོ་ལངས་མ། །དཀར་མོ་ལག་ན་གྲི་ཐོགས་མ། །མགྱོགས་བྱེད་དུར་ཁྲོད་མཁའ་འགྲོ་མའི། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ དྲག་མོ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་དྲག་མོ་མ། །དཀར་མོ་ལག་ན་མདུང་ཐོགས་མ། །གང་ལ་བསྔགས་པ་གྲུབ་བྱེད་མའི། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ མགྱོགས་བྱེད་ཐོགས་ཏེ། རྡོ་རྗེ་ཕོ་ཉ་མགྱོགས་པ་མོ། །དཀར་མོ་མིང་སྲིང་གཡབ་མོས་འདེབས། །ཏིང་འཛིན་ཡིད་ཀྱི་ཕོ་ཉ་ཡི། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ གཏུམ་མོ་ཐོགས་ཏེ༴ ཕོ་ཉ་རྡོ་རྗེ་གཏུམ་མོ་ནི། །དཀར་མོ་སྙིང་འབྱིན་ཆོ་ངེས་འདེབས། །སྒྲོལ་བྱེད་ཕོ་ཉ་ཙིཏྟ་ཡི། །དབང་འདི་དབུ་ལ༴ ༀ་བྷ་ན༴ ཨ་བྷི༴ འབེབས་མ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་འབེབས་མ་ནི། །དཀར་མོ་གར་བྱེད་གླུ་ལེན་མཁན། །ལས་ལ་འབྲིད་པ་ཕོ་ཉ་ཡི། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ གསལ་མ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་གསལ་མ་ནི། །དཀར་མོ་དུང་ཕྲེང་ཀླད་ལ་བསྐོར། །ས་མ་ཡ་ཡི་ཁུས་འདེབས་མའི། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ བསྟོད་མ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་བསྟོད་མ་ནི། །དཀར་སྐྱ་དར་དཀར་གཡབ་འདོར་མ། །རྒྱལ་བས་ཡོན་ཏན་ཆེར་སྟོན་མ། །རྡོ་རྗེ་ཕོ་ཉ་ཆེན་མོ་ཡི། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ འགུགས་མ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་འགུགས་པ་མོ། །དཀར་མོ་བདུད་ཀྱི་སྙིང་འགུགས་མ། །གྲུབ་པར་མི་འགྱུར་གང་ཡང་མེད། །རྡོ་རྗེ་ཕོ་ཉ་སྐུ་དང་བཅས། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ ཐོགས་མེད་ཐོགས་ཏེ། རྡོ་རྗེ་ཕོ་ཉ་ཐོགས་པ་མེད། །དཀར་དམར་ལག་ན་ཟངས་གྲི་འཆང་། །དཔའ་བོ་ཆེན་པོ་ཐོགས་པ་མེད། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ བསྐྱོད་མ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་བསྐྱོད་མ་ནི། །དཀར་དམར་རླུང་གི་ཞགས་ཐོགས་མ། །རྣལ་འབྱོར་ཕྲིན་ལས་བསྐྱོད་བྱེད་མའི། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ འཆང་བདག་མོ་ཐོགས་ཏེ། ཕོ་ཉ་རྡོ་རྗེ་འཆང་བདག་མོ། །དཀར་དམར་འཛིན་བྱེད་ཞགས་པ་མ། །རླུང་ཡང་འཆོར་བ་མེད་པར་འདེབས། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ ཕྲ་མེན་མ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་ཕྲ་མེན་མ། །དཀར་དམར་མེ་ཡི་སྒྲོན་མ་ཁྱེར། །དོན་དང་རྟགས་སུ་བཅས་ཏེ་འཛིན། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ མྱུར་བྱེད་མ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་མྱུར་བྱེད་མ། །དཀར་དམར་གློག་གི་ཞགས་ཐོགས་མ། །གང་བཟུང་ཡིད་ཀྱིས་འདེབས་པར་བྱེད། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ བསྐུལ་བྱེད་མ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་བསྐུལ་བྱེད་མ། །དཀར་དམར་སྐར་མདའི་འོད་འཕེན་མ། །ཐུགས་དམ་བསྐུལ་ཞིང་ཕྲིན་ལས་བྱེད། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ གསལ་བཀྲ་མོ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་གསལ་བཀྲ་མོ། །དཀར་མོ་རྡོ་རྗེ་ཞགས་འཕེན་མ། །སུས་ཀྱང་མོ་བཟློག་ཐུབ་པར་དཀའ། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ ཡང་དག་མོ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་ཡང་དག་མོ། །དཀར་དང་དམར་གྱི་ལན་ཕྲན་འདེབས། །ཁམས་གསུམ་ས་དགུ་ཡུད་ཀྱིས་ཁྱབ། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ ཆེན་མོ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་ཆེན་མོ་ནི། །དཀར་སེར་རྡོ་རྗེ་རྩེ་གཅིག་འཕེན། །ཐུགས་དམ་དབང་གི་རྟགས་སྟོན་མ། །རྡོ་རྗེ་ཐུགས་ཀྱི་ཕོ་ཉ་མོའི། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ གནོན་མཛད་མ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་གནོན་མཛད་མ། །དཀར་སེར་རྡོ་རྗེ་བྲག་འཕེན་མ། །རི་རབ་རྩེ་ཡང་གནོན་བྱེད་མའི། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ གནོན་མཛད་མ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་གནོན་མཛད་མ། །དཀར་སེར་རྡོ་རྗེ་བྲག་འཕེན་མ། །རི་རབ་རྩེ་ཡང་གནོན་བྱེད་མའི། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ དབང་ཕྱུག་མ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་དབང་ཕྱུག་མ། །དམར་སེར་ཏྲི་ཤཱུལ་གཟེ་མོ་འཛིན། །དུག་གསུམ་ནད་རྣམས་འཇོམས་བྱེད་མའི། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ སྲེད་མོ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་སྲེད་མོ་ནི། །དཀར་སེར་ལྕགས་ཀྱུ་དམར་པོ་ཐོགས། །བསྡབས་པ་ཙམ་གྱིས་གང་ཡང་ཁུག །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ ཁ་འབར་མ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་ཁ་འབར་མ། །དམར་སེར་སྤྲིན་གྱི་གོ་ཟུ་ཅན། །ཁ་ནས་མེ་འབར་རྒྱ་མཚོ་སྐེམ། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ གསལ་བྱེད་མ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་གསལ་བྱེད་མ། །དཀར་སེར་དུང་གི་འཁོར་ལོ་འཕེན། །གང་ལ་བྱ་བ་ས་ལེར་གསལ། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ ཁྲོ་མོ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་ཁྲོ་མོ་ནི། །དཀར་སེར་ཁྲོ་མོའི་གཟུགས་འཆང་བས། །དེ་བཞིན་ལག་ན་གཡང་བཞི་བསྡེབ། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ འཆང་མ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་འཆང་བ་ནི། །དཀར་སེར་རྡོ་རྗེ་ཕུར་བུ་འཆང་། །གང་ལ་བྱ་བའི་སྙིང་ལ་འདེབས། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ གཏུམ་མ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་གཏུམ་པ་མོ། །དམར་སེར་རྡོ་རྗེ་ཐོ་བ་ཐོགས། །གང་ལ་དམིགས་པ་ཡུད་ཀྱིས་འཇོམས། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ ཁྲོས་མ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་ཁྲོས་མ་ནི། །དམར་སེར་རྡོ་རྗེ་བེ་ཅོན་འཕྱར། །ཁྲོ་ཞིང་གདོད་པ་དཔའ་བརྟུལ་ཆེའི། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ ལས་བྱེད་མ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་ལས་བྱེད་མ། །དམར་སེར་གཅོད་པའི་རལ་གྲི་འཛིན། །སེམས་ཅན་སྐྱེ་ཤི་རྩད་གཅོད་མའི། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ དུས་མཚན་མ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་དུས་མཚན་མ། །དམར་སེར་ལག་ན་ཤཀྟི་ཐོགས། །མ་ལུས་འཇོམས་པའི་ལས་མཛད་མའི། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ ཐར་པ་མོ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་ཐར་པ་མོ། །དམར་སེར་ལག་ན་གཏུན་ཤིང་ཐོགས། །རྡུལ་དུ་རློག་པའི་ལས་མཛད་མའི། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ རྐུལ་མ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་རྐུལ་མ། །དམར་སེར་ལག་ན་ལྕགས་ཀྱུ་འདེབས། །མ་ལུས་འཛིན་པའི་གིང་ཆེན་མའི། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ དཔལ་འབར་མ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་དཔལ་འབར་མ། །དམར་སེར་རས་ཀྱི་ཞགས་པ་འདེབས། །དཔལ་ཆེན་སྐུ་ལ་སྦྱོར་མཛད་མའི། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ བསྐྱོད་ཆེན་མ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་བསྐྱོད་ཆེན་མ། །དམར་སེར་རླུང་གི་རྐྱལ་བ་ཐོགས། །བསྐལ་པའི་མེ་ཆེན་གཏོང་བ་ཡི། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ ལུས་ཁྲོས་མ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་ལུས་ཁྲོས་མ། །དཀར་སེར་ལྕགས་ཀྱི་ཚྭ་ཚྭ་འཕྲོ། །བ་སྤུ་སྲ་མཁྲེགས་རྡོ་རྗེའི་སྐུ། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ ངག་འཕྲོག་མ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་ངག་འཕྲོག་མ། །དམར་སེར་ལྐུགས་བྱེད་ལྕགས་ཀྱུ་ཅན། །སྨྲ་བ་ངག་གི་ལྕེ་འཕྲོག་མའི། །དབང་འདི་པུ་ལ༴ ༀ་བྷ་ན༴ ཨ་བྷི༴ ཡིད་གཏུམ་མ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་ཡིད་གཏུམ་མ། །དཀར་སེར་སེན་མོས་སྙིང་འབྱིན་མ། །ཐུགས་རྗེས་བདུད་སྲིན་མྱོས་ཤིང་རླམ། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི་༴ སྡེ་ཆེན་མོ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་སྡེ་ཆེན་མོ། །དམར་སེར་རལ་བའི་གཡབ་མོས་འདེབས། །ཐུགས་རྗེས་བསྒྲལ་བའི་ཞིང་བཅུ་སྒྲོལ། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ གསོད་བྱེད་མ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་གསོད་བྱེད་མ། །དཀར་སྔོ་དུང་གི་ཞགས་པ་ཅན། །ཐུགས་རྗེས་ཞིང་བཅུ་སྒྲོལ་ལ་བརྩོན། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ རླང་པ་མོ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་རླངས་པ་མོ། །དཀར་སྔོ་རླུང་གི་ཞགས་པ་བསྣམས། །ཐུགས་རྗེས་བདུད་དང་སྲིན་པོ་སྒྲོལ། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ གསོད་མ་ཐོགས་ཏེ། རྡོ་རྗེ་ཕོ་ན་གསོད་པ་མོ། །དཀར་སྔོ་ཤེལ་གྱི་གྲི་ཐོགས་མ། །གསོད་པའི་ལས་ལ་འབའ་ཞིག་དགྱེས། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ ཟ་བ་མོ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་ཟ་བ་མོ། །དཀར་སྔོན་མཱཾ་ས་ཟས་སུ་ཟ། །གཏི་མུག་གཏན་ནས་ཟད་མཛད་མའི། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ ཁྲག་འཐུང་མ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་ཁྲག་འཐུང་མ། །དཀར་སྔོ་བྷནྡྷའི་ཐོད་ཁྲག་འཐུང་། །འདོད་ཆགས་གཏན་ནས་ཟད་མཛད་མའི། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ འཆའ་བ་མོ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་འཆའ་བ་མོ། །དཀར་སྔོ་ཀེང་རུས་ཁྲལ་ཁྲོལ་འཆའ། །ཞེ་སྡང་གཏན་ནས་ཟད་མཛད་མའི། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ ཚེ་ལེན་མ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་ཚེ་ལེན་མ། །དཀར་སྔོ་དར་གྱིས་གཡབ་འདོར་བས། །སྡང་བ་དགྲ་ཡི་ཚེ་འཕྲོག་མ། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ མདངས་ལེན་མ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་མདངས་ཐོགས་ཏེ། རྡོ་རྗེ་ཕོ་ཉ་མདངས་ལེན་མ། །དཀར་མོ་དུང་གི་པར་བུ་བསྣམས། །གང་ལ་དམིགས་པའི་མདངས་འཕྲོག་མའི། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ སྲོག་འཕྲོག་མ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་སྲོག་འཕྲོག་མ། །དཀར་མོ་ལག་གཡས་ཙིཏྟ་འབྱིན། །སྐད་ཅིག་ཡུད་ལ་ཉམས་པ་ལེན། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ སྙིང་འབྱིན་མ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་སྙིང་འབྱིན་མ། །དཀར་སྔོ་སྙིང་གི་ཕྲེང་བ་བགྲང་། །རྣམ་ཤེས་ཕུང་པོ་གཏན་སྟོབ་མའི། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ གཅོད་བྱེད་མ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་གཅོད་བྱེད་མ། །དཀར་ལྗང་ཤེལ་གྱི་དགྲ་སྟྭ་འཕྱར། །རྒྱུད་དྲུག་འཁོར་བ་བརྩད་ནས་བཅད། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ བསྐུལ་བྱེད་མ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་བསྐུལ་བྱེད་མ། །དཀར་མོ་ཕྱག་ན་ལྕགས་ཀྱུ་ཅན། །ཞིང་བཅུ་བསྒྲལ་ནས་ཐུགས་དམ་བསྐུལ། །དབང་འདི་པུ་ལ༴ ༀ་བྷ་ན༴ ཨ་བྷི༴ སྣ་ཚོགས་གཟུགས་ཐོགས་ཏེ། རྡོ་རྗེ་ཕོ་ཉ་སྣ་ཚོགས་གཟུགས། །བསེ་ཡི་ལྡན་དཀར་ཟབ་སློག་གསོལ། །མ་ལུས་སྒྲོལ་བའི་བྱ་ར་མའི། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ སྨྱོན་མ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་སྨྱོན་མ་ནི། །དཀར་ལྗང་ཤེལ་གྱི་རྡོ་རྗེ་འཕེན། །གཞན་གྱིས་མི་ཐུབ་དྲག་ཤུལ་ཆེ། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ འཇུག་བྱེད་མ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་འཇུག་བྱེད་མ། །དཀར་ལྗང་ཕྱག་ན་ཁྲ་ཐོགས་མ། །གསོད་ཅིང་འཇོམས་པའི་རྫུ་འཕྲུལ་ཅན། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ ཡིད་འཕྲོག་མ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་ཡིད་འཕྲོག་མ། །དཀར་ལྗང་ཚོན་གྱི་གྲུ་གུ་ཐགས། །སྣ་ཚོགས་འོད་ཀྱིས་བྱེད་དུ་འཇུག །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ རོ་རྐུན་མ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་རོ་རྐུན་མ། །དཀར་ལྗང་ཞིང་གི་རོ་ཁུར་མ། །དུར་ཁྲོད་བགེགས་ཀྱི་ཚོགས་འཇོམས་མའི། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ རྫུ་བྱེད་མ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་རྫུ་བྱེད་མ། །དཀར་ལྗང་རླུང་གི་ཞགས་པ་འདེབས། །ཅིར་ཡང་སྤྲུལ་པའི་སྐུ་གཅིག་མ། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ འཇིགས་བྱེད་མ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་འཇིགས་བྱེད་མ། །དཀར་ལྗང་དུང་གི་མཆེ་བ་འབྱིན། །འཇིགས་ཤིང་སྐྲག་པའི་རྫུ་འཕྲུལ་ཅན། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ བཅུད་ལེན་མ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་བཅུད་ལེན་མ། །དཀར་ལྗང་གཡུ་ཡི་ཟ་མ་ཏོག །ཁམས་གསུམ་ཚེ་སྡུད་ཕོ་ཉ་མ། །དབང་འདི་བུ་ལ༴ ༀ་བྷ་ན༴ ཨ་བྷི༴ དབྱིངས་ཕྱུག་མ་ཐོགས་ཏེ། དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །སྐུ་ཡི་འོད་ཟེར་རྣམ་འཕྲུལ་ལས། །སུམ་བརྒྱ་དྲུག་ཅུའི་གདོན་བསྒྲལ་ཕྱིར། །ཕོ་ཉ་སུམ་བརྒྱ་དྲུག་ཅུར་སྤྲུལ། །དགྲ་དང་གཤིན་རྗེའི་གདོན་འདུལ་ཕྱིར། །འཇིགས་བྱེད་ཕོ་ཉར་སྐུ་སྤྲུལ་པ། །ལྷོ་ཕྱོགས་འོད་ཟེར་སེར་པོ་ལས། །གསེར་གྱི་མི་མོ་དྲུག་ཅུ་བྱུང་། །ཡོན་ཏན་ཕོ་ཉ་དབྱིངས་ཕྱུག་མ། །སེར་ནག་མེ་ཡི་ཞགས་པ་ཐོགས། །ཅི་བགྱི་ཞེས་ཀྱང་ཐོགས་པ་མེད། །དབང་འདི་བུ་ལ་བསྐུར་བར་བྱ། །ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། མཁའ་འགྲོ་མ་ཐོགས་ཏེ། ཡོན་ཏན་ཕོ་ཉ་མཁའ་འགྲོ་མ། །སེར་ནག་སྡིགས་མཛུབ་གྱད་དོར་ཅན། །ལྷག་མ་ལེན་ཅིང་སྒྲུབ་ལ་འགོ། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ མཐུ་འབེབས་མ་ཐོགས་ཏེ། ཡོན་ཏན་ཕོ་ཉ་མཐུ་འབེབས་མ། །དམར་སེར་པ་དན་གཡབ་འདོར་མ། །སྒྲུབ་པ་པོ་ལ་མཐུ་བྱིན་འབེབས། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ སྲ་བ་མོ་ཐོགས་ཏེ། ཡོན་ཏན་ཕོ་ཉ་སྲ་བ་མོ། །སེར་ནག་རྡོ་རྗེ་གོ་གྱོན་པས། །ཅིས་ཀྱང་མི་ཚུགས་རྡོ་རྗེའི་སྐུ། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ མཆོངས་མོ་ཆེ་ཐོགས་ཏེ། ཡོན་ཏན་ཕོ་ཉ་མཆོངས་མོ་ཆེ། །སེར་ནག་མཆོངས་སྟབས་བྱན་ལག་ཐོགས། །རི་ཀླུངས་ཀུན་སླེབ་མཆོངས་བྱེད་མའི། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ ཁྲོ་གཏུམ་ཅན་ཐོགས་ཏེ། ཡོན་ཏན་ཕོ་ཉ་ཁྲོ་གཏུམ་ཅན། །སེར་ནག་སྡང་མིག་སྟག་ལ་ཞོན། །དགྲ་བགེགས་མ་ལུས་འཇོམས་བྱེད་མའི། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ བརྩོན་བྱེད་མ་ཐོགས་ཏེ། ཡོན་ཏན་ཕོ་ཉ་བརྩོན་བྱེད་མ། སེར་ནག་རླུང་གི་ཞགས་པ་འཕེན། །གྱེན་ཐུར་མེད་པར་རྒྱུག་ཅིང་འཛིན། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ འཇིགས་གདོང་མ་ཐོགས་ཏེ། ཡོན་ཏན་ཕོ་ཉ་འཇིགས་གདོང་མ། །ཁ་བགྲད་མཆེ་གཙིགས་ལག་གཉིས་གདེངས། །སྟོབས་ཆེན་མཐུ་ཡང་འཇོམས་བྱེད་མའི། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ ཤ་ཟ་མོ་ཐོགས་ཏེ། ཡོན་ཏན་ཕོ་ཉ་ཤ་ཟ་མོ། །མི་ཁོག་དབྱུག་པ་ཀླད་ལ་བསྐོར། །མཱཾ་ས་ཟ་ཞིང་བདུད་ཁྱིམ་འཇོམས། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ ཁྲག་འཐོར་མ་ཐོགས་ཏེ། ཡོན་ཏན་ཕོ་ཉ་ཁྲག་འཐོར་མ། །མི་མགོའི་ཕོར་པ་རློན་པ་རུ། །མི་སྙིང་ཁྲག་ཞག་བླུག་ཅིང་འཐོར། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ སོ་གཅིག་ཐོགས་ཏེ། ཡོན་ཏན་ཕོ་ཉ་སོ་གཅིག་མ། །སེར་མོ་ཁ་མིག་སོ་གཅིག་མ། །རྡོ་རྗེ་རྩེ་གཅིག་མདའ་འཕེན་མའི། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ རལ་གསིག་མ་ཐོགས་ཏེ། ཡོན་ཏན་ཕོ་ཉ་རལ་གསིག་མ། །སེར་མོ་རལ་པའི་གོ་ཟུ་ཅན། །གཡོན་སྡིགས་གཡས་པ་ལྕགས་ཀྱུ་འདེབས། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ འཁྲིལ་བྱེད་མ་ཐོགས་ཏེ། ཡོན་ཏན་ཕོ་ཉ་འཁྲིལ་བྱེད་མ། །སེར་མོ་སྔོ་དམར་ཞགས་པ་འཕེན། །རྫུ་ནི་གཉེན་དང་གྲུང་པོར་བརྫུ། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ འཛུལ་བྱེད་མ་ཐོགས་ཏེ། ཡོན་ཏན་ཕོ་ཉ་འཛུལ་བྱེད་མ། །སེར་མོ་གསེར་གྱི་ཟངས་གྲི་ཐོགས། །རྫུ་ནི་སྦྲུལ་དང་སྲེ་མོར་བརྫུ། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ མྱུར་བྱེད་མ་ཐོགས་ཏེ། ཡོན་ཏན་ཕོ་ཉ་མྱུར་བྱེད་མ། །སེར་མོ་ཚོན་གྱི་གྲུ་གུ་ཐོགས། །རྫུ་ནི་འུག་པ་སྲིན་བྱར་བརྫུ། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ མཐུ་ཆེན་མ་ཐོགས་ཏེ། ཡོན་ཏན་ཕོ་ཉ་མཐུ་ཆེན་མོ། །སེར་མོ་ཐོག་གི་ཆར་འབེབས་མ། །གནམ་ས་རི་ཀླུང་ཀུན་ཏུ་ཁྱབ། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ ནག་མོ་ཐོགས་ཏེ། ཡོན་ཏན་ཕོ་ཉ་ནག་མོ་ནི། །ནག་མོ་རལ་པའི་ཞགས་པ་འཕེན། །ཁམས་གསུམ་བྷྱོ་དང་ཁུས་འདེབས་མ། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ རྟོག་འཇོམས་མ་ཐོགས་ཏེ། ཡོན་ཏན་ཕོ་ཉ་རྟོག་འཇོམས་མ། །སེར་མོ་བྷནྡྷ་རློན་པ་རུ། །དམ་རྫས་རྣམ་ལྔ་ཟ་ཞིང་སྤྱོད། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ རྟོག་མེད་མ་ཐོགས་ཏེ། ཡོན་ཏན་ཕོ་ཉ་རྟོག་མེད་མ། །སེར་མོ་དུང་གི་གཞོང་ཐོགས་མ། །གང་ལ་བཅོལ་ཡང་ཚིག་ཅིང་ཁྲོ། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ ཡངས་མ་ཐོགས་ཏེ། ཡོན་ཏན་ཕོ་ཉ་ཡངས་པ་མ། །སེར་མོ་སྤྲིན་གྱིས་ག་ཤ་ཅན། །གློག་གི་ཕྲེང་བ་ཀླད་ལ་བསྐོར། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ སྣ་ཚོགས་ལུས་ཐོགས་ཏེ། ཡོན་ཏན་ཕོ་ཉ་སྣ་ཚོགས་ལུས། །དམར་སྐྱ་ཟ་འོག་སྟོད་གཡོགས་ཅན། །རྔ་མོ་གྭ་པར་རྫུ་བྱེད་པ། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ སྡང་མིག་མ་ཐོགས་ཏེ། ཡོན་ཏན་ཕོ་ཉ་སྡང་མིག་གམ། །དམར་སྐྱ་ལྕགས་ཀྱི་ཁྲ་ཐོགས་མ། །དགྲ་དང་བགེགས་ལ་གླག་ལྟར་འཇུམས། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ དུར་ཁྲོད་མ་ཐོགས་ཏེ། ཡོན་ཏན་ཕོ་ཉ་དུར་ཁྲོད་མ། །དམར་སྐྱ་ཞིང་གི་གཡང་གཞི་བསྡེབ། །མཁས་པས་དགྲ་བགེགས་སྒྲོལ་བྱེད་མ། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ མིག་འགྲོ་མ་ཐོགས་ཏེ། ཡོན་ཏན་ཕོ་ཉ་མིག་འགྲོ་མ། །ཁྱུང་ལ་ཞོན་ཅིང་གློག་ཞགས་འདེབས། །གང་ལ་དམིགས་པ་ཡུད་ཀྱིས་འགྲུབ། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ བདེ་འགྲོ་མ་ཐོགས་ཏེ། ཡོན་ཏན་ཕོ་ཉ་བདེ་འགྲོ་མ། །འཕྱོང་གི་བྱ་གླག་དམར་མོ་ཞོན། །སེར་མོ་གཡུ་ཡི་ཟོར་བ་འདེབས། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ རྒྱས་བྱེད་མ་ཐོགས་ཏེ། ཡོན་ཏན་ཕོ་ཉ་རྒྱས་བྱེད་མ། །སེར་སྐྱ་ཉི་ཟླའི་འཁོར་ལོ་འཕེན། །ཚེ་དང་ཕུང་པོར་བཅས་པ་འཇོམས། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ འཛུམ་བྱེད་མ་ཐོགས་ཏེ། ཡོན་ཏན་ཕོ་ཉ་འཛུམ་བྱེད་མ། །སེར་སྐྱ་ཚོན་གྱི་གྲུ་གུ་བརྡོག །རྫུ་ནི་བུ་ཆུང་སྤྲེའུར་བརྫུ། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ ཁྲག་མྱོས་མ་ཐོགས་ཏེ། ཡོན་ཏན་ཕོ་ཉ་ཁྲག་མྱོས་མ། །དམར་མོ་མཆུ་རིང་དུར་བྱའི་གདོང་། །རྩ་ལ་རྒྱུ་ཞིང་སྙིང་ཁྲག་འཐུང་། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ རྔམ་ཚིག་མ་ཐོགས་ཏེ། ཡོན་ཏན་ཕོ་ཉ་རྔམ་ཚིག་མ། །མངགས་ཤིང་བཅོལ་བའི་ལས་མཆིས་ན། །རང་ལ་རང་ཡང་ཚིག་ཅིང་ཁྲོ། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ མགྱོགས་བྱེད་མ་ཐོགས་ཏེ། ཡོན་ཏན་ཕོ་ཉ་མགྱོགས་བྱེད་མ། །སེར་སྐྱ་མགྱོགས་བྱེད་རླུང་ལ་ཞོན། །གར་ཡང་མི་གཏོང་མཐུ་མི་ཆེའོ། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ གཏུམ་པ་མོ་ཐོགས་ལ། ཡོན་ཏན་ཕོ་ཉ་གཏུམ་པ་མོ། །དམར་སེར་སྤུ་གྲིས་སྙིང་འབྱིན་མ། །ཉམས་པའི་དགྲ་བགེགས་ཉལ་ཐག་གཅོད། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ མདུང་ཐུང་མ་ཐོགས་ལ། ཡོན་ཏན་ཕོ་ཉ་མདུང་ཐུང་འཕེན། །དཀར་སེར་གཡོན་སྡེར་གཡས་མདུང་འཕེན། །བདུད་དང་སྲིན་པོ་ཚར་གཅོད་མ། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ གློག་འགྱུ་མ་ཐོགས་ལ། ཡོན་ཏན་ཕོ་ཉ་གློག་འགྱུ་མ། །དམར་སེར་གློག་གི་ཞགས་པ་འཕེན། །ནམ་མཁའི་མཐོངས་ནས་འགྲིམ་སྟེ་རྒྱུག །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ ཐོག་འབེབས་མ་ཐོགས་ལ། ཡོན་ཏན་ཕོ་ཉ་ཐོག་འབེབས་མ། །དམར་སེར་ཐོག་གི་ཚྭ་ཚྭ་འཕྲོ། །རྒྱ་མཚོ་གཏིང་ཡང་སྐེམ་པར་བྱེད། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ སྤོར་བྱེད་མ་ཐོགས་ལ། །ཡོན་ཏན་ཕོ་ཉ་སྤོར་བྱེད་མ། །དམར་སེར་ཞིང་ཆེན་ཞལ་དུ་གསོལ། །ཞིང་ཆུང་གཏན་ནས་ལེན་བྱེད་མ། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ འཁྲུག་བྱེད་མ་ཐོགས་ལ། ཡོན་ཏན་ཕོ་ཉ་འཁྲུག་བྱེད་མ། །རི་རབ་རྩེ་ནས་འཇོམས་བྱེད་ཅིང་། །རྒྱ་མཚོའི་གཏིང་ནས་འཁྲུག་པར་འགྱུར། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ དབང་ཕྱུག་མ་ཐོགས་ལ། ཡོན་ཏན་ཕོ་ཉ་དབང་ཕྱུག་མ། །སྨུག་ནག་དུར་ཁྲོད་ཁྲག་འཐུང་མ། །སྒྲོལ་བྱེད་སྙིང་འབྱིན་གྲི་ཐོགས་མ། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ ཀཱ་མ་ལ་ཐོགས་ལ། ཡོན་ཏན་ཕོ་ཉ་ཀཱ་མ་ལ། །མཛུབ་མོས་རི་རབ་རྩེ་ལ་གཡེང་། །རྐང་པས་རྒྱ་མཚོའི་གཏིང་ནས་འཁྲུག །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ གསལ་བཀྲ་མ་ཐོགས་ལ། ཡོན་ཏན་ཕོ་ཉ་གསལ་བཀྲ་མ། །དམར་སེར་ཉི་ཟླ་ཞགས་པ་འཕེན། །གང་ལྟར་སོང་ཡང་མི་གཏོང་ཞིང་། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ ཁ་བསྒྱུར་མ་ཐོགས་ལ། ཡོན་ཏན་ཕོ་ཉ་ཁ་བསྒྱུར་མ། །དམར་སེར་དུང་གི་རྒོ་བ་ཞོན། །རི་ཀླུངས་མེད་པར་རྗེས་ཀྱིས་འགེང་། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ ཀུན་སྒྲོལ་མ་ཐོགས་ལ། ཡོན་ཏན་ཕོ་ཉ་ཀུན་སྒྲོལ་མ། །དམར་ལྗང་རལ་གྲི་ཀླད་ལ་བསྐོར། །སོ་བྱ་སྲམ་དང་ཆུ་བྱར་སྤྲུལ། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ མྱོས་བྱེད་མ་ཐོགས་ལ། ཡོན་ཏན་ཕོ་ཉ་མྱོས་བྱེད་མ། །དམར་ལྗང་ར་རོ་སྨྱོ་རྫུ་ཅན། །དཀར་དམར་སྙིང་གི་མཚམས་ནས་འཛིན། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ ཁྲག་འཐུང་མ་ཐོགས་ལ། ཡོན་ཏན་ཕོ་ཉ་ཁྲག་འཐུང་མ། །དམར་ལྗང་ཐོད་ཁྲག་ཞལ་དུ་གསོལ། །སྐྱེ་འགྲོ་ཡོངས་ཀྱི་ཁྲག་འཐུང་མ། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ འབར་མ་ཐོགས་ལ། ཡོན་ཏན་ཕོ་ཉ་འབར་མ་ནི། །དམར་ལྗང་རིན་ཆེན་འབར་བ་ཐོགས། །རྣལ་འབྱོར་ཡིད་ལ་ཅི་འདོད་བསྒྲུབ། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ མི་ཟད་མ་ཐོགས་ལ། ཡོན་ཏན་ཕོ་ཉ་མི་ཟད་མ། །གནམ་ས་གཉིས་ཀྱང་ཐགས་སུ་འཐག །སྐྱེ་འཆི་གཉིས་ཀྱང་རྩ་བ་གཅོད། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ འཕྲོག་བྱེད་མ་ཐོགས་ལ། ཡོན་ཏན་ཕོ་ཉ་འཕྲོག་བྱེད་མ། །གཡས་ན་ལྕགས་ཀྱུ་ཙིཏྟ་འབྱིན། །གཡོན་པ་གའུས་སྲོག་འཕྲོག་མ། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ སྒྲོལ་བྱེད་མ་ཐོགས་ལ། རིན་ཆེན་ཕོ་ཉ་སྒྲོལ་བྱེད་མ། །སེར་ལྗང་སྐྱེ་འགྲོའི་ཙིཏྟ་འབྱིན། །མ་ལུས་སྒྲོལ་བའི་མཐུ་མོ་ཆེ། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ སྣ་ཚོགས་སྟོབ་མ་ཐོགས་ལ། །ཡོན་ཏན་ཕོ་ཉ་སྣ་ཚོགས་སྟོབ། །སེར་ལྗང་ཞིང་གི་རྐང་ལག་འཛིན། །དུག་གསུམ་མ་ལུས་ཞལ་དུ་སྟོབ། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ ཡིད་འཕྲོག་མ་ཐོགས་ལ། ཡོན་ཏན་ཕོ་ཉ་ཡིད་འཕྲོག་མ། །སེར་ལྗང་ན་ཆུང་ཚུལ་དུ་བརྫུ། །འགལ་བར་བྱེད་པའི་ཡིད་འཕྲོག་མ། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ སྲོག་ལེན་མ་ཐོགས་ལ། ཡོན་ཏན་ཕོ་ཉ་སྲོག་ལེན་མ། །མི་སྙིང་བརྒྱུས་པའི་ཞགས་པ་འཕེན། །ཞིང་བཅུ་གཏན་ནས་ལེན་པར་བྱེད། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ བཅུད་ལེན་མ་ཐོགས་ལ། ཡོན་ཏན་ཕོ་ཉ་བཅུད་ལེན་མ། །སེར་སྨུག་ཟངས་ཀྱི་མཆུ་རིངས་མ། །བཀའ་ལས་འགལ་བའི་བཅུད་འཇིབ་མའི། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ ཚེ་འཛིན་མ་ཐོགས་ལ། ཡོན་ཏན་ཕོ་ཉ་ཚེ་རྐུན་མ། །བསེ་ཡི་གའུ་དམར་པོ་ནས། །ཛཿདམར་ཕོ་ཉས་ཚེ་རྐུན་མའི། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ དབང་མོ་ཆེ་ཐོགས་ལ། ཡོན་ཏན་ཕོ་ཉ་དབང་མོ་ཆེ། །སེར་སྨུག་སེང་གེ་དཀར་མོ་ཟོན། །ཉི་ཟླ་བརྒྱུས་པའི་ཞགས་པ་འཕེན། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ དྲེགས་འཇོམས་མ་ཐོགས་ལ། ཡོན་ཏན་ཕོ་ཉ་དྲེགས་འཇོམས་མ། །འཇིགས་པའི་གོ་གྱོན་བདུད་དཔུང་འཇོམས། །མྱུར་བའི་ཤུགས་འཆང་ཐུགས་རྗེ་ཆེ། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ བདུད་བྱེད་མ་ཐོགས་ལ། ཡོན་ཏན་ཕོ་ཉ་བདུད་བྱེད་མ །དམ་ཚིག་ཉམས་པའི་བདུད་དུ་བབ། །དགེ་སྦྱོང་རྣམས་ཀྱི་དཔལ་དུ་ཆེ། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ བླ་འཛིན་མ་ཐོགས་ལ། ཡོན་ཏན་ཕོ་ཉ་བླ་འཛིན་མ། །དགྲ་བོའི་བླ་ཡི་གཉེན་པོར་ཆེ། །ཇི་ལྟར་འདུལ་བ་བཞིན་དུ་སྤྲུལ། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ སྲོག་འཛིན་མ་ཐོགས་ལ། ཡོན་ཏན་ཕོ་ཉ་སྲོག་འཛིན་མ། །སེར་སྨུག་ལྕགས་ཀྱུའི་ཕྱག་རྒྱ་ཅན། །སེམས་ཅན་ཀུན་གྱི་ཚེ་སྲོག་འཛིན། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ རྩ་འགྲོ་མ་ཐོགས་ལ། ཡོན་ཏན་ཕོ་ཉ་རྩ་འགྲོ་མ། །སུམ་བརྒྱ་དྲུག་ཅུའི་རྩ་ལ་རྒྱུ། །དམ་ཉམས་དགྲ་བགེགས་རྩ་རྒྱུས་འདྲལ། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ གནས་བྱིན་མ་ཐོགས་ལ། ཡོན་ཏན་ཕོ་ཉ་གནས་བྱིན་མ། །སེར་སྨུག་འབྲུག་གི་སྒྲ་འབྱིན་མ། །ས་དགུའི་གཏིང་ནས་འཇོམས་པར་བྱེད། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ གནས་བསྟོད་མ་ཐོགས་ལ། ཡོན་ཏན་ཕོ་ཉ་གནས་བསྟོད་མ། །ཐུགས་རྗེ་ཆེན་པོས་གང་བསྒྲལ་བ། །བྱང་ཆུབ་ཐར་ལམ་བདེ་ལ་འགོད། །དབང་འདི་བུ་ལ༴ ༀ་ཧ་ལ༴ ཨ་བྷི༴ དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །སྐུ་ཡི་འོད་ཟེར་རྣམ་འཕྲུལ་ལས། །སུམ་བརྒྱ་དྲུག་ཅུའི་གདོན་བསྒྲལ་ཕྱིར། །ཕོ་ཉ་སུམ་བརྒྱ་དྲུག་ཅུར་སྤྲུལ། །ཐུགས་རྗེས་འཇིགས་བྱེད་སྐུར་སྤྲུལ་པའི། །དགྲ་དང་ཀླུ་གདོན་འདུལ་བའི་ཕྱིར། །ནུབ་ཕྱོགས་འོད་ཟེར་དམར་པོ་ལས། །ཟངས་ཀྱི་མི་མོ་དྲུག་ཅུ་སྤྲུལ། །གསུང་གི་ཕོ་ཉ་ཐོག་འབེབས་མ། །དམར་ནག་ལག་ནས་ཐོག་ཆེན་འབེབས། །གང་ལ་དམིགས་པ་ཡུད་ཀྱིས་བསྲེག །དབང་འདི་བུ་ལ་བསྐུར་བར་བྱ། །ༀ་གརྫ་གརྫ་སྥོ་ཊ་བཾ། ཨ་བྷི་ཥིཉྩ་ཧཱུཾ། གསུང་གི་ཕོ་ཉ་འབྲུག་སྒྲོག་མ། །དམར་ནག་འབྲུག་ཆེན་ཆིབས་སུ་ཆིབས། །སྟོང་གསུམ་ཀུན་གྲགས་མཐུ་མོ་ཆེ། །དབང་འདི་བུ་ལ་བསྐུར་བར་བྱ། །ༀ་གརྫ་གརྫ་སྥོ་ཊ་བཾ། ཨ་བྷི༴ གསུང་གི་ཕོ་ཉ་ཆར་འབེབས་མ། །དམར་ནག་སྤྲིན་ཆེན་སློག་པ་ཅན། །དུག་དང་བདུད་རྩི་ཆར་འབེབས་མ། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་འོད་འགྱེད་མ། །དམར་ནག་འཇའ་ཚོན་འོད་འཕྲོ་མ། །མུན་པའི་ནང་ནས་སྒྲོན་གསལ་མ། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་གསལ་བཀྲ་མ། །དམར་ནག་གཡུ་ཡི་ལས་ཕྲན་ཅན། །འཇིག་རྟེན ཁམས་ཀྱི་དབང་ཕྱུག་མ། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་འཇའ་ཚོན་མ ། །དམར་ནག་འཇའ་ཚོན་ཞགས་པ་ཐོགས། །རྫུ་འཕྲུལ་ཅིས་ཀྱང་མི་ཚུགས་པ། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་འོད་འཕྲོ་མ། །དམར་ནག་ཉི་མའི་འོད་འཕྲོ་མ། །ཕྲིན་ལས་མྱུར་མགྱོགས་ཐོགས་པ་མེད། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་འོད་གསལ་མ། །དམར་ནག་མེ་འོད་ཕྱག་ན་བསྣམས། །འཁོར་བའི་བག་ཆགས་བསྲེག་མཛད་མ། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་ཁྲག་འཐུང་མ། །དམར་ནག་ཐོད་ཁྲག་སྐོམ་དུ་འཐུང་། །མ་ལུས་ཡོངས་ཀྱི་ཁྲག་འཐུང་མ། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་དབང་ཕྱུག་མ། །དམར་ནག་རྡོ་རྗེ་པདྨ་ཅན། །སྲིད་པ་གསུམ་ན་མཐུ་དབང་ཆེ། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་ས་བདག་མོ། །དམར་སྔོ་ལྕགས་ཀྱི་ཕག་མགོ་ཐོགས། །ས་ཆེན་དགུ་ཡང་འཁྲུག་པར་བྱེད། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་འགུགས་བྱེད་མ། །དམར་སྔོ་རྡོ་རྗེ་ལྕགས་ཀྱུ་ཅན། །དམ་ལས་འདས་པ་འགུགས་བྱེད་མ། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་དཀར་ཤམ་མོ། །དམར་སྔོ་བསེ་ཡི་གའུ་ཅན། །ཉམས་པའི་ཁྲག་འཐུང་དབང་མོ་ཆེ། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་སྒྲ་སྒྲོག་མ། །དམར་སྔོ་ཞིང་གི་རྔེ་ཆུང་བརྡུང་། །དགྲ་ཆེན་བདུད་བཞི་ཟིལ་གྱིས་གནོན། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་ཡིད་གཞུངས་མ། །དམར་སྔོ་ལག་ན་ཁུ་ཚུར་འཆང་། །འཁོར་བ་གནས་ནས་སྤོར་མཛད་མའི། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་ལྟ་ན་མཛེས། །སྔོ་དམར་མེ་ཏོག་ཆུན་འཕྱང་ཅན། །ཡིད་འོང་ཕྲིན་ལས་ཀུན་མཛད་མའི། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་སེམས་འཕྲོག་མ། །དམར་སྔོ་གཡུ་ཡི་ཉི་མ་བསྣམས། །མ་ལུས་ཀུན་གྱི་སྙིང་འབྱིན་མའི། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་བདུད་འབེབས་མ། །དམར་སྔོ་མི་ཐོད་རྟ་ཐོད་ཐོགས། །སྐྱེ་འགྲོ་ཡོངས་ལ་བདུད་འབེབས་མའི། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་མགྱོགས་བྱེད་མ། །དམར་སྔོ་ཁྱུང་ཆེན་ཆིབས་སུ་ཆིབས། །ཟིལ་གྱིས་གནོན་པའི་ཕྲིན་ལས་མཛད། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་གསོད་རྐྱེན་མ། །དམར་མོ་སེང་ཞོན་མདུང་ཐོགས་མ། །གང་ལ་དམིགས་པར་ཡུད་ཀྱིས་ཕྱིན། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་སྙིང་འབྱིན་མ། དམར་ལྗང་ལག་ན་ཙིཏྟ་ཐོགས། །དམ་ལས་འདས་པའི་སྙིང་འབྱིན་མའི། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་དམར་འཐུང་མ། །དམར་ལྗང་དུང་ཆེན་ཁྲག་འཐུང་མ། །ཁམས་གསུམ་ཡོངས་ཀྱི་སྙིང་ཁྲག་འཐུང་། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་རྐང་འཇིབ་མ། །དམར་ལྗང་གཡི་ཡི་མགོ་བོ་ཅན། །ཟས་སུ་རྐང་དང་བཅུད་འཇིབ་མའི། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་ལས་བྱེད་མ། །དམར་ལྗང་འབྲུག་སྔོན་ཆིབས་སུ་ཆིབས། །འཇིག་རྟེན་ཁམས་ཀྱང་སྐད་ཀྱིས་འགེངས། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་ཞགས་ཐོགས་མ། །སྔོན་མོ་ཞགས་ཐོགས་རླུང་ལ་ཞོན། །ཁྱོད་ཀྱིས་མི་གཟིགས་གང་ཡང་མེད། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་བླ་འཕྲོག་མ། །དམར་སྐྱ་སྐྱི་སེར་རླུང་ལ་ཞོན། །སྐུ་ལ་རེ་གསལ་དཀྲིས་མཛད་མ། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་ཐོགས་མེད་མ། །དཀར་ལྗང་རལ་གྲི་རྣོན་པོ་ཐོགས། །དམ་ལས་འགལ་བ་སྒྲོལ་བྱེད་མའི། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་ཟ་བྱེད་མ། །དམར་ལྗང་སྟག་ཆེན་སྡེར་མང་ཞོན། །གཙང་རྨེ་མེད་པར་ཟ་བྱེད་མའི། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་མྱོས་བྱེད་མ། །དམར་ལྗང་ལྕགས་ཀྱི་ཐོ་བ་ཐོགས། །མགོ་དང་ཀླད་པ་འགེམས་བྱེད་མའི། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་རྨུགས་བྱེད་མ། །དམར་ལྗང་ལྕགས་ཀྱི་དྲྭ་བ་ཐོགས། །གང་ལ་བྱས་པ་འཛིན་བྱེད་སྡོམ། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་རྫུ་བྱེད་མ། །དམར་སེར་ར་སྐྱེས་ཁམ་པ་ཞོན། །ཅིར་ཡང་སྤྲུལ་ཅིང་རྫུ་བྱེད་མའི། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་འཁྲུག་བྱེད་མ། །དམར་སེར་རྒྱ་མཚོ་ཧུབ་ཀྱིས་འདེབས། །ཀླུ་ཡི་གནས་ཀྱང་འཇོམས་པར་བྱེད། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་དྲག་མོ་ནི། །དམར་སེར་གཏུམ་པ་དོམ་ལ་ཞོན། །གཏི་མུག་དྲེགས་པ་འཇོམས་བྱེད་མའི། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་སྐེམ་མ་ནི། །དམར་སེར་ཁྲག་གི་ལན་ཕྲན་ཅན། །མ་ལུས་འཇོམས་པའི་མཐུ་མོ་ཆེ། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་འཇོམ་པ་མ་ནི། །དམར་སེར་སྤང་ཐིའི་མགོ་བོ་ཅན། །གཏི་མུག་ཀླད་ཆེན་འདྲལ་བྱེད་མའི། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་རབ་དགའ་མ། །དམར་སེར་ལག་ན་ཟངས་གྲི་ཐོགས། །འཛུམ་ཞིང་འགུགས་པའི་ལས་ལ་མགྱོགས། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་འཛིན་མ་ནི། །དམར་སེར་སྦྲུལ་ནག་ཞགས་པ་འཕེན། །བཀའ་ལས་འགལ་བ་འཛིན་བྱེད་མའི། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་གློག་འགྱུ་མ། །དམར་སེར་རྫུ་འཕྲུལ་ཁྲ་ཐོགས་མ། །དམ་ལས་ལོག་པའི་སྙིང་འབྱིན་མའི། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་གཡུལ་འཇོམས་མ། །དམར་སེར་ལག་ན་ཤཀྟི་ཐོགས། །དགྲ་དང་བདུད་ཀྱི་དཔུང་འཇོམས་མའི། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ པདྨའི་ཕོ་ཉ་ལྷ་འབྲེལ་མ། །དམར་སེར་རྡོ་རྗེ་ཐོག་འབེབས་པས། །སྲིད་པ་གསུམ་ཡང་རྩེ་ནས་འཇོམས། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་སྲོག་འབྲེལ་མ། །དམར་སྨུག་འཇོམས་པའི་ཀ་ཏ་རི། །གསོད་བྱེད་འཇོམས་པའི་ཕོ་ཉ་མོ། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་མྱུར་བྱེད་མ། །དམར་སྨུག་གློག་གི་ག་ཤ་ཅན། །ཐུགས་རྗེས་ཤུགས་འཆང་ཕོ་ཉ་མོའི། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་རེངས་བྱེད་མ། །བུད་མེད་ལུས་ལ་མཆོངས་མོ་ཆེ། །རི་ཀླུངས་མེད་པར་རྗེས་ཀྱིས་འགེང་། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་སྲོག་བྱེད་མ། །དམར་སྨུག་ལག་ན་གྲི་ཐོགས་ཤིང། །མཐའ་ཡས་སེམས་ཅན་སྒྲོལ་ལ་མཁས། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་རློག་བྱེད་མ། །དམར་སྨུག་རྡོ་རྗེ་བེ་ཅོན་གྱིས། །ཁམས་གསུམ་རྡུལ་དུ་རློག་བྱེད་མའི། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་ཐོ་བ་མ། །དམར་སྨུག་རྡོ་རྗེ་ཐོ་བ་འཕྱར། །ཁམས་གསུམ་བདུད་དང་སྲིན་པོ་འཇོམས། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་གཏུན་ཁུང་མ། །དམར་སྨུག་ལག་ན་གཏུན་ཁུང་ཐོགས། །ཆེ་ཆུང་མེད་པ་འཇོམས་བྱེད་མའི། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་ཞགས་པ་འཕེན། །དམར་སྨུག་བདུད་ཀྱི་ཞགས་པ་ཡིས། །གང་ལ་དམིགས་པ་འཛིན་བྱེད་མའི། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་མེ་ཁྱེར་མ། །དམར་སྨུག་དུར་ཁྲོད་མེ་ཆེན་གྱིས། །ཕྱི་ནང་མེད་པར་བསྲེག་བྱེད་མའི། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་སྡུད་བྱེད་མ། །དམར་སྨུག་གསེར་གྱི་ཕྲེང་བ་ཐོགས། །དུག་གསུམ་ཞལ་དུ་སྡུད་བྱེད་མའི། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་གཡེང་བྱེད་མ། །དམར་སྐྱ་རླུང་གི་འཁོར་ལོ་ཐོགས། །རི་རབ་གླིང་བཞི་གཡེང་བྱེད་མའི། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་བདུད་འཇོམས་མ། །དམར་སྐྱ་གཏུན་དང་ཐོ་བ་ཐོགས། །ལྔ་ཕུང་རྡུལ་དུ་རློག་པ་ཡི། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་དཔལ་མོ་ནི། །དམར་སྐྱ་སྲིད་པའི་དཔལ་འཕྲོག་མ། །གསེར་གཡུ་སྤེལ་མའི་ན་བཟའ་གསོལ། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་དབང་ཕྱུག་མ། །རྡོ་རྗེ་རྩེ་གསུམ་ཐོད་ཁྲག་འཐུང་། །སྲིད་པ་གསུམ་ན་དབང་ཆེར་གྲགས། །དབང་འདི་བུ་ལ༴ །ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་གྲགས་པ་མོ། །དམར་སྐྱ་མི་མགོ་དུང་དུ་འབུད། །སྟོང་ཁམས་གདུག་པ་རྡུལ་དུ་རློག །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་གཏུམ་བག་ཅན། །དགྲ་བོའི་སྙིང་འབྱིན་ཆོ་ངེས་འབེབས། །གང་ལ་བབ་ཀྱང་ཐོགས་མེད་མའི། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་ཀཱི་ལ་ཡ། །དམར་སྐྱ་ཀཱི་ལའི་མཚོན་ཐོགས་མ། །མ་ལུས་འཇོམས་པའི་མཐུ་མོ་ཆེའོ། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ པདྨའི་ཕོ་ཉ་སྡེ་ཚོགས་མ། །པདྨ་ཁྲག་གི་ཆར་འབེབས་མ། །མ་མོ་འབུམ་སྡེ་བྲན་དུ་འཁོལ། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་ཧ་ལའི་གདོང་། །མི་བཟུད་མཐུ་ཆེན་བདུད་རྩི་ཐོགས། །ཧ་ལ་ཧ་ལའི་དུག་ཀྱང་འཇོམས། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ གསུང་གི་ཕོ་ཉ་རབ་བརྗིད་མ། །མི་མགོ་རྣམ་གསུམ་ཕྲེང་བ་འདྲེན། །ཀླད་ལ་བསྐོར་བས་དགྲ་བགེགས་སྒྲོལ། །དབང་འདི་བུ་ལ༴ ༀ་གརྫ༴ ཨ་བྷི༴ དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །སྐུ་ཡི་འོད་ཟེར་རྣམ་འཕྲུལ་ལས། །སུམ་བརྒྱ་དྲུག་ཅུའི་གདོན་བསྒྲལ་ཕྱིར། །ཕོ་ཉ་སུམ་བརྒྱ་དྲུག་ཅུར་སྤྲུལ། །དགྲ་དང་གནོད་སྦྱིན་འདུལ་བའི་ཕྱིར། །འཇིགས་བྱེད་ཕོ་ཉར་སྐུ་སྤྲུལ་པ། །བྱང་ཕྱོགས་འོད་ཟེར་ལྗང་གུ་ལས། །གཡུ་ཡི་མི་མོ་དྲུག་ཅུ་སྤྲུལ །ཕྲིན་ལས་ཕོ་ཉ་རྡོ་རྗེ་མ། །ལྗང་སྔོན་རྡོ་རྗེ་རྒྱ་གྲམ་ཐོགས། །ཕྲིན་ལས་རྣམ་བཞི་ཕོ་ཉར་འགྱེད། །དབང་འདི་བུ་ལ་བསྐུར་བར་བྱ། ༀ་པ་ཙ་པ་ཙ་གྷཎྜེ་ཧོཿ ཨ་བྷི༴ ཕྲིན་ལས་ཕོ་ཉ་འཇོམས་ཆེན་མ། །ལྗང་སྔོན་ཁྱུང་གི་ཁྲ་ཐོགས་མ། །གཏི་མུག་ཀླུ་ལ་དབང་སྒྱུར་མའི། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་འདུལ་མཛད་མ། །ལྗང་སྔོན་དྲེད་ཀྱི་གཡང་གཞི་སྡེབ། །རྫུ་འཕྲུལ་རྔ་མོའི་གཟུགས་འཆང་མ། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་དབང་ཕྱུག་མ། །ལྗང་སྔོན་ཐོད་རློན་ཁྲག་གིས་བཀང་། །འབྲོང་ཆེན་གཡག་མོ་ཁལ་དུ་ཞོན། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ལས་ཀྱི་ཕོ་ཉ་གྲུབ་བྱེད་མ། །ལྗང་སྔོན་མི་མགོ་དུང་དུ་འབུད། །ཁམས་གསུམ་མ་ལུས་སྒྲས་འགེངས་མ། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་བསྐུལ་བྱེད་མ། །ལྗང་སྔོན་སྙན་པའི་གླུ་སྒྲས་འགེང་། །ཐུགས་དམ་གཉན་པོ་རྒྱུད་བསྐུལ་མ། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་གྲུབ་པ་མོ། །ལྗང་སྔོན་གཡུ་ཡི་འཁོར་ལོ་འཆང་། །ཕྲིན་ལས་ནན་ཏན་མཐུ་མོ་ཆེ། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་མཐར་ཕྱིན་མོ། །ལྗང་སྨུག་གཡུ་ཡི་ཐོར་ཚུགས་ཅན། །ལས་སུ་བཅོལ་ན་ཀུན་ཀྱང་འགྲུབ། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་མཐར་འདོན་མ། །ལྗང་སྨུག་རྡོ་རྗེ་རྒྱ་གྲམ་ཐོགས། །གང་བཅོལ་ལས་རྣམས་མཐར་འབྱིན་མ། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་ཆུད་མི་ཟ། །ལྗང་སྔོན་དུང་གི་མཆེ་བ་ཅན། །མགྱོགས་པའི་ལས་བྱེད་ཆུད་མི་ཟ། །དབང་དུ་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་དབང་སྒྱུར་མ། །ལྗང་དམར་ཆུ་སྲིན་རྒྱལ་མཚན་ཐོགས། །འཇིགས་བྱེད་མི་གདོང་རྫུ་འཕྲུལ་ཅན། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་ཐོགས་མེད་མ། །འདབ་ཆགས་བྱ་ཡི་རྒྱལ་པོ་ཞོན། །འཇིགས་སུ་རུང་བའི་མཚོན་ཆ་འཕྱར། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་གྲུབ་པ་མ། །དམར་ལྗང་ཤེལ་གྱི་ཟ་མ་ཏོག །དགྲ་ཡིད་དབང་དང་དངོས་གྲུབ་འཕྲོག །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་གསལ་བྱེད་མ། །དམར་ལྗང་མེ་ཡི་ཞགས་པ་འཕེན། །མུན་པའི་སྨག་ནས་འདྲེན་བྱེད་མ། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་དབང་བྱེད་མ། །དམར་ལྗང་རྡོ་རྗེ་ལྕགས་ཀྱུ་འཛིན། །སྤྲ་དང་བྱི་ལར་སྤྲུལ་འགྱེད་མ། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་དམ་ཚིག་མ། །དམར་ལྗང་མེ་ཞགས་སྡིགས་མཛུབ་ཅན། །དམ་ཉམས་ཀུན་གྱི་རྗེས་གཅོད་མ། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་བྱ་ར་མ། །ཆགས་ཀྱི་བྱ་ཁྲ་གཡུ་མིག་མ། །བལྟས་པས་མཐོང་ཞིང་མཐོང་བས་འཛིན། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་སྟངས་འཛིན་མ། །དམར་ལྗང་རྩིས་ཀྱིས་བྱང་བུ་ཐོགས། །ལེགས་ཉེས་ཀུན་གྱི་སྟངས་འཛིན་མའི། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་སྟངས་གཅོད་མ། །དམར་ལྗང་རྩིས་ཀྱི་ཁྲམ་ཐོགས་མ། །དགེ་སྡིག་གཉིས་ཀྱི་སྟངས་གཅོད་མ། །དབང་འདི་བུ་ལ༴ །ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་གསལ་འཛིན་མ། །རྒྱལ་འཕམ་རྡེའུ་ཤོ་འཛིན་ཅིང་། །རྒྱལ་འཕམ་གཉིས་ཀྱི་གསལ་འཛིན་མའི། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་བསྐུལ་བྱེད་མ། །ལྗང་སེར་ལྕགས་ཀྱི་མདའ་འཕེན་མ། །གནམ་ས་ཀུན་ཡང་ཉུལ་བར་བྱེད། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་དབང་མོ་རྐུ། །ལྗང་སེར་ཁྲག་གི་ཕོར་པ་ཐོགས། །མ་ཐོགས་ལས་ལ་མྱུར་བྱེད་མ། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་ཕག་མགོ་མ། །ལྗང་སེར་ཕག་མགོ་ཐོ་བ་འཕྱར། །ཆེ་ཆུང་མེད་པར་རྡུལ་དུ་རློག །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་སྤྱན་བརྒྱ་མ། །མགོ་ལུས་མེད་པར་མིག་གིས་གང་། །སྟོང་ཁམས་མ་ལུས་གསལ་ཞིང་བཀྲ། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་མིག་སྟོང་ལྡན། །དབུ་སྟོང་ཕྱག་སྟོང་སྤྱན་ཡང་སྟོང་། །སྟོང་གསུམ་སྟོང་པ་དབང་ཆེར་གྲགས། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་འོད་མགྱོགས་མ། །འཇའ་ཚོན་ལུས་ལ་འོད་ཀྱི་མིག །བལྟས་པས་མི་མངོན་གང་ཡང་མེད། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་རླུང་ཞོན་མ། །ལག་ན་ལྕགས་ཀྱི་དགྲ་སྟྭ་ལྗང་། །རླུང་ནག་འཚུབས་མ་ཆིབས་སུ་ཆིབས། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་རྫུ་འཕྲུལ་ཅན། །སྦྲུལ་ནག་སྟོང་གི་ཞགས་པ་འཕེན། །ལྟས་ངན་རྔ་མོང་གྭ་པ་ཞོན། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་རྒྱུ་བ་མོ། །ཅིར་ཡང་མ་ངེས་གཟུགས་སུ་སྟོན། །ཆེད་འགའ་ཆུ་སྲིན་སྦྲུལ་གྱི་ལུས། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་དབང་ཕྱུག་རྒྱལ། །ལྗང་སེར་མདུང་རྩེ་གསུམ་པ་འཕྱར། །དུག་གསུམ་རྩད་ནས་ལེན་བྱེད་མ། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་གྲགས་རྒྱལ་མ། །ལྗང་ནག་སྟག་ཞོན་དྲེད་ཀྱི་མགོ། །འཇིག་རྟེན་ཁམས་འདིར་མཐུ་ཆེར་གྲགས། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་དཔལ་ཤམ་མ། །དམར་གྱི་གཏོར་མ་ཀླད་ལ་བསྐོར། །ཁྲག་གི་གཏོར་མ་ཞགས་པར་འཕེན། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ལས་ཀྱི་ཕོ་ཉ་ཡཀྴ་མོ། །ལྗང་ནག་གནོད་སྦྱིན་མགོ་བོ་ཐོགས། །གང་ལ་བྱ་བར་ཐོད་ཟོར་འཕེན། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་ཁྲོ་བག་ཅན། །བུད་མེད་གཟུགས་ལ་སྐྱེས་པའི་མགོ། །རེས་འགའ་ཞི་སྟེ་རེས་འགའ་ཁྲོ། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་ཆེ་བ་མོ། །ལག་གཉིས་རྡོ་རྗེ་མཆེ་བ་འདེབས། །བཟུང་བས་མི་ཟིན་གང་ཡང་མེད། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་དབང་བསྐུར་མ། །རྡོ་རྗེ་གོ་ཆའི་ཕྱག་རྒྱ་ཅན། །ཀུན་གྱི་མངའ་བདག་དབང་མོ་ཆེ། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་དངོས་གྲུབ་བདག །ལྗང་ནག་འདོད་སྤྱོད་ལྔ་ལ་རོལ། །དངོས་གྲུབ་རྣམ་གསུམ་དུས་འདིར་རྩོལ། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་སྒྲོལ་བྱེད་ཆེ། །ལྗང་ནག་གཅོད་པའི་ཕལ་ཚབ་བསྣམས། །གང་ཡང་གསོན་པར་མི་བྱེད་མ། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་མངའ་བདག་མོ། །སྲིད་གསུམ་གྲགས་པའི་རྔེའུ་ཆུང་བརྡུང་། །མ་ལུས་གདུག་པ་ཟིལ་གྱིས་གནོན། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་འོད་འཕྲོ་མ། །ལྗང་ནག་གཅོད་པའི་ཤཀྟི་ཐོགས། །སྲིད་གསུམ་གསལ་བའི་འོད་མངའ་མ། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་དྲག་མོ་ནི། །ལྗང་སྨུག་གྲུ་གསུམ་མཐིང་ནག་ཐོགས། །དྲག་པོ་ལས་ཀྱི་ཕོ་ཉ་མོ། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་ཁྲོ་རྐྱེན་མ། །ལྗང་སྨུག་རལ་པ་ས་ལ་སྡེབ། །རང་ལ་རང་ཡང་ཚིག་ཅིང་ཁྲོ། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་མྱུར་གྲུབ་མ། །འཇམ་དཔལ་རྣོན་པོ་ལག་ན་ཐོགས། །ཧ་ཧ་རུ་ལུའི་སྒྲ་སྒྲོག་མའི། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་ཆུད་མི་ཟ། །ལྗང་སྨུག་རིན་ཆེན་སྒྲོན་མ་ཐོགས། །གདུང་བས་བརྩེ་ཞིང་ཕན་འདོགས་པའི། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ལས་ཀྱི་ཕོ་ཉ་འདུལ་བྱེད་མ། །ལྗང་སྨུག་སྲིན་པོའི་ཐོད་པ་ཐོགས། །ཁྱོད་ཀྱིས་མི་འདུལ་གང་ཡང་མེད། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་རྒྱ་མཚོ་མ། །སྣ་ཚོགས་ལུས་ཅན་རྒྱ་མཚོ་རློག །འཛམ་བུ་གླིང་གཞི་གཡོ་བྱེད་མ། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ལས་ཀྱི་ཕོ་ཉ་ལྟུང་འཛིན་མ། །སེམས་ཅན་ཞིང་བཅུ་བསྒྲལ་བ་ལ། །དམྱལ་བར་ལྟུང་ངེས་ལྕགས་ཀྱུས་འཛིན། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་སྒྲོལ་བྱེད་མ། །དམར་སྨུག་འཇོམས་བྱེད་རི་རབ་འཛིན། །རྡུལ་དུ་རློག་པའི་ལས་མཛད་མ། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་རང་དབང་མོ། །ལྗང་ནག་གཡུ་ཡི་ཞགས་པ་འདེབས། །འཇིག་རྟེན་ལས་ཀྱི་གཉེན་ཅིག་མ། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་འདུལ་མཁན་མ། །སྐྱེས་བུ་ན་ཆུང་གཟུགས་འཆང་མ། །ཇི་ལྟ་དམིགས་པ་བཞིན་དུ་འདུལ། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ལས་ཀྱི་ཕོ་ཉ་གོམས་པ་མོ། །ལྗང་གུ་ཡུངས་ཀར་མདའ་འཕེན་མ། །དཀར་ནག་སྙིང་གི་མཚམས་སུ་བརྡེག །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་ལས་མཁན་མ། །ལྗང་སྐྱ་མཚེ་ཡི་ཟོར་འཕེན་མ། །ལོག་པའི་ཕྱོགས་རྣམས་བཟློག་བྱེད་མ། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་དབང་སྒྱུར་མ། །ཉི་ཟླ་གཟའ་སྐར་སློག་པར་གྱོན། །འཛམ་བུ་གླིང་བཞི་ལག་པར་ཐོགས། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་མཆོག་སྒྲོལ་མ། །ལྗང་སྐྱ་མཆོག་གི་ཙིཏྟ་འབྱིན། །སྐྱེ་ཤི་གཉིས་ཀྱི་རྩད་གཅོད་མ། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་རྒྱུག་འཛིན་མ། །ཐུགས་དམ་གཉན་པོ་རྒྱུད་བསྐུལ་ཕྱིར། །ཤེལ་དང་ལུང་ཐང་ཡུ་བུ་བསྣམས། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་རྔམ་པ་མོ། །ལྗང་སྐྱ་ཤ་ཁྲག་རློན་པར་ཟ། །གསོད་པའི་ལས་ལ་ཤིན་ཏུ་རྔམས། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ལས་ཀྱི་ཕྱག་རྒྱ་སྤྲོ་རྐྱེན་མ། །ལྗང་སྐྱ་འདེབས་པའི་ལས་ལ་མྱུར། །ཛ་ཛ་ཧོ་ཧོའི་སྒྲ་འདེབས་མ། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་གཏུམ་ཆེན་མ། །ཉི་མ་ཟླ་བའི་འཁོར་ལོ་འཕེན། །གཏུམ་པས་འདོད་ཁམས་ལྷ་མི་བཙན། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ལས་ཀྱི་ཕོ་ཉ་མིག་དམར་མ། །ཁྲག་གི་ཆང་གིས་མྱོས་པར་བྱེད། །མིག་རྩ་དམར་ལ་ར་གདོང་ཆེ། དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ ཕྲིན་ལས་ཕོ་ཉ་སེན་མོ་ཅན། །དམར་སྨུག་སེན་མོ་ལྕགས་ཀྱུས་གཏམས། །བསྒྲལ་བའི་ཞིང་བཅུ་འཛིན་བྱེད་མ། །དབང་འདི་བུ་ལ༴ ༀ་པ་ཙ༴ ཨ་བྷི༴ དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །སྐུ་ཡི་འོད་ཟེར་རྣམ་འཕྲུལ་ལས། །སུམ་བརྒྱ་དྲུག་ཅུའི་གདོན་བསྒྲལ་ཕྱིར། །ཕོ་ཉ་སུམ་བརྒྱ་དྲུག་ཅུར་སྤྲུལ། །ཁམས་གསུམ་སྲིད་གསུམ་ཐམས་ཅད་ཀྱི། །དགྲ་དང་འབྱུང་པོ་བསྒྲལ་བའི་ཕྱིར། །སྐུ་ཡི་འོད་ཟེར་སྨུག་ནག་ལས། །ལས་བྱེད་མ་མོ་དྲུག་ཅུར་སྤྲུལ། །རལ་པ་གཅིག་མ་མཐིང་ཁ་འཇིགས་པའི་གཟུགས། །ཏྲི་ཤུ་རལ་གྲི་previous hit དྲིལབུ next hit་ནད་རྐྱལ་ཐོགས། །མ་མོ་འདི་ཡི་དབང་ཡང་བསྐུར་བར་བྱའོ། །མ་མ་ཤྭ་རི་ཧཱུཾ། ཨ་བྷི༴ སྦས་པའི་མ་མོ་ཐལ་མདོག་ཐོད་ཁྲག་འཐུང་། །གཡང་གཞི་དུར་ཁྲོད་རྒྱན་གྱིས་མཛེས་པར་ཀླུབས། །སྲིད་པ་གསུམ་ན་མཐུ་ཆེན་རྩལ་དྲག་པ། །མ་མོ་འདི་ཡི་དབང་༴ མ་མ༴ ཨ་བྷི༴ དུར་ཁྲོད་ཚོགས་ཀྱི་མ་མོ་རལ་པ་ཅན། །མི་ཐོད་ཕྲེང་བས་སྐུ་བརྒྱན་རབ་ཏུ་བརྗིད། །ཁམས་གསུམ་འདི་ན་མཐུ་ཆེན་འགྲན་ཟླ་མེད། །མ་མོ་འདི་ཡི་དབང་༴ མ་མ༴ ཨ་བྷི༴ ཟ་བྱེད་རྔམ་པའི་མ་མོ་ཆེན་མོ་ནི། །མཐིང་སྐྱ་ཁྲག་གི་རལ་པ་གོས་སུ་བྱོན། །ཕྱག་གིས་སྐྱེ་འགྲོ་ཡོངས་ཀྱི་ཙིཏྟ་བཟུང་། །མ་མོ་འདི་ཡི་དབང་༴ མ་མ༴ ཨ་བྷི༴ ཁམས་གསུམ་སྡུད་པའི་མ་མོ་ཆེན་མོ་ནི། །དམར་མོ་ཐོད་ཁྲག་སྐོམ་དུ་འཐུང་བྱེད་མ། །ང་རྒྱལ་དྲེགས་པའི་འཁོར་ཡང་འཇོམས་བྱེད་མ། །མ་མོ་འདི་ཡི་དབང་༴ མ་མ༴ ཨ་བྷི༴ རྒྱུད་དྲུག་སྒྲོལ་བའི་མ་མོ་ཆེན་མོ་ནི། །སྨུག་ནག་མེ་འབར་གཡང་གཞི་གོས་སུ་གྱོན། །མི་སྙིང་བརྒྱས་པའི་ཕྲེང་བ་ཀླད་ལ་བསྐོར། །མ་མོ་འདི་ཡི་དབང་༴ མ་མ༴ ཨ་བྷི༴ སྲིད་གསུམ་ཟ་བར་བྱེད་པའི་མ་མོ་ནི། །དམར་ནག་གནམ་ས་གཉིས་ཀྱང་གོས་སུ་གྱོན། །བདུད་དང་སྲིན་པོའི་ཚོགས་རྣམས་འདར་ཞིང་འདུད། །མ་མོ་འདི་ཡི་དབང་༴ མ་མ༴ ཨ་བྷི༴ སྲིད་གསུམ་ཡོངས་ལ་དབང་སྒྱུར་མ། །སེར་ནག་ཉི་ཟླ་ཐོད་དུ་བཅིངས། །གནམ་ས་གཉིས་ལ་དབང་བྱེད་མ། །མ་མོ་འདིས་ཀྱང་དབང་བསྐུར་རོ། །མ་མ༴ ཨ་བྷི༴ མཐུ་རྩལ་བསྙེམས་པའི་མ་མོ་ནི། །ལྗང་ནག་ཞིང་གི་གོ་ཟུ་གྱོན། །ལག་པ་གཡས་པས་ནམ་མཁའ་འདེགས། །མ་མོ་འདིས་ཀྱང་དབང་༴ མ་མ༴ ཨ་བྷི༴ ཁྲོས་མ་ཁྲག་འཐུང་གསུར་ལ་དགའ། །མི་ཤ་རྟ་ཤ་ཟས་སུ་ཟ། །མི་ཁྲག་རྟ་ཁྲག་སྐོམ་དུ་འཐུང་། །མ་མོ་འདིས་ཀྱང་དབང་༴ མ་མ༴ ཨ་བྷི༴ སྒྲོལ་བྱེད་མ་མོ་ཆེན་མོ་ནི། །མཐིང་ནག་ནང་རོལ་གློ་སྙིང་འབྱིན། །ཕྲིན་ལས་དམ་ཉམས་སྒྲོལ་ལ་བརྩོན། །མ་མོ་འདིས་ཀྱང་དབང་༴ མ་མ༴ ཨ་བྷི༴ ཟ་བྱེད་མ་མོ་ཆེན་མོ་ནི། །ཚེ་སྲོག་འཕྲོག་པའི་མ་མོ་སྟེ། །སྔོ་ནག་གཡུ་ཡི་ཟ་མ་ཏོག །ཉམས་པ་ལེན་ཅིང་སྒྲུབ་པ་སྟོན། །མ་མོའི་དབང་འདི་བུ་ལ་སྦྱིན། །མ་མ༴ ཨ་བྷི༴ རྔམ་བྱེད་མ་མོ་ཆེན་མོ་ནི། །འཕྱོ་ལ་དགའ་བའི་མ་མོ་སྟེ། །ནམ་མཁའ་འབྲུག་སྔོན་ཆིབས་སུ་ཆིབས། །དགྲ་དང་ཉམས་པའི་སྙིང་འབྱིན་མ། །མ་མོའི་དབང་འདི༴ མ་མ༴ །ཨ་བྷི༴ འཛིན་བྱེད་མ་མོ་ཆེན་མོ་ནི། །འཇིགས་བྱེད་ཞལ་དུ་བཏབ་པའི་མ། །སེར་ནག་ཐོད་ཁྲག་ལྕགས་ཀྱུ་ཐོགས། །མ་ལུས་སྒྲོལ་བའི་ཞིང་ཆེན་མོ། །མ་མོའི་དབང་འདི༴ མ་མ༴ ཨ་བྷི༴ བགེགས་ཆེན་འཇོམས་པའི་མ་མོ་ནི། །སྙིང་ལ་འདེབས་པའི་མ་མོ་སྟེ། །སྔོ་ནག་སྤུ་གྲི་ཐོ་བ་ཐོགས། །བགེགས་ཀྱི་རྒྱལ་པོའི་སྙིང་ལ་འདེབས། །མ་མོའི་དབང་འདི༴ མ་མ༴ ཨ་བྷི༴ ཞིང་བཅུ་བསྒྲལ་བའི་མ་མོ་ནི། །ལྗང་ནག་བྷནྡྷ་གྲི་ཐོགས་མ། །འཇིག་རྟེན་ཁམས་ཀྱི་དབང་མོ་ཆེ། །མ་མོའི་དབང་འདི༴ མ་མ༴ ཨ་བྷི༴ ཆད་པས་གཅོད་པའི་མ་མོ་ནི། །སྔོ་ནག་ཞིང་གི་གཡང་གཞི་སྡེབ། །དམ་ཚིག་ཉམས་པའི་སྙིང་འབྱིན་མ། །མ་མོའི་དབང་འདི༴ མ་མ༴ ཨ་བྷི༴ འབྱུང་པོ་སྒྲོལ་བྱེད་མ་མོ་ནི། །བྷནྡྷ་གྲི་ཐོགས་འབྱུང་པོ་སྒྲོལ། །ཤར་གྱི་ཕྱོགས་ཀྱི་ལས་བྱེད་མ། །མ་མོའི་དབང་འདི༴ མ་མ༴ ཨ་བྷི༴ གཤིན་རྗེ་སྒྲོལ་བྱེད་མ་མོ་ནི། །བྷནྡྷ་གྲི་ཐོགས་གཤིན་རྗེ་སྒྲོལ། །ལྷོ་ཡི་ཕྱོགས་ནས་ལས་བྱེད་མ། །མ་མོའི་དབང་འདི༴ མ་མ༴ ཨ་བྷི༴ ནུབ་ཕྱོགས་ཀླུ་སྒྲོལ་ཆེན་མོ་ནི། །བྷནྡྷ་གྲི་ཐོགས་ཀླུ་ཆེན་སྒྲོལ། །ནུབ་ཀྱི་ཕྱོགས་ཀྱི་ལས་བྱེད་མ། །མ་མོའི་དབང་འདི༴ མ་མ༴ ཨ་བྷི༴ གནོད་སྦྱིན་སྒྲོལ་བྱེད་ཆེན་མོ་ནི། །ལྗང་ནག་བྷནྡྷ་གྲི་ཐོགས་མ། །བྱང་གི་ཕྱོགས་ནས་ལས་བྱེད་མ། །མ་མོའི་དབང་འདི༴ མ་མ༴ ཨ་བྷི༴ སྲིན་མོ་སྒྲོལ་བྱེད་མ་མོ་ནི། །སྔོ་ནག་བྷནྡྷ་གྲི་ཐོགས་མ། །སྟེང་གི་ཕྱོགས་ནས་ལས་བྱེད་མ། །མ་མོའི་དབང་འདི༴ མ་མ༴ ཨ་བྷི༴ སྲིན་མོ་སྒྲོལ་བྱེད་མ་མོ་ནི། །སྨུག་ནག་བྷནྡྷ་གྲི་ཐོགས་མ། །འོག་གི་ཕྱོགས་ནས་ལས་བྱེད་མ། །མ་མོའི་དབང་འདི༴ མ་མ༴ ཨ་བྷི༴ གཟུགས་ལ་མངའ་མཛད་དབང་མོ་ཆེ། །དཀར་མོ་ཞིང་གི་དབྱུག་པ་བསྣམས། །དགྲ་བོའི་གཟུགས་རྣམས་འཕྲོག་བྱེད་མ། །མ་མོའི་དབང་འདི༴ མ་མ༴ ཨ་བྷི༴ ཁྲག་ལ་དབང་བའི་མ་མོ་ནི། །སྔོན་མོ་ཐོད་ཁྲག་དཀྲུག་ཅིང་གསོལ། །དགྲ་བོའི་ཁྲག་རྣམས་འཕྲོག་བྱེད་མ། །མ་མོའི་དབང་འདི༴ མ་མ༴ ཨ་བྷི༴ དྲོད་ལ་དབང་བའི་མ་མོ་ནི། །དམར་མོ་ལག་ན་ཙིཏྟ་ཐོགས། །སྡང་བ་དགྲ་ཡི་དྲོད་འཕྲོག་མ། །མ་མོའི་དབང་འདི༴ མ་མ༴ ཨ་བྷི༴ དབུགས་ལ་དབང་བའི་མ་མོ་ནི། །ལྗང་ནག་ཐོད་ཁྲག་ཞགས་པ་ཐོགས། །དགྲ་ཡི་དབུགས་རྣམས་འཕྲོག་བྱེད་མ། །མ་མོའི་དབང་༴ མ་མ ཨ་བྷི༴ བཀྲག་ལ་དབང་བའི་མ་མོ་ནི། །སེར་ན་རལ་གྲི་ཐོད་ཁྲག་འཐུང་། །དགྲ་ཡི་མདངས་རྣམས་འཇིབ་བྱེད་མ། །མ་མོའི་དབང་འདི༴ མ་མ༴ ཨ་བྷི༴ སྲོག་ལ་དབང་བའི་མ་མོ་ནི། །སྨུག་ནག་གྲི་དང་ཐོད་ཁྲག་འཐུང་། །དགྲ་ཡི་སྲོག་རྣམས་འཕྲོག་བྱེད་མ། །མ་མོའི་དབང་འདི༴ མ་མ༴ ཨ་བྷི༴ མ་མོ་ཁྲག་འཐུང་བྱ་རྒོད་མགོ། །སེར་ལྗང་རལ་གྲི་ཐོད་ཁྲག་འཐུང་། །འཇིག་རྟེན་ཁྱབ་པའི་མཐུ་མོ་ཆེ། །མ་མོའི་དབང་འདི༴ མ་མ༴ ཨ་བྷི༴ མ་མོ་ཟ་བྱེད་སྟག་གི་མགོ། །དམར་སེར་ཐོད་ཁྲག་ཞལ་དུ་གསོལ། །གདུག་པའི་ཚོགས་འཇོམས་རྫུའཕྲུལ་ཅན། །མ་མོའི་དབང་འདི༴ མ་མ༴ ཨ་བྷི༴ མ་མོ་འཇིགས་བྱེད་ཆུ་སྲིན་མགོ། །ཤ་ཁྲག་གསུར་ལ་དགའ་བྱེད་མ། །འཇིག་རྟེན་འདི་ན་དབང་ཆེར་ངེས། །མ་མོའི་དབང་འདི༴ མ་མ༴ ཨ་བྷི༴ མ་མོ་ཆེན་མོ་དུར་ཁྲོད་རྒྱན། །མི་ལྤགས་རློན་པ་ན་བཟར་གསོལ། །དུར་ཁྲོད་བགེགས་ཆེན་འདུལ་མཛད་མ། །མ་མོའི་དབང་འདི༴ མ་མ༴ ཨ་བྷི༴ རྡོ་རྗེ་གར་གྱི་དབང་མོ་ཆེ། །དབུ་བརྒྱ་སྤྱན་སྟོང་ཀུན་ལ་ཁྱབ། །མ་ལུས་སྒྲོལ་བའི་གིང་ཆེན་མ། །མ་མོའི་དབང་འདི༴ མ་མ༴ ཨ་བྷི༴ པདྨ་གར་གྱི་དབང་ཕྱུག་མ། །ལག་ན་མི་མགོའི་ཕོར་པ་རུ། །མི་སྙིང་ཚིལ་བུས་བཀང་ཞིང་གསོལ། །མ་མོའི་དབང་འདི༴ མ་མ༴ ཨ་བྷི༴ ས་བདག་ཆེན་མོ་པདྨ་ཕྲེང་། །དམར་ནག་བྷནྡྷ་ཁྲག་གིས་བཀང་། །མིག་རྩ་དམར་ཞིང་རྔམ་པ་ཆེ། །མ་མོའི་དབང་འདི༴ མ་མ༴ ཨ་བྷི༴ སྲིད་པ་གསུམ་གྱི་མངའ་བདག་མོ། །རི་རབ་རྩེ་ནས་བསྙིལ་བྱེད་ཅིང་། །རྒྱ་མཚོ་གཏིང་ནས་རྙོག་བྱེད་མ། །མ་མོའི་དབང་འདི༴ མ་མ༴ ཨ་བྷི༴ རྒྱ་མཚོ་གཏིང་གི་དབང་མོ་ཆེ། །ན་བཟའ་ཆུ་སྲིན་ལྤགས་པ་གསོལ། །སྦྲུལ་ནག་སྟོང་གི་གདེངས་ཀ་ཅན། །མ་མོའི་དབང་འདི༴ མ་མ༴ ཨ་བྷི༴ མ་མོ་རྡོ་རྗེ་ཐོ་བ་མ༴ སྔོ་ནག་མི་བསྲུན་ཐོ་བ་ཐོགས། །སྲིན་མོའི་ཚོགས་ཀྱང་འདར་ཞིང་གཡོ། །མ་མོའི་དབང་འདི༴ མ་མ༴ ཨ་བྷི༴ མ་མོ་རྡོ་རྗེ་གཏུན་ཁུང་མ། །མཐིང་ནག་དགྲ་བོ་གཏུན་དུ་བརྡུང་། །གང་ལ་བྱ་བ་རྡུལ་དུ་རློག །མ་མོའི་དབང་འདི༴ མ་མ༴ ཨ་བྷི༴ མ་མོ་རྡོ་རྗེ་དུར་ཁྲོད་བདག །སྔོ་ནག་མི་མགོ་རྡོ་རྗེ་དབྱུག །གདུག་པའི་ཚོགས་ཀྱང་འཇོམས་པར་བྱེད། །མ་མོའི་དབང་འདི༴ མ་མ༴ ཨ་བྷི༴ མ་མོ་རྡོ་རྗེ་གདེངས་པ་མོ། །སྔོ་ནག་རྡོ་རྗེ་རྩེ་གསུམ་བསྣམས། །གདུག་ཅིང་གཏུམ་པའི་དྲག་ཤུལ་ཆེ། །མ་མོའི་དབང་འདི༴ མ་མ༴ ཨ་བྷི༴ མ་མོ་རྡོ་རྗེ་གསལ་བཀྲ་མ། །དམར་ནག་མི་ཡི་རྒྱུ་ཞགས་འཕེན། །བཀའ་ལས་འགལ་བ་འཛིན་བྱེད་མ། །མ་མོའི་དབང་འདི༴ མ་མ༴ ཨ་བྷི༴ མ་མོ་རྡོ་རྗེ་ཁྲག་འཐུང་མ། །ལྗང་སེར་བྷནྡྷ་རཀྟས་བཀང་། །བཀའ་ལས་འགལ་བའི་སྙིང་ཁྲག་འཐུང་། །མ་མོའི་དབང་འདི༴ མ་མ༴ ཨ་བྷི༴ མ་མོ་ནག་མོ་དྲེད་ཞོན་མ། །ནད་ཀྱི་རྐྱལ་པ་གོང་དུ་བཏགས། །ཚོན་གྱི་གྲུ་གུ་ཀླད་ལ་བསྐོར། །མ་མོའི་དབང་འདི༴ མ་མ༴ ཨ་བྷི༴ དུས་བཞིའི་རྒྱལ་མོ་མཐུ་མོ་ཆེ། །སྲིད་པ་གསུམ་ལ་དབང་བྱེད་ཅིང་། །ཅིར་ཡང་འགྱུར་བའི་སྐུ་མངའ་བ། །མ་མོའི་དབང་འདི༴ མ་མ༴ ཨ་བྷི༴ མ་མོ་གནས་ཡུལ་སྤྱང་ཀིའི་མགོ། །མི་ཤ་ཟ་ཞིང་བདུད་ཁྱིམ་འཇོམས། །བལྟས་པས་བདུད་རྣམས་རླག་བྱེད་མ། །མ་མོའི་དབང་འདི༴ མ་མ༴ ཨ་བྷི༴ མ་མོ་རྫུ་བྱེད་སྟག་དང་དོམ། །གཅན་གཟན་གདུག་པའི་གཟུགས་སུ་སྤྲུལ། །མ་ལུས་འཇོམས་པའི་མཐུ་མོ་ཆེ། །མ་མོའི་དབང་འདི༴ མ་མ༴ ཨ་བྷི༴ མ་མོ་འཇོམས་བྱེད་ཕོ་ཉ་མ། །ཁྲ་ལྟར་འཇུམས་ཤིང་ཁྱི་ལྟར་ཟུག །གང་ལ་དམིགས་པ་ཡུད་ཀྱིས་ལེན། །མ་མོའི་དབང་འདི༴ མ་མ༴ ཨ་བྷི༴ མ་མོ་གནམ་ས་ཕྱེད་ཀྱི་བདག །རི་ཀླུངས་མེད་པ་གཟུགས་ཀྱིས་ཁེབས། །ཆེ་ཆུང་མེད་པར་འཇོམས་པར་བྱེད། །མ་མོའི་དབང་འདི༴ མ་མ༴ ཨ་བྷི༴ མ་མོ་ཕོ་ཉ་རྒྱུག་བྱེད་མ། །བུད་མེད་ལུས་ལ་འཇའ་ཚོན་གོས། །བང་ནི་རི་ཀླུངས་མེད་པར་རྒྱུག །མ་མོའི་དབང་འདི༴ མ་མ༴ ཨ་བྷི༴ མ་མོ་ཕོ་ཉ་ཟ་བྱེད་མ། །བུད་མེད་ལུས་ལ་སྟག་གི་མགོ། །ཟས་སུ་གཙང་རྨེ་མེད་པར་ཟ། །མ་མོའི་དབང་འདི༴ མ་མ༴ ཨ་བྷི༴ རྡོ་རྗེ་ཡ་བྱིན་ཕོ་ཉ་མོ། །དཀར་ཁྲ་ལྕགས་ཀྱུ་ཕུར་བུ་འཛིན། །གང་ལ་བྱ་བ་གྲུབ་པར་བྱེད། །མ་མོའི་དབང་འདི༴ མ་མ༴ ཨ་བྷི༴ རྡོ་རྗེ་བསེ་བྱིན་རྩལ་མོ་ཆེ། །སྔོ་ནག་ཞགས་པ་ཕུར་བུ་ཐོགས། །གང་ལ་བྱ་བ་གྲུབ་པར་བྱེད། །མ་མོའི་དབང་འདི༴ མ་མ༴ ཨ་བྷི༴ རྡོ་རྗེ་ཕག་བྱིན་ཐོགས་པ་མེད། །དམར་ནག་ལྕགས་སྒྲོག་ཕུར་བུ་ཐོགས། །གང་ལ་བྱ་བ་གྲུབ་པར་བྱེད། །མ་མོའི་དབང་འདི༴ མ་མ༴ ཨ་བྷི༴ རྡོ་རྗེ་དེ་བྱིན་དབང་གྲུབ་མ། །ལྗང་ནག་previous hit དྲིལབུ next hit་ཕུར་བུ་འཕེན། །གང་ལ་བྱ་བ་གྲུབ་པར་བྱེད། །མ་མོའི་དབང་འདི༴ མ་མ༴ ཨ་བྷི༴ ས་བདག་རྒྱལ་མོ་ཆེན་མོ་ནི། །སེར་ནག་གསེར་གྱི་བུམ་པ་བསྣམས། །ཚེ་སྲོག་ཀུན་ལ་དབང་སྒྱུར་མ། །མ་མོའི་དབང་འདི༴ མ་མ༴ ཨ་བྷི༴ ཕྱི་འཁོར་སྐྱོང་བའི་མངའ་བདག་མོ། །རྒྱན་དང་ཆ་ལུགས་མཛེས་པའི་ཚུལ། །གནས་ནི་གཡའ་རི་གངས་ལ་གནས། །མ་མོའི་དབང་འདི༴ མ་མ༴ ཨ་བྷི༴ འཕྲོག་སྲིང་རྣམས་ཀྱི་རྗེ་མོ་ནི། །བུད་མེད་བཟང་སྡུག་འོད་ཆགས་མ། སྐྲ་བཤིས་རལ་པ་གྱེན་དུ་མཛེས། མ་མོའི་དབང་འདི༴ མ་མ༴ ཨ་བྷི༴ ཁྲོ་ཚིག་མྱུར་བའི་མ་མོ་ནི། །བུད་མེད་ཁྲག་གི་རལ་པ་ཅན། །ནག་མོ་ལག་ན་ཐོད་པ་ཐོགས། །མ་མོའི་འདི་ཡི་དབང་བསྐུར་རོ། །མ་མ་ཤྭ་ར་ཧཱུཾ། ཨ་བྷི༴ ཧཱུཾ་ཆེན་མཐིང་སྐྱ་འཁོར་ལོ་ཐོད་དབྱུག་ཐོགས། །སྒྲ་འབྱིན་གཙོ་འཁྱུད་དུང་ཁྲག་ཡབ་ལ་སྟོབ། །ཕྲིན་ལས་ཉི་ཟླའི་གདོན་ཚོགས་འདུལ་བའི་དབང་། །སྐལ་ལྡན་རིགས་ཀྱི་བུ་ལ་བསྐུར་བར་བྱ། །ༀ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ། གརྫ་གརྫ་ཧཱུཾ་ཕཊ། ཀྲོ་དྷི་ཤྭ་རཱི་ཤ་ཡ་བྱ་ཧཱུཾ་ཕཊ། ཨ་བྷི་ཥིཉྩ་ཧཱུཾ། རྣམ་རྒྱལ་དཀར་པོ་རྡོ་རྗེ་རྩེ་ལྔ་ཞིང་དབྱུག་འཕྱར། །མདའ་སྙེམས་གཙོ་འཁྱུད་དུང་ཁྲག་ཡབ་ལ་སྟོབ། །ཕྲིན་ལས་དྲི་ཟའི་གདོན་ཚོགས་འདུལ་བའི་དབང་། །སྐལ་ལྡན༴ ༀ་བཛྲ་ཀྲོ་དྷ་བི་ཛཱ་ཡ་ཧཱུཾ། ཧ་ན་ཧ་ན་ཧཱུཾ་ཕཊ། ཀྲི་བཱི་ཤྭ་རཱ་ལཱ་སྱ་ཀེ་ཧཱུཾ། ཨ་བྷི༴ དབྱུག་སྔོན་སྔོ་སྐྱ་མེ་དབལ་དྲང་སྲོང་འཛིན། །སྡེར་མོ་གཙོ་འཁྱུད་ཐོད་ཁྲག་ཡབ་ལ་སྟོབ། །ཕྲིན་ལས་དྲང་སྲོང་གདོན་ཚོགས་འདུལ་བའི་དབང་། །སྐལ་ལྡན༴ ༀ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུཾ། ད་ཧ་ད་ཧ་ཧཱུཾ་ཕཊ། ཀྲོ་དྷི་ཤྭ་རཱི་པྲ་ཏི་ཛ་ཧཱུཾ། ཨ་བྷི༴ གཤེད་པོ་སེར་ནག་བེ་ཅོན་གཤིན་རྗེ་འཛིན། །དུར་ཁྲོད་གཙོ་འཁྱུད་ཐོད་ཁྲག་ཡབ་ལ་སྟོབ། །ཕྲིན་ལས་གཤིན་རྗེའི་གདོན་ཚོགས་འདུལ་བའི་དབང་། །སྐལ་ལྡན༴ ༀ་བཛྲ་ཀྲོ་དྷ་ཡ་མནྟ་ཀ་ཧཱུཾ། པ་ཙ་པ་ཙ་ཧཱུཾ་ཕཊ། ཀྲོ་དྷི་ཤྭ་རཱི་ཏ་ན་བ་ཏི་ཧཱུཾ། ཨ་བྷི༴ མི་གཡོ་ལྗང་སྔོན་རལ་གྲི་སྲིན་པོ་འཛིན། །གཏུན་ཁུང་གཙོ་འཁྱུད་ཐོད་ཁྲག་ཡབ་ལ་སྟོབ། །ཕྲིན་ལས་སྲིན་པོའིགདོན་ཚོགས་འདུལ་བའི་དབང་། །སྐལ་ལྡན་༴ ༀ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུཾ། བནྡྷ་བནྡྷ་ཧཱུཾ་ཕཊ། ཀྲོ་དྷི་ཤྭ་རཱི་མུ་ཧ་ལ་ཧཱུཾ། ཨ་བྷི༴ རྟ་མགྲིན་དམར་ནག་ཞིང་དབྱུག་ཁྱུང་གཤོག་འཛིན། །གཏུམ་མོ་གཙོ་འཁྱུད་ཐོད་ཁྲག་ཡབ་ལ་སྟོབ། །ཕྲིན་ལས་ཀླུ་ཡི་གདོན་ཚོགས་འདུལ་བའི་དབང་། །སྐལ་ལྡན༴ ༀ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུཾ། ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཀྲོ་དྷི་ཤྭ་རཱི་ཙཎྜ་དྷ་རི་པ་ཏི་ཧཱུཾ། ཨ་བྷི༴ དཔལ་ལྡན་དམར་ལྗང་བ་དན་རླུང་ལྷ་འཛིན། །མདའ་སྙེམས་གཙོ་འཁྱུད་ཐོད་ཁྲག་ཡབ་ལ་སྟོབ། །ཕྲིན་ལས་རླུང་ལྷའི་གདོན་ཚོགས་འདུལ་བའི་དབང་། །སྐལ་ལྡན༴ ༀ་བཛྲ་ཨ་པ་ར་ཛཱི་ཏ་ཧཱུཾ། ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ཀྲོ་དྷི་ཤྭ་རཱི་ཤ་ཡ་བྱ་ཧཱུཾ། ཨ་བྷི༴ བདུད་རྩི་ལྗང་ནག་ནྲྀར་མགོ་དབྱུག་ཏོ་འཕྱར། །རླུང་འབྱིན་གཙོ་འཁྱུད་ཐོད་ཁྲག་ཡབ་ལ་སྟོབ། །ཕྲིན་ལས་གནོད་སྦྱིན་གདོན་ཚོགས་འདུལ་བའི་དབང་། །སྐལ་ལྡན༴ ༀ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ། ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ། ཀྲོ་དྷི་ཤྭ་རཱི་ཡ་བ་ཏི་ཧཱུཾ། ཨ་བྷི༴ རྣམ་རྒྱལ་དཀར་པོ་རྡོ་རྗེ་འབྱུང་པོ་འཛིན། །གསོད་མ་གཙོ་འཁྱུད་ཐོད་ཁྲག་ཡབ་ལ་སྟོབ། །ཕྲིན་ལས་འབྱུང་པོའི་གདོན་ཚོགས་འདུལ་བའི་དབང་། །སྐལ་ལྡན༴ ༀ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུཾ། བྷིནྡྷ་བིནྡྷ་ཧཱུཾ་ཕཊ། ཀྲོ་དྷི་ཤྭ་རཱི་མ་ཧཱ་མཱ་ར་ན་ཧཱུཾ། ཨ་བྷི༴ སྟོབས་ཆེན་དུད་ཁ་ཐོང་གཤོལ་ཏིར་དབྱུག་ཐོགས། །བསྐྱོད་མ་གཙོ་འཁྱུད་ཐོད་ཁྲག་ཡབ་ལ་སྟོབ། །ཕྲིན་ལས་ས་བདག་གདོན་ཚོགས་འདུལ་བའི་དབང་། །སྐལ་ལྡན༴ ༀ་བཛྲ་ཀྲོ་དྷ་མ་ཧཱ་བཱ་ལ་ཧཱུཾ། སྥོ་ཊ་སྥོ་ཊ་ཡ་ཧཱུཾ་ཕཊ། ཀྲོ་དྷི་ཤྭ་རཱི་ཀྵི་བྷི་ན་ཧཱུཾ། ཨ་བྷི༴ ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱིན་གྱིས་རླབས་ཀྱིས། རིགས་ཀྱི་བུ་ལ་ཕྱག་རྒྱ་ཆེན་པོའི་དབང་མཆོག་འདི་བསྐུར་བས། རྒྱུད་མ་ཧཱ་ཡོ་ག་དང་། ལུང་ཨ་ནུ་ཡོ་ག་དང་། མན་ངག་ཨ་ཏི་ཡོ་གའི་ཞི་ཁྲོ་རབ་འབྱམས་ཀྱི་སྐུ་ལྔ་ཡོངས་སུ་རྫོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བརྒྱད་པ་ཡེ་ཤེས་ལྔའི་དབང་ནི། ཐོད་པའི་དབུ་རྒྱན་མགོ་བོའི་གནས་ལྔར་གཏུགས། བུམ་ཆུ་དང་ཤཱུ་ནྱ་ཏཱ་བརྗོད་ཅིང་། ཡེ་ཤེས་ཆེན་པོའི་དོན་དང་དེ་ལྡན་པས། །ཡེ་ཤེས་ལྔ་ཡི་རྟགས་མཆོག་ཕྱག་རྒྱ་ཡིས། །གནས་ལྔ་རབ་ཏུ་གཏུགས་ཏེ་ཐུགས་ཀྱི་དབང་མཆོག་སྦྱིན། །ཤཱུ་ནྱ་ཏཱ་དང་ཨ་བྷི༴ ཞེས་གསུངས་པའི་དོན། ༀ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་བཞིན་དུ་ཨཱ་དཪྴ། ས་མ་ཏཱ། པྲ་ཏྱཱ་བཻ་ཀྵ་ཎ། ཀྲྀ་ཏྱཱ་ནུ་ཥྛ་ན་སོགས་ཀྱི་མཐར། ཨ་བྷི་ཥིཉྩ་ཧཱུཾ། བརྗོད་ཅིང་བུམ་ཆུས་ཀྱང་དབང་བསྐུར་རོ། །ན་མོ། ཕྱོགས་བཅུ༴ རིགས་ཀྱི་བུ་ལ་དབུ་རྒྱན་གྱི་དབང་བསྐུར་བས། རྣམ་པར་ཤེས་པ་ཚོགས་བརྒྱད་གནས་སུ་དག་ནས་ཡེ་ཤེས་ལྔའི་དོན་རྟོགས་པའི་དབང་དམ་པ༴ དགུ་པ་སྐུ་གསུང་ཐུགས་ཀྱི་དབང་ནི། རིགས་ལྔ་ཐོགས་ཏེ། སྐུ་གསུང་ཐུགས་དང་རྡོ་རྗེ་ཡི། །རྣལ་འབྱོར་བདེ་མཆོག་དེ་ཡིན་པས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་དབང་། །རྡོ་རྗེ་ཅན་ལ་སྦྱིན་པར་བྱ། །ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཧཱུཾ། ན་མོ། ཕྱོགས་བཅུ༴ རིགས་ཀྱི་བུ་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་བསྐུར་བས། རིགས་ལྔའི་ཡོན་ཏན་མཐའ་དག་ཐོབ་པའི་དབང་དམ་པ༴ རིགས་གསུམ་གྱི་སྐུ་ཐོགས་ཏེ། ༀ་ཨཱཿཧཱུཾ། སྐུ་གསུང་ཐུགས་དང་རྡོ་རྗེ་ཡི། །རྣལ་འབྱོར་བདེ་མཆོག་དེ་ཡིན་པས། །བདེ་གཤེགས་རྣམས་ཀྱི་སྐུ་ཡི་དབང་། །རྡོ་རྗེ་ཅན་ལ་སྦྱིན་པར་བྱ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ན་མོ། ཕྱོགས་བཅུ༴ རིགས་ཀྱི་བུ་ལ་བདེ་བར་གཤེགས་པའི་སྐུ་ཡིས་བྱིན་གྱིས་རླབས་པས། རྡོ་རྗེའི་སྐུའི་དབང་དམ་པ༴ ༀ་ཨཱཿཧཱུཾ། སྐུ་གསུང་ཐུགས༴ རྣལ་འབྱོར་བདེ་མཆོག༴ བདེ་གཤེགས་རྣམས་ཀྱི་གསུང་གི་དབང་། །རྡོ་རྗེ་ཅན་ལ་སྦྱིན༴ ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱ་ཀ་བཛྲ༴ ན་མོ། ཕྱོགས་བཅུ༴ རིགས་ཀྱི་བུ་ལ་བདེ་བར་གཤེགས་པའི་གསུང་གིས་བྱིན་གྱིས་བརླབས་པས། རྡོ་རྗེ་གསུང་གི་དབང་དམ་པ༴ ༀ་ཨཱཿཧཱུཾ། སྐུ་གསུང་ཐུགས་དང་༴ རྣལ་འབྱོར་བདེ་མཆོག༴ བདེ་གཤེགས་རྣམས་ཀྱི་ཐུགས་ཀྱི་དབང་། །རྡོ་རྗེ་ཅན་ལ་སྦྱིན༴ ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ན་མོ། ཕྱོགས་བཅུ༴ རིགས་ཀྱི་བུ་ལ་བདེ་བར་གཤེགས་པའི་ཐུགས་ཀྱིས་བྱིན་གྱིས་བརླབས་པས། རྡོ་རྗེ་ཐུགས་ཀྱི་དབང་དམ་པ༴ དེ་དག་གིས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་དང་སྐུ་གསུང་ཐུགས་ཀྱི་དབང་ཐོབ་པས། དུག་ལྔ་ཡེ་ཤེས་ལྔ་སྒོ་གསུམ་སྐུ་གསུང་ཐུགས་སུ་གྱུར་པར་བསམ་མོ། །བཅུ་པ་བཀྲ་ཤིས་རྟགས་ཀྱི་དབང་ནི། དབང་མཆོག་ཐོབ་པའི་བུ་དེ་ཡིས། །དོན་རྣམས་གྲུབ་པའི་བཀྲ་ཤིས་ཕྱིར། །བདུད་འདུལ་བཀྲ་ཤིས་རྫས་མཆོག་རྣམས། །རྟགས་ཀྱིས་བརྒྱན་ཏེ་སྦྱིན་པར་བྱ། །དཔལ་ཆེན་ཐུགས་ཀྱི་ས་བོན་ནི། །འདྲེན་པ་རྣམས་ཀྱི་ཐུགས་ལགས་པས། །བླ་མེད་ཐར་ལམ་དྲང་བའི་ཕྱིར། །ཐུགས་དཔལ་བེའུའི་བཀྲ་ཤིས་ཤོག །སྟོན་ལ་བདུད་ཀྱིས་བསྡོམས་པའི་ཚེ། །ཐུགས་དཔལ་བེའུར་བཀྲ་ཤིས་གྱུར། །དེ་རིང་ཁྱོད་ལ་སྦྱིན་པ་ཡིས། །ཐམས་ཅད་མཁྱེན་པའི་དབང་ཐོབ་ཤོག །དཔལ་གྱི་བེའུ་ཐམས་ཅད་མཁྱེན་པའི་དབང་། །གཞན་གྱིས་མི་ཐུབ་ཆེ་བའི་རྟགས་དང་ལྡན། །བསྡོ་བའི་ཕྱོགས་རྣམས་ཀུན་ལས་ཁྱད་པར་འཕགས། །ཐུགས་ཀ་ཉིད་ལས་མངོན་པར་གསལ་བར་སྟོན །འཁོར་ལོ་བཀྲ་ཤིས་ཕྱག་ཞབས་མཐའ། །སྐྱོབ་པའི་སངས་རྒྱས་འདྲེན་པའི་ལྷ། །ཉོན་མོངས་སེམས་ཅན་དམན་པའི་གསོས། །ཕྱག་ཞབས་འཁོར་ལོའི་བཀྲ༴ སྟོན་པ་བདུད་དམག་དྲངས་པའི་ཚེ། །ཕྱག་ཞབས་འཁོར་ལོའི༴ དེ་རིང་ཁྱོད་ལ༴ ཆོས་འཁོར་བསྐོར་བའི༴ གཞན་གྱིས་མི་ཐུབ་ཆེ་བའི༴ བསྡོ་བའི་ཕྱོགས་རྣམས་ཀུན་ལས༴ ཕྱག་ཞབས་མཐིང་ལས་མངོན་པར༴ གསུང་མཆོག་པདྨ་ཆོས་ཀྱི་རྒྱལ། །ཉོན་མོངས་མ་གོས་པདྨའི་སྐུ། །ཐམས་ཅད་སྒྲོལ་བའི་གསུང་ལགས་ཏེ། །ལྗགས་མཆོག་པདྨའི༴ སྟོན་ལ་བདུད་དམག༴ ལྗགས་ཉིད་པདྨའི༴ དེ་རིང་ཁྱོད་ལ༴ ཅིས་ཀྱང་དགོས་མེད་དབང་༴ ལྗགས་ཉིད་པདྨ་དགོས་པ་མེད་པའི་དབང་། །གཞན་གྱིས་མི་ཐུབ་ཆེ་བའི༴ བསྡོ་བའི་ཕྱོགས་རྣམས་ཀུན་ལས༴ ལྗགས་ཀྱི་མཆོག་ལས་མངོན་པར༴ མི་ནུབ་རྒྱལ་མཚན་འཛིན་པའི་སྐུ། །ཐམས་ཅད་བདུད་ཀྱི་སྡེ་བཏུལ་ནས། །དཔུང་བཅོམས་སངས་རྒྱས་སྐུ་བསྟོད་དེ། །སྐུ་མཆོག་རྒྱལ་མཚན༴ སྟོན་ལ་བདུད་ཀྱིས༴ སྐུ་ནི་རྒྱལ་མཚན༴ དེ་རིང་ཁྱོད་ལ༴ བདུད་ལས་རྒྱལ་བའི། རྒྱལ་མཚན་གཞན་གྱིས་མི་ཐུབ་ཆེ་བའི་རྟགས། །བསྔོ་བའི་ཕྱོགས་རྣམས་ཀུན་ལས༴ སྐུ་ཡི་མཆོག་ལས་མངོན་པར༴ བཀྲ་ཤིས་བུམ་པ་པདྨའི་དབང་༴ བཅོམ་ལྡན་འདས་ཀྱི་མགུ་ལགས་ཀྱི། །མགུར་མཆོག་བཀྲ་ཤིས་འདི་བྱིན་པས། །བུམ་པའི་བཀྲ་ཤིས་ཐོབ་པར་ཤོག །སྟོན་ལ་བདུད་ཀྱིས༴ མགུར་ཉིད་བུམ་པར༴ དེ་རིང་ཁྱོད་ལ༴ སྙིང་རྗེས་འཛིན་པའི་དབང་༴ མགུར་ཆུ་ཐུགས་རྗེས་ཀུན་འཛིན་རྟགས། །གཞན་གྱིས་མི་ཐུབ་ཆེ་བའི༴ བསྡོ་བའི་ཕྱོགས་རྣམས་ཀུན་ལས༴ མགུར་གྱི་མཆོག་ལས་མངོན་པར༴ གདུགས་ཀྱིས་བདུད་ཀྱིས༴ དབུ་སྐྲ་གདུགས་སུ༴ དེ་རིང་ཁྱོད་ལ༴ གདུང་བ་བསལ་བའི་དབང་༴ དབུ་སྐྲ་གདུང་བ་སེལ་བ་གདུགས་ཀྱི་དབང་། །གཞན་གྱིས་མི་ཐུབ་ཆེ་བའི༴ བསྡོ་བའི་ཕྱོགས་ཀུན་རྣམས་ཀུན་ལས༴ དབུ་སྐྲའི་མཆོག་ལ་མངོན་པར༴ སྙན་པའི་སྒྲ་རྣམས་ཕྱོགས་བཅུར་སྒྲོག་པ་དང་། །མུ་སྟེགས་ལོག་པའི་ཕྱོགས་རྣམས་སྐྲག་པ་དང་། །སེམས་ཅན་ཀུན་གྱི་ཤེས་པའི་རྒྱུད་གསལ་ཕྱིར། །གསུང་མཆོག་དུང་གི་རྒྱལ་པོའི་བཀྲ་ཤིས་ཤོག །སྟོན་ལ་བདུད་ཀྱིས༴ གསུང་ནི་དུང་དུ༴ དེ་རིང་ཁྱོད་ལ༴ རྒོལ་བ་དཔའ་བཀོང་དབང་༴ དུང་གིས་རྒོལ་བ་དཔའ་བཀོང་སྒྲོགས། །གཞན་གྱིས་མི་ཐུབ་ཆེ་བའི༴ བསྡོ་བའི་ཕྱོགས་རྣམས་ཀུན་ལས༴ གསུང་གི་མཆོག་ལས་མངོན་པར༴ ཕྱག་ཞབས་ཉྭ་བཞིས་བཀྲ་ཤིས་ཏེ། །མཛེས་སྙོམས་ཡིད་འོང་ཀུན་གྱི་དཔལ། །ཉྭ་ཤ་བཀྲ་ཤིས་གསེར་ཉར་ཤོག །སྟོན་ལ་བདུད་ཀྱིས༴ ཕྱག་ཞབས་ཉྭ་བཞི་གསེར༴ དེ་རིང་ཁྱོད་ལ༴ འཁོར་བའི་ཉམ་ང་མེད་པར་ཤོག །ཕྱག་ཞབས་ཉྭ་བཞིས་དོན་མཛད་དབང་། །གཞན་གྱིས་མི་ཐུབ་ཆེ་བའི༴ བསྡོ་བའི་ཕྱོགས་རྣམས་ཀུན༴ ཉྭ་ཤ་བཞི་ལས་མངོན་པར༴ འདི་ནི་གསེར་ཉ་དབང་གི་བཀྲ་ཤིས་སོ། །བཅུ་གཅིག་པ་ཐིག་ལེ་མིང་གི་དབང་གི། རྣམ་སྣང་གི་སྐུ་ཐོགས་ཏེ། དོན་རྣམས་གྲུབ་པའི་བུ་མཆོག་སྟེ། །རྡོ་རྗེ་དབང་མཆོག་ཐོབ་པར་ཤོག །ཞིང་ཁམས་ཀུན་ཏུ་བསྒྲགས་པ་ཡི། །རྩལ་གྱི་ཐིག་ལེ་རྡོ་རྗེ་སྦྱིན། །ཞེས་ཐིག་ལེ་རྩལ་གྱི་མིང་གདགས་སོ། །སྐབས་འདིར་ཁྲོ་བོ་དང་མཐུན་པའི་མིང་ཡང་རིགས་ལྔའི་འགྲེས་སྦྱར་ཏེ་གདམས་པའམ། ཡང་ན་ཐིག་ལེ་རྫོགས་པ་རྩལ། ཐིག་ལེ་མཉམ་རྫོགས་རྩལ། དེ་བཞིན་དུ་ཐིག་ལེ་ཀུན་འབྱུང་རྩལ། ཐིག་ལེ་སྐྱེ་མེད་རྩལ། ཐིག་ལེ་བརྟན་པ་རྩལ། ཐིག་ལེ་བཟློག་བྱེད་རྩལ། ཐིག་ལེ་ཁྱབ་བྱེད་རྩལ། ཐིག་ལེ་གཡོ་མེད་རྩལ། །དེ་བཞིན་དུ་ཐོགས་མར་ཐིག་ལེ་དང་། མཐར་རྩལ་སྦྱར་ཏེ། གྲུབ་པ། སྲ་བརྟན། རིན་ཆེན། ཆགས་མེད། འོད་ཟེར། རབ་འབར། ཉི་མ། གྲགས་པ། བདེ་ཆེན། གཞོན་ནུ། ཡེ་ཤེས། སྟོབས་ཆེན། ཤེས་རབ། བློ་གྲོས། ལས་གྲུབ། མེ་ཏོག །ཀུན་འབྱུང་། བྱིན་རླབས། ཚངས་པ། མི་འགྱུར། ཀུན་བཟང་། ཐིག་ལེ་ཡོན་ཏན་རྩལ་སོགས་གདགས་སོ། །ན་མོ། ཕྱོགས་བཅུ༴ སྐལ་ལྡན་རིགས་ཀྱི་བུ་ལ་དོན་དང་མི་འགལ་བའི་མིང་གི་དབང་བསྐུར་བས། ཐམས་ཅད་འདུས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཅེས་པ་སྟེ། དེས་ནང་དབང་བཅུ་གཅིག་རྫོགས་སོ། །
༈ དེ་ནས་སྒྲུབ་དབང་བཅུ་གསུམ་ལ། དང་པོ་ཤེས་རབ་རིག་པའི་དབང་། གཉིས་པ་ཁམས་གསུམ་བྱང་ཆུབ་སེམས་ཀྱི། གསུམ་པ་ཡེ་ཤེས་འཁོར་ལོའི། བཞི་པ་འགྲོ་དོན་རྫོགས་བྱེད་ཐོང་གཤོལ་གྱི། ལྔ་པ་དུག་གསུམ་གཏན་ནས་སྤྲུལ་པ་ཐོད་པ་ཚར་གསུམ་གྱི། དྲུག་པ་ཉོན་མོངས་གཅོད་པ་མཚོན་ཆའི། བདུན་པ་སྤྱོད་བཞིན་མ་ཆགས་པ་པདྨའི། བརྒྱད་པ་རྣམ་བཞི་ལས་རྫོགས་ཏི་ར་དབྱུག་པའི། དགུ་པ་དོན་དམ་དབྱེར་མེད་སྦྲུལ་ནག་ཆུན་པོའི། བཅུ་པ་གཉིས་མེད་མདོ་སྦྱོར་རྟགས་ལྷ་མོ་ཡུམ་གྱི། བཅུ་གཅིག་པ་བདག་ཉིད་ཆེན་པོ་ལོངས་སྤྱོད་སྣ་ཚོགས་ཀྱི། བཅུ་གཉིས་པ་མངའ་བདག་ཆེན་པོ་སྒྲུབ་རྫས་ཀྱི། བཅུ་གསུམ་པ་གྲགས་པ་རྡོ་རྗེ་མིང་གི་དབང་ངོ་། །དེ་ལ་དང་པོ་ཤེས་རབ་རིག་པའི་དབང་ནི། རྡོ་རྗེ་ཐོགས་ཏེ། སྐྱེ་མེད་ཆོས་ཀྱི་དབྱིངས་ཉིད་ལས། །བློ་ཡིས་དབང་བསྐུར་ཐོབ་པ་ཡིས། །ཤེས་རབ་ཆེན་པོ་རིག་པའི་དབང་། །སེམས་ལོན་དོན་གྱི་གཏན་ཚིགས་ནི། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །ༀ་པྲཛྙཱ་བིདྱཱ་ཨ་བྷི་ཥིཉྩ་ཧཱུཾ། ན་མོ། ཕྱོགས་བཅུ༴ རིགས་ཀྱི་བུ་ལ་རིག་པའི་དབང་བསྐུར་བས། ལྟ་བ་གཏན་ཚིགས་ཤེས་རབ་གསུམ་དང་། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་མཐར་ཕྱིན་པར་གྱུར་ཅིག །གཉིས་པ་ནི། འཁོར་ལོ་ཐོགས་ཏེ། བྱ་བའི་བསམ་པ་ཀུན་བྲལ་ཞིང་། །རྩོལ་མེད་གནས་པའི་བྱང་ཆུབ་སེམས། །སྙིང་རྗེ་ཆེན་པོའི་བདེན་མཆོག་གིས། །ཁམས་གསུམ་ཀུན་ལ་དབང་སྒྱུར་བའི། །དབང་མཆོག་ཁྱོད་ལ་སྦྱིན་པར་བྱ། །ཨ་མ་ན་སི་ཙཀྲ་ཨ་བྷི་ཥིཉྩ་ཧཱུཾ། ན་མོ། ཕྱོགས་བཅུ༴ རིགས་ཀྱི་བུ་ལ་འཁོར་ལོ་སྦྱིན་པས་བྱང་ཆུབ་ཀྱི་སེམས་ཁམས་གསུམ་ཏིང་འཛིན་དང་། སྙིང་རྗེ་སྒྱུ་མ་ཚད་མེད་དང་། ཀུན་ཏུ་སྣང་གི་ཏིང་འཛིན་མཐར་ཕྱིན་པར་གྱུར་ཅིག །གསུམ་པ་ཡིག་འབྲུ་ཐོགས་ཏེ། ཉོན་མོངས་ལྔ་པོ་གནས་གྱུར་པས། །ཡེ་ཤེས་ལྔ་པོ་ཐོབ་བྱའི་ཕྱིར། །ཡི་གེའི་འཁོར་ལོའི་དབང་མཆོག་འདི། །དབང་ཐོབ་དེ་ཡི་ལག་ཏུ་སྦྱིན། །པུརྣ་ཙཀྲ་ཨ་བྷི༴ ན་མོ། ཕྱོགས་བཅུ༴ རིགས་ཀྱི་བུ་ལ་ཡི་གེ་འཁོར་ལོ་སྦྱིན་པས། སྟོང་ཉིད་སྙིང་རྗེ་དབྱེར་མེད་དང་། སེམས་ཉིད་སྟོང་པ་སྣང་བ་མེད་པའི་རིག་པ་རྒྱུའི་ཏིང་ངེ་འཛིན་མཐར་ཕྱིན་པར་གྱུར་ཅིག །བཞི་པ་ཐོང་གཤོལ་ཐོགས་ཏེ། སྲིད་གསུམ་འགྲོ་བའི་དོན་རྣམས་ཀུན། །ཐམས་ཅད་རྫོགས་པར་ནུས་པ་ཡི། །རྟགས་ཀྱི་དབང་མཆོག་དམ་པ་ནི། །ཐོང་གཤོལ་འབར་བ་སྦྱིན་པར་བྱའོ། །ཨ་མོ་གྷ་སིདྡྷི་ཨ་བྷི༴ ན་མོ། ཕྱོགས་བཅུ༴ རིགས་ཀྱི་བུ་ལ་ཐོང་གཤོལ་སྦྱིན་པས། ཡི་གེ་དང་ལྷ་དུ་མས་རྟོག་འཇོམས་ཕྱག་རྒྱ་སྤྲོས་བཅས་བདག་གཞན་དོན་བྱེད་ཀྱི་དབང་ཐོབ་པར་གྱུར་ཅིག །ལྔ་པ་ཐོད་པ་ཚར་གསུམ་ཐོགས་ཏེ། དུག་གསུམ་གཏིང་ནས་སྤྲུགས་པ་ཡི། །རྟགས་ཆེན་གའུ་རྣམ་པ་གསུམ། །དམར་ཆེན་ཁྲག་གིས་བཀང་ནས་ཀྱང་། །དབང་ཐོབ་དེ་ཡི་ལག་ཏུ་སྦྱིན། །དུག་གསུམ་གཏན་སྤྲུགས་ཐོད་པའི་དབང་། །སྐུ་གསུམ་ལྷུན་གྱིས་གྲུབ་པ་ཡིས། །དུག་གསུམ་གཏན་ནས་ཟད་བྱེད་པ། །གའུ་གསུམ་གྱི་དབང་བསྐུར་བས། །སངས་རྒྱས་སྐུ་གསུམ་ཐོབ་པར་ཤོག །ༀ་ཏྲཱི་སུདྡྷ་ཀ་པཱ་ལི་ཨ་བྷི༴ ན་མོ། ཕྱོགས་བཅུ༴ རིགས་ཀྱི་བུ་ལ་དུག་གསུམ་སྤྲུག་པའི་གའུ་རྣམ་གསུམ་སྦྱིན་པས། བར་དུ་གཅོད་པ་ཐམས་ཅད་ཀྱི་དབང་དུ་མི་འགྱུར་བར། བུས་དམ་བཅས་འཚམས་པ་ཇི་སྲིད་དུ་དུག་གསུམ་སྐུ་གསུང་ཐུགས་སུ་སྒྲུབ་པའི་ཚོམ་བུ་ཚོགས་ཆེན་དུ་མས་བསྒྲུབས་པ་དང་། ཚོགས་ཆེན་ཚིག་སྒྲུབ་ཀྱི་དབང་ཐོབ་པར་གྱུར་ཅིག །དྲུག་པ་མཚོན་ཆ་སྣ་ཚོགས་ཐོགས་ཏེ། ཐོགས་པ་མེད་པའི་ཤེས་རབ་ཀྱིས། །དུག་གསུམ་རྩད་ནས་བཅད་པའི་ཕྱིར། །རལ་གྲི་ལ་སོགས་མཚོན་ཆ་ཡིས། །དབང་མཆོག་དམ་པ་ཁྱོད་ལ་སྦྱིན། །ཁཏྒ་ཨ་བྷི༴ ན་མོ། ཕྱོགས་བཅུ༴ རིགས་ཀྱི་བུ་ལ་སྲིད་པ་གསུམ་སྒྲོལ་བའི་ཀ་ཏར་མཚོན་ཆ་སྦྱིན་པར། དོན་དམ་བདེན་པ་མཐོང་བའི་ལམ་བསྙེན་པ་མཐར་ཕྱིན་ནས་ཟག་ལྡོག་མེད་པའི་རིག་འཛིན་དུ་གྱུར་ཅིག །བདུན་པ་པདྨ་ཐོགས་ཏེ། ཉོན་མོངས་འཁོར་བའི་ཆོས་རྣམས་ལ། །སྤྱད་ཀྱང་གོས་པར་མི་འགྱུར་བའི། །རྟགས་ཀྱི་ཕྱག་རྒྱ་ཆེན་པོ་ནི། །པདྨའི་དབང་མཆོག་སྦྱིན་པར་བྱ། །ༀ་པདྨ་ཨ་བྷི༴ ན་མོ། ཕྱོགས་བཅུ༴ རིགས་ཀྱི་བུ་ལ་སྐྱོན་གྱིས་མ་གོས་རྣམ་དག་པདྨ་སྦྱིན་པས། ཀུན་རྫོབ་བདེན་པ་མཐོང་བའི་ལམ་ཉེ་བར་བསྙེན་པ་མཐར་ཕྱིན་པས། ཟག་པ་ཉོན་མོངས་ཕྱིར་ཟློག་པ་མེད་པའི་རིག་འཛིན་དུ་གྱུར་ཅིག །བརྒྱད་པ་བམ་དབྱུག་ཐོགས་ཏེ། ལས་རྣམས་རྫོགས་པར་བྱེད་པ་ཡི། །དབང་མཆོག་དམ་པའི་རྟགས་ཆེན་འདི། །ཏི་རའི་དབྱུག་པ་ཆེན་པོ་དག །དབང་ཐོབ་དེ་ཡི་ལག་ཏུ་སྦྱིན། །ཞིང་དབྱུག་དགྲ་སྟྭ་ཏྲི་ཤུ་ལ། །རྣམ་བཞི་ལས་ཀྱིས་འདུལ་བ་ཡི། །ཕྱག་རྒྱ་ཆེན་པོར་བསྟན་པ་ནི། །ཏི་ར་ཆེན་པོ་དབྱུག་པའི་དབང་། །སྐལ་ལྡན་རྣལ་འབྱོར་ཁྱོད་ལ་སྦྱིན། །ཏི་ར་དཎྜ་ཨ་བྷི༴ ན་མོ། ཕྱོགས་བཅུ༴ རིགས་ཀྱི་བུ་ལ་ལས་རྣམས་རྫོགས་པ་ཏི་རའི་དབྱུག་པ་སྦྱིན་པས། དབྱེར་མེད་བདེན་པ་མཐོང་བའི་ལས་སྒྲུབ་པ་མཐར་ཕྱིན་པས་ཟག་ལྡོག་མེད་པའི་རིག་འཛིན་དུ་གྱུར་ཅིག །དགུ་པ་སྦྲུལ་ནག་ཆུན་པོ་ཐོགས་ཏེ། ཡུམ་དང་གཉིས་མེད་འཁྲིལ་བ་ཡིས། །ཆོས་ཉིད་དོན་དང་གཉིས་མེད་རྟགས། །སྦྲུལ་ནག་འཁྲིལ་བའི་ཆུན་པོ་འདི། །སྐལ་ལྡན་རྣལ་འབྱོར་ཁྱོད་ལ་སྦྱིན། །དཔལ་ཆེན་ཧེ་རུ་ཀ་ལ་ནི། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། །སྦྲུལ་གྱི་ཆུན་པོས་དབང་བསྐུར་བས། །ཐུགས་རྗེ་ཞེ་སྡང་གནས་སུ་དག །དེ་བཞིན་རིགས་ཀྱི་བུ་ཁྱོད་ལ། །སྦྲུལ་གྱི་ཆུན་པོས་དབང་བསྐུར་བས། །བདུད་དང་སྲིན་པོ་ཀུན་བཅོམ་ནས། །འཇིགས་བྱེད་ཆེན་པོའི་མཐུ་ལྡན་ཤོག །ཨ་དྭ་ཡ་ཨ་བྷི༴ ན་མོ། ཕྱོགས་བཅུ༴ རིགས་ཀྱི་བུ་ལ་སྦྲུལ་གྱི་ཆུན་པོས་དབང་བསྐུར་བས། དོན་དམ་དང་ཀུན་རྫོབ་དབྱེར་མེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བཅུ་པ་རིག་མ་ཐོགས་ཏེ། གསང་བ་སྦྱོར་བ་ཤེས་རབ་མ། །དྲི་མེད་རྣམ་དག་ལྷ་མོ་ཞིག །མཚན་ལྡན་ཤན་ཏུ་བརྒྱན་བྱས་ལ། །དབང་ཐོབ་དེ་ལ་སྦྱིན་པར་བྱ། །དོན་དམ་རང་བཞིན་སྤྲོས་བྲལ་བ། །དྲི་མེད་རྣམ་དག་བྱང་ཆུབ་སེམས། །ཞི་བྱེད་གཟུངས་མའི་རྒྱལ་མོའི་དབང་། །སྐལ་ལྡན་རྣལ་འབྱོར་ཁྱོད་ལ་སྦྱིན། །དྷ་རི་ཨ་བྷི༴ ན་མོ། ཕྱོགས་བཅུ༴ རིགས་ཀྱི་བུ་ལ་གསང་བ་སྤྱོད་པའི་ཤེས་རབ་ལྷ་མོ་སྦྱིན་པས། བསྙེན་སྒྲུབ་བཞི་སྦྱོར་སྒྲོལ་ལམ་མཆོག་རྫོགས་ཤིང་། སྒྲུབ་པའི་རིག་འཛིན་མཐར་ཕྱིན་པས་རྣམ་པར་སྨིན་པའི་རིག་འཛིན་དང་། ཚེ་ལ་དབང་བའི་རིག་འཛིན་དུ་གྱུར་ཅིག །བཅུ་གཅིག་པ་ལོངས་སྤྱོད་སྣ་ཚོགས་ལ། བཟའ་བཏུང་དངོས་འབྱོར་དུ་མ་བཤམས་ཏེ་དབང་བསྐུར་ཞིང་། བཟའ་དང་བཅའ་དང་བཏུང་དང་བགོ། །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ཀུན། །སྤྱོད་ཅིང་མ་ཆགས་རོལ་པ་ཡི། །ལོངས་སྤྱོད་རྫོགས་པའི་དབང་བསྐུར་རོ། །ཛ་གད་ལ་སོགས་བདུད་རྩི་ཡིས། །འཁོར་བའི་རྟོག་པ་གཞོམ་པའི་ཕྱིར། །དད་ལྡན་བུ་ཀུན་ཚིམ་པར་གྱིས། །བདུད་རྩི་རྣམ་ལྔའི་དབང་ཐོབ་ཤོག །དབང་ཐོབ་རྒྱལ་པོ་ཆེན་པོ་དང་། །ཀུན་གྱི་བདག་པོ་ཡིན་པས་ན། །རོལ་མོ་དྲི་དང་ཞལ་ཟས་དང་། །འདོད་ཡོན་ལྔ་ལ་སོགས་པ་དང་། །ཉེ་བའི་ལོངས་སྤྱོད་རྒྱན་རྣམས་ཀུན། །ཐམས་ཅད་ཀུན་ནས་སྦྱིན་པར་བྱ། །ༀ། བཟའ་དང་བཅའ་དང་བཏུང་ལ་སོགས། །རང་སེམས་རྣམ་དག་རྒྱན་གྱི་ཕྱིར། །གཉིས་མེད་རོལ་པའི་དབང་བསྐུར་བས། །བདུད་རྩི་ཡིད་བཞིན་སྐུ་གྲུབ་ཤོག །ཙ་ཏུ་ཨ་བྷི༴ དཀར་རྩི་དམར་རྩི་ཤ་དྲི་ཆེན། །ལོངས་སྤྱོད་ཐུན་མོང་དབང་བཅུ་དང་། །བདག་གཞན་བྱ་བ་ཡོངས་རྫོགས་དང་། །སྣང་སྲིད་ཀུན་གྱི་དབང་བསྐུར་བས། །སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་། བསམ་གཏན་དང་ཤེས་རབ་དང་ཐབས་ལ་མཁས་པ་མཐར་ཕྱིན་ནས་ཟག་པ་དང་ལྡོག་པ་མེད་པའི་སྒོམ་ལམ་ཕྱག་རྒྱ་ཆེན་པོར་གྱུར་ཅིག །ན་མོ། ཕྱོགས་བཅུ༴ རིགས་ཀྱི་བུ་ལ་ཞལ་ཟས་བཟའ་བཏུང་གི་དབང་བསྐུར་བས། འདོད་ཡོན་ལྔ་ལ་ལོངས་སྤྱོད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཅེས་བཟའ་བཏུང་རྣམས་སློབ་མ་ལ་བྲིམས་ཤིང་རོལ་ལོ། །བཅུ་གཉིས་པ་སྒྲུབ་རྫས་ལ། སྔོན་ཚེ་དཔལ་ཆེན་ཧེ་རུ་ཀར། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། །སྟག་གི་ཤམ་ཐབས་དབང་བསྐུར་བས། །བདུད་དང་སྲིན་པོ་ཀུན་བསྒྲལ་ནས། །མ་ཚོགས་མཁའ་འགྲོ་དབང་དུ་བསྡུས། །དེ་བཞིན་སྐལ་ལྡན་བུ་ཁྱོད་ལ། །སྟག་གི་ཤམ་ཐབས་གསོལ་བ་ཡིས། །དཔའ་བོ་བདུད་ལས་རྒྱལ་བ་དང་། །རྣམ་རྟོག་འཇོམས་པའི་དབང་ཐོབ་ཤོག །སྔོན་ཚེ་དཔལ་ཆེན་ཧེ་རུ་ཀར། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། །གླང་ཆེན་ཀོ་རློན་དབང་བསྐུར་བས། །གཏི་མུག་གནས་སུ་དག་པ་དང་། །ཁམས་གསུམ་བདག་པོར་གྱུར་པ་ལྟར། །དེ་རིང་རྣལ་འབྱོར་བུ་ཁྱོད་ལ། །གླང་ཆེན་ཀོ་རློན་དབང་བསྐུར་བས། །གཏི་མུག་གནས་སུ་དག་གྱུར་ནས། །བདུད་དཔུང་ཆེན་པོ་འཇོམས་པར་ཤོག །སྔོན་ཚེ་དཔལ་ཆེན་ཧེ་རུ་ཀར། །བདུད་དང་སྲིན་པོ་ལ་སོགས་པས། །བཅོམ་ལྡན་སྐུ་ལ་བསྡོས་པའི་ཚེ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། །ཞིང་གི་གཡང་གཞིའི་དབང་བསྐུར་བས། །བདུད་དང་སྲིན་པོ་བཏུལ་བ་ལྟར། །འཁོར་བ་རྡུལ་དུ་བརླག་པའི་ཕྱིར། །དེ་རིང་རྡོ་རྗེ་བུ་ཁྱོད་ལ། །ཞིང་གི་གཡང་གཞིའི་དབང་བསྐུར་བས། །བདུད་དང་སྲིན་པོ་ལ་སོགས་པ། །ཐམས་ཅད་འཇོམས་པ་དབང་ཐོབ་ཤོག །སྔོན་ཚེ་དཔལ་ཆེན་ཧེ་རུ་ཀར། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། །ཐོད་པ་སྐམ་རློན་ར་རི་ཡི། །ཐོད་ཕྲེང་ཚར་གསུམ་མངའ་གསོལ་བས། །ས་གསུམ་ནོན་ནས་སྐུ་གསུམ་འགྲུབ། །དེ་བཞིན་སྐལ་ལྡན་བུ་ཁྱོད་ལ། །ཐོད་ཕྲེང་ཚར་གསུམ་དབང་བསྐུར་བས། །སྐུ་གསུམ་ལྷུན་གྱིས་གྲུབ་པ་དང་། །དུག་གསུམ་གནས་སུ་དག་ནས་ཀྱང་། །ཐམས་ཅད་འདུལ་བའི་དབང་ཐོབ་ཤོག །སྔོན་ཚེ་དཔལ་ཆེན་ཧེ་རུ་ལ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། །སྦྲུལ་གྱི་ཆུན་པོས་དབང་བསྐུར་བས། །ཐུགས་རྗེ་ཞེ་སྡང་གནས་སུ་དག །དེ་བཞིན་སྐལ་ལྡན་བུ་ཁྱོད་ལ། །སྦྲུལ་གྱི་ཆུན་པོས་དབང་བསྐུར་བས། །ཀླུ་བདུད་སྲིན་པོ་ཀུན་བཅོམ་ནས། །འཇིགས་བྱེད་ཆེན་པོའི་སྐུ་ཐོབ་ཤོག །དཔལ་ཆེན་ཧེ་རུ་ཀ་ལ་ནི། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། །ཁྱུང་གི་གཤོག་པས་དབང་བསྐུར་པས། །བདུད་དང་སྲིན་པོ་ཟིལ་གྱིས་གནོན། །དེ་བཞིན་རྣལ་འབྱོར་བུ་ཁྱོད་ལ། །ཁྱུང་གི་གཤོག་པས་དབང་བསྐུར་བས། །རྡོ་རྗེ་ཁྱུང་ལྟར་ཐོགས་མེད་པར། །མཁའ་ལྟར་ཡོངས་ལ་ཁྱབ་པར་ཤོག །ཐབས་དང་ཤེས་རབ་འབྲེལ་བར་ཤོག །ཧཱུཾ། འབར་བ་འཕྲོ་བ་ཡེ་ཤེས་ཐུགས་རྗེར་ལྡན། །ཡེ་ཤེས་གསལ་བས་ཕྱོགས་བཅུར་མུན་ནག་སེལ། །སྨུག་ནག་སྔོ་ནག་སེར་ནག་དང་། །དམར་ནག་ལྗང་ནག་འཇིགས་པའི་གཟུགས། །བསྐལ་པའི་མེ་དཔུང་འབར་བའི་དབང་བསྐུར་བས། །མཚན་མའི་འཛིན་རྟོག་བསྲེག་པའི་དབང་ཐོབ་ཤོག །ཛྭ་ལ་རཾ་ཛྙཱ་ན་ཧཱུཾ། ཨ་བྷི༴ རྟགས་གསུམ་པོ་ཡང་དངོས་སུ་བཏབ་སྟེ། ཁྲག་ཞག་ཐལ་བའི་མཚན་མ་བྱ་ཞིང་། ཧཱུཾ། ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །ཞིང་ཆེན་གསར་རྙིང་ཏི་རར་བཅས། །དམར་གྱི་ཨརྒྷཾ་རྒྱ་མཚོར་འཁྱིལ། །ཁྲག་གི་ཚོམ་བུས་མཚན་པ་ནི། །འདི་ཡང་སྔོན་གྱི་དམ་ཚིག་ལགས། །འདི་ཡང་རྟགས་ཀྱི་ཕྱག་རྒྱ་སྟེ། །འདོད་ཆགས་གནས་སུ་དག་པ་ཡི། །ཁྲག་གི་ཐིག་ལེས་རྟགས་མཚན་ནས། །ཁྲག་གི་ཐིག་ལེས་དབང་བསྐུར་བས། །གཏུམ་པ་དྲག་པོ་འཇོམས་པ་དང་། །ང་རྒྱལ་དྲེགས་པ་འདུལ་མཛད་ཅིང་། །དབང་མཆོག་དམ་པ་ཐོབ་པར་ཤོག །ༀ་མ་ཧཱ་རཀྟ་ཏཱི་ལ་ཀ་ཧཱུཾ། ཧེ་རུ༴ དུར་ཁྲོད༴ ཞིང་ཆེན༴ དམར་གྱི༴ ཞག་གི་ཚོམ་བུས༴ འདི་ཡང་སྔོན་གྱི༴ འདི་ཡང་རྟགས་ཀྱི༴ ཆོས་ཉིད་ཞགས་ཀྱིས་བརྒྱན་པ་ནི། །ཞག་གི་ཚོམ་བུས་དབང་བསྐུར་བས། །ཆོས་ཉིད་དབྱིངས་སུ་རྒྱལ་བ་དང་། །གདུག་པ་ཐབས་ཀྱིས་འདུལ་བ་དང་། །ཆེ་བའི་ཡོན་ཏན་རྒྱས་པ་དང་། །ཆོས་ཉིད་ཞག་གི་དབང་ཐོབ་ཤོག །སརྦ་ཏ་ཐཱ་ག་ཏ་ཨ་ལ་ལ་ཧོཿ ཧེ་རུ༴ དུར་ཁྲོད༴ ཞིང་ཆེན༴ ཐལ་བའི་ཚོམ་བུས༴ འདི་ཡང་སྔོན་གྱི༴ འདི་ཡང་རྟགས་ཀྱི༴ ཐལ་བའི་མཚན་མས་བརྒྱན་པ་ནི། །གདུག་པ་མ་ལུས་རབ་འདུལ་བ། །ཆེ་བའི་རྒྱལ་པོ་ཀུན་གྱི་བདག །ཐམས་ཅད་ཀུན་ཏུ་དཔའ་བོའི་མཚན། །གདུག་པ་ཟིལ་གནོན་ཐལ་བའི་མཚན། །དབང་མཆོག་འདི་ཡིས་དབང་བསྐུར་བས། །ཁམས་གསུམ་གདུག་པ་ཐལ་བར་རློག །དེ་འདྲའི་དབང་མཆོག་ཐོབ་པར་ཤོག །བ་ཏ་པ་ཡ་ཧཱུཾ། བཅུ་གཉིས་པ་སྒྲུབ་རྫས་ཀྱི་དབང་ལ། རྔ། དུང་། རྡོ་རྗེ། དྲིལ་བུ། ཕུར་པ། ཕྲེང་བ། ཞག །ཐལ་ཆེན། རཀྟ། གཡང་གཞི། ཀོ་རློན། སྟག་ལྤགས། ཐོད་སྦྲུལ་རྣམས་སྦྱིན་ལ། སྒྲུབ་པའི་རྒྱལ་པོ་ཁྱོད་ལ་ནི། །སྒྲུབ་པའི་ལས་ལ་དབང་ཐོབ་ཕྱིར། །རྡོ་རྗེ་སེམས་དཔའ་ལ་སོགས་པའི། །རྒྱལ་བ་ཐམས་ཅད་སྒྲུབ་པ་དང་། །ཚེ་དང་སྨན་ལ་སོགས་པ་རྣམས། །སྒྲུབ་པ་མ་ལུས་བསྒྲུབ་པར་གྱིས། །སརྦ་སིདྡྷི་ཨ་བྷི༴ བཅུ་གསུམ་པ་མིང་གི་དབང་ནི། རྡོ་རྗེ་བྱིན་ལ། རྒྱལ་བ་སངས་རྒྱས་ཐམས་ཅད་དང་། །དབང་ཐོབ་དེ་ཉིད་གཅིག་པའི་ཕྱིར། །རིག་འཛིན་རྡོ་རྗེ་རྩལ་གྱི་དབང། །རྡོ་རྗེའི་མིང་ནི་སྦྱིན་པར་བྱ། །ན་མོ། ཕྱོགས་བཅུ༴ རིགས་ཀྱི་བུ་ལ་མིང་གི་དབང་བསྐུར་བས་ལྷ་དང་གཉིས་སུ་མེད་པར་གྱུར་ཅིག །དེ་བ་ཨ་ཝ་དྷུ་ཏི་ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་བདུད་འདུལ་རྩལ། །རྡོ་རྗེ་གཟི་འབར་རྩལ། དེ་བཞིན་དུ་ཐོག་མར་རྡོ་རྗེ་དང་། མཐར་རྩལ་སྦྱར་ཏེ། ཁྱུང་ཆེན། གཤོག་རྒོད། དྲག་པོ། འབར་མ། ཐོགས་མེད། གྲུབ་མཆོག །གྲགས་མཆོག །ཟླ་ཤར། བདུད་འཇོམས། སྲ་བརྟན། ལྷུན་གྲུབ། གཏེར་ཆེན། བཞད་པ། ཀུན་གྲགས། གཏེར་བཞད། ཁྲོ་མཆོག །གཞོན་ནུ། མཛེས་པ། དབྱིངས་ཕྱུག །འོད་མཆོག །ངེས་གྲུབ། གཡུང་དྲུང་། བདེ་ལྡན། ཆོས་འབྱམས། ཀུན་འབར། ཟླ་ཕྲེང་། སྒྲིབ་མེད། བརྩོན་འགྲུས། ནམ་མཁའ། ཚད་མེད། བྱམས་པ། མགོན་བྱེད་མྱུ་གུ་ཞེས་སོགས་གདགས་སོ། །ཞེས་པས་དབང་བསྐུར་རོ། །དེ་ཡན་ཆད་ཀྱིས་སྒྲུབ་དབང་བཅུ་གསུམ་རྫོགས་སོ། །
༈ དེས་སྒྲུབ་དབང་བཅུ་གསུམ་སོང་ནས། །དབང་གོང་མ་གསུམ་རྒྱས་པ་ལོགས་ན་ཡོད་པས་འོག་ཏུ་འབྱུང་ཡང་། འདིར་ཐུན་མོང་ཙམ་ཞིག་སྦྱིན་པ་ནི། རྩ་བར། དེ་ནས། རྫོགས་ཆེན་ཨ་ཏི་ཡོ་ག་ལ། །གསང་དབང་རྫོགས་པའི་ཆུ་བོས་བྱ། །ཞེས་པ་དང་། སྒྲུབ་པའི་དབང་མཆོག་ཐོབ་པ་དང་། །གསང་བའི་བདག་པོ་ཡིན་པས་ན། །གསང་བའི་དབང་མཆོག་སྦྱིན་པར་བྱ། །དགའ་བ་བྱང་ཆུབ་སེམས་ཆེན་པོ། །ཀུན་ཏུ་ཚིམ་པར་བྱེད་པའི་རོ། །དཀར་དམར་ལྷག་པའི་བྱང་ཆུབ་སེམས། །དབང་ཐོབ་དེ་ཡི་ལྕེ་ལ་བཞག །དབང་མཆོག་གསང་དབང་ཐོབ་པར་ཤོག །ཨ་ཧོ་མ་ཧཱ་སུ་ཀ་ཧོཿ ཞེས་གོང་གི་བདུད་རྩིའི་དཀྱིལ་འཁོར་བཤམས་ཏེ་བསྒྲུབས་པའི་གསང་རྫས་ངག་ཏུ་བླུད་དོ། །འདི་ཙཀླི་གསང་བའི་བརྡའ་དབང་སྟེ། གྲུ་གསུམ་མཐིང་ནག་གི་དབུས་སུ་པད་མ་འདབ་བརྒྱད་ལྟེ་བར་རྡོ་རྗེས་མཚན་པའོ། །ཞེས་གསུངས་པའི་ཙཀླི་དང་རྡོ་རྗེ་previous hit དྲིལབུ next hit་ཡབ་ཡུམ་གྱི་རྟེན་དང་རིག་མ་སྦྱིན་ལ། གཉིས་མེད་དོན་མེད་བྱང་ཆུབ་སེམས། །བུ་མཆོག་དེ་ཡི་སྙིང་ལ་བཞག །དོན་དམ་ཀུན་རྫོབ་ལྷན་ཅིག་སྐྱེས། །རང་བྱུང་ཡེ་ཤེས་ཆེན་པོར་ཤོག །ཨ་ཧོ་མ་ཧཱ་སུ་ཀ་ཧོཿ རྡོ་རྗེའི་སྐེད་པ་དར་དཔྱངས་སྔོན་པོ་ཅན་བྱིན་ཏེ། གསང་དང་ཤེས་རབ་ཡེ་ཤེས་དང་། །དབྱེར་མེད་བདེ་བ་ཆེན་པོའི་དབང་། །རྩོལ་མེད་བྱང་ཆུབ་སེམས་ཆེན་པོ། །ཤེས་རབ་ཆེན་པོ་རྩལ་གྱི་དབང་། །ཆོས་ཀུན་དུ་མར་དབང་སྒྱུར་ནས། །རྩལ་ཆེན་རྫོགས་པའི་དབང་ཡིན་པས། །རྫས་ཀྱི་ཚིག་དང་གང་ཟག་དང་། །ཀུན་རྫོབ་དབང་དེ་མ་ཐོབ་ཀྱང་། །ཆོས་ལ་སེམས་ཀྱི་དབང་ཐོབ་ནས། །རྒྱལ་བ་རིག་འཛིན་ཐམས་ཅད་དང་། །སྲིད་གསུམ་དབང་ཅན་ཐམས་ཅད་ཀུན། །དེ་ལ་དབང་མཆོག་སྒྱུར་བར་འགྱུར། །དེ་ཡང་དབང་མཆོག་ཐོབ་པར་ཤོག །ཨ་ཧོ་མ་ཧཱ་སུ་ཀ་ཧོཿ དེ་ནས་གསང་བ་ཤེས་རབ་བདེ་བ་ཆེན་པོའི་བརྡའ་དབང་བསྐུར་བ་སྟེ། ཟབ་པའི་དབང་གསུམ་དངོས་སུ་བསྐུར་བ་ལོགས་ན་ཡོད་དོ། །ཞེས་གསུངས་པ་སྐབས་འདིར་གསང་བ་དང་ཤེས་རབ་ཡེ་ཤེས་གཉིས་ཀྱི་བརྡའ་དབང་ཙམ་བུམ་དབང་གི་མཐའ་རྟེན་དུ་སྦྱིན་པ་ཡིན་ནོ། །དེ་ཡང་དགོས་པ་ནི། གླན་སྟོན་བསོད་ནམས་མགོན་པོས། གསང་དབང་ནི་སྐབས་འདིར་མི་བསྐུར་བར་ལས་འདིའི་མན་ངག་གི་དབང་དེང་གི་སྐབས་སུ་ཕལ་གྱི་སྤྱོད་ཡུལ་མ་ཡིན་པར་སློབ་བུ་སྣོད་དང་ལྡན་པ་ལ་བླ་མའི་གདམས་ངག་གིས་ཤེས་པར་བྱོས་ཤིག །ཅེས་གསུངས་པ་ཐུན་མོང་མ་ཡིན་པའི་དབང་གོང་མ་རྣམས་ཕལ་གྱི་སྤྱོད་ཡུལ་མ་ཡིན་པས་འདིར་ཐུན་མོང་ཙམ་བསྟན་ནས་སློབ་མ་སྣོད་དང་ལྡན་ངེས་ལ་ལོགས་སུ་ཐུན་མོང་མ་ཡིན་པའི་དབང་གོང་མ་བསྐུར་བ་ལ་དགོངས་པ་ཡིན་པས་ཤེས་པ་གནད་དུ་ཆེའོ། །རྩ་བར། དེ་ནས་སྒྲུབ་རྟེན་ལ། སྒོ་བྱང་ལྷོ་གཡས་ལ། ཞེས་གསུངས་པ་ད་ལྟའི་ཕྱག་བཞེས་སུ་ཕྱི་ནང་གི་སྒོ་བྱང་གཉིས་བཀྲོལ་ཏེ་དབང་བསྐུར་བའི་ཕྱག་སྲོལ་འདུག་ཅིང་། བསྐུར་ཚིག་ལ་བརྟགས་ན་གཤིན་རྗེའི་སྒོ་བྱང་གཅིག་པུས་ཆོག་པ་འདྲ་ཞིག་སྣང་ཡང་། བསྡོམས་ཚིག་ཏུ། སྒོ་བྱང་ཕྱི་ནང་དགྲ་བགེགས་སྐྲོད། །ཞེས་གསུངས་པས་གཉིས་ཀ་དགོས་པ་ལ་ཐེ་ཚོམ་མི་བྱའོ། །ཧཱུཾ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མངག་གཞུག་ཕོ་ཉའི་ལས་མཛད་པ། །འཇམ་དཔལ་གཤིན་རྗེ་གཤེད་པོ་ཡི། །དགྲ་བགེགས་སྦྱོར་བ་རྒྱུན་ཆོད་ཅིག །ཧཱུཾ་ཧཱུཾ། རྒྱ་གར་དུར་ཁྲོད་འཇིགས་བྱེད་ཚལ་ཆེན་དུ། །སློབ་དཔོན་འཇམ་དཔའ་བཤེས་གཉེན་གསང་མཚན་ནི། །རྡོ་རྗེ་གྲུབ་པ་རྩལ་ཏེ་རིག་འཛིན་གནས་ན་བཞུགས། །འཇལ་དཔལ་སྐུ་ཡི་དངོས་གྲུབ་བརྙེས་པའི་རྗེ། །འདིར་གཤེགས་ཚོགས་བསྲུང་སྐྱེ་རྒུ་བསྐྱང་དུ་གསོལ། །སྐལ་ལྡན་བྱིན་རླབས་དབང་བསྐུར་དངོས་གྲུབ་སྩོལ། །རྒྱ་གར་གནས་དང་སྒྲགས་ཀྱི་ཡང་རྫོང་དུ། །ཡི་དམ་དཔལ་ཆེན་དཀྱིལ་འཁོར་ཞལ་ཕྱེའི་ཚེ། །ཡི་དམ་ཡ་མཱནྟ་ཀའི་ཞལ་གཟིགས་པའི། །བཻ་རོ་ཙ་ན་རཀྵི་ཏ་དང་ནི། །གནུབས་ཆེན་སངས་རྒྱས་ཡེ་ཤེས་གསང་༴ རྡོ་རྗེ་དྲག་པོ་རྩལ་ཏེ་སྐུ་སྣང་བཞུགས། །འཇམ་དཔལ་སྐུ་ཡི་དངོས་གྲུབ་བརྙེས་པ་རྣམས། །འདིར་གཤེགས་ཚོགས་བསྲུང་སྐྱེ་རྒུ༴ སྐལ་ལྡན་བྱིན་རླབས་དབང་བསྐུར༴ རྒྱ་གར་པདྨ་བརྩེགས་པའི་དུར་ཁྲོད་ནས། །སློབ་དཔོན་ཀླུ་སྒྲུབ་སྙིང་པོའི་གསང་༴ རྡོ་རྗེ་གྲུབ་པ་རྩལ་ཏེ་རིག་འཛིན༴ པདྨ་གསུང་གི་དངོས་གྲུབ༴ འདིར་གཤེགས༴ སྐལ་ལྡན༴ བསམ་ཡས་མཆིམས་ཕུའི་ཡང་དབེན་དུ། །ཟླ་གམ་དབང་གི་དཀྱིལ་འཁོར་ཞལ་ཕྱེའི་ཚེ། །པདྨ་དབང་ཆེན་འཁོར་བཅས་ཞལ་གཟིགས་པའི། །ངན་ལམ་རྒྱལ་བ་མཆོག་དབྱངས་གསང་༴ རྡོ་རྗེ་པདྨ་རྩལ་ཏེ་གསུང་དྲག་བརྙེས། །པདྨ་གསང་གི་དངོས་གྲུབ་བརྙེས་པ་རྣམས། །འདིར་གཤེགས༴ སྐལ་ལྡན༴ སྒོ་བྱང་མགོར་བཞག་གོ། །རིག་འཛིན་དེ་རྣམས་གཤིན་རྗེ་གཤེད་སོགས་ལ་གྲུབ་པ་བརྙེས་ཕྱིར་བསྐུར་ཚིག་དེ་ལྟར་རོ། །ཤར་ལྷོའི་མར་མེ་ཐོགས་ལ། ཧཱུཾ། དུས་གསུམ་སངས་རྒྱས༴ །མངའ་གཞུག་ཕོ་ཉའི༴ རྒྱལ་བ་རྒྱལ་སྲས་རྒྱ་མཚོའི་ཚོགས། །ཞི་ཁྲོའི་དངོས་གྲུབ་སྩལ་དུ་གསོལ། །ཧཱུཾ། རྒྱ་གར་ཧཱུཾ་གྲགས་དུར་ཁྲོད་དུ། །སློབ་དཔོན་ཧཱུཾ་ཀཱ་ར་ཡི་གསང་༴ རྡོ་རྗེ་དངོས་གྲུབ་རྩལ་ཏེ་རིག་འཛིན༴ ཡང་དག་ཐུགས་ཀྱི་དངོས་གྲུབ༴ འདིར་གཤེགས༴ སྐལ་ལྡན༴ ཧཱུཾ། ལྷོ་བྲག་མཁར་ཆུ་དཔལ་གྱི་ཕུག་རིང་དུ། །མར་མེ་དགུ་ཡི་དཀྱིལ་འཁོར་ཞལ་ཕྱེ་ཚེ། །ཡི་དམ་དཔལ་ཆེན་འཁོར་བཅས་ཞལ་གཟིགས་པའི། །སློབ་དཔོན་ནམ་མཁའི་སྙིང་པོའི་གསང་༴ རྡོ་རྗེ་ཐོག་འབེབས་རྩལ་ཏེ་ཐུགས་དྲན་བརྙེས། །ཡང་དག་ཐུགས་ཀྱི་དངོས་གྲུབ༴ འདིར་གཤེགས༴ སྐལ་ལྡན༴ མར་མེ་སྤྱི་བོར་བཞག་གོ། །རྒྱ་བོད་ཀྱི་པཎ་གྲུབ་དེ་གཉིས་ཡང་དག་ལ་གྲུབ་པ་བརྙེས་ཤིང་དེ་ཉིད་ཀྱི་སྒྲུབ་རྫས་མར་མེ་ཡིན་པའི་ཕྱིར་རོ། །ལྷོའི་སྨན་ཕུད་ཐོགས་ལ། ཧཱུཾ། དུས་གསུམ་སངས་རྒྱས༴ མངག་གཞུག༴ ཀུན་བཟང་ཆེ་མཆོག་བདུད་རྩི་ཡིས། །ནད་སེལ་སྨན་གྱི་དངོས་གྲུབ་གསོལ། །ཧཱུཾ། བདུད་རྩི་རོལ་པའི་དུར་ཁྲོད་རྩལ་ཆེན་ན། །སློབ་དཔོན་དྲི་མེད་བཤེས་གཉེན་གསང་༴ རྡོ་རྗེ་མི་འགྱུར་རྩལ་ཏེ་རིག་འཛིན་གནས༴ བདུད་རྩི་ཡོན་ཏན་དངོས་གྲུབ༴ འདིར་གཤེགས༴ སྐལ་ལྡན༴ ཧཱུཾ། ཡར་ཀླུངས་ར་མོ་སྨན་སྒང་ཤེལ་བྲག་ཏུ། །བདུད་རྩི་སྨན་སྒྲུབ་དཀྱིལ་འཁོར་ཞལ་ཕྱེ་ཚེ། །སྨན་གྱི་ལྷ་སྲུང་རིག་འཛིན་ཞལ་གཟིགས་པའི། །ཛྙཱ་ན་ཀུ་མཱ་ར་ཡི་གསང་༴ དྲི་མེད་ཟླ་ཤར་རྩལ་ཏེ་འདོད་ཡོན་བཞུགས། །བདུད་རྩི་ཡོན་ཏན་དངོས་གྲུབ༴ འདིར་གཤེགས༴ སྐལ་ལྡན༴ བདུད་རྩི་མགོར་གཏུག་ཅིང་ལྕེ་ཐོག་ཏུ་ཡང་སྦྱིན་ནོ། །རྒྱ་གར་གྱི་པཎ་ཆེན་བི་མ་ལ་དང་། གཉགས་ཛྙཱ་ན་ཀུ་མཱ་ར་གཉིས་བདུད་རྩིའི་སྒོ་ནས་གྲུབ་པ་བརྙེས་ཤིང་དེའི་སྒྲུབ་རྫས་བདུད་རྩི་ཡིན་པའི་ཕྱིར་རོ། །བྱང་གི་ཕུར་པ་ཐོགས་ལ། ཧཱུཾ། དུས་གསུམ༴ མངག་གཞུག༴ རྡོ་རྗེ་གཞོན་ནུ་ཞི་ཁྲོ་ཡིས། །དམ་སྲི་ཕུང་སྦྱོར་རྒྱུན་ཆོད་ཅིག །ཧཱུཾ། དྲེགས་འདུལ་དུར་ཁྲོད་རྩལ་ཆེན་དུ། །འཇིགས་བྱེད་པྲ་བྷ་ཧསྟིའི་གསང་༴ རྡོ་རྗེ་དྲག་པོ་རྩལ་ཏེ་རིག་འཛིན་གནས༴ ཕུར་པ་ཕྲིན་ལས་དངོས་གྲུབ༴ འདིར་གཤེགས༴ སྐལ་ལྡན༴ ཧཱུཾ། བྲག་དཀར་སེང་གེ་རྫོང་གི་ཕུག་པ་རུ། །གྲུ་གསུམ་ཤེལ་གྱི་དཀྱིལ་འཁོར་ཞལ་ཕྱེ་ཚེ། །ཇོ་མོ་མཁར་ཆེན་མཚོ་རྒྱལ་གསང་༴ རྡོ་རྗེ་ལྕམ་གཅིག་ཕྲིན་ལས་ཅི་སྙེད་བཞུགས། །ཕུར་པ་གྲུབ་ནས་བྲག་ལ་ཕུར་པ་བཏབ། །མཁར་མི་ཙམ་ལ་མཛེ་གདོན་མེད་པར་མཛད། །མིང་པོ་མཁར་ཆེན་དཔལ་གྱི་དབང་ཕྱུག་ཀྱང་། །རྡོ་རྗེ་དྲག་པོ་རྩལ་ཏེ་དངོས་གྲུབ་ཐོབ། །ཕུར་པ་ཕྲིན་ལས་དངོས་གྲུབ༴ འདིར་གཤེགས༴ སྐལ་ལྡན༴ ཕུར་པ་མགོར་གཏུག་ཅིང་ལག་ཏུ་གཏད་ལ་བསྒྲིལ་ལོ། །པཎ་གྲུབ་འདི་རྣམས་ཀྱང་ཕུར་པ་ལ་གྲུབ་པ་བརྙེས་ཤིང་། དེའི་སྒྲུབ་རྫས་ཕུར་བུ་ཡིན་པའི་ཕྱིར་རོ། །བྱང་ཤར་གྱི་མདོས་རག་སྟེ་མདོས་དང་རཀྟ་ཐོགས་ལ། ཧཱུཾ། དུས་གསུམ་སངས་རྒྱས༴ མངག་གཞུག༴ མངོན་རྫོགས་རྒྱལ་པོ་ཡབ་ཡུམ་གྱིས། །ཆག་ཉམས་བགེགས་བསལ་དངོས་གྲུབ་གསོལ། ཧཱུཾ། དུར་ཁྲོད་སྣ་ཚོགས་པདྨའི་གླིང་། །དྷ་ན་སཾསྐྲྀ་ཏ་ཡི་གསང་༴ རྡོ་རྗེ་དབང་ཕུག་རྩལ་ཏེ་རིག་འཛིན་གནས༴ མ་མོ་རྦོད་གཏོང་དངོས་གྲུབ༴ འདིར་གཤེགས༴ སྐལ་ལྡན༴ ཡར་ཀླུངས་ཤམ་པོ་གངས་ཀྱི་གནས་མཆོག་ཏུ། །མ་མོ་རྒྱུད་ལུང་དཀྱིལ་འཁོར་ཞལ་ཕྱེ་ཚེ། །མ་མོ་མཁའ་འགྲོ་རྣམས་ཀྱིས་ཞལ་གཟིགས་པའི། །འོ་བྲན་དཔལ་གྱི་གཞོན་ནུའི་གསུང་༴ རྡོ་རྗེ་འཕྲུལ་རྒོད་རྩལ་ཏེ་བདེ་སྟོང་ཚང་། །མཁའ་དབྱིངས་མ་མོའི་དངོས་གྲུབ༴ འདིར་གཤེགས༴ སྐལ་ལྡན༴ མདོས་རཀ་ལག་ཏུ་གཏད་དོ། །རིག་འཛིན་དེ་རྣམས་ཀྱང་མ་མོའི་དངོས་གྲུབ་བརྙེས་ཏེ། སྒྲུབ་རྫས་མདོས་དང་དམར་ཆེན་གྱི་རཀྟ་ཡིན་པའི་ཕྱིར་རོ། །ལྷོ་ནུབ་ཆོས་སྐྱོང་གི་གཏོར་མ་ལ། ཞེས་གསུངས་པ་ལེགས་ལྡན་མ་ཡིན་པའི་ཆོས་སྐྱོང་སྤྱི་གཏོར་ཞིག་ཐོགས་ལ། ཧཱུཾ། དུས་གསུམ༴ མངག་གཞུག༴ གསང་བའི་བདག་པོ་ཞི་ཁྲོ་ཡི། །ཆོས་སྲུང་མ་གཡེལ་སྟོང་གྲོགས་མཛོད། །ཧཱུཾ། དུར་ཁྲོད་འདམ་བུའི་ཚལ་ཆེན་ནུབ། །རམ་བུ་གུ་ཧྱ་དེ་བ་ཙནྡྲའི་གསང་༴ རྡོ་རྗེ་གཤོག་རྒོད་རྩལ་ཏེ་འཇིན་གནས༴ འཇིག་རྟེན་མཆོད་བསྟོད་དངོས་གྲུབ༴ འདིར་གཤེགས༴ སྐལ་ལྡན༴ ཧཱུཾ། སྤ་གྲོ་སྟག་ཚང་སེང་གེའི་ཕུག །དྲེགས་པ་ཀུན་འདུལ་ཞལ་ཕྱེ་ཚེ། །དཔལ་ཆེན་དྲེགས་པའི་ཞལ་གཟིགས་པ། །ཤྲཱི་སིདྷའི་གསང་༴ རྡོ་རྗེ་དྲག་པོ་རྩལ་ཏེ་མཆོད་པ་སྐུ་ལ་ཚང་། །གསང་བདག་འཇིག་རྟེན་མཆོད་བསྟོད་བརྙེས་པ་རྣམས། །འདིར་གཤེགས༴ སྐལ་ལྡན༴ ཆོས་སྐྱོང་སྤྱི་གཏོར་མགོ་བོར་གཏུག །པཎ་གྲུབ་འདི་རྣམས་དྲེགས་པ་བྲན་དུ་འཁོལ་བས། སྒྲུབ་རྫས་གཏོར་མ་ཡིན་པའི་ཕྱིར་རོ། །ཤར་དུ་ལས་བཞིའི་རྫས་དང་ཟོར་གཏོར་ལ། ཞེས་གསུངས་པས་གོང་དུ་སྟ་གོན་བྱས་པའི་ལས་བཞིའི་འབྲང་རྒྱས་དང་གཏོར་ཟོར་དང་ཀོང་ཟོར་ཐོགས་ལ། ཧཱུཾ། དུས་གསུམ༴ མངག་གཞུག༴ སྟོབས་ལྡན་སྒྲོལ་གིང་ཞི་ཁྲོ་ཡི། །ཕྲིན་ལས་མཐར་ཕྱིན་ཀུན་འགྲུབ་མཛོད། །ཧཱུཾ། དུར་ཁྲོད་རོ་ཡི་ཚལ་ཆེན་དུ། །ཤནྟིང་གརྦྷའི་གསང་མཚན་ནི། །རྡོ་རྗེ་གཤོག་རྒོད་རྩལ་ཏེ་རིག་འཛིན་གནས༴ བོད་ཡུལ་མཁའ་གཤེགས་སྣང་སྲིད་ཆོས་སྐུར་མཛད། །སྨོད་པ་དྲག་སྔགས་དངོས་གྲུབ་བརྙེས་པའི་རྗེ། །འདིར་གཤེགས༴ སྐལ་ལྡན༴ ཧཱུཾ། བྲག་དམར་གཡའ་མ་ལུང་གི་གནས། །སྟོབས་ལྡན་དྲེགས་པའི་དཀྱིལ་འཁོར་ཞལ་ཕྱེ་ཚེ། །སྟོབས་ལྡན་ནག་པོ་ཞལ་གཟིགས་པའི། །བཻ་རོ་ཙ་ནའི་གསང་༴ རྡོ་རྗེ་གྲུབ་པ་རྩལ་ཏེ་སྟོབས་རྩལ་འཆང་། །དམོད་པ་དྲག་སྔགས་དངོས་གྲུབ་བརྙེས་པ་རྣམས། །འདིར་གཤེགས༴ སྐལ་ལྡན༴ དེ་དག་ལག་ཏུ་གཏད་དོ། །པཎ་གྲུབ་རིག་འཛིན་འདི་དག་དྲག་སྔགས་ཀྱི་གྲུབ་པ་བརྙེས་པ་ཡིན་པས། ཕྲིན་ལས་བཞིའི་རྫས་དང་ཟོར་གཏོར་ཕྲིན་ལས་ཀྱི་སྒྲུབ་རྫས་ཡིན་པའི་ཕྱིར་རོ། །ཚེ་རྫས་བླངས་པའི་དྲུང་ལ། ཞེས་གསུངས་པ་ཡིག་རྒྱུན་མ་དག་པ་འདྲ་སྟེ། ཚེ་རྫས་བླངས་ཏེ་བཏུགས་ལ་ཞེས་པ་ཡིན་ནམ་སྙམ་ཞིང་། དོན་གོང་དུ་དཀྱིལ་འཁོར་ལ་བཀོད་པའི་ཚེ་བུམ་དེ་ཉིད་ཚེ་དཔག་མེད་ཀྱི་རང་བཞིན་དུ་གསལ་བས་དབང་བསྐུར་ཞིང་འདི་སྐད་དོ། །ཧཱུཾ། བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད། །སྒྲིབ་པའི་དྲི་མ་མ་ལུས་སེལ་མཛད་པ། །མཁའ་དང་མཉམ་པའི་སྐུ་གསུང་ཐུགས་མངའ་བ། །རྡོ་རྗེའི་སྐུ་གསུང་ཐུགས་ལ་ཕྱག་འཚལ་ལོ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཏུ་གྱུར་ཅིག །ཧཱུཾ། རྒྱ་གར་ཨ་སུ་ར་ཡི་བྲག་ཕུག་ཏུ། །སློབ་དཔོན་ཀུ་ཀུ་རཱ་ཛས་ཚེ་དབང་གྲུབ། །རྡོ་རྗེ་འཆང་གི་ས་ལ་གཤེགས། །ཚོམ་བུ་འབུམ་ཕྲག་དངོས་གྲུབ་བརྙེས། །འདིར་གཤེགས༴ སྐལ་ལྡན༴ ལྷུན་གྲུབ་ཕྱག་རྒྱ་ཆེན་པོ་ཆེ། །རྣམ་སྨིན་གྲུབ་པའི་རིག་འཛིན་རྣམས། །ཚོགས་སྦྱོར་མཐོང་སྒོམ་མཐར་ཕྱིན་ལམ། །རྩ་བ་བརྒྱུད་པའི་བླ་མ་གྲུབ་ཐོབ་རྣམས། །འདིར་གཤེགས༴ སྐལ་ལྡན༴ ཚེ་བུམ་སྤྱི་བོར་གཏུག་གོ། །རིག་འཛིན་འདི་རྣམས་འཆི་མེད་གྲུབ་པས་དེའི་སྒྲུབ་རྫས་ཚེ་བུམ་ཡིན་པའི་ཕྱིར་རོ། །ཚེ་རིལ་ཚེ་ཆང་ཡང་སྦྱིན་ནོ། །རིག་འཛིན་སྤྱི་གཏོར་བཏེག་ལ། ཧཱུཾ། གུ་རུ་པདྨ་འབྱུང་གནས་གསང་མཚན་ནི། །རྡོ་རྗེ་ཐོད་ཕྲེང་རྩལ་ཏེ་རིག་འཛིན་གནས་ན་བཞུགས། །རྒྱལ་བའི་རྒྱལ་ཚབ་སྲིད་གསུམ་ཟིལ་གྱིས་གནོན། །ཁམས་གསུམ་གདུལ་བྱ་དབང་སྡུད་སྤྱི་དཔལ་རྗེ། །འདིར་གཤེགས༴ སྐལ་ལྡན༴ མངའ་བདག་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཡང་། །གསང་མཚན་དབང་ཆེན་འཇམ་དཔལ་རྩལ་ཞེས་གྲགས། །དཀར་ཆུང་སད་ན་ལེགས་ནི་ཁྲི་རལ་པ། །རྒྱལ་སྲས་སྤྲུལ་པ་གདུང་རབས་འཁོར་དང་བཅས། །བཞུགས་ནི་ལོངས་སྤྱོད་རྫོགས་སྐུར་བཞུགས། །འདིར་གཤེགས༴ སྐལ་ལྡན༴ སློབ་དཔོན་བོ་དྷི་ས་ཏྭའི་གསང་མཚན་ནི། །རྡོ་རྗེ་ཉི་འོད་རྩལ་ཏེ་རིག་འཛིན་གནས༴ གསང་སྔགས་ཕྱི་རྒྱུད་ཐུབ་པའི་བརྒྱུད་འཛིན་རྣམས། །འདིར་གཤེགས༴ སྐལ་ལྡན༴ སློབ་དཔོན་ཛི་ན་མི་ཏྲའི་གསང་༴ རྡོ་རྗེ་སེམས་དཔའ་རྩལ་ཏེ་རིག་འཛིན་གནས༴ མཚན་ཉིད་ཐེག་པ་ཆེ་ཆུང་ལྷར་བཅས་རྣམས། །འདིར་གཤེགས༴ སྐལ་ལྡན༴ ཚ་བ་རོང་གི་རྒྱལ་པོའི་སྒྲུབ་ཁང་དུ། །རྒྱ་བོད་མཁས་གྲུབ་ཀུན་གྱི་ཐུགས་བཅུད་ཕྱུང་། །ཡི་དམ་ཚོགས་ཆེན་རྣམས་ཀྱི་ཞལ་གཟིགས་པའི། །རྒྱལ་མོ་གཡུ་སྒྲ་སྙིང་པོའི་གསང་༴ རྡོ་རྗེ་བདེ་རྒོད་རྩལ་ཏེ་རིག་འཛིན་གནས༴ བཀའ་བརྒྱད་བསྐྱེད་རྫོགས་གསུམ་ལ་མོས་འདུན་རྣམས། །འདིར་གཤེགས༴ སྐལ་ལྡན༴ སློབ་དཔོན་ཛྙཱ་ན་ཀུ་མཱ་རའི་གསང་༴ ཐིག་ལེ་རྩལ་རྒོད་རྩལ་ཏེ་རིག་འཛིན་གནས༴ འདིར་གཤེགས༴ སྐལ་ལྡན༴ སོག་པོ་དཔལ་གྱི་ཡེ་ཤེས་གསང་༴ རྡོ་རྗེ་བཞད་པའི་གཏེར་ཏེ་རིག་འཛིན༴ ཞི་ཁྲོ་གནས་ཚོགས་ཕྲིན་ལས་ཤར་བར་རྣམས། །འདིར་གཤེགས༴ ཞང་སྟོབས་རྒྱལ་བའི་ཡོན་ཏན་གསང་༴ དམ་ཚིག་མཐར་ཕྱིན་རྩལ་ཏེ་རིག་འཛིན༴ མན་ངག་བཀའ་སྲོལ་ཕྱག་བཞེས་ཚར་བ་རྣམས། །འདིར་གཤེགས༴ སྐལ་ལྡན༴ དར་རྗེ་དཔལ་གྱི་གྲགས་པའི་གསང་༴ ཡང་དག་གྲུབ་པ་རྩལ་ཏེ་རིག་འཛིན༴ བཤད་སྒྲུབ་ཡོངས་གྲགས་དགེ་བའི་བཤེས་གཉེན་རྣམས། །འདིར་གཤེགས༴ སྐལ་ལྡན༴ བཀའ་ལུང་མ་ནོར་རྣལ་འབྱོར་དབང་ཕྱུག་ནི། །རིག་འཛིན་བརྒྱ་དང་རྩ་བརྒྱད་དབང་བསྐུར་འདིས། །ཚོགས་ཆེན་འདུས་པའི་དབང་བསྒྲུབ་བཤད་ལུང་རྣམས། །འདིར་གཤེགས་ཚོགས་བསྲུང་སྐྱེ་རྒུ་བསྐྱང་དུ་གསོལ། །སྐལ་ལྡན་བྱིན་རླབས་དབང་བསྐུར་དངོས་གྲུབ་གསོལ། །དེ་རྣམས་ཀྱིས་སྒྲུབ་རྟེན་དབང་རྫོགས་སོ། །དེ་ཡང་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས། ཚེ་ནི་སྤྱི་ཡི་ཁ་སྐོང་ཡིན། །སྒོ་བྱང་ཕྱི་ནང་དགྲ་བགེགས་སྐྲོད། །རྫས་སྐོངས་མར་མེ་བདུད་རྩི་སྨན། །མཚམས་ཕུར་གདབ་ཁ་བསྙེན་ཕུར་རྟེན། །དམར་ཆེན་རཀྟས་ཐུགས་དམ་སྐོང་། །འཇིག་རྟེན་མཆོད་རྟེན་དྲག་ཟོར་གཏོར། །རིག་འཛིན་གཏོར་ཕུད་ཚེ་ཟན་རྫས། །ཞེས་གསུངས་པ་ལྟར་སྒྲུབ་རྫས་འདི་རྣམས་ཀྱིས་དབང་བསྐུར་བས་རིག་འཛིན་བརྒྱུད་པ་དེ་རྣམས་ཀྱི་ཐུགས་དམ་བསྐུལ་ཏེ་བསྙེན་སྒྲུབ་ལས་གསུམ་གང་ལ་ཡང་བར་གཅོད་མི་འབྱུང་ཞིང་བྱིན་རླབས་བསམ་གྱིས་མི་ཁྱབ་པ་འབྱུང་བའི་དགོས་པ་ཡོད་པས་ཡིད་ཆེས་པར་བྱའོ། །ཞེས་གདམས་སོ། །དེ་ནས་ཡོ་ག་གསུམ་གྱི་རིག་འཛིན་བརྒྱུད་པ་རྣམས་ཀྱི་དབང་བསྐུར་བ་ནི། རྩ་བར། ཨ་ཏིའི་སྐོར་ལ། སྟོན་པ་ཀུན་བཟང་ནས་རིམ་པ་བཞིན་ཙཀླི་ཐོགས་ཏེ། རིག་འཛིན་བླ་མ་དེ་རྣམས་ཀྱང་རང་ལ་ཐིམ་པར་མོས་ཏེ། ཡིད་ཀྱི་སེམས་དཔའ་གནས་གྱུར་པ། །སྟོན་པ་ཀུན་ཏུ་བཟང་པོ་ཡིས། །སྐལ་ལྡན་དབང་བསྐུར་བྱིན་གྱིས་བརླབས། །རྣམ་ཤེས་ཕུང་པོ་གནས་གྱུར་པ། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཡིས། །སྐལ་ལྡན་དབང་བསྐུར་བྱིན་གྱིས་བརླབས། །སྟོན་པ་ཀུན་བཟང་ལོངས་སྐུ་རྡོ་རྗེ་སེམས། །འཇམ་དཔལ་ཕྱག་རྡོར་ལ་སོགས་བཀའ་སྡུད་རྣམས། །འདིར་གཤེགས་ཚོགས་བསྲུང་སྐྱེ་རྒུ་བསྐྱང་དུ་གསོལ། །སྐལ་ལྡན་བྱིན་རླབས་དབང་བསྐུར་དངོས་གྲུབ་སྩོལ། །སློབ་དཔོན་དགའ་རབ་རྡོ་རྗེའི་གསང་མཚན་ནི། །རྡོ་རྗེ་བདེ་བྱེད་རྩལ་ཏེ་འོག་མིན་གནས་ན་ཞུགས། །འདིར་གཤེགས༴ སྐལ་ལྡན༴ སློབ་དཔོན་འཇམ་དཔལ་བཤེས་གཉེན་གསང་མཚན་ནི། །རྡོ་རྗེ་གཞོན་ནུ་རྩལ་ཏེ་འོག་མིན༴ འདིར་གཤེགས༴ རྒྱལ་པོ་དྷ་ན་ཏ་ལོའི་གསང་མཚན་ནི། །རྡོ་རྗེ་དགའ་བྱེད་རྩལ་ཏེ་འོག་མིན༴ འདིར་གཤེགས༴ སྐལ་ལྡན༴ ཐུ་བོ་རཱ་ཛ་ཧ་སྟིའི་གསང་༴ རྡོ་རྗེ་གསལ་བ་རྩལ་ཏེ་འོག་མིན༴ འདིར་གཤེགས༴ སྐལ་ལྡན༴ སྲས་མོ་ཝ་ར་ནི་ཡི་གསང་༴ རྡོ་རྗེ་མཛེས་མ་རྩལ་ཏེ་འོག་མིན༴ འདིར་གཤེགས༴ སྐལ་ལྡན༴ ཀླུ་ཡི་རྒྱལ་པོ་འཇོག་པོའི་གསང་༴ རྡོ་རྗེ་རྫུ་འཕྲུལ་རྩལ་ཏེ་རྒྱ་མཚོའི་གཏིང་ན་བཞུགས། །འདིར་གཤིགས༴ སྐལ་ལྡན༴ སྲས་མོ་གནོད་སྦྱིན་བྱང་ཆུབ་གསང་༴ རྡོ་རྗེ་གཡུང་དྲུང་རྩལ་ཏེ་འོག་མིན༴ འདིར་གཤེགས༴ སྐལ་ལྡན༴ གཟུངས་མ་ཨ་ར་ལི་ཡི་གསང་མཚན་ནི། །རྡོ་རྗེ་དབྱིངས་མ་རྩལ་ཏེ་འོག་མིན༴ འདིར་གཤེགས༴ སྐལ་ལྡན༴ སློབ་དཔོན་ཨཀྵ་ཤི་བྷཱི་གསང་༴ རྡོ་རྗེ་དངོས་གྲུབ་རྩལ་ཏེ་འོག་མིན༴ འདིར་གཤེགས༴ སྐལ་ལྡན༴ མཁན་པོ་ཀུ་ཀུ་རཱ་ཛའི་གསང་༴ རྡོ་རྗེ་དྲག་པོ་རྩལ་ཏེ་འོག་མིན༴ འདིར་གཤེགས༴ སྐལ་ལྡན༴ སྨད་འཚོང་བུདྡྷ་ས་མ་ཡའི་གསང་༴ རྡོ་རྗེ་ཡང་དག་རྩལ་ཏེ་འོག་མིན༴ འདིར་གཤེགས༴ སྐལ་ལྡན༴ སྨད་འཚོང་བུདྡྷ་ས་མ་ཏིའི་གསང་༴ རྡོ་རྗེ་ཉི་འོད་རྩལ་ཏེ་འོག་མིན༴ འདིར་གཤེགས༴ སྐལ་ལྡན༴ ཨོ་རྒྱན་མ་ཧཱ་རཱ་ཛའི༴ རྡོ་རྗེ་འཕྲུལ་རྩལ་ཏེ༴ འདིར་གཤེགས༴ སྐལ་ལྡན༴ སྲས་མོ་གོ་མ་དེ་ཝིའི༴ རྡོ་རྗེ་ངེས་གྲུབ་རྩལ་ཏེ༴ འདིར་གཤེགས༴ སྐལ་ལྡན༴ སློབ་དཔོན་ཨཱ་ལོ་ཀེ་ཡི་གསང་༴ རྡོ་རྗེ་གཡུང་དྲུང་རྩལ་ཏེ༴ འདིར་གཤེགས༴ སྐལ་ལྡན༴ ཁྱི་ཡི་མཁན་པོ་ཕྱི་མའི༴ རྡོ་རྗེ་བདུད་འདུལ་རྩལ་ཏེ༴ འདིར་གཤེགས༴ སྐལ་ལྡན༴ སློབ་དཔོན་མ་ཧཱ་རཱ་ཛའི༴ རྡོ་རྗེ་སྒེག་པ་རྩལ་ཏེ༴ འདིར་གཤེགས༴ སྐལ་ལྡན༴ དྲང་སྲོང་བྷ་ཥི་ཏ་ཡི༴ རྡོ་རྗེ་ལྷུན་གྲུབ་རྩལ་ཏེ༴ འདིར་གཤེགས༴ སྐལ་ལྡན༴ གཟུངས་མ་བདག་ཉིད་མ་ཡི༴ རྡོ་རྗེ་འོད་མཆོག་རྩལ་ཏེ༴ འདིར་གཤེགས༴ སྐལ་ལྡན༴ སློབ་དཔོན་ནཱ་གརྫུ་ནའི༴ རྡོ་རྗེ་ཐོགས་མེད་རྩལ་ཏེ༴ འདིར་གཤེགས༴ སྐལ་ལྡན༴ སློབ་དཔོན་དེ་བ་རཱ་ཛའི༴ རྡོ་རྗེ་གསང་བ་རྩལ་ཏེ༴ འདིར་གཤེགས༴ སྐལ་ལྡན༴ འཇམ་དཔལ་བཤེས་གཉེན་ཕྱི་མའི༴ རྡོ་རྗེ་ངེས་པ་རྩལ་ཏེ༴ འདིར་གཤེགས༴ སྐལ་ལྡན༴ །རིག་འཛིན་དགེ་བསྙེན་ལེགས་པའི༴ རྡོ་རྗེ་མཆོག་རབ་རྩལ་ཏེ༴ འདིར་གཤེགས༴ སྐལ་ལྡན༴ སློབ་དཔོན་བུདྡྷ་གུ་ཧྱའི་གསང་༴ རྡོ་རྗེ་གསང་རྫོགས་རྩལ་ཏེ༴ འདིར་གཤེགས༴ སྐལ་ལྡན༴ སློབ་དཔོན་ཤྲཱི་སིདྷའི༴ རྡོ་རྗེ་བཞད་པ་རྩལ་ཏེ༴ འདིར་གཤེགས༴ སྐལ་ལྡན༴ དགེ་སློང་ཀུན་དགའ་མོ་ཡི༴ རྡོ་རྗེ་ཤེས་རབ་རྩལ་ཏེ༴ འདིར་གཤེགས༴ སྐལ་ལྡན༴ སློབ་དཔོན་བི་མ་ལ་མི་ཏྲའི༴ རྡོ་རྗེ་གྲོ་བོ་ལོད་རྩལ་ཏེ༴ འདིར་གཤེགས༴ སྐལ་ལྡན༴ སློབ་དཔོན་བཻ་རོ་ཙ་ནའི༴ རྡོ་རྗེ་ཁྱུང་གཤོག་རྩལ་ཏེ༴ འདིར་གཤེགས༴ སྐལ་ལྡན༴ སློབ་དཔོན་གཡུ་སྒྲ་སྙིང་པོའི༴ རྡོ་རྗེ་བདེ་འབྱམས་རྩལ་ཏེ༴ འདིར་གཤེགས༴ སྐལ་ལྡན༴ ཛྙཱ་ན་ཀུ་མཱ་ར་ཡི༴ དྲི་མེད་ཟླ་ཤར་རྩལ་ཏེ༴ རྡོ་རྗེ་བཞད་པ་གཏེར། རྡོ་རྗེ་གྲུབ་པ་རྩལ། ཐིག་ལེ་གཤོག་རྒོད་རྩལ་ཡང་ཟེར་རོ། །འདིར་གཤེགས་ཚོགས་བསྲུང་སྐྱེ་རྒུ་བསྐྱང་དུ་གསོལ། །སྐལ་ལྡན་བྱིན་རླབས་དབང་བསྐུར་དངོས་གྲུབ་རྩོལ། །དེ་ཡན་ཆད་ཨ་ཏིའོ། །དེ་ནས་ཨ་ནུ་ལ། ཀུན་བཟང་རྡོར་སེམས་སོགས་རིམ་པས་བྱིན་ལ། དངོས་པོ་གཤིས་ཀྱི་གནས་ལུགས་ཆོས་ཀྱི་སྐུ་སྐྱེ་འགག་མེད་པ་སྤྲོས་པ་དང་བྲལ་བའི་མཐའ་ལས་གྲོལ་བ། རང་བཞིན་ལྷུན་གྲུབ་རྒྱ་ཆད་ཕྱོགས་ལྷུང་མེད་པ་རང་རིག་པའི་ངོ་བོ་ཐིག་ལེ་ཆེན་པོ་གྲྭ་ཟུར་མེད་པའི་དཔལ་ཀུན་ཏུ་བཟང་པོ་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཡུམ་གྱི་མཁའ་ཀློང་རྣམ་པར་དག་པའི་གནས་སུ་འཁོར་རིགས་ལྔའི་སངས་རྒྱས་ལ་ཐུགས་ཡེ་ཤེས་རྣམ་པ་ལྔའི་དབང་བསྐུར་ཏེ། ལོངས་སྤྱོད་རྫོགས་པའི་སྐུར་བྱིན་གྱིས་བརླབས། དེ་བཞིན་དུ་གནས་ལུགས་རྟོགས་ནས་ཡེ་ཤེས་ལྔའི་དབང་ཐོབ་སྟེ། ཆོས་སྐུ་ལོངས་སྤྱོད་རྫོགས་པའི་དབང་དམ་པ་ཐོབ་པ་གྱུར་ཅིག །དེ་ནས་རྒྱལ་བ་རིགས་ལྔའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཁྲག་འཐུང་རིགས་ལྔ་དང་། ཆེ་མཆོག་ཧེ་རུ་ཀར་སྣང་བར་མཛད་ནས། རིགས་གསུམ་མཁྱེན་རབ་དང་ཐུགས་རྗེ་དང་མཐུ་སྟོབས་ཀྱིས་བདག་པོར་དབང་བསྐུར། གདུག་པ་ཅན་ཐམས་ཅད་བཏུལ་ནས་སུམ་ཅུ་རྩ་གསུམ་ལྷའི་གནས་རྣམ་པར་རྒྱལ་བའི་ཁང་བཟང་དུ་ཞི་བ་རིགས་ལྔར་སྣང་བར་བྱས་ཏེ། ལྷའི་བུ་དམ་པ་ཏོག་དཀར་པོ་ལ་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཐུགས་རྗེས་སྨིན་པར་བྱེད་པའི་དབང་བསྐུར་ཏེ། སྤྲུལ་སྐུ་ཐུབ་པ་དྲུག་ཏུ་བྱིན་གྱིས་བརླབས། དེ་བཞིན་དུ་སྐལ་ལྡན་རིགས་ཀྱི་བུ་འདི་རྣམས་ཀྱི་ཐུགས་རྗེས་འགྲོ་བ་འདྲེན་པ་དང་། ཕྲིན་ལས་ཀྱིས་གདུག་པ་ཅན་འདུལ་བ་དང་། འབྲས་བུ་ཐམས་ཅད་ལ་དབང་སྒྱུར་བའི་དབང་ད མ་པ་ཐོབ་པར་གྱུར་ཅིག །འཇམ་དབྱངས་དང་སྤྱན་རས་གཟིགས་ལ། མཁྱེན་རབ་མངའ་བདག་འཕགས་པ་འཇམ་དཔལ་ནི། །མཛེས་པའི་སྐུ་ལྡན་སྐྱེ་འཆི་མེད་པ་ཡིས། །ཡིད་འོང་ལྷ་ཡི་གནས་སུ་དབང་བསྐུར་ནི། །གྲགས་ལྡན་མཆོག་སྐྱོང་རིན་ཆེན་འོད་འབར་དང་། །ཚངས་པ་སྐྱེ་རྒུའི་བདག་དང་ཀུན་གྲོལ་དང་། །གཙུག་ཕུད་འཛིན་དང་ལྷ་དབང་བརྒྱ་བྱིན་དང་། །ལྷ་ཡི་རིག་འཛིན་ཚོམ་བུ་འབུམ་སྡེ་ལ། །བདེ་གཤེགས་རྒྱལ་ཚབ་སྲས་སུ་དབང་བསྐུར་ནས། །གནས་སྐབས་བྱང་ཆུབ་སེམས་དཔའི་རིགས་འཛིན་ཅིང་། །རྒྱལ་བ་རྒྱ་མཚོའི་གདུང་གསོབ་བཀྲ་ཤིས་ཤོག །ཐུགས་རྗེའི་མངའ་བདག་སྤྱན་རས་གཟིགས་དབང་ནི། །འཁོར་བ་མ་སྟོངས་བར་དུ་འགྲོ་བ་འདྲེན། །སྨན་གྱི་སྐུ་ལྡན་ཀླུ་ལ་དབང་བསྐུར་བ། །མགྲིན་པ་ནག་པོ་ཀླུ་མོ་ཁ་འདུལ་མ། །ཀླུ་མོ་འདུལ་ཚང་ཡིད་འོང་དགའ་མ་དང་། །ཀླུ་ཡི་རྒྱལ་པོ་འཇོག་པོ་ལ་སོགས་པ། །ཀླུ་ཡི་རིག་འཛིན༴ བདེ་གཤེགས༴ གནས་སྐབས༴ རྒྱལ་བ༴ མཐུ་སྟོབས་མངའ་བདག་ཕྱག་ན་རྡོ་རྗེ་ཡིས། །འཇིག་རྟེན་དྲེགས་པའི་ཚོགས་བཏུལ་བསྒྲལ་བྱས་ནས། །འཇིགས་ཚུལ་སྡིགས་པས་གནོད་སྦྱིན་དབང་བསྐུར་བས། །གནོད་སྦྱིན་ཀུན་བཟང་ལག་ན་རྡོ་རྗེ་དང་། །གྲགས་ལྡན་མཆོག་སྐྱོང་སྐར་མདའ་ལྟུང་ལ་སོགས། །གནོད་སྦྱིན་རིག་འཛིན༴ བདེ་གཤེགས༴ གནས་སྐབས༴ རྒྱལ་བ༴ གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཡིས། །གྲགས་ལྡན་མཆོག་སྐྱོང་ཐིག་ལེ་ཆགས་མེད་རྩལ། །ཀླུ་རྒྱལ་འཇོག་པོ་དབང་ཕྱུག་ལྷུན་གྲུབ་རྩལ། །གནོད་སྦྱིན་སྐར་མདའ་རྡོ་རྗེ་གློག་འབྱིན་རྩལ། །ལངྐ་མགྲིན་བཅུ་བློ་གྲོས་ཐབས་ལྡན་རྩལ། །ལི་ཙ་བཱི་ནི་དྲི་མེད་གྲགས་པ་རྩལ། །འདིར་གཤེགས་ཚོགས་བསྲུང་སྐྱེ་རྒྱུ་བསྐྱང་དུ་གསོལ། །སྐལ་ལྡན་བྱིན་རླབས་དབང་བསྐུར་དངོས་གྲུབ་སྩོལ། །རྒྱལ་བས་ལུང་བསྟན་སྐལ་ལྡན་རྒྱལ་པོ་ལ། །གསང་མཛོད་གཏེར་འཛིན་སྐུ་གསུང་ཐིམ་རྟགས་དང་། །ཆོས་ཀྱི་བགྲོ་མཛད་རིན་ཆེན་འཆར་འབབ་དང་། །ཀུན་གྱི་བསྔགས་ཞེས་གླེགས་བམ་བབས་པ་དང་། །མཆོད་ཅིང་སངས་རྒྱས་ས་ལ་ལུང་བསྟན་ཅིང་། །གུས་བྱས་རྩེ་གཅིག་གསོལ་བཏབ་བསྒྲུབས་པ་ཡིས། །སྒྲིབ་བྱང་ཆོས་ཀྱི་རྒྱལ་པོར་དབང་བསྐུར་ཞིང་། །ཆོས་ཀྱི་ཆར་ཕབ་རྣལ་འབྱོར་གྲལ་དུ་བཞག །ཆོས་ལ་དབང་ཐོབ་གསང་བ་རྒྱ་ཆེར་བརྗོད། །ཏནྟྲ་བཅོ་བརྒྱད་དབང་ཐོབ་སྐལ་ལྡན་ལ། །འདྲེན་པའི་ལས་བྱང་བྱིན་བརླབས་དབང་བསྐུར་ཞིང་། །རྒྱུད་སྡེའི་མངའ་བདག་ཆོས་རྒྱལ་དབང་ཐོབ་ཤོག །སྐལ་ལྡན་རྒྱལ་པོ་ཛཿཡི་གསང་མཚན་ནི། །རྡོ་རྗེ་ཉི་འོད་རྩལ་ཏེ་འོག་མིན་གནས་ན་བཞུགས། །འདིར་གཤེགས༴ སྐལ་ལྡན༴ སློབ་དཔོན་ཨུ་པ་རཱ་ཛའི་གསང་༴ རྡོ་རྗེ་ཡང་དག་རྩལ་ཏེ་འོག་མིན༴ འདིར་གཤེགས༴ སྐལ་ལྡན༴ སློབ་དཔོན་ཨིནྡྲ་བོ་དྷིའི་གསང་༴ རྡོ་རྗེ་གསལ་མཛེས་རྩལ་ཏེ་འོག་མིན༴ འདིར་གཤེགས༴ སྐལ་ལྡན༴ ཀླུ་རྒྱལ་ནཱ་ག་པུ་ཏྲའི་གསང་༴ ཐིག་ལེ་བསྐྱེད་མེད་རྩལ་ཏེ་འོག་མིན༴ འདིར་གཤེགས༴ སྐལ་ལྡན༴ རྒྱལ་པོ་གུ་ཧྱ་ཏྲིའི་གསང་༴ རྡོ་རྗེ་གསལ་འཕྲོ་རྩལ་ཏེ་འོག་མིན༴ འདིར་གཤེགས༴ སྐལ་ལྡན༴ རྒྱལ་པོ་སིདྷ་པུ་ཏྲའི་གསང་༴ རྡོ་རྗེ་འོད་ཟེར་རྩལ་ཏེ་འོག་མིན༴ འདིར་གཤེགས༴ སྐལ་ལྡན༴ སློབ་དཔོན་རྡོ་རྗེ་བཞད་པའི་གསང་༴ རྡོ་རྗེ་བདེ་བྱེད་རྩལ་ཏེ་འོག་མིན༴ འདིར་གཤེགས༴ སྐལ་ལྡན༴ རྒྱལ་པོ་སིངྷ་པུ་ཏྲའི་གསང་༴ རྡོ་རྗེ་འོད་ཟེར་རྩལ་ཏེ་འོག་མིན༴ འདིར་གཤེགས༴ སྐལ་ལྡན༴ ཀུ་ཀུ་རཱ་ཛ་ཕྱི་མའི་གསང་༴ རྡོ་རྗེ་བདེ་མཆོག་རྩལ་ཏེ་འོག་མིན༴ འདིར་གཤེགས༴ སྐལ་ལྡན༴ རོ་ལངས་བདེ་བའི་དངོས་གྲུབ་གསང་༴ བདུད་འདུལ་དྲག་པོ་རྩལ་ཏེ་འོག་མིན༴ འདིར་གཤེགས༴ སྐལ་ལྡན༴ སློབ་དཔོན་རྡོ་རྗེ་བཞད་པའི་གསང་༴ རྡོ་རྗེ་བདེ་བྱེད་རྩལ་ཏེ་འོག་མིན༴ འདིར་གཤེགས༴ སྐལ་ལྡན༴ ཟ་ཧོར་རྒྱལ་པོ་པྲ་ཧསྟི་ཡི་གསང་༴ ཐིག་ལེ་བདེ་བྱེད་རྩལ་ཏེ་འོག་མིན༴ འདིར་གཤེགས༴ སྐལ་ལྡན༴ དྷ་ན་རཀྵི་ཏ་ཡི་གསང་༴ སེང་གེ་སྒྲ་སྒྲོག་རྩལ་ཏེ་འོག་མིན༴ འདིར་གཤེགས༴ སྐལ་ལྡན༴ སློབ་དཔོན་ཧཱུཾ་མཛད་རྡོ་རྗེ་གསང་༴ རྡོ་རྗེ་ཉི་འོད་རྩལ་ཏེ་འོག་མིན༴ འདིར་གཤེགས༴ སྐལ་ལྡན༴ གུ་རུ་སྠི་ར་མ་ཏི་ཡི་གསང་༴ ཡང་དག་རྫོགས་པ་རྩལ་ཏེ་འོག་མིན༴ འདིར་གཤེགས༴ སྐལ་ལྡན༴ ཨཱ་ཙརྻ་བདེ་བ་གསལ་བྱེད་གསང་༴ དབང་ཕྱུག་འཇིགས་མེད་རྩལ་ཏེ་འོག་མིན༴ འདིར་གཤེགས༴ སྐལ་ལྡན༴ སློབ་དཔོན་དྷརྨ་བོ་དྷིའི་གསང་༴ ཤེས་རབ་མཐར་ཕྱིན་རྩལ་ཏེ་འོག་མིན༴ འདིར་གཤེགས༴ སྐལ་ལྡན༴ རྒྱ་གར་ཆོས་རྒྱལ་སྐྱོང་གི་གསང་༴ རྡོ་རྗེ་བདེ་བྱེད་རྩལ་ཏེ་འོག་མིན༴ འདིར་གཤེགས༴ སྐལ་ལྡན༴ བལ་པོ་བ་སུ་དྷ་རའི་གསང་༴ རྡོ་རྗེ་ཐུགས་མཆོག་རྩལ་ཏེ་འོག་མིན༴ འདིར་གཤེགས༴ སྐལ་ལྡན༴ རྒྱ་གར་གཙུག་ལག་དཔལ་དགེའི་གསང་༴ རྡོ་རྗེ་གཙུག་ཏོར་རྩལ་ཏེ་འོག་མིན༴ འདིར་གཤེགས༴ སྐལ་ལྡན༴ བྲུ་ཤའི་མཁན་པོ་ཆེ་བཙན་སྐྱེས་ཀྱི་གསང་༴ རྡོ་རྗེ་ལེགས་ཐོབ་རྩལ་ཏེ་འོག་མིན༴ འདིར་གཤེགས༴ སྐལ་ལྡན༴ སློབ་དཔོན་སངས་རྒྱས་ཡེ་ཤེས་རྡོ་རྗེ་ཡང་དབང་གཏེར་ཏེ་འོག་མིན༴ འདིར་གཤེགས༴ སྐལ་ལྡན་བྱིན་རླབས་དབང་བསྐུར་དངོས་གྲུབ་སྩོལ། །དེ་ཡན་ཆད་ཀྱིས་ཨ་ནུ་རྫོགས་པའོ། །དེ་ནས་མ་ཧཱ་ཡོ་གའི་བརྒྱུད་ཁུངས་ལ། ཁྱིའི་མཁན་པོ་ཀུ་ཀུ་རཱ་ཛས་རྣམ་དག་མཆོད་རྟེན་ཏུ་བསྒྲུབས་པས་ཀུན་ཏུ་བཟང་པོའི་སྤྲུལ་པ་རྡོ་རྗེ་སེམས་དཔའི་ཞལ་མངོན་སུམ་དུ་མཐོང་སྟེ། རྡོ་རྗེ་སེམས་དཔས་རྡོ་རྗེ་ཆོས་ལ་གསང་སྔགས་རྒྱུད་སྡེའི་རྒྱལ་པོར་དབང་བསྐུར། རྡོ་རྗེ་ཆོས་ཀྱིས་ཀུ་ཀུ་རཱ་ཛ་ལ་དབང་བསྐུར་བས་ཏནྟྲ་སྡེ་བཅོ་བརྒྱད་ལ་དགོངས་པ་མཐར་ཕྱིན་པར་གྱུར་ཏོ། །དེ་བཞིན་དུ་རྒྱུད་ལུང་མན་ངག་རྣམས་ལ་དབང་ཐོབ་པར་གྱུར་ཅིག །སློབ་དཔོན་ཀུ་ཀུ་རའི་ཛའི་གསང་མཚན་ནི། །རྡོ་རྗེ་ཆེ་མཆོག་རྩལ་ཏེ་འོག་མིན༴ འདིར་གཤེགས༴ སྐལ་ལྡན༴ སྐལ་ལྡན་རྒྱལ་པོ་ཛཿཡི་གསང་༴ རྡོ་རྗེ་ཉི་འོད་རྩལ་ཏེ་འོག་མིན༴ འདིར་གཤེགས༴ སྐལ་ལྡན༴ རྒྱལ་པོ་ཤ་ཏྲ་པུ་ཏྲིའི་གསང་༴ རྡོ་རྗེ་རབ་མཛེས་རྩལ་ཏེ་འོག་མིན༴ འདིར་གཤེགས༴ སྐལ་ལྡན༴ རྒྱལ་པོ་སིདྷ་རཱ་ཛའི་གསང་༴ རྡོ་རྗེ་གྲགས་པ་རྩལ་ཏེ་འོག་མིན༴ འདིར་གཤེགས༴ སྐལ་ལྡན༴ ཨོ་རྒྱན་རྒྱལ་པོ་ཨུ་པ་རཱ་ཛའི་གསང་༴ ཡང་དག་གྲུབ་པ་རྩལ་ཏེ་འོག་མིན༴ འདིར་གཤེགས༴ སྐལ་ལྡན༴ སྲས་མོ་གོ་མ་དེ་ཝཱིའི་གསང་༴ རྡོ་རྗེ་ཟླ་མཛེས་རྩལ་ཏེ་འོག་མིན༴ འདིར་གཤེགས༴ སྐལ་ལྡན༴ མཻ་ཏྲི་ཀཱ་མ་ལ་ཡི་གསང་༴ རྡོ་རྡོ་ཁྱུང་ཆེན་རྩལ་ཏེ་འོག་མིན༴ འདིར་གཤེགས༴ སྐལ་ལྡན༴ ཨཱ་ཙརྻ་ཛི་ན་མི་ཏྲའི་གསང་༴ རྡོ་རྗེ་ངེས་པ་རྩལ་ཏེ་འོག་མིན༴ འདིར་གཤེགས༴ སྐལ་ལྡན༴ སློབ་དཔོན་རྡོ་རྗེ་བཞད་པའི་གསང་༴ རྡོ་རྗེ་བདེ་བྱེད་རྩལ་ཏེ་འོག་མིན༴ འདིར་གཤེགས༴ སྐལ་ལྡན༴ སློབ་དཔོན་ཉིན་བྱེད་སེང་གེའི་གསང་༴ རྡོ་རྗེ་རྩལ་ཆེན་རྩལ་ཏེ་འོག་མིན༴ འདིར་གཤེགས༴ སྐལ་ལྡན༴ སློབ་དཔོན་བདེ་བ་གསལ་མཛད་གསང་༴ རྡོ་རྗེ་འགྱུར་མེད་རྩལ་ཏེ་འོག་མིན༴ འདིར་གཤེགས༴ སྐལ་ལྡན༴ སློབ་དཔོན་ཤཱཀྱ་བོདྡྷི་གསང་༴ རྡོ་རྗེ་གྲུབ་མཆོག་རྩལ་ཏེ་འོག་མིན༴ འདིར་གཤེགས༴ སྐལ་ལྡན༴ སློབ་དཔོན་སོ་ཀྱ་དེ་བའི་གསང་༴ རྡོ་རྗེ་དད་པ་རྩལ་ཏེ་འོག་མིན༴ འདིར་གཤེགས༴ སྐལ་ལྡན༴ སློབ་དཔོན་སྒེག་པ་རྡོ་རྗེའི་གསང་༴ རྡོ་རྗེ་སྒེག་པ་རྩལ་ཏེ་འོག་མིན༴ འདིར་གཤེགས༴ སྐལ་ལྡན༴ སློབ་དཔོན་ཆོས་བློན་དེ་བའི་གསང་༴ རྡོ་རྗེ་ངེས་ཆེན་རྩལ་ཏེ་འོག་མིན༴ འདིར་གཤེགས༴ སྐལ་ལྡན༴ མཁན་པོ་ཆོས་རྒྱལ་སྐྱོང་གི་གསང་༴ རྡོ་རྗེ་བདེ་བྱེད་རྩལ་ཏེ་འོག་མིན༴ འདིར་གཤེགས༴ སྐལ་ལྡན༴ དེ་ལ་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་སོ། །དེ་ཡན་ཆོད་མ་ཧཱ་སྟེ་རྒྱ་གར་གྱི་བླ་མ་རྣམས་སོ། །དེ་ནས་བོད་ཀྱི་བླ་མའི་རིམ་པ་ནི། སངས་རྒྱས་ཡེ་ཤེས་རིན་པོ་ཆེ། །གཡུང་དྲུང་རིན་ཆེན་གཏེར་གནས་སུ། །ཡི་དམ་གསལ་བར་བསྒོམས་པའི་ཚེ། །སྟོབས་པོ་ཆེ་ཡི་རྫས་མཆོག་འདི། །ནམ་མཁའི་མཐོངས་ནས་ཡས་མར་བབས། །བདག་གི་ལག་པ་གཡས་པས་ཟིན། །ཡེ་ཤེས་རྡོ་རྗེའི་དབང་མཆོག་ཐོབ། །འོལ་མོ་ཚལ་དུ་བསྒོམས་པའི་ཚེ། །མངོན་སུམ་དྲི་ཟ་ཕྲུག་གུ་བྱུང་། །སངས་རྒྱས་ཁྱོད་ཡིན་མཚན་བརྟགས་ཏེ། །དམ་བརྡར་དོན་ལ་དམ་ཚིག་བསྲེས། །རྡོ་རྗེ་མིང་གི་དབང་ཡང་ཐོབ། །གང་བཟང་གནས་སུ་བསྒོམས་པའི་ཚེ། །གནོན་སྦྱིན་ཕྲུག་གུ་མངོན་བྱུང་ནས། །འདོད་ཡོན་ལྔ་ཡི་མཆོད་ཡོན་སྟོབ། །སློབ་དཔོན་འཁོར་དུ་དམ་དུ་བཅས། །ཆེ་བའི་ཡོན་ཏན་དབང་ཡང་ཐོབ། །གླིང་དགུའི་མཚོ་འགྲམ་བསྒོམས་པའི་ཚེ། །ཀླུ་ཕྲུག་སྤུན་གསུམ་མངོན་བྱུང་ནས། །རོ་བརྒྱ་ལྡན་པའི་མཆོད་པ་དྲངས། །ཡང་དག་སློབ་མར་དམ་ཚིག་ནོས། །གདུག་པ་སེལ་བའི་དབང་ཡང་ཐོབ། །དུར་ཁྲོད་ལྷས་སུ་བསྒོམས་པའི་ཚེ། །ཡི་དྭགས་ཕྲུ་གུ་མངོན་སུམ་བྱུང་། །ཞབས་ལ་གཏུགས་ཏེ་མཆི་མ་ཕྱུངས། །ཅི་བསྒོ་ཉན་པའི་དབང་ཡང་ནོས། །མཐུ་རྩལ་བསྙེམས་པའི་དབང་ཡང་ཐོབ། །ཕྱི་རབས་སློབ་མ་གང་ཡིན་རྣམས། །འདྲེན་པའི་ལས་བྱང་ཆེན་པོ་འདིས། །ཕན་པ་ལྷ་ཡི་དབང་ནོས་ལ། །བསྐུར་ཐབས་དབང་བསྐུར་རྒྱལ་པོ་བཞིན། །དབང་བསྐུར་འདི་རྣམས་ཐོབ་པར་ཤོག །སློབ་དཔོན་སངས་རྒྱས་ཡེ་ཤེས་ནི། །གསང་མཚན་རྡོ་རྗེ་ཡང་དབང་གཏེར། །བཞུགས་ནི་རིག་འཛིན་གནས་ན་བཞུགས། །འདིར་གཤེགས༴ སྐལ་ལྡན༴ གནུབས་ཀྱི་བུ་བཞི་དགེ་མཆེད་བཅོ་ལྔ་དང་། །རིན་ཆེན་གསུམ་དང་འཁོར་བརྒྱད་དྲུག་ཅུ་འཇིག་རྟེན་སོགས། །བུ་བཞི་འབྲེ་སྟོན་ཁྲོ་ཆུང་ཉང་ཤེར་མཆོག །ཉང་སྟོན་ཡེ་འབྱུང་ཟུར་ཆེན་ཤཱཀ་འབྱུང་བཞི། །དགེ་མཆེད་དང་པོ་ཐུགས་ཀྱི་སྲས་བཞི་ནི། །སོ་པ་ཡེ་དབང་རྡོ་རྗེ་དབྱིངས་ཕྱུག་གཏེར། །སྲུ་ལེགས་སྒྲོན་མ་ཨུཏྤལ་དབང་ཆེན་རྩལ། །སྤ་གོར་བློན་རྗེ་རྡོ་རྗེ་གནམ་ལྕགས་རྩལ། །དན་སྟོན་ཡོན་མཆོག་རྡོ་རྗེ་དྲག་པོ་རྩལ། །འདིར་གཤེགས༴ སྐལ་ལྡན༴ གཉིས་པ་ཐུགས་སྲས་གནུབས་བན་ཁུ་ལུང་པ། །ཡོན་ཏན་རྒྱ་མཚོ་རྡོ་རྗེ་རིག་འཛིན་གཏེར། །གསུམ་པ་སྲུ་ཡི་སློབ་མ་མཆོག་བཞི་ནི། །དབྱར་སྟོན་གསལ་བྱང་རྡོ་རྗེ་མཚམས་བྱེད་རྩལ། །རྒྱ་སྟོན་བློ་གྲོས་གཞོན་ནུ་དབང་རྫོགས་རྩལ། །རྒྱ་སྟོན་ཤཱཀྱ་མཆོག་རབ་གཟི་འབར་རྩལ། །ཞུ་སྟོན་བསོད་ཤཱཀ་ཕྲིན་ལས་མཐར་ཕྱིན་རྩལ། །འདིར་གཤེགས་ཚོགས་བསྲུང་༴ སྐལ་ལྡན་བྱིན་རླབས༴ བཞི་པ་སྤ་གོར་བེག་སྟོན་ཡེ་ཤེས་དང་། །ལྔ་པ་ལྔ་ནི་རྒྱ་སྟོན་གཞོན་ནུ་སྙིང་། །སྐྱོ་སྟོན་དར་མ་བྱང་ཆུབ་སྐྱེས་མཆོག་རབ། །སྐྱེ་སྟོན་དར་རྒྱལ་ལྷོ་སྟོན་སྙིང་པོའོ། །འདིར་གཤེགས༴ སྐལ་ལྡན༴ ཡོན་ཏན་རྒྱ་མཚོ་ཡེ་ཤེས་རྒྱ་མཚོ་སྲས། །རྡོ་རྗེ་དབང་གྲུབ་རྩལ་ལ་བརྒྱུད་པ་བཏད། །འདིར་གཤེགས༴ སྐལ་ལྡན༴ དེ་ཡི་སློབ་མ་བྱང་ཆུབ་རྣམ་གསུམ་ནི། །རྒྱ་སྟོན་བ་བློ་གྲོས་བྱང་ཆུབ་ལས་གྲུབ་རྩལ། །མར་པ་ཡོན་ཏན་བྱང་ཆུབ་ལྷུན་གྲུབ་རྩལ། །སྣ་ནམ་ཚུལ་ཁྲིམས་བྱང་ཆུབ་གྲུབ་མཆོག་རྩལ། །རྒྱ་ཡི་སློབ་མ་བརྒྱུད་འཛིན་རྣམ་གཉིས་ནི། །ཐོ་དཀར་གནམ་ལྡེ་རྡོ་རྗེ་དངོས་གྲུབ་གཏེར། །ཞུ་དན་བསོད་ཤཱཀ་ཕྲིན་ལས་མཐར་ཕྱིན་རྩལ། །འདིར་གཤེགས༴ སྐལ་ལྡན༴ ཟུར་ཆེན་ཤཱཀ་འབྱུང་རྡོ་རྗེ་བདུད་འདུལ་རྩལ། །ཐོ་དཀར་གྱིས་བརྟགས་ཞུ་ཡིས་ཞི་བ་རྩལ། །སྟོང་ཚབ་བྱང་ཆུབ་རྒྱ་སྟོན་བློ་གྲོས་དང་། །བཀའ་བསྟོད་ཡེ་ཤེས་སྙིང་པོ་རྣམས་ལ་ནི། །མདོ་ལུང་དབང་སྒྲུབ་རྒྱུད་འབྲེལ་ཕྲིན་ལས་གསན། །ཁྱད་པར་བླ་མ་བརྒྱ་རྩ་མཉེས་པར་བསྟེན། །ཐུབ་དང་པདྨས་ལུང་བསྟན་སྤྱན་རས་གཟིགས། །ཐུགས་དམ་ཞལ་གཟིགས་དམ་ཅན་ཅི་བཅོལ་ཉན། །མཁའ་འགྲོས་ལུང་བསྟན་ཕྱི་ནང་གཙུག་ལག་བཞེངས། །གྲུབ་རྟགས་ཞབས་རྗེས་སྤྱི་དཔལ་དཔལ་ཆེན་བཞེངས། །འདིར་གཤེགས༴ སྐལ་ལྡན༴ ཟུར་ཆེན་སློབ་མ་རྩེ་མོ་གྲུབ་ཆེན་བཞི། །ཟུར་ཆུང་ཤེས་གྲགས་རྡོ་རྗེ་ལྷུན་གྲུབ་རྩལ། །ཟུར་ཆེན་ཞབས་དྲུང་དབུ་ཡི་རྗེས་ཀྱང་བཞག། །བཤོས་ལྷག་ཙནྡན་སྡོང་པོར་སངས་རྒྱས་འཁྲུངས། །འདིར་གཤེགས༴ སྐལ་ལྡན༴ མཚོ་ཉའི་བཟང་སྒོམ་ཤེས་རབ་རྒྱལ་པོ་ནི། །རྡོ་རྗེ་གཟི་འབར་རྩལ་ཏེ་ལ་སྟོད་ར་ས་ཡི། །ཞང་སྟོན་འགོས་ཆུང་རྡོ་རྗེ་ལྷུན་གྲུབ་རྩལ། །བྲེས་ཕུའི་མི་ཉག་འབྱུང་གྲགས་བདེ་བ་རྩལ། །བྲམ་གྱི་བཙག་སྟོན་ལ་སོགས་རྩེ་ལྐོག་བརྒྱད། །དྲག་པོ་རྩལ་ཏེ་ཟུར་ཆུང་དངོས་སློབ་བཞི། །འདིར་གཤེགས༴ སྐལ་ལྡན༴ གདུང་བརྒྱད་གོང་བུའི་སྐྱོ་སྟོན་ཤཱཀ་ཡེ་ནི། །སྙིང་པོ་རྩལ་ཏེ་རྫོགས་ཆེན་ཀ་བ་ཡིན། །མདའ་ཕུའི་མདའ་ཏིག་ཇོ་ཤཱཀ་དངོས་གྲུབ་རྩལ། །ཕྲིན་ལས་ཀ་བ་ཆུ་བར་ཀླན་ཤཱཀ་བཟང་། །མྱུ་གུ་རྩལ་ཏེ་སྒྱུ་འཕྲུལ་ཀ་བ་ཡིན། །ཤབ་ཀྱི་དགོངས་ལུང་ཡང་ཁྱེད་བླ་མ་ནི། །འགྱུར་མེད་རྩལ་ཏེ་མདོ་ལུང་ཀ་བའོ། །ཉ་ཚལ་ཤཱཀ་བྱང་མ་ཐོག་ན་སེར་གྱི། །ཇོ་སིང་ལ་སོགས་རྡོ་རྗེ་དྲག་པོ་རྩལ། །འདིར་གཤེགས༴ སྐལ་ལྡན༴ གསང་བདག་ཤཱཀ་སེང་དབང་ཕྱུག་རྫོགས་པ་རྩལ། །འདིར་གཤེགས༴ སྐལ་ལྡན༴ མགར་སྟོན་ཟུང་ངེ་མཁའ་ལ་བསྐོར་བ་མཛད། །བྲག་ལ་ཕུར་བཏབ་རྡོ་རྗེ་དྲག་པོ་རྩལ། །འདིར་གཤེགས༴ སྐལ་ལྡན༴ སྲེག་སྟོན་རྡོར་རྒྱལ་རྡོ་རྗེ་འཇིགས་མེད་རྩལ། །གླན་བན་རྡོར་འོད་རྡོ་རྗེ་དྲག་པོ་རྩལ། འདིར་གཤེགས༴ སྐལ་ལྡན༴ སྤྲུལ་སྐུ་བརྩོན་སེང་རྡོ་རྗེ་དྲག་པོ་རྩལ། །གླན་སྟོན་བསོད་རྒྱལ་ཕྲིན་ལས་མཐར་ཕྱིན་རྩལ། །གླན་སྟོན་སངས་རྒྱས་དཔལ་གྱི་བདེ་བྱེད་རྩལ། །འདིར་གཤེགས༴ སྐལ་ལྡན༴ སྤྲུལ་སྐུ་རྩལ་འབུམ་དེ་སྲས་གླན་སྟོན་ནི། །བསོད་ནམས་མགོན་པོ་ཉང་ཆེན་ཤེས་རབ་དཔལ། །གྱེང་ཁང་གཟི་སྟོན་ཤཱཀྱ་བཟང་པོ་རྣམས། །དྲག་པོ་རྩལ་ཏེ་འབྲོ་སྟོན་རྡོ་རྗེ་ནི། །རྡོ་རྗེ་བདེ་ཆེན་རྩལ་ཏེ་རིག་འཛིན་གནས། །འདིར་གཤེགས༴ སྐལ་ལྡན༴ རྒྱུད་ལུང་མན་ངག་དབང་སྒྲུབ་ཀུན་གྱི་བདག །རྒྱལ་ཚབ་བསྟན་འཛིན་གདུལ་བྱ་སྐྱོང་བའི་དཔལ། །མང་ཐོས་ཀུན་མཁྱེན་རྟོགས་པ་མངོན་དུ་གྱུར། །ཤཱཀྱ་འབྱུང་གནས་རྡོ་རྗེ་ཐོད་ཕྲེང་རྩལ། །འདིར་གཤེགས༴ སྐལ་ལྡན༴ ལྷ་དང་རྟོགས་པ་དབྱེར་མེད་འགྲོ་བའི་མགོན། །གདུལ་བྱ་སྨིན་གྲོལ་མཁའ་སྤྱོད་གནས་སུ་གཤེགས། །སྤྲུལ་སྐུ་ཚེ་དབང་རྒྱལ་ཏེ་རྡོ་རྗེ་ཐོགས་མེད་རྩལ། །འདིར་གཤེགས༴ སྐལ་ལྡན༴ བཤད་སྒྲུབ་མཐར་ཕྱིན་ཚེ་ཡི་རིག་འཛིན་ཐོབ། །ཆུ་བོ་བཞི་རྫོགས་དབང་ཆེན་དངོས་སུ་བྱོན། །ལེགས་པ་དཔལ་བཟང་རྡོ་རྗེ་དབང་སྡུད་རྩལ། །འདིར་གཤེགས༴ སྐལ་ལྡན༴ འདི་མན་ཆོད་ཀྱི་བླ་མའི་བསྐུར་ཚིག་རྣམས་ཁྱབ་བདག་སྨན་ལུང་པ་ཆེན་པོའི་གསུང་ཡིན་པས་འདི་ལྟར། རི་སྦུག་བདེ་ཆེན་ཡང་རྩེ་རུ། །སྤྲུལ་སྐུ་ཚེ་དབང་རྒྱལ་པོ་དེས། །ཟུང་དབང་ཆོས་རྗེའི་ཞབས་པད་བསྙེན། །ཡེ་ཤེས་བླ་མའི་སར་གཤེགས་ནས། །སྨིན་གྲོལ་བདུད་རྩིའི་ཆར་རྒྱུན་ཕབ། །བཞུགས་ནི་རིག་འཛིན་གནས་ན་བཞུགས། །འདིར་གཤེགས་ཚོགས་བསྲུང་སྐྱེ་རྒུ་བསྐྱང་དུ་གསོལ། སྐལ་ལྡན་བྱིན་རླབས་དབང་བསྐུར་དངོས་གྲུབ་སྩོལ། །ཤངས་ཀྱི་ཆུ་དབར་ཉི་ཕུག་ཏུ། །མདོ་སྒྱུ་སེམས་གསུམ་བསྟན་པ་སྤེལ། །བསྐྱེད་རྫོགས་ཟུང་འཇུག་དངོས་གྲུབ་བརྙེས། །བརྒྱུད་འཛིན་ལེགས་པ་དཔལ་བཟང་ཞེས། །གྲགས་སྙན་སྲིད་གསུམ་ཕ་མཐར་བརྒལ། །བཞུགས་ནི་རིག་འཛིན༴ འདིར་གཤེགས༴ སྐལ་ལྡན༴ མདོ་དབང་བདུད་རྩིས་ཐུགས་རྒྱུད་བཀྲུས། །འཇམ་དཔལ་གཤིན་རྗེའི་གཤེད་ཞལ་གཟིགས། །ལེགས་ལྡན་མགོན་པོས་སྲས་སུ་སྤྲུལ། །སྙིང་རྗེས་མ་རུང་དབྱིངས་སུ་བསྒྲལ། །འཇམ་དབྱངས་རིན་ཆེན་རྒྱལ་མཚན་དེ། །བཞུགས་ནི་རིག་འཛིན༴ འདིར་གཤེགས༴ སྐལ་ལྡན༴ ཆུ་བོ་རི་སོགས་གར་བཞུགས་སུ། །བསྟན་དང་འགྲོ་དོན་འབའ་ཞིག་ལས། །བྱ་བ་གཞན་གྱིས་ཐུགས་མི་གཡེང་། །དམ་ཆོས་འཁོར་བ་དབྱིངས་སྒྲོལ་སོགས། །ཟབ་གཏེར་དུ་མའི་སྒོ་འབྱེད་མཛད། །མཚན་ནི་ལེགས་ལྡན་བདུད་ཀུན་འཇོམས། །གསང་མཚན་རྡོ་རྗེ་གྲོ་ལོད་རྩལ། །རྡོ་རྗེ་འཆང་དངོས་རྒྱལ་བ་དེ། །བཞུགས་ནི་རིག་འཛིན༴ འདིར་གཤེགས༴ སྐལ་ལྡན༴ པདྨ་འབྱུང་གནས་དངོས་ཉིད་ལས། །མིང་གཞན་ལང་གྲོ་ལོ་ཙ་ཆེའི། །སྐྱེས་རབས་ཚར་དུ་དངར་བའི་རྒྱན། །འ་ཞའི་རིགས་སུ་སྐུ་འཁྲུངས་ཤིང་། །རྡོ་རྗེ་འཆང་ཆེན་སྒོ་རུམ་པ། །ཀུན་དགའ་ལེགས་པའི་ཞབས་པད་དང་། །མཚར་ཆེན་ཆོས་ཀྱི་རྒྱལ་པོ་སོགས། །རྒྱལ་རྣམས་དགྱེས་པའི་རྒྱལ་ཚབ་མཆོག །འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་དེས། །རིག་འཛིན་བདུད་འཇོམས་རྡོ་རྗེ་ལ། །འདུས་པ་ཆེན་པོའི་སྨིན་བྱེད་གསན། །གྲོལ་བྱེད་དགོངས་ཉམས་ཀློང་དུ་གྱུར། །ལྕང་ལོ་ཅན་དུ་རབ་གཤེགས་ནས། །ད་ལྟ་ཟངས་མདོག་དཔལ་རིར་བཞུགས། །འདིར་གཤེགས༴ སྐལ་ལྡན༴ མཁྱེན་བརྩེའི་ཐུགས་སྲས་རྡོ་རྗེ་འཆང་། །ཡང་སྲིད་ལེན་པའི་ལས་ཉོན་དང་། །བྲལ་ཡང་དཔྱལ་པ་ཀུན་མཁྱེན་ཆེ། །དེ་ནས་ཚུལ་ཁྲིམས་རྒྱལ་མཚན་ཞབས། །རྒྱལ་ཡུམ་ཚུལ་ཁྲིམས་བཟང་མོ་སོགས། །དམ་པ་དུ་མའི་ཚུལ་བསྟན་ནས། །རྩོད་དུས་རྒྱལ་བསྟན་སྲོག་ཤིང་མཆོག །དབང་ཕྱུག་རབ་བརྟན་བཀའ་དྲིན་ཅན། །བཞུགས་ནི་རིག་འཛིན༴ འདིར་གཤེགས༴ སྐལ་ལྡན༴ འཇམ་མགོན་མཁྱེན་བརྩེ་ཡབ་སྲས་གཉིས་ཚིག་བརྒྱུད་ལ་མ་དྲངས་ཀྱང་འགལ་བ་མེད། འོན་ཀྱང་དེང་སང་མདོ་དབང་ནི་རྒྱུན་མ་ཆད་ཙམ་འདི་དམ་པ་འདི་གཉིས་ཀྱི་བཀའ་དྲིན་ཡིན་ཅིང་། དགོངས་པ་རྒྱུད་ཀྱི་དབང་དུ་བྱས་ན་ངེས་པར་དགོས་སམ་སྙམ་པ་ལགས། འཇམ་དབྱངས་མཁྱེན་བརྩེའི་བཀའ་དྲིན་ལས། །ལེགས་ལྡན་བདུད་འཇོམས་རྡོ་རྗེ་མཇལ། །མདོ་དབང་སྨིན་གྲོལ་གདམས་རྫོགས་ནས། །རྒྱབ་རྟེན་མདོ་ལུང་དགོངས་འདུས་གསན། །དབང་ཕྱུག་རབ་བརྟན་རྒྱལ་བ་ཡི། །དགོངས་པས་བྱིན་རླབས་མདོ་དབང་རྒྱུན། །ཁྱོད་ཀྱིས་སྤེལ་ཞེས་གནང་བ་ཐོབ། །ཕོ་བྲང་བསམ་རྩེའི་སྤེལ་དཀར་དུ། །མདོ་དབང་གཏད་རྒྱར་བཅས་པ་མཛད། །སྐྱི་སྟོན་ཚེ་རིང་དབང་པོར་གྲགས། །གསང་མཚན་རོལ་པའི་རྡོ་རྗེ་སྟེ། །ད་ལྟ་རིག་འཛིན་གནས་ན་བཞུགས། །འདིར་གཤེགས༴ སྐལ་ལྡན༴ དམ་པ་དུ་མའི་ཞབས་པད་བསྙེན། །རྩ་རླུང་དགོངས་པ་མངོན་དུ་གྱུར། །ཆར་ཡང་སྤྱི་བོའི་གཙུག་ཏུ་བཅིངས། །ཚངས་པར་སྤྱོད་པའི་རྣལ་འབྱོར་པ། །ཆོས་ཀྱི་རྒྱལ་པོ་རྡོ་རྗེའི་མཚན། །བཞུགས་ནི་རིག་འཛིན༴ འདིར་གཤེགས༴ སྐལ་ལྡན༴ འདི་ཡན་བླ་མའི་གསུང་། ཁོ་བོའི་ཡོངས་འཛིན་མཆོག་གི་ཙཀླིའི་རྒྱབ་བྱང་ནི་འདིར་ལྟར། སྨན་ལུང་དམ་པའི་རིག་འཁྲུངས་ནས། །བསྟན་འགྲོའི་དོན་ལ་བརྩེར་དགོངས་ཏེ། །རྒྱལ་བསྟན་མདོ་སྔགས་བཀའ་གཏེར་གྱི། །སྒོམ་སྒྲུབ་འཆད་ཉན་ཕྱོགས་བརྒྱར་སྤེལ། །ཁྱད་པར་མདོ་སྒྱུ་སེམས་གསུམ་གྱི། །བསྟན་པའི་མེ་རོ་སླར་གསོལ་ཕྱིར། །རྡོ་རྗེ་འཆང་དངོས་བཀའ་འགྱུར་བའི། །བཀས་བསྐུལ་བསྟན་པའི་རྒྱལ་མཚན་བཙུགས། །ལྷག་པར་བདག་ལ་ཐུགས་བརྩེ་བས། །སྨིན་གྲོལ་བདུད་རྩིའི་རྒྱུན་བཟང་པོ། །ཅི་ཡང་སྩོལ་བའི་ཐུགས་རྗེ་ཅན། །བཀའ་དྲིན་བསྐལ་པར་གཞལ་དཀའ་བའི། །དྲིན་ཅན་རྩ་བའི་བླ་མ་མཆོག །འཁོར་ལོའི་དབང་ཕྱུག་སྨན་ལུང་པ། །རབ་མཐོང་བློ་གྲོས་མཆོག་གི་སྡེ། །གསང་མཚན་རིག་པའི་རྡོ་རྗེ་རྩལ། ད་ལྟ་འོག་མིན་གནས་ན་བཞུགས། །ངེས་ཤེས་མོས་གུས་རྩེ་གཅིག་གིས། །སྙིང་ནས་གསོལ་བ་འདེབས་ལགས་ན། །བརྩེ་བ་ཆེན་པོས་བྱིན་གྱིས་བརླབས། །མགོན་ཁྱོད་རིག་འཛིན་བརྒྱུད་པར་བཅས། །ཐུགས་ཀྱི་བཞེད་པ་བསྐང་སླད་དུ། །འཆད་ཉན་བགྱི་བར་རྩོལ་ལགས་ན། །འདིར་གཤེགས༴ སྐལ་ལྡན༴ སྲིན་བུ་མེ་ཁྱེར་ཉི་ཟླའི་འོད་ལ་སྙེག་པའི་དཔེར་སྣང་ཡང་། ཚིག་བརྒྱུད་མི་ཆད་པའི་དགོས་པ་དང་། སྐལ་པ་བཟང་པོའི་སྨོན་ལམ་གྱི་མཚམས་སྦྱོར་བའི་ཕྱིར་རྩོམ་པ་པོ་རང་ཉིད་ཀྱི་མཚང་བསྟན་པ་ནི་འདི་ལྟར། ཐུབ་བསྟན་ཨེ་ཝཾ་ཆོས་གྲྭ་རུ། །ལྷ་བཙུན་པདྨ་ཕྲིན་ལས་ཞེས། །གསང་མཚན་རྡོ་རྗེ་བདུད་འཇོམས་རྩལ། །ཚངས་པར་སྤྱོད་པའི་རྡོ་རྗེ་འཛིན། །དམ་པ་དུ་མའི་བཀའ་དྲིན་ལས། །ཡོངས་རྫོགས་བསྟན་ལ་རབ་ཞུགས་ཏེ། །སྡོམ་པ་གསུམ་གྱི་བཀའ་དྲིན་ནོས། །མདོ་སྔགས་སྨིན་གྲོལ་གདམས་པས་ཕྱུག །རྒྱལ་དབང་པདྨའི་ཕྲིན་ལས་སྤེལ། །ཕྱི་མ་ཟངས་མདོག་དཔལ་རིར་སྨིན། །འདིར་གཤེགས་ཚོགས་བསྲུང་སྐྱེ་རྒུ་བསྐྱང་དུ་གསོལ། །སྐལ་ལྡན་བྱིན་རླབས་དབང་བསྐུར་དངོས་གྲུབ་སྩོལ། །དེ་ཡང་རིག་འཛིན་བླ་མ་འདི་རྣམས་འོག་མིན་དུ་འདུས་པ་མདོའི་དཀྱིལ་འཁོར་གྱི་ཁྱམས་ལ་བཞུགས་ངེས་པས་སློབ་མ་ལ་བྱིན་གྱིས་བརླབས་པའི་དགོས་པ་ཡོད་ཅེས་གསུང་ཞིང་། མདོར་ན་མདོ་དབང་བསྐུར་བ་པོའི་བླ་མ་དེ་སོ་སོ་སྐྱེ་བོ་ཞིག་ཡིན་ཡང་དམ་ཚིག་དང་ལྡན་ན་ཕྱི་མ་འདུས་པ་མདོའི་དཀྱིལ་འཁོར་རིག་འཛིན་གྱི་གྲལ་དུ་ཆུད་པར་ལུང་ལས་གསུངས་ཤིང་འདི་ལྟར་འགྱུར་ངེས་པར་རྒྱ་བོད་ཀྱི་རིག་འཛིན་གོང་མས་དབུ་སྙུང་བཞེས་པ་ཡིན་པས་ཐེ་ཚོམ་མི་བྱའོ། །ཞེས་ཡིག་རྙིང་དག་ལས་འབྱུང་བས་དེའི་ཕྱིར་ན་ཡིད་ཆེས་བསྐྱེད་ལ་མོས་གུས་དྲག་པོ་དང་ལྡན་པ་མཆོག་ཏུ་གཅེས་སོ། །འདི་ཡན་ཆོ་ག་ལ་ཞག་ཇི་ཙམ་ཐོགས་ཀྱང་ནང་རེ་བཞིན་རྒྱུད་ལུང་སྤེལ་བའི་ཕྲིན་ལས་འཛབ་དང་བཅས་པ་དང་། ནུབ་རེ་བཞིན་ཆོས་སྲུང་མཆོད་སྐང་ཞི་ཁྲོའི་ཚོགས་ཀྱི་ཕྲིན་ལས། སྐོང་བཤགས་སོགས་བྱ་བ་ཤིན་ཏུ་གཅེས་ཤིང་། དབང་ཞག་གི་བར་དུ་གཅོད་དགོས་པའི་མཚམས་དེར་གཏང་རག་མཎྜལ་དང་དགེ་བ་བསྔོ། འཛུགས་ཁར་ཁྲུས་བགེགས་སྐྲོད་དང་མཚམས་སྦྱོར་གྱི་བཤད་པས་སྤྲོས་ཏེ་མཎྜལ་དང་། བྱང་ཆུབ་རྡོ་རྗེ་སོགས་ཇི་ལྟར་རིགས་པས་གསོལ་བ་གདབ་པ་ཀུན་ལ་འགྲེའོ། །རྩ་བར། དེ་ནས་དབང་རྫོགས་ནས་ལྷ་དབང་དེ་དག་བརྟན་པར་བྱེད་པའི་ཡན་ལག་ཏུ་ངང་སྒོམ་གྱི་ཁྲིད་བསྟན་པ་ཡིན་ཏེ། དེ་ལ་ཡང་ལྷ་སྒོམ་པ་དང་། མན་ངག་སྒོམ་པ་གཉིས་ལས། དང་པོ་ལྷ་སྒོམ་པ་ནི་གཉིས་ཏེ། བསྐྱེད་པ་དང་། རྫོགས་པའོ། །དང་པོ་ནི་མེ་ཏོག་ཕོག་པའི་ལྷ་གང་ཡིན་བསྟན་ལ་སྐུ་ངོ་སྤྲད། །སྙིང་པོ་བཟླས་ལུང་ཕོག་ལ་གསུང་ངོ་སྤྲད། ཆོས་ཐམས་ཅད་མཉམ་ཉིད་ཐུགས་སུ་ངོ་སྤྲད། ནུས་པ་ཕུན་སུམ་ཚོགས་པས་ཡོན་ཏན་ངོ་སྤྲད། རྫས་དབང་བསྐུར་བས་ཕྲིན་ལས་ངོ་སྤྲད། ཅེས་གསུངས་པའི་དོན་ནི་ཞི་ཁྲོའི་ལྷ་མེ་ཏོག་གང་ལ་ཕོག་པ་དེའི་སྐུ་བསྟན་ཅིང་བསྐྱེད་རིམ་དང་སྙིང་པོའི་བཟླས་ལུང་ཕོག་ལ། དེ་ཐམས་ཅད་ཟུང་འཇུག་གི་ལམ་དུ་འཁྱེར་བས། དེའི་ཡོན་ཏན་དང་རྫས་དབང་ཐོབ་པས་ལས་བཞི་གང་བརྩམས་འགྲུབ་པ་ཕྲིན་ལས་ཡིན་པར་ངོ་སྤྲད་ཅིང་། ཁྱད་པར་སྤྱི་འཛབ་གུ་ཧྱ་ཛྙཱ་ན་དང་། རུ་ལུ་འདི་ཙམ་བཟླ་བའི་དམ་བཅའ་བླང་བ་ནི་ལྷ་དང་སྙིང་པོ་ལམ་འཁྱེར། རྒྱུད་ལུང་གི་ལས་བྱང་རྣམ་གྲངས་མང་ཡང་། ཆོག་ཁྲིགས་འདིའི་ཁོངས་སུ་ཞི་བ་རིན་ཆེན་དྲྭ་བ་དང་། ཁྲོ་བོ་དམ་པ་རྒྱན་ཏེ་རྒྱུད་ཀྱི་ལས་བྱང་། དེའི་གསལ་འདེབས་ལུང་གི་ལས་བྱང་ཞི་ཐུང་ཁྲོ་ཐུང་སོགས་ཐམས་ཅད་ཚང་བར་ཡོད་པས་རྒྱས་བསྡུས་གང་འཐད་ཅི་ལྕོགས་ཀྱི་ཉམས་ལེན་བྱེད་པའི་དམ་བཅའ་ཡང་བླང་ངོ་། །དེ་ནི་བུམ་དབང་གི་ལམ་འཁྱེར་མ་ཧཱ་ཡོ་ག་དང་རྗེས་སུ་མཐུན་པའི་བསྐྱེད་རིམ་གྱི་རྣལ་འབྱོར་རོ། །རྫོགས་རིམ་ནི་རྩ་བར། དེ་དག་ཀྱང་ཐོག་མ་ནས་རང་ལ་ཡོད་ཅིང་དེ་ལྟར་ཡིན་པས་ངོ་སྤྲད་དོ། །དེས་མཚོན་ནས་སྣང་སྲིད་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་ལོངས་སྤྱོད་ཅིང་ལམ་དུ་འཁྱེར་ལ། ཐམས་ཅད་ལྷར་གསལ་བ་ལྟ་བ། དེའི་ངང་ལ་གནས་པ་སྒོམ་པ། ལྷ་ལ་ལྷ་རོལ་པ་སྤྱོད་པ། དེ་ལས་མི་འདའ་བ་དམ་ཚིག །མངོན་དུ་གྱུར་པ་འབྲས་བུའོ། །ཞེས་གསུངས་པ་བཞིན་ངོ་སྤྲད། རྩ་བར། རྣལ་འབྱོར་གྱི་འདུག་ཚུལ་ནི། གླང་པོ་ཆེ་ཆང་གིས་མྱོས་པ་ལྟ་བུ་སྟེ། ངང་སྒོམ་ཆུང་ངུའི་ཐད་དུ་སློབ་པའོ། །དེ་ནས་བདག་ཆེ་མཆོག་ལྟ་བུ་ཡི་དམ་གྱི་ལྷར་གསལ་བའི་སྤྱི་བོར་ཐིག་ལེ་དམར་པོ་སྲན་མ་ཙམ་ཞིག་བསྒོམ། དེ་བས་ཁྲུ་གང་གིས་མཐོ་བར་ཐིག་ལེ་དཀར་པོ་སྲན་མ་ཙམ་ཞིག་བསྒོམ། དེ་ནས་སྣ་བུག་གཡོན་ནས་འོད་དམར་པོ་སྲན་མ་ཙམ་ཞིག་བྱུང་ནས་སྤྱི་བོའི་ཐིག་ལེ་དམར་པོ་ལ་ཕོག །དེས་བདག་རྐྱེན་བྱས་ནས་ཐིག་ལེ་ལས་འོད་འཕྲོས། སེམས་ཅན་ལ་ཕོག །འགྲོ་དོན་བྱས། དེ་བཞིན་གཤེགས་པ་ལ་ཕོག །ཐུགས་མཉེས་པའི་མཆོད་པ་ཕུལ། འོད་ཚུར་འདུས་ཐིག་ལེ་ལ་ཐིམ། ཐིག་ལེ་དམར་པོ་འོད་དུ་ཞུ། ཡང་སྣ་བུག་གཡས་ནས་འོད་དཀར་པོ་བྱུང་གོང་གི་ཐིག་ལེ་དཀར་པོ་ལ་ཕོག་འོད་འཕྲོས། སེམས་ཅན་གྱི་སྒྲིབ་པ་སྦྱངས། དེ་བཞིན་གཤེགས་པ་ལ་མཆོད་པ་ཕུལ། ཚུར་འདུས་ཐིག་ལེ་ལ་ཐིམ། ཐིག་ལེ་དཀར་པོ་དམར་པོ་ལ་ཐིམ་སྟེ་ཚངས་བུག་ནས་སྙིང་གི་དཀྱིལ་དུ་ཐིམ་ནས། བདེ་སྟོང་གཉིས་མེད་ཀྱི་ངང་ལ་བཞག་གོ། །དེ་ནི་ལྷ་སྒོམ་པའི་མན་ངག་གོ། །གཉིས་པ་མན་ངག་སྒོམ་པ་ལ་གཉིས་ཏེ། སྟེང་སྒོ་དང་། འོག་གི་གཉིས་ལས། དང་པོ་སྟེང་སྒོ་སྒོམ་པ་ནི། ངང་སྒོམ་འབྲིང་པོ་སྟེ་རང་གི་ལུས་ཕྲུ་མ་ལྟ་བུའི་ནང་དུ་ཨ་ཝ་དྷཱུ་ཏི་སྦོམ་ཕྲ་མདའ་སྨྱུག་འབྲིང་པོ་ཙམ་ཕྱི་དམར་ལ་ནང་དཀར་བ་ཡར་སྣ་རྩེ་ཆུང་། མར་སྣ་སྲོག་ཤིང་གཏེར་པོ་ཆེ། སུམ་མདོ་མེའི་འཁོར་ལོ། འོག་སྒོ་རླུང་གི་འཁོར་ལོ། ཁྲི་འཕང་ལྟེ་བ་བང་རིམ། སྙིང་ག་བུམ་པ། མགྲིན་པ་བྲེ། ཀླད་པ་ཆོས་འཁོར་དང་གདུགས་ཏེ་ལུས་མཆོད་རྟེན་དུ་སྒོམ། དེའི་རྩེར་སྲོག་མི་ཤིགས་པའི་ངོ་བོ་ཐིག་ལེ་ཧཾ་གི་རང་བཞིན་སྲན་མ་ཙམ་ཞིག་གནས་པ་ལས་འོད་ཕྱོགས་བཅུར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། འོད་ཚུར་འདུས་ཧཾ་གི་ཐིག་ལེ་ལ་ཕོག་འོད་དུ་ཞུ་བླ་མ་ཏོག་གི་ཚུལ་དུ་བཞུགས་པ་ལ་ཐིམ། དེ་ལ་ཤེས་པ་གཏད་པས་དེ་ཡང་འོད་དུ་ཚངས་བུག་ནས་ཞུགས། སྙིང་གི་དཀྱིལ་དུ་ཐིམ་པས། རང་གི་སེམས་དང་དབྱེར་མེད་དུ་འདྲེས་པའི་ངང་ལ་མ་བཅོས་པར་བཞག་གོ། །གཉིས་པ་འོག་སྒོ་སྒོམ་པ་ནི། སྤྱི་བོར་ཐིག་ལེ་དམར་པོ་སྲན་མ་ཙམ། དེའི་སྟེང་མདའ་གང་དུ་དཀར་པོ་སྲན་མ་ཙམ་ཞིག་བསམ། དེ་ནས་དམར་པོ་ལ་ཤེས་པ་གཏད་པས་དེ་ཆགས་པའི་རང་བཞིན་འདར་བས་རྐྱེན་བྱས་ནས་དཀར་པོའང་འདར་ནས་དམར་པོ་ལ་ཐིམ་གཅིག་ཏུ་འདྲེས་ཚངས་བུག་ནས་ཞུགས། སྙིང་གི་དཀྱིལ་དུ་ཐིམ་སྟེ་བདེ་སྟོང་དབྱེར་མེད་ཀྱི་ངང་ལ་བཞག་གོ། །དེ་ནི་མ་ཧཱ་ཡོ་གའི་ངང་སྒོམ་གྱི་མན་ངག་གོ། །ཞེས་གསུངས་པའི་དོན་དེ་དག་ཀྱང་ཞིབ་ཏུ་བཀྲོལ་ཏེ་བཤད་ལ་གདམས་ངག་ཐེབས་ངེས་པར་བྱ་བ་ནི་མ་ཧཱ་ཡོ་གའི་ངང་སྒོམ་གདམས་ངག་ལམ་ཁྱེར་རོ། །གཉིས་པ་ནི་རྩ་བར། ལུང་ཨ་ནུ་ཡོ་གའི་མན་ངག་ནི་ཐེག་པ་ཨ་ནུ་ཡོ་ག །ལྟ་བ་དབྱིངས་ཡེ་ཤེས་དབྱེར་མེད། དེའི་ངང་ལ་གནས་པ་བསྒོམ་པ། སྤྱོད་ལམ་བཞིར་དེ་དང་མི་འབྲལ་བ་སྤྱོད་པ། དེ་ལས་མི་འདའ་བ་དམ་ཚིག །མཐར་ཕྱིན་པ་འབྲས་བུའོ། །རྣལ་འབྱོར་གྱི་ཚུལ་ནི། ཆུ་བོ་བཞིན་དུ་རྒྱུན་ཆད་མེད་པའོ། །སྒོམ་ཐབས་ནི། ངང་སྒོམ་ཆེན་པོ་སྟེ། དེའང་སྙིང་གི་དཀྱིལ་དུ་ཐིག་ལེ་དཀར་པོ་ཕུག་རོན་གྱི་སྒོ་ང་ཙམ་ཞིག་བསམ། དེ་ལས་འོད་སྤྱི་གཙུག་ན་ཡར་སྐམ་མདའ་འཕངས་པ་བཞིན་ཐོན། དེ་ལས་ཐིག་ཕྲན་བསམ་གྱིས་མི་ཁྱབ་པ་འཕྲོས་ནས་ཇེ་ཆེ་ཇེ་ཆེ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བར་བསམ། ཐིག་ཕྲན་རྣམས་ཚུར་འདུས་ཐིག་ལེ་ལ་ཐིམ་པས་རོ་གཅིག་ཏུ་འདྲེས། དབྱིངས་རིག་པ་དབྱེར་མེད་བདེ་བ་ཆེན་པོའི་ངང་ལ་མཉམ་པར་བཞག་གོ། །དེ་དག་ཀྱང་དམིགས་པས་རྟེན་བཅས་པ་དེ་རྗེས་ཀ་དག་གི་ངང་དུ་ཅི་གནས་སུ་མཉམ་པ་བཞག་པ་ཁོ་ན་གནས་སུ་ཆེའོ། །དེ་ལྟར་བུམ་དབང་འཁོར་བཅས་སམ་ཕྱི་དབང་བཅུ། ནང་དབང་བཅུ་གཅིག །སྒྲུབ་དབང་བཅུ་གསུམ་རྣམས་ཐོབ་པའི་རྟོགས་པ་བསྐྱེད་པ་ནི་རྩ་བར། འགག་དྲུག་ནི། གང་གི་གང་ལ་གང་བསྟན་པ། །ཅི་ཕྱིར་དགོས་པ་ཡེ་གནས་པ། །འདི་ནི་ནང་གི་འགག་དྲུག་ཡིན། །ཞེས་པ་ལ། གང་དུ་གསུངས་པའི་གནས་པདྨ་མེ་ཏོག་འཇའ་ཚོན་གྱི་ཚལ་དུའོ། །གང་གིས་བསྐུར་བའི་སློབ་དཔོན་ནི་རོ་ལངས་བདེ་བའི་དངོས་གྲུབ་བོ། །གང་ལ་བསྐུར་བའི་སློབ་མ་ནི་ཧཱུཾ་མཛད་རྡོ་རྗེ་དང་འཇམ་དཔལ་བཤེས་གཉེན་ལ་སོགས་པའོ། །སྐབས་འདིར་གླན་སྟོན་གྱི་བཞེད་པར། བསྐྱེད་རྫོགས་གཉིས་སམ་རྒྱུད་ལུང་སྟེ་ཡོ་ག་གཉིས་ཐུན་མོང་དུ་གནས་ནི་རི་མ་ལ་ཡའི་རྩེའམ་རྒྱལ་པོ་ཛཿའི་ཁབ་ཏུ་དཔལ་རྡོ་རྗེ་སེམས་དཔའ་དང་གསང་བའི་བདག་པོར་རྒྱལ་པོ་ཛཿལ་དབང་བསྐུར་ཞིང་རྒྱུད་དོན་ཐམས་ཅད་བཤད། དེ་ནས་ལོ་བརྒྱ་ལྷག་ནས་བྱུ་རུ་དམར་པོ་ཆུ་མིག་དགུ་སྒྲིལ་གྱི་ཚལ། དྷ་ན་ཀོ་ཤའི་གླིང་ཕུག་ཏུ་ཡང་རྡོ་རྗེ་སེམས་དཔའ་དང་གསང་བདག་གིས་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་ལ་བཤད། དེ་ནས་སློབ་དཔོན་དགའ་རབ་རྡོ་རྗེ་ཞེས་སམ་སློབ་དཔོན་རོ་ལངས་བདེ་བ་ཞེས་བྱ་བ་དེས། ཨོ་རྒྱན་ཡུལ་མ་ག་དྷའི་བྲག་ཕུག་ཏུ་ཨོ་རྒྱན་གྱི་རྒྱལ་པོ་དྷརྨཱ་ཀ་ཡ་དང་། ཟ་ཧོར་གྱི་རྒྱལ་པོ་པྲ་ཧསྟི་དང་། སློབ་དཔོན་ཆེན་པོ་ཧཱུཾ་མཛད་རྡོ་རྗེ་དང་། སིང་ང་ལའི་རཱ་ཛ་འཇམ་དཔལ་བཤེས་གཉེན་ལ་སོགས་པ་མངོན་པར་ཤེས་པ་ལྔ་དང་ལྡན་པ་རྣམས་ལ་བསྐུར་ཞེས་གསུངས་པ་ཁུངས་དང་འབྲེལ་བར་མངོན་ནོ། །རྩ་བར། གང་བསྐུར་བའི་དབང་ནི་དབང་མཆོག་སུམ་ཅུ་རྩ་དྲུག་སྟེ། ཕྱི་དབང་བཅུ། ནང་དབང་བཅུ་གཅིག །སྒྲུབ་དབང་བཅུ་གསུམ། ཟབ་དབང་གཉིས་རྣམས་སོ། །རྒྱུ་མཚན་མི་ལུས་བསྒྲུབ་པའི་ཕྱིར་རོ། །དགོས་པའམ་འབྲས་བུ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ཐོབ་པའོ། །ཞེས་གསུངས་པའི་དོན་ནི་ལུགས་འདིའི་དབུ་ཞབས་ཐམས་ཅད་དུ། འགག་གནས་སྟོན་འཁོར་ཐེག་ཕྱིར་དགོས། །ཞེས་དོན་དྲུག་ཏུ་བསྟན་པའི་ཚུལ་གྱིས་འཆད་པར་སྣང་བས་མ་ཧཱ་དང་ཨ་ནུའི་འགག་དྲུག་གི་དགོངས་པ་བསྟན་པ་ཡིན་ནོ། །རྩ་བར། དེ་ནས་ཆུ་བརྒྱད་གུ་ཧྱ་ཛྙཱ་ནའི་འཛབ་མང་དུ་བཟླས་ལ། ཞེས་གསུངས་པས་གདམས་ངག་ངང་སྒོམ་གྱི་དམིགས་ཁྲིད་ཚར་ནས་ཆུ་བརྒྱད་ཅེས་པ་ཡིག་ནོར་འདྲ་བས་ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཞེས་རུ་ལུ་འབྲུ་བརྒྱད་དང་ༀ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་འཛབ་དབྱངས་དང་བཅས་ཏེ་མང་དུ་བཟླས་པའི་མཐར། རྩ་བར། བདག་ཅག་རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་གྱིས་བསྙེན་པ་དང་། ཉེ་བའི་བསྙེན་པ་དང་། སྒྲུབ་པ་དང་། སྒྲུབ་པ་ཆེན་པོའི་སྒོ་ནས་བཟླས་བརྗོད་ཀྱི་བསྙེན་པ་འདི་དག་འབུལ་ཞིང་མཆིས་ན་ཐུགས་རྗེ་ཆེན་པོས་དགོངས་ཤིང་བཞེས་ནས་བདག་ཅག་ལ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ད་ལྟ་ཉིད་སྩལ་དུ་གསོལ། ཞེས་རྗེས་ཟློས་དང་བཅས་ཏེ་བརྗོད། འདིར་མར་མེ་སྨོན་ལམ་ཆུང་བ་ཞིག་ཡོད་ཀྱང་ཕྱག་བཞེས་སུ་འོག་ཏུ་མར་མེ་སྨོན་ལམ་དངོས་དང་སྦྲེལ་ནས་མཛད་པ་ཡིན། རྩ་བར། དེ་ནས་ཞག་བཅུར་འགྲོ་བའི་ཉིན་མོ་རྫོགས་ཆེན་གྱི་དཀྱིལ་འཁོར་པདྨ་འདབ་མ་བཅུ་དྲུག་པ་མུ་ཁྱུད་དང་བཅས་པ་ཉི་མའི་དཀྱིལ་འཁོར་ལ་ལྟེ་བར་ཨ་ཁ་སྦྱོར། འདབ་མར་ཨ་བཅུ་དྲུག་རྣམས་དཀར་པོ། པད་སྐོར་གྱི་མཐར་སྙིང་དཀར་དམར་གྱི་ཤུན་པ་རྩ་བ་ཤར། རྩེ་མོ་ནུབ་ཏུ་བསྟན་པ་བྲི། གཏིང་དུ་རྩ་རིས་རྩེ་མོ་པད་གདན་ལ་རེག་པ་བྱ། གློ་འབུར་གྲུ་ཆད་འཇའ་རིས་ཕྱི་འོད་སྐོར་ཞིང་ཁམས་རྟ་བབས་སྒོ་པདྨ་རྡོ་ར་མེ་རི། མཐའ་རྒྱས་གྲུ་བཞི་ལྕགས་རི་ཕྱོགས་མདོག་བྱའོ། །ཨ་བཅོ་བརྒྱད་པོ་ཀུན་བཟང་ཡབ་ཡུམ་བཅོ་བརྒྱད་དུ་བསྒོམ། བུམ་པར་རྫས་བླུག་ལ་དབུས་སུ་དགོད། དེའི་ཆུ་ཀུན་བཟང་ཡབ་ཡུམ་སྦྱོར་བ་མཛད་པའི་བྱང་ཆུབ་སེམས་སུ་བསམ་མོ། །གཞན་ཡང་རྒྱ་བོད་ཀྱི་བླ་མ་བརྒྱུད་པའི་སྐུ་གསུང་ཐུགས་ཀྱི་རྟེན་དགོད་དོ། །ཞེས་གསུངས་པའི་དོན་འོག་ཏུ་རྒྱས་པར་འབྱུང་བས་རྒྱས་བཤད་ཀྱི་ལག་ལེན་དེའི་སྐབས་སུ་སྟོན། རྩ་བར། དེའི་ཤར་དུ་འདབ་བརྒྱད་མཛེས་ཚོན་དབུས་མཐིང་ཁར་རིགས་ལྔ་བསྐྱེད་པའི་དབུས་ཀྱི་མི་བསྐྱོད་པ་ཡབ་ཡུམ་སྦྱོར་བ་མཛད་པའི་བྱང་སེམས་སུ་བསམ་པའམ། ཡང་ན་འཁོར་ལོ་རྩིབས་བཞི་པ་བྱས་ལ་བདུད་རྩིའི་དཀྱིལ་འཁོར་སྒོམ། ཐོད་པ་མཚན་ལྡན་དུ་བྱང་སེམས་འོ་བུར་སྦྱར་བ་དགོད་པ་བདུད་རྩིར་བསྒྲུབ། ཅེས་གསུངས་པའི་དོན་གོང་དུ་ཡོ་བྱད་བཤམས་པའི་སྐབས་སུ་བསྟན་པ་ལྟར། ཚོགས་ཆེན་གྱི་དབང་ལ་འཇུག་ཁར་འཁོར་ལོ་རྩིབས་བཞི་པའི་དཀྱིལ་འཁོར་བཤམས་པ་དང་ཆེ་མཆོག་ཁྲོ་མཁར་གྱི་ཚུལ་དུ་ལམ་ཙམ་བསྒྲུབས་ཏེ། གསང་དབང་ཐུན་མོང་བ་བསྐུར་ཟིན་ནའང་ཐུན་མོང་མ་ཡིན་པའི་དབང་གོང་མའི་བྱིན་རླབས་སླད་ཀྱིས་བྱ་དགོས་པས་བདུད་རྩི་ཁ་གསོའོ། །རྩ་བར། ནུབ་ཏུ་ཚེ་ཡི་དཀྱིལ་འཁོར་རྩིབས་བཞི་སེར། ལྟེ་བ་དམར་པོར་ཚེ་ཡི་འབྲང་རྒྱས་བཤམ། གཞན་ཡང་མཆོད་གཏོར་སོ་མ་དང་ཚོགས་ཀྱི་ཡོ་བྱད་བཤམ་མོ། །ཞེས་གསུངས་པའི་དོན་དཀྱིལ་འཁོར་ཆེན་པོའི་ནུབ་ཕྱོགས་སུ་སྟེགས་ཀྱི་ཁར་ཚེའི་དཀྱིལ་འཁོར་ལྟེ་བ་དམར། རྩིབས་བཞི་སེར། དེའི་དབུས་སུ་རིན་པོ་ཆེའི་བུམ་པ་རྫས་ལྡན་གཡས་སུ་མར་མེ། གཡོན་དུ་གོང་གི་ཡོ་བྱད་བཤམས་པའི་སྐབས་ཀྱི་ཚེ་འབྲང་བཞག །གཞན་ཡང་གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང་། ཚེ་དཔག་མེད་ཀྱི་མཆོག་གཏོར་ཟླུམ་པོ་འདབ་བཞིས་བསྐོར་བ་སྨན་རཀ་ཉེར་སྤྱོད་སོགས་ཀྱང་བཤམ། གཞན་ཡང་དཀྱིལ་འཁོར་གྱི་མཆོད་གཏོར་ཚོགས་བ སྐང་གི་ཡོ་བྱད་རྣམས་ཀྱང་རྒྱ་ཆེར་བཤམ་མོ། །རྩ་བར། དེ་ནས་ཆ་གསུམ་བཏང་། ཞི་ཁྲོའི་ཕྲིན་ལས་བྱ། ཞེས་གསུངས་པའི་དོན་ནི་ཐོག་མར་ཆ་གསུམ་བཏང་། རྡོ་རྗེས་ཚུལ་ཕྱག་དང་གྲལ་ཕྱག་ནས་བཟུང་མཚམས་གཅོད་སོགས་སྔོན་འགྲོའི་རིམ་པ་དང་། དངོས་གཞི་རྒྱུད་ལུང་གི་ཞི་ཁྲོའི་ལས་བྱང་འཛབ་ཁང་དབྱེ་བ་དང་འཛབ། ཞི་ཁྲོའི་ཚོགས་མཆོད། སྐོངས་བཤགས། ཆོས་སྲུང་གི་བསྐང་གསོ། དཀྱིལ་འཁོར་དུ་རིག་པའི་མེ་ཏོག་དོར་བ་སོགས་ཐམས་ཅད་སྔ་མ་ལྟར་རྒྱས་པར་བྱའོ། །བྱེ་བྲག་གསང་དབང་གི་བྱིན་རླབས་ཀྱི་རྫས་བདུད་རྩིའི་དཀྱིལ་འཁོར་སྒྲུབ་པ་ནི། རྩ་བར། དེ་ནས་བཛྲ་ཙཀྲ་ཞེས་པས་མདུན་དུ་འཁོར་ལོ་རྩིབས་བཞིའི་ཤར་དུ་བུདྡྷ་ཧེ་རུ་ཀ །ལྷོར་རཏྣ་ཧེ་རུ་ཀ །ནུབ་ཏུ་པདྨ་ཧེ་རུ་ཀ །བྱང་དུ་ཀརྨ་ཧེ་རུ་ཀ །དབུས་སུ་བཛྲ་ཧེ་རུ་ཀ །དེའི་སྟེང་དུ་ཐུགས་བྱང་ཆུབ་སེམས་ལ་ཡུམ་ཁྲོ་མོ་གནམ་ཞལ་མ་དབུ་དགུ། ཕྱག་བཅོ་བརྒྱད། ཞབས་བཞི། དེ་ཡང་དབུ་དགུ་ནི་ཡེ་ཤེས་དགུ། ཕྱག་བཅོ་བརྒྱད་དབང་པོ་དྲུག །ཡུལ་དྲུག །རྣམ་ཤེས་དྲུག་སྟེ་ཁམས་བཅོ་བརྒྱད་ཀྱི་རང་བཞིན་ནོ། །ཞབས་བཞི་ནི་རྣམ་ཤེས་བཞིས་རིགས་བཞི་སྟེ་ཧེ་རུ་ཀ་མནན་པའོ། །དེའི་སྟེང་དུ་ཐུགས་བྱང་ཆུབ་སེམས་ཀྱི་རང་བཞིན་ཆེ་མཆོག་ཧེ་རུ་ཀ་དབུ་དགུ། ཕྱག་བཅོ་བརྒྱད། ཞབས་བརྒྱད་པའོ། །དབུ་དགུ་ཧེ་རུ་ཀ་དགུ། ཕྱག་དང་པོ་གཉིས་རྡོ་རྗེ་རྩེ་དགུས་དུང་དམར་དཀྲུག་པ། གཡས་བརྒྱད་ཀྱིས་ཀ་རཱི་སོགས་བརྒྱད། གཡོན་བརྒྱད་ཀྱིས་སིངྷ་སོགས་བརྒྱད། ཞབས་བརྒྱད་རྣམ་ཤེས་ཚོགས་བརྒྱད་ཁྲོ་མོའི་དབུ་བརྒྱད་མནན་པ། གནམ་ཞལ་མའི་དབུ་གོང་མའི་ཞལ་ཨེ་གྲུ་གསུམ་དུ་ཡབ་ཀྱི་རྡོ་རྗེ་བཅུག་པར་བསམ་མོ། །ཞེས་གསུངས་པའི་དོན། བཛྲ་ཙཀྲ་ཞེས་བརྗོད་པས་བདུད་རྩིའི་དཀྱིལ་འཁོར་དེ་ཉིད་འཁོར་ལོ་རྩིབས་བཞི་པར་གྱུར་པའི་ཤར་དུ་བུདྡྷ་ཧེ་རུ་ཀ་ཡབ་ཡུམ་སྨུག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་འཁོར་ལོ་རྒྱུ་ཞགས་ཁྱུང་ཁྲ། གཡོན་གསུམ་ཐོད་ཁྲག་ཞགས་པ་མི་མགོ་འཛིན་པ། ཡུམ་བུདྡྷ་ཁྲག་འཐུང་དུང་ཁྲག་སྟོབ་པ་དང་འཁྲིལ་པ། ལྷོར་རཏྣ་ཧེ་རུ་ཀ་ཡབ་ཡུམ་སེར་སྔོ་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་རིན་ཆེན་དགྲ་སྟྭ་སྟོང་གི་འཇིག་རྟེན། གཡོན་གསུམ་བྷན་དམར་རྒྱུ་ཞགས་རི་རབ་བསྣམས་པ། ཡུམ་རཏྣ་ཁྲག་འཐུང་དུང་ཁྲག་སྟོབ་པ་དང་འཁྲིལ་བ། ནུབ་ཏུ་པདྨ་ཧེ་རུ་ཀ་ཡབ་ཡུམ་དམར་དཀར་སྔོ་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་པདྨ་དགྲ་སྟྭ་བེ་ཅོན། གཡོན་གསུམ་བྷན་དམར་ཐོང་གཤོལ་འཇིག་རྟེན་འདེགས་པ། ཡུམ་པདྨ་ཁྲག་འཐུང་དུང་ཁྲག་སྟོབ་པ་དང་འཁྲིལ་བ། བྱང་དུ་ཀརྨ་ཧེ་རུ་ཀ་ཡབ་ཡུམ་ལྗང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་རྒྱ་གྲམ་དགྲ་སྟྭ་རལ་གྲི། གཡོན་གསུམ་བྷན་དམར་ཐོང་གཤོལ་ཞགས་པ་འཛིན། ཡུམ་ལས་ཀྱི་ཁྲག་འཐུང་དུང་ཁྲག་སྟོབ་པ་དང་འཁྲིལ་བ། དབུས་སུ་བཛྲ་ཧེ་རུ་ཀ་ཡབ་ཡུམ་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་རྡོ་རྗེ་རལ་གྲི་དགྲ་སྟ། གཡོན་གསུམ་ཞགས་པ་ལྕགས་སྒྲོག་ཐོང་གཤོལ་ཅན་ཡུམ་བཛྲ་ཀྲོ་དྷི་དུང་ཁྲག་སྟོབ་པ་དང་འཁྲིལ་བ། དེའི་སྟེང་དུ་ཐུགས་བྱང་ཆུབ་ཀྱི་སེམས་ལས་ཁྲོ་མོ་གནམ་ཞལ་མ་ཡེ་ཤེས་དགུ་དང་ལྡན་པའི་ཕྱིར་དབུ་དགུ་ནི། དབུས་ཞལ་མཐིང་བ་ཨེ་གྲུ་གསུམ་གྱི་རྣམ་པ་ཅན་གྱེན་དུ་གདེངས་པ། གཡས་ཞལ་བཞི་ལྗང་དམར་མཐིང་སེར་ཞལ་གཡས་སུ་འཁོར་བ། གཡོན་ཞལ་བཞི་དམར་ལྗང་དཀར་དམར་བ་གཡོན་ནས་འཁོར་བ། དབང་པོ་དྲུག །ཡུལ་དྲུག །རྣམ་ཤེས་དྲུག་སྟེ་ཁམས་བཅོ་བརྒྱད་ཀྱི་རང་བཞིན་ཕྱག་བཅོ་བརྒྱད། རྣམ་ཤེས་བཞིའི་རང་བཞིན་ཞབས་བཞིས་ཧེ་རུ་ཀ་རིགས་བཞིའི་དབུ་མནན་པ། དེའི་སྟེང་དུ་ཐུགས་བྱང་ཆུབ་སེམས་ཀྱི་རང་བཞིན་དཔལ་ཆེ་མཆོག་ཧེ་རུ་ཀ་དབུ་དགུ། ཕྱག་བཅོ་བརྒྱད། ཞབས་བརྒྱད་པ་སྟེ། དེ་ཡང་དབུ་དགུ་ནི་རྒྱུད་ལུང་གི་ཧེ་རུ་ཀ་དགུའི་རངབཞིན་གྱི་དབུས་ཞལ་བརྩེགས་མ་གསུམ་མཐིང་། གཡས་ཞལ་གསུམ་དཀར། གཡོན་ཞལ་གསུམ་དམར་བ་འོག་གི་གནམ་ཞལ་མ་དང་སྟེང་གི་ཆེ་མཆོག་གཉིས་ཀ་ཕྱག་མཚན་མཐུན་པར་ཕྱག་དང་པོ་གཉིས་རྡོ་རྗེ་རྩེ་དགུས་དུང་དམར་དཀྲུགས་པ། གཡས་བརྒྱད་ན་ག་རཱི་ལ་སོགས་པའི་ཁྲོ་མོ་བརྒྱད། གཡོན་བརྒྱད་ན་སིདྷ་མ་ལ་སོགས་པའི་ཕྲ་མེན་བརྒྱད། རྣམ་ཤེས་ཚོགས་བརྒྱད་དག་པའི་ཞབས་བརྒྱད་ཀྱིས་ཁྲོ་མོ་གནམ་ཞལ་མའི་དབུ་བརྒྱད་མནན་པ། ཡུམ་གྱི་ཞལ་དབུས་མར་གསང་རྡོར་བཅུག་པའོ། །རྩ་བར། དེ་ལྟར་གསལ་བ་དང་ཕྱག་གཡས་གཉིས་པ་ཁྲོ་མོ་གོ་རཱི་དཀར་མོ་ཞིང་དབྱུག་པ་བསྣམས་པ་དེ་གཡབ་ཅིང་། ༀ་བཛྲ་ཨ་ཡུ་པ་ལ་ཞེས་བཟླས་པའི་རྐྱེན་གྱིས་ཡབ་ཡུམ་གཉིས་བསྒུལ་བསྐྱོད་ཕྲིན་ལས་མཛད་པས་དགྱེས་པའི་རོལ་པ་ཆེན་པོ་སྐུ་ཉམས་སུ་བསྟར་ཞིང་ཡུམ་གྱི་ཞལ་དུ་གསང་བའི་རྡོ་རྗེ་འཚིར་ཞིང་འཁྱིལ་བ་དང་བྱང་སེམས་འབབ་ཅིང་ལྷ་ཐམས་ཅད་སྦྱོར་བ་མཛད་པའི་མཁའ་གསང་ལས་བྱང་སེམས་ཡུམ་གྱི་མཁའ་བབས་པ་བདུད་རྩིའི་དཀྱིལ་འཁོར་ཐམས་ཅད་མེར་གྱིས་ཁེངས་ཏེ་རིགས་བཞི་ཧེ་རུ་ཀ་སོགས་ཀྱི་སྤྱན་ཕྱེད་ནུབ་ཙམ་དུ་གྱུར་པ་དེ་དག་མཁའ་ལ་བབས་པས་ཐམས་ཅད་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་གྱུར་པ་དེ་དག་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚར་འདུས་པས་ཆེ་མཆོག་དེ་ཉིད་དབུ་ཉེར་གཅིག་ཕྱག་ཞེ་གཉིས་པར་གྱུར་ཏེ། ས་ཉེར་གཅིག་ནོན་པའི་དབུ་ཉེར་གཅིག་ནི་འདི་ལྟ་སྟེ། རྩ་ཞལ་དང་སྐུ་མདོག་མཐིང་ནག །གཡས་ཞལ་གསུམ་སེར་དམར་ལྗང་། གཡོན་གསུམ་དམར་སྔོ་ལྗང་བ་སྟེ་འཁོར་ཞལ་བདུན་བསྒྲིགས། དེའི་སྟེང་དུ་དབུས་སེར། གཡས་གཉིས་ལྗང་དམར། གཡོན་གཉིས་མཐིང་དཀར་བ་སྟེ་འཁོར་ཞལ་ལྔ་བསྒྲིགས། དེའི་སྟེང་དབུས་མཐིང་། གཡས་གཉིས་སེར་ལྗང་། གཡོན་གཉིས་དམར་དཀར་ཏེ་འཁོར་ཞལ་ལྔ་བསྒྲིགས། དེའི་སྟེང་དབུས་སྨུག །གཡས་དཀར། གཡོན་ལྗང་སྟེ་གསུམ་བསྒྲིགས། སྟེང་ཞལ་དམར་པོའི་སྟེང་རྟ་དབུ་ལྗང་གུ་རྟ་སྐད་སྒྲོག་པ། ཕྱག་ཞེ་གཉིས་ཀྱིས་ལྷ་ཞི་བ་སངས་རྒྱས་ཞེ་གཉིས་བསྣམས་པ། ཞབས་བརྒྱད་ཀྱིས་ཁྲོ་མོའི་དབུ་བརྒྱད་འཁོར་ཞལ་དུ་གནས་པ་དང་སྦྱོར་ཞིང་། དབུས་ཞལ་དང་གསང་རྡོར་སྦྱོར་བའོ། །ཡང་དེ་ལས་འོད་འཕྲོས། འཕགས་པ་རྣམས་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ། འགྲོ་བའི་དོན་བྱས། སླར་འདུས་པས་ཆེ་མཆོག་དེ་ཉིད་དབུ་སྟོང་ཕྱག་སྟོང་སྤྱན་སྟོང་སྟོང་གསུམ་གྱི་སྟོང་ཆེན་པོ་དང་ལྡན་པས་བཛྲ་བཛྲ་ཞེས་པའི་སྒྲ་བསྒྲགས་པས། འཇིག་རྟེན་གྱི་ལྷ་ཆེན་པོ་དང་། སྲིན་པོ་དང་། གནོད་སྦྱིན་ལ་སོགས་པ་ཐམས་ཅད་བྲེད་ནས་དངངས་ཤིང་མགྲིན་གཅིག་ཏུ་བདག་ཅག་འབངས་སུ་མཆི་ཟེར་ནས་འདུས་པར་བསམ་མོ། །དེ་ལས་སྐད་ཅིག་གི་ཆེ་མཆོག་ཧེ་རུ་ཀ་དེ་ཉིད་སྐུ་མདོག་སྨུག་ནག་སྨུག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་རྡོ་རྗེ་གཡོན་གསུམ་བྷན་དམར་བསྣམས་པར་གྱུར། དེ་ཡང་རྩ་བར། དེ་ལས་ཁྲོ་བོ་ཆེ་མཆོག་སྨུག་ནག་ཏུ་བསྐྱེད་པའམ་ལྕོགས་ན་བཛྲ་ཧེ་རུ་ཀའི་སྟེང་དུ་རྒྱུའི་ཆེ་མཆོག་ཞལ་གཅིག་ཕྱག་གཉིས་པའམ། འབྲས་བུའི་ཞལ་གསུམ་ཕྱག་དྲུག་པ་དང་། དབང་མཆོག་གི་དབུ་དགུ་ཕྱག་བཅོ་བརྒྱད་པ་དང་འདི་རྣམས་གང་མོས་སུ་བསྐྱེད་ལ། ཞེས་གསུངས་པའི་དོན་ནི། དེ་ནས་ཆེ་མཆོག་ཞལ་གསུམ་ཕྱག་དྲུག་པ་དང་ཡུམ་ཁྲོ་མཁར་གྱི་རྣམ་པར་བཞུགས་པར་མོས་ཏེ། ༀ་ཨ་ཀྲ་མ་ཧཱ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཀ་ཏ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ཞེས་བཟླས་པས། ཡབ་ཡུམ་དགྱེས་པར་རོལ་པའི་བྱང་ཆུབ་སེམས་ཀྱི་རྒྱུད་དཀྱིལ་འཁོར་གྱི་ཐོད་པར་བབས་པར་བསམ་མོ། །སྐབས་འདིར་རྩ་བར་བཛྲ་རཏྣ་ན་རེ། བྱང་ཆུབ་སེམས་ཀྱི་དབང་བསྐུར་བ་ནི། དགའ་བ་བྱང་ཆུབ་སེམས་ཆེན་པོ། །ཀུན་ཏུ་ཚིམ་པར་བྱེད་པའི་མཆོག །དཀར་དམར་འདྲེས་པའི་བྱང་ཆུབ་སེམས། །གསང་བའི་དབང་མཆོག་བསྐུར་བར་བྱ། །ཧཱུཾ་ཧཱུཾ་ཧཱུཾ། བོ་དྷི་ཙིཏྟ་གུ་ཧྱ་ཨ་བྷི་ཥིཉྩ་ཧཱུཾ་གིས་བསྐུར་གསུང་ངོ་། །རྩ་བར། ཞི་བར་བསྐྱེད་ན། ཧཱུཾ་བཛྲ་དྷྲྀཀ྄། ཤྲཱི་མ་ཧཱ་སུ་ཀ་བོ་དྷི་བཛྲ་ཧཱུཾ་ཧོ་ཨཾ། ཞེས་བཟླས་ལ་གསང་དབང་བསྐུར། བསྐུར་ཐབས་ལོགས་ན་ཡོད་དོ། །རྩལ་གྱི་དབང་ནི། ཆོས་ཀུན་སྒྱུ་མར་དབང་བསྐུར་ནས། །རྩལ་ཆེན་རྫོགས་པའི་དབང་ཡིན་པས། །རྫས་དང་ཚིག་དང་གང་ཟག་དང་། །ཀུན་རྫོབ་དབང་དེ་མ་ཐོབ་ཀྱང་། །ཆོས་ལ་སེམས་ཀྱི་དབང་ཐོབ་ནས། །རྒྱལ་བ་རིག་འཛིན་ཐམས་ཅད་དང་། །སྲིན་གསུམ་དབང་ཆེན་ཐམས་ཅད་ཀུན། །དེ་ཡང་དབང་མཆོག་བསྐུར་བར་འགྱུར། །བླ་མེད་དབང་དེ་ཐོབ་པར་ཤོག །ཨ་ཧོ་མ་ཧཱ་སུ་ཁ་ཧོཿ ཟབ་མོ་དབང་གསུམ་རྫོགས་པ་དང་། །དགའ་བ་བྱང་ཆུབ་སེམས་ཆེན་པོ། །ཀུན་ཏུ་ཚིམ་པར་བྱེད་པའི་རོ། །དཀར་དམར་ལྷག་པའི་བྱང་ཆུབ་སེམས། །བུ་མཆོག་དེ་ཡི་ལྕེ་ལ་བཞག །གཉིས་མེད་དོན་དམ་བྱང་ཆུབ་སེམས། །བུ་མཆོག་དེ་ཡི་སྙིང་ལ་བཞག །བརྟེན་པའི་ཡེ་ཤེས་དབང་ཐོབ་ཤོག །ཅེས་གསུངས་པ་འོག་གི་དབང་དངོས་ཀྱི་དུས་བསྐུར་ཚིག་འདིར་ལེན་པ་ཡིན། དེ་ནས་སློབ་མ་རྣམས་ཁྲུས་ནས་བཏོན། བགེགས་བསྐྲད། མཎྜལ་གྱི་མེ་ཏོག་བཀྱེ་བསྡུ་བྱས་ལ། བླ་མས་ཐུགས་བསྐྱེད་ཕོག་རྗེས་འདིར་དབང་གོང་མ་གསུམ་ལས་ཐོག་མར་གསང་དབང་བསྐུར་བར་བྱེད་པ་ནི། ཞེས་མཚམས་སྦྱོར་རྒྱས་བསྡུས་ཅི་རིགས་བྱས་ལ་རྩ་བར། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདིར་ཟབ་པའི་དབང་གསུམ་བསྟན་པར་བྱ་སྟེ། ཐོག་མར་གསང་དབང་ནི། སངས་རྒྱས་གསང་བའི་དབང་ངེས་འབྱེད་པས། སྣོད་དང་དཀྱིལ་འཁོར་བསྐུར་བའི་དུས། །རང་གི་ངོ་བོ་ངེས་ཚིག་དང་། །བསྐུར་རྫས་ཐབས་དང་རྒྱུ་རྐྱེན་དང་། །གནས་དང་སྒྲིབ་སྤོང་ཐོབ་པའི་ཚད། །ཆོས་དང་དགོས་ཆེད་སྐྱོན་ཡོན་གྱིས། །མདོར་བསྡུས་ལུས་ཀྱི་མཚན་ཉིད་བཞག །ཅེས་གསུངས་པ་ལ་དོན་བཅུ་དྲུག་སྟེ། དེ་ལ་དང་པོ་སྣོད་ནི། སྤྱོད་པའི་བརྟུལ་ཞུགས་ཅན་དམ་རྫས་ལ་འཛེམ་བག་མེད་པར་ལོངས་སྤྱོད་ནུས་པའོ། །གཉིས་པ་དཀྱིིལ་འཁོར་སོར་བཞི་མཛུབ་གང་བ་ཙནྡན་ནམ་གསེར་ལ་བྱས་པའི་མཁའ་གསང་གི་ཚང་མཚོན་པའོ། །གསུམ་པ་བསྐུར་དུས་ནི། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་ཕན་ནུས་ཀྱི་དབང་བཅོ་ལྔ་ཐོབ་ཅིང་བསྐྱེད་རིམ་ལ་གོམས་ནས་རྫོགས་རིམ་ལ་འཇུག་པའི་དུས་ནི། བཞི་པ་ངོ་བོ་བྱང་སེམས་དཀར་དམར་མཁའ་གསང་དུ་འདྲེས་པ་དེའོ། །ལྔ་པ་ངེས་ཚིག་ནི། སྔར་མ་ཐོབ་དང་སྣོད་མིན་ལ་གབ་པས་གསང་ངོ་། །དེ་སྦྱིན་པས་དམ་རྫས་ལ་ལོངས་སྤྱོད་པར་དབང་ཞིང་ཁམས་རྒྱས་པས་དབང་ཞེས་བྱའོ། །དྲུག་པ་བསྐུར་རྫས་ཐབས་ཤེས་ཀྱི་ངོ་བོ་ཉི་ཟླ་ཡིན་ལ། དེའི་ནུབ་པ་བསྐྱེད་པའི་རྫས་ཐོད་པའི་དབུ་རྒྱན་ཤུན་གྱི་ཅོད་པན་ནོ། །བདུན་པ་བསྐུར་ཐབས་ནི། ཐོག་མར་བླ་མ་ལ་ཞུ་བ་བྱས་ནས་དཀྱིལ་འཁོར་བཞེངས་པ་ནི། གལྤོ་ཆེ་ལས། སོར་བཞིའམ་མཛུབ་གང་ཚད་ལྡན་ལ། །ཉི་ཤུ་རྩ་ལྔས་རབ་མཉམ་སྟེ། །གདན་དང་ཕྱག་རྒྱ་ཡི་གེ་སོགས། །རྒྱུད་བཞིན་ཚད་དུ་མཁས་པས་བརླབ། །ཅེས་པས་གོང་དུ་བཤར་བ་ལ་སྨན་ལྔ། འབྲུ་ལྔ། སྤོས་ལྔ། རིན་པོ་ཆེ་ལྔ། སྙིང་པོ་ལྔ། བདུད་རྩི་ལྔ། བྱང་སེམས་ལྡེ་གུ་སྙོམས་པར་བྱུག །དེར་ལྷ་ཞེ་གཉིས་ཀྱི་མཚན་མ་ཟླ་གདན་དང་བཅས་པ་བྱང་སེམས་རང་བྱུང་གིས་བྲི། དེ་ལྟར་མ་གྲུབ་ན་པདྨའི་ལྟེ་བར་རྡོ་རྗེ་བྲིའོ། །ཞེས་གསུངས་པ་བཞིན་བདུད་རྩིའི་དཀྱིིལ་འཁོར་ཚུལ་བཞིན་བཤགས་པ་འདི་ལྟར་ཡིན། དབང་རྟེན་ནི། རྩ་བར། ཤེས་རབ་མ། རྡོ་རྗེ་ལས་རིམ་ལས། བཅུ་དྲུག་ཕྱག་རྒྱ་ཕྱི་ནང་གསང་། །སྤྱོད་ལམ་ལམ་གྱི་རྒྱུ་མཐུན་པ། །ཅུང་ཟད་ངེས་པར་ལྡན་པའོ། །ཞེས་པས་ལོ་བཅུ་དྲུག་མ་ཡོན་ཏན་བཅུ་གསུམ་ཡོད་པ་སྟེ། ལུས་ཀྱི་གསུམ་ལ། མཛེས་པ། མཉེན་པ། སྤྱོད་ལམ་ཞི་བའོ། །ངག་གི་གསུམ་གྱི་སྨྲ་བ་ཉུང་བ། ངག་འཇམ། སྐད་སྙན་པའོ། །སེམས་ཀྱི་གསུམ་ནི། བློ་རྣོ། དད་པ་ཆེ། ཤེས་རབ་གསལ་བའོ། །སྤྱོད་པའི་གསུམ་ནི། སོས་དལ། ངང་རིང་། བརྟག་ཐུབ་པའོ། །གསང་བའི་གསུམ་ནི། གསང་ཐུབ། ཀ་བློ་བདེ། གང་དང་སྦྱར་དུ་བཏུབ་པའོ། །དེ་ལྟ་བུའི་ཕྱག་རྒྱ་དེ་ཉིད་དྲི་བཟང་གི་ཆུ་ལ་སྔགས་བཏབ་པ་དང་འོ་མས་ཕྱི་ཁྲུས། ཆོས་བཤད་དེ་འདུ་ཤེས་བསྒྱུར་ལ་དམ་རྫས་སྤྱོད་པར་མོས་པ་ནང་ཁྲུས་སོ། །དེ་ནས་ཛཱ་ཏི། ཤ་ཙ། ཨ་ཀ་རུ། གུར་གུམ། ག་བུར་རྣམས་སྦྱར་བའི་ཕྱེ་མ་སྦྲང་རྩིས་རིལ་བུ་བྱས་པ་མར་དུ་བཅུག །ལུས་ལ་བྱུག །གོས་དང་རྒྱན་གྱིས་བཀླུབ་བོ། །ཞེས་གསུངས་པ་དངོས་དབང་བསྐུར་བའི་དབང་གིས་དེ་ལྟར་གསུངས་ཀྱང་། དེང་སང་ཡེ་རྒྱ་ཁོ་ནར་དམིགས་ཏེ་བསྐུར་བ་ཡིན་པས་མི་དགོས། རྩ་བར། དེ་ནས་རང་རྡོར་སེམས་སུ་བསྒོམས་པའི་གནས་ལྔར་རིགས་ལྔ། ཡན་ལག་བཞི་ལ་སྒོ་བ་བཞི། གསང་བར་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ། བུ་གར་ཕཊ་བསམ། ཡུམ་དབྱིངས་ཕྱུག་མའི་སྤྱི་བོར་སངས་རྒྱས་སྤྱན། ལྕེ་ལ་གོས་དཀར་མོ། སྙིང་གར་ཀུན་ཏུ་བཟང་མོ། ལྟེ་བར་མཱ་མ་ཀཱི། ནང་གི་པདྨར་སྒྲོལ་མ། ལག་པ་གཡས་སུ་མི་ཕམ་མ། གཡོན་ལ་རོ་ལངས་མ། ཁ་ལ་ཁྲོ་གཉེར་ཅན། ཕྱིའི་པདྨར་རལ་གཅིག་མ་བསམ་མོ། །དེ་ནས་ཕྱི་རོལ་གྱི་དཀྱིལ་འཁོར་དང་ཡུམ་གྱི་མཁའ་གཞལ་ཡས་ཁང་དུ་གསལ་བའི་ནང་དུ་ཞི་བ་བཞི་བཅུ་རྩ་གཉིས་བསྐྱེད་དྲང་། བསྟིམ། བརྟན། མཆོད་བསྟོད་དེ། ཞེས་གསུངས་པའི་དོན་ནི་གསང་དབང་གི་རྫས་གསང་བ་བྱང་ཆུབ་ཀྱི་སེམས་དེ་ཉིད་བདུད་རྩིའི་དཀྱིལ་འཁོར་དུ་ལེགས་པར་བསྒྲུབས་ཟིན་ནའང་། བླ་མ་ཡབ་ཡུམ་གྱི་བྱང་སེམས་དབབ་པའི་སླད་དུ་དམིགས་པ་འདི་བཞིན་བྱ་བ་ནི་སློབ་དཔོན་གྱི་བགོ་སྐལ་ལགས་པས་བླ་མས་བསྒོམས་པ་བཞིན་ཁྱེད་རང་རྣམས་ཀྱང་གསལ་འདེབས་པར་མཛོད། ཅེས་མཚམས་སྦྱར་ལ། བླ་མ་རྡོ་རྗེ་སེམས་དཔའི་རང་བཞིན་དུ་གྱུར་པའི་སྤྱི་བོར་རྣམ་སྣང་། མགྲིན་པར་སྣང་མཐའ། སྙིང་གར་རྡོར་སེམས། ལྟེ་བ་རིན་འབྱུང་། གསང་བར་དོན་གྲུབ། ཡན་ལག་བཞི་ལ་སྒོ་བ་བཞི། ཡུམ་རྡོ་རྗེ་དབྱིངས་ཕྱུག་མའི་སྤྱི་བོར་སངས་རྒྱས་སྤྱན། ལྕེ་ལ་གོས་དཀར་མོ། སྙིང་གར་ཀུན་ཏུ་བཟང་མོ། ལྟེ་བར་མཱ་མ་ཀཱི། གསང་བའི་ནང་དུ་དམ་ཚིག་སྒྲོལ་མ། ལག་གཡས་མི་ཕམ་མ། གཡོན་རོ་ལངས་མ། ཁ་ལ་ཁྲོ་གཉེར་མ། བྷ་གའི་ཕྱིར་རལ་གཅིག་མ་རྣམས་བསྒོམ། གསང་དབང་གི་དཀྱིལ་འཁོར་གྱི་ལྟེ་བའི་བྱང་སེམས་ཀྱི་ཐིག་ལེ་ཞེ་གཉིས་དང་། ཡུམ་གྱི་མཁའ་དེ་ཉིད་ཞི་བའི་གཞལ་གཡས་ཁང་དུ་གསལ་བའི་ནང་དུ་ཞི་བ་བཞི་བཅུ་རྩ་གཉིས་ལམ་གྱིས་གསལ་བར་གྱུར། ཧཱུཾ་བཛྲ་དྷྲིཀ྄་ནས། ༀ་ཀརྨ་དྷ་རའི་བར་གྱི་ལྷ་རྣམས་སྔགས་ཀྱིས་གསལ་བཏབ་ལ། ཤཱུ་ནྱ་ཏཱ་སོགས་ཀྱིས་དབང་བསྐུར། ཀཱ་ཡ་བཛྲ་སོགས་ཀྱིས་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ། ༀ་བཛྲ་ས་མ་ཡ་ཧཱུཾ་ཛཿས་སྙན་གསན་དབབ། ༀ་ཨེ་ཧྱེ་ཧི་བྷ་ག་ཝན་མ་ཧཱ་ཀཱ་རུ་ཎི་ཀ་དྲཱི་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཞེས་པས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ བཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པཱ་ཤ་ཧཱུཾ། བཛྲ་སྥོ་ཊ་བཾ། བཛྲ་གྷཎྜེ་ཧོཿས་བསྟིམ། ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ་གྱིས་བརྟན་པར་བྱ། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཞེས་སོགས་ནས་ཆུ་གཉིས་བཞི་བསྣོལ་གྱིས་མཆོད། ༀ། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཞེས་སོགས་གླུ་ཡེ་ཤེས་ཀྱི་སྒོ་ནས་བསྟོད་དོ། །དེ་ནི་སློབ་དཔོན་གྱི་བྱ་བའོ། །རྩ་བར། དེ་ནས་སློབ་མ་འཇུག་པ་ལ་ཁྲུས་བྱ། ཞེས་པ་གྲུབ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་གསང་དབང་ཞུ་བའི་ཡོན་དུ་མཎྜལ་དབུལ། མིག་དགབ་པ་ནི། སྔོན་ཆད་གསང་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མ་མཇལ་བའི་བརྡར་ཨ་ཁཾ་ཝཱི་ར་ཧཱུཾ་ཞེས་མིག་དར་འཆིང་། རྩ་བར། སློབ་མས་མཎྜལ་ཕུལ་རིན་པོ་ཆེའི་ཡོན་སྙིམ་པར་བཟུང་ལ་གསོལ་བ་གདབ་པ་ནི། ཞེས་གསུངས་པས་སྙིམ་པར་རིན་པོ་ཆེའི་མེ་ཏོག་དང་བཅས་ཏེ་ཐལ་མོ་སྦྱར་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། རྩ་བར། གལྤོ་ཆེ་ལས། རྡོ་རྗེ་སེམས་གཙོ་ཁྱོད་ལ་འདུད། །ཐར་ལམ་ཆེན་པོ་བདག་འདོད་དེ། །དེ་ཉིད་དབང་དང་དམ་ཚིག་དང་། །མགོན་པོ་དཔའ་བོར་སྐྱབས་གསོལ་ཞིང་། །ཐེག་ཆེན་ཁང་པར་གཞུག་པ་དང་། །མཁྱེན་རབ་ཡེ་ཤེས་བདག་ལ་རྩོལ། །ཞེས་རྗེས་ཟློས་ལན་གསུམ་གྱིས་གསོལ་བ་བཏབ་སྟེ། དཀྱིལ་འཁོར་རམ་བླ་མ་ཡབ་ཡུམ་གང་རུང་གི་ཕྱག་ཏུ་མེ་ཏོག་དོར་ལ། ཧོཿ རང་བཞིན་འདུ་འབྲལ་མེད་པའི་ལྷ། །ཕྱག་རྒྱ་ཆེན་པོའི་ཚོགས་མཆོག་ཏུ། །བདག་ཀྱང་མཉམ་པར་སྦྱར་བའི་ཕྱིར། །བྱིན་རླབས་རབ་ཏུ་གཞུག་པར་གསོལ། །ཞེས་ཀྱང་རྗེས་ཟློས་སུ་བརྗོད་དོ། །བླ་མས་སློབ་མའི་ལག་པ་གཡོན་མཐེབ་སྲིན་གྱིས་བཟུང་ལ། གནང་བ་སྦྱིན་པ་ནི། རྩ་བར། བུ་འདིར་ཤོག་ཅིག་ཅི་བདེ་བའི། །ལས་ཀྱི་རིམ་པ་འགྲོ་བ་དང་། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བཟུང་། །རྫོགས་པའི་ཡེ་ཤེས་བདེ་ཆེན་ཆགས། །དམིགས་པ་མེད་པར་གནས་ཕྱིར་དུ། །སེར་སྣ་སྤངས་པའི་དང་ཡིད་ཀྱིས། །གཏོང་ཞིང་རང་སེམས་བརྟན་པར་བཟུང་། །ཡེ་ཤེས་རང་གནས་རྫོགས་དབང་སྦྱིན། །ཞེས་གནང་བ་བྱིན་ནས། དྲངས་པ་དེ་གཡས་སུ་བཞག་ལ་སྒྲིབ་པ་ཕྲལ། ལྷར་བསྐྱེད། གོ་བསྐོན། ལུས་བསྲུང་ངོ་། །ཞེས་གསུངས་པའི་དོན་ནི་གོང་དུ་དབང་དངོས་གཞིའི་སྐབས་ལྟར་སློབ་དཔོན་བདག་ཉིད་དཔལ་ཆེན་པོ་ཞེས་པ་རྡོ་རྗེ་སེམས་དཔར་བསྒྱུར་ཏེ་གསལ་བའི་སོར་མོ་བཅུ་ལས་གཡས་ཀྱི་སོར་མོ་ལྔ་ལ་ཞེས་སོགས་ནས་ༀ་ཏྲུཾ་ཞེས་བརྗོད་དོ། །ཞེས་པའི་བར་གྱིས་སྒྲིབ་པ་ཕྲལ་བ་དང་། གོ་བགོ། ལུས་བསྲུང་བྱའོ། །རྩ་བར། དེ་ནས་བླ་མས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གཉིས་སྐུ་གསུང་ཐུགས་ཟུང་འཇུག་སྟེ་ཕྱག་རྒྱ་བཞིས་སྙོམས་པར་ཞུགས་ཏེ། ཡབ་ཡུམ་གྱི་བདེ་བའི་ཐིག་ལེ་ཡིག་འབྲུའི་ཚོགས་སུ་གསལ་བ་དེ་དགའ་བ་བཅུ་དྲུག་གི་རྒྱུན་གྱིས་རྡོ་རྗེའི་ལམ་ནས་པདྨར་སྤྲོས་ཏེ། བྷ་གར་བྱང་སེམས་དཀར་དམར་མཇལ་བའི་བྱང་ཆུབ་ཀྱི་སེམས་དེས་ཞི་བའི་དཀྱིལ་འཁོར་མཆོད་དེ་སྦྱོར་བ་མཛད་དེ་ཞུ། བདུད་རྩིའི་དཀྱིལ་འཁོར་གྱི་ཞི་བའི་ལྷ་རྣམས་ཀྱང་བྱང་ཆུབ་སེམས་ཀྱི་འོད་ཟེར་དེས་མཆོད་པས་སྦྱོར་བ་མཛད་དེ་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་གྱུར། ཕྱི་ནང་གི་དཀྱིལ་འཁོར་གཉིས་ཀ་ཐིག་ལེ་བྱང་ཆུབ་སེམས་སུ་གྱུར་པ་དེ། རྩ་བར། སླར་དྲངས་ཏེ་རྡོ་རྗེ་དང་ལྷ་དང་ཐིག་ལེ་ངོ་བོ་གཅིག་ཏུ་བཞུགས་པ་སྟེ། ཧཱུཾ་དང་ཕཊཿཀྱིས་སླར་སྤྲོས་ཏེ་སློབ་མའི་ལྕེ་ལ་བཞག་ཅིང་། གལྤོ་དང་སྒྱུ་འཕྲུལ་བླ་མ་ལས། ཧཱུཾ། ང་ནི་རྒྱལ་བ་ཀུན་གྱི་བླ། །ཐིག་ལེ་བྱང་ཆུབ་སེམས་ཆེན་པོ། །ང་ནི་ཁྲོ་རྒྱལ་ཀུན་གྱི་རྗེ། །ཡེ་ཤེས་རོལ་པའི་འབྱུང་གནས་གཏེར། །ང་ནི་སྤྱི་དཔལ་བླ་ན་མེད། །སྐྱོན་བྲལ་ཐབས་ཀྱི་རྒྱལ་པོ་ཡིན། །སེམས་ཀྱི་དཀྱིལ་ནས་དྲངས་པའི་ཆུ། །ཁྱོད་ཀྱི་ལྕེ་ལ་ཕབ་པ་ནི། །སྙིང་གི་དཀྱིལ་དུ་བཟུང་བར་བྱོས། །རིགས་ཀྱི་བུ་ཁྱོད་དེང་ཕན་ཆད། །རྡོ་རྗེ་སེམས་དཔའི་ཐུགས་མཆོག་བཟུང་། །སངས་རྒྱས་ཀུན་གྱི་གཙོ་བོ་ཡིན། །བྱང་ཆུབ་སེམས་དང་མཉམ་པའི་ཕྱིར། །སེམས་དཔའ་ཀུན་གྱི་མཆོད་གནས་ཡིན། །རིགས་ཀྱི་བུ་འདི་དེང་ཕྱིན་ཆད། །ཕྱི་དང་ནང་དང་གསང་བ་ཡི། །བསྟན་པ་ཕྱི་ནང་ཟབ་མོ་ཀུན། །སེམས་ཀྱི་དཀྱིལ་དུ་བསྡུས་ནས་ཀྱང་། །རྡོ་རྗེ་ལྕེ་ཡི་སྒོ་ཕྱེ་སྟེ། །བདུད་རྩི་སྨན་མཆོག་དམ་པ་འདིས། །དད་ལྡན་སྐྱེས་བུ་ངོམས་པར་གྱིས། །སེམས་ཀྱི་ཐིག་ལེའི་དཀྱིལ་འཁོར་དུ། །ཞི་ཁྲོ་འབར་བའི་གཏེར་བསྒོམས་ལ། །སྲིད་པ་གསུམ་ལ་དབང་བསྐུར་ཅིག །དབང་ཅན་ཐམས་ཅད་བཀོལ་བར་བྱོས། །སྐྱེ་འགྲོ་ཀུན་ལ་སྙིང་རྗེའི་ཕྱིར། །གདུལ་བའི་ཕྱག་འདི་ཅིར་ཡང་སྤྱོད། །དུག་གསུམ་རྩ་བ་གཅོད་པར་བྱོས། །ཕྱི་ནང་སྣོད་བཅུད་རྣམས་པར་དག །རྣམ་དག་ཆེན་པོ་ཉིད་ཀྱི་ལམ། །བྱེད་སྤྱོད་ཐམས་ཅད་ཚོགས་གཉིས་རྫོགས། །འགྲོ་དོན་བྱང་ཆུབ་སེམས་ཀྱི་དབྱིངས། །སེམས་ཀྱི་ཆུ་འདི་བཏུང་བར་བྱོས། །རྣལ་འབྱོར་ཆེན་པོས་དམ་དུ་བཟུང་། །ཧཱུཾ་ཞེས་བརྗོད་པས། ཐིག་ལེ་ལྷའི་ངོ་བོ་རྡོ་རྗེ་སེམས་དཔའ་ཉུང་འབྲུ་ཙམ་འབའ་ཞིག་གི་ཚོགས་བུའི་ལྕེ་ལ་བཞག་པས་སྙིང་ལ་ཐིག་ལེ་དུས་གསུམ་སངས་རྒྱས་ཐམས་ཅད་རང་གི་ཡེ་ཤེས་བདེ་བ་ཆེན་པོའི་སེམས་སུ་གསལ་བ་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་ངོ། །བླ་མ་དེ་ལྟར་བསྐུར་བའི་ནུས་པ་དང་མི་ལྡན་ཞིང་། སློབ་མ་རྟོག་པ་ཅན་ཚུལ་དེ་ལྟར་བློར་མི་ཤོང་ན་སྐྱོབ་དང་སྦྱར་ནས་གསང་སྟེ་བསྐུར་བ་ལ་ཡང་། དམིགས་པ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་ལེན་པར་བསམ་དགོས་ལ། བུང་བ་དང་མེ་ཏོག་དང་། བ་དང་བེའུ་དང་། དུང་དང་ཉ་ཕྱིས་ཀྱི་ཚུལ་དུ་བསྐུར་བའང་དཔེ་ཡིན་གྱི། དོན་གཅིག་ཏུ་གོ་དགོས་སོ། །ཞེས་གསུངས་པའི་དོན་དངོས་དབང་དུ་བྱེད་ན་ཡབ་ལས་ཐོབ་པ་ནི་ཡབ་ཀྱི་གསང་བ་ནས་ལེན་པ། ཡུམ་ལས་ཐོབ་པ་ནི་ཡབ་ཀྱི་ཀུནྡ་ཡུམ་གྱི་མཁར་ལྷུང་བ་ལས་ལེན་པ། གཉིས་ཀ་ལས་ཐོབ་པ་སྦྱོར་མཚམས་ནས་ལེན་པ། དེའང་དཔེ་གང་གིས་མཚོན་ན། བུང་བས་མེ་ཏོག་ལས་སྦྲང་རྩི་ལེན་པ་ལྟར་ཡུམ་གྱི་མཁའ་ནས་དཀར་དམར་ལེན་པ་དང་། བ་ལ་བེ་འུས་འོ་མ་འཐུང་བ་ལྟར་བླ་མའི་གསང་རྡོར་རྩེ་ནས་དཀར་ཆ་ལེན་པ་དང་། རྟོག་པས་མ་ཆུན་ན་སྦྱོར་མཚམས་ནས་དུང་དང་ཉ་ཕྱིས་ཀྱིས་བླངས་ཏེ་གསང་རྫས་དང་བསྲེས་ཏེ་བསྐུར་བ་ཡིན་པས་དོན་གཅིག་ཏུ་འབབ་པར་ཤེས་དགོས་ཤིང་། མདོར་ན་ཕྱག་ལེན་དུ་དེ་ལྟ་བུའི་དམིགས་པ་དང་ལྡན་པས་བདུད་རྩིའི་དཀྱིལ་འཁོར་གྱི་གསང་རྫས་སློབ་མ་རྣམས་ལ་སྟེར་ཞིང་གོང་གི་བསྐུར་ཚིག་འདིར་ལེན་པ་ནི། ཧཱུཾ་བཛྲ་དྷྲིཀ྄ །ཤྲཱི་མ་ཧཱ་སུ་ཁ་བོ་དྷི་བཛྲ་ཧཱུཾ། ཧོ་ཨཾ། ཆོས་ཀུན་སྒྱུ་མར་དབང་བསྐུར་ནས། །རྩལ་ཆེན་རྫོགས་པའི་དབང་ཡིན་པས། །རྫས་དང་ཚིག་དང་གང་ཟག་དང་། །ཀུན་རྫོབ་དབང་དེ་མ་ཐོབ་ཀྱང་། །ཆོས་ལ་སེམས་ཀྱི་དབང་ཐོབ་ནས། །རྒྱལ་བ་རིག་འཛིན་ཐམས་ཅད་དང་། །སྲིད་གསུམ་དབང་ཅན་ཐམས་ཅད་ཀུན། །དེ་ཡང་དབང་མཆོག་བསྐུར་བར་འགྱུར། །བླ་མེད་དབང་དེ་ཐོབ་པར་ཤོག །ཨ་ཧོ་མ་ཧཱ་སུ་ཁ་ཧོཿ ཟབ་མོ་དབང་གསུམ་རྫོགས་པ་དང་། །དགའ་བ་བྱང་ཆུབ་སེམས་ཆེན་པོ། །ཀུན་ཏུ་ཚིམས་པར་བྱེད་པའི་རོ། །དཀར་དམར་ལྷག་པའི་བྱང་ཆུབ་སེམས། །བུ་མཆོག་དེ་ཡི་རྩེ་ལ་བཞག །གཉིས་མེད་དོན་དམ་བྱང་ཆུབ་སེམས། །བུ་མཆོག་དེ་ཡི་སྙིང་ལ་བཞག །བརྟན་པའི་ཡེ་ཤེས་དབང་ཐོབ་ཤོག །ཅེས་བླུད་དོ། །དབང་དེ་ཐོབ་པའི་བརྡར། ༀ་ཨཱཿཧཱུཾ་གིས་མིག་དར་འགྲོལ་ལོ། །རྩ་བར། དེ་ལྟར་བསྐུར་བས། བྱང་སེམས་བདུད་རྩིའི་བྱིན་རླབས་ཀྱིས་སློབ་མའི་ལུས་ཀྱི་རྩ་ནང་རིགས་དྲུག་གི་ས་བོན་ཨ་སུ་ནྲྀ་ཏྲི་པྲེ་དུ་སྟེ་ཟུང་གསུམ། རྣམ་ཤེས་ཚོགས་བརྒྱད། སྒོ་གསུམ་དུག་གསུམ་གྱི་གནས་ངན་ལེན་སྦྱངས་ནས་དམིགས་མེད་ཡེ་ཤེས་ལྔར་གསལ་བའི་ཐིག་ལེ་སྣང་ལ་རང་བཞིན་མེད་པ། སྐྱེ་འགག་ཐམས་ཅད་དང་བྲལ་བ་ནི་ཡེ་ཤེས་བླ་མའི་སའོ། །ཐལ་བའི་རྒྱུད་ལས། དེའང་ཐབས་དང་བྱིན་རླབས་ཀྱིས། །མི་བསྐྱོད་ཡབ་ཡུམ་རོལ་བ་ལས། །བདེ་བ་གསལ་ཞིང་མི་དམིགས་པ། །ཤེས་རབ་ཐབས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཡེ་ཤེས་ཧཱུཾ་ཚོགས་ཀྱིས། །པདྨ་ཡེ་ཤེས་སྡུས་འཁྱིལ་བའི། །ཡུངས་ཀར་ཚད་ཙམ་རྡོ་རྗེ་སེམས། །རྩེ་ནས་རྩེ་རུ་བྱིན་པ་ཡིས། །རང་བཞིན་ཆོས་ཁམས་དཀྱིལ་འཁོར་གྱིས། །ས་བོན་ཟུང་གསུམ་གཉིད་དང་བཅས། །གནས་ངན་ལེན་པ་གསུམ་སྦྱངས་ཏེ། །དམིགས་མེད་སེམས་ཀྱི་ཡེ་ཤེས་ལྔ། །གསལ་བས་ས་བོན་ཚིག་པ་བཞིན། །མི་སྐྱེ་ཐབས་ཀྱི་དབུགས་ཕྱུངས་པའོ། །ཞེས་གསུངས་པ་བཞིན་ནོ། །དེ་ནས་ཡེ་ཤེས་སྙིང་པོའི་ཐིག་ལེ་དེ་ཧཱུཾ་རིང་པོ་དཀར་ལ་འཚེར་བ་ཞིག་ཏུ་སྒོམ་དུ་བཅུག་ལ། ཞེས་གསུངས་པས་སློབ་མ་ཡང་བྱང་སེམས་ཀྱི་བདུད་རྩི་མྱངས་པ་ལ་བརྟེན་ནས་བདེ་བ་ཆེན་པོ་བྱང་སེམས་ཀྱི་རང་བཞིན་དུ་འོད་དུ་ཞུ་སྟེ། དེ་ཡང་ཧཱུཾ་དཀར་པོ་ཞིག་ཏུ་གྱུར་བར་སྒོམ་དུ་བཅུག་པ་དོན་ངོ་སྤྲད་པ་ནི་རྩ་བར། བླ་མས། གལྤོ་ཆེ་དང་བླ་མ་ལས། ཧཱུཾ། ཐམས་ཅད་བདེ་བ་ཆེན་པོའི་དབྱིངས། །དགེ་སྡིག་ལས་ཀྱིས་མ་བཅོས་ཤིང་། །སྒོམ་དང་སྒྲུབ་པས་མི་འབྱང་བའི། །རྣམ་དག་སེམས་ཉིད་རིན་ཆེན་གཏེར། །རྡོ་རྗེ་སྙིང་པོའི་ཡེ་ཤེས་ཀྱིས། །ཁྲོ་རྒྱལ་ཀུན་གྱི་གཙོར་གྱུར་ཅིག །ཤྲཱི་མ་ཧཱ་སུ་ཁ་བཛྲ་བོ་དྷི་ཧཱུཾ་ཧོ་ༀ། ཞེས་པས་བུའི་སེམས་ཉིད་ཧཱུཾ་རིང་པོར་བསྒོམས་པ་དེ་ཆེ་མཆོག་ཏུ་གསལ་བར་རྫོགས་པའི་ཐུགས་དཀྱིལ་དུ་གུ་ཧྱ་ཧེ་རུ་ཀ །དེའི་ཐུགས་དཀྱིལ་དུ་ས་ནུ་ཧེ་རུ་ཀ་སྟེ་ལུང་གསུམ་རྒྱུད་ཀྱི་ཡེ་རུ་ཀ་རྒྱན་ཐམས་ཅད་རྫོགས་པར་སྒོམས་ལ། ཞེས་གསུངས་པའི་དོན་སློབ་མའི་སེམས་ཉིད་ཧཱུཾ་དཀར་ཡོངས་སུ་གྱུར་པ་ལས་ཆེ་མཆོག་དབུ་ཉེར་གཅིག་པའམ། དབང་མཆོག་དབུ་དགུ་ཕྱག་བཅོ་བརྒྱད་པའམ། འབྲས་བུ་ཞལ་གསུམ་ཕྱག་དྲུག་པའམ། རྒྱུའི་ཆེ་མཆོག་ཞལ་གཅིག་ཕྱག་གཉིས་པ་རྣམས་གང་རུང་གི་བསྐྱེད་རིམ་ཕོག་སྟེ་བསྒོམ་དུ་བཅུག་པའི་ཐུགས་ཀྱི་དཀྱིལ་དུ་གུ་ཧྱ་ཧེ་རུ་ཀ་དུང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་གྲི་གུག་ཁ་ཊྭཱཾ་དབྱུག་ཏོ། གཡོན་གསུམ་བྷན་དམར་མདུང་ཐུང་རྔ་ཡབ་ཅན། ཡུམ་དུང་ཁྲག་སྟོབ་པ་དང་འཁྲིལ་བ། དེའི་ཐུགས་ཀྱི་དཀྱིལ་དུ་ས་ནུ་ཧེ་རུ་ཀ་སེར་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་རྡོ་རྗེ་ཁ་ཊྭཱཾ་རྩེ་གསུམ་ཐོད་རྔ། གཡོན་གསུམ་བྷནྡྷ་ཐོད་དབྱུག་མི་མགོ་འཛིན་པ་ཡུམ་དུང་ཁྲག་སྟོབ་པ་དང་འཁྲིལ་བའོ། །རྩ་བར། ལུང་གསུམ་རྒྱུད་ཀྱི་ཧེ་རུ་ཀ་ཞེས་པ་གཉིས་ཀྱི་ཨངྐི་གསུམ་དང་ནོར་བར་དོགས་པས་གཞུང་དངོས་ལ། ལུང་གི་ཧེ་རུ་ཀ་གུ་ཧྱ་དང་ས་ནུ་གཉིས་ལས་མ་གསུངས་ཤིང་། རྒྱུད་ཀྱི་ཧེ་རུ་ཀ་ནི་སྤྱིར་བཛྲ་ཧེ་རུ་ཀ་སོགས་ལྔ་ལ་ངོས་འཛིན་ནའང་འདིར་རྒྱུད་ཀྱི་སྟོན་པ་ཆེ་མཆོག་ཉིད་ལ་ངོས་བཟུང་ངོ་། །དེ་ལྟར་གསལ་བཏབ་རྗེས་དབང་དེ་བརྟན་ཕྱིར་ཐོད་སྐམ་གྱི་དབུ་རྒྱན་གྱི་དབང་བསྐུར་བ་ནི་རྩ་བར། དེ་ནུས་པ་བསྐྱེད་པའི་ཕྱིར་ཐོད་པའི་དབུ་རྒྱན་དང་། ཞིང་ཤུན་གྱི་ཅོད་པན་སྔོ་དམར་མགོར་བཞག་ལ། སྒྱུ་འཕྲུལ་བླ་མ་ལས། ཧཱུཾ། ཐབས་དང་ཤེས་རབ་ཐུགས་རྗེའི་བྱིན་རླབས་ཀྱིས། །རིགས་ཀྱི་བུ་མཆོག་དབང་བསྐུར་ཕྱིར། །གསང་བའི་དབུ་རྒྱན་འདི་བཅིངས་པས། །རིགས་ཀྱི་བུ་ཁྱོད་དེང་ཕན་ཆད། །འཇིག་རྟེན་ཆེ་བ་ཀུན་གྱི་བླ། །ཆེ་བས་ཆེ་བ་ཟིལ་གྱིས་གནོན། །སངས་རྒྱས་ཆེ་བའི་མཆོད་གནས་ནི། །རྣལ་འབྱོར་ཆེན་པོ་ཁྱོད་ཉིད་ཡིན། །ༀ་སརྦ་ཏ་ཐཱ་ག་ཏ་གུ་ཧྱ་བཛྲ་རཏྣ་མུ་ཀུ་ཊ་ཏྲཾ་ཏྲཾ་བཛྲ་གུ་ཧྱ་སིདྡྷི་ཧཱུཾ། ཞེས་བརྗོད། ཞིང་ཤུན་ཞེས་པ་ཞིང་ལྤགས་སམ་རོ་རས་ལས་གྲུབ་པའི་ཅོན་པན་བཏགས་ལ། སྒྱུ་འཕྲུལ་བླ་མ་ལས། ཧཱུཾ། ཁྱུང་གི་གཤོག་པ་གཡས་གཡོན་གདེངས་པ་ཡིས། །ཀླུ་རྣམས་མ་ལུས་ཟིན་གྱིས་གནོན་པ་ལྟར། །སྲིད་གསུམ་ཡོན་ཏན་མཆོག་ཏུ་རྫོགས་པ་ཡི། །སངས་རྒྱས་ཀུན་ལ་མཛེས་པའི་ཡོན་ཏན་མཆོག །མཆོག་ཏུ་ཆེ་བའི་བདུད་བཞི་ཟིལ་གྱིས་གནོན། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གུ་ཧྱ་བཛྲ་ཨཱརྻ་ཨ་བྷི་ཥིཉྩ་ཧོཿ ཞེས་པས་དབང་བསྐུར་ནས། མཐའ་རྟེན་དབུགས་དབྱུང་ནི། རྩ་བར། དབང་ཅིག་ཅར་འཇུག་པ་ལས། བུ་ཁྱོད་མཚན་མ་རྟོག་བྲལ་ཞིང་། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །ཀུན་ལ་སྤྱོད་པར་དབང་ཐོབ་ནས། །སློབ་མ་བདེ་ལ་འགོད་བྱེད་པའི། །དབང་ཕྱུག་ཆེན་པོར་དེང་གྱུར་ཏོ། །ཞེས་པས་དབུགས་དབྱུང་ངོ་། །གསང་གཉེར་གཏད་པ་ནི། གལྤོ་ཆེ་ལས། གསང་བའི་དོན་མཆོག་འདི་དག་ནི། །ལྟ་བ་དམན་ལ་བསྟན་བྱས་ན། །དུས་མིན་པར་ནི་སྲོག་ཟད་ནས། །མགོ་འགས་སྙིང་ཡང་འཚིག་པར་འགྱུར། །ཁབ་ལེན་གྱིས་ནི་ལྕགས་དུད་ལྟར། །མི་འདོད་བཞིན་དུ་དབང་མེད་པར། །བསྐལ་པར་ངན་སོང་མྱོང་བར་འགྱུར། །དེ་བས་ཤིན་ཏུ་གསང་བར་བྱ། །ཞེས་སོ། །གསང་དབང་གི་རྟོགས་པ་བསྐྱེད་པ་ནི། རྩ་བར། བརྒྱད་པ་རྒྱུ་ནི། ངེས་འབྱེད་ལས། རང་བཞིན་གནས་དོན་གསུམ་པ་ནི། །ཐ་སྙད་གཉིས་བསྡུས་བྱང་ཆུབ་སེམས། །མཐའ་ཡི་ཐ་སྙད་ཀུན་དབེན་ནོ། །ཡུལ་མིན་མ་མཐོང་གསང་བའི་མི། །ཞེས་པས། ལྷག་པ་དོན་དམ་གྱི་བདེན་པ་ནི་ཡེ་ནས་རང་ཆས་སུ་ལྡན་པས་མཚུངས་ལྡན་གྱི་རྒྱུ། བདེ་བའི་རོ་དང་ལྡན་པའི་ཐིག་ལེ་ནི་ལྷན་ཅིག་བྱེད་པ་སྟེ་རྒྱུ་གཉིས་ལས་སོ། །དགུ་པ་རྐྱེན་བཞི་ནི། སྤྱོད་པ་བརྟུལ་ཞུགས་ཀྱི་སེམས་དང་ལྡན་པ་ནི་རྒྱུའི་རྐྱེན། ཆོ་ག་ཡན་ལག་ལྔ་ཚང་བའི་ནུས་པ་བདག་པོའི་རྐྱེན། སྦྱོར་བའི་ཉམས་མྱོང་ཅན་གྱི་བླ་མ་ལ་དབང་བླང་བའི་ཡུལ་དམིགས་པའི་རྐྱེན། སྐད་ཅིག་མའི་རིམ་པས་གོ་ཕྱེ་བ་དེ་མ་ཐག་པའི་རྐྱེན་ནོ། །བཅུ་པ་གནས་ནི། ཕྱི་རོལ་གཞན་གྱི་དབེན་པའི་གནས། སྦྱོར་བའི་གནས་བཅུ་དྲུག་པ་ཆོས་རྒྱ། ཉེར་གཉིས་པ་དམ་རྒྱའོ། །སྦྱིན་པའི་གནས་ལྕེ། བསྟིམ་པའི་གནས་སྙིང་ངོ་། །བཅུ་གཅིག་པ་སྒྲིབ་པ་སྤངས་ཚུལ་ནི། །སྒོ་གསུམ་གྱི་སྒྲིབ་པ་དག་ཚུལ་གོང་དུ་བཤད་དོ། །བཅུ་གཉིས་པ་ཐོབ་ཚད་ནི། ལྷག་པ་དོན་དམ་པ་རང་ལ་ཡོད་པའི་དབང་གི་ནུས་པས་རྒྱུད་ལ་རྣམ་པར་མི་རྟོག་པ་སྐྱེས་པ་དེའོ། །བཅུ་གསུམ་པ་ཆོས་ཀྱི་རྫོགས་རིམ་སྒོམ་པར་རུང་ངོ་། །བཅུ་བཞི་པ་དགོས་ཆེད་ནི། དབང་གསུམ་པའི་རྒྱུ་བྱེད་ཅིང་ཐིག་ལེ་བླངས་ཏེ་བསྟིམ་པས་ཚེ་འཕེལ་བའོ། །བཅོ་ལྔ་པ་མ་ཐོབ་པའི་སྐྱོན་ནི། ཆོས་དེ་དག་བདག་ཏུ་མི་རུང་། སྒྲིབ་པ་དེ་རྣམས་སྤོང་མི་ནུས། རིམ་པས་བགྲོད་པའི་གོ་འགགས་པའོ། །བཅུ་དྲུག་པ་ཡོན་ཏན་ནི། རྒྱལ་བའི་སྲས་སུ་གྱུར་ནས་རིགས་ཀྱི་ཡུམ་དང་སེམས་མས་བྱིན་གྱིས་བརླབས་ཤིང་མན་ངག་ཟབ་མོའི་སྣོད་དུ་གྱུར་པའོ། །གསང་དབང་གི་མན་ངག་ཟབ་མོ་རྫོགས་སོ། །གཉིས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། སངས་རྒྱས་གསང་བའི་དབང་ངེས་འབྱེད་ལས། སྣོད་དང་དཀྱིལ་འཁོར་བསྐུར་བའི་དུས། །རང་གི་ངོ་བོ་ངེས་ཚིག་དང་། །བསྐུར་རྫས་ཐབས་དང་རྒྱུ་རྐྱེན་དང་། །གནས་དང་སྒྲིབ་སྤོང་ཐོབ་པའི་ཚད། །ཆོས་དང་དགོས་ཆེད་སྐྱོན་ཡོན་གྱིས། །མདོར་བསྡུས་ལུས་ཀྱི་མཚན་ཉིད་གཞུག །ཅེས་སོ། །དེ་ལ་དང་པོ་སྣོད་ནི། རིག་པའི་བརྟུལ་ཞུགས་ཅན་གསང་དབང་མན་ཆད་རྫོགས་ཤིང་དབང་གསུམ་པ་ལ་མོས་པའོ། །གཉིས་པ་དཀྱིལ་འཁོར་ནི། ལུས་རྩའི་དཀྱིལ་འཁོར་དང་། བྷ་གའི་དཀྱིལ་འཁོར་བསྟན་པའོ། །གསུམ་པ་བསྐུར་དུས་ནི། དབང་བཅུ་དྲུག་པ་ཡན་ཆད་བསྟན་པས་གཞི་ལམ་གྱི་ཏིང་ངེ་འཛིན་གསལ་བས་རྫོགས་རིམ་ལས་སུ་རུང་སྟེ་རླུང་སྟོབས་སུ་གྱུར་པའི་ཚེའོ། །བཞི་པ་ངོ་བོ་ནི། མཚོན་བྱ་རང་བཞིན་གྱིས་གནས་པ་ལ་མཚོན་བྱེད་ཐབས་ཀྱིས་བླངས་པས་རང་རིག་གསལ་ལ་མི་རྟོག་པའི་ཉམས་སྐྱེས་པའོ། །ལྔ་པ་ངེས་ཚིག་ནི། རིག་པ་སྤྲོས་དང་བྲལ་བ་ཤེས་རབ། དེ་ཉིད་མ་འགགས་པར་གསལ་བ་ཡེ་ཤེས། དོན་དེ་ཐབས་ཀྱིས་གསལ་བར་བྱེད་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་། །དྲུག་པ་བསྐུར་རྫས་ནི། ཕྱག་རྒྱ་མ་ག་བུར་སིཧླ་དང་ལྡན་པ་གཏད་པའོ། །བདུན་པ་བསྐུར་ཐབས་ནི། ཡུམ་གྱི་མཚན་ཉིད་ནི། ལས་རིམ་ལས། ཐུན་མོང་རིགས་མཐུན་རྟོག་མེད་རྒྱ། །ཨུཏྤལ་དཀར་ནག་ཕྱེད་དཀྱུས་ལྡན། །ཕྱོགས་དང་བླ་འོག་འབྲིང་དུ་བཤད། །དྲི་མཆོག་དངོས་དང་ཆུ་རླུང་བརྟན། །ལྟེ་བ་ཕྲ་ཞིང་རྒྱས་པ་ཡིན། །ཟླ་བ་མང་བས་མྱུར་བར་འགྱུར། །ཡན་ལག་པ་དང་འདྲ་ཕྱག་མཚན་ཅན། །ཤིན་ཏུ་མཉམ་ཞིང་གཟི་བྱིན་ཡོད། །ཁོང་ཡངས་དལ་བ་གུས་དང་ལྡན། །སྐབས་ཕྱེད་སྙན་སྨྲ་དང་ཆེ་བ། །སྔོན་ནས་ཤིན་ཏུའང་བརྟག་པར་བྱ། །ཞེས་པས། མཚན་ཉིད་དང་ལྡན་པ་ལ་ཕྱི་ནང་གི་ཁྲུས་བྱས། རྒྱན་གྱིས་སྤྲས་ཏེ་བླ་མ་ལ་འབུལ། ཞེས་གསུངས་པའི་དོན་དབང་གསུམ་པའི་ཡོན་དུ་ཤེས་རབ་མཚན་ཁྲུས་བྱས་ཤིང་རྒྱན་གྱིས་སྤྲས་པ་བླ་མ་ལ་ཕུལ་བའི་མོས་པ་བཅས་ཏེ་མཎྜལ་ཕུལ་མཛོད། རྩ་བར། བླ་མས་བྱིན་གྱིས་བརླབས་ཏེ་ཐིག་ལེའི་དབང་བསྐུར་རོ། །ཞེས་གསུངས་པ་དངོས་དབང་མིན་ཕྱིར་མི་དགོས། རྩ་བར། དེ་ནས་སློབ་མས་ལྷར་མོས་པས་ཐལ་མོ་སྦྱར་ལ། ཞེས་གསུངས་པས། ཁྱེེད་རང་རྣམས་རྡོ་རྗེེ་སེམས་དཔར་མོས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། རྩ་བར། ཅིག་ཅར་འཇུག་པ་ལས། ཀྱེ་ཀྱེ་བདེ་མཛད་ཕྱག་རྒྱ་ཆེ། །བདག་ལ་ཐུགས་བརྩེར་ཕན་པར་དགོངས། །མཛད་དང་སྒྲ་ཡིས་བདེ་བ་སྩོལ། །ཞེས་གསོལ་བཏབ། བླ་མས། སངས་རྒྱས་མཛད་པ་ཟབ་རླབས་ཅན། །ཐེག་ཆེན་ཐེག་པ་འདི་ལས་གསལ། །རང་ཟབ་མཆོག་ལྔ་ཟབ་པ་དང་། །བྷ་གར་འོ་འཇིབ་བདེ་བླང་ཞིང་། །རླུང་སྲུབ་འཆིང་བའི་སྤྱོད་པ་རྣམས། །ཁྱོད་ཀྱིས་བྱ་བར་ནུས་སམ་སྨྲོས། །ཞེས་པའི་ལན་དུ། འདིའི་རྗེས་ཟློས་མཛོད། རྩ་བར། ཨེ་མ་ངོ་མཚར་རྡོ་རྗེའི་ཚིག །བདེ་བ་ཆེན་པོའི་ཡེ་ཤེས་ཕྱིར། །རྨད་བྱུང་ཐབས་ཀྱི་སྤྱོད་པ་ལས། བདག་གིས་མི་ནུས་གཅིག་ཀྱང་མེད། །ཅེས་ཁས་བླང་ངོ་། །དེ་ནས་རིག་མའི་ལག་པ་གཡས་སློབ་མའི་གཡོན་པར་གཏད་ལ། ཞེས་གསུངས་པའི་དོན་ཕྱག་རྒྱ་མཚན་ལྡན་བྲིས་པའམ་ཡང་ན་previous hit དྲིལབུ next hit་གཏད་ལ། སྐྱེས་བུ་འདི་བཟུང་བཟང་བ་ཡིན། །དེ་རིང་ཕན་ཆད་བུ་མཆོག་ཁྱོད། །སྒོ་གསུམ་ལྷ་རུ་མཉམ་སྦྱོར་བའི། །ཐ་མལ་དམན་པའི་ལྟ་བ་སྤངས། །བདེ་བ་ཆེན་པོ་ཉམས་མྱོང་བས། །དཀའ་ཐུབ་ཐེག་པའི་ལྟ་བ་སྤངས། །ཐབས་དང་ཤེས་རབ་གཉིས་མེད་པས། །བདེ་བའི་ཉམས་མྱོང་བརྟན་པར་བྱོས། །བརྟན་པ་བར་ཆད་མེད་བསྒོམས་པས། །རྡོ་རྗེ་འཆང་གི་ས་ལ་འགྲོ། །དེ་བས་སྐལ་ལྡན་རིགས་བཟང་ཀྱཻ། །གཏན་དུ་འབྲལ་བར་མ་བྱེད་ཅིག །ཅེས་གཏད་ལ་མི་འབྲལ་བར་གདམས་པ་ནི། །གལྤོ་ཆེ་ལས། བདེ་བ་ཆེན་པོ་ཆོས་ཀྱི་སྐུ། །ཤེས་རབ་ཐབས་ཀྱིས་རྫོགས་པར་འགྱུར། །འདི་དང་སྐྱེ་བ་ཐམས་ཅད་དུ། །དངོས་གྲུབ་གཏེར་འདི་མ་སྤོང་ཞིག །རྒྱལ་བ་སངས་རྒྱས་ཐམས་ཅད་ཀྱིས། །རྫོགས་པའི་སངས་རྒྱས་ཁྱོད་ལས་བྱུང་། །ཡང་ན་རྡོ་རྗེ་དབྱིངས་ཕྱུག་རྩ། །དགུག་དང་བསྟིམ་པ་མ་ཤེས་ན། །རྡོ་རྗེ་བསྐལ་པ་མཐའ་ཀླས་པར། །ཆོས་སྐུ་ཐོབ་པར་མི་འགྱུར་རོ། །ཞེས་བརྗོད་ལ། བླ་མས། སློབ་མའི་སྙིང་གར་རྡོ་རྗེ་previous hit དྲིལབུ next hit་གཞིབས་ཏེ་འཐུང་ལ་བདེན་ཚིག་བརྗོད་པ་ནི། ༀ། མི་འགྱུར་རྡོ་རྗེ་ཡེ་ཤེས་གནས། །མ་བཙལ་ཕྱིན་པས་བདེ་བའི་མཆོག །མ་ལྟས་གསལ་བས་ཡེ་ཤེས་སྤྱན། །གོང་ན་མེད་པས་ཀུན་གྱི་རྗེ། །ཡེ་ཤེས་རང་གནས་བརྡལ་བ་ལ། །མི་འགྱུར་གཡུང་དྲུང་ས་ཐོབ་ཤོག །ༀ་མ་ཧཱ་གུ་ཧྱ་བྷྲཱུཾ། ཛྙཱ་ན་མཎྜ་ལ་ཛྙཱ་ན་སིདྡྷི་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་ལ། གཉེར་གཏད་པ་གསང་དབང་ལྟར་བྱའོ། །ཞེས་གསུངས་པ་འདི་ལྟར། གསང་བའི་དོན་མཆོག་འདི་དག་ནི། །ལྟ་བ་དམན་ལ་བསྟན་བྱས་ན། །དུས་མིན་པར་ནི་སྲོག་ཟད་ནས། །མགོ་འགས་སྙིང་ཡང་འཚིག་པར་འགྱུར། །ཁབ་ལེན་གྱིས་ནི་ལྕགས་སྡུད་ལྟར། །མི་འདོད་བཞིན་དུ་དབང་མེད་པར། །བསྐལ་པར་ངན་སོང་མྱོང་བར་འགྱུར། །དེ་བས་ཤིན་ཏུ་གསང་བར་བྱ། །ཞེས་གདམས་སོ། །རྩ་བར། དེ་ནས་སྟེང་འོག་གི་སྒོ་ཡེ་ཤེས་དགུག་པའི་མན་ངག་གིས་རང་རིག་བཛྲ་ཧེ་རུ་ཀ་ཡབ་ཡུམ་གྱི་གནས་ལྔར་རིགས་ལྔ་ཡབ་ཡུམ་བསྐྱེད་ལ་གནས་མ། ཡུལ་མ། ཡན་ལག་ལ་སྒོ་མ། སྒལ་ཚིགས་ལ་དབང་མོ་བཀོད་ལ། ཞེས་གསུངས་པའི་དོན། སློབ་མ་རྣམས་རྡོ་རྗེ་སེམས་དཔའ་གནས་འགྱུར་ཏེ་བཛྲ་ཧེ་རུ་ཀ་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་རྡོ་རྗེ་རལ་གྲི་དགྲ་སྟྭ། གཡོན་གསུམ་ཞགས་པ་ལྕགས་སྒྲོག་ཐོང་གཤོལ་འཛིན་པ་དང་། ལས་རྒྱ་དེ་ཉིད་ཡུམ་བཛྲ་ཀྲོ་དྷི་ཤཱ་རཱི་མ་མཐིང་ག་དུང་ཁྲག་སྟོབ་པ། ཡབ་ཡུམ་གཉིས་ཀ་དུར་ཁྲོད་ཀྱི་ཆས་དང་ལྡན་པའི་སྤྱི་བོར་བུདྡྷ་ཧེ་རུ་ཀ་ཡབ་ཡུམ། མགྲིན་པར་པདྨ་ཧེ་རུ་ཀ་ཡབ་ཡུམ། ཐུགས་ཀར་རང་འདྲའི་བཛྲ་ཧེ་རུ་ཀ་ཡབ་ཡུམ། ལྟེ་བར་རཏྣ་ཧེ་རུ་ཀ་ཡབ་ཡུམ། གསང་གནས་སུ་ཀརྨ་ཧེ་རུ་ཀ་ཡབ་ཡུམ་སྟེ་ཁྲོ་བོ་ཡབ་ལྔ་ཡབ་ཀྱི་གནས་ལྔ་དང་། ཡུམ་ལྔ་ཡུམ་གྱི་གནས་ལྔར་གནས་བཏབ། གཞན་ཡང་ཡབ་ཀྱི་སྐུ་ལ་གནས་ཀྱི་ཁྲོ་མོ་བརྒྱད། ཡུལ་གྱི་ཕྲ་མེན་བརྒྱད། ཡན་ལག་ཏུ་སྒོ་མ་བཞི། སྒལ་ཚིགས་ལ་དབང་མོ་ཉེར་བརྒྱད་རྣམས་གསལ་བ་དང་། ཡུམ་གྱི་མཁའ་པདྨ་འདབ་བཞིའི་དབུས་སུ་ཨེ་མཐིང་ཁ་གྲུ་གསུམ་པའི་སྟེང་དུ་ཧཱུཾ་དམར་པོ། ཡབ་ཀྱི་གསང་གནས་རྡོ་རྗེ་རྩེ་ལྔ་བར་གྱུར་པའི་བུམ་པ་ལ་ༀ་ཨཱཿཧཱུཾ། བུ་གར་ཕཊ་ནག་པོ་རྣམས་བསམ་མོ། །ཡབ་ཡུམ་ལྷར་འདུ་ཤེས་པ། མཁའ་གསང་རྡོ་རྗེ་དང་པདྨར་འདུ་ཤེས་པ། ཡིད་ཆོས་ཉིད་དུ་འདུ་ཤེས་པ་སྟེ་འདུ་ཤེས་གསུམ་དང་། ལྷར་བསྒོམས་བུམ་དབང་སྤྲུལ་སྐུ་ལ་བྱེད། རླུང་གི་རྣལ་འབྱོར་དང་ལྡན་པ་གསང་དབང་ལོངས་སྐུ་ལམ་བྱེད། ལམ་དངོས་ཤེས་རབ་ཡེ་ཤེས་ཀྱི་དབང་ཆོས་སྐུ་ལམ་བྱེད། དེ་གསུམ་དབྱེར་མེད་ཅིང་དབང་དེས་དེ་ཁོ་ན་ཉིད་འཆར་བར་བྱེད་པ་དབང་བཞི་པ་ངོ་བོ་ཉིད་སྐུ་ལམ་བྱེད་དེ་འདུ་ཤེས་གསུམ་དང་ལམ་བྱེད་བཞིའི་རྣལ་འབྱོར་ཟབ་མོ་ལ་སློབ་ཅིང་སྦྱོར་ཐབས་ཀྱི་ཁྱད་པར་ཡང་། རྩ་བར། ས་རླུང་གི་དུས་སུ་མིག་སྣ་འགྲམ་པ། མཆུ་ནུ་མ། མཆན་ཁུང་མཁུར་བ་སོགས་སུ། བལྟ་དང་གཞིབ་དང་འཛིན་པ་དང་། །རིམ་པ་དང་དེ་བཞིན་ཤེས་པར་བྱ། །ཐབས་དང་ཤེས་རབ་ཚུལ་གྱིས་སོ། །ནུ་མ་གཉིས་དང་འབུར་གཉིས་སོ། །བརླ་དང་མཁུར་མཚོས་སྐེད་པ་རུ། །བརྩེ་དང་ཆགས་པ་བསྐྱེད་པའི་ཕྱིར། །སེན་ཐབས་མཁས་པས་རེག་པར་བྱ། །ཞེས་སོགས་བདེ་བ་རྒྱས་པའི་ཐབས་རྣམས་བྱས་ཏེ་མཁའ་གསང་བྱིན་གྱིས་བརླབས་ནས། ཞེས་གསུངས་པ་ད་ལྟ་གྲུབ། ཕྱག་རྒྱ་བཞིས་སྙོམས་པར་འཇུག་པ་ནི། རྒྱ་མཚོའི་རྒྱུད་ལས། བྱིན་རླབས་བརྙེས་པར་གྱུར་ནས་ནི། །འདོད་ཆགས་ཐིག་ལེ་རྒྱས་བྱེད་པའི། །བསྟན་བཅོས་བྱེ་བྲག་བརྩམ་པར་བྱ། །ཤེས་རབ་ཐབས་ཀྱིས་གཡས་བཟུང་སྟེ། །སྟོད་སྨད་བཀུག་པའི་ཀྱོ་ཀ་ཏ། །དབང་པོ་ཡུལ་བསྡུས་འཁྱུད་པ་ནི། །གསང་བ་ཆེན་པོའི་ཞགས་པའོ། །སྟོད་སྨད་ཤིན་ཏུ་བསྡམ་བྱ་སྟེ། །མི་སྐྱེས་མི་གཏོང་སྒྲིག་གི་ལས། །བསྐྱོད་པ་ཧ་སིའི་བདེ་སྒྲ་སོགས། །ཀུན་ཏུ་གྲགས་ཅིང་བདེ་མྱོང་ཧོཿ དེ་ལྟར་སྙོམས་པར་ཞུགས་ཤིང་སྲུབ་པ་དང་བསྲུབ་པའི་སྦྱོར་བ་ལ་བརྩོན་པར་བྱས་པས་ཡབ་ཀྱི་དཀར་ཆ་མགྲིན་སྙིང་ལྟེ་གསང་རྣམས་སུ་རིམ་བཞིན་ཡས་བབས་ཀྱི་དགའ་བ་བཞི་ཉམས་སུ་མྱོང་ཞིང་། ཡུམ་ལ་ཅིག་ཆར་དུ་དབབ་པས་གཡོ་ལྡང་ལ་སོགས་པའི་སེམས་ལྔས་བདེ་བ་སྨིན་པ་དང་། ས་བཅུ་དྲུག་གི་རིམ་པ་རེ་རེ་རླུང་བཟུང་ནས་ཐིག་ལེ་བཟློག་པའི་ཐབས་བདེ་བས་ལམ་རྫོགས་ཚུལ་ནི། དགའ་བ་བཞི་རེ་རེ་ལ་བཞི་བཞིར་ཕྱེ་བ་བཅུ་དྲུག་པོ་ཡབ་ལ་རིམ་ཅན་དུ་བསྐྱེད། ཡུམ་ལ་ཅིག་ཅར་བསྐྱེད་ལ། དེ་ཡང་། དང་པོ་དགའ་བའི་དགའ་བ། དགའ་བའི་མཆོག་དགའ། དགའ་བའི་དགའ་བྲལ། དགའ་བའི་ལྷན་ཅིག་སྐྱེས་དགའ་བཞི་ཚོགས་ལམ་གཉིས་པ། མཆོག་དགའི་དགའ་བ་སྦྱོར་ལམ། མཆོག་དགའི་མཆོག་དགའ་མཐོང་ལམ། མཆོག་དགའི་དགའ་བྲལ་ས་གཉིས་པ། མཆོག་དགའི་ལྷན་སྐྱེས་ས་གསུམ་པ། དགའ་བྲལ་གྱི་དགའ་བ་ས་བཞི་པ། དགའ་བྲལ་གྱི་མཆོག་དགའ་ས་ལྔ་པ། དགའ་བྲལ་གྱི་དགའ་བྲལ་ས་དྲུག་པ། དགའ་བྲལ་གྱི་ལྷན་སྐྱེས་ས་བདུན་པ། ལྷན་ཅིག་སྐྱེས་ཀྱི་དགའ་བ་ས་བརྒྱད་པ། ལྷན་སྐྱེས་ཀྱི་མཆོག་དགའ་ས་དགུ་པ། ལྷན་སྐྱེས་ཀྱི་དགའ་བྲལ་ས་བཅུ་པ། ལྷན་སྐྱེས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བས་བཅུ་གཅིག་པའོ། །དེའང་། རིམ་འབྱུང་དགའ་བཞི་བཅུ་དྲུག་ལྡན། །དང་པོའི་བཞི་རྣམས་ཚོགས་ཡིན་ཏེ། །གཉིས་གཅིག་སྦྱོར་བ་གཉིས་པའི་གཉིས། །རབ་དགའ་ཐ་མའི་མཐའ་དང་པོ། །བཅུ་དབང་ལྔ་གསུམ་དབང་རྣམས་ལྡན། །རྫོགས་རོལ་ཉི་ཟླ་དུས་གཅིག་བསྟན། །ཞེས་སོ། །དེ་ཡང་ཡབ་ཀྱི་ཐིག་ལེ་ཡུམ་གྱི་བྷ་གར་སྤྲོས་པས། ཡུམ་གྱི་ཁམས་རྡོ་རྗེས་དྲངས་པས། ཡབ་ཀྱི་ཐིག་ལེ་གསལ་བའི་ངོ་བོ། ཡུམ་གྱི་ཐིག་ལེ་སྟོང་པའི་རང་བཞིན། རྟེན་ཐིག་ལེ་གཉིས་འདྲེས་པའི་དུས་སུ་རྟེན་ཅན་གྱི་སེམས་ཉིད་གསལ་སྟོང་ཟུང་དུ་འཆར་བ་ཆོས་ཉིད་ཡིན། དེའི་ཚེ་ཡོད་མེད་ཀྱི་མཐས་མ་སྒྲིབས་པས་འོད་གསལ་མངོན་དུ་གྱུར་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཞེས་བྱའོ། །ཞེས་གསུངས་པའི་དོན་ནི། དེ་ནས་ཧཱུཾ་ཞེས་བརྗོད་པས་ཡུམ་གྱི་དམར་ཆ་དང་ལྷན་ཅིག་པར་གྱེན་དུ་ལྡོག་སྟེ་དྲངས་པས་མས་བརྟན་གྱི་དགའ་བ་བཞི་ཉམས་སུ་མྱོང་ཞིང་། མཐར་བདེ་སྟོང་ཆེན་པོའི་ངང་དུ་མཉམ་པར་བཞག་ལ་བཀྲམ་པ་སོགས་ཀྱི་འཁྲུལ་འཁོར་བྱའོ། །རྩ་བར། དེའང་སློབ་མ་རླུང་སེམས་ལ་དབང་མ་ཐོབ་པས་ཐིག་ལེ་བཟུང་འགུགས་སྐྱུག་པའི་ནུས་པ་མེད་པ་དང་། ཚུལ་འདི་བློར་མི་ཤོར་བ་ལ། ཏིང་ངེ་འཛིན་གྱི་རིག་མ་ལ་སྙོམས་འཇུག་སྒོམ་དུ་བཅུག་ལ། ཡེ་ཤེས་གསལ་སྟོང་དུ་ངོ་སྤྲད་དོ། །ཞེས་གསུངས་པ་ཡེ་རྒྱ་ལ་བརྟེན་པའི་སྐབས་འདི་བཞིན་ཡིན་ལ། བདེ་སྟོང་དེ་ཉིད་ངོ་སྤྲད་པ་ནི། རྩ་བར། དེའི་བསྐུལ་ཚིག་གི་བདེན་པ་ནི། ནམ་མཁའ་ཆེ་ལས། ཧཱུཾ། ཆེ་བའི་ཡེ་ཤེས་རྙེད་དཀའ་བ། །ཤེས་རབ་ཐབས་ལ་བརྟེན་པས་གྲུབ། །མིང་ཙམ་གཞན་ལ་བརྟེན་འདྲ་ཡང་། །མངོན་སུམ་བདེན་པ་རང་ལ་བྱུང་། །ༀ་བཛྲ་ཛྙཱ་ན་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾ། རིགས་ཀྱི་བུ་མཆོག་ལ་ཡེ་ཤེས་རང་གནས་ཀྱི་དབང་གི་ཆོས་ཉིད་རང་ངོ་སྤྲད་པས་ཡེ་ཤེས་རང་ཆས་ཀྱི་དབང་ཐོབ་པར་གྱུར་ཅིག །ཅེས་བརྗོད་ལ་དབུགས་དབྱུང་བ་ནི། དེ་རིང་ཕན་ཆད་བུ་ཁྱོད་ཀྱི། །རང་རིག་བདེ་ལ་གནས་པས་ན། །རྡོ་རྗེ་སེམས་དཔའ་ཞེས་བྱ་སྟེ། །ཡུམ་དང་འཇོམས་མ་ཐམས་ཅད་ལ། །འདོད་བཞིན་སྤྱོད་པའི་དབང་ཕྱུག་འགྱུར། །རིགས་སུ་འགྱུར་རྣམས་ཐབས་འདི་བཟུང་། །མཐུན་འཇུག་མཚམས་འགྲོ་འདུལ་བ་འདི། །དབང་ཕྱུག་རྒྱལ་པོ་ཉིད་དུ་ངེས། །ཞེས་སོ། །ཤེས་རབ་ཡེ་ཤེས་ཀྱི་དབང་གི་རྟོགས་པ་བསྐྱེད་པ་ནི། རྩ་བར། བརྒྱད་པ་རྒྱུ་ལ་གཉིས། མཚུངས་ལྡན་གྱི་རྒྱུ་ནི། ཐ་སྙད་གཉིས་བསྡུས་ཀྱི་མཐའ་དང་བྲལ་བའི་རང་རིག་གསལ་སྟོང་ཀུན་ཁྱབ་ཏུ་གནས་པའོ། །ལྷན་ཅིག་བྱེད་པའི་རྒྱུ་ནི། ཟླ་ལྡན་མ་ལ་སྦྱོར་བ་གོམས་པས་ཐིག་ལེ་གཉིས་བརྟན་པའོ། །དགུ་པ་རྐྱེན་བཞི་ནི། རིག་པ་བརྟུལ་ཞུགས་ཀྱི་དབང་གསུམ་པ་ལ་མོས་པའི་བུ་དབང་ཆགས་པའི་རྒྱུ་རྐྱེན་ནོ། །བྱེད་པ་བསྡོམ་པའི་ལྟས་དང་རླུང་སེམས་ལས་སུ་རུང་བའི་ཕྱག་རྒྱ་མའི་ཡོན་ཏན་འཇོམས་པའི་མཐུ་ནི་བདེ་བ་བསྐྱེད་པས་བདག་པོའི་རྐྱེན་ནོ། །ཉམས་སུ་ལེན་པའི་བླ་མ་བྱིན་རླབས་ཅན་ནི་དབང་བླང་བའི་ཡུམ་ཡིན་པས་དམིགས་པའི་རྐྱེན་ནོ། །ཐིག་ལེ་འཕོ་བ་བཅུ་དྲུག་གི་ཆ་ཡིས་རྒྱུ་འབྲས་རིམ་བཟློག་གི་དུས་སུ་ཕྱི་མ་ཕྱི་མའི་གོ་འབྱེད་པས་དེ་ཐག་པའི་རྐྱེན་ནོ། །བཅུ་པ་གནས་ནི། སྦྱོར་བའི་གནས་ནི་གསང་བ་ཡུམ་གྱི་མཁའ། བདེ་བ་བརྟག་པའི་གནས་མར་བྱུང་ཡང་ཟློག་གི་ལྷན་ཅིག་སྐྱེས་དགའི་དུས། ཐིག་ལེ་བརྟེན་པའི་གནས་ལུགས་གནད་རྩའི་འཁོར་ལོ། འདུག་ཅིང་བསྐྱིིལ་བའི་གནས་སའི་བར་གྱིས་བསྟན། རང་གི་ངོ་བོ་གནས་རིག་པའི་ཕོ་བྲང་ངོ་། །བཅུ་གཅིག་པ་སྒྲིབ་པ་སྤོང་ཚུལ་ནི། རང་རིག་གསལ་བས་ཤེས་སྒྲིབ་སྲབ་ཅིང་ཉོན་སྒྲིབ་ཀ་ནས་དག་སྟེ་ཀུན་ཏུ་འོད་དུ་གནས་གྱུར་པའོ། །བཅུ་གཉིས་པ་ཐོབ་ཚད་ནི། མཁའ་གསང་གི་རྩ་འཕྲད་པ་ལ་བརྟེན་ནས་རིག་པ་གསལ་ལ་རྟོག་མེད་ཉམས་སུ་མྱོང་བ་ནི་ཉམས་མྱོང་དེ་དང་མི་འབྲལ་བས་རྟེན་མེད་ཐོབ་པའོ། །བཅུ་གསུམ་པ་ཆོས་ནི། གསང་སྤྱོད་ཐབས་ལམ་ཁྱད་པར་ཅན་གྱི་ཆོས་རྣམས་དང་། འོད་གསལ་རྫོགས་མ་ལུས་པ་བསྟན་ནོ། །བཅུ་བཞི་པ་དགོས་ཆེད་ནི། དབང་བཞིའི་ལམ་ལ་བརྟེན་ཏེ་ཆགས་པས་ཆགས་པ་སྦྱང་བ་དང་། ལམ་གོང་ནས་གོང་དུ་བོགས་དབྱུང་བའོ། །བཅོ་ལྔ་པ་མ་ཐོབ་པའི་སྐྱོན་ནི། ཐབས་འདི་མིན་གཞན་གྱིས་དབང་མི་ཐོབ། ས་མི་ནོན། སྒྲིབ་པ་མི་འདག་པའོ། །བཅུ་དྲུག་པ་ཡོན་ཏན་ནི་དབང་གསུམ་པ་ཐོབ་པས་སྐྱོན་དེ་དག་ལས་གྲོལ་ཏེ་ཡོན་ཏན་དཔག་མེད་ཐོབ་པའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་གི་མན་ངག་ཟབ་མོ་རྫོགས་སོ། །གསུམ་པ་བདེ་བ་ཆེན་པོའི་དབང་ནི། ངེས་བྱེད་ཆུང་མ་ལས། སྣོད་དང་དཀྱིལ་འཁོར་བསྐུར་བའི་དུས། །རང་གི་ངོ་བོ་ངེས་ཚིག་དང་། །བསྐུར་རྫས་ཐབས་དང་རྒྱུ་རྐྱེན་དང་། །གནས་དང་སྒྲིབ་སྤོང་ཐོབ་པའི་ཚད། །མདོར་བསྡུས་ལུས་ཀྱི་མཚན་ཉིད་བཞག །ཅེས་པས། དང་པོ་སྣོད་ནི། འབྲས་བུ་ལ་མིང་དུ་བཏགས་པ་སྟེ། མཉམ་པའི་བརྟུལ་ཞུགས་སོ། །གཉིས་པ་དཀྱིལ་འཁོར་དབང་གསུམ་པ་ལྟར་རོ། །གསུམ་པ་བསྐུར་དུས་ནི། དབང་གསུམ་པའི་ཉམས་ལེན་གོམས་པ་མཆོག་ཏུ་གྱུར་པའི་ཚེ། བཞི་པ་ངོ་བོ་ནི་བདེན་གཉིས་དབྱེར་མེད་བདེ་བ་ཆེན་པོའི་ཡེ་ཤེས་སོ། །གྲངས་ནི་ཐ་མར་གྱུར་པས་བཞི་པའོ། །དོན་ནི་ཆོས་ཐམས་ཅད་གཉིས་མེད་རོལ་པར་ཤར་བས་བདེ་བ་ཆེན་པོའོ། །ལྔ་པ་ངེས་ཚིག་ནི་རྒྱུ་རྐྱེན་ལས་འདས་པས་འགྱུར་བ་མེད་པ། བདེན་པ་ནི་དཔེས་མཚོན་དུ་མེད་པས་བློ་ལས་འདས་པ། འབྲས་བུ་ནི་ལྷག་པར་བྱར་མེད་པས་མཐར་ཐུག་པའོ། །དེ་ཉིད་ཉི་ཟླའི་ཐིག་ལེ་ཁ་སྒྱུར་ཏེ་དྲངས་པ་ལ་བརྟེན་ནས་བདེ་བ་སྐྱེ་བ་རྟེན་མཚོན་བྱེད་དཔེའི་ཡེ་ཤེས། ཕྱག་རྒྱ་དང་བྲལ་ཡང་བདེ་བ་མི་ཉམས་པ་གཉིས་མེད་ཀྱི་ཡེ་ཤེས་གསལ་བརྟན་ལ་བྱང་ཆུབ་པའི་རྟེན་མེད། ས་བོན་གཉིས་འདྲེས་པ་ལས་སྐྱེས་པ་རྒྱུ་འབྲས་རིམ་པའི་དབང་། ཐིག་ལེ་བསྐུར་བས་མཐར་ཕྱིན་སྐྱེས་པ་རིམ་པས་བཟློག་པའི་དབང་། དེ་དག་ཐབས་ལ་བརྟེན་ནས་གསལ་སྣང་གི་ནུས་པ་ཐོབ་པས་དབང་ཞེས་བྱའོ། །སྐབས་འདིར་དབང་བཞི་པའི་དོན་དུ་མཎྜལ་ཕུལ། དྲུག་པ་རྫས་ནི། རིག་མ་ཉི་མ་ཅན་ཏེ། བཅུ་གཉིས་ཕྱག་རྒྱ་ཆེན་པོ་སྟེ། །ཤིན་ཏུ་བརྟན་པའི་བཞི་རུ་ཤེས། །རྡོ་རྗེ་ཟླ་འོད་མཛེས་ལྡན་མ། །སྨན་དང་རིགས་ངན་རྣམ་པར་སྤངས། །རྡོ་རྗེ་མདའ་ཡིས་མ་ཕོག་ཅིང་། །གཞན་དབང་ལོངས་སྤྱོད་མ་བྱས་པ། །བཅུ་གཉིས་བཅུ་བཞི་བཅོ་ལྔ་རུང་། །ཞེས་པའོ། །བདུན་པ་བསྐུར་ཐབས་ནི། ངེས་འབྱེད་ཆེ་བར། དྲུག་གཉིས་ཉི་ལྡན་རྒྱན་ཆ་དང་། །ནམ་མཁའི་བ་ཞོས་བསམ་གཏན་གོས། །ཤེས་རབ་ཡེ་ཤེས་རང་གནས་རྙེད། །བྱ་བ་གཉིས་ཀྱི་བྱ་འོས་རྫོགས། །ཞེས་པ་ལྟར་བླ་མས་སྦྱིན་པ་གསུམ་པ་བཞིན་བྱས་ལ། བསྐུར་བ་ནི། ཞེས་གསུངས་པའི་དོན་འདིར་དབང་གསུམ་པ་དང་ཟློས་པ་འདྲ་ཞིག་འདུག་ཀྱང་སྐྱོན་མེད། དབང་བཞི་པའི་ཡེ་ཤེས་དེ་ཉིད་དབང་གསུམ་པའི་ཞུ་བདེ་ལྷན་སྐྱེས་དཔེའི་ཡེ་ཤེས་ལ་བརྟེན་ནས་སྐྱེ་དགོས་པའི་ཕྱིར། སླར་ཡང་ཕྱག་རྒྱའི་གཟུགས་སམ་previous hit དྲིལབུ next hit་སློབ་མར་སྦྱིན་ཏེ། སྐྱེས་བུ་འདི་བཟུང་བཟང་བ་ཡིན། །དེ་ཡིན་ཕྱིན་ཆད་བུ་མཆོག་ཁྱོད། །སྒོ་གསུམ་ལྷ་རུ་མཉམ་སྦྱོར་བའི། །ཐ་མལ་དམན་པའི་ལྟ་བ་སྤངས། །བདེ་བ་ཆེན་པོ་ཉམས་མྱོང་བས། །དཀའ་ཐུབ་ཐེག་པའི་ལྟ་བ་སྤངས། །ཐབས་དང་ཤེས་རབ་གཉིས་མེད་པས། །བདེ་བའི་ཉམས་མྱོང་བརྟན་པར་བྱའོ། །བརྟན་པ་བར་ཆད་མེད་བསྒོམས་པས། །རྡོ་རྗེ་འཆང་གི་ས་ལ་འགྲོ། །དེ་བས་སྐལ་ལྡན་རིགས་བཟང་ཀྱེ། གཏན་དུ་འབྲལ་བར་མ་བྱེད་ཅིག །ཅེས་གཏད་ལ་དེ་ལ་གསོལ་བ་བཏབ་པའི་སླད་དུ་འདིའི་རྗེས་ཟློས་བྱ་སྟེ། རྩ་བར། ཅིག་ཆར་འཇུག་པ་ལས། ཀྱེ་མ་མཁའ་ཀློང་རྣམ་དག་མ། ཉི་མ་བྱེ་བའི་འོད་ཟེར་གྱིས། །མྱ་ངན་འདས་པའི་མཐའ་བླང་ཞིང། །མཚན་མོའི་མུན་པ་གསལ་བར་མཛོད། །ལན་དུ། གཟུངས་མས་ལན་གདབ་པ་ནི། ཉི་ཟླ་ཤར་ཐབས་དེ་ཉམས་ཀྱིས། །བསམ་ཡས་ལྷུན་གྲུབ་དཀྱིལ་འཁོར་སྣང་། །ཞེས་བྱ། བླ་མས། ཧཱུཾ། རྟོགས་གོམས་ཉམས་སུ་བླངས་པ་ཡིས། །རྟོགས་པའི་ཀློང་དུ་སུ་འདྲེས་པ། །མི་ཞེས་བྱ་བ་སངས་རྒྱས་ཡིན། །བདེ་ཆེན་དབང་འདི་བརྟན་པར་བྱོས། །ༀ་དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུཾ། རིགས་ཀྱི་བུ་ལ་བདེ་བ་ཆེན་པོའི་དབང་བསྐུར་བས་ཉམས་སུ་མྱོང་ནས་ཕྱིར་མི་ཟློག་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཅེས་པས་བསྐུར་རོ། །དེ་ནས་སྦྱོར་ཐབས་གསུམ་པ་བཞིན་བྱས་པས། ཞེས་གསུངས་པའི་དོན་ཡིད་སྐྱེས་ཀྱི་རིག་མ་དེ་ལ་འདུ་ཤེས་གསུམ་གྱིས་སྙོམས་པར་ཞུགས་པས་ཡས་བབས་དང་མས་བརྟན་གྱི་དགའ་བ་བཞི་ཉམས་སུ་མྱོང་བའི་བདེ་བ་དེ་ཉིད་ལ་སེམས་བཟུང་སྟེ་ངོ་སྤྲད་པ་ནི། རྩ་བར། བཟུང་བའི་བདེ་བ་ལ་ཐུན་མོང་གིས་ལམ་འབྲས་བུ་དང་བཅས་པ་ལ་བཟློག་ཐབས་ཀྱིས་བཟློག་སྟེ། དགའ་བ་བཅུ་དྲུག་གི་རིམ་པར་བཟློག་པས་ལྔ་པ་ས་བཅུ། ཐུན་མོང་མ་ཡིན་པའི་རྫོགས་ནས་གསང་བར་རྡོ་རྗེའི་རྩ་བར་སླེབ་པ་བཅུ་གཅིག་ཀུན་ཏུ་འོད། སྤྲུལ་པའི་འཁོར་ལོ་དྲངས་པ་པདྨ་ཅན། རྩ་གནས་བབ་པར་བཀྲམ་པས་རྟོག་ཚོགས་ལྷའི་དཀྱིལ་འཁོར་དུ་གསལ་བ་འཛིན་མེད་ཡི་གེ་འཁོར་ལོ་ཚོགས་ཆེན། དེ་དག་ལས་མངོན་ཤེས་དྲུག །མཚན་སོ་གཉིས། དཔེ་བྱད་བརྒྱད་ཅུའོ། །དེ་ལྟར་བསྐུར་ཐབས་ཀྱི་ནུས་པ་དང་མི་ལྡན་ཡང་ཏིང་ངེ་འཛིན་གྱིས་དེ་ལྟར་བྱ། སྤང་བྱང་ཡོད་མེད་ཀྱི་མཐའ་ལས་མི་བཙལ་བར་གཉིས་མེད་ཟུང་འཇུག་མཉམ་པ་ཉིད་དུ་ངོར་སྤྲད་དོ། །དེ་ནས་དབེན་པར་ཕྲ་མེན་གྱི་ཡོལ་གོ་ཆང་དང་མར་གྱིས་བཀང་བ་སོགས་ཀྱིིས་བླ་མ་གཉེས་པར་བྱས་ཏེ། བླ་མའི་མདུན་དུ་མགོ་བོ་བཞག་པའི་རྣ་བར་གསེར་གྱི་སྦུབས་མཆུ་བཙུགས་ལ། ཞེས་གསུངས་པའི་བླ་མས། གསེར་ལས་བྱས་པའི་སྦུབས་མཆུ་སློབ་མའི་རྣ་བར་གཏད་པའི་ནང་དུ་ཤུབ་བུས་འདི་སྐད་ཅེས་བསྟན་ནོ། །རྩ་བར། དབང་ཅིག་ཅར་འཇུག་པ་ལས། དངོས་ཀུན་སེམས་ཕྱིར་སྤང་བླང་བྲལ། །སྐྱེ་མཆེད་མི་འགག་ཅང་མི་བསམ། །གང་ཡིན་བདེ་ཆེན་རྩིས་མ་སྒྲིམ། །ཞེས་བྱར་མེེད་ཀ་དག་ལྷུན་གྲུབ་ཏུ་ངོ་སྤྲད་དོ། །དབང་བཞི་པའི་རྟོག་པ་བསྐྱེད་པ་ནི། རྩ་བར། བརྒྱད་པ་རྒྱུ་ནི། བདེན་གཉིས་དབྱེར་མེད་རང་ལ་ཡེ་ནས་གནས་པའི་སངས་རྒྱས་མཚུངས་ལྡན་གྱི་རྒྱུ། དེ་ཉིད་ཐབས་ཀྱིས་གསལ་བར་བྱས་པས་ལྷན་ཅིག་བྱེད་པའི་རྒྱུའོ། །དགུ་པ་རྐྱེན་བཞི་ནི། མཉམ་པའི་བརྟུལ་ཞུགས་ཅན་དབང་འདི་ལ་དད་པ་ནི་རྒྱུའི་རྐྱེན། བཟློག་པའི་ལས་མན་ངག་འཇོམ་པ་གཞིའི་ཕྱིར་བདག་པོའི་རྐྱེན། བཞི་པའི་ཉམས་མྱོང་ཅན་གྱི་བླ་མ་ལ་བླངས་པའི་ཡུལ་ཡིན་པས་དམིགས་པའི་རྐྱེན། ཟློག་པའི་དགའ་བ་བཅུ་དྲུག་ས་བཅུ་གསུམ་གྱི་རིམ་པ་རྒྱུ་འབྲས་ཀྱི་ཚུལ་དུ་འཕོ་བ་གོ་འབྱེད་པས་དེ་མ་ཐག་རྐྱེན་ནོ། །བཅུ་པ་གནས་གསུམ་པ་དང་མཐུན། བཅུ་གཅིག་པ་སྒྲིབ་པ་སྤོང་ཚུལ་ནི་ཐུན་མོང་གི་ས་མཐར་ཕྱིན་པའི་ཤེས་སྒྲིབ་ཕྲ་མོ་དང་ལྟ་བའི་སྒྲིབ་པ་མ་གསལ་བར་དག་གོ། །བཅུ་གཉིས་པ་ཐོབ་ཚད་ནི། སྐད་ཅིག་ཐུན་ཕྱེད་སློབ་ཐུན་མཐར་ཐུག་གི་རྒྱུན་གྱི་དབང་དུ་ཟུང་འཇུག་གི་བདེ་བ་ཐོབ་བོ། །བཅུ་གསུམ་པ་ཆོས་ནི། མཐར་ཐུག་གི་ཆོས་མ་ལུས་པའི་སྐལ་པར་ལྡན་ནོ། །བཅུ་བཞི་པ་དགོས་ཆེད་ནི། རང་གཞན་གྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པའི་ཕྱིར་རོ། །བཅོ་ལྔ་པ་མ་ཐོབ་པའི་སྐྱོན། ཐབས་འདི་དང་བྲལ་བ་བསྐལ་པ་དུ་མར་ལམ་གཞན་གྱིས་བགྲོད་ཅིང་མཐར་མི་ཕྱིན་པའོ། །བཅུ་དྲུག་པ་ཡོན་ཏན་ནི། ཡོན་ཏན་མ་ལུས་ལྷུན་གྱིས་གྲུབ་པས་སྟོང་གསུམ་གྱི་ལྕེས་བརྗོད་ཀྱང་རྫོགས་པར་མི་འགྱུར་རོ། །དབང་བཞིའི་མན་ངག་ཟབ་མོ་ཐུན་མོང་མ་ཡིན་པ་རྫོགས་སོ། །
༈ སྐབས་འདིར་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་སེམས་ཕྱོགས་ཀྱི་དབང་བསྐུར་བར་བྱེད་པ་ལ་གཉིས་ཏེ། ཟུར་ལུགས་རང་གི་རྩ་བ་ནས་བཤད་པ་དང་། རྒྱས་པར་སེམས་སྡེ་བཅོ་བརྒྱད་ཀྱི་དབང་དང་གཉིས་ཀྱི་དང་པོ་ནི། བརྒྱུད་ཚུལ་ཡང་ཟུར་དུ་མེད་ལ། གཉིས་པ་ནི། ཁོ་བོས་དང་པོ་ཁམས་ལུགས་ལྟར་པད་གླིང་ཐུགས་སྲས་སྤྲུལ་པའི་སྐུ་བསྟན་འཛིན་འགྱུར་མེད་རྡོ་རྗེའི་ཞབས་དྲུང་དུ་ནོས་ཤིང་། སླར་ཡང་རིག་འཛིན་རྗེ་བརྒྱུད་པར་བཞུགས་པའི་དབང་གཞུང་གི་བརྒྱུད་པ་དང་བབས་འདྲ་བ་ཞིག་གཏེར་སྟོན་རིག་འཛིན་ཆེན་པོ་འགྱུར་མེད་རྡོ་རྗེའི་ཞབས་དྲུང་དུ་ལེགས་པར་ནོས་ཤིང་། བརྒྱུད་པ་གཉིས་ཀའི་དབང་བྱང་མཁས་གྲུབ་གཡུང་སྟོན་ཆེན་པོ་རྡོ་རྗེ་དཔལ་བཟང་གིས་མཛད་པ་ལྟར་རོ། །དེ་ཡང་སེམས་ཕྱོགས་ཀྱི་དབང་ཟུར་ལུགས་རྩ་བ་དང་། སེམས་སྡེ་བཅོ་བརྒྱད་ཀྱི་དབང་གཉིས་ལ་རྒྱས་བསྡུས་ཙམ་མ་གཏོགས་དཀྱིལ་འཁོར་སོགས་བབས་འདྲ་བར་སྣང་ཡང་། རྒྱས་པར་སེམས་སྡེ་བཅོ་བརྒྱད་ཀྱི་དབང་གི་སེམས་སྡེའི་དགོངས་དོན་རིག་འཛིན་བཅོ་བརྒྱད་ཀྱི་དགོངས་ཉམས། །དོ་ཧ་རྡོ་རྗེའི་གླུ་ལ་བརྟེན་ནས་ངོ་སྤྲོད་པ་དང་། རྒྱུད་ལ་ཤིན་ཏུ་སྨིན་པའི་ཕྱིར་ཞག་བཅོ་བརྒྱད་ཀྱི་བར་དུ་ཞག་རེ་རེ་ལ་དབང་རེ་དང་། དོ་ཧའི་ངོ་སྤྲད་བྱ་བ་སོགས་ཟབ་གནད་གཞན་ལས་ཁྱད་པར་ཤིན་ཏུ་ཆེ་བ་རྟོགས་གྲོལ་དུས་གཅིག་ཏུ་འབྱུང་བའི་གདམས་པ་ངོ་མཚར་ཅན་དུ་སྣང་ཞིང་། དབང་བྱང་ཡང་ཁུངས་ཆེ་བར་འདུག་པས། དེས་ན་གཉིས་ཀ་མི་ནུབ་པའི་ཕྱིར་ཆོག་ཁྲིགས་འདིར་ཐོག་མར་ཟུར་ལུགས་རྩ་བ་ལྟར་དང་། དེ་རྗེས་ཕྱི་མ་ལྟར་འདྲི་བར་བྱའོ། །དེ་ཡང་དཀྱིལ་འཁོར་ནི་ཟུར་ལུགས་རྩ་བར། རྫོགས་ཆེན་གྱི་དཀྱིལ་འཁོར་པདྨ་འདབ་མ་བཅུ་དྲུག་པ་མུ་ཁྱུད་དང་བཅས་པ་ལ་ཉི་མའི་དཀྱིལ་འཁོར་གྱི་ལྟེ་བར་ཨ་ཁ་སྦྱོར། འདབ་མར་ཨ་བཅུ་དྲུག་རྣམས་དཀར་པོ། པད་སྐོར་གྱི་མཐར་སྙིང་དཀར་དམར་གྱི་ཤུན་པ་རྩ་བ་ཤར། རྩེ་མོ་ནུབ་ཏུ་བསྟན་པ་བྲི། གཏིང་དུ་རྩ་རིས་རྩེ་མོ་པད་གདན་ལ་རེག་པ་བྱ། གློ་འབུར་གྲུ་ཆད། འཇའ་རིས་ཕྱི་འོད་སྐོར་ཞིང་ཁམས་སྒོ་པདྨ་རྡོ་ར་མེ་རི་མཐའ་རྒྱས་གྲུ་བཞི་ལྕགས་རི་ཕྱོགས་མདོག་ཏུ་བྱ་བར་གསུངས་པ་དང་། ཡང་ན་འཁོར་ལོ་རྩིབས་དྲུག་པ་དཀར་པོ་བྲི་བར་ཡང་གསུངས་ཤིང་། སེམས་སྡེའི་དབང་བྱང་དུ། པདྨ་འདབ་མ་བཅུ་དྲུག་ཁ་དོག་དམར་པོ་ལ་མུ་ཁྱུད་ནང་མ་ལ་འོད་ཟེར་གྱི་ཕྲེང་བ་དང་། ཕྱི་མ་ལ་རྡོ་རྗེའི་ར་བའི་ཕྲེང་བ། དེའི་ཕྱི་རོལ་ཏུ་ཤར་ཕྱོགས་སུ་སྙིང་གི་རྩེ་མོར་རྣམ་པ་དང་། ནུབ་ཕྱོགས་སུ་སྙིང་སྒྲོས་ཀྱི་རྣམ་པ། མཐའ་སྐོར་ལ་སྙིང་ཤུན་སྙིང་ཚིལ་དང་བཅས་པའི་རྣམ་པ་བྲི། དབུས་ཀྱི་ལྟེ་བ་ལ་ཨ་དཀར་པོ་གཉིས་དབུ་ཤར་ནུབ་ཏུ་བསྟན་པ་བྲིས་ལ། རྩའི་རྣམ་པ་ཁ་དོག་དམར་སྐྱའི་ཚོན་གྱིས་སྦྲེལ། པད་འདབ་བཅུ་དྲུག་ལ་ཨ་བཅུ་དྲུག་ཕྱིར་བསྟན་དུ་བྲིས་ལ། རྩའི་རྣམ་པ་དམར་སྐྱའི་དཀྱིལ་འཁོར་ཐམས་ཅད་དབུས་ཀྱི་ལྟེ་བ་ལ་སྦྲེལ་ལོ། །ཞེས་གསུངས་པ་དོན་གཅིག་ཏུ་སྣང་ཡང་ཟུར་ལུགས་རྩ་བ་རྒྱས་པར་སྣང་བས། དེའི་ཁོག་ཏུ་ཕྱི་མ་ཡང་འདུས་པས་ཇི་ལྟར་བྲི་བ་ནི། སྟེགས་བུ་དྲི་བཟང་དང་བ་བྱུང་ལྔས་ལེགས་པར་བྱུགས་པ་ལ་དཀྱིལ་འཁོར་སྒོ་རྫོགས་ཀྱི་ཐིག་སྤྱི་ལྟར་བཏབ་པའི་གཞལ་ཡས་ཁང་གི་ནང་དུ་ལྟེ་བར་ཟླུམ་ཐིག་བསྐོར་བ་དེའི་ཕྱིར་ཆ་ཕྲན་གཅིག་དང་། དེའི་མཐར་ཟླུམ་ཐིག་གིས་བསྐོར་བ་ནི་པད་འདབ་བཅུ་དྲུག་ཏུ་ཕྱེ་བའི་མཐར་སྙིང་བྲི་བ་ཟུར་ལུགས་སུ་རྩེ་ནུབ་བསྟན་དང་། །ཕྱི་མར་རྩེ་ཤར་བསྟན་དུ་བྱུང་བ་གཉིས་ཀ་མི་འགལ་བས་སྔ་མ་ནི་བྲི་བྱའི་དབང་དུ་བཤད་པ་ཡིན་ལ། ཕྱི་མ་ནི་བླ་མ་དཀྱིལ་འཁོར་དང་ཞལ་སྤྲོད་ཀྱི་ཞལ་ཤར་བསྟན་གྱི་དབང་དུ་བྱས་སོ། །འདིར་ཟུར་ལུགས་ལྟར་རྩེ་མོ་ནུབ་སྒོ་དང་། རྩ་བ་ཤར་སྒོར་བསྟན། དེའི་ཕྱིར་གློ་འབུར་གྱི་གྲུ་ཆད་དང་སྒོ་ཕན་སྤྱི་ལྟར་ལ་པད་རའི་ནང་དུ་མུ་ཁྱུད་གཅིག་བསྐོར་བ་འཇའ་རིས་ཀྱིས། དེའི་ཕྱིར་པད་རྡོར་མེ་རི་གསུམ་བསྐོར་བའི་མཐར་སྟེགས་བུའི་ཁྱོན་དང་མཉམ་པའི་གྲུ་བཞི་མཐར་ལྕགས་རི་ཆ་ཕྲན་གཅིག་དང་བཅས་པའི་ཐིག་བཏབ་ལ། ཚོན་ནི་ལྟེ་བ་མཐིང་ཁ། དེའི་ཕྱིར་མུ་ཁྱུད་འོད་ཟེར་གྱི་ཕྲེང་བ། དེའི་ཕྱིར་པད་འདབ་བཅུ་དྲུག་དམར་པོ་ལྟེ་བར་ཨ་དཀར་པོ་ཞབས་སྤྲོས་དབུ་ཤར་ནུབ་ཏུ་བསྟན་པ། འདབ་མ་བཅུ་དྲུག་ལ་ཨ་དབུ་ཕྱིར་བསྟན་བཅུ་དྲུག་རྣམས་དཀར་པོ། ཨ་ཐམས་ཅད་ཚོན་དམར་སྐྱའི་རྩ་རིས་ཀྱི་རྣམ་པས་ལྟེ་བའི་ཨ་ལ་སྦྲེལ། སྙིང་དམར་པོ་ལ་སྙིང་ཚིལ་དཀར་པོ། སྙིང་ཤུན་རྣམས་དམར་སྐྱ་ལྟ་བུ། གྲུ་ཆད་ལྗང་། ཁྱམས་ཕྱོགས་མདོག །རྩིག་པ་མཐིང་སེར་དམར་ལྗང་དཀར་བ་དེ་ཕན་སྤྱི་དང་འདྲ། པད་རའི་ནང་དུ་འཇའ་སྐོར། ལྔ་ལྡན་མེ་རིའི་ཕྱིར་གྲུ་བཞི་དང་ལྕགས་རི་རྣམས་ཕྱོགས་མདོག །དེ་ཡང་གློ་འབུར་རིགས་བཞིའི་གྲུ་ཆད་ནང་སེམས། ཁྱམས་ཕྱི་སེམས། རྡོར་སེམས་ཡབ་ཡུམ་ཐུབ་དྲུག་སྒོ་བ་དང་བཅས་པའི་ཚོན་སྤུངས་བྱ། སྒོ་རྫོགས་མི་འབྱིན། པད་འདབ་བཅུ་དྲུག་ཚུན་གོང་དང་འདྲ་ལ། འདབ་མ་བཅུ་དྲུག་གི་ཕྱིར་རྡོ་རྗེའི་ཕྲེང་བ་སྙིང་གི་མཐར་འཇའ་བསྐོར་གྱིས་མཚན་པ་བྲིའོ། །དེ་ལ་རྫས་བཀོད་པ་ནི། ཟུར་ལུགས་རྩ་བར། བུམ་པར་རྫས་བླུག་ལ་དབུས་སུ་དགོད། གཞན་ཡང་རྒྱ་བོད་ཀྱི་བླ་མ་བརྒྱུད་པའི་སྐུ་གསུང་ཐུགས་ཀྱི་རྟེན་དགོད་དོ། །ཞེས་བུམ་པ་གཅིག་བྱེད་པའི་དབང་དུ་གསུངས་སོ། །བླ་མ་གླུ་གསུང་པའི་གཟུགས་བཅོ་བརྒྱད་ཀྱང་པད་འདབ་ལ་དགོད་པ་དང་། སྐུ་འདྲ་ཙཀླི་ཐུགས་གསང་མཚན་གདུང་རིང་བསྲེལ་དབུ་སྐྲ་ན་བཟའ་སོགས་དགོད། ཅེས་སོགས་དང་། སེམས་སྡེའི་དབང་བྱང་དུ། བུམ་པ་བཅོ་བརྒྱད་ཞལ་ནས་ཕྱུངས་པ་ཞེས་བུམ་པ་བཅོ་བརྒྱད་དང་། ནང་གི་མཆོད་པ་སྨན་རཀ་གཏོར་གསུམ། ཕྱིའི་མཆོད་པ་ཆུ་གསུམ་བཞི་བསྣོལ་དང་བཅས་པས་བསྐོར་བར་བྱའོ། །ཞེས་གསུངས་པས། བུམ་པ་བཅོ་བརྒྱད་འབྱོར་ན་ངེས་པར་དགོས་ལ། མ་འབྱོར་ན་གཅིག་ལ་བསྡུས་ཏེ་བུམ་དབང་བཅོ་བརྒྱད་ཀྱི་དུས་གཅིག་པོ་དེས་བལྡབས་ལ་བསྐུར་བས་ཆོག་པས། བུམ་པ་མཚན་ཉིད་དང་ལྡན་པ་དྲི་བཟང་གི་ཆུ་དང་ལྔ་ཚན་ལྔ་དང་། ཆོས་སྨན་བཏབ་པས་བུམ་གཉིས་དགང་། རས་ཟུང་གིས་མགུལ་ཆིངས་བྱ། སེམས་སྡེའི་དབང་བྱང་དུ་འབྲས་བུ་དང་བཅས་པའི་ཤིང་། དུག་བྱའི་སྒྲོ་དང་བཅས་པས་ཁ་བརྒྱན། ཅེས་གསུངས་པས། དབྱར་དུས་ཡིན་ན་འབྲས་བུ་ཅན་གྱི་ཤིང་ངམ་གཞན་ཀུ་ཤ་དང་དུག་བྱ་སྟེ་རྨ་བྱའི་སྒྲོ་མདོངས་ཀྱིས་ཁ་བརྒྱན་པ་བཅོ་བརྒྱད་ཡོད་ན་གཉིས་དབུས་དང་། བཅུ་དྲུག་པོ་པད་འདབ་སོ་སོར་བཀོད། པད་འདབ་ཀྱི་སྟེང་དུ་མ་ཤོང་ན་གཉིས་དབུས་དང་། གཞན་རྣམས་ཀྱིས་མཐའ་བསྐོར་ལ་བཞག །གཅིག་ལས་མེད་ན་དབུས་སུ་བཀོད། རིག་འཛིན་གྱི་སྐུ་བཅོ་བརྒྱད་པོ་ཡང་བུམ་པ་དང་ལྷན་དུ་གནས་སོ་སོར་བཀོད་པའམ། ཐམས་ཅད་སྦམས་ལ་དབུས་ཀྱི་བུམ་སྟེང་དུ་བཞག །གཞན་ཡང་རྩ་བའི་བླ་མ་དང་རྒྱ་བོད་བརྒྱུད་པའི་རིག་འཛིན་རྣམས་ཀྱི་སྐུ་དང་གསང་མཚན་སྐུ་གདུང་གི་རིང་བསྲེལ། དབུ་སྐྲ་ཕྱག་ཞབས་ཀྱི་སེན་མོ་སོགས་སྐུ་བལ་གྱི་རིང་སྲེལ། ན་བཟའ་སོགས་ཀྱང་དད་པའི་རྟེན་དུ་བཤམ་མོ། །གཞན་ཡང་ཚོགས་ཆེན་གྱི་སྐབས་སུ་བཤད་པ་ལྟར་གྱི་བླ་མའི་གཏོར་མ་དང་སྨན་རཀ །ཆུ་གཉིས་བཞི་བསྣོལ་དང་བཅས་པ་ཡང་གོང་ལྟར་བཤམ་མོ། །སེམས་སྡེའི་དབང་བྱང་དུ། ཡུལ་ལྷ་དང་བཞི་བདག་ལ་སོགས་པ་ལ་གསེར་སྐྱེམས་སམ་ཆ་གསུམ་གྱིས་ཚིམ་པར་བྱས་ལ། བར་ཆད་ཀྱིས་མི་ཚུགས་པར་བྱ་བའི་ཕྱིར་ཕྱི་ནང་གི་མཚམས་བཅད། བླ་མ་ཁ་ཤར་ལྟས་ཀྱིས་དཀྱིལ་འཁོར་ལ་མངོན་པར་ཕྱོགས་པས་དབང་གི་ཁྲི་ལ་འདུག་ཅིང་། མཆེད་རྣམས་ཀྱང་གྲལ་རིམ་པ་འཁོད་ནས་ཚུལ་ཕྱག་དང་གྲལ་ཕྱག་བྱ་ཞིང་། རྒྱུད་དག་པར་བྱ་བའི་ཕྱིར་ན་རག་དོང་སྤྲུག་གི་ཆོ་ག་དང་། ཚོགས་ཀྱི་འཁོར་ལོ་བྱས་ནས། མ་མགོན་ལྕམ་དྲལ་བསྐང་ཞིང་བར་ཆད་མི་འབྱུང་བའི་ཕྲིན་ལས་བཅོལ་ལ། མཆེད་ལྕམ་རྣམས་གཉིད་ཀྱི་བདེ་བས་ཚིམ་པར་བྱའོ། །དེ་དག་ནི་སྔོན་དུ་འགྲོ་བའི་རིམ་པ་སྟ་གོན་གྱི་ཆོ་ག་རྫོགས་སོ། །ཞེས་དང་། ཟུར་ལུགས་རྩ་བར། དེ་ནས་ཡི་དམ་གང་བྱེད་ཀྱང་ཞི་བ་བྱ། ཞེས་གསུངས་མོད། འོན་ཀྱང་འདིར་ཚོགས་ཆེན་གྱི་དཀྱིལ་འཁོར་ཆེན་པོའི་སྒྲུབ་ཆེན་དང་འབྲེལ་བའི་མུ་ཁོ་ན་ཡིན་ཕྱིར། དཀྱིལ་འཁོར་གྱི་མཆོད་གཏོར་ཚོགས་སྐོང་རྣམས་ཀྱང་བཤམས་ཏེ། ཐོག་མར་ཆ་གསུམ་བཏང་། དེ་རྗེས་ཚུལ་ཕྱག་གྲལ་ཕྱག་ནས་བཟུང་མཚམས་གཅོད། ཕྱི་ནང་མཆོད་གཏོར་བྱིན་རླབས་རྣམས་དཀྱིལ་འཁོར་གྱི་མཆོད་གཏོར་དང་ལྷན་དུ་བརླབ། ཞི་བའི་རྒྱུད་ལུང་གི་ཆོ་ག་དུས་རྫོགས་ཆེན་གྱི་དཀྱིལ་འཁོར་ཡང་ཞི་བའི་དཀྱིལ་འཁོར་དུ་བསྐྱོད་ཅིང་། བུམ་པ་བཅོ་བརྒྱད་དམ་གཅིག་ཀྱང་རུང་སྟེ། ངག་ཏུ་ཨ་ཞེས་བརྗོད་པས། ཨ་དཀར་པོ་རེ་རེ་འོད་དུ་ཞུ་བ་ལས་མ་སྐྱེས་པའི་ཆོས་ཉིད། མ་འགགས་པའི་བདུད་རྩི་ཆུ། རྒྱུ་རྐྱེན་མེད་པར་རང་བྱུང་བ། བྱེད་པ་པོ་མེད་པར་ལྷུན་གྱིས་གྲུབ་པར་མོས་པ་ནི་སེམས་སྡེའི་དབང་བྱང་ལུགས་དང་། ཟུར་ལུགས་རྩ་བར། དཀྱིལ་འཁོར་གྱི་ཨ་བཅོ་བརྒྱད་ཀྱང་ཀུན་བཟང་ཡབ་ཡུམ་བཅོ་བརྒྱད་དུ་མོས་པ་དང་། བུམ་པར་ཡང་ཀུན་བཟང་ཡབ་ཡུམ་སྦྱོར་བའི་བྱང་སེམས་སུ་མོས་དགོས་པར་གསུངས་པས། དེ་ལྟར་ན་བུམ་ཆུ་ཨ་ལས་ཆོས་ཉིད་རྒྱུ་རྐྱེན་མེད་པའི་བདུད་རྩིར་བསམ་པའི་སྟེང་དུ་ཀུན་བཟང་ཡབ་ཡུམ་བསྒོམ་ཞིང་། ཨ་བཅོ་བརྒྱད་པོ་དོན་ཀུན་བཟང་ཡབ་ཡུམ་གྱི་རང་བཞིན་ལ་རྣམ་པ་ཨ་དཀར་པོ་ཁོ་ནའི་རང་བཞིན་དུ་བསམ། དོ་ཧ་གསུང་བ་པོ་རིག་འཛིན་རྣམས་ཀྱང་མོས་བསྐྱེད་བྱས་ལ། ཞི་བའི་གཞུང་སྲོང་གི་དབང་བསྐུར་བྱིན་བརླབ་ནས་བཟུང་དཀྱིལ་འཁོར་ཆེན་པོའི་བདག་མདུན་བུམ་གསུམ་དང་། རྫོགས་ཆེན་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་བུམ་པའི་ཀུན་བཟང་རིག་འཛིན་དང་བཅས་པར་ལྷན་ཅིག་ཏུ་བྱ་ཞིང་། སྙན་གསན་སྤྱན་འདྲེན་མཆོད་བསྟོད་ཀྱི་བར་ལྷན་དུ་བྱ། རྫོགས་ཆེན་གྱི་བུམ་པར་དམིགས་པའི་ཨ་ཅི་ནུས་ཀྱང་བཟླས་པས་སྦྱོར་མཚམས་བྱང་སེམས་ཀྱི་ས་བུམ་པ་གང་བར་བསམ། དེ་རྗེས་སྐབས་འདིར་དམིགས་བསལ་མ་བྱུང་ཡང་སྒྲུབ་ཆེན་གྱི་སྐབས་ཡིན་པས་ཁྲོ་བོའི་དཀྱིལ་འཁོར་གྱི་ཆོ་ག་ཡང་རྒྱུད་ལུང་བསྡེབས་ཏེ་འཛབ་དང་བཅས་པར་བྱ། ལེགས་ལྡན་སོགས་ཆོས་སྲུང་བསྐང་། ཞི་ཁྲོའི་ཚོགས་འཁོར་བྱ་ཞིང་ཚོགས་སྐོང་དང་ཁྱད་པར་སྐབས་འདིར་དམིགས་བསལ་གྱི་བྱུང་བས་ཡི་གེ་བརྒྱ་བའི་འཛབ་བཟླ། གོང་དུ་ཞི་ཁྲོའི་ཕྱག་གི་དུས། དོང་སྤྲུག་གམ་དྲི་མེད་བཤགས་རྒྱུད་ལྟར། ཧོཿཀློང་ཆེན་པོ་སོགས་ཞི་ཕྱག་དང་། ཁྲོ་ཕྱག་ཀྱང་རྒྱས་པར་བཙལ། སྤྲོ་ན་དྲི་མེད་བཤགས་རྒྱུད་ཀྱང་ཚང་བར་འདོན་ནོ། །དེ་ནི་སྒྲུབ་མཆོད་ཀྱི་རིམ་པ་ཡིན་པས་ཟུར་ལུགས་རྩ་བ་དང་། སེམས་སྡེའི་དབང་བྱང་གཉིས་ཀའི་ཐུན་མོང་གི་སྒྲུབ་མཆོད་དེས་ཁྱབ་ལ། བྱེ་བྲག་གི་སྒྲུབ་མཆོད་སོ་སོར་ཡོད་པས་སོ་སོའི་ལུགས་བཞིན་བྱ་དགོས་པས། དེ་ཡང་དང་པོ་ཟུར་ལུགས་རྩ་བའི་ཨ་ཏིའི་དབང་བསྐུར་བ་ནི། སློབ་མ་རྣམས་ཁྲུས་བྱ། བགེགས་གཏོར་བཏང་ཞིང་བགེགས་བསྐྲད། མཎྜལ་གྱི་མེ་ཏོག་བཀྱེ་བསྡུ་བྱས། བླ་མས་ཐུགས་བསྐྱེད་ཕོག་སྟེ། སྐབས་འདིར་ཟབ་ལམ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལྟ་བ་རབ་འབྱམས་ཀྱི་དབང་བསྐུར་བར་བྱེད་པ་ལ། ཟུར་ལུགས་རྩ་བ་དང་། སེམས་སྡེ་བཅོ་བརྒྱད་ཀྱི་དབང་གཉིས་ལས་དང་པོ་སྐབས་ཡིན། དེ་ལ་ཡང་སློབ་དཔོན་གྱི་བགྱི་འོས་མཐའ་དག་གྲུབ། འོན་ཀྱང་ཀུན་བཟང་དོན་གྱི་ཕྲིན་ལས་དཔོན་སློབ་ཐམས་ཅད་ཀྱི་ཐུགས་དམ་གསལ་འདེབས་སུ་གནས་ལུགས་ཀྱི་ངང་ནས་བྱ་དགོས་པས་ད་ལྟ་ཉིད་དུ་འབྱུང་ཞིང་། འདི་ལ་ཡང་སྔོན་འགྲོའི་ཆོས་སུ་འོས་པ་གཞན་རྣམས་གྲུབ་ཟིན་པས། བླ་མ་དང་དཔལ་ཀུན་ཏུ་བཟང་པོ་ཐ་མི་དད་པའི་ཞབས་དྲུང་དུ་དབང་གི་ཡོན་དུ་མཎྜལ་ཕུལ་མཛོད། དེ་ནས་ཆོ་ག་དངོས་ལ་འཇུག་པར་བྱེད་པ་ནི། རྩ་བར། དེ་ནས་ཞག་བཅུ་གཅིག་འགྲོ་བའི་སྔ་དྲོ་ཨ་ཏི་ཡོ་ག་ལྟ་བ་རབ་འབྱམས་ཀྱི་དབང་གི་སྔོན་འགྲོ་བྱ་བ་ནི། དེའང་ཐོག་མར་ཁུངས་ནི་སེམས་ལུང་ཆེན་མོ་དང་། རྣམ་སྣང་དབང་གི་ཐིག་ལེ་དང་། གཡུ་ཐང་ནས་རྒྱས་པར་གསུངས་ཤིང་། ཀུན་འདུས་ཆེ་མཆོག་སྐུ་ལ་ཆོས་ཀུན་ཡོངས་རྫོགས་ཀྱི་གདན་ཟླ་བ་ནས་གཙུག་གི་སངས་རྒྱས་ཉེར་གཅིག་རྒྱལ་མཚན་ཏོག་ལས་མཚོན་ཏེ་བསྟན་ནོ། །བར་དུ་དཀྱིལ་འཁོར་ནི། དཔེ་རྡུལ་ཚོན་ཕྱི། རྟགས་རང་ལུས་ནང་། དོན་སེམས་ཉིད་གསང་བ་གསུམ་མོ། །ཐ་མ་དོན་ནི་རིག་པ་རང་བྱུང་ཉིད་དེ་ལྟར་ཤར་བར་རྣལ་འབྱོར་པས་མྱོང་བའོ། །དེའི་ཕྱིར་སློབ་བུ་རྣམ་སྣང་ཆོས་བདུན་བྱས་ལ། ཕྱི་བཞིན་སྙིང་ལ་སྒོམ་ངལ་གསོར་གཞུག །གློད་ཀྱིན་བཞག་གོ། །གཉིས་པ་རྟགས་ནི། ཕྱི་ནང་འདྲེས་པས་ལུས་ཀྱི་སྙིང་ལ་མངོན་པར་ཤེས་ལྡན་གྱིས་མཐོང་བའི་སྔགས་འཆར་བའི་སྒོམ་དུ་རུང་ངོ་། །དང་པོ་དཔེ་ནི། དཀྱིལ་འཁོར་བྱང་ཤར་ནས་པདྨ་བཅུ་དྲུག་འདབ་མ་ཅན་ནམ། འཁོར་ལོ་རྩིབས་དྲུག་པ་དཀར་པོའི་སྟེང་དུ་ཉི་མ་དམར་པོ་ལ་མཐར་ཨ་དཀར་བཅུ་དྲུག་ཀུན་བཟང་ཡབ་ཡུམ་བཅོ་བརྒྱད་དང་། བླ་མ་གླུ་གསུང་བའི་གཟུགས་དེ་བཅོ་བརྒྱད་ནི་ངོ་བོར་འགོད། ཆོས་སྐུར་ཀུན་བཟང་། ལོངས་སྐུ་རྡོར་སེམས། སྤྲུལ་སྐུ་དགའ་རབ། སྡུད་པོ་འཇམ་དཔལ་བཤེས་གཉེན་དང་བཞི། སྤྱི་ཁྱབ་བླ་མ་སྐུ་བཞིའི་ངོ་བོ་སྟེ། ཤྲཱི་སིདྷ་དང་། བོད་ཀྱི་བླ་མ་དང་བཅས་པ་ལ། བརྒྱུད་པ་ཀུན་གྱི་ངོ་བོར་བུམ་པ་ཨ་དཀར་མཚན་པ་ཞིག་བཞུགས་གནས་སུ་བྱ། སྐུ་འདྲ་ཙཀླི་དང་ཐུགས་གསང་མཚན་དང་གདུང་རིང་བསྲེལ་དབུ་སྐྲ་ན་བཟའ་སོགས་དགོད། བུམ་རྫས་བླུག་ལ་ཀུན་བཟང་ཡབ་ཡུམ་སྦྱོར་བའི་བྱང་སེམས་སུ་བསམ། རྒྱས་པར་སྤྲོ་ན། པད་སྐོར་གྱི་མཐའ་མར་སྙིང་དཀར་དམར་གྱི་ཤུན་པ་རྩ་བ་ཤར། རྩེ་མོ་ནུབ་ཏུ་བསྟན་པ་དང་། སྟེང་དུ་རྩ་རིས་དང་རྩེ་མོ་པད་གདན་ཉི་མ་དང་ཨ་ལ་རེག་པར་བྱའོ། །གློ་འབུར་རིགས་བཞི། གྲུ་ཆད་ནང་སེམས། ཁྱམས་ཕྱི་སེམས། རྡོར་སེམས་ཡབ་ཡུམ་ཐུབ་དྲུག་སྒོ་བ་དང་བཅས་པ། མུ་ཁྱུད་ནང་གཞལ་རིས། ཕྱི་འོད་སྐོར། ཞིང་ཁམས་རྟ་བབས་པདྨ་རྡོ་ར་མེ་རི་སོགས་བྱའོ། །དེ་ནས་ཡི་དམ་གང་བྱེད་ཀྱང་ཞི་བ་བྱ་ཞེས་གསུངས་པ་རྣམས་གྲུབ། དེ་ནས་ལས་གཞུང་ཀུན་བཟང་དོན་གྱི་ཕྲིན་ལས་བྱ་བ་ནི་དོན་གྱི་གསལ་འདེབས་ཙམ་ཡིན་པས་ཚིག་དོན་བཞིན་དགོངས་པ་གསལ་གདབ་པར་མཛོད། ཅེས་མཚམས་སྦྱར་ལ། རྩ་བར། བྱ་རྩོལ་མེད་པའི་དོན་མཚམས་གཅོད་ལ། ཧཱུཾ། མི་རྟོག་ཡེ་ཤེས་བགེགས་བསལ་ནས། །འདི་ལ་གང་ཞིག་འགལ་བྱེད་པ། །འཇིགས་པ་ཐམས་ཅད་དེ་ལས་སྤོངས། །སྔགས་འཆང་རྣམས་ཀྱིས་སྤོང་བར་འགྱུར། །བཛྲ་ཛྭ་ལ་རཾ། བཤགས་པའི་དོན། གཞི་ཉིད་མ་བཅོས་ལྷུན་གྱིས་གྲུབ་པ་ལ། །དགག་སྒྲུབ་གཉིས་སུ་བལྟ་བ་ཐང་རེ་ཆད། །བཟང་ངན་གཉིས་སུ་འཛིན་པ་ཉོན་རེ་མོངས། །མ་བཅོས་བྱང་ཆུབ་ངང་དུ་བཤགས་པར་བགྱིའོ། །ལྟ་བའི་རང་བཞིན་བཟའ་གཏད་མེད་པ་ལ། །བཟའ་གཏད་གཉིས་སུ་ལྟ་བ་ཐང་རེ་ཆད། །ཡུལ་སེམས་གཉིས་སུ་འཛིན་པ་ཉོན་རེ་མོངས། །རང་ས་བྱང་སེམས་ཀློང་དུ་བཤགས་པར་བགྱིའོ། །སྒོམ་པ་ཅོག་བཞག་དམིགས་གཏད་མེད་པ་ལ། །དམིགས་གཏད་གཉིས་སུ་ལྟ་བ་ཐད་རེ་ཆད། །བཞག་འཇོག་གཉིས་སུ་འཛིན་པ་ཉོན་རེ་མོངས། །ཅོག་བཞག་བྱང་སེམས་ཀློང་དུ་བཤགས་པར་བགྱི། །སྤྱོད་པ་འཛིན་མེད་བླང་དོར་མེད་པ་ལ། །བླང་དོར་གཉིས་སུ་ལྟ་བ་ཐང་རེ་ཆད། །གཙང་རྨེ་གཉིས་སུ་འཛིན་པ་ཉོན་རེ་མོངས། །ལྷུག་པ་བྱང་སེམས་ཀློག་དུ་བཤགས་པར་བགྱི། །དམ་ཚིག་བསྲུང་མེད་འདའ་ཉམས་མེད་པ་ལ། །འདའ་ཉམས་གཉིས་སུ་འཛིན་པ་ཐང་རེ་ཆད། །བཤགས་གསོལ་གཉིས་སུ་བལྟ་བ་ཉོན་རེ་མོངས། །སྲུང་མེད་བྱང་སེམས་ཀློང་དུ་བཤགས་པར་བགྱི། །ས་ལམ་བགྲོད་མེད་རྩོལ་སྒྲུབ་འདས་པ་ལ། །རྩོལ་སྒྲུབ་གཉིས་སུ་འཛིན་པ་ཐང་རེ་ཆད། །བགྲོད་ཐོབ་གཉིས་སུ་བལྟ་བ་ཉོན་རེ་མོངས། །བགྲོད་བྱེད་བྱང་ཆུབ་ཀློང་དུ་བཤགས་པར་བགྱིའོ། །འབྲས་བུ་ཇི་བཞིན་ཡེ་སངས་རྒྱས་པ་ལ། །སྤངས་ཐོབ་གཉིས་སུ་ལྟ་བ་ཐང་རེ་ཆད། །རྒྱུ་འབྲས་གཉིས་སུ་འཛིན་པ་ཉོན་རེ་མོངས། །ལྷུན་གནས་བྱང་སེམས་ཀློང་དུ་བཤགས་པར་བགྱི། །མཆོད་གཏོར་ཕུད་རྣམས་བྱིན་གྱིས་བརླབ་པ་ནི། །རཾ་ཡཾ་ཁཾ། ༀ་ཨཱཿཧཱུཾ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཧཱུཾ། མ་ཧཱ་བ་ལིནྟ་ཧཱུཾ། མ་ཧཱ་རཀྟ་བྷྲཱུཾ་སྭཱ་ཧཱ། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་རཏྣ་མཎྜ་ལ་བྷྲཱུཾ། པཾ་པདྨ་མཎྜ་ལ། མ་སཱུརྻ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། ཏྲཾ་རཏྣ་མཎྜ་ལ། སིདྷ་རཱ་ཛ་ནན་ཏི་ར་བཾ། རྟེན་གཞལ་ཡས་ཁང་བསྐྱེད་པ་གསལ་གདབ་པ་ནི། ཧཱུཾ། རྨད་བྱུང་བྱང་ཆུབ་སེམས་ཀྱི་གནས། །གཞལ་མེད་ཁང་ཆེན་མཛེས་པ་དེ་དག་ནི། །མེ་དང་འདྲ་བ་འོད་གསལ་ཞིང་། །རིན་ཆེན་ལས་བྱས་ཤིན་ཏུ་སྣང་། །ཉི་མ་ཟླ་བའི་གདན་དང་འོད། །ཞིང་རྣམས་གདན་ཆེན་གསོལ་བ་དང་། །རང་གི་སྙིང་པོར་རང་བྱས་ལ། །བསམ་ཡས་ལྷུན་གྱིས་གྲུབ་པའི་སྐུ། །སངས་རྒྱས་མི་སྒོམ་བདག་ཉིད་སྒོམ། །རང་གི་ལྷར་ནི་ཀུན་བཟང་སྒོམ། །དུས་གསུམ་བཞུགས་པའི་སངས་རྒྱས་དང་། །རྡོ་རྗེ་འཆང་གི་རྣལ་འབྱོར་དང་། །དཔལ་ཆེན་ཁྲག་འཐུང་མ་མོའི་ཚོགས། །གཞན་ཡང་རྣམ་པ་མང་པོའི་ཚོགས། །ལྷ་དང་ལྷ་མིན་རླུང་ལྷ་དང་། །གཤིན་རྗེ་ཀླུ་དང་ལྷ་རྣམས་དང་། །གནོད་སྦྱིན་སྲིན་པོ་འབྱུང་པོའི་ཚོགས། །དབང་མེད་དང་བས་འདུས་པ་དང་། །ལྷ་ཡི་ཚོགས་ཀྱིས་གང་བ་རྣམས། །རྣལ་འབྱོར་རང་རིག་ཆེན་པོ་ཡིས། །གསང་བའི་གནས་རྣམས་གཅིག་ཏུ་སྒོམ། །ཡེ་ཤེས་རང་བྱུང་བྱང་ཆུབ་སེམས། །སངས་རྒྱས་ཐམས་ཅད་བདག་གིས་བྱས། །ཡེ་ཤེས་ལྷ་རྣམས་རང་ལ་བྱུང་། །འདི་ནི་རྨད་དུ་བྱུང་བའི་སྐུ། །གསང་བའི་དཀྱིལ་འཁོར་དམ་པ་ཡིན། །མི་གཡོ་བ་ནི་སྐུ་ཡི་རྒྱ། །མི་བསྐྱོད་པ་ནི་ཡེ་ཤེས་ཆེ། །མི་ལེན་པ་ནི་བདག་མེད་ཅིང་། །མིང་འདིར་ཚིག་བྲལ་མཉམ་ཉིད་དོ། །སྙན་གསན་འདྲེན་གྱི་དོན་གསལ་གདབ་པ་ནི། བདེ་གཤེགས་སྙིང་པོར་འགྲོ་ཀུན་ཡོངས་ལ་ཁྱབ། །སེམས་ནི་རྒྱ་ཆེན་མཆོག་ཏུ་རབ་བསྐྱེད་དེ། །འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུ། །འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ། །དུས་ལ་མི་འདའ་ཐུགས་རྗེའི་དབང་གི་ན། །སེམས་ཅན་དོན་ལ་དགོངས་པའི་དཀོན་མཆོག་གསུམ། །ཡིད་ཀྱིས་དམིགས་ཤིང་སྤྲུལ་པའི་གནས་འདི་རུ། །རྒྱལ་བ་འཁོར་བཅས་སྤྱན་འདྲེན་གཤེགས་སུ་གསོལ། །སངས་རྒྱས་མི་གཤེགས་བདག་ཉིད་གཤེགས། །ལྷ་ཡང་གཞན་ནས་འབོད་མི་དགོས། །བྱ་བ་མེད་པས་ལས་རྣམས་ཟིན། །ཨེ་ཧྱེ་ཧི་ཀ་རུ་ནྲཱི་ཀ་དྲཱྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཛཿཛཿ བུདྡྷ་སཏྭ་ཨ་ཏི་ཡོ་ག་ས་མ་ཡ་སྟྭཾ། ཛཿཧཱུཾ་བཾ་ཧོཿ ཏིཥྛ་བཛྲ། ཕྱག་གི་དོན་གསལ་འདེབས་ནི། གང་ལ་སངས་རྒྱས་མཛད་པ་ཡི། །དོན་དེ་ལ་ཡང་ཕྱག་འཚལ་ལོ། །གང་གི་དོན་དུ་མཛད་པ་ཡི། །དོན་མཛད་དེ་ལའང་ཕྱག་འཚལ་ལོ། །ཕྱག་རྒྱ་གར་མཆོད་ཀྱི་དོན་ནི། ཕྱག་རྒྱ་མི་བསྐྱོད་ཡན་ལག་བསྐྱོད། །རང་བྱུང་མཆོག་གི་ཕྱག་རྒྱའོ། །རྣམ་པར་གྲོལ་བའི་ཕུང་པོ་ལྔས་མཆོད་པར་བྱའོ། །སྨན་མཆོད་ཀྱི་དོན་ནི། །བདག་ལས་བྱུང་བའི་ཁུ་བ་ཡིས། །བདག་གི་ལུས་ལ་རབ་བརྒྱན་ཏེ། །དངོས་གྲུབ་མཆོག་རྣམས་བདག་ལས་བྱུང་། །སྨན་མཆོག་ནད་སེལ་བདེར་འཚོ་བ། །དུས་གསུམ་སྨན་མཆོག་བྱང་ཆུབ་སེམས། །འཇིག་རྟེན་སྨན་མཆོག་འདི་ཡིན་ནོ། །ལྷུན་གྱིས་གནས་པས་མི་བསྔོ་ཞིང་། །གདོད་ནས་དག་པའི་བདུད་རྩི་ཡིན། །བུདྡྷ་བ་ཌ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། དུས་གསུམ་བཞུགས་པའི་སངས་རྒྱས་མན་ཆད་སྡོམས་ཚིག་ཏུ་བྱའོ། །གཞན་འགྲེའོ། །གཏོར་མའི་མཆོད་པའི་དོན་ནི། མཆོད་པ་གཞན་ལ་མི་མཆོད་དོ། །བདག་ཉིད་ཀུན་གྱི་ལྷ་ཡིན་པས། །ཀུན་གྱི་མཆོད་པ་བདག་ལ་མཆོད། །ཀུན་སྤྱོད་ཡོན་ཏན་རྣམས་ལྔ་ཡང་། །ཆོས་ཉིད་དག་པའི་རྒྱན་དུ་གསུངས། །མི་བཟུང་གཏོར་བས་གཏོར་མ་ཡིན། །བུདྡྷ་སཏྭ་མ་ཧཱ་བ་ལིནྟ་ཁཱ་ཧི། བུདྡྷ་སཏྭ་མ་ཧཱ་རཀྟ་ཀཱ་ཧི། སྨོན་ལམ་གྱི་དོན་ནི། གང་གི་དོན་དུ་བྱས་པའི་དོན། །དེ་དག་བདག་ལ་གྲུབ་གྱུར་ཅིག །གཞན་ཡས་མེ་འོད་འབར་བ་ལྟར། །དོན་དེ་བདག་གིས་རིག་གྱུར་ཅིག །སངས་རྒྱས་ཀུན་དང་མཉམ་པ་ཡི། །སངས་རྒྱས་ཀུན་སངས་རྒྱས་གྱུར་ཅིག །འཛབ་བསྙེན་གྱི་དོན་གསལ་གདབ་པ་ནི། སྙིང་པོ་མི་བརྗོད་བདག་ཉིད་བརྗོད། །རང་གི་སྙིང་པོ་རང་སྔགས་ཀྱིས། །གྲུབ་པའི་སྙིང་པོ་ཆུད་མི་ཟ། །འཛབ་དང་བསྙེན་པ་འབུལ་མི་དགོས། །དངོས་གྲུབ་གཞན་ནས་མི་སློང་སྟེ། །མི་གསུམ་མཉམ་གཞག་སྔགས་ཚིག་གོ། །ༀ་བུདྡྷ་ཝ་ཌ་མ་ཧཱ་ཨ་ཏི་ཡོ་ག་ས་མ་ཡ་སྟྭཾ། ཤ་པ་རུ་བ་ཨ་ཧོཿ སུ་ཀ་དེ་བ་ཤི་ཤི། བསྟོད་པའི་དོན་དང་པོ་ཆོས་སྐུའི་དོན་ནི། སངས་རྒྱས་ཀུན་བས་སྔར་སངས་རྒྱས། །མི་ཤེས་དྲི་མ་ཡེ་ནས་མེད། །དཔལ་གྱི་རྣམ་རྒྱལ་དེ་བཞིན་དུ། །ལོངས་སྤྱོད་དབང་ཕྱུག་དཔལ་དང་མཉམ། །རྡོ་རྗེ་ཉི་མ་གཟི་བརྗིད་དང་། ལོངས་སྐུ་ལ་བསྟོད་པའི་དོན། །འོད་སྟུག་ཤིན་ཏུ་འབར་བ་ཡི། །བཞད་ཅིང་དམ་དུ་མཛད་པ་ཡི། །དགའ་མགུ་རངས་པ་རྣམས་སུ་འགྱུར། །པདྨ་བཞད་པའི་ཆོས་ཀུན་གྱིས། །སྤྲུལ་སྐུ་ལ་བསྟོད་པའི་དོན། རྟགས་མཛད་སངས་རྒྱས་ཐམས་ཅད་ཀྱང་། །བྱང་ཆུབ་སེམས་འདི་བརྙེས་གྱུར་ནས། །སྐད་ཅིག་གཅིག་ལ་རྟོགས་གྱུར་ཏེ། །སྙིང་པོ་བྱང་ཆུབ་ཉིད་དུ་གྱུར། །རྡོ་རྗེ་གདན་ལ་ཡང་སངས་རྒྱས། །ངོ་བོ་ཉིད་ཀྱི་བསྟོད་པའི་དོན། སྐུ་མེད་ཆོས་ཀྱི་སྐུ་ཡིས་སྟོང་གསུམ་ཟིལ་གྱིས་གནོན། །གསུང་མེད་རིག་པའི་གསུང་གིས་བསྟན་པ་རྒྱས་པར་སྒྲོགས། །རྟོག་མེད་ཡེ་ཤེས་ཐུགས་ཀྱིས་ཅིར་ཡང་ས་ལེ་མཁྱེེན། །སྟོན་པ་ཀུན་ཏུ་བཟང་ལ་ཕྱག་འཚལ་བསྟོད། །ཕྲིན་ལས་ཀྱི་དོན། ཆོས་ཀྱི་དབྱིངས་ནི་ནམ་མཁའི་མཐའ་དང་མཉམ། །བྱང་ཆུབ་བརྙེས་དཀའ་རང་ལ་ཡོད་བཞིན་དུ། །གསང་བའི་སྙིང་པོ་གང་ལ་གནས་པ་ན། །དམ་ཅན་རྒྱ་མཚོ་རྣམས་ཀྱང་དེ་ན་གནས། །ཐུགས་རྗེ་རྒྱ་མཚོ་ཡོན་ཏན་ཀུན་ལ་ཁྱབ། །ལྷ་དང་ཀླུ་ཡང་བདེན་པའི་བཀའ་ཉན་ཏེ། །ཚོགས་ཀྱི་རྒྱན་རྣམས་བཀྲམ་པ་ཡང་། །མཉམ་པས་རིམ་པའི་བཀོད་པ་མེད། །བསྔོ་བའི་དོན། གཅིག་པས་ཕྱོགས་སུ་བསྔོ་དང་བྲལ། །ཚོགས་མཆོད་ཀྱི་དོན། ཚོགས་ཀྱི་རྒྱན་རྣམས་བཀྲམ་པ་ཡང་། །རང་བཞིན་གནས་པས་དབྲི་བ་མེད། །ཡིད་ཀྱིས་བཤམས་པའི་ཡོན་བདག་སྟེ། །བལྟས་པས་སྟོབས་ནི་བཀྲམ་པའོ། །ཚོགས་དང་པོའི་དོན། ཧཱུཾ། རྣམ་པར་རྟོག་མེད་དུས་གསུམ་རྒྱལ་བའི་ཐུགས། །ཉོན་མོངས་ཞེན་པའི་དབང་གིས་རང་འཐས་ཀྱང་། །དོན་རྟོགས་གསལ་བའི་སྐྱེས་བུ་གཉིས་སུ་མེད། །ཆོས་ཉིད་ལྷམ་མེ་ལྷང་ངེས་གསང་བའོ། །བར་པ་བཤགས་པའི་དོན། ཆོས་ཉིད་མཉམ་པའི་ངང་དུ་ཐམས་ཅད་གཅིག། །བདེ་ཆེན་རྒྱལ་པོ་ལྷུན་གྲུབ་ལ། །ལྷུན་གྲུབ་མཐར་ཕྱིན་མཆོད་པར་བཞེས། །བུདྡྷ་བ་ཎ་ཁཱ་ནི་སོགས་འགྲེ། ལྷག་མའི་དོན། ལྷག་མ་མེད་པར་ཡོངས་སུ་རྫོགས། །འགྱུར་བ་མ་ཡིན་དྲང་པོར་གནས། །དཀྱིལ་འཁོར་བསྡུ་བའི་དོན། ནམ་མཁའ་བཞིན་དུ་མཐའ་མཉམ་ཞིང་། །གཞན་ལ་ལྟོས་འགྱུར་ཆོས་མ་ཡིན། །བླ་མ་མཆོད་དང་བསྟོད་པ་དང་། །དེ་བཞིན་བསོད་ནམས་ཐམས་ཅད་དང་། །མ་ཆགས་མི་གཡོའི་སྟོབས་མེད་ན། །བྱས་ན་འཆིང་བ་ཆེན་པོར་འགྱུར། །ཞེས་ཀུན་བཟང་དོན་གྱི་ཕྲིན་ལས་ཀྱི་དགོངས་པ་གསལ་བཏབ་ལ། ཆོས་སྐྱོང་རིག་འཛིན་མཁའ་འགྲོ་གཞི་བདག་བསྐང་། དད་བརྩོན་གུས་འདུད་བསྐྱེད་ལ་བླ་མ་ལ་གསོལ་བ་དྲག་ཏུ་གདབ། རྟོགས་པ་སྐྱེ་བའི་སླད་དུ་སྒྲིབ་སྦྱོང་ཡིག་བརྒྱ་ཚོགས་བསོག་མཎྜལ་བྱ། ཞེས་གསུངས་པ་གོང་དུ་གྲུབ། །སྟ་གོན་རབ་གནས་མཇུག་ཆོག་བྱས་ཀྱང་བཟང་། མ་བྱས་ཀྱང་ཆོག་སྟེ་སྔོན་འགྲོའོ། །དངོས་གཞི་ལ་དབང་བསྐུར། །སེམས་བཟུང་། ངོ་སྤྲོད། ལ་བཟླ་བ་བཞིའོ། །དེ་ལ་དང་པོ་ལྟ་བ་རབ་འབྱམས་ཀྱི་དབང་བསྐུར་བ་ནི། དེ་ལ་རྣལ་འབྱོོར་མན་ངག་ངེས་པའི་དོན་ལ་མཁས་ཤིང་ཡེ་ཤེས་ལྷུན་གྱིས་གྲུབ་པའི་རང་བཞིན་དུ་གྱུར་ཅིང་རིག་པའི་རྒྱལ་པོ་རང་བྱུང་དུ་གྱུར་པ་ལ་དབང་བསྐུར་མི་དགོས། མ་བསྐུར་ཡང་རྫོགས་ཏེ། དེ་ཅིའི་ཕྱིར་ཞེ་ན། ལྷ་ཡི་རྒྱལ་པོས་གསེར་འགྱུར་ནི། གསེར་དུ་མ་བཏགས་ཀྱང་གསེར་དུ་སྣང་ལ། གསེར་སྲང་གཅིག་གིས་ཟངས་སྲང་རང་བརྒྱ་གསེར་དུ་འགྱུར་བ་བཞིན། བདག་ཉིད་ཆེན་པོ་བྱང་ཆུབ་ཀྱི་དབང་དུ་གྱུར་ན། དབང་མ་བསྐུར་ཡང་ཡེ་ནས་བྱང་ཆུབ་ཀྱི་སངས་རྒྱས་སུ་དབང་བསྐུར་ཞིང་ཆོས་ཐམས་ཅད་ཡེ་ནས་ལྷུན་གྱིས་གྲུབ་པར་རྒྱུ་འབྲས་ཀྱི་ཆོས་ཐམས་ཅད་དབྱེར་མེད་ལ་སངས་རྒྱས་སེམས་ཅན་གཉིས་སུ་མེད་པ་ནི་དབང་བསྐུར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་ཇི་ལྟར་འདོད་པ་འབྱུང་བ་དང་འདྲ་བར་ཡེ་ནས་ཡངས་པ་ཆེན་པོའི་ཀློང་ལས་གང་ཡང་མི་རྟོག་ཅིང་ཀུན་ཏུ་བཟང་པོ་ལ་ཅིར་ཡང་མི་རྟོག་པས་ལྟ་བ་ཡེ་འབྱམས་ཀྱི་དབང་བསྐུར་བ་ནི། བླ་མས་ཚིག་རྣམས་སྙན་ཞིང་དལ་བར་བརྗོད་ཅིང་སློབ་མས་མ་ཡེངས་པར་ཉན་ལ་དོན་གསལ་གདབ་བོ། །རྩ་བར། ཆོས་རྣམས་ཐམས་ཅད་ནམ་མཁའི་ཁམས། །དངོས་པོ་མཚན་མ་ཀུན་ལས་འདས། །དེ་ལ་མཁས་པས་བཅོས་སུ་མེད། །དེ་བཞིན་སེམས་ཀྱི་རྣམ་པ་ཀུན། །དེ་བཞིན་ཉིད་དེ་བཅོས་ལས་འདས། །འདི་ལྟར་ཡེ་ནས་ཡིན་རྟོགས་ན། །དབང་རྣམས་བསྐུར་ཡང་ག་ལ་དགོས། །སྟོང་གསུམ་མ་བཅོས་ཆོས་ཉིད་ཀློང་། །སྲིད་གསུམ་ཡེ་ནས་རྣམ་པར་དག །ཁམས་གསུམ་ཕྱག་རྒྱའི་དཀྱིལ་འཁོར་རྫོགས། །དུས་གསུམ་བདུད་རྩི་བྱང་ཆུབ་སེམས། །ལུས་ངག་ཡིད་གསུམ་ཡེ་ཤེས་ལྷ། །ཐམས་ཅད་སྐྱོན་མེད་ཡོན་ཏན་སྣང་། །བདེ་བ་ཆེ་ལས་གཞན་མེད་པས། །ཆོས་རྣམས་ཐམས་ཅད་མ་བསྐུར་རྫོགས། །སངས་རྒྱས་སེམས་ཅན་ཐམས་ཅད་ཀྱང་། །རྒྱུ་དང་འབྲས་བུ་ལ་སོགས་པ། །གཉིས་སུ་མེད་པར་ཡེ་ཤེས་པས། །བྱང་ཆུབ་སེམས་སུ་དབང་བསྐུར་ཡིན། །མིང་དང་ཚིག་དང་ཡེ་ཤེས་དང་། །ཐེག་པའི་བྱེ་བྲག་ཐམས་ཅད་དང་། །དོན་དམ་གཅིག་ཏུ་སུས་ཤེས་པ། །བྱང་ཆུབ་སེམས་ཀྱི་དབང་ཐོབ་ཡིན། །བསྐལ་པ་བགྲང་ཡས་གྲངས་མེད་པར། །དེ་སྙེད་བྱེ་བ་གཅིག་འདས་ཀྱང་། །དུས་གསུམ་འགྱུར་བ་མེད་ཤེས་ན། །བྱང་ཆུབ་སེམས་ཀྱི་དབང་ཐོབ་ཡིན། །ལས་དང་ལས་ཆེན་ལ་སོགས་པའོ། །རྩོལ་ཕོད་བྱ་བ་ཅི་བྱས་ཀྱང་། །བྱང་ཆུབ་དོན་ལ་རྩོལ་མེད་པས། །སངས་རྒྱས་རྣམས་ཀྱིས་མ་བཙལ་བཤད། །ཉོན་མོངས་ལས་དང་སྡུག་བསྔལ་དང་། །དངོས་འཛིན་རྟོག་མཚོན་ཐམས་ཅད་ཀྱང་། །པདྨ་ཆུས་མི་གོས་པ་བཞིན། །བྱང་ཆུབ་སེམས་ལ་གོས་པ་མེད། །དབང་དང་དམ་ཚིག་དེ་དག་ཀྱང་། །དེ་བཞིན་ཕྲིན་ལས་བྱ་བ་ཀུན། །བྱས་ན་སྐྱོན་མེད་ལེགས་པའི་ལམ། །མ་བྱས་ན་ཡང་བྱང་ཆུབ་སེམས། །ཕྱི་ཉིད་ནང་ལ་ནང་ཉིད་ཕྱི། །སྣང་བ་ཐམས་ཅད་རང་རིག་ཤར། །བརྗོད་པའི་ཚིག་དང་ཡེ་ཤེས་མེད། །སྐྱེ་ཤི་འཕོ་འགྱུར་སྟོན་མེད་པ། །དེ་བཞིན་མ་བཅོས་བྱང་ཆུབ་སེམས། །མ་བཙལ་བཞག་པས་གདོད་ནས་དག །འགྱུར་བ་མེད་པར་ལྷུན་གྱིས་གྲུབ། །འདི་ནི་ལྟ་བ་ཡེ་འབྱམས་དབང་། །ཞེས་བརྗོད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱི་དབང་རྣམ་པར་སྣང་མཛད་ཐིག་ལེ་དབང་གི་ལེའུ་ལས། དེ་ནས་དམ་ཚིག་ཉམས་པ་མེད་པའི་དབང་ནི། ཐམས་ཅད་རང་གི་སེམས་ཡིན་པར་ཤེས་ཤིང་ཡེ་ནས་ཀུན་ཏུ་བཟང་པོར་སངས་རྒྱས་པ་ལ་ཕྱོགས་རིས་དང་ཆེ་ཆུང་སྒྲོ་སྐུར་མེད་པར་ལུང་བསྟན་པར་རྟོགས་པས་དམ་ཚིག་ལ་ཉམས་པ་མེད་པས་དབང་ཡང་མ་ཐོབ་པ་མེད། སྤྱོད་པ་མ་སྤངས་ལྷུན་གྱིས་གྲུབ་པའི་དབང་ནི། ཅི་བྱས་ཅི་སྤྱད་འགྲེལ་ལོག་སྤྱི་ཚུགས་གང་བྱས་ཀྱང་སྙིང་པོ་བྱང་ཆུབ་ལས་མ་རྟོགས་པས་གང་དུ་ཡང་འགྱུར་བ་མེད་པས། ནམ་མཁའ་མཚོན་གྱིས་མི་ཞེན་པ་བཞིན་དུ། སྤྱོད་པ་ཅི་སྤྱད་པ་ཐམས་ཅད་ཀྱི་མཛད་སྤྱོད་ལྷུན་གྱིས་གྲུབ་ལ་དབང་ཡང་ཐོབ་པའོ། །གྲུབ་པ་མཐར་ཕྱིན་པ་དབང་ནི་སྐྱོན་དང་ཡོན་ཏན་བདེ་བ་དང་སྡུག་བསྔལ་གཉིས་མེད། གཅིག་གི་རྒྱན་དུ་གཅིག་གྱུར་ཏེ་ཅི་བྱས་པ་ཆུད་མི་ཟ་བར་འཁོར་བ་ཉིད་མྱ་ངན་ལས་འདས་པར་ལྷུན་གྱིས་གྲུབ་པར་ཐེ་ཚོམ་མེད་ཡིད་ཆེས་པས་གྲུབ་པ་མཐར་ཕྱིན་གྱི་དབང་ཡོངས་སུ་རྫོགས་པར་ཐོབ་པའོ། །ཕྲིན་ལས་བྱ་རྩོལ་མེད་པའི་དབང་ནི་ཡེ་གདོད་མ་ནས་སངས་རྒྱས་མིན་ན་སོལ་བ་དང་འདྲ་སྟེ། ཡེ་ནས་སངས་རྒྱས་ཡིན་པས་གསེར་དང་འདྲ་ལ། ཡིན་པའི་དོན་མ་ཡེངས་ན་སེམས་ཉིད་སངས་རྒྱས་ཡིན་པས་གནས་ལུགས་དེའི་ངང་ལས་མ་གཡོས་ན་སེམས་ལ་མཐའ་དབུས། སྐྱེ་འཆི། འཕོ་འགྱུར་མེད་པས་དེའི་ངང་ལས་མ་ཡེངས་པ་དེ་ལ་འཛིན་རྟོག་ཐམས་ཅད་ཀྱང་སྐྱེ་མེད་ཀྱི་ཀློང་དུ་ཤེས་པས་འཁོར་བ་ཡང་མ་གྲུབ། སྡུག་བསྔལ་ཡང་སྟོངས། ཡོན་ཏན་ཡང་རྫོགས་པས་གཤིས་ཐོག་ལས་མ་ཡེངས་ཤིག །དེས་ན་ཕྲིན་ལས་བཙལ་དུ་ཡང་མེད་པས་སྤངས་ཐོབ་བོ། །དེ་ཡང་། དབང་ནི་སངས་རྒྱས་ཀྱི་དབང་། ཡོད་ནི་རང་གི་སེམས་ལ་ཡོད། ཐོབ་ནི་བླ་མ་ལས་ཐོབ། མཐར་ནི་མ་ཡེངས་ན་ཕྱིན། གྲུབ་ནི་མ་བཅོས་ན་གྲུབ། དགོངས་པ་ཉག་གཅིག་ཏུ་གཏུགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱི་དབང་ངོ་། །དེ་ནས་དབང་དེ་ཆགས་པའི་རྟེན་དུ་ཨ་ཏི་ཡོ་ག་ངང་སྒོམ་ཆེན་པོ་གསལ་གདབ་པའི་ཕྱིར། ཞེས་གསུངས་པའི་དོན་སྔ་མ་བཞིན་དུ་ངང་སྒོམ་གྱི་དམིགས་ཁྲིད་བསྟན་པ་ལ་ལྟ་བ་དེ་རྣམས་རྒྱུད་ལ་གོམས་འདྲིས་བྱ་བའི་ཕྱིར་བསྒོམ་ཁྲིད་སྐྱོང་ཚུལ་ནི། རྩ་བར། གཉིས་པ་སེམས་བཟུང་བ་ནི། དེའང་སྙིང་གི་དཀྱིལ་དུ་ཐིག་ལེ་དཀར་པོ་སྒོ་ང་ཙམ་ཞིག་སྒོམ། ཕྱོགས་བཞིར་དེ་འདྲ་བ་རེ་རེ། དེ་ནས་འོད་དེ་སྤྱི་གཙུག་ཚངས་པའི་བུ་ག་ནས་ཡར་སྐར་མདའ་ལྟར་ཐོན། ཐིག་ལེ་གཅིག་ལས་ཐིག་ཕྲན་བསམ་གྱིས་མི་ཁྱབ་པ་འཕྲོས། ཇེ་ཆེ་ཇེ་མང་ལ་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁེངས། ཐིག་ཕྲན་ཐམས་ཅད་ཚུར་འདུས་ཐིག་ལེ་བཞི་པོ་ལ་ཐིམ། ཐིག་ཕྲན་དང་པོ་བཞི་པོ་གཉིས་སུ་མེད་པར་བསྲེས། བདེ་བ་ཆེན་པོའི་ངང་ལ་བཞག །དེའང་ཡིད་ཀྱིས་མ་བསླད་པ། གསལ་ལ་མི་རྟོག་པ་དེ་ཡེ་ཤེས་ཡིན་ནོ། །དེ་རྒྱུན་བསྐྱང་བའི་ཕྱིར་ལུས་ཕྱི་བསྡམས་ཁོང་གློད་མ་ཡེངས་ཙམ་གསལ་འདེབས་པའོ། །དེའང་དཔེ་སྒེག་མོ་མེ་ལོང་བལྟ་བ་བཞིན། ཡང་བལྟ་ཡང་བལྟ་སེམས་ལ་བལྟ། །སྤང་ལ་གཡག་མོ་སྐྱོང་བ་བཞིན། །ཡང་སྐྱོང་ཡང་སྐྱོང་སེམས་ལ་སྐྱོང་། །བྱིས་པ་རྒོད་ཚང་མྱུལ་བ་བཞིན། །ཡང་མྱུལ་ཡང་མྱུལ་སེམས་ལ་མྱུལ། །ཞེས་ཏེ་གདམས་ངག་གཡུ་ཐང་ལས་ཀྱང་། རིག་པ་རྩལ་གྱི་དབང་བསྐུར་མན་ངག་རིན་པོ་ཆེ་གསེར་གླིང་དུ་ཕྱིན་པ་ལྟ་བུ་སྣང་སྲིད་ཆོས་སྐུར་མཐོང་བ་སྟེ། ཉོན་མོངས་པ་སླང་གིན་ལྟ། འཇིག་པ་དང་། མི་གཙང་བ་དང་། ཡུལ་བཟང་ངན། འགལ་རྐྱེན་ཐམས་ཅད་ལ་སེམས་ཡེངས་སུ་གཅུག་གིན་བལྟའོ། །ཞེས་གསུངས་པའི་དོན། དེ་ལྟར་གདམས་ངག་གི་རྒྱུན་བསྐྱངས་ཏེ་ཉམས་སུ་བླང་བ་ཤིན་ཏུ་གནད་ཆེ་བས་ཐོག་མར་བླ་མའི་དྲུང་དུ་སྨིན་གྲོལ་མཐར་ཕྱིན་པར་ཉན་ཏེ་སྤྲོས་པ་བཅད་ལ། ཇི་སྲིད་བརྟན་པ་མ་ཐོབ་ཀྱི་བར་དུ་ཉམས་ལེན་དང་མི་འབྲལ་བར་བྱ་དགོས་པས་སྙིང་གི་དཔལ་བེའུར་ཆོངས་ཤིག །ཅེས་ཁོ་བོས་གདམས་སོ། །རྩ་བར། དེ་ཡང་གཉིས་མེད་རང་ཤར་དེ་ལྟ་བ། དེའི་ངང་ལ་གནས་པ་དེ་སྒོམ་པ། དེ་དང་མི་འབྲལ་བ་དེ་སྤྱོད་པ། དེ་ལས་མི་འདའ་བ་དམ་ཚིག་གོ། །དེ་ལ་ཅེར་ཅེར་བལྟ། ངུར་ངུར་དྲན་པར་བྱ་མི་དགོས་པ་དེ་གནད། མཚན་འཛིན་འབད་རྩོལ་རང་སར་གྲོལ་བ་སྲོག་གོ། །དེ་ཡང་། སྣང་བ་ཉིད་ན་ངོ་བོ་མེད། །དེ་ཉིད་ཆོས་སྐུ་ཆེན་པོ་ཡིན། །ཅེས་སོ། །གོལ་བའི་འཕྲང་ནི། དོན་རང་གི་མཚན་ཉིད་མ་རྟོགས་པར་ཚིག་ཕྱིར་འབྲེངས་ན་སྤྱི་ཚན་དུ་ཤོར་ནས་རྡོལ་ཆོས་གོ་ཡུལ་དུ་ལུས་ཉེན་ཡོད་དོ། །གསུམ་པ་ངོ་སྤྲད་པ་ནི། དཔེ་དོན་ཕྱི་ནང་གི་དཀྱིལ་འཁོར་ལ། །རང་གི་སེམས་ཉིད་བླ་མ་ཀུན་བཟང་ཡབ་ཡུམ་དེ་ཉིད་རིགས་ལྔ་སེམས་དཔའ་བཞི་ཞི་ཁྲོ་ཐུབ་དྲུག །པཎ་ཆེན་ཉི་ཤུ་རྩ་གཅིག་དང་རྩ་བརྒྱུད་བླ་མའི་བར་དུ་གནས་འཁོར་ལོངས་སྤྱོད་དང་བཅས་པའི་རྩལ་དུ་ཤར་བ་ཡིན་ནོ། །དེ་ཡང་གཞི་དོན་གྱི་ཀུན་གཞི་དང་ཡུལ་ཆོས་ཀྱི་དབྱིངས་ནི་ཀུན་བཟང་རྡོར་སེམས་ཡབ་ཡུམ་ཡིན་ཏེ་སྟོང་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ཡང་ཐེག་དམན་ལ་གསང་སྟེ་དཀོན་མཆོག་ཅེས་བསྟན། ཐེག་ཆེན་དུ་གཞི་ལ་སངས་རྒྱས་ཡོད་ཅེས་བསྟན། སྔགས་སུ་ད་ལྟ་སངས་རྒྱས་ཡིན་ཅེས་བསྟན་ཏེ་ཐེག་པའི་ཁྱད་པར་རོ། །སྦྱོར་བ་དོན་གྱི་ཀུན་གཞི་དང་ཡུལ་སྣོད་བཅུད་རྣམ་པར་སྣང་མཛད་ནི་མེ་ལོང་ལྟ་བུའི་ཡེ་ཤེས། ཡིད་ཀྱི་རྣམ་ཤེས་དང་ཡུལ་ཆོས་རིན་ཆེན་འབྱུང་ལྡན་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས། ཉོན་མོངས་པ་ཅན་གྱི་ཡིད་དང་ཡུལ་ང་བདག་འོད་དཔག་མེད་ནི་སོ་སོར་རྟོག་པའི་ཡེ་ཤེས། སྒོ་ལྔའི་རྣམ་ཤེས་དང་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་དྲུག་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །མིག་ཤར་མེ་ལོང་། སྣ་ལྷོ་མཉམ་ཉིད། ལྕེ་ནུབ་སོར་རྟོག །རྣ་བ་བྱང་དོན་གྲུབ། ལུས་སྒོ་བཞི་དབྱིངས་སུ་སྒྲོལ་བའི་ཡེ་ཤེས། ཀུན་གཞི་འདའ་ཀ་ཐུགས་ཀྱི་ཡེ་ཤེས། ཡིད་སྟོང་པ་ཉིད་མི་གནས་ཁྱབ་པའི་ཡེ་ཤེས། ཉོན་ཡིད་ཀློང་དུ་གྱུར་པའི་ཡེ་ཤེས་ཏེ་ཡེ་ཤེས་དེ་དག་ཀྱང་། སྣང་བ་ཆོས་དབྱིངས་ཡེ་ཤེས་དང་། རིག་པ་རང་བྱུང་ཡེ་ཤེས་གཉིས་དབུས་ཀྱི་རྩ་མདུད། དེ་ལ་ཡེ་ཤེས་བཞིའི་རྩ་དེའི་གཡས་གཡོན་ལ་གསུམ་གསུམ། མདུན་རྒྱབ་ལ་རེ་རེ་བརྒྱད་ལ་ཕྱོགས་བཞིར་བཞི་ལྡན་གྱི་དགའ་བ་བཅུ་དྲུག་གི་རྩ་འདབ་ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དང་། ནང་ལུས་ཀྱི་སྙིང་རྩ། གསང་བ་སེམས་ཀྱི་དེ་ཁོ་ན་ཉིད་བླ་མའི་ཐུགས་ཀྱི་དཀྱིལ་འཁོར་ལས་བསྟན་པའོ། །འདི་རྣམས་ཀྱི་དོན་རྒྱས་པ་འོག་ཏུ་སེམས་སྡེའི་དབང་གི་དུས་སུ་འབྱུང་བས་འདིར་ཞིབ་ཏུ་འགྲོལ་མི་དགོས། རྩ་བར། བཞི་པ་ལ་བཟླ་བ་ནི། དམར་ཐག་བཅད་པ་རྡོ་རྗེ་སེམས་དཔའི་གཏོར་བཤགས་བྱ་བ་ནི། སྔར་བཞིན་བླ་མས་ཚིག་དལ་བར་བརྗོད་ཅིང་། དཔོན་སློབ་ཐམས་ཅད་ཀྱིས་དོན་གསལ་གདབ་སྟེ། གནས་ལུགས་ཀྱི་ངང་དུ་ཐག་བཅད་ལ་མཉམ་པར་བཞག་པ་གཅེས་སོ། །རྩ་བར། ཧཱུཾ། ཆོས་ཉིད་མ་བཅོས་དོན་ཉིད་མ་ཤེས་ན། །ཇི་ལྟར་བརྟགས་ཀྱང་སྡུག་བསྔལ་ཉིད་དུ་འགྱུར། །ལྟ་བ་ཀུན་ཏུ་བཟང་ལ་མཐོལ་བཤགས་ན། །རྣམ་རྟོག་གཏོར་མའི་མཆོད་པ་བཞེས་སུ་གསོལ། །སེམས་ཉིད་མ་ཡེངས་དོན་ཉིད་མ་ཤེས་ན། །ཇི་ལྟར་བསྒོམས་ཀྱང་སྡུག་བསྔལ་ཉིད་དུ་འགྱུར། །ཏིང་འཛིན་ཀུན་ཏུ་བཟང་ལ་མཐོལ་བཤགས་ན། །རྣམ་ཤེས་གཏོར་མའི་མཆོད་པ་བཞེས་སུ་གསོལ། །རང་བཞིན་ལྷུན་གྱིས་གྲུབ་པར་མ་ཤེས་ན། །ཇི་ལྟར་བསྒྲུབས་ཀྱང་སྡུག་བསྔལ་ཉིད་དུ་འགྱུར། ཕྲིན་ལས་ཀུན་ཏུ་བཟང་ལ་མཐོལ་བཤགས་ན། །སྲོག་དབུགས་གཏོར་མའི་མཆོད་པ་བཞེས་སུ་གསོལ། །ཕུང་པོ་རྒྱལ་བའི་སྐུ་རུ་མ་ཤེས་ན། །ཇི་ལྟར་བསྐྱེད་པས་སྡུག་བསྔལ་ཉིད་དུ་འགྱུར། །རང་བཞིན་ཀུན་ཏུ་བཟང་ལ་མཐོལ་བཤགས་ན། །འབྱུང་བ་གཏོར་མའི་མཆོད་པ་བཞེས་སུ་གསོལ། །གཟུངས་མ་ཤེས་རབ་ཉིད་དུ་མ་ཤེས་ན། །ཇི་ལྟར་སྤྱད་ཀྱང་སྡུག་བསྔལ་ཉིད་དུ་འགྱུར། །དམ་ཚིག་ཀུན་ཏུ་བཟང་ལ་མཐོལ་བཤགས་ན། །ཐིག་ལེ་གཏོར་མའི་མཆོད་པ་བཞེས་སུ་གསོལ། །རང་བྱུང་གདོད་ནས་དག་པར་མ་ཤེས་ན། །ཇི་ལྟར་བཅོལ་ཡང་སྡུག་བསྔལ་ཉིད་དུ་འགྱུར། །རྣམ་དག་ཀུན་ཏུ་བཟང་ལ་མཐོལ་བཤགས་ན། །ཤ་ཁྲག་གཏོར་མའི་མཆོད་པ་བཞེས་སུ་གསོལ། །ལོངས་སྤྱོད་སྒྱུ་མ་ཡིན་པར་མ་ཤེས་ན། །ཇི་ལྟར་བསགས་ཀྱང་སྡུག་བསྔལ་ཉིད་དུ་འགྱུར། །སྤྱོད་པ་ཀུན་ཏུ་བཟང་ལ་མཐོལ་བཤགས་ན། །ཡོ་བྱད་གཏོར་མའི་མཆོད་པ་བཞེས་སུ་གསོལ། །ཕྱི་ནང་སྣོད་བཅུད་གཏོར་མར་རབ་བསྡུས་ནས། །ཐུགས་རྗེས་སྤྲུལ་པའི་གཏོར་མར་རབ་སྤྲུལ་ཏེ། །ཡེ་ཤེས་རོལ་པའི་གཏོར་མ་འབུལ་ལགས་ན། །ཆོས་ཉིད་དབྱིངས་ཀྱི་གཏོར་མར་བཞེས་སུ་གསོལ། །ཅེས་བརྗོད་ལ། རིག་འཛིན་གྱི་དགོངས་ཉམས་བསྡུས་པའི་གླུར་བླངས། ཙཀླིས་དབང་བསྐུར། ཞེས་གསུངས་ཀྱང་འོག་ཏུ་སེམས་སྡེའི་དབང་གི་དུས་རྒྱས་པར་འབྱུང་ངོ་། །བླ་མས་གཙོ་བུམ་བཟུང་ལ། ཞེས་གསུངས་པས་རྫོགས་ཆེན་གྱི་དཀྱིལ་འཁོར་དབུས་ཀྱི་བུམ་པ་བླངས་ཏེ་སློབ་མ་ལ་དབང་བསྐུར་ཞིང་འདི་སྐད་དོ། །རྩ་བར། ཧཱུཾ། རྩལ་ཆེན་རྫོགས་པའི་དབང་ཡིན་པས། །རྫས་དང་ཚིག་དང་གང་ཟག་དང་། །ཀུན་རྫོབ་རང་ལ་རག་མ་ལུས། །ཆོས་ལ་སེམས་ཀྱི་དབང་བསྐུར་རོ། །ན་མོ། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་བྱིན་གྱིས་བརླབས་ཀྱིས་སྐལ་ལྡན་རིགས་ཀྱི་བུ་ལ་གསང་དབང་རྫོགས་པའི་ཆུ་བོས་དབང་བསྐུར་བས། དོན་དམ་རྩོལ་མེད་རྩལ་རྫོགས་ཀྱི་དབང་དམ་པ་ཐོབ་པར་གྱུར་ཅིག །ཆོས་ཉིད་དངོས་པོ་མེད་པའི་ཡེ་སྟོང་འདི། །ལྟ་བ་འདི་དང་མི་འབྲལ་འགྲོགས་པར་ཤོག །ཆོས་ཉིད་ཉམས་མྱོང་མེད་པའི་བདེ་སྟོང་འདི། །སྒོམ་པ་འདི་དང་མི་འབྲལ་འགྲོགས་པར་ཤོག །སེམས་ཉིད་བཅོས་མ་མེད་པའི་རང་སྟོང་འདི། །སྤྱོད་པ་འདི་དང་མི་འབྲལ་འགྲོགས་པར་ཤོག །ཆོས་ཉིད་འགྱུར་བ་མེད་པའི་བློ་འདས་འདི། །འབྲས་བུ་འདི་དང་མི་འབྲལ་འགྲོགས་པར་ཤོག །ཇི་ལྟར་སྨོན་པའི་འབྲས་བུ་གྲུབ་པར་གྱུར་ཅིག །སྨོན་ལམ་གྱི་མཐུ་བཙན་པར་གྱུར་ཅིག །དེ་ཁོ་ན་ཉིད་ཀྱི་དོན་ལ་གནས་པར་གྱུར་ཅིག །ཅེས་བརྗོད་ལ། བུམ་པ་མགོ་བོ་དང་སྙིང་གར་རེག་ལ་ལྷ་བསྟིམ་པར་གསུངས་ཀྱང་། སེམས་སྡེའི་དབང་མ་གྲུབ་པས་མི་བསྟིམ་མོ། །བུམ་ཆུས་ཁྲུས་བྱ་བཏུང་ངོ་། །དེ་ནས་སློབ་མ་རྣམས་མོས་གུས་ཀྱི་གདུང་བ་ཆེན་པོ་རྩེ་གཅིག་པས་འདིའི་རྗེས་ཟློས་བྱ་སྟེ། རྗེ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ་མཆིའོ། །རྗེ་སྤྲུལ་པའི་སྐུ་ལ༴ བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །ཞེས་གསོལ་བ་བཏབ་ཕཊ་བྱས་ལ། ས་ལེ་ཧྲིག་གེ་རང་སར་བཞག་གོ། །དེའང་རྣལ་འབྱོོར་གྱི་ཚུལ་ནི། གདོན་མ་ཞུགས་པའི་སྨྱོན་པ་ལྟ་བུ་ཤེས་བྱ་ཆིག་ཆོད་ཀྱི་ཉམས་འཆར་རོ། །ཨ་ཏི་ཡོ་གའི་དབང་གི་རྟོགས་པ་བསྐྱེད་པ་ནི། རྩ་བར། འདིར་འགག་དྲུག་ནི། གང་གིས་གང་ལ་གང་དུ་གང་བསྟན་པ། །ཅི་ཕྱིར་དགོས་པ་མཆོག་ཏུ་ཡེ་གནས་པ། །འདི་ནི་ནང་གི་འགག་དྲུག་བསྟན་པ་ཡིན། །ཅེས་ཏེ། གང་གིས་བསྐུར་བའི་སློབ་དཔོན་ནི། ཆོས་སྐུ་ཀུན་ཏུ་བཟང་པོ་ནས་རྩ་བའི་བླ་མའི་བར་དབང་བྱིན་རླབས་ཀྱི་བརྒྱུད་པའི་དངོས་གྲུབ་དང་ལྡན་པའོ། །གང་ལ་བསྐུར་བའི་སློབ་མ་ནི་སྐལ་ལྡན་དང་བརྩོན་འགྲུས་བརྟུལ་ཞུགས་དང་ལྡན་པའོ། །གང་བསྟན་པའི་ཆོས་ནི་རིག་པ་རྩལ་གྱི་དབང་ངོ་། །གང་དུ་བསྐུར་བའི་གནས་ནི་འོག་མིན་ལ་སོགས་པའོ། །ཅིའི་ཕྱིར་ན། རང་ལ་ཡོད་པའི་ཆོས་ཉིད་ཀྱི་དོན་དེ་ངོ་ཤེས་གསལ་གདབ་པའི་ཆེད་དུའོ། །དེའི་དགོས་པ་འབྲས་བུ་ནི། འཇིག་རྟེན་མཐོ་རིས་ནས་ཡེ་ཤེས་འཁོར་ལོ་ཡེ་ཤེས་བླ་མའི་བར་གྱིས་ཐམས་ཅད་དུས་གཅིག་ཏུ་བགྲོད་དེ། གཅིག་ཤེས་ཀུན་གྲོལ་ལྟ་བའི་ཀློང་། །ཞེས་བྱའོ། །དེས་ཨ་ཏི་ཡོ་གའི་དབང་བསྐུར་ཟུར་ལུགས་རྩ་བ་ལས་གསུངས་པ་བཞིན་གྲུབ་པ་ཡིན། གཉིས་པ་སེམས་སྡེ་བཅོ་བརྒྱད་ཀྱི་དབང་བསྐུར་བར་བྱེད་པ་ནི། སྤྱིར་ཞི་ཁྲོའི་གཞུང་སྲོང་སོགས་སྔོན་འགྲོ་དང་དངོས་གཞིའི་སྒྲུབ་མཆོད་སློབ་དཔོན་གྱི་བགྱི་འོས་སུ་གྱུར་པ་མཐའ་དག་གོང་དུ་གྲུབ་པ་དེས་ཁྱབ་པ་སྣང་། དངོས་གཞི་ལ་ས་བཅད་ཀྱི་དབང་དུ་བགྱིས་ན། ཁྱུང་ཆེན་དང་རྗེས་སུ་འབྲེལ་བ། སྟོད་ཆིངས་དགུས་སྟོན་པར་གསུངས་པའི། དང་པོ་བདག་བརྟག་པའི་མན་ངག་རིག་པའི་རྩལ་གྱི་དབང་། གཉིས་པ་གདེངས་གང་ཐོབ་པ། གསུམ་པ་གདེངས་དེ་ལམ་དུ་སློང་བའི་སྤྱོད་པ་རྣམས་འོག་ཏུ་དབང་སོ་སོའི་སྐབས་སུ་འབྱུང་། བཞི་པ་གང་ཟག་གི་རྒྱུད་ལ་འཁྱེར་བའི་ཕྲིན་ལས་ནི་གཉིས་ཏེ། ཞི་ཁྲོའི་གཞུང་སྲོང་དང་ཀུན་བཟང་དོན་གྱི་ཕྲིན་ལས་གཉིས་ལས། ཞི་ཁྲོའི་གཞུང་སྲོང་བ་སྔོན་དུ་ཚར། ཀུན་བཟང་དོན་གྱི་ཕྲིན་ལས་ནི་མཆོད་མཁན་རྣམས་ཀྱིས་གྱེར། བླ་མས་དེའི་དོན་ལ་མཉམ་པར་འཇོག་པ་དང་སློབ་མ་རྣམས་ལ་བརྡའ་བཀྲོལ་ཏེ་འཆད་པར་གསུངས་ཀྱང་། དེང་སང་ཕྱག་བཞེས་སུ་བླ་མས་ཕྲིན་ལས་གྱེར་ཞིང་དཔོན་སློབ་ཐམས་ཅད་ཀྱིས་དགོངས་པ་གསལ་འདེབས་པ་ཡིན་ལ། དེ་ཡང་དབང་ལ་ཞག་བཅོ་བརྒྱད་བྱེད་པའམ། དེ་ལྟར་མིན་ཀྱང་དབང་བཅོ་བརྒྱད་པོ་རེ་རེ་བཞིན་ཕྲིན་ལས་ཚར་རེ་དགོས་པར་བཤད་ཀྱང་ཕྱག་ལེན་འཇུག་པ་བདེ་ཕྱིར་དབང་དང་པོ་ལ་ཚར་གཅིག་གིས་འཐུས་པས། དེ་ལྟར་བྱ་ཚུལ་ད་ལྟ་ཉིད་དུ་འབྱུང་། ལྔ་པ་དབང་དངོས་ལ་དཔོན་སློབ་གཉིས་ཀ་ལུས་གནད་རླུང་གནད་དང་ལྡན་པས་དཔོན་སློབ་གཉིས་ཀྱི་ཐུགས་ཀར་པད་འདབ་ཨ་དང་བཅས་པ་བསྒོམ་ཞིང་། དཀྱིལ་འཁོར་བུམ་པ་དང་བཅས་པའི་ཨ་སྟེ་ཨ་བཞི་སྐོར་གྱི་དམིགས་པ་བུམ་དབང་སྨོན་ལམ་དང་བཅས་པའོ། །དྲུག་པ་དབང་གི་མཚོན་དཔེ་ཡང་སོ་སོར་ཡོད། བདུན་པ་སྦུབས་མཆུ་ནི་གསེར་ལ་སོགས་པའི་རིན་པོ་ཆེའམ་ཤིང་ལ་སོགས་པའི་ཨུམ་བྷི་རག་དུང་གི་བཟོ་ལྟ་བུ་ཞིག་སློབ་མའི་རྣ་བར་གཏད་དེ་ངོ་སྤྲོད་ཀྱི་ཚིག་ཤུབ་བུར་སློབ་མའི་རྣ་བ་ལ་བཤད་ཅིང་དོན་འགྲོལ་བ་ཡིན་ལ། འདི་ནི་སྔོན་བཻ་རོ་ཙ་ན་རྒྱ་གར་དུ་བྱོན་ཏེ་རྫོགས་ཆེན་གསན་སྐབས་རྒྱ་གར་གྱི་ལྟས་མཁན་རྣམས་ཀྱིས་མི་ཤེས་པར་བྱ་བའི་ཕྱིར་དང་ཆོས་ཀྱི་ཟབ་ཁྱད་དུ་སློབ་དཔོན་ཤྲཱི་སིདྷས་རྡོ་ཆེན་གསུམ་གྱི་ཁར་རྫ་མ་བཞག་པའི་ནང་དུ་བཞུགས། དེའི་ཁ་ཕུབ་ཀྱིས་བཅད། ཕུབ་ཀྱི་སྟེང་དུ་སླ་ང་ཆུས་བཀང་ལ་བཞག །རྫ་མའི་བུག་པ་ནས་གཟིགས་ཁང་གི་ཕྱིར་ཨུམ་བྷི་རིང་པོ་བཙུགས་ནས་སྦུབས་མཆུ་ལ་བརྟེན་ནས་རྫོགས་པ་ཆེན་པོའི་ངོ་སྤྲོད་དང་སེམས་སྡེའི་ཆོས་རྣམས་གསུངས་པ་ལྟ་བུ་ཡིན་པས་རང་ལུགས་དྲི་མ་མེད་པ འི་ཁྱད་ཆོས་སུ་སྣང་ངོ་། །བརྒྱད་པ་གདམས་ངག་གི་དགོངས་འགྲེལ་ནི། སྦུབས་མཆུའི་ཚིག་སོ་སོའི་དོན་འགྲེལ་པ་དང་། དགུ་པ་རིག་འཛིན་དགོངས་ཉམས་ཀྱི་གླུས་བསྐུལ་བ་ནི། རྡོར་གླུ་བཅོ་བརྒྱད་པོ་སོ་སོ་ལྟར་རོ། །དེ་ལྟ་བུའི་སྤྱི་དོན་རྣམས་བློར་ངེས་པར་བྱས་ཏེ་དབང་དངོས་ཀྱི་དུས་ལག་ལེན་སྐབས་དྲན་པར་བྱ་དགོས་ཤིང་། དབང་བྱང་དངོས་མཁས་གྲུབ་གཡུང་སྟོན་ཆེན་པོ་རྡོ་རྗེ་དཔལ་བཟང་གི་གསུང་ལས་ཇི་ལྟར་བྱུང་བ་བཞིན་བྲིས་པ་ནི་འདི་ལྟར། བཅོམ་ལྡན་འདས་དཔལ་ཀུན་བྱེད་རྒྱལ་པོ་ལ་ཕྱག་འཚལ་ལོ། ཐུབ་དབང་བསྟན་པ་མར་འགྲིབ་ཚེ། །ལས་ཀྱི་ཚེ་ཐུང་བཀའ་དོན་སྟོར། །བསྟན་སྙིགས་གྲུབ་མཐའ་ངན་པས་དཀྲུགས། །གཉེན་པོས་མི་ནོན་སྒྲུབ་བརྩོན་ཞན། །དེ་ཚེ་དེ་བ་བཟང་སྐྱོང་གིས། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ། །བསྐུལ་ཞིང་གསོལ་བ་འདི་ལྟར་བཏབ། །གསུང་གི་མངའ་བདག་ཐམས་ཅད་ཀྱིས། །རྩོལ་བའི་ཐེག་པ་མཐར་སྟོན་ནས། །རྩོལ་མེད་ཐེག་པ་མི་གསུང་བར། །ཐུགས་རྗེ་ཆེན་པོ་ཡལ་ལམ་ཅི། །སྐལ་ལྡན་གདུལ་བྱ་མཆིས་པས་ན། །ལྷུན་གྲུབ་ཐེག་པ་གསུང་དུ་གསོལ། །ཞེས་བསྐུལ་བས་སངས་རྒྱས་ཀུན་གྱིས་ཀྱང་། ཡུལ་དང་འཕྲད་པའི་ཐུགས་རྗེ་ཡིས། །རྩོལ་བྲལ་ཐེག་པ་བསྟན་པ་ཡིས། །དུས་ལ་བབ་པར་མཁྱེན་གཟིགས་ནས། །ཐུགས་རྗེའི་རྣམ་སྤྲུལ་གསང་བདག་གིས། །ལྷ་ཕྲུག་ཀུན་དགའ་སྙིང་པོ་ལ། །དུས་མཐའི་སྐད་ཅིག་ཉིད་ལ་ནི། །ཨ་ཏིའི་རྩ་བའི་རྒྱུད་ཆེན་པོ། །ཀློང་དགུ་བམ་པོ་ཉི་ཁྲི་གསུངས། །སྡེ་གསུམ་ལས་ནི་སེམས་ཀྱི་སྡེ། །ཤན་འབྱེད་ལ་བཟླ་རང་གྲོལ་རྒྱུད། །དེ་དག་ཀུན་གྱི་ངེས་པའི་དོན། །སྐལ་ལྡན་སྨིན་པར་བྱེད་པའི་ཐབས། །བདག་བརྟན་ཡེ་ཤེས་ངོས་གཟུང་དང་། །སྤྱི་བླུགས་ཐུག་འཕྲད་ལྷུག་པ་དང་། །ཀློང་རྡོལ་རང་གྲོལ་དོང་སྤྲུག་དང་། །ཡེ་གསལ་བདེ་ཆེན་གྱིན་འདའ་དང་། །མི་གཡོ་རྫོགས་པ་དང་རང་འཁྲུངས། །བཏང་སྙོམས་རྩེ་གཅིག་ལྷུན་གྲུབ་པ། །རེ་རེ་ལའང་མན་ངག་བཅོ་བརྒྱད་དོ། །དབང་གདེངས་སྤྱོད་འཕྲིན་བསྐུར་ཐབས་དང་། །ངོ་སྤྲོད་གདམས་ངག་དགོངས་འགྲེལ་གླུ། །ཉམས་རིན་རིག་དབྱེ་ཐིམ་ཡིག་སྒྲོན། །འོད་སྐབས་གྲུབ་མཐའ་གཏད་རྒྱའོ། །དབང་རེའང་མན་ངག་བཅོ་བརྒྱད་དེ། །སུམ་བརྒྱ་ཉི་ཤུ་རྩ་བཞིའོ། །སྐལ་ལྡན་འབད་མེད་གྲོལ་བར་བྱེད། །དེ་དོན་ལག་ཏུ་བླང་བ་ནི། །མཁས་པ་ཉི་ཤུ་རྩ་གཅིག་སོགས། །བླ་མ་བརྒྱུད་པའི་རིམ་པ་རྣམས། །སྙན་ནས་སྙན་དུ་བརྒྱུད་པ་ཡི། །ཞལ་གྱི་གདམས་པ་ཡི་གེར་བཀོད། །འདིར་ཤིན་ཏུ་རྣལ་འབྱོར་གྱི་ཐེག་པའི་ལུགས་ཀྱི་སྐལ་ལྡན་འབད་མེད་དུ་གྲོལ་བར་བྱེད་པ་ལ་འབྲེལ་བ་བཞི་དང་ལྡན་པ་གཅིག་དགོས་པར་བཞེད་དེ། བཞི་གང་ཞེ་ན། རྒྱུད་དབང་དང་འབྲེལ་བ། དབང་གདམས་ངག་དང་འབྲེལ་བ། གདམས་ངག་ཕྱག་བཞེས་དང་འབྲེལ་བ། ཕྱག་བཞེས་བླ་མ་བརྒྱུད་པའི་བྱིན་རླབས་དང་འབྲེལ་བའོ། །དེ་ལ་རྒྱུད་ནི། ལ་བཟླ་བ་རྒྱལ་པོའི་རྒྱུད། ཤན་འབྱེད་པ་བྲམ་ཟེའི་རྒྱུད། རང་གྲོལ་མངོན་སུམ་དུ་སྟོན་པ་མན་ངག་གི་རྒྱུད་སྡེ་རྩ་བཤད་དང་བཅས་པ་རྣམས་ཡིན་ལ། དེ་ལས་ཀྱང་རྒྱལ་པོའི་རྒྱུད་སྐོར། ཀུན་བྱེད་རྒྱལ་པོ་མ་བུ་དགུ་སྐོར་ལ་སོགས་པ་རྣམས་ཀྱི་ནང་ནས་ཕྱུང་བ་ཀལྤ་དུམ་བུའི་རྒྱུད་དམ། སྙིང་པོ་མན་ངག་གི་རྒྱུད། སེམས་སྡེ་མ་བུ་བཅོ་བརྒྱད་དུ་གྲགས་པ་འདི་རྣམས་ཡིན་ནོ། །རྒྱུད་དེ་རྣམས་དང་འབྲེལ་བའི་དབང་ནི་བདག་བརྟགས་པའི་མན་ངག་གི་རིག་པ་རྩལ་གྱི་དབང་བསྐུར་བ་སྐྱེས་བུ་སྙིང་བཏོན་པ་ལྟ་བུ་ལ་སོགས་པ་རིག་པ་རྩལ་གྱི་དབང་བཅོ་བརྒྱད་པོ་འདི་ཡིན་ནོ། །དབང་དང་འབྲེལ་བའི་གདམས་ངག་ནི། གདེངས་སྤྱོད་ལ་སོགས་པ་རྣམས་ཡིན་ནོ། །གདམས་ངག་དང་འབྲེལ་བའི་ཕྱག་བཞེས་ནི་འཆད་པར་འགྱུར་བའི་ཕྱག་བཞེས་ཀྱི་ཡི་གེ་རིས་བླ་མ་བརྒྱུད་པའི་རིམ་པའི་ཕྱག་ལེན་བཞིན་བདག་གིས་སྡེབས་པ་འདི་ཡིན་ནོ། །ཕྱག་བཞེས་འདི་བླ་མ་བརྒྱུད་པའི་བྱིན་རླབས་དང་འབྲེལ་ཚུལ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ་ནས་བདག་ཡན་ཆོད་བརྒྱུད་པ་མ་ཆད་ཅིང་མ་ཉམས་པའི་ཕྱིར་རོ། །བྱིན་རླབས་དང་འབྲེལ་བ་ཡིན་ནོ། །དེ་ཡང་གང་ཞེ་ན། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རིགས་ལྔའི་སངས་རྒྱས། སྤྲུལ་སྐུ་གསང་བདག་ཕྱག་རྡོར། ཡང་སྤྲུལ་དགའ་རབ་རྡོ་རྗེ། མཁས་པ་ཉི་ཤུ་རྩ་གཅིག །སྒྲ་བསྒྱུར་བཻ་རོ་ཙ་ན། རྒྱལ་མོ་གཡུ་སྒྲ་སྙིང་པོ། མཁས་པ་ཡེ་ཤེས་གཞོན་ནུ། སོག་པོ་དཔལ་གྱི་ཡེ་ཤེས། གནུབས་ཆེན་སངས་རྒྱས་ཡེ་ཤེས། གནུབས་ཆུང་ཡོན་ཏན་ཡབ་སྲས། མཁས་པ་ཉང་ཆེན་ཤེར་མཆོག །ཉང་བན་ཡེ་ཤེས་འབྱུང་གནས། ཟུར་ཆེན་ཤཱཀྱ་འབྱུང་གནས། ཟུར་ཆུང་ཤེས་རབ་གྲགས་པ། སྐྱོ་སྟོན་ཤཱཀྱ་ཡེ་ཤེས། གསང་བདག་མདའ་ཚ་ཧོར་པོ། །འགྲོ་མགོན་དམ་པ་ཤཱཀ་རྒྱལ། མཁས་པ་ལྕེ་སྟོན་ཡབ་སྲས། དམ་པ་ཤཱཀ་རྒྱལ་གྱི་དཔོན་པོ་ལྕེ་སྟོན་ཟུང་ངེ་། སྲས་སྟོན་བཀྲ་ཤིས། བླ་མ་ཐན་སྟོན་འབུམ་མེ། ཆོས་རྗེ་བླ་སྐྱབས་རྡོ་རྗེ། དྲིན་ཅན་མཁས་པ་ཆེན་པོ། མཁའ་འགྲོ་དཔལ་གྱི་ཡེ་ཤེས། མ་ཅིག་དྲིན་ཅན་ཟུར་མོ། མཁྱེན་མཆོག་ཤཱཀྱ་འབྱུང་གནས། ཟུར་མོ་དགེ་འདུན་འབུམ། ཟུར་ཧྭཾ་ཤཱཀ་འབྱུང་ལྕམ་སྲིང་ལ་སྤྲུལ་སྐུ་ཚེ་དབང་རྒྱལ་པོས་གསན། དེ་ནས་བརྒྱུད་འཛིན་ལེགས་པ་དཔལ་བཟང་། འཇམ་དབྱངས་རིན་ཆེན་རྒྱལ་མཚན། རིག་འཛིན་ལེགས་ལྡན་བདུད་འཇོམས་རྡོ་རྗེ། སྐྱི་སྟོན་ཚེ་རིང་དབང་པོ། བླ་ཆེན་ཆོས་རྒྱལ་རྡོ་རྗེ། འོད་མཆོག་སྤྲུལ་སྐུ་ངག་དབང་འོད་གསལ་རང་གྲོལ། གཏེར་སྟོན་རིག་འཛིན་ཆེན་པོ་འགྱུར་མེད་རྡོ་རྗེ་ནས་བྱིན་རླབས་ཀྱི་ན་བུན་མ་ཡལ། དབང་དང་གདམས་ངག་གི་ཆར་རྒྱུན་མ་ཆད། གསོལ་འདེབས་ཀྱི་འབྲུག་སྒྲ་མ་ཆག་པ་ཡིན་ནོ། །བརྒྱུད་རིམ་གྱི་རྣམ་ཐར་རྒྱས་པ་རྒྱ་འགྲམ་བོད་འགྲམ་གཉིས་ལས་ཤེས་པར་བྱའོ། །དེ་ལྟར་འབྲེལ་བ་བཞི་ལྡན་གྱི་སྒོ་ནས་སྐལ་ལྡན་སྨིན་པར་བྱེད་པའི་དབང་འདི་ལ་སྤྱི་དོན་གསུམ་གྱིས་སྟོན་ཏེ། སྔོན་འགྲོ་དང་། དངོས་གཞི་དང་། རྗེས་ཀྱི་བྱ་བའོ། །དང་པོ་སྔོན་འགྲོ་ནི། བླ་མ་མཚན་ཉིད་དང་ལྡན་པས་སློབ་མའི་མཚན་ཉིད་ཡོངས་སུ་བརྟགས་ཏེ། ཡོ་བྱད་གཞུང་བཞིན་དུ་བསོག་ཏུ་བཅུག་ནས་གནས་མཚན་ཉིད་དང་ལྡན་པར། བཀྲ་ཤིས་པའི་གཟའ་སྐར་ལ་སོགས་པ་འཛོམ་པའི་དུས་སུ་ཨ་ནུ་མན་ཆད་ཀྱི་དབང་གིས་སྨིན་པར་བྱས་པའམ། གཞན་དུ་ན་སྒྱུ་འཕྲུལ་གྱི་བསྲེ་བའི་ཆོ་ག་རྒྱས་པར་བྱ། ས་སྟེགས་ཆེ་ཆུང་གང་ཡང་རུང་བ་ལ་དྲི་བཟང་དང་། བ་བྱུང་ལྔས་ལེགས་པར་བྱུགས་ལ། ཐིག་ཆེན་བརྒྱད་བཏབ། དེའང་དཀྱུས་ཐིག་གི་ཆ་སུམ་ཅུ་སོ་གཉིས་སུ་ཕྱེས་ཏེ། ས་སྟེགས་ཆེ་ཆུང་གང་ཡིན་ཡང་ཕྱོགས་རེར་བརྒྱད་ཆ་ཕྱིར་དོར་བའི་ཟླུམ་ཐིག་བསྐོར། དེའི་དབུས་སུ་ཚངས་ཐིག་ནས་ཕྱིའི་ཟླུམ་ཐིག་གི་བར་སུམ་ཆ་གསུམ་དུ་བཅལ་བའི་ནང་མ་ལྟེ་བའི་དོན་དུ་ཟླུམ་ཐིག་གཅིག་བསྐོར། ཟླུམ་ཐིག་ཕྱི་ནང་གཉིས་ཀ་ལ་ཡང་པདྨ་ཆེ་ཆུང་དང་བསྟུན་པའི་མུ་ཁྱུད་ཀྱི་དོན་དུ་ནང་དངོས་སུ་ཟླུམ་ཐིག་རེ་རེ་བསྐོར། དེ་ནས་ཚོན་དགྱེ་ལུགས་ནི། པདྨ་འདབ་མ་བཅུ་དྲུག་ཁ་དོག་དམར་པོ་ལ་མུ་ཁྱུད་ནང་མ་འོད་ཟེར་གྱི་ཕྲེང་བ་དང་། ཕྱི་རྡོ་རྗེའི་ཕྲེང་བ། དེའི་ཕྱི་རོལ་དུ་ཤར་ཕྱོགས་སུ་སྙིང་གི་རྩེ་མོའི་རྣམ་པ་དང་། ནུབ་ཕྱོགས་སུ་སྙིང་སྒྲོམ་གྱི་རྣམ་པ་མཐའ་སྐོར་ལ་སྙིང་ཤུན་སྙིང་ཚིལ་དང་བཅས་པའི་རྣམ་པ་བྲི། དབུས་ཀྱི་ལྟེ་བ་ལ་ཨ་དཀར་པོ་གཉིས་དབུ་ཤར་ནུབ་ཏུ་བསྟན་པ་བྲིས་ལ། རྩའི་རྣམ་པ་ཁ་དོག་དམར་སྐྱ་ཚོན་གྱིས་སྦྲེལ་བ། པད་འདབ་བཅུ་དྲུག་ལ་ཨ་བཅུ་དྲུག་དབུ་ཕྱིར་བསྟན་དུ་བྲིས་ལ། རྩའི་རྣམ་པ་དམར་སྐྱས་ཨ་ཐམས་ཅད་དབུས་ཀྱི་ལྟེ་བ་ལ་སྦྲེལ་ལོ། །དེ་ནི་མཚོན་བྱེད་རྡུལ་ཚོན་གྱི་དཀྱིལ་འཁོར་ཡིན་ནོ། །དེ་ཅིས་མཚོན་ན་སྙིང་རིན་པོ་ཆེ་འབར་བའི་དབུས་ན་རྣམ་པར་ཤེས་པའི་ཚོགས་བརྒྱད་ཡུལ་དང་བཅས་པ་ཡེ་ནས་དག་ཅིང་། ཐམས་ཅད་ཀྱང་རྒྱུ་རྐྱེན་མེད་པར་རང་བྱུང་། བྱེད་པ་པོ་མེད་པར་ལྷུན་གྱིས་གྲུབ་པའི་ཀུན་ཏུ་བཟང་པོ་བཅོ་བརྒྱད་རང་ཆས་སུ་གནས་སོ། །ཞེས་པའི་བརྡའོ། །དེ་ནས་ཨ་དེ་རྣམས་ཀྱི་སྟེང་དུ་ཁྲིའུའམ་མཉྫི་ལ་གནས་པའི་བུམ་པ་བཅོ་བརྒྱད་དཀར་ཞལ་ནས་ཕྱུང་ལ། མཆུའི་འོག་ཏུ་ཙིཏྟ་དམར་པོའི་གཟུགས་རེ་ལ་གནས་པའི་ཨ་དཀར་པོ་རེ་བྲི། ནང་དུ་དྲི་བཟང་པོ་བདུད་རྩི་ལྔ་དང་། བཅས་པའི་ཆུས་སུམ་གཉིས་གང་བ་བླུག་ལ། ངག་ཏུ་ཨ་ཞེས་བརྗོད་པས་ཨ་དཀར་པོ་རེ་རེ་འོད་དུ་ཞུ་ནས་མ་སྐྱེས་པའི་ཆོས་ཉིད། མ་འགགས་པའི་བདུད་རྩིའི་ཆུ། རྒྱུ་རྐྱེན་མེད་པར་རང་བྱུང་ནས། བྱེད་པ་པོ་མེད་པར་ལྷུན་གྱིས་གྲུབ་པའི་མོས་པ་བྱས་ལ། བུམ་པའི་མགུལ་རས་ཟུང་གིས་བཅིངས་ཤིང་འབྲས་བུ་དང་བཅས་པའི་ཤིང་དུག་བྱའི་སྒྲོ་དང་བཅས་པས་ཁ་བརྒྱན་ལ། རྡོ་རྗེའི་གླུ་གསུང་བའི་རིག་པ་འཛིན་པའི་ཙཀླི་རྣམས་ཀྱིས་ཀྱང་མཚན་པར་བྱའོ། །གལ་ཏེ་དཀྱིལ་འཁོར་ཆུང་ནས་བུམ་པ་མི་ཤོང་ན་བུམ་པ་རྣམས་ཀྱི་དཀྱིལ་འཁོར་གྱི་མཐའ་བསྐོར་ཏེ་པད་འདབ་ཀྱི་ཨ་རེའི་ཐད་དཀར་བུམ་པ་རེ་དགོད་དོ། །དེ་ནས་ཇི་ལྟར་སྦྱོར་བའི་དཀྱིལ་འཁོར་གྱི་རྒྱན་གྱིས་གནས་ཁང་གཟི་བརྗིད་དང་ལྡན་པར་བྱས་ལ། བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་དཀྱིལ་འཁོར་གྱི་མཐའ་ནང་གི་མཆོད་པ་སྨན་རཀ་གཏོར་གསུམ་དང་། ཕྱིའི་མཆོད་པ་ཆུ་གསུམ་བཞི་བསྣོལ་དང་བཅས་པས་བསྐོར་བར་བྱའོ། །དེ་ནས་ཡུལ་ལྷ་དང་གཞི་བདག་ལ་སོགས་པ་ལ་གསེར་སྐྱེམས་སམ། ཆ་གསུམ་གྱིས་ཚིམ་པར་བྱས་ལ་བར་ཆད་ཀྱིས་མི་ཚུགས་པར་བྱ་བའི་ཕྱིར་ཕྱི་ནང་གི་མཚམས་བཅད་ལ། བླ་མས་ཁ་ཤར་ལྟས་ཀྱིས་དཀྱིལ་འཁོར་ལ་མངོན་པར་ཕྱོགས་པས་དབང་གི་ཁྲི་ལ་འདུག་ཅིང་། མཆེད་རྣམས་ཀྱང་གྲལ་རིམ་ལ་འཁོད་ནས་ཚུལ་ཕྱག་དང་གྲལ་ཕྱག་བྱ་ཞིང་། རྒྱུད་དག་པར་བྱ་བའི་ཕྱིར་ན་རཀ་དོང་སྤྲུག་གི་ཆོ་ག་དང་ཚོགས་ཀྱི་འཁོར་ལོ་བྱས་ནས། མ་མགོན་ལྕམ་དྲལ་བསྐང་ཞིང་བར་ཆད་མི་འབྱུང་བའི་ཕྲིན་ལས་བཅོལ་ལ། མཆེད་ལྕམ་དང་བཅས་པ་གཉིད་ཀྱིས་བདེ་བས་ཚིམ་པར་བྱའོ། །དེ་དག་ནི་སྔོན་དུ་འགྲོ་བའི་རིམ་པ་སྟེ་སྟ་གོན་གྱི་ཆོ་ག་རྫོགས་སོ། །སྤྱི་དོན་གཉིས་པ་དབང་གི་དངོས་གཞི་ནི། དབང་བཅོ་བརྒྱད་པོ་རེ་རེ་ལ་ཞག་རེ་རེའམ་ཉིན་མཚན་རེ་རེའམ། སྔ་དྲོ། ཕྱི་དྲོ། སྲོད་དང་གསུམ་ལ་དབང་རེ་རེ་བསྐུར་བའང་རུང་སྟེ། དབང་རེ་རེ་ལའང་དོན་ཆིངས་བཅོ་བརྒྱད་ཀྱིས་སྟོན་ཀྱང་། བླ་མ་རྣམས་ཕྱག་བཞེས་སུ་མཛད་ཙ་ན་དོན་ཆིངས་དགུའི་བར་དུ་ནོར་བུ་ལུགས་སུ་བསྐུར་ནས། དོན་ཆིངས་བཅུ་པ་མན་ཆད་དབང་ཐམས་ཅད་རྫོགས་པའི་རྗེས་སུ། དོན་ཆིངས་ཐམས་ཅད་ཐུན་མོང་དུ་དབང་གི་གཏད་རྒྱའམ། རྒྱབ་ཆོས་སུ་མཛད་དོ། །དེ་ལ་ཐོག་མར་ཁྱུང་ཆེན་དང་རྗེས་སུ་འབྲེལ་བར་དབང་དང་པོ་བསྐུར་བ་ལ་སྟོང་གི་དོན་ཆིངས་དགུས་སྟོན་པ་ལས། དང་པོ་དབང་ནི་བདག་བརྟག་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ་སྐྱེས་བུའི་སྙིང་བཏོན་པ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདེངས་ཅི་ཐོབ་ན་མ་འདྲེས་ཡོངས་སུ་རྫོགས་པར་གསལ་བའི་གདེངས་ནི་རྒྱ་མཚོའི་རླབས་ལྟ་བུའོ། །གསུམ་པ་གདེངས་དེ་ལམ་དུ་སློང་བའི་སྤྱོད་པ་ནི། རིག་པ་སྣ་ཚོགས་སུ་འཆར་བའི་སྤྱོད་པ་གནང་བཀག་མེད་པ་སྟེ། རྩི་སྨན་སྣ་ཚོགས་ལྟ་བུའོ། །བཞི་པ་དེ་ལྟ་བུའི་གང་ཟག་གིས་རྒྱུད་ལ་ཁྱེར་བའི་ཕྲིན་ལས་ནི། སྔོན་དུ་བསོད་ནམས་ཀྱི་ཚོགས་རྫོགས་པར་བྱ་བའི་དོན་དུ་ཚུལ་ཕྱག་ནས་བརྩམ་སྟེ་ཡི་དམ་གང་བྱེད་ཀྱི་ཕྲིན་ལས་གཞུང་བསྲང་ལ་ཚོགས་ཀྱི་མཆོད་པ་བྱའོ། །བསོད་ནམས་ཀྱི་ཚོགས་དེའང་ཡེ་ཤེས་ཀྱི་ཚོགས་ལ་བཟླ་བའི་དོན་དུ་མཆོད་མཁན་རྣམས་ཀྱིས་ཀུན་བཟང་དོན་གྱི་ཕྲིན་ལས་གཞུང་བསྲ ང་ཞིང་། བླ་མས་བྱ་རྩོལ་མེད་པའི་ཕྲིན་ལས་ཀྱི་ངང་ལ་གནས་པར་བྱ་བ་དང་། ངག་ཏུ་ཡང་བརྡའ་བཀྲོལ་ཏེ་སྟོན་པར་བྱའོ། །དེ་ལ་ཡང་དགུ་སྟེ། མཚམས་བཅད་བཤགས་པ་དཀྱིལ་འཁོར་ལས། །ཕྱག་འཚལ་མཆོད་དང་བཟླས་པ་དང་། །གཏོར་ཚོགས་རྗེས་ཀྱི་སྨོན་ལམ་དགུས། །བྱ་རྩོལ་མེད་པའི་ཕྲིན་ལས་རྫོགས། །ཅེས་པས། དེ་ཡང་དང་པོ་མཚམས་བཅད་པ་ནི། ནམ་མཁའ་ཆེ་ལས། མི་རྟོགས་ཡེ་ཤེས་བགེགས་བསལ་ནས། །ཅེས་པས། མཆོད་མཁན་རྣམས་ཀྱི་དབྱངས་དང་བཅས་པའམ་མེད་ཀྱང་རུང་སྟེ། དོན་ཡིད་ལ་བསམ་ཞིང་ཚིག་འདི་སྐད་བརྗོད་དེ། དེས་འོག་མ་རྣམས་ལ་ཡང་འགྲེའོ། །ཧཱུཾ། རྗེ་བཙུན་ང་ནི་རྒྱལ་བ་ཀུན་གྱི་ཡབ། །ཐམས་ཅད་ངར་བརྗོད་རིག་འཛིན་ཡོངས་ཀྱི་རྗེ། །ཐམས་ཅད་ངར་འདུས་རྣལ་འབྱོར་ཡོངས་ཀྱི་དཔོན། །སྲིད་གསུམ་ཆར་ལྟས་བབས་ཀྱང་ང་མི་གཤེར། །ཁམས་གསུམ་ཆུ་ལྟར་འབྲུབ་ཀྱང་ང་མི་འཁྱེར། །རྒྱུད་དྲུག་མེ་ལྟར་འབར་ཀྱང་ང་མི་འཚིག །སྟོང་གསུམ་རླུང་ལྟར་གཡོས་ཀྱང་ང་མི་བསྐྱོད། །དུག་གསུམ་མུན་ལྟར་འཐིབས་ཀྱང་ང་མི་འཐོམས། །ཡེ་ཤེས་ཉི་མ་ཤར་ཀྱང་གསལ་རྒྱུ་མེད། །མ་རིག་མུན་པ་བྱུང་ཡང་གནག་རྒྱུ་མེད། །སྐྱེ་ཤི་རིས་སུ་བཅད་ཀྱང་འཆི་རྒྱུ་མེད། །ཉོན་མོངས་དུག་གསུམ་གནས་ཀྱང་སྤང་རྒྱུ་མེད། །དངོས་གྲུབ་རྣམ་གསུམ་ཡིན་ཡང་ཆགས་རྒྱུ་མེད། །ཆོས་སྐུ་འགྱུར་མེད་གྲུབ་ཀྱང་རྩོལ་བ་མེད། །རང་བྱུང་ཉིད་དུ་གནས་པས་རག་མི་ལུས། །སྙིང་པོ་ལྷུན་གྱིས་གྲུབ་པས་རྟེན་མི་འཆའ། །མཚམས་ཀྱི་རྒྱལ་པོ་མི་རྟོག་ཡེ་གནས་པས། །བགེགས་ཀྱི་རྒྱལ་པོ་རྟོག་པ་མ་སྤངས་བཅོམ། །ཨ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་ཨ། ཞེས་བརྗོད་ཅིང་དེ་དག་གི་དོན་བླ་མས་བརྡའ་དགྲོལ་བ་ནི། བགེགས་ལ་སོགས་པས་བར་ཆོད་ཐམས་ཅད་རྒྱུ་རྐྱེན་མེད་པར་རང་བྱུང་། བྱེད་པ་པོ་མེད་པས་ལྷུན་གྲུབ་ཏུ་ཐག་བཅད་ལ། བར་གཅོད་ཐམས་ཅད་རང་བྱུང་རང་ཞི་རང་བརླག་ཏུ་བསམ་ལ་དེའི་ངང་ལ་བྱ་རྩོལ་མེད་པར་གནས་པར་བྱའོ། །ཞེས་བརྗོད། གཉིས་པ་བཤགས་པ་བྱ་བ་ནི། བརྗོད་མེད་ལས། རྣམ་རྟོག་གང་ཡང་དམིགས་པར་མི་འགྱུར་ཏེ། །ཞེས་པས་མཆོད་མཁན་རྣམས་ཀྱིས་དོན་ཡིད་ལ་བསམ་ཞིང་ཚིག་འདི་སྐད་བརྗོད་དོ། །ཧཱུཾ། ཆོས་ཀྱི་དབྱིངས་ཉིད་སྤྲོས་པ་མེད་པ་ལ། །གཟུང་འཛིན་གཉིས་སུ་བལྟ་བ་ཐང་རེ་ཆད། །དངོས་པོ་མཚན་མར་འཛིན་པ་ཉོན་རེ་མོངས། །སྤྲོས་མེད་བདེ་ཆེན་ཀློང་དུ་བཤགས་པར་བགྱིའོ། །ཀུན་ཏུ་བཟང་པོ་བཟང་ངན་མེད་པ་ལ། །གཙང་རྨེ་གཉིས་སུ་བལྟ་བ་ཐང་རེ་ཆད། །བཟང་ངན་གཉིས་སུ་འཛིན་པ་ཉོན་རེ་མོངས། །ཀུན་བཟང་བདེ་ཆེན་ཀློང་དུ་བཤགས་པར་བགྱི། །མཉམ་པ་ཉིད་ལ་ཆེ་ཆུང་མེད་པ་ལ། །སངས་རྒྱས་སེམས་ཅན་བལྟ་བ་ཐང་རེ་ཆད། །ཆེ་ཆུང་གཉིས་སུ་འཛིན་པ་ཉོན་རེ་མོངས། །མཉམ་ཉིད་བདེ་ཆེན་ཀློང་དུ་བཤགས་པར་བགྱི། །བྱང་ཆུབ་སེམས་ལ་སྐྱེ་འཆི་མེད་པ་ལ། །འདི་དང་ཕྱི་མར་བལྟ་བ་ཐང་རེ་ཆད། །སྐྱེ་འཆི་གཉིས་སུ་འཛིན་པ་ཉོན་རེ་མོངས། །འཆི་མེད་གཡུང་དྲུང་ཀློང་དུ་བཤགས་པར་བགྱི། །ཐིག་ལེ་ཆེན་པོ་གྲྭ་ཟུར་མེད་པ་ལ། །གཟུགས་དང་རྫས་སུ་བལྟ་བ་ཐང་རེ་ཆད། །གྲྭ་ཟུར་གཉིས་སུ་འཛིན་པ་ཉོན་རེ་མོངས། །ཀུན་ནས་ཟླུམ་པའི་ཐིག་ལེ་ཆེན་པོར་བཤགས། །དུས་གསུམ་འགྱུར་བ་མེད་པའི་ངང་ཉིད་ལ། །ཐོག་མ་ཐ་མར་བལྟ་བ་ཐང་རེ་ཆད། །འཕོ་འགྱུར་གཉིས་སུ་འཛིན་པ་ཉོན་རེ་མོངས། །དུས་གསུམ་འགྱུར་མེད་ཀློང་དུ་བཤགས་པར་བགྱིའོ། །རང་བྱུང་ཡེ་ཤེས་རྩོལ་བ་མེད་པ་ལ། །རྒྱུ་འབྲས་གཉིས་སུ་བལྟ་བ་ཐང་རེ་ཆད། །རྩོལ་སྒྲུབ་གཉིས་སུ་འཛིན་པ་ཉོན་རེ་མོངས། །རང་བྱུང་རྩོལ་མེད་ངང་དུ་བཤགས་པར་བགྱི། །རིག་པ་ཡེ་ཤེས་གཟུང་འཛིན་མེད་པ་ལ། །རྟག་ཆད་གཉིས་སུ་བལྟ་བ་ཐང་རེ་ཆད། །གཟུང་འཛིན་གཉིས་སུ་འཛིན་པ་ཉོན་རེ་མོངས། །རིག་པ་ཡེ་ཤེས་ཀློང་དུ་བཤགས་པར་བགྱི། །ཆོས་དབྱིངས་རྣམ་དག་སྤྲོས་པ་མེད་པ་ལ། །ཟུག་རྔུ་གཉིས་སུ་བལྟ་བ་ཐང་རེ་ཆད། །མཐའ་དབུས་གཉིས་སུ་འཛིན་པ་ཉོན་རེ་མོངས། །ཆོས་དབྱིངས་རྣམ་དག་ཀློང་དུ་བཤགས་པར་བགྱིའོ། །གཞལ་ཡས་ཁང་ལ་ཡངས་དོག་མེད་པ་ལ། །ཕྱི་དང་ནང་དུ་བལྟ་བ་ཐང་རེ་ཆད། །ཡངས་དོག་གཉིས་སུ་འཛིན་པ་ཉོན་རེ་མོངས། །གཞལ་ཡས་ཡངས་དོག་མེད་པའི་ཀློང་དུ་བཤགས་པར་བགྱིའོ། །ཡུམ་གྱི་མཁའ་ལ་མཐོ་དམན་མེད་པ་ལ། །སྟེང་དང་འོག་ཏུ་བལྟ་བ་ཐང་རེ་ཆད། །མཐོ་དམན་གཉིས་སུ་འཛིན་པ་ཉོན་རེ་མོངས། །བྷ་ག་མཐོ་དམན་མེད་པའི་ཀློང་དུ་བཤགས་པར་བགྱིའོ། །ཆོས་ཀྱི་སྐུ་ལ་གཉིས་སུ་མེད་པ་ལ། །ཕྱི་ནང་གཉིས་སུ་བལྟ་བ་ཐང་རེ་ཆད། །སྣོད་བཅུད་གཉིས་སུ་འཛིན་པ་ཉོན་རེ་མོངས། །ཆོས་སྐུ་འགྱུར་མེད་ཀློང་དུ་བཤགས་པར་བགྱིའོ། །མ་རིག་རྨོངས་པའི་བློ་འདི་སྙིང་རེ་རྗེ། །གཟུགས་མེད་ཆོས་ལ་དངོས་པོ་མཚན་མར་བཟུང་། །གང་ཟག་འཁྲུལ་པའི་སེམས་འདི་ཡོང་རེ་སྡུག །སྐྱེ་མེད་ཆོས་ལ་ང་དང་བདག་ཏུ་བཟུང་། །སྣང་སྲིད་སྒྱུ་མ་ཡིན་པར་མ་ཤེས་པས། །ཟང་ཟིང་ནོར་ལ་སེམས་ཀྱི་ཆགས་པ་སྐྱེས། །འཁོར་བ་རང་བཞིན་མེད་པར་མ་ཤེས་པས། །གཉེན་བཤེས་འཁྲུལ་པའི་གྲོགས་ལ་རྟག་པར་བཟུང་། །མི་ཤེས་སྐྱེ་བོའི་སེམས་འདི་ཡོངས་སུ་གོལ། །བདེན་པའི་དོན་བོར་མི་དགེའི་ལས་ལ་བརྩོན། །སྟོན་པའི་བཀའ་བོར་མི་ཆོས་གཡེང་བར་བསླུས། །རང་རིག་དོན་མེད་གཡེང་བའི་ལས་ལ་བརྩོན། །འདི་འདྲ་དོན་མེད་སེམས་ཅན་སྙིང་རེ་རྗེ། །དབྱེ་འབྲི་མེད་པའི་ཀློང་དུ་བཤགས་པར་བགྱིའོ། །ཞེས་བརྗོད་ཅིང་དེ་དག་གི་དོན་བླ་མས་བརྡའ་བཀྲོལ་ཞིང་འདི་སྐད་བརྗོད། གལ་ཏེ་སྐུ་ཡི་དམ་ཚིག་ཉམས་གྱུར་ན། །ཆོས་ཉིད་སྐྱེ་བ་མེད་པའི་ངང་དུ་བཤགས། །གསུང་གི་དམ་ཚིག་ཉམས་གྱུར་ན། །ཆོས་ཉིད་བརྗོད་དུ་མེད་པའི་ངང་དུ་བཤགས། །ཐུགས་ཀྱི་དམ་ཚིགས་ཉམས་གྱུར་ན། །ཆོས་ཉིད་དྲན་རྟོགས་མེད་པའི་ངང་དུ་བཤགས། །གསང་བའི་དམ་ཚིག་ཉམས་གྱུར་ན། །གསང་བ་ཆོས་ཀྱི་དབྱིངས་ཀྱི་ངང་དུ་བཤགས། །རྩ་བའི་དམ་ཚིག་ཉམས་གྱུར་ན། །རྩ་བ་བྱང་ཆུབ་སེམས་ཀྱི་ངང་དུ་བཤགས། །ཡན་ལག་དམ་ཚིག་ཉམས་གྱུར་ན། །ཆོས་ཉིད་གཉིས་སུ་མེད་པའི་ངང་དུ་བཤགས། །ཆོས་ཀྱི་དམ་ཚིག་ཉམས་གྱུར་ན། །ཆོས་ཉིད་ལྷུན་གྱིས་གྲུབ་པའི་ངང་དུ་བཤགས། །ཆོས་ཁྱད་པར་གྱི་དམ་ཚིག་ཉམས་གྱུར་ན། །མཚན་མ་ཆོས་ཅན་ལྷུན་གྲུབ་ངང་དུ་བཤགས། །འཁོར་བ་ཐོག་མ་མེད་པ་ནས་ད་ལྟ་ཡན་ཆོད་དུ། །མི་དགེ་བཅུ་དང་མཚམས་མེད་ལྔ་སོགས་བྱས་པ་ཀུན། །རང་བྱུང་ཡེ་ཤེས་རྟོག་པ་མེད་པའི་ངང་དུ་བཤགས་པར་བགྱིའོ། །ཞེས་དོན་དྲན་པར་བྱའོ། །གསུམ་པ་དཀྱིལ་འཁོར་གྱི་ལས་སུ་བྱ་བ་ནི། མཚོན་བྱེད་དཔེའི་དཀྱིལ་འཁོར་རྡུལ་ཚོན་གྱིས་བྲིས་པ་འདི་ཡིན་ལ། མཚོན་བྱ་དོན་གྱི་དཀྱིལ་འཁོར་ཙིཏྟ་རིན་པོ་ཆེའི་གཞལ་ཡས་ན། རྩ་པདྨ་འདབ་མ་བཅུ་དྲུག་པའི་དཀྱིལ་ལམ་ལྟེ་བ་ལ་རྒྱུ་རྐྱེན་མེད་པར་རང་བྱུང་གི་ཀུན་ཏུ་བཟང་པོ་དང་། བྱེད་པ་པོ་མེད་པར་ལྷུན་གྲུབ་ཀྱི་ཀུན་ཏུ་བཟང་མོ་གཉིས། གདོད་ནས་མ་སྐྱེས་པའི་ཆོས་ཉིད་ཡི་གེ་ཨ་ཡི་རྣམ་པར་གནས་པ་ནི་དཀྱིལ་ཡིན་ལ། པད་འདབ་བཅུ་དྲུག་ལ་རྣམ་ཤེས་ཚོགས་བརྒྱད་ཡུལ་དང་བཅས་པ་གདོད་ནས་དག་པའི་ཀུན་ཏུ་བཟང་པོ་བཅུ་དྲུག་ནི་འཁོར་ཡིན་ནོ། །དེ་ཡང་འཁོར་གྱི་ཀུན་ཏུ་བཟང་པོ་ཞེས་འཁོར་བ་ཡེ་གདལ་གྱི་ངོས་ནས་སྨོས་ལ། དཀྱིལ་ནི་ཁམས་གསུམ་དོང་སྤྲུགས་ཀྱི་རང་བཞིན་ཏེ། དོན་འཁོར་འདས་ཀྱི་ཆོས་ལ་བླང་དོར་མེད་པ་རང་བྱུང་གི་ཡེ་ཤེས་ཐིག་ལེ་ཉག་གཅིག་ཏུ་གནས་པའོ། །དེ་ལྟར་གནས་པ་ལ་གནས་པ་ལྟར་སྒོམ་པ་ནི། ཏིང་ངེ་འཛིན་གསུམ་གྱིས་ལྷ་བསྐྱེད་ཅིང་དབང་བསྐུར་བྱིན་རླབས་ལ་སོགས་པ་བྱ་བའི་ཚུལ་ནི། མཚན་བརྗོད་ལས། དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཞེས་པས་མཆོད་མཁན་རྣམས་ཀྱིས་དོན་ཡིད་ལ་བསམ་ཞིང་ཚིག་འདི་སྐད་བརྗོད་དོ། །ཧཱུཾ། རང་གི་སེམས་ཉིད་གདོད་ནས་མ་དག་ན། །འཕྲལ་དུ་ཕྱོགས་ཙམ་བསྒོམས་པས་དག་མི་འགྱུར། །ཆོས་ཉིད་མ་བཅོས་ཡེ་ནས་ཡིན་ཤེས་ན། །དེ་བཞིན་ཉིད་ཀྱི་ཏིང་འཛིན་མ་བསྒོམས་གསལ། །ཐབས་ཀྱི་རྩ་བར་སྙིང་རྗེ་མ་ཤར་ན། །འཕྲལ་གྱི་ཕྱོགས་ཙམ་ཡོངས་ལ་ཁྱབ་མི་འགྱུར། །བརྡལ་བ་ཆེན་པོ་བློ་ཡིས་སྤྱིར་ཁྱབ་ན། །ཀུན་ཏུ་སྣང་གི་ཏིང་འཛིན་མ་བསྒོམས་གསལ། །རྒྱུ་ཉིད་དག་པའི་དོན་ཉིད་མ་ཤེས་ན། །འཕྲལ་གྱི་དམིགས་པས་རང་རིག་གསལ་མི་འགྱུར། །ཡེ་ནས་ཡིན་པ་རང་རིག་གསལ་རྟོགས་ན། །རྒྱུ་ཡི་ཏིང་འཛིན་དེ་ཡང་མ་བསྒོམས་གསལ། །རང་རིག་རྩལ་གྱིས་ཡོངས་ལ་མ་བརྡལ་ན། །འཕྲལ་གྱི་འཕྲོ་འདུས་ཉོན་མོངས་དག་མི་འགྱུར། །སྐད་ཅིག་ཙམ་ལ་རང་བྱུང་ཉི་ཤར་ན། །ཡོངས་སུ་རྫོགས་པའི་ཏིང་འཛིན་མ་བསྒོམས་གསལ། །གཉིས་མེད་ཡུམ་ཆེན་བྷ་ག་མ་རྟོགས་ན། །འཕྲལ་དུ་ཡུམ་མཆོག་བསྐྱེད་པས་སྐུ་མི་རྫོགས། །ཤེས་རབ་ཕ་རོལ་ཕྱིན་པས་དབྱེར་མེད་ན། །སྙིང་རྗེ་ཡུམ་མཆོག་ཐབས་དང་ཤེས་རབ་རྫོགས། །སེམས་ཀྱི་དབང་ཕྱུག་འདོད་རྒུར་མ་ཤེས་ན། །འཕྲལ་དུ་ཡེ་ཤེས་ལྔ་ཡི་དབང་མི་ཆགས། །ཀུན་གཞིའི་རྩ་བ་ཕྱོགས་བཅུར་དབང་སྒྱུར་བས། །ཡེ་འབྱམས་ཆེན་པོའི་དབང་མཆོག་མ་བསྐུར་རྫོགས། །དགོངས་པའི་བྱིན་རླབས་ཐིག་ལེར་མ་བསླབས་ན། །འཕྲལ་གྱི་དགོངས་པས་སྐུ་གསུང་ཐུགས་མི་རློབ། །རང་བྱུང་བདེ་བས་ཁམས་གསུམ་བྱིན་བརླབས་པས། །སྐུ་གསུམ་བྱིན་རླབས་ཆོ་འཕྲུལ་རང་བཞིན་ཚང་། །ཞེས་བརྗོད་དོ། །བཞི་པ་དམ་ཚིག་དང་ཡེ་ཤེས་ཀྱི་ཀུན་ཏུ་བཟང་པོ་ཡེ་ནས་དབྱེ་བ་མེད་པ་ལ་ཕྱག་འཚལ་བ་ནི། པཉྩ་ཀྲ་མ་ལས། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞག་བཞིན། །རང་གིས་རང་གི་ཡེ་ཤེས་གང་། །ལེགས་མཐོང་གང་ཡིན་འདིར་ཕྱག་འཚལ། །ཅེས་པའི་དོན་དྲན་པར་བྱས་ལ། བྱ་རྩོལ་མེད་པའི་ཕྱག་འཚལ་བ་ནི། སྣང་མེད་སྟོང་མེད་ངོས་བཟུང་མེད་ལ་ཕྱག་འཚལ་ལོ། །དྲན་མེད་རིག་མེད་འགྱུ་བ་མེད་ལ་ཕྱག་འཚལ་ལོ། །བྱ་མེད་ཞེན་མེད་འཛིན་པ་མེད་ལ་ཕྱག་འཚལ་ལོ། །སྐྱེ་མེད་ལྷུན་གྲུབ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ཞེས་པས་ཕྱག་འཚལ་ལོ། །ལྔ་པ་དཀྱིལ་འཁོར་གྱི་ལྷ་དེ་རྣམས་ལ་མཆོད་པ་འབུལ་བའི་ཚུལ་ནི། ནམ་མཁའ་ཆེ་ལས། བླ་མ་མཆོད་དང་བསྟོད་པ་དང་། །དེ་བཞིན་བསོད་ནམས་ཐམས་ཅད་ལ། །མ་ཆགས་མི་གཡོའི་སྟོབས་མེད་ན། །བྱས་ན་འཆིང་བ་ཆེན་པོར་འགྱུར། །ཞེས་པས། མཆོད་མཁན་རྣམས་ཀྱིས་དོན་ཡིད་ལ་བསམ་ཞིང་འདི་སྐད་བརྗོད་དོ། །ཡིད་ཀྱི་མཆོད་པས་སྟོང་གསུམ་མ་ཁྱབ་ན། །འཕྲལ་དུ་ཕུལ་བས་རྒྱལ་བ་མཉེས་མི་འགྱུར། །ཡོངས་སུ་ཁྱབ་པའི་མཉེས་པ་རྒྱུན་མེད་ན། །མཆོད་པའི་ཆོ་འཕྲུལ་དོན་དུ་མ་བསྒོམས་ཚང་། །ཞེས་པའི་དོན་བླ་མས་བརྡའ་བཀྲོལ་ཏེ། བྱ་རྩོལ་མེད་པའི་མཆོད་པ་འབུལ་བ་ནི། སྤྱིར་འདོད་ཡོན་ལྔའི་མཆོད་པ་དང་། ཁྱད་པར་ཕྱི་ནང་གསང་བའི་མཆོད་པ་ལས། གཟུགས་སྣང་བ་དངོས་མེད་ཀྱི་མཆོད་པ། སྒྲ་གྲགས་པ་གཟུགས་མེད་ཀྱི་མཆོད། དྲི་ཚོར་བ་དམིགས་མེད་ཀྱི་མཆོད་པ། རོ་མྱོང་བ་ཚོར་མེད་ཀྱི་མཆོད་། རེག་དྲན་པ་འཛིན་མེད་ཀྱི་མཆོད་པ། ཆོས་སྐྱེ་མེད་བློ་འདས་ཀྱི་མཆོད་པའོ། །དེ་དག་ཀྱང་ཁྱད་པར་ཕྱི་ནང་གསང་གསུམ་དུ་བསྡུས་ནས་མཆོད་པ་ནི། ཕྱི་གཟུགས་སོགས་ཀྱི་སྣང་བ་དངོས་མེད་ཀྱི་མཆོད་པ། ནང་རྣམ་ཤེས་ཀྱི་རིག་པ་འགྱུར་མེད་ཀྱི་མཆོད་པ། གསང་བ་སྐྱེ་མེད་ཀྱི་དོན་བློ་འདས་ཀྱི་མཆོད་པར་མཆོད་དོ། །དྲུག་པ་བཟླས་པ་བྱ་བ་ནི། ནམ་མཁའ་ཆེ་ལས། མི་གསུང་མཉམ་གཞག་སྔགས་ཚིག་གོ། །ཞེས་པས་སྔགས་ཀྱི་བཟླས་ཚུལ་ནི། མཆོད་མཁན་རྣམས་ཀྱིས་དོན་ཡིད་ལ་བསམ་ཞིང་འདི་སྐད་བརྗོད་དོ། །དགོངས་པ་ཡིད་ཀྱི་ཏིང་འཛིན་མི་གསལ་ན། །འཕྲལ་གྱི་འཕྲོ་འདུས་རིག་པའི་ལྷ་མི་གསལ། །ཆོས་ཉིད་རང་གསལ་རིག་པའི་གཏིང་གོ་ན། །ཏིང་ངེ་འཛིན་གྱི་ཆོ་འཕྲུལ་མ་བསྒོམས་གསལ། །དོན་གྱི་བསྙེན་པ་ཁོ་ནར་མ་ཤེས་ན། །འཕྲལ་དུ་མཚན་མར་བརྗོད་པས་འགྲུབ་པ་མེད། །ཡིད་ཀྱི་བཟླས་བརྗོད་དུས་དང་རྒྱུན་ཆད་མེད། །རྣལ་འབྱོར་བསྙེན་པའི་ཆོ་ག་ཡང་དག་རྫོགས། །ཧཱུཾ། བདག་གི་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ཆགས་མེད་མཆོད་པའི་སྤྲིན་དུ་རབ་སྤྲུལ་ནས། །ཆགས་པ་མེད་པའི་ཚུལ་དུ་འབུལ་ལགས་ན། །བཅོམ་ལྡན་སྤྱི་དཔལ་ཐུགས་རྗེས་བཞེས་སུ་གསོལ། །སངས་རྒྱས་ཁྱེད་ཀྱི་སྐུ་མཆོག་ཅི་འདྲ་བ། །ནམ་མཁའི་དབྱིངས་ལ་ཅིར་ཡང་སྣང་བའི་སྐུ། །དབྱིངས་དང་ཡེ་ཤེས་གཉིས་མེད་ཆོས་ཀྱི་སྐུ། །འདུས་བྱས་འདུས་མ་བྱས་པ་ཐབས་ཀྱི་སྐུ། །སྐུ་མཆོག་ཀུན་བཟང་སྐུ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཁྱེད་ཀྱི་གསུང་མཆོག་ཅི་འདྲ་བ། །སྒྲར་སྣང་བརྗོད་མེད་དོན་ལས་མ་གཡོས་ཀྱང་། །ཐུགས་རྗེས་འདུལ་ཕྱིར་གསུང་མཆོག་ཅིར་ཡང་སྒྲོག །བརྗོད་མེད་གསུང་མཆོག་ཤེས་རབ་ཕ་རོལ་ཕྱིན། །གསུང་མཆོག་ཀུན་བཟང་གསུང་ལ་ཕྱག་འཚལ་ལོ། །སངས་རྒྱས་ཁྱེད་ཀྱི་ཐུགས་ནི་ཅི་འདྲ་བ། །རྣམ་རྟོག་མི་མངའ་ཅིར་ཡང་ས་ལེར་མཁྱེན། །ཡེ་ཤེས་མཁྱེན་ལྡན་ཐམས་ཅད་འདུས་མ་བྱས། །དྲན་བྱེད་རིག་པའི་རྒྱལ་པོ་ཡོངས་སུ་ཤར། །ཐུགས་མཆོག་ཀུན་བཟང་ཐུགས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཁྱེད་ཀྱི་ཡོན་ཏན་ཅི་འདྲ་བ། །ཆེ་བའི་ཡོན་ཏན་མེད་ལས་ཅིར་ཡང་སྣང་། །སྣང་ཙམ་ཉིད་ལས་ཐིག་ལེའི་ངང་དུ་འདུ། །ལྷུན་རྫོགས་མཐར་ཕྱིན་རྒྱལ་བའི་ཡོན་ཏན་སྐུ། །ཡོན་ཏན་ཀུན་བཟང་ལྷ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཁྱེད་ཀྱི་ཕྲིན་ལས་ཅི་འདྲ་བ། །ཐབས་ཀྱི་ཕྲིན་ལས་འགྲོ་བ་ཡོངས་ལ་ཁྱབ། །སྐྱེ་འགྲོ་མང་པོ་ཐར་པའི་ལམ་མཆོག་འགོད། །ཐབས་མཁས་མཐར་ཕྱིན་རྒྱལ་བའི་ཕྲིན་ལས་སྐུ། །ཕྲིན་ལས་ཀུན་ཏུ་བཟང་ལ་ཕྱག་འཚལ་བསྟོད། །ཅེས་བརྗོད་པས་བསྙེན་ཅིང་བསྟོད། བླ་མས་བརྡའ་བཀྲོལ་ཏེ་བྱ་རྩོལ་མེད་པའི་བསྙེན་པ་ནི། ཕྱི་སྣང་སྲིད་གཞིར་བཞེངས་སུ་བཟླས། །ནང་སྒོ་ལྔ་གསལ་ལ་རྟོག་མེད་དུ་བཟླས། གསང་བ་སྐྱེ་མེད་ལྷུན་གྲུབ་ཏུ་བཟླས་ཏེ་མཐར་ཐུག་གི་བཟླས་པའོ། །བདུན་པ་གཏོར་མ་གཏོང་བ་ནི། ནམ་མཁའ་ཆེ་ལས། མི་བཟུང་གཏོང་བས་གཏོར་མ་ཡིན། །བྱ་བ་མེད་པའི་ལས་རྣམས་ཏེ། །ཞེས་པས། ཧཱུཾ། གཟུགས་སྣང་རབ་འབྲིང་ཐ་མ་ཐམས་ཅད་ཀུན། །སྐུ་མཆོག་མི་ཟད་རྒྱན་གྱི་འཁོར་ལོར་རྫོགས། །སྒྲ་གྲགས་རབ་འབྲིང་ཐ་མ་ཐམས་ཅད་ཀུན། །གསུང་མཆོག་མི་ཟད་རྒྱན་གྱི་འཁོར་ལོར་རྫོགས། །དྲན་རྟོག་རབ་འབྲིང་ཐ་མ་ཐམས་ཅད་ཀུན། །ཐུགས་མཆོག་མི་ཟད་རྒྱན་གྱི་འཁོར་ལོར་རྫོགས། །སེམས་ཉིད་མ་ཤེས་དོན་ཉིད་མ་ཤེས་ན། །ཇི་ལྟར་བརྟགས་པས་སྡུག་བསྔལ་ཉིད་དུ་འགྱུར། །ལྟ་བ་ཀུན་ཏུ་བཟང་ལ་མཐོལ་བཤགས་ནས། །རྣམ་རྟོག་གཏོར་མའི་མཆོད་པ་བཞེས་སུ་གསོལ། །སེམས་ཉིད་མ་ཡེངས་དོན་ཉིད་མ་ཤེས་ན། །ཇི་ལྟར་བསྒོམས་པས་སྡུག་བསྔལ་ཉིད་དུ་འགྱུར། །ཏིང་འཛིན་ཀུན་ཏུ་བཟང་ལ་མཐོལ་བཤགས་ནས། །རྣམ་ཤེས་གཏོར་མའི་མཆོད་པ་བཞེས་སུ་གསོལ། །རང་བྱུང་ལྷུན་གྱིས་གྲུབ་པར་མ་ཤེས་ན། །ཇི་ལྟར་བཙལ་བས་སྡུག་བསྔལ་ཉིད་དུ་འགྱུར། །ཕྲིན་ལས་ཀུན་ཏུ་བཟང་ལ་མཐོལ་བཤགས་ནས། །སྲོག་དབུགས་གཏོར་མའི་མཆོད་པ་བཞེས་སུ་གསོལ། །ཕུང་པོ་རྒྱལ་བའི་སྐུ་རུ་མ་ཤེས་ན། །ཇི་ལྟར་བསྐྱེད་པ་སྡུག་བསྔལ་ཉིད་དུ་འགྱུར། །རང་བཞིན་ཀུན་ཏུ་བཟང་ལ་མཐོལ་བཤགས་ནས། །རང་བྱུང་གཏོར་མའི་མཆོད་པ་བཞེས་སུ་གསོལ། །གཟུངས་མ་ཤེས་རབ་ཉིད་དུ་མ་ཤེས་ན། །ཇི་ལྟར་སྤྱད་པས་སྡུག་བསྔལ་ཉིད་དུ་འགྱུར། །དམ་ཚིག་ཀུན་ཏུ་བཟང་ལ་མཐོལ་བཤགས་ནས། །ཐིག་ལེ་གཏོར་མའི་མཆོད་པ་བཞེས་སུ་གསོལ། །རང་བྱུང་གདོད་ནས་དག་པར་མ་ཤེས་ན། །ཇི་ལྟར་སྦྱངས་པ་སྡུག་བསྔལ་ཉིད་དུ་འགྱུར། །རྣམ་དག་ཀུན་ཏུ་བཟང་ལ་མཐོལ་བཤགས་ན། །ཤ་ཁྲག་གཏོར་མའི་མཆོད་པ་བཞེས་སུ་གསོལ། །ལོངས་སྤྱོད་སྒྱུ་མ་ཡིན་པར་མ་ཤེས་ན། །ཇི་ལྟར་བསགས་པ་སྡུག་བསྔལ་ཉིད་དུ་འགྱུར། །སྤྱོད་པ་ཀུན་ཏུ་བཟང་ལ་མཐོལ་བཤགས་ན། །ཡོ་བྱད་གཏོར་མའི་མཆོད་པ་བཞེས་སུ་གསོལ། །ཕྱི་ནང་སྣོད་བཅུད་གཏོར་མར་བསྡུས་ནས་ནི། །ཐུགས་རྗེ་ཆེན་པོའི་གཏོར་མར་རབ་སྤྲུལ་ཏེ། །ཡེ་ཤེས་རོལ་པའི་གཏོར་མར་འབུལ་ལགས་ཀྱིས། །ཆོས་ཉིད་དབྱིངས་ཀྱི་གཏོར་མར་བཞེས་སུ་གསོལ། །ༀ་ཤྲཱི་བྷ་དྲ་ཨ། ཞེས་བརྗོད་ཅིང་བྱ་རྩོལ་མེད་པའི་གཏོར་མ་ནི། བླ་མས་བརྡའ་བཀྲོལ་ཏེ། སྣང་སྲིད་འཛིན་པ་མེད་པ་ཕྱིའི་གཏོར་མ། སྒོ་ལྔ་གསལ་ལ་རྟོག་པ་མེད་པ་ནང་གི་གཏོར་མ། སྐྱེ་མེད་མཐར་ཐུག་གི་དོན་གསལ་བའི་གཏོར་མ། ཀུན་ཏུ་བཟང་པོ་བཅོ་བརྒྱད་ལ་གཉིས་སུ་མེད་པའི་ཚུལ་གྱིས་དབུལ་བར་བྱའོ། །བརྒྱད་པ་ཚོགས་ཀྱི་མཆོད་པ་ནི། ནམ་མཁའ་ཆེ་ལས། ཚོགས་ཀྱི་རྒྱན་རྣམས་བཀྲམ་པ་ཡང་། །རང་བཞིན་གནས་པས་འགྲིབ་པ་མེད། །ལྷུན་གྱིས་གནས་པས་མི་བསྡོ་སྟེ། །གདོད་ནས་དག་པ་བདུད་རྩི་ཡིན། །འདུ་བྱེད་བཅུ་གཉིས་ཁྱད་པར་དུ། །ལྷག་པའི་བསམ་པས་བཟུང་དུ་མེད། །ཅེས་པས། བྱ་རྩོལ་མེད་པའི་ཚོགས་ཀྱི་མཆོད་པ་བྱས་ཏེ། དེ་ཡང་ཐེག་པ་ཆེན་པོ་འོག་མ་པའི་ཞི་ཁྲོའི་ལྷ་རྣམས་རབ་འབྱམས་ལ། རྫས་ཤ་ཟན་ཆང་ལ་སོགས་པ་བཟའ་བ་དང་བཏུང་བའི་བྱེ་བྲག་མང་པོ་ཏིང་ངེ་འཛིན་གྱིས་འདོད་ཡོན་གྱི་ལྷ་མོར་བྱིན་གྱིས་བརླབས་ནས་ཕུལ་བ་ཡང་བཟང་མོད་ཀྱི། དེ་བས་ཀྱང་ཨ་ཏིའི་ཐེག་པ་འདི་རང་བཞིན་གྱི་ཀུན་ཏུ་བཟང་པོ་བཅོ་བརྒྱད་རྒྱུ་རྐྱེན་མེད་པར་རང་བྱུང་། བྱེད་པ་པོ་མེད་པར་ལྷུན་གྱིས་གྲུབ་པ་སྟེ། རྣམ་པར་ཤེས་པ་ཚོགས་བརྒྱད་ཡུལ་དང་བཅས་པ་རང་བཞིན་གྱིས་རྣམ་པར་དག་པ་དེ་ལ། མཆོད་རྫས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་བླང་དོར་མེད་པའི་ཚུལ་གྱིས་སངས་རྒྱས་ངོས་བཟུང་མེད་པ་ལ། སྣང་སྲིད་ངོས་བཟུང་མེད་པ་སྟེ། བློ་ངོས་བཟུང་མེད་པར་ཕུལ་ནས། ཡིད་ངོས་བཟུང་མེད་པར་གནས་ན་ཚོགས་གཉིས་རང་རྫོགས་སུ་རྫོགས་སོ། །ནམ་མཁའི་མཐའ་ལྟར་ཀུན་ཏུ་ཐུག་པ་མེད། །ཆོས་སྐུ་འགྱུར་བ་མེད་པའི་ཀློང་ན་བཞུགས། །མ་བཅོས་ཐིག་ལེ་དུར་ཁྲོད་གཅིག་ཏུ་འཁྱིལ། །མི་སྐྱེ་མི་འགག་ཀློང་དུ་ཕྲིན་ལས་རྫོགས། །ཞེས་བརྗོད་དོ། །མདོར་ན་ཕྱི་བསྐྱེད་པའི་རིམ་པ་ཡི་དམ་ག ང་ཡིན་གྱི་ཕྲིན་ལས། ནང་རྫོགས་པའི་རིམ་པ་ཀུན་བཟང་དོན་གྱི་ཕྲིན་ལས། དོན་བསྐྱེད་རྫོགས་གཉིས་ཀྱི་ཐ་སྙད་ལས་འདས་པས་བྱ་རྩོལ་མེད་པའི་ཕྲིན་ལས་གསུམ་གཞུང་བསྲང་བ་ནི། རིག་པ་རྩལ་གྱི་དབང་བཅོ་བརྒྱད་པོ་ཐམས་ཅད་ལ་སྦྱར་རོ། །དགུ་པ་སྨོན་ལམ་གདབ་པ་ནི་འཆད་པར་འགྱུར་བའི་བུམ་ཆུས་དབང་བསྐུར་བའི་དུས་སུ་བརྗོད་པར་བྱའོ། །ལྔ་པ་བདག་བརྟག་པའི་མན་ངག་གི་རིག་པ་རྩལ་གྱི་དབང་བསྐུར་ཐབས་ནི། ཚོགས་ཀྱི་མཆོད་པའི་རྗེས་དེ་ཉིད་དུ་བླ་མ་དང་སློབ་མ་གཉིས་ཀས་ལུས་གནད་རྣམ་སྣང་གི་ཆོས་བདུན་བཅས་ལ་རླུང་རོ་ལན་གསུམ་འབུད། རླུང་དལ་བ་བརྟེན། སེམས་གནད་འདི་ལྟར་བསྒོམ་པར་བྱ་སྟེ། དཔོན་སློབ་གཉིས་ཀའི་ཙིཏྟ་རིན་པོ་ཆེ་འབར་བའི་གཞལ་ཡས་སུ་པདྨ་འདབ་མ་བཅུ་དྲུག་པའི་ལྟེ་བ་ལ་ཨ་དཀར་པོ་ཞལ་སྤྲོད་དང་། འདབ་མ་བཅུ་དྲུག་ལ་ཨ་དཀར་པོ་བཅུ་དྲུག་བསྒོམ་པར་བྱའོ། །དེ་ནས་བླ་མའི་ཐུགས་ལ་གནས་པའི་པདྨའི་ལྟེ་བའི་ཨ་རྒྱབ་མ་འོད་དུ་ཞུ་ནས། །འོད་དེ་སོག་མདའ་བཞིན་དུ་དཀར་ནར་གྱིས་མཚོན་དཔེ་རྡུལ་གྱི་པདྨའི་ལྟེ་བའི་རྒྱབ་མ་ལ་ཕོག་པས་དེ་ཡང་འོད་དུ་དཀར་མེར་གྱིས་ཞུ། དེ་ལས་ཀྱང་འོད་དཀར་ནར་གྱི་འཕྲོས་ནས་སྟེང་གི་བུམ་པའི་ཨ་ལ་ཕོག་པས་དེ་ཡང་འོད་དུ་དཀར་མེར་གྱིས་ཞུ་ནས། འོད་དེ་སློབ་མའི་སྙིང་ག་པདྨའི་ལྟེ་བའི་ཨ་རྒྱབ་མ་ལ་ཕོག་པས། འཁོར་བའི་བག་ཆགས་དང་རྣམ་པར་རྟོག་པ་ཐམས་ཅད་སྦྱངས་ནས་སེམས་ཉིད་དག་པའི་ངོ་བོ་ཨ་དཀར་པོ་དེ་ལ་ཤེས་པ་མ་ཡེངས་པར་གཏད་ལ་སྒོམ་དུ་གཞུག་ཅིང་། བླ་མས་རྡུལ་ཚོན་གྱི་པདྨའི་ལྟེ་བ་ལ་གནས་པའི་ཨ་རྒྱབ་མའི་སྟེང་གི་བུམ་པ་བླངས་ལ། དབྱངས་དང་བཅས་པའམ་མེད་ཀྱང་རུང་སྟེ། གོང་གི་ཕྲིན་ལས་ཀྱི་རྗེས་ཀྱི་སྨོན་ལམ་བཏབ་སྟེ། ཆོས་ཉིད་དངོས་པོ་མེད་པའི་ཡེ་སྟོང་འདི། །ལྟ་བ་འདི་དང་མི་འབྲལ་འགྲོགས་པར་ཤོག །ཆོས་ཉིད་ཉམས་མྱོང་མེད་པའི་བདེ་སྟོང་འདི། །བསྒོམ་པ་འདི་དང་མི་འབྲལ༴ སེམས་ཉིད་འཆོས་པ་མེད་པའི་རང་སྟོང་འདི། །སྤྱོད་པ་འདི་དང་མི་འབྲལ༴ ཆོས་ཉིད་འགྱུར་བ་མེད་པའི་ཡེ་སྟོང་འདི། །འབྲས་བུ་འདི་དང་མི་འབྲལ༴ ཇི་ལྟར་སྨོན་པའི་འབྲས་བུ་འགྲུབ་པར་གྱུར་ཅིག །སྨོན་ལམ་གྱི་མཐུ་བཙན་པར་གྱུར་ཅིག །དེ་ཁོ་ན་ཉིད་ཀྱི་དོན་ལ་བློ་གནས་པར་གྱུར་ཅིག །ཅེས་བརྗོད་ཅིང་། བླ་མས་བུམ་པ་སློབ་མའི་མགོ་ལ་བཞག །སྤྱི་བོར་ཆུ་གཏིག་ཅིང་། བུམ་ཆུ་འཐུང་བ་དང་ཁྲུས་བྱེད་དུ་བཅུག་ལ། དབང་བརྟན་པར་བྱ་ཞིང་། མཆོད་མཁན་རྣམས་ཀྱིས་སྤོས་དང་རོལ་མོ་སྦྱར་རོ། །རྗེས་ཀྱི་ཤེས་པ་ནི། སློབ་མ་རྣམས་རང་རང་གི་སྔར་བསྒོམས་པའི་ཨ་ལ་ཤེས་པ་གཏད་ལ། ཨ་དེ་ཡང་འོད་དཀར་པོ་གསལ་ལ་འཚེར་བའི་ངང་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི་སྐྱེས་བུ་སྙིང་བཏོན་པ་ལྟ་བུ་ཞེས་པས། བདག་བརྟན་པའི་མན་ངག་གི་རིག་པ་རྩལ་གྱི་དབང་ཐོབ་པའི་སྟོབས་ཀྱིས་སེམས་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་མཚོན་པའོ། །བདུན་པ་སྦུབས་མཆུའི་གདམས་ངག་གི་ངོ་སྤྲད་པ་ནི། གནས་པ་མེད་པའི་ཚུལ་གྱིས་གནས་པའི་སློབ་མ་སོ་སོའི་རྣ་བར་རིན་པོ་ཆེའམ་ཤིང་ལ་སོགས་པའི་ཨུམ་བྷི་བཙུགས་ལ། བླ་མས་གཞན་གྱིས་མ་ཐོས་པར་གསེར་གྱི་ཁྱུང་གཤོག་ཅེས་པའི་མན་ངག་ལས། གསལ་ལ་མི་གཡོ་ཐལ་བྱུང་བའོ། །གསལ་ལ་མི་གཡོ་ཐལ་བྱུང་བའོ། །གསལ་ལ་མི་གཡོ་ཐལ་བྱུང་བའོ། །ཞེས་ལན་གསུམ་བརྗོད་དོ། །བརྒྱད་པ་གདམས་ངག་གི་དགོངས་འགྲེལ་བཤད་པ་ནི། སྔར་སྦུབས་མཆུའི་མན་ངག་གི་དབང་དོན་ངོ་སྤྲད་པའི་སློབ་མ་རྣམས་ལ་ཐུན་མོང་དུ་བཤད་པར་བྱ་སྟེ། དེས་དབང་ཀུན་ལ་འགྲེའོ། །དེ་ཡང་འདི་སྐད་བརྗོད་དེ། ཐམས་ཅད་མ་ཡེངས་པར་ཡིད་ལ་བཟུང་ཞིག །རིག་པ་བྱང་ཆུབ་ཀྱི་སེམས་དེ་ལ་བདག་ཅེས་བྱ་བ་ཡིན་ལ། དེའི་མཚན་ཉིད་མ་བཅོས་པའི་དོན་ཁོང་དུ་ཆུད་པ་ལ་སེམས་ཀྱི་དེ་ཁོ་ན་ཉིད་རྟོགས་པ་ཞེས་བྱའོ། །ཆོས་དེ་ཉིད་ཆོས་ཐམས་ཅད་ཀྱི་བཅུད་དེ་དཔེར་ན་སྐྱེས་བུའི་སྙིང་ལྟ་བུའོ། །དེ་ལྟར་རྟོགས་པ་དེ་ཁོ་ན་ལས་དུས་གསུམ་དུ་མ་གཡོས་པར་གནས་པ་ལ་བདག་བརྟག་པའི་མན་ངག་ཅེས་བྱ་སྟེ། གསལ་ལ་མི་གཡོ་བ་ཆེན་པོར་གནས་སོ། །ཐལ་བྱུང་བ་ཞེས་བྱ་བ་ནི། བྱིང་རྒོད་ཡན་པར་བཞག་པའོ། །ཅིའི་ཕྱིར་བཞག་ཅེ་ན་ཐམས་ཅད་ཆོས་ཉིད་ལས་མ་གཡོས་པའི་ཕྱིར་མཉམ་པའི་གཏན་ཚིགས་སོ། །དེ་ཕྱིར་རིག་པའི་ཡེ་ཤེས་ཆེན་པོ་ཉིད་དེ་ལྟར་ཤར་བས་རེ་དོགས་ཀ་ནས་དག་པའོ། །དེ་ཡང་དྲང་སྲོང་བྷ་ཤིས། སེམས་ནི་ཅི་ལའང་མི་བརྟག་པ། །མ་བཅོས་དེ་ནི་རྣལ་མར་ཞོག །ཅེས་པས་གསལ་ལོ། །དགུ་པ་རིག་འཛིན་དགོངས་ཉམས་ཀྱི་གླུས་བསྐུལ་བ་ནི། ཁྱུང་ཆེན་གྱི་དགོངས་པ། ཆོས་ཉིད་ཀློང་རྡོལ་གླུ་ཡི་བསམ་གཏན། ཙནྡན་གྱི་ནགས་ཚལ་དུ་ནམ་གྱི་གུང་ལ། རྒྱལ་པོ་དྷ་ཧེ་ན་ཏ་ལོ་འདི་སྐད་ལོ། །ཧཱུཾ། འགྱུར་བ་མེད་པའི་ཆོས་ཉིད་ནི། །ཀུན་གཞི་མ་བཅོས་བྱང་ཆུབ་སེམས། །གཟུང་འཛིན་རྣམ་རྟོག་ཡུལ་ལས་འདས། །སྣང་བའི་གཟུགས་མེད་བྱང་ཆུབ་སེམས། །ཅི་ལའང་མི་སྤྱད་རྟོག་པས་མི་གཟུང་ཞིང་། །སེམས་ཉིད་རང་བཞིན་བསམ་མེད་མཁའ་འདྲ་ལ། །མ་ཡེངས་མ་བསླད་བཅོས་པ་མེད་པར་བཞག །སྒོམ་དུ་མེད་པའི་ཆོས་དབྱིངས་ཆེན་པོ་ལ། །བསམ་དུ་མེད་པ་རིག་པ་མ་ཡེངས་ཞོག །དེ་ལས་སྒོམ་དུ་རྡུལ་ཙམ་མེད་པར་འཁུམས། །སྐྱེ་བ་བརྒྱུད་ནས་རྒྱལ་པོར་བདག་སྐྱེས་ཏེ། །དོ་ཧ་དེ་ལོང་ང་རྒྱལ་བཅག་པ་ལས། །སྔོན་ཆད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །སེམས་དང་ཆོས་སུ་འདྲེས་པའི་འཕྲོ་བླང་ཞིང་། །སྒྱུ་མའི་ཕུང་པོ་ད་ལྟ་བསྙིལ་བའི་ཕྱིར། །ཀུན་བཟང་ཐུགས་ཀྱི་འོད་ཟེར་བདག་ལ་ཤར། །གྷི་ཏ་མ་ཀོ་ལ་ས་ཨ་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ། །རིག་པའི་ཁུ་བྱུག་དང་རྗེས་སུ་འབྲེལ་བ་དབང་གཉིས་པ་བསྐུར་བ་ལ་དགུ་ལས། དང་པོ་ཡེ་ཤེས་ངོས་བཟུང་བའི་མན་ངག་གི་རིག་པ་རྩལ་གྱི་དབང་བསྐུར་བ་རུས་སྦལ་འཁར་གཞོང་དུ་བཅུག་པ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདེངས་ཅི་ཐོབ་ན། རིག་པ་རང་ཤར་བས་སངས་རྒྱས་དང་སེམས་ཅན་གཅིག་ཏུ་རྟོགས་པའི་གདེངས་འཁོར་ལོས་སྒྱུར་བའི་རྒྱལ་པོ་དམུས་ལོང་མིག་ཕྱེ་བ་ལྟ་བུ་ཐོབ་བོ། །གསུམ་པ་གདེངས་དེ་ལམ་དུ་སློབ་པའི་སྤྱོད་པ་ནི། བཅོས་པ་མེད་པའི་སྤྱོད་པ། ཅི་ཡང་མི་བཙལ་བ་སྟེ། རྒྱལ་པོ་རྒྱལ་ས་བཟུང་བ་ལྟ་བུའོ། །བཞི་པ་གང་ཟག་གི་རྒྱུད་ལ་འཁྱེར་བའི་ཕྲིན་ལས་ནི། དབང་བཅོ་བརྒྱད་པོ་ཐམས་ཅད་མཐུན་ནོ། །ལྔ་པ་ཡེ་ཤེས་ལྔ་ངོས་བཟུང་བའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་རྣམ་སྣང་གི་ཆོས་བདུན་བཅས་ལ་རླུང་རོ་བུས་ལ་འཇམ་རླུང་བཟུང་། བླ་མ་དང་སློབ་མ་རྣམས་ཀྱི་ཙིཏྟ་རིན་པོ་ཆེའི་གཞལ་ཡས་ཁང་ན་གནས་པའི་པདྨའི་ལྟེ་བའི་ཨ་མདུན་མ་སྐྱ་མེར་གྱིས་འོད་དུ་ཞུ་ནས་འོད་དེ་སོག་མདའ་བཞིན་དུ་དཀར་ནར་གྱིས་རྡུལ་ཚོན་གྱི་པདྨའི་ལྟེ་བའི་ཨ་མདུན་མ་ལ་ཕོག་པས། དེ་ཡང་འོད་དུ་དཀར་མེར་གྱིས་ཞུ། དེ་ལས་ཀྱང་འོད་དཀར་ནར་གྱིས་འཕྲོས་ནས་སྟེང་གི་བུམ་པའི་ཨ་ལ་ཕོག་པས། དེ་ཡང་འོད་དུ་དཀར་མེར་གྱིས་ཞུ་ནས། དེ་ལས་ཀྱང་འོད་དཀར་ནར་གྱིས་འཕོས་ནས་སློབ་མའི་སྙིང་གི་པདྨའི་ལྟེ་བའི་ཨ་མདུན་མ་ལ་ཕོག་པས། ཨ་དེ་ཤིན་ཏུ་དཀར་བ་རང་བཞིན་གྱིས་འོད་གསལ་བར་གྱུར་ཅིང་། །ལྟེ་བའི་ཨ་མདུན་རྒྱབ་གཉིས་གཅིག་གི་འོད་གཅིག་ལ་ཕོག་པས་འོད་ཤིན་ཏུ་གསལ་བར་གྱུར་ཏེ། སྙིང་གི་ནང་འོད་ཀྱིས་ཁེངས་ནས་བུམ་ནང་གི་མར་མེ་ལྟ་བུ་སྒོམ་དུ་གཞུག་ཅིང་། བླ་མས་པདྨའི་ལྟེ་བ་ལ་གནས་པའི་ཨ་མདུན་མའི་སྟེང་གི་བུམ་པ་བླངས་ལ། ཆོས་ཉིད་དངོས་པོ་མེད་པའི་ཡེ་སྟོང་འདི། །ལྟ་བ་འདི་དང་མི་འབྲལ་འགྲོགས་པར་ཤོག །ཆོས་ཉིད་ཉམས་མྱོང་མེད་པའི་བདེ་སྟོང་འདི། །སྒོམ་པ་འདི་དང་མི་འབྲལ༴ སེམས་ཉིད་འཆོས་པ་མེད་པའི་རང་སྟོང་འདི། །སྤྱོད་པ་འདི་དང་མི་འབྲལ༴ ཆོས་ཉིད་འགྱུར་བ་མེད་པའི་ཡེ་སྟོང་འདི། །འབྲས་བུ་འདི་དང་མི་འབྲལ༴ ཇི་ལྟར་སྨོན་པའི་འབྲས་བུ་འགྲུབ་པར་གྱུར་ཅིག །སྨོན་ལམ་གྱི་མཐུ་བཙན་པར་གྱུར་ཅིག །དེ་ཁོ་ན་ཉིད་ཀྱི་དོན་ལ་བློ་གནས་པར་གྱུར་ཅིག །ཅེས་བརྗོད་ཅིང་། བླ་མས་བུམ་པ་སློབ་མའི་མགོ་ལ་བཞག །སྤྱི་བོར་ཆུ་གཏིག་ཅིང་། བུམ་ཆུ་འཐུང་བ་དང་ཁྲུས་བྱེད་དུ་བཅུག་ལ། དབང་བརྟན་པར་བྱ་ཞིང་མཆོད་མཁན་རྣམས་ཀྱིས་སྤོས་དང་རོལ་མོ་སྦྱར་རོ། །རྗེས་ཀྱི་ཤེས་པ་ནི། སློབ་མ་རྣམས་ཀྱིས་རང་རང་གི་སྔར་བསྒོམས་པ་བཞིན་སྙིང་འོད་ཀྱིས་གསལ་བར་གང་ལ་ཤེས་པ་གཏད་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི་རུས་སྦལ་འཁར་གཞོང་དུ་བཅུག་པ་ལྟ་བུ་ཞེས་པས་ཡེ་ཤེས་ངོས་བཟུང་བའི་མན་ངག་གིས་རིག་པ་རྩལ་གྱི་དབང་ཐོབ་པའི་སྟོབས་ཀྱིས་སེམས་ཟིན་པའི་རྟགས་སུ་ལུས་གཡོ་བ་དང་བྲལ་བས་མཚོན་པའོ། །བདུན་པ་སྦུབས་མཆུས་ངོ་སྤྲད་པ་ནི། སློབ་མའི་རྣ་བར་སྦུབས་མཆུ་བཙུགས་ལ་འདི་སྐད་བརྗོད་དེ། བུམ་པ་ཁུངས་གཏོར་ཞེས་བྱ་བའི་མན་ངག་ལས། ཡེ་ཤེས་མ་བཙལ་ཡན་པར་ཞོག །ཅེས་ཚིག་ཕྱི་མ་གཅིག་པུ་ལན་གསུམ་བརྗོད་དོ། །བརྒྱད་པ་གདམས་ངག་གི་དགོངས་འགྲེལ་ནི། ཆོས་ཐམས་ཅད་ཡེ་ཤེས་སུ་གསལ་བས་ཐམས་ཅད་ཡེ་ཤེས་སུ་ངོས་ཟིན་པར་བྱས་ལ། དེ་ལ་མ་བཙལ་བར་ཉམས་གསུམ་གྱིས་གནས་པར་བྱའོ། །དེ་ཉིད་ཁོ་ན་རུས་སྦལ་འཁར་གཞོང་དུ་བཞག་པ་མི་གཡོ་བར་གནས་པ་དང་འདྲའོ། །ཡན་པར་བཞག་ཅེས་བྱ་བ་ནི། བྱིང་རྒོད་མི་བཅོས་པར་བཞག་པར་བྱའོ། །འོ་ན་གོལ་བ་དང་ཁྱད་ཅི་ཡོད་ཅེ་ན་དེ་ནི་འདི་ལྟར་མ་རྟོགས་པས་གོལ་བ་ཡིན་ལ། རྣལ་འབྱོར་པ་ནི། བྱིང་རྒོད་ཡོད་མེད་མཉམ་པར་རྟོགས་པའོ། །དེའི་ཕྱིར་ཆོས་ཐམས་ཅད་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཤར་བའོ། །དེ་ཡང་ཤྲཱི་སིདྷས། ཡེ་ཤེས་སྣ་ཚོགས་རང་གསལ་བས། །མི་གཡོ་དེ་བཞིན་ཉིད་དུ་ཞོག །ཅེས་པས་གསལ་ལོ། །དགུ་པ་རིག་འཛིན་དགོངས་ཉམས་ཀྱི་གླུས་བསྐུལ་བ་ནི། རིག་པ་ཁུ་བྱུག་གི་དགོངས་པ། རིག་པ་ཀློང་རྡོལ་གླུའི་བསམ་གཏན། ཙནྡན་གོར་ཤི་ཤའི་ཚལ་དུ་ནམ་གྱི་ཆ་སྟོད་ལ། སྲས་ཐུ་བོ་རཱ་ཛ་ཧསྟི་འདི་སྐད་ལོ། །ཧཱུཾ། ཀུན་གཞི་ཡེ་ནས་མ་བཅོས་དེ་བཞིན་ཆོས་ཀྱི་དབྱིངས། །རང་བྱུང་ཡེ་ཤེས་མཁའ་འདྲ་མཉམ་པ་ཆེན་པོའི་ངང་། །ཚིག་དང་ཡེ་གེའི་སྒྲ་ལས་འདས་པས་ཀུན་ཏུ་བཟང་། །སེམས་དང་ཆོས་ཉིད་མཉམ་ཞིང་དབྱེར་མེད་ན། །ལུས་ངག་ཡིད་གསུམ་མཚན་མ་ཅིས་བསླད་ཀྱང་། །ཆོས་ཉིད་བྱང་ཆུབ་སེམས་ལ་འགྱུར་མེད་དེ། །རྣམ་རྟོག་སྐྱོན་སྤངས་ཀུན་གཞི་བྱང་ཆུབ་སེམས། །མ་བཅོས་ངང་དུ་བཞག་པ་ལས། །སྒོམ་པ་གུད་ན་མེད་པར་འཁུམ། །སྒྱུ་མའི་ཕུང་པོ་ད་ལྟ་བ སྙིལ་བའི་ཕྱིར། །ཀུན་བཟང་ཐུགས་ཀྱི་འོད་ཟེར་ང་ལ་ཤར། །གྷི་ཏ་མ་ཀོ་ལ་ས་མ་ཨ་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ། །ནམ་མཁའ་ཆེ་དང་རྗེས་སུ་འབྲེལ་བ། དབང་གསུམ་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི་རིག་པ་སྤྱི་བླུགས་ཀྱི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ་མེ་ལོང་གི་ངོས་ལ་ཉི་མ་ཤར་བ་ལྟ་བུའོ། །གཉིས་པ་དེ་བསྐུར་བས་གདེངས་ཅི་ཐོབ་ན། དུས་གསུམ་གཅིག་ཏུ་རྟོགས་པས་རང་སོ་ལ་མི་རྩོལ་བའི་གདེངས་སྐྱེས་བུ་མདུན་དུ་བལྟ་བ་ལྟ་བུ་ཐོབ་བོ། །གསུམ་པ་གདེངས་དེ་ལམ་དུ་སློབ་པའི་སྤྱོད་པ་ནི། རེ་དོགས་དང་བྲལ་བས་གང་ལའང་འཇིགས་པ་མེད་པ་སྨྱོན་པ་ལྟ་བུའོ། །བཞི་པ་ཕྲིན་ལས་འགྲེ། ལྔ་པ་རིག་པ་སྤྱི་བླུགས་ཀྱི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་རྣམ་སྣང་གི་ཆོས་བདུན་བཅའ། རླུང་གནད་རླུང་རོ་བུས་ལ་དྲག་རླུང་བཟུང་། ཁུག་པ་བདུན་ལ་ཐུན་གཅིག་ཏུ་བྱ་ཞིང་། དེ་དང་བསྟུན་ལ། སེམས་གནད་ཙིཏྟ་རིན་པོ་ཆེའི་གཞལ་ཡས་སུ། པདྨ་ཨ་བཅོ་བརྒྱད་དང་བཅས་པ་གསལ་གདབ། བླ་མའི་ཙིཏྟའི་པད་འདབ་མདུན་མའི་ཨ་འོད་དུ་ཞུ་བའི་འོད་དཀྱིལ་འཁོར་གྱི་པད་འདབ་ནུས་མའི་ཨ་ལ་ཕོག །དེ་ཡང་འོད་དུ་ཞུ་བའི་འོད་སྟེང་གི་བུམ་པའི་ཨ་ལ་ཕོག །བུམ་པའི་ཨ་འོད་དུ་ཞུ་བའི་འོད་དཀར་ནར་གྱིས་བྱུང་ནས་སློབ་མའི་སྙིང་གི་པདྨ་མདུན་མའི་ཨ་ལ་ཕོག་པས། ཨ་འོད་དུ་ཞུ་བའི་འོད་ཀྱིས་སྙིང་འོད་ཀྱིས་གང་བ་ལས་མི་ཚད་པར། ལུས་ཀྱི་ནང་ཐམས་ཅད་ནམ་ལངས་པ་བཞིན་དུ་སྐྱ་ཝལ་གྱིས་གང་བ་ལ་སེམས་གཏད་ལ་བསྒོམ་དུ་གཞུག་ཅིང་། བླ་མས་བུམ་པའི་དབང་གིས་བརྟན་པར་བྱ་ཞིང་། སེམས་ཉིད་དངོས་པོ་མེད་པའི་ཡེ་སྟོང་འདི། །ལྟ་བ་འདི་དང་མི་འབྲལ༴ ཆོས་ཉིད་ཉམས་མྱོང་མེད་པའི་བདེ་སྟོང་འདི། །སྒོམ་པ་འདི་དང་མི༴ སེམས་ཉིད་འཆོས་པ་མེད་པའི་རང་སྟོང་འདི། །སྤྱོད་པ་འདི་དང་མི༴ ཆོས་ཉིད་འགྱུར་བ་མེད་པའི་ཡེ་སྟོང་འདི། །འབྲས་བུ་འདི་དང་མི༴ ཇི་ལྟར་སྨོན་པའི་འབྲས་བུ་འགྲུབ་པར༴ སྨོན་ལམ་གྱི་མཐུ་བཙན་པར༴ དེ་ཁོ་ན་ཉིད་ཀྱི་དོན་ལ་བློ་གནས་པར༴ ཅེས་བརྗོད་ཅིང་། བླ་མས་བུམ་པ་སློབ་མའི་མགོ་ལ་བཞག །སྤྱི་བོར་ཆུ་གཏིག་ཅིང་བུམ་ཆུ་འཐུང་བ་དང་ཁྲུས་བྱེད་དུ་བཅུག་ལ་དབང་བརྟན་པར་བྱ་ཞིང་མཆོད་མཁན་རྣམས་ཀྱིས་སྤོས་དང་རོལ་མོ་སྦྱར་རོ། །རྗེས་ཤེས་ལུས་འོད་ཀྱིས་གང་བ་ལ་ཤེས་པ་གཏད་ལ། གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི་མེ་ལོང་གི་ངོས་ལ་ཉི་མ་ཤར་བ་ལྟ་བུའོ། །ཞེས་པས་མེ་ལོང་ལ་ཧུས་བཏབ་པའི་བ་མོ་རང་སངས་པ་བཞིན། རིག་པ་སྤྱི་བླུགས་ཀྱི་མན་ངག་གིས་རིག་པ་རྩལ་གྱི་དབང་ཐོབ་པའི་སྟོབས་ཀྱིས། གསལ་ལ་རྟོག་མེད་ཀྱི་ཤེས་པ་དེ་སྒྲིབ་གཡོགས་དང་བྲལ་བར་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། ཉི་མ་ཤར་བ་ལྟ་བུའི་མན་ངག་ལས། རིག་པ་ཅིག་ཅར་ལྷུག་པར་བཞག །ཅེས་པའི་ཚིག་ཕྱི་མ་ལན་གསུམ་བསྐྱར་བ་འཆད་པར་འགྱུར་བའི་དབང་ཀུན་ལ་འགྲེའོ། །བརྒྱད་པ་གདམས་ངག་གི་དགོངས་འགྲེལ་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རང་རིག་པ་ཐམས་ཅད་དུ་རང་ཤར་བ་ཞེས་བྱ་སྟེ། གསལ་ལ་མ་བཅོས་པར་འཛིན་རྟོག་གང་ཡང་མེད་པར་གསལ་བ་སྟེ། དཔེར་ན་མེ་ལོང་ལ་ཉི་མ་ཤར་བས་གསལ་ལ་རྟོག་པ་མེད་པ་ལྟ་བུའོ། །ལྷུག་པར་བཞག་ཅེས་པ་ནི། དབང་པོ་ལྔ་ཡུལ་ལ་ཡན་པའོ། །འོ་ན་སོ་སོའི་སྐྱེ་བོ་དང་ཁྱད་ཅི་ཡོད་ཅེ་ན། དེ་ནི་དེ་ལྟར་མ་རྟོགས་པའི་ཕྱིར། ཡེ་ཤེས་ལ་ཡེ་ཤེས་རོལ་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་རིག་པ་གསལ་ལ་རྟོག་པ་མེད་པའོ། །དེ་ཡང་འཕགས་པ་ལྷས། རིག་པ་ཉིད་དེ་དངོས་གཞན་མེད། །དེས་ན་རྟོག་མེད་གསལ་བར་བཞག །ཅེས་པས་གསལ་ལོ། །དགུ་པ་གླུས་བསྐུལ་བ་ནི། ནམ་མཁའ་ཆེའི་དགོངས་པ། ཡེ་ཤེས་ཀློང་རྡུལ་གླུ་ཡི་བསམ་གཏན། མེ་ཏོག་ཨུ་དུམ་འབར་བའི་ཚལ་དུ་ནམ་གྱི་ཆ་སྨད་ལ། སྲས་མོ་སཱ་ར་ནིས་འདི་སྐད་ལོ། །ཧཱུཾ། ཀུན་གཞི་མ་བཅོས་ཡེ་ནས་ཆོས་ཀྱི་དབྱིངས། །རྒྱུ་དང་རྐྱེན་གྱིས་མ་བསྐྱེད་འཇིགས་འབྲལ་མེད། །རང་བྱུང་ལྷུན་གྱིས་གྲུབ་པས་བཅོམ་ལྡན་འདས། །གཟུང་འཛིན་ཡུལ་ལས་འདས་པས་རྡོ་རྗེ་སེམས་དཔའི་ཐུགས། །བདག་གི་དགོངས་པ་འདི་ལས་མེད་པར་འཁུམས། །སྒྱུ་མའི་འཕུང་པོ་ད་ལྟ་བསྙིལ་བའི་ཕྱིར། །ཀུན་བཟང་ཐུགས་ཀྱི་གཏེར་ཆེན་བདག་ལ་བབས། །གྷི་ཏ་མ་ཀོ་ལ་ཧོཿ ཞེས་རྡོ་རྗེའི་གླུ་དབྱངས་སོ། །ཐིག་ལེ་དྲུག་པ་དང་རྗེས་སུ་འབྲེལ་བ་དང་དབང་བཞི་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི་སྤྲུལ་སྐུ་ཐུག་འཕྲད་ཀྱི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ་རལ་གྲི་ཁ་མང་གི་སོ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདེངས་ཅི་ཐོབ་ན། སྒོ་གསུམ་སྙིང་པོ་གསལ་བས་དགེ་སྡིག་སྤོང་ལེན་མེད་པའི་གདེངས་ཐོབ་པ་ནི་ཁྱི་ཕག་ལམ་དུ་ཞུགས་པ་ལྟ་བུ་ཐོབ་བོ། །གསུམ་པ་གདེངས་དེ་ལམ་དུ་སློང་བའི་སྤྱོད་པ་ནི་ཐོགས་པ་མེད་པའི་སྤྱོད་པ་ཕྱོགས་དང་བྲལ་བ་སྟེ། དཔའ་བོ་གླང་པོ་ཆེ་ཞོན་པ་ལྟ་བུའོ། །བཞི་པ་ཕྲིན་ལས་འགྲེ། །ལྔ་པ་སྤྲུལ་སྐུ་ཐུག་འཕྲད་ཀྱི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་རྣམ་སྣང་གི་ཆོས་བདུན་བཅའ། རླུང་གནད་རླུང་རོ་ལན་གསུམ་བུས་ལ་དྲག་རླུང་བུམ་པ་ཅན་སྔར་བཞིན་བཟུང་ཞིང་ཐུན་ངོ་བོ་གྲངས་ཁམས་ཚོད་དང་སྦྱར་ལ་སྤེལ། སེམས་གནད་ཙིཏྟ་རིན་པོ་ཆེའི་གཞལ་ཡས་སུ་པདྨ་ཨ་བཅོ་བརྒྱད་དང་བཅས་པ་གསལ་བཏབ། བླ་མའི་ཙིཏྟའི་པདྨ་མདུན་མའི་ཨ་ནས་ཆོས་བསྐོར་གྱིས་པད་འདབ་གཉིས་པའི་ཨ་འོད་དུ་ཞུ་བའི་འོད་དཀྱིལ་འཁོར་གྱི་པད་འདབ་ནུབ་མ་ནས་ཆོས་བསྐོར་དུ་པད་འདབ་གཉིས་པའི་ཨ་ལ་ཕོག །དེ་ཡང་འོད་དུ་ཞུ་བའི་འོད་སྟེང་གི་བུམ་པའི་ཨ་ལ་ཕོག །བུམ་པའི་ཨ་འོད་དུ་ཞུ་བའི་འོད་དཀར་ནར་གྱིས་བྱུང་ནས་སློབ་མའི་སྙིང་གི་པདྨ་མདུན་མའི་ཨ་ནས་ཆོས་བསྐོར་དུ་པད་འདབ་གཉིས་པའི་ཨ་ལ་ཕོག་པས། ཨ་འོད་དུ་ཞུ་བའི་འོད་ཀྱིས་ལུས་ནང་གི་འོད་སྔར་བས་ཀྱང་གསལ་དུ་སོང་བ་ཉི་མ་ཤར་བ་ལྟ་བུ་ལ་སེམས་གཏད་ལ་བསྒོམ་དུ་གཞུག་ཅིང་། བླ་མས་བུམ་པའི་དབང་གིས་བརྟན་པར་བྱ་ཞིང་། ཆོས་ཉིད་དངོས་པོ་མེད་པའི་ཡེ་སྟོང་འདི། །ལྟ་བ་འདི་དང་མི༴ ཆོས་ཉིད་ཉམས་མྱོང་མེད་པའི་བདེ་སྟོང་འདི། །ལྟ་བ་འདི་དང་མི༴ ཆོས་ཉིད་ཉམས་མྱོང་མེད་པའི་བདེ་སྟོང་འདི། །སྒོམ་པ་འདི་དང་མི༴ སེམས་ཉིད་འཆོས་པ་མེད་པའི་རང་སྟོང་འདི། །སྤྱོད་པ་འདི་དང་མི༴ ཆོས་ཉིད་འགྱུར་བ་མེད་པའི་ཡེ་སྟོང་འདི། །འབྲས་བུ་འདི་དང་མི༴ ཇི་ལྟར་སྨོན་པའི་འབྲས་བུ་འགྲུབ་པར༴ སྨོན་ལམ་གྱི་མཐུ་བརྩན་པར༴ དེ་ཁོ་ན་ཉིད་ཀྱི་དོན་ལ་བློ་གནས་པར༴ ཅེས་བརྗོད་ཅིང་། བླ་མས་བུམ་པ་མགོར་བཞག་ལ་སྤྱི་བོར་ཆུ་གཏིག་ཅིང་། བུམ་ཆུ་འཐུང་བ་དང་ཁྲུས་བྱེད་དུ་བཅུག་ལ་དབང་བརྟན་པར་བྱ་ཞིང་། མཆོད་མཁན་རྣམས་ཀྱིས་སྤོས་དང་རོལ་མོ་སྦྱར་རོ། །རྗེས་ཤེས་ལུས་འོད་ཀྱིས་གང་བ་སྔར་བས་ཀྱང་གསལ་བ་ལ་ཤེས་པ་གཏད་ལ་སེམས་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། རལ་གྲི་ཁ་མང་ལྟ་བུའོ། །ཞེས་པས། རལ་གྲི་ཁ་མང་སྟེང་འོག་མདུན་རྒྱབ་གང་དུ་རྒྱབ་ཀྱང་ཆོད་པ་དེ་བཞིན་སྤྲུལ་སྐུ་ཐུག་འཕྲད་ཀྱི་མན་ངག་གིས་རིག་པ་རྩལ་གྱི་དབང་ཐོབ་པའི་སྟོབས་ཀྱིས། སེམས་ལས་སུ་རུང་བས་ཇི་ལྟར་སྤྱད་ཀྱང་གྲོལ་བར་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། དབུལ་མོ་གཏེར་འཆང་ཞེས་བྱ་བའི་མན་ངག་ལས། ཐམས་ཅད་སྤྲུལ་པའི་སྐུ་སྟེ་བཏང་སྙོམས་ངང་། །ཞེས་སོ། །བརྒྱད་པ་གདམས་ངག་གི་དགོངས་འགྲེལ་བཤད་པ་ནི། ཆོས་ཐམས་ཅད་སྤྲུལ་པའི་སྐུར་སངས་མ་རྒྱས་པ་ཅིག་ཀྱང་མེད་པས་སངས་རྒྱས་ནང་འབྱམས་ཞེས་བྱ་སྟེ། སྤུ་མ་བརྗེ། མདོག་མ་བསྒྱུར་བར་མ་བཅོས་པའོ། །དེའི་ཕྱིར་རྣམ་རྟོག་ཐམས་ཅད་མ་སྤངས་པར་ཞི་བར་བྱེད་པས་རལ་གྲི་ཁ་མང་དང་འདྲའོ། །བཏང་སྙོམས་ངང་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཐམས་ཅད་བཏང་སྙོམས་དགག་སྒྲུབ་དང་བྲལ་བའོ། །དེས་ན་བཏང་སྙོམས་ཆེན་པོའི་ངང་ཞེས་བྱ་སྟེ། དེ་ནི་བཙལ་བ་མེད་པར་སངས་རྒྱས་པའོ། །དེ་ཡང་མ་ཁོལ་ལུང་བསྟན་པ་ལས། ཆོས་རྣམས་ཡེ་ནས་སངས་རྒྱས་པས། །གཞན་ལ་རེ་བཙལ་གཉིས་དང་བྲལ། །ཞེས་པས་གསལ་ལོ། །དགུ་པ་གླུས་བསྐུལ་བ་ནི། ཐིག་ལེ་དྲུག་པའི་དགོངས་པ། བདེ་བ་ཀློང་རྡོལ་གླུའི་བསམ་གཏན། སྐྱ་རེངས་དང་པོ་ཤར་ཙམ་ན་རྒྱ་མཚོའི་གཏིང་དུ་ཀླུའི་རྒྱལ་པོ་འཇོག་པོ་འདི་སྐད་ལོ། །ཧཱུཾ། མཐའ་དང་དབུས་མེད་ནམ་མཁའ་ལྟ་བུ་ལ། །སྨྲ་བསམ་ཡུལ་ལས་འདས་པ་ཆོས་ཀྱི་སྐུ། །སྲིད་འབྱུང་སྐྱེ་འགྲོ་རྣམ་པར་དག་བྱ་ན། །མ་བཅོས་རྣམ་པར་དག་པས་ཀུན་གཞི་བྱང་ཆུབ་སེམས། །མ་བཙལ་མཉམ་པར་བཞག་ན་སྒོམ་པའི་མཆོག །རིག་པ་ཆོས་ཀྱི་དབྱིངས་སུ་མ་བཅོས་ལ། །རྣམ་པར་གྲོལ་བའི་ལམ་མཆོག་གཞན་མེད་དེ། །དུས་གསུམ་བདེ་བར་གཤེགས་པའི་དགོངས་པ་ཉིད། །དཔག་ཅིང་གཞལ་ཡང་འདི་ལས་མེད་པར་མཇལ། །བདག་གི་ཕུང་པོ་གདོས་བཅས་འདི་བསྙིལ་ནས། །ཀུན་བཟང་དབྱེ་བ་མེད་པའི་ས་ལ་མཆི། །གྷི་ཏ་མ་ཀོ་ལ་ས་ཨ་ཧོཿ ཞེས་རྡོ་རྗེའི་གླུ་བླངས་པའོ། །རྩལ་ཆེན་དང་རྗེས་སུ་འབྲེལ་བ་དབང་ལྔ་པ་བསྐུར་བ་ལ་དགུ་ལས། དང་པོ་ལ་དབང་ནི། ཚོགས་བརྒྱད་ལྷུག་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ་སྐྱེས་བུ་ནད་ཀྱིས་གདུངས་པ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདེངས་ཅི་ཐོབ་ན། འཁོར་འདས་སྙིང་པོ་ཐིག་ལེར་རྟོགས་པས་མཐོ་དམན་དང་རེ་དོགས་མེད་པའི་གདེངས་ནི་གསེར་གྱི་རྣམ་པ་ལྟ་བུ་ཐོབ་བོ། །གསུམ་པ་གདེངས་དེ་ལམ་དུ་སློང་བའི་སྤྱོད་པ་ནི། ལྷུག་པ་ཆེན་པོའི་སྤྱོད་པ་རང་དགར་གནས་པ་སྟེ། མགྲོན་པོ་རང་ཡུལ་དུ་སླེབ་པ་ལྟ་བུའོ། །བཞི་པ་ཕྲིན་ལས་འགྲེ། ལྔ་པ་ཚོགས་བརྒྱད་ལྷུག་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། དྲག་རླུང་བཟུང་། ཙིཏྟ་དཀྱིལ་འཁོར་སྔར་བཞིན་གསལ་བཏབ། བླ་མའི་པད་འདབ་གསུམ་པའི་ཨ་འོད་དུ་ཞུ། རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་ཨ་གསུམ་པ་ལ་ཕོག །དེ་འོད་དུ་ཞུ་བ་སྟེང་གི་བུམ་པའི་ཨ་ལ་ཕོག དེ་ཡང་འོད་དུ་ཞུ་བའི་འོད་སྐྱ་ནར་གྱིས་བྱུང་ནས་སློབ་མའི་སྙིང་གི་པད་འདབ་གསུམ་པའི་ཨ་ལ་ཕོག་པས་ལུས་ཀྱི་ནང་གི་འོད་སྔར་བས་གསལ་དུ་སོང་བས་བསམ་ལ་སེམས་གཏད་ལ་སྒོམ་དུ་གཞུག་ཅིང་། བླ་མས་བུམ་པའི་དབང་གིས་བརྟན་པར་བྱ་བ། ཆོས་ཉིད་དངོས་པོ་མེད་པའི་ཡེ་སྟོང་འདི། །ལྟ་བ་འདི་དང་མི༴ ཆོས་ཉིད་ཉམས་མྱོང་མེད་པའི་བདེ་སྟོང་འདི། །སྒོམ་པ་འདི་དང་མི༴ སེམས་ཉིད་འཆོས་པ་མེད་པའི་རང་སྟོང་འདི། །སྤྱོད་པ་འདི་དང་མི༴ ཆོས་ཉིད་འགྱུར་བ་མེད་པའི་ཡེ་སྟོང་འདི༴ འབྲས་བུ་འདི་དང་མི༴ ཇི་ལྟར་སྨོན་པའི་འབྲས་བུ་འགྲུབ་པར༴ སྨོན་ལམ་གྱི་མཐུ་བཙན་པར༴ དེ་ཁོ་ན་ཉིད་ཀྱི་དོན་ལ་བློ་གནས་པར༴ ཅེས་བརྗོད་ཅིང་། བླ་མས་བུམ་པ་སློབ་མའི་མགོ་ལ་བཞག །སྤྱི་བོར་ཆུ་གཏིག་ཅིང་བུམ་ཆུ་འཐུང་བ་དང་ཁྲུས་བྱེད་དུ་བཅུག་ལ་དབང་བརྟན་པར་བྱ་ཞིང་། མཆོད་མཁན་རྣམས་ཀྱིས་སྤོས་དང་༴ རྗེས་ཤེས་ལུས་འོད་ཀྱིས་གང་བ་སྔར་བས་ཀྱང་གསལ་བ་ལ་ཤེས་པ་གཏད་ལ། གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། སྐྱེས་བུ་ནད་ཀྱིས་གདུངས་པ་ལྟ་བུའོ། །ཞེས་པས། སྐྱེས་བུ་ནད་ཀྱིས་གདུངས་པ་ལུས་ཀྱི་ཟུངས་ཤོར་བས་ཁྲེལ་འཛེམ་དང་བྲལ་བ་བཞིན། ཚོགས་བརྒྱད་ལྷུག་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་ཐོབ་པའི་སྟོབས་ཀྱིས་སྒོ་གསུམ་རྩོལ་བ་དང་བྲལ་ནས་ལྷུག་པར་གནས་པ་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། མེ་ལོང་ལྟ་བུ་ཞེས་བྱ་བའི་མན་ངག་ལས། སྤྲོས་མེད་བྱང་ཆུབ་ཡན་པར་གནས། །ཞེས་སོ། །བརྒྱད་པ་གདམས་ངག་གི་དགོངས་འགྲེལ་བཤད་པ་ནི། ཆོས་ཐམས་ཅད་བྱེད་པ་པོ་དང་བྲལ་བའི་ཕྱིར་ཡན་པ་ལྷག་པར་མ་བཅོས་པར་གནས་པར་བྱ་སྟེ། མ་བཙལ་མ་བསྒྲུབས་པ་ཆོས་མ་བསླད་མ་བཅོས་པ་ལ་བློའི་རིག་པ་ལྷུག་པར་ཐང་ཡན་དུ་བཏང་བཟུང་མེད་པར་གནས་པར་བྱའོ། །དེ་ཡང་སྐྱེས་བུ་ནད་ཀྱིས་གདུངས་པས་ངོ་ཚ་དང་བྲལ་བ་བཞིན་དུ་གནས་སོ། །ཡན་པར་གནས་ཞེས་བྱ་བ་ནི། བྱིང་རྒོད་ཡན་པ་སྟེ་དགག་སྒྲུབ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཉིད་ལ་བཟང་ངན་མེད་པའི་ཕྱིར་རོ། །དེའི་ཕྱིར་ཐམས་ཅད་ཡན་པ་ལྷུག་པ་བཀག་པར་གནས་པར་བྱའོ། །དེ་ཡང་ཨཱརྻ་དེ་ཝས། བཟང་ངན་བླང་དོར་མེད་པས་ཡེ་ཤེས་ཟང་ཐལ་ཏེ། །ཡེ་ཤེས་ཉིད་ལ་ཉིད་སྤྱོད་གསེར་གླིང་འདྲ། །ཞེས་པས་གསལ་ལོ། །དགུ་པ་གླུ་ནི། རྩལ་ཆེན་གྱི་དགོངས་པ་བྱང་སེམས་ཀློང་རྡོལ་གླུའི་བསམ་གཏན། སྐྱ་རེངས་གཉིས་པ་ཤར་ཙམ་ན། རྒྱ་མཚོའི་གླིང་དུ་ཁྱིའི་རྒྱལ་པོ་ཀུ་ཀུ་རཱ་ཛ་འདི་སྐད་ལོ། །ཧཱུཾ། ཡེ་ནས་ལྷུན་གྲུབ་ཀུན་ཏུ་བཟང་པོའི་ངང་། །གསལ་ལ་མི་རྟོག་སྤྲོས་བྲལ་བྱང་ཆུབ་སེམས། །མི་འགྱུར་མི་དམིགས་ཆོས་ཀྱི་དབྱིངས་ཉིད་ལས། །རིག་པ་མི་འགྱུར་མ་བསླད་མཉམ་གཞག་ན། །ཅི་ལའང་མི་རྟོག་གང་ལའང་མི་བསམ་སྟེ། །མཆོག་ཏུ་གསང་བའི་རྨད་བྱུང་སེམས་ཉིད་འདི། །རྣ་བ་ཉན་པ་ལ་སོགས་སྤྱོད་ཡུལ་ཡོད་མ་ཡིན། །ཀུན་གཞི་མི་འབྱུང་དབྱིངས་ཆེན་ལ། །རིག་པ་མི་འགྱུར་མ་ཡེངས་བཞག །སྒོམ་པ་འདི་ལས་མེད་པར་འཁུམས། །ཁམས་གསུམ་རང་སར་གྲོལ་བས་བཙལ་ཞིང་བསྒྲུབ་མི་དགོས། །རེ་ཞིང་དོགས་པ་མེད་པས་བདག་ཉིད་སངས་རྒྱས་ཡིན། །གྷི་ཏ་མ་ཀོ་ལ་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ། །སེམས་སྒོམ་དང་རྗེས་སུ་འབྲེལ་བ་དབང་དྲུག་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། ཆོས་ཉིད་ཀློང་རྡོལ་གྱི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ་ཆུ་བོ་ཆེན་པོའི་མགོ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདེངས་ཅི་ཐོབ་ན། འཁོར་བ་བདེ་ཆེན་དུ་རྫོགས་པས་གཙང་རྨེ་དང་བླང་དོར་རེ་དོགས་མེད་པའི་གདེངས་ནི། སྔགས་པ་དུག་ཟ་བ་ལྟ་བུ་ཐོབ་བོ། །གསུམ་པ་གདེངས་དེ་ལམ་དུ་སློང་བའི་སྤྱོད་པ་ནི། བདེ་ཆེན་འགྱུར་མེད་ཀྱི་སྤྱོད་པ་གཅིག་ཏུ་མི་གནས་པ་སྟེ། ངོ་མཚར་དུ་མ་སྟོན་པའི་མི་ལྟ་བུའོ། །བཞི་པ་ཕྲིན་ལས་འགྲེ། ལྔ་པ་ཚོགས་བརྒྱད་ལྷུག་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། དྲག་རླུང་བཟུང་། ཙིཏྟའི་དཀྱིལ་འཁོར་གསལ་བཏབ། བླ་མའི་ཙིཏྟ་པད་འདབ་བཞི་པའི་ཨ་འོད་དུ་ཞུ། འོད་དེ་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་ཨ་བཞི་པ་ལ་ཕོག་པས་དེ་འོད་དུ་ཞུ། འོད་དེ་སྟེང་གི་བུམ་པའི་ཨ་ལ་ཕོག །འོད་དེ་དཀར་ནར་གྱིས་བྱུང་ནས་སློབ་མའི་སྙིང་ནང་གི་པད་འདབ་བཞི་པ་ལ་གནས་པའི་ཨ་ལ་ཕོག་པས་ལུས་ཀྱི་ནང་འོད་སྔར་བས་ཀྱང་ཆེས་གསལ་དུ་སོང་བ་ལ་སེམས་གཏད་ལ་སྒོམ་དུ་གཞུག་ཅིང་། བླ་མས་བུམ་དབང་སྨོན་ལམ་དང་བཅས་པས་དབང་བརྟན་པར་བྱེད་པ་ནི། ཆོས་ཉིད་དངོས་པོ་མེད་པའི་ཡེ་སྟོང་འདི། །ལྟ་བ་འདི་དང་མི༴ ཆོས་ཉིད་ཉམས་མྱོང་མེད་པའི་བདེ་སྟོང་འདི། །སྒོམ་པ་འདི་དང་མི༴ སེམས་ཉིད་འཆོས་པ་མེད་པའི་རང་སྟོང་འདི༴ སྤྱོད་པ་འདི་དང་མི༴ ཆོས་ཉིད་འགྱུར་བ་མེད་པའི་ཡེ་སྟོང་འདི། །འབྲས་བུ་འདི་དང་མི༴ ཇི་ལྟར་སྨོན་པའི་འབྲས་བུ་འགྲུབ་པར༴ སྨོན་ལམ་གྱི་མཐུ་བཙན་པར༴ དེ་ཁོ་ན་ཉིད་ཀྱི་དོན་ལ་བློ་གནས་པར༴ ཅེས་བརྗོད་ཅིང་། བླ་མས་བུམ་པ་སློབ་མའི་མགོ་ལ་བཞག །སྤྱི་བོར་ཆུ་གཏིག་ཅིང་བུམ་ཆུ་འཐུང་བ་དང་ཁྲུས་བྱེད་དུ་བཅུག་ལ་དབང་བརྟན་པར་བྱ་ཞིང་། མཆོད་མཁན་རྣམས་ཀྱིས་སྤོས་དང་༴ རྗེས་ཤེས་ལུས་འོད་ཀྱིས་གང་བ་སྔར་བས་ཀྱང་ཆེས་གསལ་དུ་སོང་བ་ལ་ཤེས་པ་གཏད་ལ། གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། ཆུ་བོ་ཆེན་པོའི་འགོ་ལྟ་བུའོ་ཞེས་པས། ཆུ་བོ་ཆེན་པོའི་འགོ་ལ་རང་རྡོལ་དུ་བྱུང་བ་བཞིན། མ་བྱས་པའི་ཆོས་ཉིད། རྐྱེན་གྱི་མ་སྐྱེས་པ་རང་བྱུང་བ་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། ཐིག་ལེ་ཆེན་པོ་ཞེས་བྱ་བའི་མན་ངག་ལས། ཆོས་ཉིད་བདེ་ཆེན་ངང་དུ་གསལ། །ཞེས་སོ། །བརྒྱད་པ་གདམས་ངག་གི་དགོངས་འགྲེལ་བཤད་པ་ནི། ཆོས་ཐམས་ཅད་ཆོས་ཉིད་དུ་གསལ་བས། འགྲེ་ལྡོག་སྤྱི་ཚུགས་གར་སྐྱེས་ཀྱང་ཆོས་ཉིད་ལས་མ་གཡོས་པར་བདག་གཞན་ནམ་སྣང་སྲིད་ཐམས་ཅད་ཆོས་ཉིད་དུ་གསལ་བ་བཞིན་དུ་སེམས་ཉིད་དུ་ཤར་བས་ཀློང་རྡོལ་ཞེས་བྱ་སྟེ། དཔེར་ན་ཆུ་བོའི་འགོ་ནས་ཆུ་རང་རྡོལ་དུ་བྱུང་བ་བཞིན་ནོ། །ངང་དུ་གསལ་ཞེས་བྱ་བ་ནི་བྱིང་རྒོད་ཆོས་ཉིད་དུ་རྟོགས་པས་མཉམ་པའི་ངང་ངོ་། །དེའི་ཕྱིར་ཐམས་ཅད་ཆོས་ཉིད་དུ་གསལ་བ་དེ་ལ་དུས་གསུམ་དུ་གནས་པར་བྱའོ། །དེ་ཡང་ཤེལ་ཕྲེང་དཀར་པོ་ཞེས་བྱ་བའི་མན་ངག་ལས། སྣང་སྲིད་ཐམས་ཅད་ཆོས་ཉིད་ཡེ་ནས་ཡིན། །དེས་ན་ཆོས་ཉིད་དེ་ཉིད་དེ་ལ་སྤྱོད། །ཅེས་པས་གསལ་ལོ། །དགུ་པ་གླུས་བསྐུལ་བ་ནི། སེམས་སྒོམ་གྱི་དགོངས་པ། དབྱིངས་ཀློང་རྡོལ་གླུ་ཡི་བསམ་གཏན། རྒྱན་ཆག་དཔལ་གྱི་རིའི་ནགས་སུ་སྐྱ་རེངས་གསུམ་པ་ཤར་ཙམ་ན། ནཱ་གརྫུ་ན་འདི་སྐད་ལོ། །ཧཱུཾ། སྣང་བ་ཐམས་ཅད་ཡེ་ནས་དབྱིངས་ཆེན་ལ། །རིག་པ་འཕོ་འགྱུར་མེད་པའི་དུར་བཏབ་ནས། །དབྱིངས་ཉིད་མི་འགྱུར་རིག་པས་མི་བསླད་དེ། །མ་ཡེངས་མི་འགྱུར་མཁའ་ལྟར་དག་པ་ལ། །མ་ཡེངས་མ་བཅོས་ཡོངས་ཀྱི་འོད་གསལ་ལ། །སྒོམ་པ་མིང་དུ་བཏགས་པ་གུད་ན་མེད་པར་འཁུམས། །བདག་གི་ཕུང་པོ་བརྡོས་བཅས་འདི། །དབྱེ་བ་མེད་པའི་ས་ལ་མཆི། །གྷི་ཏ་མ་ཀོ་ལ་ས་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ། །རྨད་བྱུང་དང་རྗེས་སུ་འབྲེལ་བ་དབང་བདུན་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི་དུག་ལྔ་རང་གྲོལ་གྱི་མན་ངག་གིས་མེད་པའི་ས་ལ་མཆི། །གྷི་ཏ་མ་ཀོ་ལ་ས་ཧོ༴ ཞེས་རྡོ་རྗེའི་གླུ་བླངས་སོ། །རྨད་བྱུང་དང་རྗེས་སུ་འབྲེལ་བ་དབང་བདུན་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི་དུག་ལྔ་རང་གྲོལ་གྱི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ་རྨ་བྱ་དུག་གིས་འཚོ་བ་ལྟ་བུའོ། །གཉིས་པ་དབང་བསྐུར་བས་གདེངས་ཅི་ཐོབ་ན། གཟུང་འཛིན་སྐྱེ་མེད་དུ་རྟོགས་པས་སྤྱད་ཀྱང་མི་གོས་པའི་གདེངས་ནི་པདྨ་འདམ་ནས་སྐྱེས་པ་ལྟ་བུའོ། །གསུམ་པ་གདེངས་དེ་ལམ་དུ་སློང་བའི་སྤྱོད་པ་ནི། བག་ཡང་ཆེན་པོའི་སྤྱོད་པས་ཅི་སྤྱད་ཀྱང་མི་བརྫི་བ་སྟེ། སེང་གེ་རྩལ་རྫོགས་པ་ལྟ་བུའོ། །བཞི་པ་ཕྲིན་ལས་འགྲེ། ལྔ་པ་དུག་ལྔ་རང་གྲོལ་གྱི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། རླུང་བཟུང་། ཙིཏྟའི་པདྨ་གསལ་གདབ། བླ་མའི་ཙིཏྟའི་པད་འདབ་ལྔ་པའི་ཨ་འོད་དུ་ཞུ། འོད་དེ་རྡུལ་ཚོན་གྱི་པད་འདབ་ལྔ་པའི་ཨ་ལ་ཕོག་པས་དེ་ཡང་འོད་དུ་ཞུ། འོད་དེ་སྟེང་གི་བུམ་པའི་ཨ་ལ་ཕོག །བུམ་པའི་ཨ་ཞུ་བའི་འོད་དེ་དཀར་ནར་གྱིས་བྱུང་ནས་སློབ་མ་རང་རང་གི་སྙིང་གི་པདྨ་ལྔ་པའི་ཨ་ལ་ཕོག་པས། ལུས་ནང་འོད་ཀྱིས་གང་བ་དེ་སྔར་བས་ཀྱང་ཤིན་ཏུ་གསལ་བར་སྒོམ་དུ་གཞུག་ཅིང་། བླ་མས་བུམ་དབང་༴ ཆོས་ཉིད་དངོས་པོ་མེད་པའི་ཡེ་སྟོང་འདི། །ལྟ་བ་འདི་དང་མི༴ ཆོས་ཉིད་ཉམས་མྱོང་མེད་པའི་བདེ་སྟོང་འདི། །སྒོམ་པ་འདི་དང་མི༴ སེམས་ཉིད་འཆོས་པ་མེད་པའི་རང་སྟོང་འདི། །སྤྱོད་པ་འདི་དང་མི༴ ཆོས་ཉིད་འགྱུར་བ་མེད་པའི་ཡེ་སྟོང་འདི། །འབྲས་བུ་འདི་དང་མི༴ ཇི་ལྟར་སྨོན་པའི་འབྲས་བུ་འགྲུབ་པར༴ སྨོན་ལམ་གྱི་མཐུ་བཙན་པར༴ དེ་ཁོ་ན་ཉིད་ཀྱི་དོན་ལ་བློ་གནས་པར༴ ཅེས་བརྗོད་ཅིང་། བླ་མས་བུམ་པ་སློབ་མའི་མགོར་བཞག་ཆུ་གཏིག་ཅིང་བུམ་ཆུ་འཐུང་བ་དང་ཁྲུས་བྱེད་དུ་བཅུག་ལ་དབང་བརྟན་པར་བྱ་ཞིང་། མཆོད་མཁན་རྣམས་ཀྱི་སྤོས་དང་༴ རྗེས་ཤེས་ལུས་འོད་ཤིན་ཏུ་གསལ་བ་ལ་ཤེས་པ་གཏད་ལ། གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། རྨ་བྱ་དུག་གིས་འཚོ་བ་ལྟ་བུ་ཞེས་པས། རྨ་བྱས་དུག་ཟོས་པས་སླར་གྱིས་ལང་ཚོ་རྒྱས་པ་བཞིན། དུག་ལྔ་རང་གྲོལ་གྱི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བའི་སྟོབས་ཀྱིས་ཉོན་མོངས་པའི་རང་ངོ་ཡེ་ཤེས་སུ་གསལ་བས་མཚོན་པའོ། །བདུན་པ་སྦུབས་མཆུ་ནི་སེང་གེ་འགྱིབ་པ་ལྟ་བུ་ཞེས་བྱ་བའི་མན་ངག་ལས། ཉོན་མོངས་ལྔ་ཉིད་ཡེ་ཤེས་ལྔ་རུ་གསལ། །ཞེས་སོ། །བརྒྱད་པ་གདམས་ངག་གི་དགོངས་འགྲེལ་ནི། ཉོན་མོངས་གང་རུང་སྐྱེས་པའི་དུས་སུ། དཔེར་ན་སྒྲས་སྒྲ་གཅོད་པ་དང་འདྲ་སྟེ། ཉོན་མོངས་པ་དེ་ཉིད་ཀྱིས་ཉོན་མོངས་པས་གཞན་ཞི་སྟེ་ཟིལ་གྱིས་མནན་ཏེ། ཉོན་མོངས་པ་དེ་ཉིད་ལ་ཐབས་གཉིས་ཀྱིས་གནས་པར་བྱ་སྟེ། དབང་པོ་རྟུལ་པོ་ལྷ་རུ་གསལ་བར་གནས་པ་དང་། རྣོན་པོ་ཡེ་ཤེས་སམ་ཆོས་ཉིད་དུ་གསལ་བར་བྱས་ལ། བཙལ་བ་མེད་པའི་ཚུལ་དུ་གནས་པར་བྱ་སྟེ། དཔེར་ན་རྨ་བྱ་དུག་གིས་འཚོ་བ་བཞིན་ཏེ། དེ་ཉིད་ཁོ་ན་བདུད་རྩིའམ་སྨན་དུ་གྱུར་པའོ། །ཡེ་ཤེས་ལྔ་རུ་གསལ་བ་ཞེས་བྱ་བ་ནི་རྣམ་རྟོག་ཡེ་ཤེས་སུ་གསལ་བས། སྤུ་མ་བརྗེ། མདོག་མ་བསྒྱུར་བར་རང་སར་གྲོལ་བའོ། །དེའི་ཕྱིར་ཉོན་མོངས་ཐམས་ཅད་ཡེ་ཤེས་སུ་གསལ་བས་ཤིན་ཏུ་རྣལ་འབྱོར་ལ་གནས་པ་རྣམས་ཀྱིས་ཉོན་མོངས་པ་མི་སྤོང་ཞེས་བྱའོ། །དེ་ཡང་རྡོ་རྗེ་བརྩེགས་པ་ལས། རྣམ་རྟོག་ཡེ་ཤེས་ངང་དུ་གསལ། །དེས་ན་མ་སྤངས་རང་ཞིར་ཞོག །ཅེས་པས་གསལ་ལོ། །དགུ་པ་གླུ་ནི། རྨད་བྱུང་གི་དགོངས་པ། འབྱུང་ལྔ་ཡེ་ཤེས་ཀློང་རྡོལ་གླུའི་བསམ་གཏན། དམར་རེངས་དང་པོ་ཤར་ཙམ་ན་རྒྱ་མཚོའི་འགྲམ་དུ་ཁྱིའི་རྒྱལ་པོ་ཕྱི་མ་འདི་སྐད་ལོ། །ཧཱུཾ། ཆོས་ཉིད་བྱང་ཆུབ་སེམས་ནི་འབྱུང་བ་ལྔ་ཡིན་ཏེ། མ་བཅོས་རང་བཞིན་གསལ་བས་མཁའ་ལྟར་གནས། །འགྲོ་བའི་གཟུང་འཛིན་བསྲེག་པས་མེ་ལྟར་གནས། །དམིགས་མེད་གདོད་ནས་དག་པས་རླུང་ལྟར་གནས། །གཟུང་འཛིན་སྐྱོན་དང་བྲལ་བས་ཆུ་ལྟར་གནས། །ཅེས་ཀྱང་སྐྱོན་མེད་སྲ་བས་ས་ལྟར་གནས། འབྱུང་བ་ལྔ་ཉིད་ཡེ་ནས་ཆོས་ཉིད་བྱང་ཆུབ་སེམས། །གདོད་ནས་དག་པས་ནམ་མཁའ་འདྲ་བ་ལ། །དམིགས་པ་མེད་པར་མ་ཡེངས་གནས་པ་ལས། །སྒོམ་པ་འདི་ལས་མེད་པར་རྟོགས། །བདག་གི་ཕུང་པོ་བརྡོས་བཅས་འདི། །དབྱེ་བ་མེད་པའི་ས་ལ་མཆི། །གྷི་ཏ་མ་ཀོ་ལ་ས་ཨ་ཧོཿ ཞེས་གླུ་བླངས་སོ། །ཡིད་བཞིན་ནོར་བུ་དང་རྗེས་སུ་འབྲེལ་བ་དབང་བརྒྱད་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། འཁོར་བ་དོང་སྤྲུག་གི་རིག་པ་རྩལ་གྱི་དབང་བསྐུར་བ་དཔའ་བོ་གཡུལ་དུ་འཇུག་པ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདེངས་ཅི་ཐོབ་ན་བདེ་བ་ཆེན་པོ་རྟོགས་པས་ཁྱད་པར་འཕགས་པའི་གདེངས་ཉི་ཟླ་དུས་གཅིག་ལ་ཤར་བ་ལྟ་བུ་ཐོབ་བོ། །གསུམ་པ་གདེངས་དེ་ལམ་དུ་སློང་བའི་སྤྱོད་པ་ནི། ཅི་འགྱུར་ཐབས་མཁས་ཀྱི་སྤྱོད་པ་ཕྱོགས་རིས་མེད་པ་སྟེ། གར་མཁན་གྱི་འདུ་བྱེད་ལྟ་བུའོ། །བཞི་པ་ཕྲིན་ལས་འགྲེ། ལྔ་པ་འཁོར་བ་དོང་སྤྲུག་གི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། དྲག་རླུང་བཟུང་། ཙིཏྟའི་པདྨ་གསལ་གདབ། བླ་མའི་ཙིཏྟའི་པདྨ་དྲུག་པ་ལ་གནས་པའི་ཨ་འོད་དུ་ཞུ། འོད་དེ་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་པད་འདབ་དྲུག་པའི་ཨ་ལ་ཕོག །ཨ་འོད་དུ་ཞུ་བའི་འོད་སྟེང་གི་བུམ་པའི་ཨ་ལ་ཕོག །ཨ་ཞུ་བའི་འོད་དཀར་ནར་གྱིས་བྱུང་ནས་སློབ་མ་རང་རང་གི་སྙིང་གི་པད་འདབ་དྲུག་པའི་ཨ་ལ་ཕོག་པས་ཨ་འོད་དུ་ཞུ་ནས་ལུས་གང་བ་སྔར་བས་ཆེར་སོང་བ་ལ་སེམས་གཏད་ལ་སྒོམ་དུ་གཞུག་ཅིང་། བླ་མས་བུམ་དབང་༴ ཆོས་ཉིད་དངོས་པོ༴ ལྟ་བ་འདི་དང་མི༴ ཆོས་ཉིད་ཉམས་མྱོང་༴ སྒོམ་པ་འདི་དང་མི༴ སེམས་ཉིད་འཆོས་བ༴ སྤྱོད་པ་འདི་དང་མི༴ ཆོས་ཉིད་འགྱུར་བ༴ འབྲས་བུ་འདི་དང་མི་༴ ཇི་ལྟར་སྨོན་པའི༴ སྨོན་ལམ་གྱི་མཐུ༴ དེ་ཁོ་ན་ཉིད་ཀྱི༴ ཅེས་བརྗོད་ཅིང་། བླ་མས་བུམ་པ་སློབ་མའི་མགོ་ལ༴ སྤྱི་བོར་ཆུ་གཏིག་ཅིང་༴ མཆོད་མཁན་རྣམས་ཀྱིས༴ རྗེས་ཤེས་ལུས་འོད་ཀྱིས་གང་བ་སྔར་བས་ཆེར་འཕེལ་བ་ལ་ཤེས་པ་གཏད་ལ། གནས་པ་མེད་པའི་ཚུལ་གྱིས༴ དྲུག་པ་དབང་གི་དཔེ་ནི། །དཔའ་བོ་གཡུལ་དུ་འཇུག་པ་ལྟ་བུའོ། །ཞེས་པས། དཔའ་བོ་གོ་མཚོན་དང་ལྡན་པས་གཞན་གྱི་གཡུལ་ཟློག་པར་བྱེད་པ་བཞིན། འཁོར་བ་དོང་སྤྲུག་གི་མན་ངག་གིས་རིག་པ་རྩལ་གྱི་དབང་ཐོབ་པའི་སྟོབས་ཀྱིས་འཁོར་བའི་གཡུལ་ངོ་བཟློག་པ་ལྟ་བུའོ། །ཞེས་མཚོན་པའོ། །བདུན་པ་སྦུབས་ཆུ་ནི། མཁའ་ལྡིང་ཆེན་པོ་ཞེས་བྱ་བའི་མན་ངག་ལས། འཁོར་བ་མ་བཙལ་ཡེ་ནས་སངས་རྒྱས་ཡིན། །ཞེས་བརྗོད་དོ། །བརྒྱད་པ་གདམས་ངག་གི་དགོངས་འགྲེལ་བཤད་པ་ནི། ཁམས་གསུམ་འཁོར་བ་འདི་ཉིད་ཡེ་ཤེས་ཆེན་པོ་སྐྱོང་བའི་ཐབས་སུ་གྱུར་པས། ཁམས་གསུམ་སྐུ་གསུང་ཐུགས་སུ་རྟོགས་པའོ། །དེའི་ཕྱིར་འཁོར་བ་དོང་སྤྲུགས་ཞེས་བྱ་སྟེ། འཁོར་བ་ཉིད་བདེ་གནས་སུ་རྟོགས་པས། དེའི་ཕྱིར་བདག་གཞན་དུ་སྣང་ལ་མ་དམིགས་པས་དེ་ལ་གནས་པར་བྱའོ། །ཡེ་ནས་སངས་རྒྱས་ཡིན་ཞེས་བྱ་བ་ནི་མཉམ་གཞག་གི་དུས་སུ་རྟོགས་པ་ཅི་རྒྱུད་པ་ཡེ་ཤེས་སུ་གསལ་བས་དཔའ་བོ་གཡུལ་དུ་ཞུགས་པ་ཉམ་ང་མེད་པ་དང་འདྲའོ། །དེའི་ཕྱིར་འཁོར་བ་མ་སྤངས་པར་རང་སར་གྲོལ་བ་ཞེས་བྱའོ། །དེ་ཡང་རཱ་ཧུ་ལ་ཆེན་པོས། འཁོར་བ་མ་སྤངས་ངང་གི་གསལ་བ་ལ། །ཡེ་ཤེས་ཉི་མ་དེ་ནི་ཚུལ་དུ་འཆར། །ཞེས་པས་གསལ་ལོ། །དགུ་པ་གླུ་ནི། ཡིད་བཞིན་ནོར་བུའི་དགོངས་པ་དངོས་གྲུབ་ཀློང་རྡོལ་གླུའི་བསམ་གཏན། དམར་རེངས་གཉིས་པ་ཤར་ཙམ་ན་གནོད་སྦྱིན་མོ་བྱང་ཆུབ་འདི་སྐད་ལོ། །ཧཱུཾ། ཆོས་ཉིད་བྱང་ཆུབ་སེམས་ལ་བླང་ཞིང་བལྟ་མེད་དེ། །ལྟ་བའི་གཟུགས་མེད་ཡོངས་ལ་སྣང་། །ཅིས་ཀྱང་བཅོས་སུ་མེད་པ་སྤྱད་དུ་མེད། །སེམས་ཀྱི་རང་བཞིན་ཅི་ལའང་མི་གནས་ཏེ། །རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་ཏེ། །ཇི་ལྟར་བསླད་ཀྱང་དབྱིངས་ལ་འགྱུར་བ་མེད། །དབྱིངས་ཀྱི་རིག་པས་མི་བཙལ་ཏེ། །སེམས་ཉིད་མཁའ་ལྟར་དག་པ་སྟེ། །མ་བཅོས་རང་བཞིན་མེད་པ་ལས། །སྒོམ་པ་འདི་ལས་མེད་པར་བདག་གིས་རྟོགས། །བདག་གི་ཕུང་པོ་བརྡོས་བཅས་འདི་བསྙིལ་ནས། །ཀུན་བཟང་ཐུགས་ཀྱི་འོད་ཟེར་བདག་ལ་ཤར། །གྷི་ཏ་མ་ཀོ་ལ་ས་ཨ་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ། །རྩེ་མོ་བྱུང་རྒྱལ་དང་རྗེས་སུ་འབྲེལ་བ་དབང་དགུ་པ་བསྐུར་བ་ལ་དགུ་ལས། དང་པོ་ནི། ཡེ་ཤེས་གསལ་བའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ་ཉི་མའི་དཀྱིལ་འཁོར་ཆེན་པོ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདེངས་ཅི་ཐོབ་ན། སྣང་སྲིད་ཐམས་ཅད་ནམ་མཁར་གཅིག་པས་རེ་དོགས་ཐམས་ཅད་མེད་པའི་གདེངས་ནི་ས་ཐོབ་པ་ལྟ་བུ་ཐོབ་བོ། །གསུམ་པ་གདེངས་དེ་ལམ་དུ་སློང་བའི་སྤྱོད་པ་ནི། ཐིག་ལེ་ཆེན་པོའི་སྤྱོད་པ་གཅིག་ལས་མ་འདས་ཏེ། འཕྲུལ་གྱི་མེ་ལོང་ལྟ་བུའོ། །བཞི་པ་ཕྲིན་ལས་འགྲེ། ལྔ་པ་ཡེ་ཤེས་གསལ་བའི་མན་ངག་གིས་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། དྲག་རླུང་བཟུང་། ཙིཏྟའི་པདྨ་ཨ་དང་བཅས་པ་གསལ་གདབ། བླ་མའི་ཙིཏྟའི་པད་འདབ་བདུན་པ་ལ་གནས་པའི་ཨ་དང་། དཀྱིལ་འཁོར་གྱི་པད་འདབ་བདུན་པ་ལ་གནས་པའི་ཨ་འོད་དུ་ཞུ་བ་ལ་སོགས་པ་ཨ་བཞི་སྐོར་གྱི་དམིགས་པ་སྤྱིར་འགྲེ། ཁྱད་པར་གྱི་དམིགས་པ་ལུས་འོད་ཀྱིས་གང་བ་ཇེ་ཆེར་སོང་བ་ལ་སེམས་གཏད་ལ་སྒོམ་དུ་གཞུག་ཅིང་། བླ་མས་བུམ་དབང་༴ ཆོས་ཉིད་དངོས་པོ་མེད་པའི་ཡེ་སྟོང་འདི། །ལྟ་བ་འདི་དང་མི༴ ཆོས་ཉིད་ཉམས་མྱོང་མེད་པའི་བདེ་སྟོང་འདི། །སྒོམ་པ་འདི་དང་མི༴ སེམས་ཉིད་འཆོས་པ་མེད་པའི་རང་སྟོང་འདི། །སྤྱོད་པ་འདི་དང་མི༴ ཆོས་ཉིད་འགྱུར་བ་མེད་པའི་ཡེ་སྟོངས་འདི། །འབྲས་བུ་འདི་དང་མི༴ ཇི་ལྟར་སྨོན་པའི་འབྲས་བུ་འགྲུབ་པར༴ སྨོན་ལམ་གྱི་མཐུ་བཙན་པར༴ དེ་ཁོ་ན་ཉིད་ཀྱི་དོན་ལ་བློ་གནས་པར༴ ཅེས་བརྗོད་ཅིང་། བླ་མས་བུམ་པ་སློབ་མའི་མགོ་ལ་བཞག །སྤྱི་བོར་ཆུ་གཏིག་ཅིང་བུམ་ཆུ་འཐུང་བ་དང་ཁྲུས་བྱེད་དུ་བཅུག་ལ་དབང་བརྟན་པར་བྱ་ཞིང་། མཆོད་མཁན་རྣམས༴ རྗེས་ཤེས་ལུས་འོད་ཆེར་འཕེལ་བ་ལ་ཤེས་པ་གཏད་ན། གནས་པ་མེད་པའི་ཚུལ་གྱིས་གནས་པ་ཀུན་ལ་འགྲེའོ། །དྲུག་པ་དབང་གི་དཔེ་ནི། ཉི་མའི་དཀྱིལ་འཁོར་ཆེན་པོ་ལྟ་བུའོ་ཞེས་པས། ཉི་མའི་དཀྱིལ་འཁོར་ཆེན་པོ་ལ་གསལ་འགྲིབ་མེད་པ་བཞིན། ཡེ་ཤེས་གསལ་བའི་མན་ངག་གིས་རིག་པ་རྩལ་གྱི་དབང་ཐོབ་པའི་སྟོབས་ཀྱིས། ཏིང་ངེ་འཛིན་བྱིང་རྒོད་དང་བྲལ་བས་གསལ་འགྲིབ་མེད་པར་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། ཡེ་ཤེས་ཕྲེང་བ་ཞེས་བྱ་བའི་མན་ངག་ལས། སྣང་སྲིད་ཡེ་ཤེས་ངང་དུ་གསལ། །ཞེས་སོ། །བརྒྱད་པ་མན་ངག་གི་དགོངས་འགྲེལ་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་པས་སངས་རྒྱས་ཉིད་ལས་གཞན་པ་ངང་གིས་མེད་པས་འཁོར་བ་ཀ་ནས་དག་པས་ཐམས་ཅད་ཡེ་ཤེས་སུ་གསལ་བར་ཁོང་དུ་ཆུད་པའི་སངས་རྒྱས་དགོངས་པའི་ཞེ་ཕུགས་རྟོགས་པ་ཞེས་བྱའོ། །དེའི་ཕྱིར་ན་ཉི་མའི་དཀྱིལ་འཁོར་འོད་ཀྱང་ངོ་བོར་འཆར་བ་དང་མཚུངས་སོ། །ངང་དུ་གསལ་ཞེས་པ་ནི། ཉི་མ་དང་འོད་དབྱེར་མེད་པ་དང་འདྲ་སྟེ། མི་རྟོག་པ་དང་རྟོག་པ་དབྱེར་མེད་དུ་རྟོགས་པས་དག་གོ། །དེའི་ཕྱིར་གསལ་ལ་རྟོག་པ་མེད་པ་ཞེས་བྱའོ། །དེ་ཡང་གུ་རུ་ཆེན་པོས། ཐམས་ཅད་ཡེ་ཤེས་གསལ་བའི་རྒྱན། །དེ་ལྟར་རྟོགས་པ་དག་པ་ཡིན། །ཅེས་པས་གསལ་ལོ། །དགུ་པ་གླུ་ནི། རྩེ་མོ་བྱུང་རྒྱལ་གྱི་དགོངས་པ། རྩོལ་མེད་ཀློང་རྡོལ་གླུའི་བསམ་གཏན། ཤིང་ནལ་བྱི་ས་ལའི་རྩར། དམར་རེངས་གསུམ་པ་ཤར་ཙམ་ན་སྨད་འཚོང་མ་བུདྡྷ་མ་ཏི་འདི་སྐད་ལོ། །ཨེ་མ་ཧོ་ཆོས་ཉིད་བྱང་ཆུབ་སེམས། །བརྟག་ཏུ་མེད་དེ་དཔྱད་དུ་མེད། །བཙལ་ཞིང་གཉེན་པོས་བཅོས་སུ་མེད། །སེམས་ལས་སངས་རྒྱས་ལོགས་ན་མེད། །བཙལ་བས་མི་རྙེད་སེམས་ལས་སངས་རྒྱས་མེད། །སེམས་ཀྱི་རང་བཞིན་མ་བཅོས་སངས་རྒྱས་ཡིན། །གདོད་ནས་མ་བཙལ་བྱང་ཆུབ་སྙིང་པོ་ལ། །ཏིང་འཛིན་མ་བསླད་ངང་གིས་གསལ་བ་ལས། །སངས་རྒྱས་དགོངས་པ་འདི་ལས་མེད་པས་འཁུམས། །བདག་གི་ཕུང་པོ་བརྡོས་བཅས་འདི་བསྙིལ་ནས། །ཀུན་བཟང་ཐུགས་ཀྱི་འོད་ཟེར་བདག་ལ་ཤར། །གྷི་ཏ་མ་ཀོ་ལ་ས་ཨ་ཧོཿ ཞེས་རྡོ་རྗེས་གླུ་བླངས་སོ། །སྤྱི་སྤྱོད་དང་རྗེས་སུ་འབྲེལ་བ་དབང་བཅུ་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། བདེ་བ་ཆེན་པོས་རིག་པ་རྩལ་གྱི་དབང་བསྐུར་བ་ལྷ་བདུད་རྩིས་འཚོ་བ་ལྟ་བུའོ། །གཉིས་པ་དབང་བསྐུར་བས་གདེངས་ཅི་ཐོབ་ན། རིག་པ་ཕྱོགས་བྲལ་རྟོགས་པས་གོལ་གྲིབ་ཀྱི་གཡང་ས་མེད་པའི་གདེངས་ནི་འཕྲུལ་གྱི་སྐྱེས་བུ་བགྲོད་པ་ལྟ་བུ་ཐོབ་བོ། །གསུམ་པ་གདེངས་དེ་ལམ་དུ་སློང་བའི་སྤྱོད་པ་ནི། དབྱེ་བ་མེད་པར་ཀུན་ལ་སྤྱོད་པ་སྟེ། ཀུན་ཏུ་རྒྱུ་འཇིགས་པ་མེད་པ་ལྟ་བུའོ། །བཞི་པ་ཕྲིན་ལས་འགྲེ། ལྔ་པ་བདེ་བ་ཆེན་པོའི་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། དྲག་རླུང་བཟུང་། ཙིཏྟའི་པདྨ་གསལ་གདབ། པད་འདབ་བརྒྱད་པའི་ཨ་བཞི་སྐོར་གྱི་དམིགས་པ་འགྲེ། བུམ་དབང་༴ ཆོས་ཉིད་དངོས་པོ་མེད་པའི༴ ལྟ་བ་འདི་དང་མི༴ ཆོས་ཉིད་ཉམས་མྱོང་མེད་པའི༴ སྒོམ་པ་འདི་དང་མི༴ སེམས་ཉིད་འཆོས་པ་མེད་པའི༴ སྤྱོད་པ་འདི་དང་མི༴ ཆོས་ཉིད་འགྱུར་བ་མེད་པའི༴ འབྲས་བུ་འདི་དང་མི༴ ཇི་ལྟར་སྨོན་པའི་འབྲས་བུ༴ སྨོན་ལམ་གྱི་མཐུ་བཙན་པར༴ དེ་ཁོ་ན་ཉིད་ཀྱི་དོན་ལ་བློ་གནས་པར༴ ཅེས་བརྗོད་ཅིང་། བླ་མས་བུམ་པ་སློབ་མའི་མགོ་ལ༴ མཆོད་མཁན་རྣམས་ཀྱིས་སྤོས་དང་རོལ་མོ༴ རྗེས་ཤེས་རྟོགས་པ་ཡེ་ཤེས་སུ་རྒྱས་པའི་ངང་ལ་གནས་པ༴ དྲུག་པ་དབང་གི་དཔེ་ནི། ལྷ་བདུད་རྩིས་འཚོ་བ་ལྟ་བུའོ་ཞེས་པས། ལྷ་ལུས་ཟག་པ་དང་བྲལ་ཞིང་བདེ་ཉམས་དང་ལྡན་པ་བཞིན་དུ་རྟོགས་པ་ཡེ་ཤེས་སུ་རྒྱས་པའི་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། སེམས་ཀྱི་འཁོར་ལོ་ཞེས་བྱ་བའི་མན་ངག་ལས། སེམས་ཀྱི་བདེ་ཆེན་ཉམས་མྱོང་གསལ། །ཞེས་སོ། །བརྒྱད་པ་མན་ངག་གི་དགོངས་འགྲེལ་ནི། སྣང་སྲིད་ཐམས་ཅད་ཡེ་ཤེས་སུ་གསལ་ལ། སེམས་བདེ་བ་ཆེན་པོར་གསལ་བས་དེ་བཞིན་དུ་ཉམས་སུ་མྱོང་བས་རྣལ་འབྱོར་པའི་ཉམས་ནི། ལྐུགས་པས་མར་མྱོང་བ་དང་འདྲ་བས་གཉིས་སུ་མེད་པའི་བདེ་བ་ཆེན་པོ་མ་བཅོས་མ་བསླད་པར་ཉམས་སུ་མྱོང་བའོ། །དེས་ན་ལྷའི་ལུས་བདུད་རྩིས་རྒྱས་པས་བདེ་བ་དང་ལྡན་པའོ། །གསལ་ཞེས་བྱ་བ་ནི། བྱིང་རྒོད་བདེ་བ་ཆེན་པོར་གསལ་བའོ། །དེས་ན་བྱིང་རྒོད་མ་བཅོས་པར་ཡན་པའོ། །ཅིའི་ཕྱིར་ཞེ་ན། ཐམས་ཅད་བདེ་བ་ཆེན་པོ་ལས་མ་གཡོས་པར་རྟོགས་པའོ། །དེ་ཡང་ལུང་ཕྱི་མ་ལས། ཉམས་སུ་མྱོང་བའི་བདེ་ཆེན་ནི། །ཐམས་ཅད་གསལ་བས་ཞེ་ཕུགས་ཉིད། །ཅེས་པས་གསལ་ལོ། །དགུ་པ་གླུ་ནི་སྤྱི་གཅོད་ཀྱི་དགོངས་པས། གསང་བ་ཀློང་རྡོལ་གླུའི་བསམ་གཏན། ཤིང་ནྱ་གྲོ་དྷའི་རྩར་སྲོད་ཀྱི་ཐུན་ལ་འཇམ་དཔལ་བཤེས་གཉེན་ཕྱི་མ་འདི་སྐད་ལོ། །ཧཱུཾ། ཀུན་གཞི་ཡངས་པའི་དབྱེ་ཐང་ལ། །དག་པའི་ཀློང་ནས་ཉི་མ་ཤར། །ཤར་བའི་དུས་ན་ནུབ་པ་མེད། །ཤར་ནས་མ་བཅོས་གསལ་བ་ལས། །སངས་རྒྱས་ཆོས་ཉིད་སྔ་ཕྱི་གསུམ། །གང་དུ་བཙལ་ཡང་རྙེད་ཐབས་མེད། །ཀུན་གཞི་ཡངས་པའི་ཆོས་ཉིད་ལ། །རིག་པ་སེམས་ཀྱི་ཉི་ཤར་བ། །མ་བཅོས་ནུབ་པ་མེད་པ་ལས། །སྒོམ་དུ་འདི་ལས་མེད་པར་འཁུམས། མྱང་ངན་སེམས་ཀྱི་བདུད་རྩི་མྱོང་། །བལྟ་ན་རིག་པའི་ཡེ་ཤེས་ལྟོས། །པདྨ་ཀོ་ལ་ཤ་ཨ་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ། །སྤྱི་ཆིངས་དང་རྗེས་སུ་འབྲེལ་བའི་དབང་བཅུ་གཅིག་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། སེམས་གྱིན་འདིའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ་དྲང་སྲོང་རླུང་ནད་ཅན་སྨན་པའི་ངག་ཉན་པ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདེངས་ཅི་ཐོབ་ན། སྣ་ཚོགས་སྐྱེ་མེད་དུ་འགྱུར་ལ་དེ་ལས་མི་འགྱུར་བར་རྟོགས་པས། ཉོན་མོངས་པ་མི་སྤོང་བའི་གདེངས་མགྲོན་པོ་འཁྲུལ་པ་སྤོང་བ་ལྟ་བུའོ། །གསུམ་པ་གདེངས་དེ་ལམ་དུ་སློང་བའི་སྤྱོད་པ་ནི། བཀག་མེད་ཡོངས་རྫོགས་ཀྱི་སྤྱོད་པ་སྣ་ཚོགས་གཅིག་ཏུ་མཛད་པ་སྟེ་ལན་ཚྭའི་རྒྱ་མཚོ་ལྟ་བུའོ། །བཞི་པ་ཕྲིན་ལས་འགྲེ། ལྔ་པ་སེམས་གྱིན་འདའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། དྲག་རླུང་བཟུང་། ཙིཏྟའི་པདྨ་གསལ་གདབ། པད་འདབ་དགུ་པའི་ཨ་འོད་དུ་ཞུ་བའི་དམིགས་པ་བཞི་སྐོར་བསྒོམ་ཞིང་། བུམ་དབང་༴ ཆོས་ཉིད་དངོས་པོ་མེད་པའི༴ ལྟ་བ་འདི་དང་མི༴ ཆོས་ཉིད་ཉམས་མྱོང་མེད་པའི༴ སྒོམ་པ་འདི་དང་མི༴ སེམས་ཉིད་འཆོས་པ་མེད་པའི༴ སྤྱོད་པ་འདི་དང་མི༴ ཆོས་ཉིད་འགྱུར་བ་མེད་པའི༴ འབྲས་བུ་འདི་དང་མི༴ ཇི་ལྟར་སྨོན་པའི༴ སྨོན་ལམ་གྱི་མཐུ་བཙན་པར༴ དེ་ཁོ་ན་ཉིད་ཀྱི་དོན་ལ་བློ་གནས་པར༴ ཅེས་བརྗོད་ཅིང་། བླ་མས་བུམ་པ་སློབ་མའི་མགོ༴ མཆོད་མཁན་རྣམས་ཀྱིས༴ རྗེས་ཤེས་རྟོག་པ་ཡེ་ཤེས་ཀྱི་དབང་དུ་འདུས་པའི་ངང་ལ་གནས་པ༴ དྲུག་པ་དཔེ་ནི། དྲང་སྲོང་རླུང་ནད་ཅན་སྨན་པའི་ངག་ལ་ཉན་པ་ལྟ་བུའོ། །ཞེས་པས་རླུང་ནད་སྨན་པ་མཁས་པའི་ངག་ལ་ཉན་པས་འབད་མེད་དུ་གྲོལ་བ་བཞིན། སེམས་གྱིན་འདིའི་མན་ངག་གིས་རིག་པ་རྩལ་གྱི་དབང་ཐོབ་པས། དུག་ལྔའི་ནད་འབད་མེད་དུ་གྲོལ་བའོ། །ཞེས་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། སྒྲོན་མ་གསལ་བ་ཞེས་བྱ་བའི་མན་ངག་ལས། སེམས་ཉིད་གྱིན་འདའ་རྣལ་མར་ཞོག །ཅེས་སོ། །བརྒྱད་པ་དགོངས་འགྲེལ་ནི། ཆོས་ཐམས་ཅད་སེམས་གྱིན་འདའ་མ་རྟོགས་པ་སྐྲའི་ཚལ་བ་བརྒྱར་གཤགས་པ་ཙམ་ཡང་མེད་པས། གྱིན་འདའ་མ་བཅོས་པ་རྣམས་མ་བསླད་པ་ལ་བཞག་པར་བྱ་སྟེ། ནམ་མཁའ་དང་སེམས་དང་ཆོས་ཉིད་ལ་སྦྱར་རོ། །དེས་ན་དྲང་སྲོང་རླུང་ནད་ཅན་སྨན་པའི་ངག་ལ་ཉན་ནས་ལུས་ངག་ཡིད་གསུམ་གྱིན་འདར་གནས་པ་ལྟ་བུའོ། །རྣལ་མར་བཞག་ཅེས་བྱ་བ་ནི། ལུས་ངག་ཡིད་གསུམ་མ་བཅོས་པར་བཞག་པའོ། །དེའི་ཕྱིར་ན། ཆོས་ཐམས་ཅད་ནི་མ་བཅོས་པའོ། །ཞེས་གསུངས་པ་དང་འདྲའོ། །དེས་ན་གྱིན་འདར་གནས་པར་གྱིས་ཤིག །དེ་ཡང་ལུང་གི་རྒྱལ་པོ་ལས། སེམས་ཀྱི་དེ་ཉིད་མ་བཅོས་གསལ། །དེ་ལྟར་ཡིན་པས་རྟོགས་པ་མེད། །ཅེས་པས་གསལ་ལོ། །དགུ་པ་གླུ་ནི། སྤྱི་ཆིངས་ཀྱི་དགོངས་པ་ནམ་མཁའ་ཀློང་རྡོལ་གླུའི་བསམ་གཏན། དཔག་བསམ་ཤིང་གི་སྒྲིབ་མ་ལ། ཐོ་རེངས་ཁར་ཨཱརྻ་པ་ལོ་འདི་སྐད་ལོ། །ཧཱུཾ། བྱང་ཆུབ་སེམས་ནི་ནམ་མཁའ་ལྟ་བུའི་ཀློང་། །གསལ་ལ་རྟོག་པ་མེད་པའི་ཡེ་ཤེས་ནི། ཕྱི་དང་ནང་མེད་ཀུན་ལ་གསལ་བར་སྣང་། །གདོད་ནས་དག་པས་ནམ་མཁའི་ཀློང་འདྲ་ལ། །རྣམ་རྟོག་བསྲེག་པའི་ཡེ་ཤེས་མངོན་ཤར་བས། །སྐྱེ་འགག་ཡངས་དོག་རང་བཞིན་མེད་པ་ལས། །སངས་རྒྱས་དགོངས་པ་འདི་ལས་མེད་པར་མཇལ། །ཟ་ན་སེམས་ཉིད་བདུད་རྩི་ཟོ། །གོན་ན་ཆོས་ཉིད་གོས་སུ་གྱོན། །ཨེ་མ་ཀོ་ལ་ཤ་ཨ་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ། །བདེ་བ་ཕྲ་བཀོད་དང་རྗེས་སུ་འབྲེལ་བ་དབང་བཅུ་གཉིས་པ་བསྐུར་ཐབས་ལ་དགུ་ལས། དང་པོ་ནི། རིག་པ་མི་གཡོ་བའི་རིག་པ་རྩལ་གྱི་དབང་བསྐུར་བ་རྒྱ་མཚོ་ཆེན་པོའི་གཏིང་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདེངས་ཅི་ཐོབ་ན། སྒོ་གསུམ་དཀྱིལ་འཁོར་དུ་འདུ་ཤེས་པས། སྒོ་གསུམ་གྱི་འཁྲུལ་པས་མི་འཇིགས་པའི་གདེངས་ཐག་པ་ལ་སྦྲུལ་ཞེན་གྱི་ཞེན་པ་ལོག་པ་ལྟ་བུ་ཐོབ་བོ། །གསུམ་པ་གདེངས་དེ་ལམ་དུ་སློང་བའི་སྤྱོད་པ་ནི། ཡེ་ཤེས་རང་ཤར་གྱི་སྤྱོད་པ་ཀུན་ཏུ་མཛེས་པ་སྟེ། རིན་པོ་ཆེས་མགུལ་མཛེས་པ་ལྟ་བུའོ། །བཞི་པ་ཕྲིན་ལས་འགྲེ། ལྔ་པ་སེམས་མི་གཡོ་བའི་རིག་པ་རྩལ་གྱི་དབང་བསྐུར་ཐབས་ནི། ལུས་གནད་བཅས། དྲག་རླུང་བུམ་པ་ཅན་བཟུང་། ཙིཏྟའི་པདྨ་ཨ་དང་བཅས་པ་གསལ་བཏབ། པདྨ་བཅུ་པའི་ཨ་འོད་དུ་ཞུ་བའི་དམིགས་པ་བཞི་སྐོར་སྒོམ་ཞིང་། བུམ་དབང་༴ ཆོས་ཉིད་དངོས་པོ་མེད་པའི༴ ལྟ་བ་འདི་དང་མི༴ ཆོས་ཉིད་ཉམས་མྱོང་མེད་པའི༴ སྒོམ་པའི་འདི་དང་མི༴ སེམས་ཉིད་འཆོས་པ་མེད་པའི༴ སྤྱོད་པ་འདི་དང་མི༴ ཆོས་ཉིད་འགྱུར་བ་མེད་པའི༴ འབྲས་བུ་འདི་དང་མི༴ ཇི་ལྟར་སྨོན་པའི་འབྲས་བུ་གྲུབ་པར༴ སྨོན་ལམ་གྱི་མཐུ་བཙན་པར༴ དེ་ཁོ་ན་ཉིད་ཀྱི་དོན་ལ་བློ་གནས་པར༴ ཅེས་བརྗོད་ཅིང་། བླ་མས་བུམ་པ༴ མཆོད་མཁན་རྣམས་ཀྱིས༴ རྗེས་ཤེས་བདེ་གསལ་མི་རྟོག་པའི་ངང་ལ་གནས་པ༴ དྲུག་པ་དཔེ་ནི་རྒྱ་མཚོ་ཆེན་པོ་ལྟ་བུའོ། །ཞེས་པས་རྒྱ་མཚོ་ཆེན་པོ་ཁ་ཅུང་ཟད་རླུང་གིས་གཡོས་ཀྱང་གཏིང་གཡོ་བ་མེད་པ་བཞིན། རིག་པ་མི་གཡོ་བའི་མན་ངག་གིས་རིག་པ་རྩལ་གྱི་དབང་ཐོབ་པས། ཏིང་ངེ་འཛིན་ལ་བྱིང་རྒོད་ཀྱི་སྐྱོན་གྱིས་མི་གནོད་པ་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། སྐྱེས་བུ་གྱད་ཀྱི་རྩལ་འཆང་ཞེས་བྱ་བའི་མན་ངག་ལས། རིག་པ་མི་གཡོ་རྒྱ་མཚོ་བཞིན་དུ་གནས། །ཞེས་བརྗོད་དོ། །བརྒྱད་པ་དགོངས་འགྲེལ་ནི། ཆོས་ཐམས་ཅད་རིག་པ་ཆེན་པོར་གསལ་བས་རེ་དོགས་ངང་གིས་མེད་དོ། །དེ་བས་ན་རིག་པ་འོད་གསལ་བར་གནས་པས། རིག་མེད་ནམ་མཁའ་དང་འདྲ་སྟེ། ཕྱོགས་བཅུ་གར་ཡང་ནམ་མཁའ་ལས་མ་འདས་པ་དང་འདྲ་བར་རྟོགས་པའི་རིག་པ་དང་ལྡན་པའི་རྣལ་འབྱོར་པས་དུས་གསུམ་དུ་རིག་པ་རང་བཞིན་གྱིས་འོད་གསལ་བའོ། །དེ་ཉིད་རྒྱ་མཚོ་ཆེན་པོར་གསལ་བས་མི་གཡོ་བ་དང་འདྲའོ། །རྒྱ་མཚོ་བཞིན་དུ་གནས་ཞེས་བྱ་བ་ནི། ཆུ་ཕྲན་ཐམས་ཅད་རྒྱ་མཚོར་རོ་གཅིག་པ་དང་འདྲ་བས། ཆོས་ཐམས་ཅད་རིག་པ་འོད་གསལ་བར་རོ་གཅིག་པའོ། །དེས་ན་རྣམ་རྟོག་ཐམས་ཅད་ཡེ་ཤེས་སུ་རོ་གཅིག་པས་མི་སྤོང་བའོ། །དེ་ཡང་རྒྱ་ལུང་ཆེན་མོ་ལས། སེམས་ཉིད་མི་རྟོག་ནམ་མཁའི་ངང་དུ་གསལ། །དེས་ན་མ་བཅོས་རྟོག་མེད་ངང་དུ་ཤར། །ཞེས་པས་གསལ་ལོ། །དགུ་པ་གླུ་ནི། བདེ་བ་ཕྲ་བཀོད་ཀྱི་དགོངས་པ་ཕྲིན་ལས་ཀློང་རྡོལ་གླུའི་བསམ་གཏན། རིན་པོ་ཆེའི་གླིང་ལ་ནམ་གུང་ཡོལ་ལ། ཨོ་རྒྱན་གྱི་མཁན་པོ་དྷ་ཧེ་འདི་སྐད་ལོ། །ཧཱུཾ། སེམས་ཉིད་སངས་རྒྱས་ཡིན་པ་ལས། །སེམས་ལས་སངས་རྒྱས་ལོག་ན་མེད། །སེམས་ཉིད་ཡེ་གནས་སངས་རྒྱས་ཡིན་པ་ལས། །རིག་པ་མི་འགྱུར་རང་བཞིན་མེད་པ་འདི། །ཟབ་མོའི་ཆོས་དབྱིངས་མི་བརྗེད་དོན་དམ་གསལ། །རྒྱ་མཚོ་ཆེ་ལྟར་ཆོས་དབྱིངས་ཟབ་མོ་ལས། །རིག་པ་མི་འགྱུར་བཟོད་ཅིང་ནང་ནས་འཆར། །ཀུན་གཞི་གཏན་ནས་སྦྱོར་བའི་ཉི་ཆེན་པོ། །མཁའ་ལྟར་དག་པས་ཡོངས་ལ་ཁྱབ་པར་གདལ། །ཆོས་ཉིད་ཡེ་ནས་དག་པས་སྦྱང་དུ་མེད་པ་ལ། །རིག་པ་མི་འགྱུར་གདོད་ནས་གསལ་བར་གནས། །ཕྱིན་ཅི་ལོག་གིས་མ་བསླད་གསལ་བར་གནས། །བདེ་བར་གཤེགས་པའི་དགོངས་པ་འདི་ལས་མེད་པར་མཇལ། །ཆོས་ཉིད་ནམ་མཁའ་ཆེན་པོ་ལ། །རྣལ་འབྱོར་ཁྱུང་ཆེན་གཤོག་པ་ལྡིང་། །ཀརྨཱ་ཀོ་ལ་ཤ་ཨ་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ། །སྲོག་གི་འཁོར་ལོ་དང་རྗེས་སུ་འབྲེལ་བ་དང་དབང་བཅུ་གསུམ་པ་བསྐུར་ཐབས་ལ་དགུ་ལས། དང་པོ་དབང་ནི། སེམས་རྫོགས་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ་ནོར་བུ་རིན་པོ་ཆེ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདེངས་ཀྱི་ཐོབ་ན། སྣང་སྲིད་ཡེ་ཤེས་སུ་རྟོགས་ཏེ། དེ་ཉིད་གདོད་ནས་བཅོས་སུ་མེད་པའི་གདེངས་མཁའ་ལ་ཉི་མ་ཤར་བ་ལྟ་བུ་ཐོབ་བོ། །གསུམ་པ་གདེངས་དེ་ལམ་དུ་སློང་བའི་སྤྱོད་པ་ནི། སྒོ་གསུམ་ཆིག་ཆོད་དུ་གསལ་བའི་སྤྱོད་པ་རིག་པ་དུས་གཅིག་ཏུ་གསལ་བ་སྟེ། རོ་གསུམ་མ་འདྲེས་པ་ལྟ་བུའོ། །བཞི་པ་ཕྲིན་ལས་འགྲེ། ལྔ་པ་སེམས་རྫོགས་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། འཇམ་རླུང་བུམ་པ་ཅན་སྒོམ་དུ་གཞུག །ཙིཏྟའི་པདྨ་གསལ་བཏབ། པད་འདབ་བཅུ་གཅིག་པའི་ཨ་འོད་དུ་ཞུ་བའི་དམིགས་པ་བཞི་སྐོར་བསྒོམ་ཞིང་། འཁོར་བ་ཡེ་བརྡལ་གྱི་དགོངས་པ། ལུས་ཀྱི་འོད་རྫིང་དུ་རྡོ་བསྐྱུར་བའི་གཉེར་མ་ལྟས་མཆེད་ནས་ཡུལ་ཁམས་འོད་ཀྱིས་དཀར་མེར་ཁེངས་པ་ལ་རིག་པ་གཏད་ལ། བུམ་དབང་༴ ཆོས་ཉིད་དངོས་པོ་མེད་པའི༴ ལྟ་བ་འདི་དང་མི༴ ཆོས་ཉིད་ཉམས་མྱོང་མེད་པའི༴ སྒོམ་པ་འདི་དང་མི༴ སེམས་ཉིད་འཆོས་པ་མེད་པའི༴ སྤྱོད་པ་འདི་དང་མི༴ ཆོས་ཉིད་འགྱུར་བ་མེད་པའི༴ འབྲས་བུ་འདི་དང་མི༴ ཇི་ལྟར་སྨོན་པའི་འབྲས་བུ༴ སྨོན་ལམ་གྱི་མཐུ༴ དེ་ཁོ་ན་ཉིད་ཀྱི་དོན་ལ་བློ་གནས་པར༴ ཅེས་བརྗོད་ཅིང་། བླ་མས་བུམ་པ༴ མཆོད་མཁན་རྣམས་ཀྱིས༴ རྗེས་ཀྱི་ཤེས་པ་ནི་འཁོར་བ་ཡེ་བརྡལ་གྱི་དགོངས་པ་ལ་གནས་པ༴ དྲུག་པ་དབང་གི་དཔེ་ནི། ནོར་བུ་རིན་པོ་ཆེ་ལྟ་བུའོ། །ཞེས་པས། ནོར་བུ་རིན་པོ་ཆེ་ལས་མ་གཡོས་པ་བཞིན་དུ་བསོད་ནམས་ཀྱི་དབང་གིས་དགོས་འདོད་འབྱུང་བ་བཞིན། སེམས་རྫོགས་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་ཐོབ་པའི་སྟོབས་ཀྱིས་འཁོར་བ་ཡེ་བརྡལ་གྱི་དགོངས་པ་ལས་མ་གཡོས་པར་དངོས་གྲུབ་གཉིས་ལྷུན་གྲུབ་ཏུ་འབྱུང་ངོ་། །ཞེས་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། ལྷ་མི་མཁའ་ལྡིང་ཞེས་བྱ་བའི་མན་ངག་ལས། འཁོར་འདས་སེམས་ལ་རྫོགས་པས་ལྷུན་གྱིས་གྲུབ། །ཅེས་སོ། །བརྒྱད་པ་དགོངས་འགྲེལ་ནི། སེམས་ཀྱི་དེ་ཁོ་ན་ཉིད་ལ་སྣང་སྲིད་འཁོར་འདས་ཐམས་ཅད་ལྷུན་གྱིས་གྲུབ་པས། རྫོགས་པ་ཆེན་པོ་ཞེས་བྱ་སྟེ། དཔེར་ན་རི་བོ་ལྷུན་པོའི་ཁ་རུ་ཕྱིན་པས་གསེར་གྱི་རི་བདུན་ནས་ཕྱིའི་ལྕགས་རིའི་བར་རྩོལ་བ་མེད་པར་གསལ་བ་དང་འདྲ་བར། སེམས་ཀྱི་དེ་ཁོ་ན་ཉིད་རྟོགས་ན་ཆོས་ཐམས་ཅད་རྩོལ་བ་མེད་པར་རྟོགས་པས་ཡོན་ཏན་ཐམས་ཅད་རྫོགས་པ་ཞེས་བྱའོ། །དཔེར་ན་ནོར་བུ་རིན་པོ་ཆེ་ལྟ་བུའོ། །དེས་ན་འདོད་པ་ཐམས་ཅད་འབྱུང་བའོ། །ཞེས་བྱའོ། །ལྷུན་གྱིས་གྲུབ་ཅེས་པ་ནི། བྱིང་རྒོད་ཡེ་ཤེས་སུ་ལྷུན་གྲུབ་ཏུ་གནས་པས་མི་འགལ་བའོ། །དེ་ཡང་ཀློང་ཆེན་འཁྱིལ་བ་ཞེས་བྱ་བའི་མན་ངག་ལས། སེམས་ལ་ཐམས་ཅད་རྫོགས་པར་ལྷུན་གྲུབ་སྟེ། །བཅོས་བསླད་དགག་སྒྲུབ་མེད་པར་ཡེ་ཤེས་གསལ། །ཞེས་པས་གསལ་ལོ། །དགུ་པ་གླུ་ནི། སྲོག་གི་འཁོར་ལོའི་དགོངས་པ། རང་བྱུང་ཀློང་རྡོལ་གླུའི་བསམ་གཏན། ནྱ་གྲོ་དྷའི་དགོན་པར་སྲོད་ཡོལ་བའི་དུས་སུ། དྲང་སྲོང་བྷི་ཤ་ཏི་འདི་སྐད་ལོ། །ཧཱུཾ། མ་བཅོས་མཁའ་ལ་གཟའ་སྐར་ཀུན་འཕྱོ་བས། །གདོད་ནས་དག་པས་མཁའ་ནི་མི་བརྗོད་དེ། །བྱང་ཆུབ་སེམས་ནི་མཁའ་ལྟར་དག་པ་ལ། མཚན་མའི་རྣམ་རྟོག་སྒྱུ་མས་ཅི་བསླད་ཀྱང་། །རྣམ་དག་སེམས་ཉིད་དབྱིངས་ལ་འཕོ་འགྱུར་མེད། །ཆོས་དབྱིངས་བརྡལ་བ་ཆེན་པའི་དཀྱིལ་འཁོར་ལ། རིག་པའི་ཡེ་ཤེས་དུར་ས་བཏབ་པ་ནི། །གསང་བའི་འོད་ཀྱི་དཀྱིལ་འཁོར་གསལ་བར་འཆར། །ཤར་བ་ཉིད་ཀྱི་དོན་དེ་མ་ཡེངས་ལས། །སངས་རྒྱས་རྣམས་ལ་དགོངས་པ་འདི་ལས་མེད། །རིག་པ་ཡེ་ཤེས་རླུང་ཆེན་གྱིས། །རྣམ་པར་རྟོག་པའི་མུན་པ་གཡེངས། །ཨ་ཀ་ཤ་ཀོ་ལ་མ་དྷཱ་ཨ་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ། །རིན་པོ་ཆེ་ཀུན་འདུས་དང་རྗེས་སུ་འབྲེལ་བ་དབང་བཅུ་བཞི་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི་གཉིས་མེད་ངང་གི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ་མར་མེའི་འོད་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདེངས་ཅི་ཐོབ་ན། འབྲས་བུ་དུས་གཅིག་ལ་རྟོགས་པས་རྒྱུ་ལ་ལྟོས་པ་མེད་པའི་གདེངས་ཡིད་བཞིན་གྱི་ནོར་བུ་ལྟ་བུའོ། །གསུམ་པ་གདེངས་དེ་ལམ་དུ་སློང་བའི་སྤྱོད་པ་ནི། རྟོག་པ་རང་སོར་གཅོད་པ་ཇི་ལྟར་གནས་པ་ལྟར་བདེ་བ་སྟེ། ནམ་མཁའ་ལ་ཆར་བབ་པ་ལྟ་བུའོ། །བཞི་པ་ཕྲིན་ལས་འགྲེ། ལྔ་པ་གཉིས་མེད་ངང་གི་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། འཇམ་རླུང་བུམ་པ་ཅན་བཟུང་། ཙིཏྟའི་པདྨ་གསལ་གདབ། པད་འདབ་བཅུ་གཉིས་པའི་ཨ་བཞི་སྐོར་གྱི་དམིགས་པ་སྒོམ་ཞིང་། འཁོར་བ་ཡེ་བརྡལ་གྱི་དགོངས་པ། ལུས་ཀྱི་འོད་རྫིང་དུ་རྡོ་བསྒྱུར་བ་ལྟར་མཆེད་པ་དེ་ཆེར་མཆེད་ནས། འཇིག་རྟེན་གྱི་ཁམས་འོད་ཀྱིས་དཀར་མེར་ཁེངས་པ་ལ་སེམས་གཏད་ལ། བུམ་དབང་༴ ཆོས་ཉིད་དངོས་པོ་མེད་པའི༴ ལྟ་བ་འདི་དང་མི༴ ཆོས་ཉིད་ཉམས་མྱོང་མེད་པའི༴ སྒོམ་པ་འདི་དང་མི༴ སེམས་ཉིད་འཆོས་པ་མེད་པའི༴ སྤྱོད་པ་འདི་དང་མི༴ ཆོས་ཉིད་འགྱུར་བ་མེད་པའི༴ འབྲས་བུ་འདི་དང་མི༴ ཇི་ལྟར་སྨོན་པའི་འབྲས་བུ་འགྲུབ་པར༴ སྨོན་ལམ་གྱི་མཐུ་བཙན་པར༴ དེ་ཁོ་ན་ཉིད་ཀྱི་དོན་ལ་བློ་གནས་པར༴ ཅེས་བརྗོད་ཅིང་། བླ་མས་བུམ་པ༴ མཆོད་མཁན་རྣམས་ཀྱིས༴ རྗེས་ཀྱི་ཤེས་པ་ནི་འཁོར་བ་ཡེ་བརྡལ་གྱི་དགོངས་པ་གསལ་བ་རྟོག་མེད་ཀྱི་ངང་ལ་གནས་པ༴ དྲུག་པ་དབང་གི་དཔེ་ནི་མར་མེའི་འོད་ལྟ་བུའོ། །ཞེས་པས། མར་མེ་རང་གིས་རང་གསལ་བ་ལྟར། གཉིས་སུ་མེད་པའི་མན་ངག་གི་རིག་པ་རྩལ་གྱི་དབང་ཐོབ་པའི་སྟོབས་ཀྱིས་སེམས་ཉིད་རང་གསལ་རྟོག་པ་མེད་པ་མཚོན་པའོ། །བདུན་པ་སྤུབས་མཆུ་ནི། མན་ངག་ཡེ་ཤེས་འཁྱིལ་བ་ལས། གཉིས་མེད་ཡེ་ཤེས་ངང་དུ་རོ་གཅིག་པས། །ཞེས་སོ། །བརྒྱད་པ་དགོངས་འགྲེལ་ནི། ཆོས་ཐམས་ཅད་གཉིས་སུ་མེད་པར་གསལ་བ་རྟོགས་པས་ཐག་ཆོད་པར་བྱས་ལ། དེ་ནས་ཉམས་གསུམ་ལ་བཅོས་ཐབས་དང་བཅས་པས་གནས་པར་བྱ་སྟེ། གཉིས་མེད་ངང་ལས་མ་རྟོགས་པའི་ཆོས་ཏིལ་འབྲུ་ཙམ་ཞིག་མ་རྙེད་པས་གསལ་ལ་རྟོག་པ་མེད་པ་མར་མེ་རླུང་མེད་པ་ལྟར་གནས་པར་བྱས་ལ། དེ་ཉིད་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །རོ་གཉིས་པས་ཞེས་པ་ནི། བྱིང་རྒོད་གཉིས་མེད་དུ་རོ་གཅིག་པས་དགག་སྒྲུབ་དང་བྲལ་བའོ། །དེ་ཡང་བདུད་རྩི་འཁྱིལ་བ་ལས། ཐམས་ཅད་གཉིས་སུ་མེད་པའི་བྱང་ཆུབ་སེམས། །ཡིན་པར་བདག་ཅག་རྣམས་ཀྱིས་རྟོགས། །ཞེས་པས་གསལ་ལོ། །དགུ་པ་གླུ་ནི། རིན་པོ་ཆེ་ཀུན་འདུས་ཀྱི་དགོངས་པ་སྐྱེ་མེད་ཀློང་རྡོལ་གླུའི་བསམ་གཏན། རྒྱལ་པོའི་དགོན་གནས་སུ་ནམ་སྨད་ལ་སྲས་མོ་གོ་མ་དེ་ཝི་འདི་སྐད་ལོ། །ཧཱུཾ། སངས་རྒྱས་ཀུན་གྱི་ཐུགས་ཉིད་ཡི་གེ་ཨ་ཡིན་ཏེ། །ཨ་ཡི་རང་བཞིན་ཡེ་ནས་དངོས་པོ་མེད། །བདེ་གཤེགས་ཀུན་གྱི་འབྱུང་གནས་ཨ་ཡིན་ཏེ། །བདེན་གཉིས་ལ་སོགས་སྣང་སྲིད་ཅིར་སྣང་ཡང་། །ཨ་ཡི་དངོས་གཞི་ཡེ་ནས་བྱང་ཆུབ་སེམས། །འཕོ་འགྱུར་འདུ་འབྲལ་བརྟགས་ནས་སངས་རྒྱས་ཏེ། །སྨྲ་བསམ་ཡུལ་ལས་འདས་པའི་བྱང་ཆུབ་དབྱིངས་ཉིད་ལ། །ཨ་ལྟར་སྐྱེ་བ་མེད་པའི་བྱང་ཆུབ་སེམས། །མ་བཅོས་མ་ཡེངས་མཉམ་པར་བཞག་པ་ལས། །བདག་གི་དགོངས་པ་འདི་ལས་མེད་པར་མཇལ། །ཆོས་ཉིད་དབྱེ་ཐང་ཆེན་པོ་ལ། །རིག་པ་ཡེ་ཤེས་རྟ་ཕོ་རྒྱུག །ཀ་པ་ལ་ཀ་མ་པ་ཤ་ཨ་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ། །སྐྱེ་མེད་རང་རིག་དང་རྗེས་སུ་འབྲེལ་བ་དབང་བཅོ་ལྔ་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། རྡོ་རྗེ་རང་འཁྲུངས་ཀྱི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ་ཆུ་བོ་ཆེན་པོའི་གཞུང་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདེངས་ཅི་ཐོབ་ན། སྣང་སྲིད་སྐྱེ་མེད་དུ་གསལ་བས་འཁྲུལ་མ་འཁྲུལ་བླང་དོར་མེད་པའི་གདེངས་རྨི་ལམ་གྱི་སྒྲ་སྙན་ལྟ་བུ་ཐོབ་བོ། །གསུམ་པ་གདེངས་དེ་ལམ་དུ་སློང་བའི་སྤྱོད་པ་ནི། སྒོ་གསུམ་རླུང་ཞུགས་ཀྱི་སྤྱོད་པའི་དམ་ལས་མི་འདའ་བ་སྟེ། རིན་པོ་ཆེ་གསེར་གླིང་དུ་ཕྱིན་པ་ལྟ་བུའོ། །བཞི་པ་ཕྲིན་ལས་འགྲེ། ལྔ་པ་རྡོ་རྗེ་རང་འཁྲུངས་ཀྱི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། འཇམ་རླུང་བུམ་པ་ཅན་བཟུང་། ཙིཏྟའི་པདྨ་ཨ་དང་བཅས་པ་གསལ་བཏབ། པད་འདབ་བཅུ་གསུམ་པའི་ཨ་ཞུ་བའི་དམིགས་པ་བཞི་སྐོར་སྒོམ་ཞིང་། འཁོར་བ་ཡེ་བརྡལ་གྱི་དགོངས་པ། ལུས་འོད་ཤིན་ཏུ་ཆེ་བར་མཆེད། ཨ་ནམ་མཁའི་མཐའ་ཀླས་པ་འོད་ཀྱི་རང་བཞིན་དུ་གྱུར་ནས་གཞན་པའི་སེམས་མེད་པ་ལ་རིག་པ་གཏད་ལ། བུམ་དབང་༴ ཆོས་ཉིད་དངོས་པོ་མེད་པའི༴ ལྟ་བ་འདི་དང་མི༴ ཆོས་ཉིད་ཉམས་མྱོང་མེད་པའི༴ སྒོམ་པ་འདི་དང་མི༴ སེམས་ཉིད་འཆོས་པ་མེད་པའི༴ སྤྱོད་པ་འདི་དང་མི༴ ཆོས་ཉིད་འགྱུར་བ་མེད་པའི༴ འབྲས་བུ་འདི་དང་༴ ཇི་ལྟར་སྨོན་པའི་འབྲས་བུ་འགྲུབ་པར༴ སྨོན་ལམ་གྱི་མཐུ་བཙན་པར༴ དེ་ཁོ་ན་ཉིད་ཀྱི་དོན་ལ་བློ་གནས་པར༴ ཅེས་བརྗོད་ཅིང་། བླ་མས་བུམ་པ་སློབ་མའི༴ མཆོད་མཁན་རྣམས་ཀྱི༴ རྗེས་ཀྱི་ཤེས་པ་འཁོར་བ་ཡེ་བརྡལ་གྱི་དགོངས་པ། གསལ་ལ་རྟོག་མེད་ཀྱི་འཛིན་པ་རང་དག་གི་ངང་ལ་གནས་པ༴ དྲུག་པ་དབང་གི་དཔེ་ནི། ཆུ་བོ་ཆེན་པོའི་གཞུང་ལྟ་བུའོ། །ཞེས་པས། ཆུ་བོ་ཆེན་པོའི་གཞུང་ལ་རྒྱུན་ཆད་མེད་པ་བཞིན་དུ། རྡོ་རྗེ་རང་འཁྲུངས་ཀྱི་མན་ངག་གི་རིག་པ་རྩལ་གྱི་དབང་ཐོབ་པའི་སྟོབས་ཀྱིས། གསལ་ལ་རྟོག་མེད་ཀྱི་ཤེས་པ་དེར་འཛིན་དང་བྲལ་བ་དེ་རྒྱུན་ཆགས་སུ་གནས་སོ་ཞེས་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། ཐིག་ལེ་ཉི་ཤར་ཞེས་པའི་མན་ངག་ལས། གཉིས་མེད་རྡོ་རྗེ་ཡེ་ཤེས་གསལ། །ཞེས་སོ། །བརྒྱད་པ་དགོངས་འགྲེལ་ནི། ཆོས་ཐམས་ཅད་རྡོ་རྗེ་རང་འཁྲུངས་སུ་སངས་རྒྱས་པས། སངས་མ་རྒྱས་པའི་ཆོས་ནི་གཅིག་ཀྱང་ཡོད་པ་མ་ཡིན་པས། ཐམས་ཅད་རིག་པའི་ཡེ་ཤེས་སུ་གསལ་བ་ཞེས་བྱ་སྟེ། དེས་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ཤེས་ཀྱི་ཉི་མ་ཤར་བ་ཞེས་བྱ་སྟེ། དེ་ལས་གཞན་པ་ངང་གིས་མེད་དོ། །དེ་ལྟར་རྟོགས་ན་སངས་རྒྱས་ཞེས་བྱའོ། །དེ་བས་ཆུ་བོའི་གཞུང་ཆེན་པོ་མི་འགྱུར་བ་དང་འདྲའོ། །རིན་ཆེན་གསལ་བ་ཞེས་བྱ་བ་ནི། མཉམ་པའི་ངང་ལ་བཟང་ངན་གྱི་འདུ་ཤེས་དང་བྲལ་བའོ། །དེའི་ཕྱིར་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་ལ་བློའི་རིག་པ་མ་བཅོས་པར་འཆར་རོ། །དེ་ཡང་གླང་པོ་རབ་འབོག་ལས། གཉིས་མེད་བདེ་ཆེན་ངང་གིས་གསལ། །དེ་བཞིན་མ་བཅོས་རྣལ་མར་བཞག །ཅེས་པས་གསལ་ལོ། །དགུ་པ་གླུ་ནི། སྐྱེ་མེད་རང་རིག་གི་དགོངས་པ། ཆོས་སྐུ་ཀློང་རྡོལ་གླུའི་བསམ་གཏན། ཙནྡན་སྡོང་པོའི་རྩར་གུང་ཐུན་ལ། ཁ་ཆེའི་རྒྱལ་པོ་རབ་སྣང་འདི་སྐད་ལོ། །ཧཱུཾ། བྱང་ཆུབ་སེམས་ནི་ཡེ་ནས་ཆོས་ཀྱི་སྐུ། །མཁའ་དང་འདྲ་བ་ཀུན་ལ་ཁྱབ་པར་སྣང་། །སྣང་བ་ཉིད་ཀྱང་སྟོང་པ་སྟེ། །སྟོང་པའི་ཆོ་འཕྲུལ་ཅི་སྣང་ལ། །བསམ་དུ་རྡུལ་ཡང་མེད་པ་ལ། །བརྗོད་བྲལ་མེད་པར་མ་ཡེངས་ཞོག །ཆོས་ཉིད་སེམས་ཀྱི་བདུད་རྩི་ཡིས། །ཁམས་གསུམ་འཁོར་བའི་ནད་པ་གསོས། །ཀ་པ་ལ་ཀོ་ཤ་ཨ་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ། །བདེ་འབྱམས་དང་རྗེས་སུ་འབྲེལ་བ་དབང་བཅུ་དྲུག་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། བཏང་སྙོམས་ཆེན་པོའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ་འདུན་མ་ལ་མོས་པའི་སྐྱེས་བུ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདེངས་ཅི་ཐོབ་ན། གཉིས་སྣང་གི་ངོ་བོ་གཉིས་མེད་དུ་རྟོགས་པས་གཉིས་འཛིན་ཀུན་དང་བྲལ་བའི་གདེངས་རང་སོར་གནས་པའི་ཤེས་པ་ལྟ་བུ་ཐོབ་བོ། །གསུམ་པ་གདེངས་དེ་ལམ་དུ་སློང་བའི་སྤྱོད་པ་ནི། འགྱུར་བ་མེད་པའི་སྤྱོད་པ་རྐྱེན་གྱིས་མི་འཕྲོག་པ་སྟེ། མ་ཧཱ་དེ་ཝའི་གདེངས་ལྟ་བུའོ། །བཞི་པ་ཕྲིན་ལས་འགྲེ། ལྔ་པ་བཏང་སྙོམས་ཆེན་པོའི་མན་ངག་གིས་རིག་པ་བརྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། རླུང་གནད་དལ་བ་བརྟེན། ཙིཏྟའི་པདྨ་ཨ་དང་། བཅས་པ་གསལ་གདབ། པདྨ་འདབ་མ་བཅུ་བཞི་པའི་ཨ་ཞུ་བའི་དམིགས་པ་བཞི་སྐོར་སྒོམ་ཞིང་། ཁམས་གསུམ་དོང་སྤྲུག་གི་དགོངས་པ་འཇིག་རྟེན་གྱི་ཁམས་འོད་ཀྱིས་ཁྱབ་པ་ཐམས་ཅད་ཀྱང་མེ་ལོང་ལ་ཧས་བཏབ་པ་བཞིན་དུ་སླར་འདུས་ནས་ཐིག་ལེ་ཆེན་པོའི་རང་བཞིན་གསལ་པ་ཡུལ་གྱིས་མི་འཕྲོག་པ་ལ་རིག་པ་གཏད་ལ། སྒོ་གསུམ་ཁོང་ནས་གློད་དུ་བཅུག་ལ། དབང་བརྟན་བྱེད་ཀྱི་བུམ་དབང་༴ ཆོས་ཉིད་དངོས་པོ་མེད་པའི༴ ལྟ་བ་འདི་དང་མི༴ ཆོས་ཉིད་ཉམས་མྱོང་མེད་པའི༴ སྒོམ་པ་འདི་དང་མི༴ སེམས་ཉིད་འཆོས་པ་མེད་པའི༴ སྤྱོད་པ་འདི་དང་མི༴ ཆོས་ཉིད་འགྱུར་བ་མེད་པའི༴ འབྲས་བུ་འདི་དང་མི༴ ཇི་ལྟར་སྨོན་པའི་འབྲས་བུ་འགྲུབ་པར༴ སྨོན་ལམ་གྱི་མཐུ་བཙན་པར༴ དེ་ཁོ་ན་ཉིད་ཀྱི་དོན་ལ་གནས་པར༴ ཅེས་བརྗོད་ཅིང་། བླ་མས་བུམ་པ་སློབ་མའི༴ མཆོད་མཁན་རྣམས་ཀྱིས༴ རྗེས་ཀྱི་ཤེས་པ་ཁམས་གསུམ་དོང་སྤྲུག་གི་དགོངས་པ་ཕྱི་རོལ་ཡུལ་གྱི་སྣང་བ་བློའི་ཡུལ་ལས་འདས་ནས་ཇི་ལྟར་སྣང་ཡང་། སྣང་ལ་ངོས་བཟུང་མེད་པའི་ངང་ལ་གནས་པ༴ དྲུག་པ་དབང་གི་དཔེ་ནི། འདུན་མ་ལ་མོས་པའི་སྐྱེས་བུ་ལྟ་བུའོ། །ཞེས་པས་གཙོ་བོ་གཟུ་བོར་གནས་པའི་བློ་ཅན་ཞལ་ལྕེ་དྲང་པོར་གཅོད་པ་བཞིན། བཏང་སྙོམས་ཆེན་པོའི་མན་ངག་གིས་རིག་པ་རྩལ་གྱི་དབང་ཐོབ་པའི་སྟོབས་ཀྱིས། རིག་པ་འཁྲུལ་ཕྱིར་དུ་མི་འབྲང་བར་ཕྱོགས་རིས་ཀྱི་འཛིན་པ་ལས་གྲོལ་ལོ་ཞེས་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། ཆོས་ཉིད་ནམ་མཁའ་ལྟར་ཡངས་པ་ཞེས་བྱ་བའི་མན་ངག་ལས། བླང་དོར་མེད་ཅིང་མཉམ་པའི་ངང་དུ་གསལ། །ཞེས་སོ། །བརྒྱད་པ་དགོངས་འགྲེལ་ནི། སྣང་སྲིད་ཐམས་ཅད་མཉམ་པའི་ངང་དུ་གསལ་བ། དེ་ཡང་རང་བྱུང་གི་ཡེ་ཤེས་ལྔ་རུ་བྱུང་ཐེམས་ལ། ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་སངས་རྒྱས་པས། སངས་རྒྱས་གཞན་ནས་བཙལ་དུ་མེད་དོ། །དེས་ན་དགྲ་ཟིན་མཉམ་པའི་སྐྱེས་བུ་ལྟ་བུའོ། །ངང་དུ་གསལ་ཞེས་པ་ནི་རྟོག་པ་ཐམས་ཅད་མཉམ་པའི་ངང་དུ་རོ་གཅིག་པས་དུག་ལྔ་མ་སྤངས་པར་རང་སར་དག་པའོ། །དེའི་ཕྱིར་མཉམ་པའི་ངང་ལ་བློ་མ་བཅོས་པར་གནས་པའོ། །དེ་ཡང་དྲི་མེད་བཤེས་གཉེན་གྱི་མན་ངག་ལས། དུག་ལྔ་ཡེ་ཤེས་ལྔ་རུ་གསལ། །དེ་ལྟར་རྟོགས་ན་རིགས་མཆོག་ཡིན། །ཞེས་པས་གསལ། དགུ་པ་གླུ་ནི། བདེ་འབྱམས་ཀྱི་དགོངས་པ། སྐུ་གསུམ་ཀློང་རྡོལ་གླུའི་བསམ་གཏན། གྲོང་ཁྱེར་དཔལ་ཡོན་དུ་སྲོད་ཀྱི་དུས་སུ་རྒྱལ་པོ་དེ་ཝ་རཱ་ཛ་འདི་སྐད་ལོ། །ཧཱུཾ། སྣང་སྲིད་ཆོས་རྣམས་མངོན་དུ་ལྟོས་པ་རྣམས། །ཡང་དག་ཉིད་དུ་འདི་ལྟར་བསྒོམ་པར་བྱ། །སྣང་སྲིད་ཐམས་ཅད་ཡེ་ནས་ཀུན་ཏུ་བཟང་པོའི་ངང་། །འདི་ལས་གཞན་མེད་མ་ཡེངས་མཉམ་བཞག་པས། །སྒོམ་པར་བྱ་བ་འདི་ལས་མེད་པར་རྟོགས། །ལུས་ནི་སྒྱུ་མའི་ཕུང་པོ་མིང་ཙམ་སྟེ། །སེམས་ནི་ཡེ་ཤེས་ཆེན་པོར་སོན། །ཙནྡྲ་དེ་བ་ཀོ་ས་ལ་ཨ་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ། །ནམ་མཁའ་རྒྱལ་པོ་དང་རྗེས་སུ་འབྲེལ་བ་དབང་བཅུ་བདུན་པ་བསྐུར་བ་ལ་དགུ་པས། དང་པོ་དབང་ནི། རྩེ་གཅིག་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ་སྐྱེས་བུ་འདོད་ཆགས་ཀྱིས་གདུངས་པ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདེངས་ཅི་ཐོབ་ན། རང་བྱུང་དམ་ཚིག་གསལ་བས་ཉམས་པའི་རྟོག་པས་མི་འཇིགས་པའི་གདེངས་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྲན་གྱི་ཆད་པས་མི་འཇིགས་པ་ལྟ་བུ་ཐོབ་བོ། །གསུམ་གདེངས་དེ་ལམ་དུ་སློང་བའི་སྤྱོད་པ་ནི། དམིགས་པ་མེད་པའི་སྤྱོད་པ་གང་དུ་ཡང་མི་རྟོག་པ་སྟེ་ནམ་མཁའ་ལ་ལྟ་བའི་སྐྱེས་བུ་ལྟ་བུའོ། །བཞི་པ་ཕྲིན་ལས་འགྲེ། ལྔ་པ་རྩེ་གཅིག་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། འཇམ་རླུང་དལ་བ་བརྟེན། ཙིཏྟའི་པདྨ་ཨ་དང་བཅས་པ་གསལ་བཏབ། པད་འདབ་བཅོ་ལྔ་པའི་ཨ་ཞུ་བའི་དམིགས་པ་བཞི་སྐོར་སྒོམ་ཞིང་། ཁམས་གསུམ་དོང་སྤྲུག་གི་དགོངས་པ། འཇིག་རྟེན་གྱི་ཁམས་འོད་ཀྱིས་ཁྱབ་པ་ཐམས་ཅད་མེ་ལོང་ལ་ཧས་བཏབ་པ་བཞིན་དུ་སླར་འདུས་ནས། ཐིག་ལེ་ཆེན་པོའི་རང་བཞིན་ཤིན་ཏུ་ཕྲ་ཞིང་གསལ་བ་ལ་རིག་པ་གཏད་ལ་སྒོ་གསུམ་ཁོང་ནས་གློད་དུ་གཞུག །དབང་བརྟན་བྱེད་བུམ་དབང་། ཆོས་ཉིད་དངོས་པོ་མེད་པའི༴ ལྟ་བ་འདི་དང་མི༴ ཆོས་ཉིད་ཉམས་མྱོང་མེད་པའི༴ སྒོམ་པ་འདི་དང་མི༴ སེམས་ཉིད་འཆོས་པ་མེད་པའི༴ སྤྱོད་པ་འདི་དང་མི༴ ཆོས་ཉིད་འགྱུར་བ་མེད་པའི༴ འབྲས་བུ་འདི་དང་མི༴ ཇི་ལྟར་སྨོན་པའི་འབྲས་བུ་འགྲུབ་པར༴ སྨོན་ལམ་གྱི་མཐུ་བཙན་པར༴ དེ་ཁོ་ན་ཉིད་ཀྱི་དོན་ལ་བློ་གནས་པར༴ ཅེས་བརྗོད་ཅིང་། བླ་མས་བུམ་པ་སློབ་མའི༴ མཆོད་མཁན་རྣམས་ཀྱིས༴ རྗེས་ཀྱི་ཤེས་པ་ཁམས་གསུམ་དོང་སྤྲུག་གི་དགོངས་པ། ནང་ཡིད་ཀྱི་རྟོག་པ་སྔ་ཕྱི་བློའི་ཡུལ་ལས་འདས་ནས། ཇི་ལྟར་འགྱུར་ཡང་ངོས་བཟུང་ལས་འདས་པའི་ངང་ལ་གནས་པ༴ དྲུག་པ་དབང་གི་དཔེ་ནི། སྐྱེས་བུ་འདོད་ཆགས་ཀྱིས་གདུངས་པ་ལྟ་བུའོ། །ཞེས་པས། འདོད་ཆགས་ཀྱིས་གདུངས་པའི་སྐྱེས་བུ་དེ་འདོད་ཞེན་པས་གཞན་དུ་མི་གཡོ་བ་བཞིན་སེམས་རྩེ་གཅིག་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་ཐོབ་པའི་སྟོབས་ཀྱིས་བློ་བྲལ་གྱི་རིག་པ་ཡུལ་ཕྱིར་དུ་མི་འབྲང་བར་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། ཡེ་ཤེས་ཆེན་པོ་ཞེས་པའི་མན་ངག་ལས། གང་ནས་བལྟས་ཀྱང་ཡེ་ཤེས་རྩེ་གཅིག་འཆར། །ཞེས་སོ། །བརྒྱད་པ་དགོངས་འགྲེལ་ནི། ཆོས་ཐམས་ཅད་ཕྱི་ནས་བལྟས་ན་ནང་གསལ། ནང་ནས་བལྟས་ན་ཕྱི་གསལ་བས་ཡེ་ཤེས་ཟང་ཐལ་ཏེ། ཕྱི་ནང་སྒོ་ཕུགས་མེད་པར་གསལ་ལ་རྟོག་པ་མེད་པར་འཆར་རོ། །དེས་ན་གང་ལྟར་བལྟས་ཀྱང་ཡེ་ཤེས་རྩེ་གཅིག་པ་ཞེས་བྱ་སྟེ། སྐྱེས་བུ་འདོད་པས་གདུངས་པ་སེམས་གཞན་དུ་མི་གཡོ་བ་བཞིན་ནོ། །རྩེ་གཅིག་འཆར་ཞེས་པ་ནི། བྱིང་རྒོད་གཉིས་ཡེ་ཤེས་རྩེ་གཅིག་པའི་བསྐུལ་མ་ཡིན་ཏེ། ཤིང་བསྣན་པའི་མེ་བཞིན་ནོ། །འཕགས་པ་དྲང་སྲོང་མིག་གི་མན་ངག་ལས། གཡེང་མེད་རྩེ་གཅིག་བསམ་དང་བྲལ། །དེས་ན་ཡེ་ཤེས་ཟང་ཐལ་ཡིན། །ཞེས་པས་གསལ་ལོ། །དགུ་པ་གླུ་ནི། ནམ་མཁའ་རྒྱལ་པོའི་དགོངས་པ། གྲོལ་བ་ཀློང་རྡོལ་གླུའི་བསམ་གཏན། མེ་ཏོག་གི་ཚལ་དུ་ནམ་གྱི་ཆ་སྟོད་ལ། དྷརྨཱ་རཱ་ཛ་འདི་སྐད་ལོ། །ཧཱུཾ། སེམས་ཀྱི་རང་བཞིན་ཡེ་ནས་མཛོད་ཆེན་ལས། །གང་ལྟར་རྟོགས་ཤིང་ཇི་ལྟར་སྣང་བ་ཀུན། །འབྱུང་འཇུག་འབྱུང་བ་ཐམས་ཅད་མེད་ན་ཀུན་ཏུ་བཟང་། །གཉིས་སུ་མེད་པའི་རིག་པ་དེ། །ཀུན་ཏུ་བཟང་པོའི་སེམས་ལ་གནས། །རིག་པའི་དབྱིངས་ལས་མ་བསླད་པས། །བསྒོམ་ཞིང་གནས་པ་འདི་ལས་མེད། །ཀྱེ་མ་མ་རྟོགས་སྙིང་རེ་རྗེ། །བདག་ཉིད་རང་སར་གྲོལ་བ་ཨ་ལ་ལ། །དྷོ་ཧ་ཀོ་ས་ཤ་ཨ་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ། །རྗེ་བཙུན་དམ་པ་དང་རྗེས་སུ་འབྲེལ་བ་དབང་བཅོ་བརྒྱད་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། མ་བཅོས་ལྷུན་གྱི་གྲུབ་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ་གཡོ་སྒྱུ་དང་བྲལ་བའི་མི་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདེངས་ཅི་ཐོབ་ན། བདག་ཉིད་འབྲས་བུར་ཤར་བས་འབྲས་བུ་གཞན་ནས་མི་འཚོལ་བའི་གདེངས་ནོར་བུ་རིན་པོ་ཆེའི་གཏེར་རྙེད་པ་ལྟ་བུའི་གདེངས་ཐོབ་བོ། །གསུམ་པ་གདེངས་དེ་ལམ་དུ་སློང་བའི་སྤྱོད་པ་ནི། གཉེན་པོ་མེད་པའི་སྤྱོད་པ་གང་ལྟར་སྤྱད་ཀྱང་སྐྱོན་གྱིས་མི་སེལ་བ་སྟེ། འཕྲུལ་གྱི་སྐྱེས་བུའི་མཛད་པ་ལྟ་བུའོ། །བཞི་པ་ཕྲིན་ལས་འགྲེ། ལྔ་པ་མ་བཅོས་ལྷུན་གྱིས་གྲུབ་པའི་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། རླུང་དལ་བ་བརྟེན། ཙིཏྟའི་པདྨ་ཨ་དང་བཅས་པ་གསལ་བཏབ། པད་འདབ་བཅུ་དྲུག་པའི་ཨ་འོད་དུ་ཞུ་བའི་དམིགས་པ་བཞི་སྐོར་སྒོམ་ཞིང་། ཁམས་གསུམ་དོང་སྤྲུགས་ཀྱི་དགོངས་པ། འཇིག་རྟེན་གྱི་ཁམས་འོད་ཀྱིས་ཁྱབ་པ་ཐམས་ཅད་ཀྱང་མེ་ལོང་ལ་ཧས་བཏབ་པ་བཞིན་དུ་སླར་འདུས་ནས་ཐིག་ལེ་ཆེན་པོའི་རང་བཞིན་དུ་གསལ་བ་དེ་ཐིག་ལེ་ཤིན་ཏུ་ཕྲ་བ་ལ་འདུས་ནས། དེ་ཡང་ཡལ་གྱིས་ཡལ་བ་ལ་རིག་པ་གཏད་ལ། ཅི་ཡང་ཡིད་ལ་མི་བྱ་བའི་ངང་ལ་རང་ལུགས་སུ་གློད་པ། དབང་བརྟན་བྱེད་བུམ་དབང་། ཆོས་ཉིད་དངོས་པོ་མེད་པའི་ཡེ་སྟོང་འདི། །ལྟ་བ་འདི་དང་མི་འབྲལ་འགྲོགས་པར་ཤོག །ཆོས་ཉིད་ཉམས་མྱོང་མེད་པའི་བདེ་སྟོང་འདི། །སྒོམ་པ་འདི་དང་མི་འབྲལ་འགྲོགས་པར་ཤོག །སེམས་ཉིད་འཆོས་པ་མེད་པའི་རང་སྟོང་འདི། །སྤྱོད་པ་འདི་དང་མི་འབྲལ་འགྲོགས་པར་ཤོག །ཆོས་ཉིད་འགྱུར་བ་མེད་པའི་ཡེ་སྟོང་འདི། །འབྲས་བུ་འདི་དང་མི་འབྲལ་འགྲོགས་པར་ཤོག །ཇི་ལྟར་སྨོན་པའི་འབྲས་བུ་འགྲུབ་པར་གྱུར་ཅིག །སྨོན་ལམ་གྱི་མཐུ་བཙན་པར་གྱུར་ཅིག །དེ་ཁོ་ན་ཉིད་ཀྱི་དོན་ལ་བློ་གནས་པར་གྱུར་ཅིག །ཅེས་བརྗོད་ཅིང་། བླ་མས་བུམ་པ་སློབ་མའི་མགོ་ལ་བཞག །སྤྱི་བོར་ཆུ་གཏིག་ཅིང་བུམ་ཆུ་འཐུང་བ་དང་ཁྲུས་བྱེད་དུ་བཅུག་ལ། །དབང་བརྟན་པར་བྱ་ཞིང་། མཆོད་མཁན་རྣམས་ཀྱིས་སྤོས་དང་རོལ་མོ་སྦྱར་རོ། །རྗེས་ཀྱི་ཤེས་པ་ཁམས་གསུམ་དོང་སྤྲུག་གི་དགོངས་པ་གཟུང་འཛིན་གྱི་དྲི་མ་མཐའ་དག་དང་བྲལ་ནས། འགག་མེད་ཀྱི་རང་རྩལ་འཁོར་འདས་ཀྱི་སྣང་བ། ཅིར་སྣང་ཅི་སྲིད་ཅི་ཤར་ཡང་ངོས་བཟུང་ལས་འདས་པའི་རང་རིག་ཡུལ་མེད་རང་གསལ་གྱི་ངང་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དཔེ་ནི། གཡོ་སྒྱུ་དང་བྲལ་པའི་མི་ལྟ་བུ་ཞེས་པས། དཔེར་ན་མི་ཟོལ་མེད་གཡོ་སྒྱུ་དང་བྲལ་བས་མི་བསླུ་ངེས་པ་བཞིན་དུ། མ་བཅོས་ལྷུན་གྲུབ་ཀྱི་མན་ངག་གིས་རིག་པ་རྩོལ་གྱི་དབང་བསྐུར་ཐོབ་པའི་སྟོབས་ཀྱིས་བསླུ་མི་སྲིད་དེ། གནས་ལུགས་རང་ངོ་ཤེས། རང་ས་ཟིན། རང་སར་གྲོལ་བས་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། ནམ་མཁའ་སྤྲིན་དང་ལྡན་པ་ཞེས་བྱ་བའི་མན་ངག་ལས། ཆོས་རྣམས་མ་བཅོས་ལྷུན་གྱིས་གྲུབ་པའི་ངང་། །ཞེས་ཚིག་ཕྱི་མ་ལན་གསུམ་བརྗོད་དོ། །བརྒྱད་པ་གདམས་ངག་གི་དགོངས་འགྲེལ་བཤད་པ་ནི། འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་བཅོས་བསླད་དང་བྲལ་བ་རྣལ་མ་མ་བཅོས་པ་ལ་བློ་དེ་བཞིན་རྣལ་མར་གནས་པས་ཆོས་ཐམས་ཅད་ལྷུན་གྱིས་གྲུབ་པར་བསྟན་པས་གསལ་བ་ལ། ཐམས་ཅད་ཀྱི་དངོས་གཞིའི་ཞེས་བྱའོ། །དེ་ཉིད་གཡོ་སྒྱུ་དང་བྲལ་བའི་མི་མ་བཅོས་པ་དང་འདྲའོ། །ངང་ཞེས་པ་ནི་ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ངང་ལས་མ་གཡོས་པའོ། །དེས་ན་བྱང་ཆུབ་ཀྱི་སེམས་ཀྱི་ཀློང་ལ་གནས་པ་ཞེས་པའོ། །དེའང་སྒོམ་ལུང་ཆེན་མོ་ལས། བཅོས་བསླད་མེད་པར་ཀ་ནས་དག་པ་ལ། །གཉིས་སུ་འཛིན་པ་ཡོངས་ཡེ་ངང་གིས་མེད། །ཅེས་པས་གསལ་ལོ། །དགུ་པ་གླུ་ནི། རྗེ་བཙན་དམ་པའི་དགོངས་པ། ཤེས་རབ་ཀློང་རྡོལ་གླུའི་བསམ་གཏན། དབེན་པ་ཆེན་པོའི་གནས་སུ་བུདྡྷ་གུཔྟ་འདི་སྐད་ལོ། །ཧཱུཾ། ཆོས་རྣམས་ཐམས་ཅད་མ་བཅོས་ཀུན་ཏུ་བཟང་པོ་ལ། །གསལ་ལ་འགྱུར་བ་མེད་པ་བྱང་སེམས་ངང་དེ་ལ། །མཚན་མའི་རྣམ་པར་རྟོག་པས་མ་བསླད་དེ། །རྣམ་རྟོག་རང་བྱུང་རང་ཞིར་གནས་པ་ལས། །སྒོམ་པ་འདི་ལས་གུད་དུ་མེད་པར་འཁུམས། །སེམས་ཀྱི་མེ་ལོང་མ་བལྟས་ན། །རྣམ་རྟོག་དྲི་མས་གོས་ཏ་རེ། །པྲཛྙཱ་ཀོ་ས་ལ་ཨ་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ། །འདི་ལྟར་དབང་བཅོ་བརྒྱད་པོ་ཡང་སེམས་འཛིན་གྱི་དམིགས་པ་ལྔ་ལ་བརྟེན་ནས་ངོ་སྤྲད་པ་ཡིན་ཏེ། དམིགས་པ་དང་པོ་ཨ་དཀར་པོ་འོད་འཕྲོ་བ་ལ་སེམས་བཟུང་། གཉིས་པ་སྙིང་འོད་གོང་བུ་ལ་སེམས་བཟུང་སྟེ། རླུང་རོ་བུས་ནས་འཇམ་རླུང་རྩོལ་མེད་དུ་འཛིན་པ་ཡིན་ནོ། །དམིགས་པ་གསུམ་པ་ལུས་འོད་ཀྱི་གོང་བུ་ལ་སེམས་བཟུང་སྟེ། དབང་གསུམ་པ་ནས་བཅུ་གཉིས་ཀྱི་བར་དུ་དྲག་རླུང་བུམ་པ་ཅན་སྒོམ་ཞིང་། དེ་ཡང་དབང་ལྔའི་བར་དུ་ཐུན་གྱི་ངོ་བོ་དང་གྲངས་གཉིས་ཀ་འཕེལ། དེ་ནས་དབང་ལྔའི་བར་དུ་ཐུན་གྱི་ངོ་བོ་འཕེལ། གྲངས་འགྲིབ་བོ། །དེ་ནས་དམིགས་པ་བཞི་པ་འཁོར་བ་ཡེ་བརྡལ་ལ་སེམས་བཟུང་སྟེ། དབང་བཅུ་གསུམ་པ། བཅུ་བཞི་པ། བཅོ་ལྔ་པ་གསུམ་པ་འཇམ་རླུང་བུམ་པ་ཅན་དུ་བྱས་ལ་ཐུན་གྱི་གྲངས་མི་བཟུང་ངོ་བོ་འཕེལ་ལོ། །དེ་ནས་དམིགས་པ་ལྔ་པ་ཁམས་གསུམ་དོང་སྤྲུག་ལ་སེམས་བཟུང་སྟེ། དབང་བཅུ་དྲུག་པ། བཅུ་བདུན་པ། བཅོ་བརྒྱད་པ་གསུམ་ལ་རླུང་འཇམ་རླུང་རྩོལ་མེད་ཐུན་མཚམས་མེད་པར་ཉམས་སུ་བླངས་ཏེ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་དུ་བྱའོ། །དེ་ལྟར་བསྒོམ་བྱ་སྒོམ་བྱེད་བྲལ་བའི་ངང་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པས། འཁོར་འདས་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལུས་ལ་གནས་པའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་གནས་པའི་རང་བཞིན་གྱི་ཀུན་ཏུ་བཟང་པོ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་འདུས། དེ་ཡང་མཚན་དང་དཔེ་བྱད་བརྒྱད་ཅུ་རྩ་གཉིས་ཀྱི་རང་བཞིན་ཀུན་ཏུ་བཟང་པོ་བརྒྱད་ཅུ་རྩ་གཉིས་སུ་འདུས། དེ་ཡང་ཡེ་ཤེས་ཀྱི་རྩ་བཞི་བཅུ་རྩ་གཉིས་ལ་གནས་པའི་རང་བཞིན་གྱི་ཀུན་ཏུ་བཟང་པོ་ལྷ་བཞི་བཅུ་རྩ་གཉིས་སུ་འདུས། དེ་ཡང་སྙིང་གི་རྩ་འདབ་བཅུ་དྲུག་ལྟེ་བ་དང་བཅས་པ་ལ་གནས་པའི་རང་བཞིན་གྱི་ཀུན་ཏུ་བཟང་པོ་བཅོ་བརྒྱད་དུ་འདུས། དེའང་རྒྱུ་རྐྱེན་མེད་པར་རང་བྱུང་ཞིང་། བྱེད་པ་པོ་མེད་པར་ལྷུན་གྱིས་གྲུབ་པས། བླང་བ་མེད་ཅིང་དོར་བ་མེད་པའི་ཕྱིར། ཀུན་ཏུ་བཟང་པོ་ཞེས་ཐ་སྙད་དུ་བཏགས་ཏེ། རང་བྱུང་གི་ཡེ་ཤེས་ཐིག་ལེ་ཉག་གཅིག་སྒྲ་ཇི་བཞིན་པ་མ་ཡིན་པ། དོན་ཐུན་མོང་མ་ཡིན་པ། དགོས་ཆེད་ཀྱི་དབང་གིས་ཇི་ལྟར་བཏགས་ཀྱང་། འཁོར་འདས་ཀྱི་ཆོས་ཐམས་ཅད་དེ་བཞིན་ཉིད་དང་། གཞན་དུ་བརྗོད་དུ་མེད་པར་ཐག་ཆོད་ན་དབང་ཐམས་ཅད་རྫོགས་པ་ཡིན་ནོ། །རྟེན་གྱི་གང་ཟག་ལ་ས་དང་པོ་པ་རྟོགས་པའི་ངང་ལ་མི་གནས་པ་བྱིང་རྒོད་ཀྱི་སྐྱོན་གང་བྱུང་ཡང་། བཅོས་པའི་ཐབས་གཉིས་ཏེ། སེང་གེའི་སྒྲ་ལྟར་བཅོས་པ་དང་། སེང་པ་ག་ལ་ལྟར་བཅོས་པའོ། །སེང་གེའི་སྒྲ་ལྟར་བཅོས་པ་ནི། གཅན་གཟན་གྱི་རྒྱལ་པོ་སེང་གེ་ནགས་ན་ཉལ་བ་ལ། གཅན་གཟན་གཞན་གྱིས་ཐོ་འཚམས་པར་རྩོམ་ན། སེང་གེའི་ངར་སྐད་བཏོན་པ་ཙམ་གྱིས་གཅན་གཟན་ཐམས་ཅད་ཟིལ་གྱིས་ནོན་ནས་འཐབ་པའི་རྩོལ་བ་མི་དགོས་པ་བཞིན། རིག་པ་རྩལ་གྱི་དབང་བཅོ་བརྒྱད་པོའི་དོན་དྲན་པ་ཙམ་གྱིས་བྱིང་རྒོད་དབྱིངས་སུ་ཡལ་ནས། ཐབས་སམ་རྟེན་འབྲེལ་ལ་རགས་མ་ལུས་པར་ཤེས་པར་བྱའོ། །བཅོས་ཐབས་གཉིས་པ་སེང་པ་ག་ལ་ལྟར་བཅོས་པ་ནི། སེང་པ་ག་ལའི་ཡན་ལག་ལ་མདུན་རྒྱབ་མེད་ཅིང་ལུས་ཀྱི་མཐའ་ཡན་ལག་གིས་འཁོར་བས། མགོ་འཕོངས་གཡས་གཡོན་གང་གིས་ཀྱང་འགྲོ་ཤེས་པ་བཞིན། རིག་པ་རྩལ་གྱི་དབང་བཅོ་བརྒྱད་ཀྱི་དོན་དྲན་པ་ཙམ་གྱིས་ལམ་དུ་མ་གྱུར་པ་གང་ཡང་མེད་དོ། །འགལ་རྐྱེན་ལྟར་སྣང་བ་ཐམས་ཅད་ཀྱང་རང་བྱུང་གི་ཡེ་ཤེས་རང་ལ་རང་ཆས་སུ་གནས་པ་སྟེ། རང་སྣང་ལས་གཞན་པའི་སེམས་མེད་པར་ཐག་ཆོད་པས་བྱིང་རྒོད་དབྱིངས་སུ་ཡལ་ཞིང་འཁྲུལ་སྣང་རང་སར་གྲོལ་ནས་འགལ་རྐྱེན་གྲོགས་སུ་འཆར་རོ། །སྤྱི་དོན་གསུམ་པ་རྗེས་ཀྱི་བྱ་བ་ནི། ཐོག་མར་གཏང་རག་བཏང་སྟེ། སྤྱིར་གྱི་དབང་བཅོ་བརྒྱད་པོ་རེ་རེའི་རྗེས་སུ་ཡང་། བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་ཅི་འབྱོར་བའི་ཡོན་ཏན་དངོས་སུ་དབུལ་བའམ། མཎྜལ་འགྲེམ་སྡུད་བྱས་ནས་ཡིད་ཀྱིས་ལུས་ལོངས་སྤྱོད་ཐམས་ཅད་དབུལ་བར་བྱ་ཞིང་། སྐབས་འདིར་ཚོགས་ཀྱི་མཆོད་པ་རྒྱ་ཆེན་པོ་བྱ། ཆོས་སྐྱོང་ལ་གཏང་རག་བཏང་། སྐྱེ་བོར་སྦྱིན་གཏོང་བྱ། བླ་མ་འཁོར་གསུམ་ཡོངས་དག་གི་གཏང་རག་གིས་མཉེས་པར་བྱས་ལ། སློབ་མ་རྣམས་ཀྱི་རྟོགས་པ་དབུལ་ཞིང་། དེའི་ལན་དུ་བླ་མས་ཀྱང་སེམས་སྡེ་སྤྱིའི་དགོངས་པ། རིན་པོ་ཆེ་ཀློང་རྡོལ་གླུའི་བསམ་གཏན། ཤྲཱི་སིང་ཧས། བསམ་གཏན་གྱི་ཁང་པར་ཚོགས་ཀྱི་མཆོད་པའི་དུས་སུ་གླུ་བླངས་པ་བཞིན་དུ། རྡོ་རྗེ་གླུ་བླངས་པ་བྱས་ཏེ་འདི་སྐད་ལོ། །ཧཱུཾ། ཇི་ལྟར་བསམ་ཀྱང་སྒོམ་དུ་མེད། །ཇི་ལྟར་སྨྲས་ཀྱང་དཔྱད་དུ་མེད། །ཡེ་ཤེས་ཆེན་པོའི་དབྱིངས་ཉིད་ལས། །རྩོལ་བ་མེད་པར་འོད་ཤར་ཏེ། །བསམ་དུ་མེད་པའི་ཆོས་ཉིད་ལ། །ཡེངས་པ་མེད་པར་མཉམ་པར་གཞག །སྒོམ་པ་འདི་ལས་མེད་པར་འཁུམས། །རིག་པ་ཡེ་ཤེས་མདུང་རྩེ་ཡིས། །རྣམ་རྟོག་དགྲ་བོ་རྡུལ་དུ་རློག །རཏྣ་ཀོ་ས་ལ་ཨ་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ། །དེ་ནས་བུམ་པ་དང་རྡུལ་ཚོན་རྣམས་བསྡུ་ཞིང་། བུམ་ཆུ་དང་རྡུལ་ཚོན་དོན་དུ་གཉེར་བ་ཡོད་ན་སྦྱིན། མེད་ན་རི་བོ་ཆེན་པོའི་རྩེའམ་ཆུ་བོ་ཆེན་པོའི་རྒྱུན་ལ་བསྐྱལ་བས་རླུང་དང་ཆུ་རྒྱུན་ཕོག་པའི་སེམས་ཅན་རྣམས་འབད་མེད་དུ་གྲོལ་བར་བསམ། བསྔོ་བ་དང་སྨོན་ལམ་རྒྱ་ཆེན་པོ་བཏབ་ལ། མཇུག་བཀྲ་ཤིས་ཀྱིས་བསྡུ། ཞག་གཅིག་གནས་བསྲུང་བའི་ཆོ་ག་བྱ་ཞིང་། ཉམས་དང་རྟོགས་པ་ཅི་འཕེལ་དུ་བསྐྱང་ངོ་། །སེམས་སྡེ་མ་བུ་བཅོ་བརྒྱད་ཀྱི་དགོངས་པ་ངོ་སྤྲོད་པའི་ཐབས་རིག་པ་རྩལ་གྱི་དབང་བཅོ་བརྒྱད་བསྐུར་བའི་ཆོག་ཁྲིགས་འདི་སྔ་རབས་པ་འགའ་ཞིག་ལ་ཕྱག་ལེན་ཅུང་ཟད་མི་འདྲ་བར་སྣང་ཡང་། །རྒྱ་གར་མཁས་པ་ཉི་ཤུ་རྩ་གཅིག་རིམ་པར་བརྒྱུད་པའི་གདམས་ངག་དང་། ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནའི་འདྲ་འབག་དང་། བོད་ཀྱི་བླ་མ་གོང་མ་རྣམས་ཀྱི་ཕྱག་བཞེས་ཀྱི་ཡི་གེའི་རིས་རྣམས་དང་། དྲིན་ཅན་ཟུར་མོའི་ཕྱག་ལེན་རྣམས་གུང་བསྒྲིགས་ནས་ལག་ཏུ་བླང་བདེ་བའི་ཕྱིར། སེམས་སྡེའི་རྒྱུད་འགྲེལ་མན་ངག་དང་བཅས་པ་རྣམས་དང་མི་འགལ་བར་བསྡེབས་པ་འདི་ནི་བྱ་བཏང་གི་སྤྲང་པོ་རྡོ་རྗེ་དཔལ་བཟང་པོས། ཆུ་བོ་ཆེན་པོ་པཀྵུའི་གཡས་འགྲམ་ཆོས་སྡིངས་ཞེས་བྱ་བའི་རི་ཁྲོད་དུ། མཚན་ལྡན་ཞིག་པོ་རིན་པོ་ཆེའི་ཆོས་བརྒྱུད་དྲི་མ་མེད་པ་འཛིན་པའི་དགེ་བའི་བཤེས་གཉེན་ར་དུང་བྲག་པས་སྦྱིན་བདག་བགྱིས་ནས། ལྕགས་མོ་སྦྲུལ་གྱི་ལོ་དབྱར་ཟླ་ཐ་ཆུང་གི་ཡར་ངོ་ལ་ཡི་གེར་བཏབ་པའོ། །འདིས་སེམས་ཅན་དཔག་ཏུ་མེད་པ་རྩོལ་བྲལ་རྫོགས་པ་ཆེན་པོའི་དོན་རྟོགས་ནས། འཁྲུལ་སྣང་རང་སར་གྲོལ་བའི་རྐྱེན་བྱེད་པར་གྱུར་ཅིག །ངེས་དོན་མཐར་ཐུག་རྫོགས་ཆེན་གྱི། །སྙན་བརྒྱུད་ཞལ་གྱི་གདམས་ངག་འདི། །ཡི་གེར་འགོད་པར་མི་འོས་ཀྱང་། །བརྡའ་དོན་བརྒྱུད་པའི་དོན་ཆེད་དུ། །རྟོན་པ་བཞི་ཡི་རྗེས་འབྲངས་ནས། །རིག་པའི་རྩལ་དབང་བཅོ་བརྒྱད་ཀྱི། །ངོ་སྤྲོད་དབང་གི་ཕྱག་ལེན་འདི། །ལྷག་པའི་བསམ་པས་ཡི་གེར་བཀོད། །འདི་ལ་ནོངས་པའི་ཚོགས་མཆིས་ན། །བླ་མ་ཡི་དམ་བཀའ་སྲུང་གིས། །རང་བཞིན་དོན་ལ་དགོངས་མཛད་ནས། །ཐུགས་རྗེས་ཉེ་བར་བཟུང་བར་རིགས། །གལ་ཏེ་བདག་གི་ངལ་བ་འདི། །དོན་ཡོད་སྲིད་ན་དགེ་བ་དེས། །མ་ལུས་སེམས་ཅན་ཐམས་ཅད་ཀུན། །བླ་མེད་བྱང་ཆུབ་ཐོབ་པར་སྨོན། །མ་བཅོས་རང་སྣང་རོལ་པ་དང་། །འཁྲུལ་ཤེས་ཡུལ་དང་བཅས་པ་དག །བྱེ་བྲག་མ་ཕྱེད་གཏི་མུག་བློས། །ཉམས་ལ་རྟོག་པར་རློམ་པ་དང་། །མཁས་པ་མངོན་པའི་ང་རྒྱལ་ཅན། །ངེས་པའི་དོན་ལ་སྐུར་འདེབས་ཤིང་། །ཆོས་སྤོངས་ལས་ཀྱི་ཁུར་འཁུར་ནས། །མནར་མེད་གནས་སུ་བསྙེག་པ་དང་། །ཁ་འཇམ་ལྟ་བའི་རྫོང་བཟུང་ནས། །བསླུ་མེད་རྒྱུ་འབྲས་ཁྱད་གསོད་ཅིང་། །གཟུ་བོར་གནས་པའི་བློ་བོར་ནས། །བདག་བསྟོད་གཞན་ལ་སྨོད་པ་དང་། །མཁས་པའི་བླ་མ་མ་བསྟེན་ཅིང་། །རྣམ་དག་གཞུང་ལུགས་མ་སྦྱངས་པས། །གནས་ལུགས་དྲི་མེད་རྟོགས་དཀའ་ཡང་། །མུ་ཅོར་སྨྲ་བའི་བླུན་པོ་རྣམས། །རེ་ཞིག་ཐུགས་རྗེའི་ཡུལ་མིན་ཡང་། །རང་བྱུང་རིག་པའི་བྱིན་རླབས་ཀྱིས། །རྩོལ་བྲལ་ཐེག་པའི་སྣོད་གྱུར་ནས། །ཡང་དག་དོན་ལ་འཇུག་པར་ཤོག །ཕྱོགས་དང་། དུས་དང་། གནས་སྐབས་ཐམས་ཅད་དུ་བཀྲ་ཤིས་དང་བདེ་ལེགས་ཀྱིས་ཁྱབ་པར་གྱུར་ཅིག །
༈ སྤྱི་དོན་གསུམ་པ་བཀའ་སྲོལ་མི་ནུབ་པའི་ཕྱིར་གཏད་རྒྱ་བྱ་བ་ནི། དབང་གཞུང་དུ་དབང་གི་སྔོན་དུ་བཤད་ཅིང་། དེའི་རྒྱུ་མཚན་ཡང་གླན་སྟོན་གྱིས་གསུངས་པ་བཞིན་དབང་གི་སྔོན་དུ་བཤད་པ་ལྟར་ཡིན་ནའང་། ཟུར་ཐམས་ཅད་མཁྱེན་པ་ཤཱཀ་འབྱུང་གི་གཏད་རྒྱའི་འགྲེལ་པར། དབང་ཐོན་རྗེས་ཡིན་ཅེས་གསུངས་པ་དང་། རིག་འཛིན་རྗེའི་དངོས་སློབ་ཨུ་རྒྱན་པའི་གསན་ཡིག་ཏུ་གཏད་རྒྱ་མཐར་འདུག་པ་དང་ཕྱག་བཞེས་སུ་ཡང་དེ་བཞིན་མཛད་པས་ན། རྩ་བར། དེ་ནས་འདུས་པ་ཆེན་པོ་མདོ་དབང་གི་གཏད་རྒྱ་བྱ་བ་ནི། དཀྱིལ་འཁོར་གྱི་དྲུང་དུ་ཞི་བའི་གཞུང་བསྲུང་ཆོ་ག་བྱ། ཞེས་གསུངས་པའི་དོན་ཟུར་ཐམས་ཅད་མཁྱེན་པ་ཤཱཀ་འབྱུང་གི་གོ་དོན་བརྗེད་བྱང་འགྲེལ་པར་བཅས་པ་མཛད་པ་ལས། གནས་དབེན་པར་མངོན་པར་དབང་བསྐུར་བའི་ཞི་དཀྱིལ་དང་དབང་རྟགས་དང་། དགོངས་འདུས་ལ་མཆོད་པ་བཏང་། སློབ་དཔོན་གྱིས་དགོངས་པ་བྱ། སློབ་བུ་རང་ཉིད་ཀྱིས་ཞི་བའི་གཞུང་སྲོང་། ཚོགས་ལྷག་བྱ། རྒྱས་པར་ཕྲིན་གཞུང་དོང་སྤྲུག་ནས་ཀུན་བཟང་དོན་ཡན་ཆད་བྱ། མ་གྲུབ་ན་ཞི་བ་འབྲིང་པོ་ཐོན་པའི་རྗེས་སུ་ཞེས་དང་། གཏད་རྒྱ་རང་གི་རྩ་བའི་བསྡོམས་ལས། ན་མོ་གུ་རུ། མདོའི་གཏད་རྒྱ་བྱེད་པར་འདོད་པས། སློབ་བུ་རང་ཉིད་ཀྱིས་ཞི་བའི་གཞུང་བསྲང་བ་དང་གཅིག །འཁོར་གསུམ་ཡོངས་སུ་དག་པའི་ཡོན་དབུལ་བ་དང་གཉིས། སློབ་དཔོན་གྱིས་གཏད་རྒྱ་སྙན་བརྒྱུད་བསྒྲག་པ་དང་གསུམ། ཞི་དཀྱིལ་སྒྲུབ་པ་དགོངས་འདུས་བཏེག་པ་དང་བཞི། ང་ནི་བཅུ་གསུམ་པ་ལ་བསྲང་བསྟོད་མངའ་གསོལ་བ་དང་ལྔ་པོ་དེ་གས་བསྡུས་པར་ཁྱབ་ལགས། དེའི་གོ་དོན་རྒྱས་པར་བྱེད་ན་བརྗེད་བྱང་འགྲེལ་པར་གསལ། མདོའི་གཏད་རྒྱའི་རྩ་བ་རྫོགས་སོ། །ཞེས་གསུངས་པ་ལྟར་ཚོགས་ཆེན་དཀྱིལ་འཁོར་གྱི་མཆོད་གཏོར་ཚོགས་སྐོང་རྣམས་སྔར་ལྟར་བཤམ། ཞི་བའི་དཀྱིལ་འཁོར་མཚན་ཉིད་དང་ལྡན་པ་ཆུང་ངུ་ཞིག་ཀྱང་བྲིས་ཏེ། ཚོགས་ཆེན་གྱི་དབུས་སུ་མཉྫིའི་ཁར་བཞག་ལ། ཞི་ཁྲོའི་ཆོ་ག་གཞུང་བསྲངས་པའི་དུས་གོང་གི་ཞི་དཀྱིལ་ཡང་བསྒྲུབ། ཁྱད་པར་སློབ་མའི་ཞི་བའི་གཞུང་བྱེད་པར་གསུངས་པ་ལྟར་སློབ་མ་རང་ངམ་དཔོན་སློབ་ལྷན་ཅིག་ཏུ་ཆོ་ག་བྱས་པས་ཁྱབ་བོ། །དེས་དང་པོ་ཞི་བའི་གཞུང་བསྲང་བ་ཚར་རོ། །རྩ་བར། སློབ་བུ་སྔར་ཐེག་དགུ་མདོ་ལུགས་སུ་ཐོབ་པ་ལ་བསྐུར་གྱིས། གཞན་ལ་བསྐུར་ན་དམངས་ལ་འཁོར་ལོ་སྒྱུར་བའི་བཀའ་རྟགས་སྦྱིན་པ་དང་འདྲའོ། །སྔར་ཐོབ་ཀྱང་དབང་བསྐུར་དགོས་པས་ཏེ་བསྐྱར་ནས་བསྐུར་བའམ། ཕྱིས་ཞུ་བའི་འདུན་པ་བྱེད་དུ་གཞུག །སློབ་དཔོན་དུ་འོས་པ་ལ་གཏད་དོ། །དེ་ཡང་འདུལ་བ་པ་གཡོག་གི་དགེ་ཚུལ་བསྟན་པ་འདི་ལ་ལོ་བདུན་མ་ལོན་པ་དང་གྲངས་གསུམ་པས་མང་བ་དང་། ལོ་ལོན་ཀྱང་བྱ་རོག་སྐྲོད་མི་ནུས་པ་ལ་དགེ་སློང་དགེ་ཚུལ་མི་བྱེད། ལས་གྲལ་གྱི་དགེ་སློང་མངལ་བཅས་དབྱུག་པ་ལོ་མགོ་བྱས་པ་ཉི་ཤུ་སོང་བ་དང་། གནས་ཀྱི་བླ་མ་དགེ་སློང་ལོ་ལྔ་ལོན་པ་དང་། སློབ་མའི་མཁན་པོ་དགེ་སློང་ལོ་བཅུ་ལོན་པ་མཁས་ཤིང་ཕན་འདོགས་ནུས་པ་དང་། མཁན་སློབ་དགེ་འདུན་ཐུགས་མཐུན་པས་མཉེས་པ་མཆོད་ན་གང་ཡང་གནང་བས་ཞར་ལ་ཚེ་ཕྱི་མ་ལ་འབྲེལ་བ་འཇོག །འདིར་བསྟན་འཛིན་སུས་བྱེད་མི་ཤེས་པས་རྒྱུན་མི་ཉམས་པའི་སླད་དུ་བསྟན་པ་ལ་བསམ་ནས་སྔར་དབང་ཐོབ་པ་ཕལ་ལ་མཛད་དོ། །དེ་ལ་ཐར་པའི་ལམ་མཚོན་པའི་དར་རམ་རས་དཀར་པོ་ཕྱིར་སྐྱོང་སྡུས་ཉན་པ་ཞི་ལ་བླ་མའི་དྲུང་དུ་ཁ་ལྟ་བུའི་དཀར་ས་ནས་ས་བཅུ་གསུམ་གྱི་རིམ་པའི་ཚོམ་བུ་མིང་དོན་དྲན་ཅིང་མྱུར་བར་ས་ཐོབ་ངེས་པའི་འདུན་པས་མེ་ལོང་གམ། འབྲུའམ། རིན་པོ་ཆེའམ་སྨན་གྱི་ཚོམ་བུ་བཅུ་གསུམ་བྱས་ཏེ། ཞེས་གསུངས་པས་བླ་མའི་དྲུང་དུ་རེག་པར་དར་དཀར་རམ་རས་དཀར་ཡུག་བཏིང་བའི་སྟེང་མེ་ཏོག་གམ་འབྲུའམ་རིན་པོ་ཆེའི་ཚོམ་བུ་བཅུ་གསུམ་ཕྲེང་ཚར་དུ་བཀོད་པར་མཛད་འདུག་པའི་དོན་ནི། རྩ་བར། མས་རིམ་གྱི་སྔགས་མཚན་ཉིད་མིང་ཐུན་མོང་བ་ནི། ལྷ་མོ་ནག་མོའི་མདོ་གཟུངས་ལས། ནམ་ཡང་འཁོར་བར་མི་ལྟུང་ཞིང་། །མྱ་ངན་འདས་པ་ཐོབ་པའི་ཕྱིར་། །ཉན་ཐོས་ས་རྣམས་ནོན་པ་དང་། །རྟེན་འབྲེལ་བཅུ་གཉིས་ཤེས་པར་བྱ། །བྱང་ཆུབ་སེམས་དཔའ་ས་རྣམས་ནི། །རབ་དགའ་དྲི་མེད་འོད་བྱེད་འཕྲོ། །སྦྱང་དཀའ་མངོན་གྱུར་རིང་དུ་སོང་། །མི་གཡོ་ལེགས་པ་ཆོས་ཀྱི་སྤྲིན། །སངས་རྒྱས་ས་ཆེན་བླ་ན་མེད། །བཅུ་གཉིས་པོ་ཡང་ཐོབ་གྱུར་ཏེ། །ཀུན་ཏུ་འོད་དང་བདུད་རྩི་འོད། །ནམ་མཁའི་འོད་དང་རྡོ་རྗེ་འོད། །རིན་ཆེན་འོད་དང་པདྨའི་འོད། །ལས་ཀྱི་འོད་དང་དཔེ་མེད་པ། །དཔེ་ལྡན་པ་དང་ཤེས་རབ་འོད། །ཐམས་ཅད་མཁྱེན་དང་རང་རིག་སྟེ། །བཅུ་གཉིས་སངས་རྒྱས་ས་རྣམས་ཀྱང་། །འདི་ཚོ་བྱུང་ན་མྱུར་དུ་ཐོབ། །ཅེས་པས། ས་བཅུ་གཉིས་བསྟན་ལ། དེ་ཡང་། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །སེར་སྣ་འཆལ་བ་ལེ་ལོ་བྲལ། །བསམ་གཏན་ཤེས་རབ་ཐབས་སྟོབས་ཀྱིས། །གཡེངས་རྨུགས་མི་མཁས་རྒོལ་བ་སེལ། །སྨོན་ལམ་ཡེ་ཤེས་ཕ་རོལ་ཕྱིན། །ངན་འགྲོ་ལོག་རྟོག་བག་ཉལ་འཇོམས། །ཡེ་ཤེས་ལྔ་དང་ཆོས་ཀྱི་དབྱིངས། །རང་བྱུང་ཡེ་ཤེས་བཅུ་གཉིས་པའོ། །པདྨ་ཅན་དང་ཡི་གེ་འཁོར། །བསྐོར་བདུན་བཅུ་གསུམ་རྡོ་རྗེ་འཛིན། །བླ་མའི་ས་སྐོར་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་དབྱིངས་ཤེས་བདུན། །ཞེས་པའི་དོན་བཤད་དོ། །ཞེས་གསུངས་པར་ཟུར་ཧྭཾ་ཤཱཀ་འབྱུང་གིས་འགྲེལ་དོན་ཡང་བཤད་དུ་རུང་མ་བཤད་ཀྱང་ཉན། ཞེས་གསུངས་སོ། །རྩ་བར། དེ་ནས་སློབ་བུ་ཁྲུས་བྱ་བགེགས་བསྐྲད། ཚེ་བསྲུང་ཞེས་གསུངས་པའི་དོན་སློབ་མ་རྣམས་ཁྲུས་བྱ། བགེགས་གཏོར་བཏང་ཞིང་མཚམས་བཅད། མཎྜལ་གྱི་མེ་ཏོག་བཀྱེ་བསྡུ་བྱས་ལ་བླ་མས་ཐུགས་བསྐྱེད་ཕོག་ལ་མཚམས་སྦྱོར་གྱི་བཤད་པས་སྐབས་ཕྱེ་ལ་གཏད་རྒྱའི་ཡོན་དུ་མཎྜལ་ཕུལ། ཚེ་བསྲུང་བ་ནི་དབང་གི་སྐབས་ལྟར་གོ་བགོ་ལུས་བསྲུང་སོགས་འདིར་ཡང་བླང་ངོ་། །རྩ་བར། སྐྱོ་བ་དང་དད་པ་བསྐྱེད་ལ། ཞེས་གསུངས་པ་ནི་དྲང་དོན་གྱི་རྒྱུ་འབྲས་དང་། ཁྱད་པར་གསང་སྔགས་ཀྱི་ཐེག་པ་དང་ལམ་འདིར་འཇུག་པ་གཞན་ལས་རྨད་དུ་བྱུང་ཚུལ་སོགས་རྒྱས་པར་བཤད་དེ། རྩ་བར། བླ་མ་ལ་ཡོན་ཏན་གསེར་ཞོ་རེ་བས་མི་ཆུང་བ་དབུལ་ལོ། །རང་ལ་མེད་ཀྱང་གཡར་ནས་བྱ་སྟེ། རྒྱ་གར་གྱི་ཀཪྴ་པ་ནི། རྒྱ་ནག་གི་ཏང་རྩེ། བལ་པོའི་འདྲ་མིན། ཧོར་གྱི་ཇ་ཧོ། བོད་ཀྱི་སྣེལ་པོའོ། །གཡར་པས་འགྲུབ་པ་བཙུན་གསར་གྱི་མཐང་གོས་ལྷུང་བཟེད་ལྟར་རོ། །དེ་ནས་བླ་མས་གནང་བ་ཞུ་བ་དང་། བཟོད་གསོལ་བླ་མ་དང་དཀྱིལ་འཁོར་ལ་ཡིད་ཀྱིས་བྱ། མཎྜལ་ཡང་མཆོད་པ་གསོལ་བ་དབུལ། རྫས་དེ་དག་ཀྱང་ཆུད་མི་ཟ་བར་བསྲུང་སྤེལ་དོན་འགྱུར་མཁོ་ཆ་བྱའོ། །ཞེས་གསུངས་པའི་དོན་འགྲེལ་པའི་དགོངས་པ་ལྟར་ན་རྡོ་རྗེ་སློབ་དཔོན་རང་གི་རྩ་བའི་བླ་མ་དཀྱིལ་འཁོར་གྱི་རིགས་ཀྱི་བདག་པོར་བཞུགས་པར་གསལ་བ་ལ་སློབ་མ་རྣམས་ལ་གཏད་རྒྱ་བྱ་བའི་གནང་བ་ཞུ་བ་དང་། བཟོད་པར་གསོལ་བ་སོགས་ཚིག་མི་བརྗོད་པར་ཡིད་ཀྱིས་དམིགས་པ་བྱ། སློབ་མས་ཡོན་ཏུ་ཕུལ་བའི་ཡོ་བྱད་དེ་རྣམས་ལ་བླ་མ་རང་གི་བསྣན་ཁ་ཅུང་ཞིག་དང་བཅས་ཏེ་བླ་མ་དང་དཀྱིལ་འཁོར་ལ་མཎྜལ་ཕུལ་ཞིང་དབང་ཡོན་རྣམས་ཀྱང་ཆུད་མ་ཟོས་པ་བྱ་བར་གསུངས་སོ། །གཉིས་པ་འཁོར་གསུམ་ཡོངས་དག་གི་ཡོན་དབུལ་བའོ། །རྩ་བར། དེ་ནས་བུ་རྣམས་གྲལ་ལ་འདུག་སྟེ། སྐྱབས་འགྲོ་སེམས་བསྐྱེད་གསོལ་འདེབས་འཛབ་བྱ། ཞེས་གསུངས་པས་དཀྱིལ་འཁོར་ལ་དམིགས་ཏེ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ་དང་། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཞེས་སོགས་ཀྱི་རྗེས་ཟློས་བྱར་གཞུག །གསོལ་འདེབས་ནི་ཟུར་ལུགས་རྩ་བའི་ཨ་ཏིའི་དབང་བྱང་ལྟར། རྗེ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆི། །ཞེས་སོགས་གསོལ་བ་འདེབས་སོ་ཞེས་པར་བསྒྱུར། གུ་ཧྱ་ཛྙཱ་ན་དང་རུ་ལུའི་འཛབ་བྱའོ། །རྩ་བར། དེ་ནས་བུས་ཞིང་ཁམས་འདི་རྣམས་དྲན་དུ་གཞུག་སྟེ། མི་མཇེད་འཇིག་རྟེན་ན་སངས་རྒྱས་ཤཱཀྱ་ཐུབ་པ། ཤར་ཕྱོགས་མངོན་པར་དགའ་བ་ན་སངས་རྒྱས་མི་བསྐྱོད་པ། ལྷོ་དཔལ་དང་ལྡན་པ་ན་སངས་རྒྱས་རིན་ཆེན་འབྱུང་བ། ནུབ་བདེ་བ་ཅན་ན་སངས་རྒྱས་འོད་དཔག་མེད་། བྱང་ཕྱོགས་རྣམ་དག་ན་སངས་རྒྱས་གདོན་མི་ཟ་བར་གྲུབ་པ། འོག་ཐལ་བས་ཁེབས་པ་ན་སངས་རྒྱས་ཐལ་བའི་དབང་པོ། སྟེང་བྱང་ཆུབ་ཀྱི་སྙིང་པོ་ཅན་ན་སངས་རྒྱས་རྣམ་པར་སྣང་མཛད་རྣམས་ཀྱི་བྱུང་ཚུལ་དགོངས་འདུས་ཀྱི་གླེང་གཞི་ལྟར་སྤྲོ་ན་བསྒྲག་པའམ། མདོའི་གཏད་རྒྱ་སྙན་བརྒྱུད་མ་དང་། དབང་གི་བཀའ་རྒྱ་གསང་མཚན་མ་བཤད་དོ། །ཞེས་གསུངས་པའི་དོན་གསུམ་པ་སློབ་དཔོན་གྱི་གཏད་རྒྱའི་སྙན་བརྒྱུད་བསྒྲག་པ་ནི་ཟུར་ཤཱཀ་འབྱུང་གི་འགྲེལ་བ་བཞིན་འདི་ལྟར་བསྒྲག་གོ། །སྟོན་པ་གསང་བའི་བདག་པོ་ལ་ཕྱག་འཚལ་ལོ། །སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐུགས་རྗེ་ཆེ་ལ་ཐབས་མཁས་པ་དེས་ལྷའི་གནས་དགའ་ལྡན་ནས་མིའི་གྲོང་ཁྱེར་ཆེན་པོ་སེར་སྐྱར་འཁྲུངས་ནས་སྐྱེ་འགྲོའི་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་བཀའ་སྩལ། ཉན་ཐོས་ཀྱི་ཐེག་པ་ཆུ་བོ་ནཻ་རཉྫ་རར་བཀའ་སྩལ། རང་སངས་རྒྱས་ཀྱི་ཐེག་པ་ཀུན་དགའ་བར་བཀའ་སྩལ། བྱང་ཆུབ་སེམས་དཔའི་ཐེག་པ་བྱ་རྒོད་ཕུང་པོའི་རིའམ་རྒྱལ་པོའི་ཁབ་ཏུ་བཀའ་སྩལ། ཀྲྀ་ཡ་ཝ་ར་ཎཱ་སིར་བཀའ་སྩལ། ཨུ་པ་ཡ་རི་རབ་ཀྱི་རྩེར་བཀའ་སྩལ། ཡོ་ག་མེ་རི་འབར་བར་བཀའ་སྩལ། ཨ་ནུ་ཡོ་ག་བསིལ་བའི་ཚལ་དུ་བཀའ་བབས། ཨ་ཏི་ཡོ་ག་དྷ་ན་ཀོ་ཤའི་གླིང་བུ་བབས། མ་ཧཱ་ཡོ་ག་རྒྱལ་པོ་ཛཿའི་ཁང་སྟེང་དུ་བབས། སེམས་ཅན་མ་སྨིན་པ་སྨིན་པ་དང་། སྨིན་པ་གྲོལ་བའི་ལམ་ལ་བཀོད་ནས་སྐུ་མྱ་ངན་ལས་འདའ་བར་དགོངས་ནས། གསང་སྔགས་ཕྱིས་འབྱུང་བར་ལུང་བསྟན་པ། ང་ནི་འདི་ནས་མི་གནས་ནས། །ལོ་ནི་བརྒྱད་དང་བཅུ་གཉིས་ན། །འཛམ་བུ་གླིང་གི་ལྷོ་ཕྱོགས་ན། །བསྟན་པའི་སྙིང་པོ་དམ་པ་ཞིག །ལྷ་གནས་གསུམ་དུ་གྲགས་པ་ཡི། །རྒྱལ་པོ་ཛཿཞེས་བྱ་བ་ལ། །ཐུགས་རྗེ་མཐུན་པའི་བྱིན་རླབས་ཀྱིས། །གསང་སྔགས་འབྱུང་བའི་ལུང་བསྟན་པའོ། །མི་ལས་དམ་པ་སྐལ་བཟང་རྣམས། །ལུང་དེ་ལ་ནི་མཉན་པར་གྱིས། །ཞེས་གསུངས་ཏེ་མྱ་ངན་ལས་འདས་ནས་ལོ་ཉེར་བརྒྱད་ཀྱི་དུས་སུ་རྒྱལ་པོ་ཛཿདང་། དམ་པའི་རིགས་ཅན་ལྔ་ལ་གསང་བའི་བདག་པོ་དངོས་སུ་བྱོན་ནས། ལྷོ་འཛམ་བུ་གླིང་དང་། ལྷོ་ནུབ་རྔ་ཡབ་གཞན་གླིང་གི་རི་བོ་མ་ལ་ཡའི་རྩེ་མོར་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་དམ་པའི་མཛོད་གསུམ། ཨ་ནུའི་ཆོས་སྐོར་དང་། ཏནྟྲ་སྡེ་བཅོ་བརྒྱད། མ་ཧཱ་ཡོ་གའི་ཆོས་སྐོར་ལ་སོགས་པ་ཕྱེ་ནས། དེའི་མན་ངག་དང་། འགྲེལ་པ་དང་། ཕྲ་མོ་ལ་སོག་པར་ཕྱེ་ནས། བསྐྱེད་རྫོགས་གཉིས་ཀྱི་བསྟན་པ་དར་བར་མཛད། དུས་དེ་ཙམ་ན། རྒྱལ་ཁམས་ཡོངས་ཀྱི་རྗེ་ལ་མཆོག་ཏུ་གཅེས་པའི་ནོར་དང་ལོངས་སྤྱོད་ནི་མང་ཞིང་ཆེ། རྒྱུའི་ཆོས་རབ་ཏུ་ཟབ་པའི་བསྟན་བཅོས་རྣམས་ནི་དར་ཞིང་རྒྱས། འབའ་ཞིག་ཏུ་སྒྲུབ་པའི་གསང་སྔགས་བླ་ན་མེད་པ་རྣམས་ནི་མ་བྱུང་བའི་དུས་དེ་ཙམ་ན། ཡབ་རྒྱལ་པོ་དྷ་ན་ཀོ་ཤ་ཞེས་བྱ་བའི་བུ་མོ་སྲིད་པ་གཡུང་དྲུང་མཚོ་ཞེས་བྱ་བ་ཆོས་མཛད་ཡོངས་ཀྱི་དགོན་གནས་དྷ་ན་ཀོ་ཤའི་གླིང་ཕུག་རིན་ཆེན་གཡུ་སྡིངས་ཚལ་དུ་རབ་ཏུ་བྱུང་ནས་ཆོས་ལ་བྱོན་པས། ལམ་དུ་གསེར་བྱ་གཤོག་པ་གཡུ་ལ་བྱས་པ། མཆུ་སྡེར་ལྕགས་ལ་བྱས་པ། ལུས་པོ་བྱིན་པོ་གསེར་ལ་བྱས་པའི་བྱ་ངང་པ་ཞིག་བྱུང་ནས། སྲིད་པ་གཡུང་དྲུང་མཚོའི་སྙིང་གར་མཆུ་ལན་གསུམ་བཙུགས་ནས་འདི་སྐད་དོ། །སྲིད་པ་གཡུང་དྲུང་མཚོ་ཁྱོད་ལ་དོ་ནུབ་མི་རེང་དཀར་པོ་ཞིག་བྱིན་གྱིས་བརླབ་ཏུ་ཡོང་གིས། དེའི་ངག་མ་བཅག་ཅིག་ཟེར་ནས་བྱ་ངང་པ་དེ་འཕུར་སྐད། ངང་པ་དེ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྤྲུལ་པའོ། །བུ་མོ་དེ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དངོས་ཡིན་གསུང་། དེའི་ནུབ་མོ་གཟིམས་ཙ་ན། མི་རེང་དཀར་པོ་ཞིག་གིས་ཆུ་བུམ་པ་གང་ལ་བྱིན་རླབས་བྱ་ནས་གཡུང་དྲུང་མཚོའི་སྤྱི་བོ་ནས་མར་བླུག་པ་རྨིས་སྐད། མི་དེ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དངོས་ཡིན་སྐད་གསུང་། ནང་པར་སྒོ་རྩར་ཕྱིན་ཙ་ན། སྒོ་འདན་གྱི་ཁ་ན་འདུག་པ་དེ་དཔུང་པ་རུ་ཆགས་ནས་འདི་སྐད་དོ། །སྲིད་པ་གཡུང་དྲུང་མཚོ་ཁྱོད་ལོའི་དུས་ཟླ་བའི་དུས་ནང་དུ་ཁྱེའུ་ངོ་མཚར་ཅན་ཞིག་འཁྲུངས་པར་འདུག་གིས། དེ་ལ་རྩ་བརྩི་ལེགས་པར་གྱིས་ཤིག་ཟེར་སྐད། དེར་གཡུང་དྲུང་མཚོ་ཇི་མི་བདེ་ལ་སོང་བ་ལས་ཟླ་བ་དགུ་ངོ་བཅུ་ན་བུ་ཞིག་སྐྱེས་པ་དེ་ཐུགས་ཀ་རྩིབ་མའི་གོ་བར་མཆན་ཁུང་གཡས་ནས་གསེར་གྱི་རྡོ་རྗེ་ཞིག་རང་འཁྲུངས་སུ་བྱོན་པ་དང་ཡུམ་ལ་རྨ་མེད་པར་བལྟམས་ཏེ། དེ་ཉིད་ལ་བལྟས་པ་ཙམ་གྱིས་གསེར་གྱི་རྡོ་རྗེ་རང་ཞིག་པའི་ནང་ནས་ཁྱེའུ་མཚན་དཔེ་དང་ལྡན་པ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ཞལ་འདོན་དུ་མཛད་པ་བཞད་པ་ཞིག་བྱུང་བ་དང་། ཡུམ་གྱིས་ཁོང་རང་གི་ཡབ་ལ་སྔར་གྱི་བྱུང་ཚུལ་རྣམས་ཞུས་པས། ཡབ་རྒྱལ་པོའི་ཞལ་ནས་འདི་ནི་སྤྲུལ་པའི་སྐུ་དངོས་སུ་བྱིན་པ་ཡིན་གསུངས་ནས་ཤིན་ཏུ་མཉེས་ཏེ་མཚན་ཡང་སྤྲུལ་སྐུ་དགའ་རབ་རྡོ་རྗེར་མངའ་གསོལ། ཁ་ཅིག་ཏུ་བཛྲ་ཧཱ་ས་རྡོ་རྗེ་བཞད་པ་ཞེས་ཀྱང་ཟེར་བ་དེ་བསྐྲུན་པ་དང་། མ་ན་རེ་གཡོག་མོ་ལ། ང་བཙུན་མ་ཞིག་ལ་ཕ་མེད་པའི་བུ་འདི་འདྲ་སྐྱུག་བྲོ་ཐལ་ཁུང་དུ་བསྐྱུར་ལ་ཞོག་གསུངས་ནས་གཡོག་མོ་བདེ་ལྡན་མ་བྱ་བ་དེས་ཐལ་ཁུང་དུ་བསྐྱུར། དེར་ཞག་དྲུག་ལོན་པ་དང་མ་ན་རེ་ཤ་ནས་འཆད་པའི་བུ་ཚ་ཡང་ཡིན། སྙིང་ཡང་རྗེ་བར་འདུག་གིས་མ་ཤི་བར་འདུག་ན་ལོངས་ལ་ཁྱེར་ཤོག་གསུངས་ནས་གཡོག་མོས་ཕྱིན་པས། ཐལ་ཁུང་ན་ཁྲ་ཤིག་ལིང་ལིང་འདུག་པ་བླངས་ནས་མཚན་ཡང་རོ་ལངས་ཐལ་མདོག་བྱ་བར་བཏགས་སོ། །སྣང་སྲིད་བདེ་བ་ལ་བཀོད་པས་རོ་ལངས་བདེ་བ་ཞེས་བྱ་བར་གྲགས་པ་དེས་རྒྱལ་པོ་དྷ་ཧི་ན་ཞེས་བྱ་བའི་བུ་མོ་རིན་ཆེན་གསལ་སྒྲོན་ཞེས་བྱ་བ་གྲོགས་སུ་ཁྲིད་ནས། དང་པོ་ཟླ་གམ་འོད་འཕྲོ་སེང་གེ་ནགས་སྟེང་གི་ཚལ་དུ་སློབ་དཔོན་ཆེན་པོ་གིང་ཀ་ར་ལ་རྩལ་ཆེན་གྱི་དབང་ཞེས་བྱ་སྟེ། ཕ་རོལ་ཏུ་ཕྱིན་པ་ཉི་ཤུའི་དབང་ནོས། དེ་ནས་པདྨ་མེ་ཏོག་ལྗོན་ཤིང་གི་ཚལ་དུ་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཙ་ཏི་ཀ་ལ་གཏན་ཚིགས་བགྲོ་གླེང་གི་དབང་ཞེས་བྱ་སྟེ། ཀྲྀ་ཡའི་དབང་མཆོག་ཉི་ཤུ་རྩ་དྲུག་ནོས། དེ་ནས་ལྷ་བྱ་སྐད་སྙན་ལྗོན་ཤིང་གི་ཚལ་དུ་སློབ་དཔོན་ཆེན་པོ་པདྨ་ཀུ་མ་ཏི་ལ་ཡོ་ག་བཀྲ་ཤིས་དྲུག་ཅུ་རྩ་བཞིའི་དབང་ནོས། དེ་ལྟར་ཕྱི་དབང་བརྒྱ་རྩ་བརྒྱད་ནོས་སོ། །དེ་ནས་སློབ་དཔོན་ཆེན་པོ་རབ་ཏུ་གསལ་བ་ལ་གདན་བཞི་ནི་ཞབས་དྲུང་ན་འཁྲིགས། ཕྱོགས་བཞི་ནས་རྒྱན་རིན་པོ་ཆེ་རྣམས་ནི་འབར། མི་ནོར་སྣ་དགུ་ནི་ས་གཞི་ལ་དོད། སྡུག་མཛེས་ཀྱི་མེ་ཏོག་སྣ་ཚོགས་ནི་ས་གཞི་ལ་འཁྲུངས། མཛེས་པའི་དར་བཀྲ་ནི་དཔག་བསམ་གྱི་ཤིང་ལས་བྱུང་། འབྲུ་སྣ་དགུ་ནི་ལྗོན་ཤིང་གི་ཡལ་ག་ལས་ལྷུང་། དེ་ལྟར་འདོད་པའི་ཡོན་ཏན་ལྔའི་རྒྱུད་མ་སྤངས་པའི་ཕུན་སུམ་ཚོགས་པས་མཉེས་པར་བྱས་པ་དང་སློབ་དཔོན་གྱིས་རྒྱུད་ཆེན་པོ་གཅིག་ལ། སྐུའི་རྒྱུད་སངས་རྒྱས་མཉམ་སྦྱོར། གསུང་གི་རྒྱུད་ཟླ་གསང་ཐིག་ལེ། ཐུགས་ཀྱི་རྒྱུད་གསང་བ་འདུས་པ། ཡོན་ཏན་གྱི་རྒྱུད་དཔལ་མཆོག་དང་པོ། ཕྲིན་ལས་ཀྱི་རྒྱུད་ཀརྨ་མཱ་ལེ། ཀྲྀ་ཡ་ཐམས་ཅད་ཀྱི་རྒྱུད་ཆ་གསུམ། མཚམས་ཐམས་ཅད་ཀྱི་རྒྱལ་པོ་བསྲུང་བའི་འཁོར་ལོ། དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོ་ཡང་དག་དགུ་པ། རྫས་ཐམས་ཅད་ཀྱི་རྒྱལ་པོ་ལྷ་མོ་གནས་དཀར། མ་ཏང་གཞོམ་པ་གཤིན་རྗེ་གསལ་ཤིང་། སྨན་ཐམས་ཅད་ཀྱི་རྒྱལ་པོ་བདུད་རྩི་བུམ་ལུང་། ཞི་བ་ཐམས་ཅད་ཀྱི་རྒྱལ་པོ་རིན་ཆེན་དྲྭ་བ། ཁྲོ་བོ་ཐམས་ཅད་ཀྱི་རྒྱལ་པོ་བསྐྱེད་རྫོགས་ཆེན་པོ། སྒོམ་པ་ཐམས་ཅད་ཀྱི་རྒྱལ་པོ་ཡ་མཚན་མི་གཡོ་བ། དབང་ཐམས་ཅད་ཀྱི་རྒྱལ་པོ་ནོར་བུ་ཕྲེང་བ། གཞན་ཡང་འཇུག་དོན་གཤེགས་པ་དང་སྙིང་པོ་དང་། དཀྱིལ་འཁོར་བཀོད་པ་ལ་སོགས་པ་ཏནྟྲ་དང་། བསྟན་བཅོས་ཐམས་ཅད་ཀྱི་བཀའ་བབས་སོ། །དེ་ནས་བྱུ་རུ་དམར་པོ་ཆུ་མིག་དགུ་སྒྲིལ་གྱི་ཚལ་དུ་རོ་ལངས་བདེ་བ་དང་རིན་ཆེན་གསལ་སྒྲོན་ལ་དབང་བཞི་རྫོགས་པར་བསྐུར་ཏེ། ཕྱི་ཡོ་བྱད་ཟང་ཟིང་གི་དབང་རྫོགས་པར་བསྐུར། ནང་རིག་པ་ཏིང་ངེ་འཛིན་གྱི་དབང་དང་། ཡེ་ཤེས་ལྔའི་དབང་བསྐུར། གསང་བ་བྱང་སེམས་ཆོས་ཉིད་ཐུགས་ཀྱི་དབང་བཞི་བསྐུར་རོ། །དེ་ནས་རྟོག་ཚོགས་ལྷའི་དཀྱིལ་འཁོར་དུ་དབང་སྒྱུར་ནས། ཤེལ་གྱི་ཕྱགས་ཤིང་རིན་པོ་ཆེ་སྣ་ལྔས་བརྒྱན་པ་ཞིག་དབང་རྟགས་སུ་སྦྱིན་ནོ། །གྲོགས་མོ་ལ་འཕྲུལ་སྣང་སྲིད་ཀྱི་མེ་ལོང་ལ་འཛམ་བུ་གླིང་དུས་གཅིག་ཏུ་གསལ་བ་ཞིག་དབང་རྟགས་སུ་སྦྱིན་ནོ། །དེ་ནས་རིན་ཆེན་གཡུ་སྡིངས་ཚལ་དུ་ལོག་ནས། རྒྱ་གར་ཡུལ་གྱི་ཕ་རོལ། ཨུ་རྒྱན་ཡུལ་གྱི་ཚུལ་རོལ། མཱ་ར་ཏི་ཀའི་བྲག་ཕུག་ཏུ། ཨུ་རྒྱན་གྱི་རྒྱལ་པོ་དྷརྨ་ཀཱ་ཡ་དང་། ཀླུའི་བུ་མོ་རྒྱ་མཚོ་གཉིས་ཀྱིས་ཨུ་རྒྱན་གྱི་ཡུལ་ནས་སློབ་མ་བསྡུས་ནས་ཚོགས་བསྒྲུབས་པས་མངོན་པར་རྫོགས་པར་སངས་རྒྱས་པ་འབའ་ཞིག་བྱུང་ངོ་། །དེས་ན་ཟ་ཧོར་གྱི་རྒྱལ་པོ་ལ་བསྟན་པས་དབང་བསྐུར། དེས་སིང་ག་ལའི་རྒྱལ་པོ་ལ། དེས་དགེ་སློང་སོ་ཀྱ་དེ་བ་ལ། དེས་སློབ་དཔོན་ཆེན་པོ་དྲག་པོ་རྩལ་ཞེས་བྱ་སྟེ་སྒེག་པ་རྡོ་རྗེ་ལ་བསྟན། དེས་ཆོས་བློན་དེ་བ་ལ། དེས་མཁན་པོ་ཆོས་རྒྱལ་སྐྱོང་ལ། དེ་དག་གི་ཡང་དག་པར་རྫོགས་པའི་སངས་རྒྱས་དང་མི་གཉིས་ཤིང་། ཡེ་ཤེས་ལྷས་མངོན་སུམ་དུ་དབང་བསྐུར་བ། སངས་རྒྱས་ལ་བཀའ་མི་མཆིད་བཞིན་དུ་མོས་ཞིང་། ད་ལྟར་ཡང་རིག་འཛིན་གྱི་གྲལ་ན་བཞུགས་པ་ཡིན་ནོ། །དེས་སློབ་དཔོན་ཆེན་པོ་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ལ་བསྟན་ཏེ། སློབ་དཔོན་དེས་རྒྱ་གར་དུ་ལན་ལྔ་བྱོན། གྲུབ་ཐོབ་མང་པོ་དང་མཇལ་ཞིང་གྲུབ་ཐོབ་མང་པོའི་རོ་མྱང་། མཁས་པ་མང་པོའི་བཅུད་ཕྱིན། མཆོག་དང་ཐུན་མོང་གི་དངོས་གྲུབ་བརྙེས། ཁྲོ་བོ་སྟོབས་པོ་ཆེས་དངོས་སུ་དབང་བསྐུར། སྟོབས་པོ་ཆེ་ཡི་ཕྱག་གི་རྡོ་རྗེ་དེ། །ནམ་མཁའི་མཐོངས་ནས་རང་བབས་ནས། ང་ཡི་ལག་པ་གཡས་སུ་བྱུང་། །དགའ་ཞིང་སྤྲོ་ནས་ལན་གསུམ་གསོར། །ཞེས་གསུངས་སོ། །གཞན་ཡང་དྲི་ཟ་ཕྲུ་གུ་ཟུང་། །ཀླུ་ཡི་རྒྱལ་པོས་ཆོས་སྟོན་དྲངས། །གསང་བའི་བདག་པོ་ལག་ན་རྡོ་རྗེ་གཙོ་འཁོར་དགུའི་ཞལ་གཟིགས། གཞན་ཡང་གྲུབ་པ་མང་པོ་བརྙེས་ཤིང་ལྷ་སྲིན་སྡེ་བརྒྱད་ལ་དབང་ཐོབ། ད་ལྟ་ཡང་རྡོ་རྗེ་འཆང་གི་གྲལ་ན་བཞུགས་པ་ལགས་སྐད། ཨ་མེས་སངས་རྒྱས་ཀྱི་ཐུགས་ཀྱི་སྲས་མཚོ་བཞི་བྱ་བར་གྲགས་པ་ལས། ཁུ་ལུང་ཡོན་ཏན་རྒྱ་མཚོ་ལ་དབང་གདམས་ངག་གི་བཀའ་བབས། བླ་མ་དེ་ཡང་སྤྲུལ་པ་མང་པོའི་ཞལ་གཟིགས། མཆོག་དང་ཐུན་མོང་གི་དངོས་གྲུབ་ཁྱད་པར་ཅན་བརྙེས། སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་བཀའ་ཉན། ཟག་མེད་བདེ་བའི་ཉམས་དང་ལྡན་པ་ལགས་སྐད། སྤ་གོར་སློབ་དཔོན་ཆེན་པོ་འཕགས་པ་ལ་དབང་བསྐུར་ཞིང་བཤད། དེ་ལ་གཞུང་གི་བཀའ་བབས། སེ་ཡེ་ཤེས་དབང་ཕྱུག་ལ་ལྟ་བའི་བཀའ་བབས། སྲུ་ལེགས་པའི་སྒྲོན་མ་ལ་དབང་བཞི་ཆུ་བོའི་བཀའ་བབས། འདི་ཡིག་རྙིང་དུ་གདུང་རུས་སྲུ་ཡིན་ལ་ངོ་བོ་ཁྱོ་ཁ་ཡིན་པར་བཤད་པས་སྒྲོན་མའི་མཚན་གྱིས་མོར་འཁྲུལ་བར་མི་བྱའོ། །དེས་བེག་ཡེ་ཤེས་བྱང་ཆུབ་དང་། གཡར་གསལ་བའི་བྱང་ཆུབ་དང་། རྒྱ་བློ་གྲོས་གཞོན་ནུ་དང་། རྒྱ་ཤཱཀྱ་མཆོག་དང་། ཞུ་བསོད་ནམས་ཤཱཀྱ་ལ་སོགས་པ་དགེ་མཆེད་མི་ལྔའམ། དགེ་མཆེད་མི་བཅོ་ལྔ་ལ་འདུས་པ་ཆེན་པོའི་དབང་བསྐུར་ནས། ཐམས་ཅད་སྨིན་པ་དང་གྲོལ་བའི་ལམ་ལ་བཀོད། ཕྲིན་ལས་ཀྱི་བདག་པོར་ཡང་མངའ་གསོལ་ལོ། །ཞུ་བསོད་ནམས་ཤཱཀྱས་ལྷ་རྗེ་ཆེན་པོ་ཟུར་ཤཱཀྱ་འབྱུང་གནས་ལ་དབང་བསྐུར། ལྷ་རྗེ་ཆེན་པོ་དེ་ཡང་སངས་རྒྱས་རྣམས་ཀྱིས་སྔགས་ཀྱི་བསྟན་པའི་བདག་པོར་ལུང་བསྟན། ཡི་དམ་ལྷའི་ཞལ་གཟིགས། བཀའ་ཕྱི་ནང་གི་ཆོས་ལ་མངའ་བརྙེས་པ་ལགས་སྐད། དེས་ལྷ་རྨེ་ཟུར་ཆུང་ཤེས་རབ་གྲགས་ལ་དབང་བསྐུར་བ་ཡིན། དེ་ཡང་ལྟ་དགོངས་ཀྱི་རྩེ་མོར་གྱུར་ཅིང་ཤེས་བྱའི་གནས་ལ་ཐོགས་པ་མེད་པར་སྤྱོད་པ་ཞིག་ལགས་སྐད། དེས་གླན་ཤཱཀྱ་བྱང་ཆུབ་གསང་སྔགས་ཀྱི་བདག་པོ་ལ་གནང་། དེས་ཟུར་ཤཱཀྱ་སེང་གེ་གསང་བདག་ཕྱག་ན་རྡོ་རྗེ་ལ་གནང་། དེས་བླ་མ་མགར་ལའོ། །ཡང་ཟུར་ཆུང་གིས་ལྷ་རྗེ་གླན་ཤཱཀྱ་བཟང་པོ་ལ་གནང་། དེས་ཀྱང་སྣང་གྲགས་ཀྱི་ཆོས་ལ་ནང་བྱན་ཚུད་ཅིང་སྣང་བ་སྒྱུ་མར་མཁྱེན་པར་ཕྲིན་ལས་ལ་ཐོགས་པ་མེད་པར་མངའ་བ་ཞིག་ལགས་པར་གདའ། དེས་ལྷ་རྗེ་མགར་སྟོན་ཟུང་ངེ་ལ་གནང་། དེ་ཡང་ཡེ་ཤེས་ཀྱི་མཁའ་འགྲོ་མས་དངོས་སུ་དབང་བསྐུར། བྱིན་གྱིས་བརླབས་ཤིང་ཟག་མེད་ཀྱི་ཉམས་དང་ལྡན་པར་གདའ། དེས་བླ་མ་རྡོ་རྗེ་རྒྱལ་མཚན་ལ་གནང་། སྲེག་སྟོན་དེ་ལ་དབང་གི་ཆུ་བོ་བཞི་ཚར་གྱི་བཀའ་འདུས། ཡོན་ཏན་ཆེན་པོ་དུ་མ་མངའ། ཁྱད་པར་དུ་དཀྱིལ་འཁོར་གྱི་བདག་པོ་མཛད་ནས་ཕྱག་བཞེས་ཐམས་ཅད་ཕུལ་དུ་གྱུར་བར་མཁྱེན། ཐུགས་རྗེའི་སྤྱན་མངོན་ཤེས་ཐོགས་པ་མེད་པར་མངའ་བ་ལགས་པར་གདའ། དེས་བླ་མ་ཆེན་པོ་ལྷ་རྗེ་གླན་རྡོ་རྗེ་འོད་ཉ་ཚལ་པ་ཆེན་པོ་ལ་གནང་། དེའང་རིག་པའི་གནས་གང་ལའང་ཐོགས་པ་མེད་ཅིང་། ཆོས་ཀྱི་སྤྱན་མིག་མངའ་བ་ལྷག་པའི་ལྷ་གསང་བའི་བདག་པོའི་ཞལ་གཟིགས་ཤིང་དབང་བསྐུར་བ། རབ་ཏུ་བྱུང་བ་ཐར་པའི་རྒྱལ་མཚན་ཅན་གསང་ཕུ་ནེའུ་ཐོག་གི་མཁན་པོ་མཛད་པར་ཞུ་བ་ཕུལ་བའི་དུས་སུ་སྔགས་ཀྱི་དོན་ཆེ་བར་དགོངས་ནས་སྤྲུལ་པའི་སྐུ་ཁྱིམ་པའི་ཚུལ་གྱིས་འགྲོ་བ་རྣམས་ཐར་པའི་ལམ་ལ་བཀོད་པ་མཁས་བཙུན་མང་པོའི་གཏུགས་ས་ལགས་པར་གདའ། དེས་བླ་མ་ཆེན་པོ་གླན་བསོད་རྒྱལ་འོ། །དེས་རིག་པ་འཛིན་པ་ཆོས་ཀྱི་སྡོང་པོ་ལ་གནང་། དེའང་ཕྲིན་ལས་ལ་ཐོགས་པ་མེད་ཅིང་སྣང་གྲགས་ཐམས་ཅད་སྒྱུ་མར་མཁྱེན་པས། དྲེགས་པ་ཅན་བདུད་ཀྱིས་བར་མི་ཆོད་ཅིང་མངོན་པར་ཤེས་པ་ལྔ་དང་ལྡན་པ་ལགས་པར་གདའ་ཞིང་། དེས་བླ་མ་ཆེན་པོ་གླན་བསོད་ནམས་རྒྱལ་པོ་ལ་ཡང་གདམས་པ་ལ་སོགས་པ་མང་དུ་ཕུལ་ནས་ཁོང་གི་ཞབས་སྤྱི་བོར་ལེན་ཅིང་། དམ་ཚིག་རིན་པོ་ཆེ་ལ་གཅེས་སྤྲས་མཛད་པ་བླ་མ་དམ་པ་རྣམས་སངས་རྒྱས་རྣམས་དང་མི་གཉིས་པར་འཁུར་བ་ལ་ལགས་པར་གདའ། དེ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ནས་ད་ལྟར་གྱི་བླ་མ་ཆེན་པོ་ཆོས་ཀྱི་སྤྱན་མིག་ཅན། ཡར་འཁུམས་སུ་ཐ་མལ་གྱི་སེམས་མེད་པར་གྲུབ་ཐོབ་ཀྱི་བཀའ་སྲོལ་ཆེན་པོ་གངས་ཀྱི་ཐིགས་པ་ལྟ་བུར་བཟང་ཟ་ར་ཚགས་སུ་བརྒྱུད་པའི་བརྒྱུད་ཁུངས་དང་གཏད་རྒྱའི་མན་ངག་སྟེ། ཐ་མལ་དགོངས་པ་མདོའི་ལག་ཆ་ཚེས་བྱ་བ་མདོ་ལ་གཅེས་པའི་ཆ་གཅིག་ལགས་སོ། །ལྷ་རྗེ་གླན་ཆེན་པོའི་ཞལ་ནས་གསུངས་པ་ཨཐྎ།
༈ ན་མོ་གུ་རུ། བླ་མ་ཆེན་པོ་བསོད་རྒྱལ་དེས་ཁོ་རང་གི་ཡབ་ཀྱིས་སྣ་དྲངས་པའི་མཁས་བཙུན་ཐམས་ཅད་ལ་ཐུག །བཀའ་དང་རྒྱུ་འབྲས་ཀྱི་ཆོས་མཐའ་དག་ལ་མཁས་ཤིང་། སྐྱེ་བ་སྔ་མ་ལ་ཤེས་པའི་རྒྱུད་སྦྱངས། ཡི་དམ་གྱི་ལྷས་དངོས་སུ་དབང་བསྐུར་ནས། དབང་གི་ཆུ་བོ་རྫོགས་པ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལུང་བསྟན་པ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཐུགས་སུ་ཆུད་པ། ཕྲིན་ལས་ཇི་ལྟར་སྤྱོད་ཀྱང་བར་ཆད་ཀྱིས་མི་ཚུགས་ཤིང་མཁས་བཙུན་མང་པོ་འདུས་པར་གྱུར་པར་གདའ། དེས་དཔལ་ལྡན་ཆོས་ཀྱི་སེང་གེ་ལ། དེའང་མཁས་པ་ཕུལ་དུ་གྱུར་ཅིང་རྟོགས་པའི་གདེངས་དང་ལྡན། ཏིང་ངེ་འཛིན་གྱི་དྲོད་དང་ལྡན་པ། དགེ་བཤེས་སྔགས་པ་ཀུན་གྱིས་བཀུར་བའི་འོས་སུ་གྱུར་པ་ལགས། དེས་གླན་ཤཱཀྱ་དཔལ་ལ་གནང་། དེའང་གདམས་པའི་མཛོད་ལྟ་སྒོམ་དམ་ཚིག་གསུམ་འཛིན་ཅིང་དབང་གི་ཆུ་བོ་རྫོགས་པ་བླ་མའི་ཕྱག་བཞེས་མང་པོ་མཁྱེན་པ། ཁྱད་པར་མདོ་དབང་ཟུར་ལུགས། གླན་ལུགས། སེ་ལུགས། ཞང་ལུགས་ཐམས་ཅད་གསལ་བར་མངའ་བ་ལགས་པར་གདའ། དེས་བླ་མ་གླན་བསོད་ནམས་མགོན་པོ་ལ་གནང་། བསྐྱེད་རྫོགས་གསུམ་གྱི་མངའ་བདག་ཏུ་གྱུར་ཅིང་ཤེས་བྱ་ཐོགས་མེད་དུ་མཁྱེན། ཨོ་རྒྱན་པདྨས་ལུང་བསྟན་པ་བཞིན་བསམ་ཡས་པེ་ཀར་གླིང་ནས་ཟབ་ཆོས་ཤོག་རིལ་བཅོ་ལྔ་བྱུང་། བླ་མ་སྨན་ལུང་དབུས་པ་ལ་ཕུལ། སྙིགས་མའི་དུས་སུའང་མི་ནུབ་པའི་རྒྱལ་མཚན་འགྲོ་དོན་མཛད་པ་ཞིག་ལགས། ཡང་གླན་རྡོར་འོད་ཀྱིས་ཉེ་སྟོན་སངས་རྒྱས་འབུམ། དེས་ཞང་སྟོན་ཀུན་དགའ་འབུམ། དེས་གླན་བསོད་ནམས་མགོན་པོ་ལ་གདམས་པ་གཏད་རྒྱ་དང་བཅས་པ་གནང་ངོ་། །དེས་བླ་མ་བཞི་ལ་གནང་སྟེེ། བླ་མ་རིན་པོ་ཆེ་འབྲོ་སྟོན་བསམ་གྲུབ་རྡོ་རྗེ་སྔགས་གསར་རྙིང་བསྐྱེད་རྫོགས་གསུམ་གྱི་གྲུབ་པ་ཐོབ། རིག་པའི་གནས་ལྔ་མཁྱེན་པ་དང་གཅིག །བླ་མ་ཉང་སྟོན་དཔལ་ལྡན་རྡོ་རྗེ་རྒྱུད་ལུང་རྣམས་ཀྱི་ཕྱག་བཞེས་དང་། གཤིན་རྗེ་ཐུགས་སྒྲུབ། ཕྱག་རྡོར་མདོ་ལུགས། རྣམ་འཇོམས་དཀར་པོ་ལ་གྲུབ་པ་ཐོབ་པ་དང་གཉིས། བླ་མ་ཟི་སྟོན་ཤཱཀྱ་བཟང་པོ། མདོ་ཡང་དག་དང་། ཕྲིན་ལས་ཤར་བ་ལ་གྲུབ་པ་ཐོབ། མགོན་པོ་སྟག་ཞོན་དང་ལྷ་མོས་ལས་ཅི་བསྒོ་བྱེད་པ་ཁས་བླངས་པ་དང་གསུམ། ཤངས་མདའི་བླ་མ་གྲགས་ཤེ་བ་མཁས་གྲུབ་མང་པོ་ལ་གཏུགས་ཤིང་གཤིན་རྗེ་གཤེད་ཨ་ཀྲོ་ཉིན་ཁྲི་མཚན་ཁྲི་བརྒྱ་མཆོད་སྟོང་ཚོགས། རྫོགས་བསྟོད་ལོ་སུམ་ཅུ་ལྷག་ཏུ་གྲུབ་པ་དང་བཞི་ལ་མདོ་དབང་བསྐུར་བར་གདའ། དེའི་ཐ་མས་ཟུར་ཆོས་ཀྱི་སེང་གེ་ལ་གཏད་རྒྱ་དང་བཅས་གནང་བའི་ཚུལ་ནི། ཇོ་མོ་སློབ་དཔོན་སྲས་ལས། བདག་ཤཱཀ་འབྱུང་གིས་ཅུང་ཙམ་རིག་ཅིང་མོས་པ་བགྱིས། ཁ་ཅིག་འདི་ལ་ཅི་རིགས་གསུང་ཡང་དག་སྣང་སྦྱངས་བས་རིག་གོ། །བཀའ་དབང་བསྐུར་ཞུས་པ་མི་བདོག །གཉིས་པ་ཤང་ས་གུར་ཞོགས་བླ་མ་དཔལ་ལྡན་པ་བགྲེས་པས་སྔགས་སྤྱི་ལ་མཁས་པར་གདའ་བས་བདག་ཤཱཀྱ་འབྱུང་གནས་ཀྱི་མདོའི་དབང་བསྐུར། གླན་གྱི་ཕུར་པ་མན་ངག་དྲུག་པ་དང་བཅས་པ། དབང་སྒྲུབ་བརྒྱ་གོ་གཉིས་ཞལ་ཕྱེ་ནས་ཐེག་མདོའི་གཏད་རྒྱ་ནི་མ་གསན་གདའ་ལགས། དང་པོ་རྟ་ནག་མདའ་བ་བླ་མ་བསམ་འགྲུབ་ནས། མདོ་ཡོངས་རྫོགས་སྒྱུ་འཕྲུལ་རྒྱས་འབྲིང་། ན་རག་དོང་སྤྲུག་དབང་སྒྲུབ། ཡང་དག་གཞན་དོན་དང་མེ་གཅིག་རྣམས་གསན་གདའ་བས་ཞུས་ནས་ཐོབ། གཏད་རྒྱ་གསན་པ་མ་གྲུབ་གདའ་བས་གླན་བླ་མ་བསོད་ནམས་མགོན་པོའི་ཕྱི་ཚར་གྱི་སློབ་མ་གསུམ་པ་བླ་མ་གྱེ་ཁང་ཤཱཀྱ་བཟང་པོ་དེས་མདོ་དབང་མཛད་པ་ནི་མེད་ནའང་། བླ་མ་བསམ་འགྲུབ་རྡོ་རྗེ་བ་ལ་མདོ་ཡོངས་རྫོགས་ཀྱི་ཕྱག་བཞེས་བསྟན་ཅིང་བཀའ་ཐོབ་ཙམ་དང་། མདོ་ཡོངས་རྫོགས་ཀྱི་གཏད་རྒྱ་གཏད་ཅིང་གནང་བས་བཀའ་དྲིན་ཆེ་གོ་བཅད། ཁོང་མེད་ན་ནི་བཀའ་ཆད་པར་འདུག །ད་སྔགས་རྙིང་མའི་བསྟན་པ་འདི་ང་རྒད་པོ་ཅི་ལ་ཐུག་ཀྱང་དར་རྒྱས་སུ་བྱེད་གསུང་མཛད་དོ། །དཔལ་རྡོ་རྗེ་སེམས་དཔའ། ཐུབ་པ། འཇམ་དབྱངས་སྨྲ་སེང་། ཆོས་སྐྱོང་མཁའ་འགྲོ་ཞལ་གཟིགས་དང་། གྲུབ་རྟགས་ནི་དུ་མ་བདོག་གོ། །བླ་མ་བསམ་འགྲུབ་པ་དེས་བདག་ཟུར་ཧཱཾ་ཤཱཀྱ་འབྱུང་གནས་དང་སྲིང་ཅིག་ཟུར་མོ་དགེ་འདུན་འབུམ་ལ་གཏད་རྒྱ་དང་བཅས་ནས་གནང་ངོ་། །བདག་སྨྱོན་པའི་ཆོལ་དང་རྨི་ཉམས་ལ་སྟོན་པ་ཤཱཀྱ་ཐུབ་པ་བ་ལང་སྤྱོད་ན་ཁྲི་བརྩིགས་པའི་ཞལ་ཏ་མཛད་ཀྱི་གདའ། བཛྲ་ཧེ་རུ་ཀ་མཛེ་ཐོད་བསྣམས་པ་འཇིགས་པ་ཞིག་སྣང་། བུདྡྷ་ཧེ་རུ་ནི་མཛེས། རཏྣ་ཧེ་རུ་བརྗིད། པདྨ་ཧེ་རུ་བཀྲག་མདངས་གསལ། ཀརྨ་ཧེ་རུ་སྣ་ཚོགས་པད་གདའ། ཞི་དང་རིག་འཛིན་མཁའ་འགྲོ་ཆོས་སྐྱོང་ནི། མི་དང་མི་མིན་ནམ་མཁའི་ལུས་ཅན་གང་དུའང་རྫུ་ཞིང་འཕྲུལ་སྟོན་གྱི་གདའ་ལགས། ལྷ་བདུད་འདམ་ཁ་མ་ནོར་བ་གལ་ཆེ་ཧེ། ཤིང་ཕོ་འབྲུག་གི་ལོ་ཡང་དབེན་དགོན་པ་རུ་བླ་མ་རིན་པོ་ཆེ་ཤཱཀྱ་འབྱུང་གནས་ལ། ཤནྟི་བ་ལས་མདོ་ཁྱད་པར་དང་ཡོངས་རྫོགས་ཀྱི་དབང་། རྒུད། སྒྲུབ་ཐབས། མན་ངག་ལག་ལེན་གཏད་རྒྱ་དང་བཅས་པ་ཡོངས་སུ་རྫོགས་པར་ཞུས་སོ། །འདུས་པ་མདོའི་གཏད་རྒྱའི་སྙན་བརྒྱུད་ཀུན་ལ་མེད་པའི་མན་ངག་ཁྱད་པར་ཅན་རྫོགས་སོ། །འདི་ཡན་ཟུར་ཐམས་ཅད་མཁྱེན་པ་ཤཱཀ་འབྱུང་གི་གསུང་ངོ་། །དེ་ནས་ཟུར་ཐམས་ཅད་མཁྱེན་པ་ལྕམ་སྲིང་གིས་རི་སྦུག་ཏུ་ལང་གྲོ་སྤྲུལ་སྐུ་ཚེ་དབང་རྒྱལ་པོ་ལ་གནང་། དེས་ཆུ་དབར་ཉི་སྦུག་ཏུ་བརྒྱུད་འཛིན་ལེགས་པ་དཔལ་བཟང་ལ་གནང་། དེས་མངའ་རིས་དབུ་རྩེ་བ་མཁས་གྲུབ་ཆེན་པོ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་ལ་ཆུ་དབར་ཉི་སྦུག་ཏུ་འབྲུག་ལོ་ཟླ་བ་བཅུ་པའི་ཚེས་བརྒྱད་ནས་ཧོར་ཟླ་བཅུ་གཅིག་པའི་ཚེས་ལྔའི་བར་དུ་གནང་། རྗེ་བཙུན་དེ་ཉིད་ཀྱི་གདུང་སྲས་མངའ་རིས་ཀྱི་པཎྜི་ཏ་ཆེན་པོ་པདྨ་དབང་རྒྱལ་རྡོ་རྗེ་དང་། གཅུང་རིག་སྔགས་འཆང་བའི་འཁོར་ལོས་སྒྱུར་བ་ཆེན་པོ་ལེགས་ལྡན་བདུད་འཇོམས་རྡོ་རྗེ་གཉིས་གཙོ་བོར་གྱུར་པའི་རིགས་སྲས་བདུན་དང་སྔགས་བཙུན་གྱི་འདུས་པ་བརྒྱ་ཉི་ཤུ་ཙམ་ལ་མངའ་རིས་གློ་བོ་མ་ཐང་དུ་ལེགས་པར་སྩལ་བས་དེ་དག་ཐམས་ཅད་ཀྱིས་ཀྱང་བསྟན་པ་ཕྱོགས་མཐར་སྤེལ་བར་མཛད་ཅིང་། ཁྱད་པར་རིག་འཛིན་མངའ་རིས་པ་ཆེན་པོས་དབུས་གཙང་མངའ་རིས་དྭགས་ཀོང་ལྷོ་བྲག་དང་བཅས་པ་རྣམས་ཞབས་ཀྱིས་བཅགས་ཏེ་སྨིན་གྲོལ་གྱི་དགའ་སྟོན་ཕྱོགས་བརྒྱར་སྤེལ་ཞིང་མདོ་དབང་གི་འཆད་ཉན་ཀྱང་ལན་མང་དུ་མཛད་པ་ལས། ཉུག་གི་རྒྱལ་ཁང་དུ་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་ཁུ་དབོན་གྱིས་གསོལ་བ་བཏབ་སྟེ་འདུས་པ་མདོའི་སྨིན་གྲོལ་གྱི་གདམས་པ་གནང་ཞིང་། རིག་འཛིན་རྗེས་སྐྱི་སྟོན་ཚེ་རིང་དབང་པོ་ཡང་རྗེས་སུ་བཟུང་། དམ་པ་དེས་ཕོ་བྲང་བསམ་འགྲུབ་རྩེའི་སྤེལ་དཀར་དུ་རིག་འཛིན་གྱི་འདུས་པ་རྒྱ་མཚོ་ལ་མདོ་དབང་རྒྱས་པར་གནང་ཞིང་། བླ་ཆེན་བྲེས་གཤོངས་པ་ཆོས་རྒྱལ་རྡོ་རྗེ་རྗེས་སུ་བཟུང་། སྐབས་དེར་ཁོ་བོའི་ཡོངས་འཛིན་བློ་མཆོག་རིག་པའི་རྡོ་རྗེ་དེ་ཉིད་སྔར་ནས་མདོ་དབང་བརྒྱུད་ཚུལ་གཞན་ལས་གསན་ཡང་། རིག་འཛིན་རྗེ་བརྒྱུད་པར་བཞུགས་པ་འདི་འཇམ་མགོན་རྡོ་རྗེ་འཆང་བཀའ་འགྱུར་བ་ཆེན་པོ་མགོན་པོ་བསོད་ནམས་མཆོག་ལྡན་གྱི་བཀས་བསྐུལ་ཏེ་གཙང་སྟོད་བྲེས་ཀྱི་རི་ཁྲོད་དུ་བླ་ཆེན་ཆོས་རྒྱལ་རྡོ་རྗེ་དེ་ཉིད་ལ་གསན། དཔལ་ལྡན་བླ་མ་དམ་པ་འདི་ཉིད་མཁས་གྲུབ་རྡོ་རྗེ་འཛིན་པའི་སར་བཞུགས་ངེས་ཀྱང་། ཁོ་བོ་ཅག་དག་སྔོན་ཆད་ཆོས་ཀྱི་འབྲེལ་བ་སོགས་ཞུ་མ་མྱོང་ཡང་། ཀུན་མཁྱེན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་བློ་བཟང་རྒྱ་མཚོའི་སྡེས་སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེ་མཆོག་ཏུ་གཅེས་པར་འཛིན་པའི་ཐུགས་རྗེ་དང་ཕྲིན་ལས་བསམ་གྱིས་མི་ཁྱབ་པར་བརྟེན། བདག་ལ་ཞུས་ཤིག་ཅེས་བཀའི་གནང་བས་མཚམས་སྦྱར་ཏེ། བདག་གིས་ཀྱང་བླ་མ་དམ་པ་འདི་ཉིད་བསྟེན་ནས་མཉེས་པ་གསུམ་གྱིས་མཉེས་པར་བྱས་ཏེ་ཐོག་མར་འདུས་པ་མདོའི་དཀྱིལ་འཁོར་ཆེན་པོར་སྨིན་བྱེད་ཀྱི་དབང་ཁྲིད་གཏད་རྒྱ་ཕྱག་བཞེས་དང་བཅས་པ་ལེགས་པར་ནོས་པ་ནས་བཟུང་མི་ཕྱེད་པའི་དད་པས་ཡིད་དྲངས་ཏེ། སྒྱུ་འཕྲུལ་ཞི་ཁྲོ་ཚེ་གསུམ་སོགས་བཀའ་མ། ཉང་དང་ཆོས་དབང་གཙོ་བོར་གྱུར་པའི་གཏེར་ཆོས་སོགས་དམ་པའི་ཆོས་ཀྱི་བཀའ་དྲིན་མང་དུ་ནོས་པ་ལགས། རྩ་བར། དེ་ནས་སློབ་མས་ཕྱག་བྱ་ཐལ་མོ་སྦྱར་ལ། མ་ཡེངས་པ་ལ། བླ་མས། ཀྱེ་མ་ཀྱེ་མ་ཧོཿ ཞེས་གདུང་བའི་གསུང་ཕྱུངས་ལ། ཀྱེ་ཀྱེ་དཀྱིལ་འཁོར་དང་སྒྲུབ་རྫས་དཔོན་སློབ་རྣམས་གཅིག་ལ་གཅིག་བལྟ་ཞིང་གཅིག་སེམས་གཅིག་ལ་ཞུགས་པས་འབྲལ་མི་ཕོད་པར་གདུང་བས་ཕན་ན་ལུས་དང་སྲོག་ཀྱང་གཏོང་ཕོད་པ་ལ་ལས་ཀྱི་དབང་གིས་ཞིང་སོ་སོར་འཕངས་ཀྱང་ལྷན་ཅིག་ཏུ་འཛོམ་པའི་རྟེན་འབྲེལ་དང་། རྟག་ཏུ་ཕན་པའི་ཐབས་འདི་དོན་ཆེ་བར་དགོངས་འཚལ་ཏེ། དེ་ཡང་སྔོན་རྒྱལ་བ་རིགས་ལྔས་ལྷ་གནོད་སྦྱིན་སྲིན་པོ་མིའི་རིགས་ཅན་ལྔ་ལ་རི་མཱ་ལ་ཡའི་རྩེར་སངས་རྒྱས་སྟོན་པ་ལ་མི་ཕྱེད་པའི་དད་པ་བསྐྱེད། བསྟན་པའི་ཁུར་བཟུང་། ཆོས་སྲིད་གསུམ་ཀུན་ཏུ་དར་བར་མཛད། ནག་པོའི་ཕྱོགས་ཀུན་བསྣུབས་པའི་སླད་དུ་གདུང་ཚིག་ཉེར་གསུམ་སྨྲས་པ་ལྟར། ཁྱེད་རྣམས་ཀྱིས་ཀྱང་བླ་མ་བརྒྱུད་པའི་རྣམ་ཐར་བཟང་པོ་བསྐྱང་འཚལ་ལོ། །ཞེས་བརྗོད་ནས། བུ་རྣམས་རང་རང་གི་ལྷར་བསྐྱེད་ལ་འཛབ་བཟླས། ཞེས་གསུངས་པའི་དོན། མེ་ཏོག་ཕོག་པའི་ལྷར་བསྐྱེད་དེ། དེ་ཉིད་ཀྱི་འཛབ་བཟླ་བའམ། ཡང་ན་སྤྱི་འཛབ་གུ་ཧྱ་ཛྙཱ་ན་དང་། རུ་ལུ་བཟླས་སོ། །རྩ་བར། གཙོ་བོའི་ང་རྒྱལ་གྱིས་ཐེག་དགུ་ལུས་ལ་ཚང་བར་དགོད། ཅེས་གསུངས་པའི་དོན་ནི། ལུགས་གཞན་དུ་ལུས་ལ་ཡིག་འབྲུ་དགོད་པ་སོགས་འདུག་མོད་ཀྱང་། འདིར་ནི་དབང་གི་དུས་སུ་རྩ་བར། དཔལ་ཆེ་མཆོག་གི་སྐུ་ལ་གཙུག་ཏོར་རྒྱལ་མཚན་རྩེ་མོ་ལ་གསེར་གྱི་ཏོག་སྟོང་གི་རྫོགས་པ་ཆེན་པོ་དང་། སྐུ་དང་སྐུའི་རྒྱན་ལ་རྫོགས་པ་དང་། བསྐྱེད་པའི་རྣལ་འབྱོར་གྱིས་གདན་གྱི་འོག་ནོར་བུ་རིན་པོ་ཆེའི་གདན་གྱི་སྟེང་ན། རྡོ་རྗེ་རྩེ་ལྔ་དང་། རྩེ་གསུམ་གྱི་བྲག་གཏམས་པ་ལ། ཡོ་ག་དང་། ཨུ་པ་དང་། ཀྲྀ་ཡ་དང་། རི་རབ་ཀྱི་ཁ་མུ་ཏིག་ཅལ་དང་། སྐར་མ་གརྦྷའི་འོད་འཁྲིགས་པའི་ནོར་བུའི་འོད་འབར་བྲག་ལ། བྱང་ཆུབ་སེམས་དཔའ་དང་། རང་རྒྱལ་དང་། ཉན་ཐོས་དང་། ལྷ་མི་ཡང་འཁོར་བ་གཟུགས་མེད་པའི་ཁམས་དང་། ཀེང་རུས་ཀྱི་རི་རབ་དང་། གཟུགས་ཁམས་ཞིང་ཆེན་གྱི་ས་དང་། འདོད་ཁམས་ཀྱི་ཆགས་པ་ཐམས་ཅད་ཁྲག་གི་རྒྱ་མཚོ་མངོན་པར་མཐོང་ཞིང་། ཕྱག་རྒྱ་རྣམ་པར་སྤྲོ་བའི་ཏིང་ངེ་འཛིན། ཞེས་གསུངས་པས། རང་ཉིད་ཆེ་མཆོག་དབུ་ཉེར་གཅིག་པར་གསལ་བཏབ་པའི་རྡོ་རྗེ་བྲག་ཆེན་གྱི་གདན་ནས། གཙུག་ཏོར་གྱི་རྩེ་མོའི་བར་ལ་ཐེག་དགུ་དེ་ལྟར་ཚང་བར་བཤད་པས། ཆེ་མཆོག་དབུ་ཉེར་གཅིག་པའི་ང་རྒྱལ་བཟུང་བས་ཐེག་དགུ་ལུས་ལ་ཚང་བར་བཀོད་པ་འགྲུབ་བོ། །དེའི་ངང་ལས་ཡིག་བརྒྱ་བཟླ། རོལ་མོ་བྱ་སྟེ། རྩ་བར། རོལ་མོ་བྱ། ཡིག་བརྒྱ་བཟླ། སྔར་བསྒྲུབས་པའི་ཞི་དཀྱིལ་དེ་བླ་མས་བཟུང་ལ། ཞེས་གསུངས་པའི་དོན། བཞི་པ་ཞི་དཀྱིལ་བསྒྲུབ་པ་དགོངས་འདུས་བཏེག་པ་ནི། སྔ་རབས་ཀྱི་ཕྱག་བཞེས་སུ་ཚོགས་ཆེན་དཀྱིལ་འཁོར་གྱི་དབུས་སྟེང་ན་བཞུགས་པའི་ཞི་དཀྱིལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་དེ་ཉིད་འདེགས་སྲོལ་ཡོད་པར་སྣང་ཡང་། གཞུང་དོན་ལ་དཔྱད་ན། ཡུག་གཏད་རྒྱའི་དཀྱིལ་འཁོར་ཞེས་བཤད་པས། ཡུག་ནི་དར་རམ་རས་ཡུག་ལ་ཚོམ་བུ་བཅུ་གསུམ་བཀོད་པ་དེ་ཡིན་པས་དེ་ལ་དཀྱིལ་འཁོར་གྱི་མཚན་གཞི་དང་ཐ་སྙད་མེད་ལ། དེ་སྐབས་ཀྱི་གཏད་རྒྱའི་དཀྱིལ་འཁོར་དེ་ཞི་དཀྱིལ་ལ་ངོས་བཟུང་ཞིང་། དེ་ལྟ་བུའི་ཞི་དཀྱིལ་ཡང་གོང་དུ་ཞི་དཀྱིལ་ཆུང་ངུ་ཞིག་གསར་དུ་བྲིས་ནས་བཀོད་ནས། ཞི་བའི་ལས་གཞུང་གི་དུས་བསྒྲུབས་པ་དེ་འདིའི་སྐབས་ཀྱི་དབང་རྫས་སུ་དམིགས་པ་ཡིན་པས། དེས་ན་ཞི་དཀྱིལ་དེ་ཉིད་བཏེག་པ་དབང་བསྐུར་དགོས་ཤིང་། བསྐུར་ཚིག་ནི། རྩ་བར། རྒྱལ་བ་རིག་འཛིན་ཐམས་ཅད་དང་། །སྲིད་གསུམ་དབང་ཅན་ཐམས་ཅད་ཆོས། །སེམས་ཉིད་རྫོགས་པའི་དབང་བསྐུར་རོ། །རྫོགས་པ་ཆེན་པོའི་གདམས་ངག་བཤད། །ཅེས་བརྗོད་དེ། སློབ་མའི་སྤྱི་བོ་མགྲིན་པ་སྙིང་གར་གཏུག་གོ། །འདི་ལ་གཏད་རྒྱའི་འགྲེལ་པར། དཀྱིལ་འཁོར་ལག་ཏུ་གཏད་ལ་མགོ་བོས་གཏུག །ཆོས་སྐོར་རྣམས་མགྲིན་པ། དབང་རྟགས་ཕྱག་མཚན་སྙིང་གི་ཐད་དུ་རེག །ཅེས་ཀྱང་གསུངས་པས་དེ་ལྟར་བྱ། རྩ་བར། དཔོན་སློབ་གཉིས་ཀས་དཀྱིལ་འཁོར་དགོངས་འདུས་དབང་རྟགས་དང་བཅས་པ་ལ་གུས་པ་ཆེར་བྱ། གླེགས་བམ་དབང་ཆེན་ཞེས་བྱ་བ། །ཐེག་དགུ་སྤྱི་ཡི་བོད་ལུང་ཐོབ། །རྒྱལ་པོ་ཛཿལྟར་བྱིན་རླབས་གནད། །ཅེས་པའོ། །རྩ་བར། དེ་ནས་བུ་རྣམས་སྤྲོ་བ་བསྐྱེད་པའི་ཕྱིར་ཞིང་ཁམས་བསྟན་པ་ནི། བླ་མས། འདོད་པའི་སྐྱོན་སྤངས་སྐྱེ་ལ་དབང་བྱེད་པ། །སྟེང་ཕྱོགས་ཁྲོ་བོ་ཆེན་པོ་ཧཱུཾ་ཀཱ་ར། །མ་བྱིན་ལེན་སྤངས་ཡོ་བྱད་དབང་མཛད་པ། །ཤར་ཕྱོགས་ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ། །སྲོག་གཅོད་སྐྱོན་སྤངས་ཚེ་ལ་དབང་མཛད་པ། །ལྷོ་ཕྱོགས་ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད། །ཕྲ་མའི་སྐྱོན་སྤངས་ཆོས་ལ་མངའ་མཛད་པ། །ནུབ་ཕྱོགས་ཁྲོ་བོ་ཆེན་པོ་རྟ་མགྲིན་དཔལ། །ངག་རྩུབ་སྐྱོན་སྤངས་ལས་ལ་དབང་མཛད་པ། །བྱང་ཕྱོགས་ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ། །ལོག་པར་ལྟ་སྤངས་ཡེ་ཤེས་དབང་མཛད་པ། །ཤར་ལྷོ་ཁྲོ་བོ་ཆེན་པོ་དབྱུག་སྔོན་ཅན། །རྫུན་གྱི་སྐྱོན་སྤངས་མོས་ལ་དབང་མཛད་པ། །ལྷོ་ནུབ་ཁྲོ་བོ་ཆེན་པོ་མི་གཡོ་མགོན། །ངག་འཁྱལ་སྐྱོན་སྤངས་སེམས་ལ་དབང་མཛད་པ། །ནུབ་བྱང་ཁྲོ་བོ་ཆེན་པོ་འདོད་པའི་རྒྱལ། །གནོད་སེམས་སྐྱོན་སྤངས་རྫུ་འཕྲུལ་དབང་མཛད་པ། །བྱང་ཤར་ཁྲོ་བོ་ཆེན་པོ་ཁམས་གསུམ་རྒྱལ། །བརྣབ་སེམས་སྐྱོན་སྤངས་སྨོན་ལམ་དབང་མཛད་པ། །འོག་ཕྱོགས་ཁྲོ་བོ་ཆེན་པོ་སྟོབས་པོ་ཆེའོ། །རྒྱུ་དགེ་བ་བཅུ་ཐུན་མོང་གི་ལམ་འབྲས་བུ་ས་བཅུའམ་དབང་བཅུ་མཆོག་གི་ལམ་འབྲས་ཁྲོ་བོ་བཅུའམ་ཕྱོགས་བཅུའི་སངས་རྒྱས་སོ། །དེ་ནས་གོམ་པ་བཅུ་གཉིས་འདུག་པ་དང་། བཅུ་གསུམ་ལ། མོས་སྦྱོར་ཚོགས་སྦྱོར། ས་དང་པོ་གསུམ་ཉན་རང་བྱང་སེམས་ཀྱི་ལམ་ལ། བླ་མ་སློབ་དཔོན་མཆེད་གྲོགས་རྫས་གཉེན་ལོངས་སྤྱོད་རྫོགས་སྐུས་འཁྲིད། བསྐྱེད་ནས་སྒོམ་ལམ་ཀྲྀ་ཡོག་ས་གཉིས་གསུམ་ལྔ་དྲུག་བདུན་བརྒྱད་དགུ་རྣམས། བླ་མ་སློབ་དཔོན་མཆེད་གྲོགས་རྫས་དགྲ་མཉེན་ལོངས་སྤྱོད་རྫོགས་སྐུས་འཁྲིད། བསྐྱེད་རྫོགས་གསུམ་གྱི་མཐར་ལམ་ས་བཅུ་ནས་བླ་མ་སློབ་དཔོན་མཆེད་གྲོགས་རྫས་དགྲ་གཉེན་ཆོས་སྐུ་དབྱེར་མེད་མངོན་པར་བྱང་ཆུབ་སྐུས་འཁྲིད། བཅུ་གསུམ་པ་གཏད་རྒྱ་ནི། བླ་མ་ཀུན་ཏུ་བཟང་པོས་ཁྲིད་པར་མོས་པས། ཞེས་གསུངས་པའི་དོན་ལྔ་པ། ང་ནི་བཅུ་གསུམ་གྱི་བསྲང་བསྟོད་མངའ་གསོལ་བ་ནི། རྩ་བར། བླ་མས། ང་ནི་ཐབས་ཀྱི་མཉན་པ་མཁན། །འཁོར་བའི་ཆུ་བོ་མཐའ་མེད་ལས། །སྲིད་གསུམ་བསྒྲལ་བའི་དམ་བཅས་ཀྱིས། །ཐར་པ་འདོད་པ་ལམ་འདིར་ཤོག །ང་ནི་ཐབས་ཀྱི་མིག་མཁན་ཏེ། །འཇིག་རྟེན་ལོང་བ་དཔག་མེད་རྣམས། །ལིང་ཏོག་བསལ་བར་དམ་བཅས་ཀྱིས། །གང་ཞིག་མཐོང་འདོད་ལམ་འདིར་ཤོག །ང་ནི་ཐབས་ཀྱི་སྨན་པ་སྟེ། །གྲོང་ཁྱེར་གསུམ་གྱི་ནད་པ་རྣམས། །གཅོང་ནད་སེལ་བར་དམ་བཅས་ཀྱིས། །གང་གི་བདེ་འདོད་ལམ་འདིར་ཤོག །ང་ནི་ཐབས་ཀྱི་ས་མཁན་ཏེ། །འགྲོ་བ་ལམ་ལོག་ལམ་སྟོར་རྣམས། །མ་ནོར་འཁྲིད་པར་དམ་བཅས་ཀྱིས། །ཡང་དག་ལམ་འདོད་ལམ་འདིར་ཤོག །ང་ནི་ཐུགས་རྗེའི་སྤྱན་རས་མཁན། །འཁོར་བའི་དགྲ་དཔུང་འཇིགས་པ་ལས། །ཐམས་ཅད་སྐྱོབ་པར་དམ་བཅས་ཀྱིས། །འཇིགས་དང་བྲལ་འདོད་ལམ་འདིར་ཤོག །ང་ནི་རྡོ་རྗེ་རྫོང་ཆེན་ཏེ། །འཁོར་བའི་གཡུལ་ཆེན་དམག་དཔུང་ལས། །འགྲོ་བའི་འཁྲ་སར་དམ་བཅས་ཀྱིས། །གང་ཞིག་མཁར་འདོད་ལམ་འདིར་ཤོག །ང་ནི་ཐབས་ཀྱི་ཚོང་དཔོན་ཏེ། །འདོད་པ་རྒྱ་མཚོས་མི་ངོམས་རྣམས། །གཏེར་ཆེན་འབྱིན་པར་དམ་བཅས་ཀྱིས། །གང་གི་གཏེར་འདོད་ལམ་འདིར་ཤོག །ང་ནི་ཐབས་ཀྱི་སྒྲོན་མ་སྟེ། །མུན་ནག་སྨག་ཏུ་འཁྱམས་པ་རྣམས། །མུན་པ་བསལ་བར་དམ་བཅས་ཀྱིས། །གང་གི་སྣང་འདོད་ལ་འདིར་ཤོག །ང་ནི་ཡིད་བཞིན་ནོར་བུ་སྟེ། །སེམས་ཅན་བདེ་བས་འཕོངས་པ་རྣམས། །ཡིད་བཞིན་སྐོང་བར་དམ་བཅས་ཀྱིས། །ལྷུན་གྱིས་གྲུབ་འདོད་ལམ་འདིར་ཤོག །ང་ནི་བཀའ་ཡི་ལྡེ་མིག་སྟེ། །བཀའ་སྒྲོམ་ཐ་རམ་གསང་བ་རྣམས། །རྣམ་པར་འབྱེད་པར་དམ་བཅས་ཀྱིས། །གང་གི་གྲོལ་འདོད་ལམ་འདིར་ཤོག །ང་ནི་བཀའ་ཡི་འགྲེལ་པ་སྟེ། །གསུང་གི་གླེགས་བམ་ཟབ་མོ་རྣམས། །ངེས་པར་འགྲོལ་བར་དམ་བཅས་ཀྱིས། །གང་གི་ཤེས་འདོད་ལམ་འདིར་ཤོག །རྣམ་དག་ལམ་ཆེན་ཀུན་སྒྲོལ་འདིར། །སྐལ་ལྡན་གང་ཞིག་སུ་ཞུགས་པ། །ནོར་བུ་རིན་ཆེན་འོད་འབར་མ། །ངེས་པར་འཆར་གྱིས་བརྩོན་པར་གྱིས། །དེ་ཉིད་སེམས་ཀྱི་མེ་ལོང་སྟེ། །མངོན་སུམ་གསལ་བར་རྟོགས་མ་ཐག །འགྲོ་བའི་ལུས་ལ་སངས་རྒྱས་ཡིན། །རྡོ་རྗེ་གསང་ཆེན་མཆོད་མཆོག་རྣམས། །འདིར་སྒྲོས་གསལ་བར་བཤད་སྦྱར་བས། །ལྷ་དང་མི་ཡི་རིག་འཛིན་ལས། །རིམ་པར་བརྒྱུད་དེ་གྲགས་པར་འགྱུར། །ལྷ་མིའི་འཇིག་རྟེན་ཐམས་ཅད་ཀྱིས། །མུན་པའི་གདུང་བ་ཀུན་བསལ་ནས། །སེམས་ཀྱི་དཀྱིལ་འཁོར་གསལ་བར་འགྱུར། །ད་ནི་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་འབྲལ་མི་ཕོད་པའི་དད་པ་བསྐྱེད། སྟོར་བ་རྙེད་པ་ལྟ་བུའི་དགའ་སྤྲོ་བྱ། རྒྱུད་དང་དཀྱིལ་འཁོར་གྱི་བདག་པོར་གྱུར་ཏེ་ཞེས་སྤྲོ་བ་བསྐྱེད། ཡོན་དབུལ། དཔོན་སློབ་ཐུགས་གཅིག་པའི་གདུང་སེམས་མོས་གུས་ཕྱུང་ལ། ཆོས་ཀྱི་འཁོར་ལོ་བསྐོར་ཞིང་ཡུན་དུ་བཞུགས་པའི་སྐུ་ཚེ་ཕྲིན་ལས་བྱིན་གྱིས་བརླབ་པའི་གསལ་གདབ་ལ། ཕཊ་ཅེས་བྱ་སྟེ། བླ་མའི་གདན་ཁྲི་ལ་སྤྱི་བོས་བཏུད་ལ་བླ་མས། ཅི་ཕྱིར་གདུང་བའི་མུན་པར་ཞུགས། །ཐུབ་པ་མྱ་ངན་འདས་གསུངས་པ། །དེ་ནི་ནམ་མཁའི་སྐུ་མངའ་བ། །འདའ་དང་མི་འདའ་མི་མངའ་སྟེ། །འཕོ་འགྱུར་མེད་པ་ནམ་མཁའ་བཞིན། དེ་སྐད་སྤྲུལ་པའི་སྒྲ་ཕྱུངས་པས། །སྔོན་དུ་བྱུང་བའི་རིགས་ཅན་རྣམས། །ལུས་བཏུད་ཤིན་ཏུ་གུས་བྱས་ནས། །སྤྱན་སྔར་འདུག་སྟེ་འདི་སྐད་གསོལ། །དེཡང་པུས་བཙུགས་ཐལ་སྦྱར་ཏེ། །སྟོན་པ་འདི་ཡི་རྗེས་ཟློས་བྱའོ། །ཞེས་གསུངས་པས་འདིའི་རྗེས་ཟློས་བྱ་སྟེ། རྩ་བར། མཚན་མོ་མུན་ནག་སྤྲིན་རུམ་ནས། །གློག་འགྱུར་བར་སྣང་སྟོན་ལྟ་བུར། །ཐོག་མ་ཐ་མ་མེད་པ་ཡི། །དེ་བཞིན་ཉིད་ཀྱི་དབྱིངས་ཉིད་དུ། །བྱུང་བའི་སྐྱེས་བུ་དོན་གྲུབ་ཁྱོད། །དམ་པ་རྣམས་ཀྱི་གསང་འཛིན་ཅིང་། །གསང་བ་པ་ཡི་བདག་པོར་གྲགས། །ཞེས་བསྟོད་དོ། །དེ་ནས་སློབ་མས་ཕྱག་བྱས་ཏེ་བུ་རྣམས་མངའ་གསོལ་བའི་ཕྱིར། བསྟན་པ་འཛིན་པའི་སློབ་དཔོན་དང་རྒྱལ་ཐེབས། བསྟན་པ་སྐྱོང་བའི་རྒྱལ་པོ་དང་བཙུན་མོ། བསྟན་པ་བསྲུང་བའི་རིག་འཛིན་དང་གཙོ་མོ་རྣམས། རྒྱལ་བ་ལྔ་ལྟར་ཁྲི་དང་རྡོར་དྲིལ་བྱིན། ལས་ཀྱི་རྡོ་རྗེའམ་མངག་གཞུག་དང་། ཡོན་བདག་ནི་སེམས་དཔའ་དང་ཁྲོ་བོ་ལྟར་གདན་དང་སྟེགས་ལ། འཆད་མཁན་ལ་འཁོར་ལོ་དང་དུང་གཏད། ལས་མཁན་ལ་རྒྱ་གྲམ་དང་རྔ་རལ་གྲི། མདའ་དར་གཏོར་མ། ཕལ་པ་ཉན་པ་དང་སྒོམ་པ་དག་ལ་ཐུབ་པ་དྲུག་ལྟར་པདྨའི་གདན་གདིང་བ། ཕྲེང་བ་པོ་ཏི་གཏད། དེ་ཀུན་ཀྱང་སོ་སོ་རང་རིག་གི་དབང་རྟགས་དང་བཅས་པ་དཀྱིལ་འཁོར་གྱི་ལྷ་ཚོགས་ལྟར་རྒྱན་གྱིས་བརྗིད་པ་ལ་ལྷའི་ང་རྒྱལ་བྱའོ། །དེ་ལ་ཚེ་དང་བཀྲ་ཤིས་ཀྱི་རྫས་དང་བྱིན་ཅན་གྱི་རྫས་གསར་ལ། ༀ་ཨཱཿཧཱུཾ་སྭཱ་ཧཱས་བགེགས་གཏོར་བཏང་། ཞེས་གསུངས་པ་བགེགས་གཏོར་ༀ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས་བདེན་བརྡར་དང་བཅས་ཏེ་ཕྱིར་བཏང་ལ། ཧཱུཾ་ཧཱུཾ་ཧཱུཾ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཧཱུཾ་ཕཊ། ཅེས་སོགས་ཁྲོ་བོའི་དྲག་སྔགས་བཟླ་ཞིང་ཡུངས་ཐུན་སོགས་ཀྱིས་བགེགས་བསྐྲད་དེ། ཧཱུཾ་བཅུས་མཚམས་བཅད་ལ། བླ་མ་རེའི་གཤམ་མམ་བརྒྱུད་པའི་མཚམས་སུ་གསོལ་འདེབས་མཆོད་པ་བྱ་ཞིང་བསྟིམ། སྨོན་ལམ་དང་། ཡིག་བརྒྱ་བརྗོད། ཅེས་གསུངས་པའི་དོན་ནི་དཔེར་ན། ཆོས་སྐུ་ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབས་སོ། །ཕྱི་ནང་གསང་བའི་མཆོད་པ་འབུལ་ལོ། །བྱིན་གྱིས་རློབས་ཤིག་ནས། དྲིན་ཅན་རྩ་བའི་བླ་མའི་བར་དང་། བསྡུ་ན། རྒྱལ་བ་དགོངས་བརྒྱུད་བླ་མར་གསོལ་བ་འདེབས་སོ། །ཕྱི་ནང་གསང་བའི་མཆོད་པ་འབུལ་ལོ། །བྱིན་གྱིས་རློབས་ཤིག །རིག་འཛིན་བརྡའ་བརྒྱུད་བླ་མར་གསོལ་བ་འདེབས་སོ། །ཕྱི་ནང་གསང་བའི་མཆོད༴ བྱིན་གྱིས༴ གང་ཟག་སྙན་བརྒྱུད་བླ་མར་གསོལ་བ༴ ཕྱི་ནང་གསང་༴ བྱིན་གྱིས༴ ཅེས་བརྗོད་ཅིང་གསོལ་བ་བཏབ་པས་རིག་འཛིན་བརྒྱུད་པ་རྣམས་བྱོན་ནས་སློབ་མ་རྣམས་ལ་ཐིམ་པར་བསམ་ཞིང་། རྡོ་རྗེའི་སློབ་མ་འདི་རྣམས་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། ཞེས་སོགས་ཀྱི་སྨོན་ལམ་གདབ་བོ། །ཡིག་བརྒྱ་ཡང་བཟླས་སོ། །བཀྲ་ཤིས་ནི་སློབ་མ་རྣམས་ལ་མེ་ཏོག་འཐོར་ཞིང་། རྩ་བར། ༀ། ཆོས་སྐུ་ཀུན་བཟང་ལོངས་སྐུ་རིགས་ལྔ་དང་། །སྤྲུལ་སྐུ་རིགས་གསུམ་ཡང་སྤྲུལ་དགའ་རབ་སོགས། །ཡེ་ཤེས་སྐུ་མཆོག་རྒྱལ་བ་དགོངས་པས་བརྒྱུད། །རྒྱལ་བ་དགོངས་པས་བརྒྱུད་པའི་བཀྲ་ཤིས་ཤོག །གྲགས་ལྡན་མཆོག་སྐྱོང་ཀླུ་རྒྱལ་འཇོག་པོ་དང་། །གནོད་སྦྱིན་སྲིན་པོ་ལི་ཙ་དྲི་མེད་སོགས། །ཐུགས་རྗེ་གདུང་གསོབ་རིག་འཛིན་རིག་པས་བརྒྱུད། །རིག་འཛིན་རིག་པས་བརྒྱུད་པའི༴ རྒྱ་གར་མཁས་གྲུབ་ལོ་པཎ་བརྒྱུད་པ་དང་། །བསྟན་པའི་སྲོག་ཤིང་བོད་ཀྱི་བརྒྱུད་པ་སོགས། །དབང་ཕྱུག་རྡོ་རྗེ་གང་ཟག་སྙན་ཁུང་བརྒྱུད། །གང་ཟག་སྙན་ཁུང་བརྒྱུད་པའི༴ ཅེས་པས་བརྒྱུད་པའི་བླ་མ་རེ་རེ་ནས་བྱའོ། །དེ་ནས་མདོ་འདི་འབྱུང་བའི་དུས་བརྗོད་ནི། འདི་ལྟ་སྟེ། དེ་ཁོ་ན་ཉིད་ངེས་པའི་ཐེག་པ་ཆེན་པོ་འདི་གནས་སྐབས་གཉིས་དང་བཅུར་འབྱུང་སྟེ། གང་རྨོངས་པའི་གདུང་བ་སེལ་བ་ན་ཡང་འབྱུང་། གང་འཇིག་རྟེན་གྱི་སྒྲོན་མ་བཀོད་པ་ན་ཡང་འབྱུང་། གང་གི་ངེས་པ་རྙེད་པ་ན་ཡང་འབྱུང་། སྙིང་པོ་བྱང་ཆུབ་ཏུ་ངེས་པ་ན་ཡང་འབྱུང་། གང་རྨོངས་པའི་གདུང་བ་སེལ་བ་ན་ཡང་འབྱུང་། གང་འཇིག་རྟེན་གྱི་སྒྲོན་མ་བཀོད་པ་ན་ཡང་འབྱུང་། གང་གི་ངེས་པ་རྙེད་པ་ན་ཡང་འབྱུང་། སྙིང་པོ་བྱང་ཆུབ་ཏུ་ངེས་པ་ན་ཡང་འབྱུང་། དགོས་པ་ངེས་པར་འགྲེལ་བ་ན་ཡང་འབྱུང་། གདུལ་བྱ་འདུལ་བའི་དུས་ལ་བབ་པ་ན་ཡང་འབྱུང་། བྱིན་གྱིས་རླབས་ཀྱིས་སྣང་བ་ན་ཡང་འབྱུང་། བརྒྱུད་པ་ཐབས་ཀྱིས་གྲགས་པ་ན་ཡང་འབྱུང་། གང་གི་ཆེད་དུ་མཛད་པ་ན་ཡང་འབྱུང་། །ལུང་ཆེན་ངེས་པར་བསྟན་པ་ན་ཡང་འབྱུང་། ལས་རྒྱུད་ཡོངས་སུ་གཅོད་པ་ན་ཡང་འབྱུང་། དགོངས་པ་རྣམ་པར་འགྲོ་བ་ན་ཡང་འབྱུང་ངོ་། །དེ་དག་ནི་ཐམས་ཅད་ཀྱི་ཐམས་ཅད་ནས་ཐམས་ཅད་ཀུན་ཏུ་ཡོངས་སུ་རྣམ་པར་སྣང་ངོ་། །སྣང་བར་གྱུར་ཏོ། །སྣང་བར་འགྱུར་རོ། །ཞེས་བཀའ་སྩལ་བས། དྲི་བ་དང་པོའི་རྟོག་པ་ཡོངས་སུ་ཆད་པ་དེ་བཞིན་དུ་བཀྲ་ཤིས་པར་གྱུར་ཅིག །ཅེས་བརྗོད་དོ། །དེ་ནས་དཔོན་སློབ་ཐམས་ཅད་བཀྲ་ཤིས་དང་ཚེ་རྫས་ལ་སོགས་པ་ལ་རོལ། དལ་ཞིང་སྐབས་ཡོད་ལ་སྤྲོ་ན་གཏད་རྒྱ་གསང་མཚན་མ་སྐབས་འདིར་ཡང་བསྒྲགས་ལ། ཞེས་གསུངས་ཀྱང་གོང་དུ་སོང་བ་ངེས་འཐུས་པར་སྣང་། རྩ་བར། སློབ་མས་ཕྱུག་དང་ཡོན་ཕུལ་བ་བཀའ་དྲིན་ཆེའོ་ཞེས་བརྗོད། །བླ་མས། དགེ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོས་ལ། ཕྱོགས་དུས་ཐམས་ཅད་དུ་སངས་རྒྱས་ཀྱི་བསྟན་པ་དང་ཞིང་ཁམས་འཛིན་སྐྱོང་བསྲུང་བ་ལ་འབད་པར་བྱ་བའི་ཕྱིར། གཏད་རྒྱ་རྣམ་པ་ལྔ་བྱ་བ་ནི། བླ་མ་བཀའ་རྫོགས་པའི་སློབ་མ་རྒྱལ་ཚབ་གཅིག །རྒྱ་དང་གཅིག་གདུལ་བྱ་རྗེས་སུ་འཛིན་པ་བསྟན་པ་དགོངས་འདུས་ཀྱི་རྒྱ་དང་གཉིས་སྒྲུབ་རྫས་མེ་ཏོག་ཡུལ་ལུགས་ཀྱི་བཅའ་ན་ཐང་འབུལ་བའི་རྒྱ་དང་གསུམ། བཀའི་གཉེར་གཏད་ཆོས་ཀྱི་བདག་པོར་མངའ་གསོལ་བའི་རྒྱ་དང་བཞི། ཞུ་བ་པོ་རང་གི་ཞི་བའི་གཞུང་མཆོད་ཚོགས་འབུལ་བའི་རྒྱ་དང་ལྔ་པོ་ཅི་ནུས་ཀྱིས་བསྒྲུབ་པར་ཁས་བླངས་དམ་བཅས་ལ་འབད་པས་བསྒྲུབ་པར་བྱའོ། །འདི་དག་བསྒྲུབ་པར་ཁས་མི་ལེན་ཅིང་ཆོས་རྐུ་ཐབས་སུ་འདོད་པ་དག་ནི་བཟུང་བར་བྱ་བའི་ཡུལ་མ་ཡིན་པས་ཟང་ཟིང་གིས་ཕན་གདགས་ལ་སྨོན་ལམ་རྣམ་པར་དག་པ་བཏབ་པ་རྗེས་སུ་ཕྱིས་ནས་བཟུང་བར་བྱའོ། །དེ་ནས་དཀྱིལ་འཁོར་བསྡུ། ཞེས་གསུངས་པས་གོང་དུ་ཞི་དཀྱིལ་སོགས་བྲིས་ཡོད་ན་བསྡུ་ཞིང་། དར་ཡུག་མེ་ཏོག་གི་ཚོམ་བུ་ཅན་དེ་ཉིད་ཀྱང་བླ་མའི་ཕྱོགས་སུ་བསྡུ་བ་ཡིན། རྩ་བར། ལས་རྗེས་མི་མངོན་པར་བྱས་ལ་དགའ་སྟོན་ལ་རོལ་བར་བྱའོ། །ཞེས་གསུངས་པ་ལྟར་ཚོགས་འཁོར་སོགས་ལ་རོལ་ལོ། །དེས་གཏད་རྒྱའི་ཆོ་ག་གྲུབ་བོ། །
༈ སྐབས་འདིར་མདོ་དགོན་ལེགས་ལྡན་གྱི་དབང་བསྐུར་བྱ་བ་སྐབས་སུ་བབས་པར་སྣང་ཞིང་། དེ་ཡང་གཙང་ཤོད་པ་རྡོ་རྗེ་རྒྱལ་མཚན་གྱི་ཆོག་ཁྲིགས་ལྟར་མཛད་འདུག་པས། ཟུར་དུ་བྱེད་པའི་ཚེས་ལྷའི་སྟ་གོན་སོགས་འདུག་པ་དབང་ཆོག་རང་གི་དཀྱུས་ལྟར་བྱས་པས་འཐུས། འདིར་གཞུང་དེ་ལ་བརྟེན་ཏེ་ཆོ་ག་མ་ཚང་བ་རྣམས་ཁ་བསྐང་ཞིང་མི་དགོས་པ་རྣམས་དོར་ཏེ་བྲི་བར་བྱས་ན་འཐད་པར་མཐོང་བས། དེས་ན་ལག་ལེན་འདི་ལྟར་བྱ་བ་རིགས་པར་སྣང་སྟེ། སྔོན་འགྲོ། དངོས་གཞི། རྗེས་གསུམ་གྱི་དང་པོ་ནི། སྟེགས་བུ་བདུད་རྩིས་རྐྱང་ནུལ་བྱ་ཞིང་། ༀ་ཨཱཿཧཱུཾ་མ་ཧཱ་མཎྜལ་ལ་སིདྡྷི་ཀུ་རུ་ཧཱུཾ། ཞེས་སོ། །དེ་ནས་ལས་ཐིག་གདབ་པ་ནི་སྒོ་རྫོགས་སྤྱི་ལྟར་ལ། ལྟེ་བར་ཆོས་འབྱུང་གྲུ་གསུམ་ལྔ་སྒྲོམས་ཤོང་བའི་ཟླུམ་ཐིག་གིས་བསྐོར། དེའི་ཕྱིར་ཟླུམ་ཐིག་གཅིག་བསྐོར་བ་ཐོད་མཁར་གྱིས། དེའི་མཐར་བཙོན་ཁང་བཅུ་དྲུག་གིས་ཟླུམ་ཐིག །དེའི་མཐར་ཆ་ཕྲན་གཅིག་རྣམས་བསྐོར། དེའི་མཐར་གྲུ་ཆད་བཞི། དེའི་མཐར་ཁྲག་ཁྱམས། པད་རའི་ཕྱིར་འོབས་ཁུང་། དེའི་ཕྱིར་དུར་ཁྲོད་རྡོ་ར་མེ་རི་སོགས་ཀྱི་ཆ་དབྱེའོ། །བླ་མས་ཐུན་མཚམས་ཀྱི་ལྷའི་ང་རྒྱལ་གྱིས་ལས་ཐིག་གི་སྟེང་ལྷ་གནས་རྣམས་སུ་ཁྲག་གི་ཐིག་ལེ་བཀོད་ལ། དེའི་སྟེང་འབྲུ་ནག་གི་ཚོམ་བུ་བཀོད་ཅིང་། འོག་ནས་འབྱུང་བའི་ལྷ་སོ་སོའི་སྙིང་པོ་བརྗོད་པས་མགོན་པོ་འཁོར་བཅས་བསྐྱེད་ལ། དབང་བསྐུར་བྱིན་རླབས་སྔོན་དུ་འགྲོ་བས་སྤྱན་འདྲེན་མཆོད་བསྟོད་བསྡུས་པ་དང་། ཁྱད་པར་འདི་སྐད་ཅེས་བྱའོ། །ཧཱུཾ། ལྷ་ཡི་དེད་དཔོན་ཚོགས་ཀྱི་བདག །ལེགས་ལྡན་ནག་པོ་མཐུ་བོ་ཆེ། །དུར་ཁྲོད་བདག་པོ་སྒྲོལ་བའི་གིང་། ཁྲོ་བོའི་རྒྱལ་པོ་ཁྱོད་ལ་བསྟོད། །ཧཱུཾ། དྲག་པོ་སྐུ་ལྔ་རྒྱལ་བའི་བཀའ་སྡོད་མཆོག །ཡེ་ཤེས་ལྔ་ལྡན་རྒྱལ་བ་རིགས་ལྔའི་འཁོར། །ཕྲིན་ལས་བདུད་འདུལ་དགྲ་བགེགས་ཀུན་གྱི་གཤེད། །ལེགས་ལྡན་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །ལེགས་ལྡན་འཁོར་བཅས་དགོངས་སུ་གསོལ། །ཁྱེད་ལ་མཆོད་པ་བྱ་བ་དང་། །སློབ་མ་རྗེས་སུ་བཟུང་བྱའི་ཕྱིར། །བདག་ནི་དཀྱིལ་འཁོར་བགྱིད་པར་འཚལ། །སྟ་གོན་ལ་ནི་གནས་པར་མཛོད། །དེ་བཞིན་བགྱིའོ་དེ་བཞིན་མཛོད། །ཧཱུཾ་བཛྲ་ཨུ་ཏིཥྛའི་སྔགས་རྒྱས་ནམ་མཁར་བཏེག་ཅིང་མཆོད་བསྟོད་བསྡུས་པ་བྱས་ལ་བཞག་གོ། །བར་འདིར་བུམ་པ་དང་སློབ་མ་སྟ་གོན་བཤད་པས་དངོས་སྟ་ཐ་དད་ཀྱི་ཚེ་དེ་ལྟར་ཡིན་ཀྱང་། འདིར་དངོས་སྟ་སྦྲེལ་བ་འཇུག་པ་བདེ་བས་དེའི་ཕྱིར་བུམ་པ་ཡང་དངོས་གཞིའི་སྒྲུབ་མཆོད་ཀྱི་སྐབས་སུ་བསྒྲུབས་པས་འཐུས་པས། སྐབས་འདིར་དཀྱིལ་འཁོར་བྲི་བ་ནི། དབུས་སུ་ཆོས་འབྱུང་རྩེ་མོ་ཤར་བསྟན་གྱི་ཕྱོགས་བཞིར་ཆོས་འབྱུང་བཞི་རྩེ་མོ་ནང་བསྟན་མཐིང་ཁ་དང་། གཞི་ཐམས་ཅད་ཁྲག་ཁྱམས་དེའི་མཐར་ཐོད་ཕྲེང་བཙོན་ཁང་བཅུ་དྲུག་ལེ་ཚེ་བཅས་པ་དམར་ནག །དེའི་མཐར་ཆ་ཕྲན་ལ་ཐོད་ར། གྲུ་ཆད་ལྗང་གུ། དེའི་མཐར་ཁྲག་ཁྱམས། རྩིག་པ་ནི་སར་སྟག་གི་ཐོད་རྩིག །ལྷོ་མིའི་ཐོད་རྩིག །ནུབ་རྟའི་ཐོད་རྩིག །བྱང་བྱའི་ཐོད་རྩིག །དེ་ཕན་སྤྱི་ལྟར་དང་། འོབས་ཁུང་གཞི་དམར་པོ་ལ་ཕྱོགས་མཚམས་བརྒྱད་དུ་གྲུ་གསུམ་རྩེ་ཕྱིར་བསྟན་མཐིང་ཁ་རེ་རེའོ། །དེ་དག་ལ་མངོན་རྟོགས་ལྟར་ལྷ་མཚན་དགོད་དོ། །དེ་ལྟར་དཀྱིལ་འཁོར་བྲིས་ཟིན་ནས། དཀྱིལ་འཁོར་གྱི་དབུས་སུ་མཉྫིའི་ཁར་རྣམ་རྒྱལ་བུམ་པ་རྫས་ལྡན་དར་ནག་གི་མགུལ་ཆིངས་དང་བཅས་པ་ཁ་རྒྱན་གྱི་གསེབ་ཏུ་གཙོ་བོའི་ཙཀླི་དང་བཅས་པ་བཤམ། དབང་གཞུང་དུ་ལས་བུམ་གསུངས་ཀྱང་འདིར་ལས་བུམ་ཡོད་བཞིན་པ་ཡིན་པས་མི་དགོས་སོ། །དེའི་མདུན་དུ་སྒྲུབ་གཏོར་ནི་ཀ་པཱ་ལར་གྲུ་གསུམ་ཕྱི་དམར་ནང་ནག་པ་འཁོར་མདུན་དུ་ཡུམ་ལ་ཟླ་གམ་རྩེ་རིང་དམར་པོ། ནང་འཁོར་བཞི་ལ་གྲུ་གསུམ་བཞི། དབང་མོ་ཉེར་བརྒྱད། གྲུ་འདེགས་མ་བཞི། སྒོ་མ་བཞི་རྣམས་ལ་ཟུར་གསུམ་ཆུང་བ་གྲངས་དང་མཉམ་པ་མཐེབ་ཀྱུས་བསྐོར་བ། ཤ་ཁྲག་སྣ་ཚོགས་དང་། དཀར་གསུམ་མངར་གསུམ། རྒུན་འབྲུམ། ལ་ཕུག །ཁུར་བ། ཉ་ཤ། སྒོ་ང་། སྒོག་པ། ལ་དུས་བྲན་པ་དར་ནག་བཙུགས་དང་། མཆོད་གཏོར་དེ་བས་ཆུང་བ་གོང་ལྟར་རམ་ཡང་ན་གྲུ་གསུམ་མདུན་དུ་ཡུམ། འཁོར་གྱི་གྲངས་མཐེབ་སྐྱུས་བསྐོར་བ་གོང་དུ་བསད་པའི་མཐུན་རྫས་ཀྱིས་བྲན་པའང་བཤམ། ཕྱི་མཆོད་དང་སྨན་རཀ་ཚོགས་ཀྱི་འཁོར་ལོ་དང་བཅས་པ་ཡང་རྒྱ་ཆེར་བཀོད། དབང་རྫས་ལ་སྟ་གོན་གྱི་ཆས། སྲུང་སྐུད། སོ་ཤིང་། ཁྱོར་ཆུ། ཀུ་ཤ་རྣམས་དང་། དབང་དངོས་གཞིའི་མིག་དར། མེ་ཏོག །དབུ་རྒྱན། རྡོ་དྲིལ། ཀ་པཱ་ལར་གསང་རྫས། ཤེས་རབ་མའི་གཟུགས་བརྙན། སྒྲོལ་དབང་གི་ལིང་ག །གྲི་གུག །ཏི་རའི་བེང་ཆེན། རྡོ་རྗེ་ཕུར་པ། རློན་ཐུན། ཤཀྟི་སྟེ་འཕང་མདུང་། སྦྲུལ་ཞགས། ཙ་མ་ར་ནི་དེང་སང་མི་རྐང་གི་གླིང་བུ་བྲིས་པ་འདྲ་འདུག་མོད། དེ་ཡང་བསྐུར་ཚིག་དུས། ཕྱག་མཚན་དྲག་པོ་ཙ་མ་ར། དམ་ཅན་གནས་ནས་འབོད་པའི་ཕྱིར། །ཞེས་པའི་ཚིག་གིས་འཁྲུལ་གཞི་བྱས་པ་འདྲ་ཞིང་། ཁོ་བོས་བརྟགས་ན་འདུས་པ་ཆེན་པོའི་བསྙེན་དབང་གི་དུས་སུ། རྔ་ཉི་མའི་སྟེང་དུ་ཧཱུཾ་གི་འཕྲོ་འདུ་ལས་བསྐྱེད་ཅིང་། བཛྲ་ཙ་མ་ར་ཛ་མཱ་ར་ཡ་ཧཱུཾ་གིས་བྱིན་གྱིས་བརླབས་པ་དང་། བསྐུར་ཚིག་གི་དུས། དཔལ་གྱི་ཕྱག་རྒྱ་ཡེ་ཤེས་ཙ་མ་ར། །ཞེས་ཀྱང་གསུངས་པ་དང་། གཞུང་གཞན་ལས་རྔ་ཡབ་ཀྱི་སྐད་དོད་དུ་ཙ་མ་ར་འཛུག་ཚུལ་ཡང་སྣང་བས། འདིར་ཡང་རྔ་ནི་དྲག་པོའི་ཕྱག་མཚན་དུ་བསྡུས་ཀྱང་ཆོག་པས། ཕྱག་མཚན་དྲག་པོ་ཙ་མ་ར། །ཞེས་དང་། དམ་ཅན་གནས་ནས་འབོད་པ་ནི་ཤིན་ཏུ་འབྲེལ་ཆགས་པར་སྣང་ངོ་སྙམ། དེ་ལྟར་མིན་ན་རྐང་དུང་ལ་ཙ་མ་ར་ཡིན་ཚུལ་གྱི་ཤེས་བྱེད་ཀྱང་སྨྲ་དགོས་པར་སྣང་བས་དཔྱད་དགོས། འོན་ཀྱང་བདག་ནི་འདུས་པ་ཆེན་པོའི་བསྙེན་དབང་གི་རྗེས་སུ་འབྲངས་ཏེ་ཙ་མ་ར་རྔ་ཁོ་ནར་ངོས་འཛིན་པར་བྱའོ། །གཞན་ཡང་ཡུངས་ཀར། གུ་གུལ། རི་རབ་གླིང་བཞི་རྒྱ་གྲམ་གྱིས་མཚན་པ། མེ་དཔུང་། མདའ་གཞུ་རྣམས་ཀྱང་བསག་པར་བྱའོ། །དེ་ནས་བསྒྲུབ་མཆོད་བྱ་བ་ནི། འདིར་ཡེ་ཤེས་ཀྱི་མགོན་པོ་ཡིན་པས་བདག་མདུན་བུམ་གསུམ་མགོན་པོ་ཁོ་ན་བགྱིས་པས་ཆོག་པར་སྣང་ཡང་། འདིར་འདུས་པ་ཆེན་པོའི་དཀྱིལ་འཁོར་དང་འབྲེལ་བའི་དབང་གིས་གོང་དུ་ཞི་ཁྲོའི་ཕྲིན་ལས་བགྱིས་པའི་རྣལ་འབྱོར་ལ་གནས་བཞིན་པ་ཡིན་པས། ཁྲོ་བོའི་ཚོགས་བྱིན་རླབས་ཀྱི་གོང་དུ་མགོན་པོའི་སྒྲུབ་མཆོད་བྱ་སྟེ། བླ་མ་ཆེ་མཆོག་ཧེ་རུ་ཀའི་ང་རྒྱལ་ལ་གནས་པས་ཁྱབ་བོ། །དེ་ལྟ་བུའི་ང་རྒྱལ་གྱིས་ཐོག་མར་མཆོད་རྫས་བྱིན་གྱིས་བརླབ་པ་ནི། རྩ་བ་དང་ཡན་ལག་གི་མཆོད་པ་རྣམས་ཚོགས་ཆེན་གྱི་གྲུབ་མཆོད་ཀྱི་སྔོན་འགྲོའི་སྐབས་ལྟར་བྱིན་གྱིས་བརླབ། དེ་ནས་དཀྱིལ་འཁོར་བུམ་པ་སྒྲུབ་གཏོར་གསུམ་ལས་རྡུལ་ཚོན་གྱི་དཀྱིལ་འཁོར་རྟེན་བརྟེན་པར་བཅས་པ་དང་། བུམ་པ་ཡང་ཕྱི་མཚན་ཉིད་ལྡན་པའི་བུམ་པ་ལ་ནང་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་དུ་མགོན་པོ་འཁོར་བཅས་དང་། སྒྲུབ་གཏོར་ཡང་གཏོར་སྣོད་བྷྲཱུཾ་ལས་དུར་ཁྲོད་ཀྱི་གཞལ་ཡས་ཁང་དུ་གཏོར་མ་མགོན་པོ་གཙོ་འཁོར་དུ་གསལ་གདབ་པ་ནི། ཚིག་གཅིག་གིས་མདུན་བསྐྱེད་བུམ་པ་གཏོར་མ་གསུམ་གྱི་རྟེན་དང་བརྟེན་པ་ཐམས་ཅད་གསལ་ལ་མ་འདྲེས་པར་བསྒོམས་ཏེ། དེ་ཡང་དེང་སང་མདོ་མགོན་ཁོ་ན་མཛད་པར་སྣང་ཡང་དབང་རྫས་སོགས་དང་དཀྱིལ་འཁོར་གྱི་བབས་ལ་བརྟགས་ན་རྒྱུད་མགོན་འཐད་ཅེས་རིག་འཛིན་འགྱུར་མེད་རྡོ་རྗེ་གསུང་པ་བཞིན་དོན་ལ་གནས་ཤིང་ངོ་བོ་གཅིག་ཕྱིར་མི་འགལ་ལ། འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ཏུ་རིག་འཛིན་ལེགས་ལྡན་ཞབས་ལས་རྒྱུད་མགོན་དང་། མདོ་མགོན་གཉིས་གསན་པའི་མདོ་མགོན་ལྗང་སྔོན་དྲག་པོར་ངོས་བཟུང་བ་དོན་ལ་གནས་པས་དེང་སང་ཞལ་གཅིག་ཕྱག་གཉིས་པར་མདོ་མགོན་དང་། ཞལ་གསུམ་ཕྱག་དྲུག་པར་རྒྱུད་མགོན་ཟེར་བ་ཡང་དཔྱད་པར་བྱའོ། །མངོན་རྟོགས་གསར་དུ་བྲིས་པ་ནི་འདི་ལྟར། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་ཆེན་པོ་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། དེ་ཡང་ཤར་ཕྱོགས་སྟག །ལྷོ་ཕྱོགས་མི། ནུབ་ཕྱོགས་རྟ། བྱང་ཕྱོགས་བྱའི་ཐོད་པ་ལས་གྲུབ་པའི་རྩིག་པ་དང་། ཐོད་སྐམ་གྱི་ཕ་གུ། རྒྱུ་རློན་སྙིང་དང་གློ་བའི་འཕྱང་འཕྲུལ་སོགས་དྲྭ་བ་དང་དྲྭ་བ་ཕྱེད་པ། རོ་རས་ཀྱི་མདའ་ཡབ། ཐོད་པའི་པུ་ཤུ། ཞིང་གི་རྒྱལ་མཚན་དང་བ་དན་འཕྱར་བ། ཞིང་ཆེན་གྱི་པགས་པའི་ཐོག་དང་བླ་བྲེ། འོག་གཞི་ཐམས་ཅད་ཁྲག་མཚོར་གྱུར་པའི་ལྟེ་བར་ཆོས་འབྱུང་ལ་སྒྲོམ། བཙོན་ཁང་བཅུ་དྲུག །ཁྲག་ཁྱམས་ཐོད་མཁར་གྱིས་བཅད་པ། ཕྱི་རོལ་ཏུ་འོབས་ཁུང་བརྒྱད་དུར་ཁྲོད་ཆེན་པོ་རྡོརྗེའི་ར་གུར་ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པའི་དབུས་སུ་རྡོ་རྗེ་བྲག་ཆེན་པདྨ་ཉི་ཟླ་བམ་ཆེན་གྱི་ཁྲིར། རང་གི་ཐུགས་ཀ་ནས་ཧཱུཾ་འཕྲོས་ཏེ་ཡོངས་སུ་གྱུར་པ་ལས། དཔལ་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་ནག་པོ་ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ། སྐུ་མདོག་དང་དབུས་ཞལ་ལྗང་ནག་བརྗིད་པ། གཡས་སེར་བ། གཡོན་དམར་བ། ཕྱག་དྲུག་གི་གཡས་ཀྱི་དང་པོས་སྐྱེས་བུ་གསལ་ཤིང་ལ་བརྒྱུས་པའི་ཏི་རའི་དབྱུག་པ་བེང་གི་རྣམ་པ་ཅན་འཕྱར་བ། བར་པ་རྡོ་རྗེ་གསོར་ཞིང་འཕྱར་བ། ཐ་མས་གནམ་ལྕགས་ཀྱི་ཕུར་པ་བསྒྲིལ་བ། གཡོན་གྱི་དང་པོ་དུང་ཆེན་དུ་སྲིད་པ་གསུམ་གྱི་སེམས་ཅན་གྱི་སྙིང་དང་རཀྟས་གང་བ་གསོལ་བ། བར་པ་ན་ཤཀྟིའི་མདུན་རྣོན། ཐ་མས་སྦྲུལ་ནག་གི་ཞགས་པ་བསྣམས་པ། ཞབས་བཞི་བརྐྱང་བསྐུམ་དུ་བཞུགས་པ། ཞིང་ཆེན་དང་གླང་ཆེན་གྱི་པགས་པས་སྟོད་གཡོགས་ཤིང་། སྟག་ལྤགས་ཀྱི་ཤམ་ཐབས་ལ་སྦྲུལ་གྱི་སྐ་རགས་བཅིངས་པ། ཐོད་སྐམ་གྱི་དབུ་རྒྱན་དང་རློན་པའི་དོ་ཤལ་སྦྲུལ་རིགས་ལྔའི་རྒྱན། ཐལ་ཞག་རཀྟའི་མཚན་མ་ཅན། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་སྟེང་ན་བྱ་ཁྱུང་ལྡིང་ཞིང་། སྟ་ཟུར་ལ་སེང་གེ་གཉིས་འཁྲབ་པ། རྩིབ་ལོགས་ལ་འཕར་བ་དང་དྲེད་མོ་འཁྱུག་ལ། ཞབས་ལས་སྟག་མང་འཕྲོ་བ། དེའི་གཡོན་དུ་ཉེ་གནས་མ་ཀྲོ་དྷི་ཤྭ་རཱི་མ་ལྗང་ནག་ཞལ་གཅིག་ཕྱག་གཉིས་སྦྲུལ་ཞགས་དང་ཐོད་ཁྲག་ཐོགས་པ། ཞིང་གཡང་དང་སྟག་ཤམ་ཅན། གཡས་སུ་ལས་ཀྱི་མགོན་པོ་མཐིང་ནག་གཅེར་བུ་འཇིགས་ཚུལ་ཅན་གྲི་ཐོད་འཛིན་པ། ཞབས་གཉིས་དོར་སྟབས་བམ་རོའི་ཁར་བགྲད་པའོ། །ཤར་གྱི་ལྕགས་མཁར་དུ་ཁྲོ་བོ་བཛྲ་གིང་ཀ་ར་སྐུ་མདོག་མཐིང་ནག་འཇིགས་ཚུལ་ཅན། གཡས་མཚོན་ཆའི་འཁོར་ལོ་བསྐོར་ཞིང་གཡོན་ཐོད་ཁྲག་འཛིན་པ་གྲི་ཐོགས་གིང་ཆེན་བཅུ་གསུམ་སོགས་འཁོར་ཚོགས་དུ་མས་བསྐོར་བ། ལྷོའི་གྲུ་གསུམ་དུ་གནོད་སྦྱིན་ཟངས་མདོག་རྒྱལ་པོ་དམར་ནག་འཇིགས་པ་མི་ལྤགས་ཀྱི་གཡང་གཞི་གསོལ་བ། གཡས་གསེར་གྱི་རལ་གྲི། གཡོན་བསེ་མདུང་འཛིན་པ། ཡུམ་བསེ་གདོང་ཟངས་གྲི་ཅན་སོགས་འཁོར་དུ་མས་བསྐོར་བ། ནུབ་ཏུ་སྲིན་པོ་རཱ་ཧུ་ལ་སྨུག་ནག་མགོ་དགུ་བྱ་རོག་གི་ཞལ་དང་བཅུ་ཡོད་པ། ལུས་ཀུན་མིག་གིས་གང་ཞིག་སྐུ་སྨད་དུག་སྦྲུལ་དུ་འཁྱིལ་བ། ཕྱག་གཉིས་ཀྱི་གཡས་པ་ཐོག་གི་འཁོར་ལོ་བསྐོར་བ། གཡོན་པ་ཆུ་སྲིན་གྱི་ཞགས་པ་བསྣམས་པ། གཟའ་གདོང་དྲེགས་པའི་འཁོར་གྱིས་བསྐོར་བ། བྱང་དུ་མ་མོ་རེ་མ་ཏི་མཐིང་ནག་སྐེམ་ཞིང་སྒེག་ལ་གཏུམ་པ་སྤྱི་བོར་ཟླ་ཚེས། ལྟེ་བར་ཉི་མ། སྙན་ཆ་སེང་གེ་སྦྲུལ་ནག་དྲིལ་བུས་བརྒྱན་པ། ཞིང་གི་སྟོད་གཡོགས་རེ་ལྡེའི་ཤམ་ཐབས་སོགས་མ་མོའི་རྒྱན་དང་ཆས་ཐམས་ཅད་ཀྱིས་སྤྲས་པ། གཡས་ཁྲམ་ཤིང་དང་གཡོན་ནད་རྐྱལ་འཛིན་པ་དྲེལ་རྟ་ལ་ཞོན་པའོ། །བཙོན་ཁང་བཅུ་དྲུག་ཏུ་ག་རཱི་ལ་སོགས་པའི་གནས་ཀྱི་ཁྲོ་མོ་བརྒྱད་དང་། སིང་ཧ་མ་ལ་སོགས་པའི་ཡུལ་གྱི་ཕྲ་མེན་བརྒྱད་རང་རང་གི་རྒྱན་ཆ་ལུགས་དང་ལྡན་པའོ། །གྲུ་ཆད་བཞིར་ཤར་ལྷོར་སྐམ་མ། ལྷོ་ནུབ་ཏུ་ཤིན་ཏུ་སྐམ་མ། ནུབ་བྱང་དུ་ར་རོས་མ། བྱང་ཤར་དུ་ཁྲག་འཐུང་མ་བཞི་རྔམས་ཁྲོ་ཆགས་པའི་ཉམས་ཅན་ནོ། །ཁྲག་ཁྱམས་ལ་ཤར་དུ་སྲིན་མོ་དམར་སེར་གཡག་གདོང་ཅན་ལ་སོགས་པ་དྲུག །ལྷོར་ཞི་བ་དམར་མོ་དོམ་མགོ་ཅན་ལ་སོགས་པ་དྲུག །ནུབ་ཏུ་དགའ་བྱེད་དམར་མོ་བྱ་རྒོད་མགོ་ལ་སོགས་པ་དྲུག །བྱང་དུ་གསོད་བྱེད་མ་ལྗང་ནག་སྤྱང་གདོང་ཅན་ལ་སོགས་པ་དྲུག་སྟེ། དབང་ཕྱུག་མ་ཉེར་བཞི་པོ་ཡང་རང་རང་གི་རྒྱན་ཆས་ཕྱག་མཚན་དང་ལྡན་པའོ། །ཤར་སྒོར་ཁུ་བྱུག་གདོང་ནག་མོ་ལྕགས་ཀྱུ་ཅན། ལྷོ་སྒོར་ར་གདོང་སྔོན་མོ་རྒྱུ་ཞགས་འདྲེན་མ། ནུབ་སྒོར་སེང་གདོང་དམར་མོ་ལྕགས་སྒྲོག་འཛིན་པ། བྱང་སྒོར་སྐྱེ་ཀའི་མགོ་ཅན་ལྗང་ནག་previous hit དྲིལབུ next hit་འཁྲོལ་བའོ། །ཕྱི་རོལ་གྱི་འོབས་ཁུང་རྣམས་སུ་རྣག་དང་ཆུ་སེར་དང་། ཁྲག་དང་ཤ་ཆེན་དང་བཤང་གཅི་རྐང་དང་ཀླད་པ་ཀླད་རྒྱ་རྣམས་ཀྱིས་གང་བའི་ནང་དུ། འབུ་དང་འབུ་ཆེན་པོ་དང་། སྦྲང་མ་དང་སྦྲང་རྒོད་དང་། བུང་བ་དང་། དུག་སྦྲུལ་དང་། སྡིག་པ་དང་སྡོམ་ལ་སོགས་པ་དང་། གཞན་ཡང་ཀམ་ཀ་རུ་རྩེ་རྐང་ལྡག་དང་། ཁྲག་འཐུང་མཆུ་དམར་ཁ་སྐྱེན་དང་། བྱ་རོག་དང་། འུག་པ་དང་། ཁྲ་དང་། རྒོད་དང་། ཅེ་སྤྱང་དང་། སྟག་དང་། སེང་གེ་དང་། དོམ་དང་། དྲེད་དང་། འཕར་བ་རྐང་སྡེབ་ལ་སོགས་པ་གཅན་གཟན་གདུག་པའི་ཚོགས་རྣམས་དང་། གཞན་ཡང་གཤོག་པ་ཅན་གྱིས་ནམ་མཁའ་གང་བ། སྡེར་མོ་ཅན་གྱིས་ས་གཞི་གང་བ། རོ་ལངས་དང་འདྲེ་སྲིན་ཡི་ཚོགས་དང་། ནག་པོ་སྟོང་། ཤ་ཟ་འབུམ། མ་མོ་བྱེ་བའི་ཚོགས་ཀྱིས་བསྐོར་བར་གྱུར། བུམ་གཏོར་དཀྱིལ་འཁོར་དང་བཅས་པར་དམིགས་ལ་ཤཱུ་ནྱ་ཏཱ་སོགས་ཡེ་ཤེས་ལྔས་དབང་བསྐུར། ཀཱ་ཡ་བཛྲ་སོགས་ཀྱིས་སྐུ་གསུང་ཐུགས་བྱིན་གྱིས་བརླབ་བོ། །དབང་འདི་ག་དང་འབྲེལ་བའི་རྩར་མཆོད་ཅེས་པ་ཞིག་སྣང་ཡང་། ཧ་ཅང་གི་ཁྲིགས་ལེགས་པ་མི་སྣང་ཞིང་། ཁོ་བོས་ནུབ་དགོན་ལུགས་མདོ་མགོན་གྱི་བཀའ་གཏད་ལུང་དང་བཅས་ཐོབ་པའི། ལས་གཞུང་གི་ཕྲིན་ལས་ནུབ་དགོན་ལུགས་རྒྱས་བསྡུས་འཚམས་པར་སྣང་ཞིང་། དེའི་མགོ་བོར་མགོན་པོ་ཞལ་གཅིག་ཕྱག་གཉིས་པའི་མངོན་རྟོགས་ཀྱང་འདུག་པས། ད་ལྟ་མ་དགོས་ཀྱང་འོག་ཏུ་ལུགས་དེ་གའི་རྗེས་གནང་གི་དུས་སུ་དགོས་པ་དང་། དབང་གི་དུས་མ་གཏོགས་རྒྱུན་གྱི་བསྐང་གསོལ་དེ་ཉིད་འཁྱེར་བདེ་བས་གཞུང་ལྟར་བྲིས་པ་ནི་འདི་ལྟར། བསྐང་རྫས་བྱིན་བརླབ་ནི། རཾ་ཡཾ་ཁཾ། ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལིས་བསང་། སྭ་བྷཱ་ཝ ས་སྦྱང་། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་དགྲ་བགེགས་མ་ལུས་པ་བསྒྲལ་བ་ལས་བྱུང་བའི་ཁྲག་གི་ཨརྒྷཾ། དབང་པོ་ལྔའི་མེ་ཏོག །ཚིལ་ཆེན་གྱི་བདུག་སྤོས། ཞུན་ཆེན་གྱི་མར་མེ། མཁྲིས་པའི་དྲི་ཆབ། ཤ་ཆེན་གྱི་བཟའ་བ། རྐང་གླིང་གི་རོལ་མོ། གཞན་ཡང་ཧཱུཾ་ཞུ་བ་ལས་བྱུང་བའི་མཁའ་ལྡིང་། རྟ་ནག །ཁྱི་ནག །གཡག་ནག །ལུག་ནག །མི་ནག །ཅེ་སྤྱང་། དཔལ་གྱི་ཞལ་ཟས་ལ་སོགས་པ་མདོར་ན་མགོན་པོ་འཁོར་དང་བཅས་པ་མཉེས་པར་བྱེད་པའི་བསྐང་རྫས་བསམ་གྱིས་མི་ཁྱབ་པ། ཡུལ་ས་དང་ནམ་མཁའ་བར་སྣང་ཐམས་ཅད་ཁྱབ་པ། དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་གནས་པ། ངོ་བོ་བཟང་ཞིང་རྒྱ་ཆེ་བ། བཀོད་པ་བསམ་གྱིས་མི་ཁྱབ་པ། འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་སྤྲུལ་པ་ལས་བྱུང་བའི་མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་གྱུར། ཨརྒྷཾ་ནས་ཤཔྡའི་བར་བརྗོད་ཅིང་རོལ་མོ་བྱེད། དེ་ནས་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས་ལ་བསྐང་བ་བྱའོ། །ཕྲིན་ལས་དངོས་ནི། བཅོམ་ལྡན་འདས་རྡོ་རྗེ་སྲིན་པོ་ལ་ཕྱག་འཚལ་ལོ། །བསྐལ་པ་གྲངས་མེད་འདས་པའི་སྔོན་རོལ་ཏུ། །མཐའ་ཡས་མངོན་པར་རྫོགས་པར་སངས་རྒྱས་ཀྱང་། །ཐུགས་རྗེས་འགྲོ་བའི་དོན་མཛད་གདུག་པ་འདུལ། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་འདུད། །བདེ་བའི་འབྱུང་གནས་བསྟན་པ་བསྲུང་བ་དང་། །བར་ཆད་སེལ་ཕྱིར་དེས་བསྟན་ཆོ་ག་བྲི། །སུ་ཞིག་བསྙེན་སྒྲུབ་བཞི་ལ་རྟག་ཏུ་གནས་པ་དེས། བདག་དང་གཞན་གྱི་དོན་བྱ་བའི་ཕྱིར། གནས་དབེན་པར་ཤ་ཆེན་དང་སྙིང་ཆེན་ལ་སོགས་པ་ཤ་ཁྲག་སྣ་ཚོགས་དང་འབྲུ་སྣ་ཚོགས་དང་། མངར་གསུམ། ལ་ཕུག །སྒོག་པ། ལ་དུ་རྣམས་ལས། གཏོར་མ་བྷནྡྷའམ་སྣོད་བཟང་པོར་བཤམ། གཏོར་མའི་དབུས་སུ་ལྷ་བཤོས་ནག་པོ་གྲུ་གསུམ་པ་བཞག །སྤྱན་གཟིགས་དཀོར་ཆ་སྣ་ཚོགས་བཤམ། སྨན་རཀ་དང་ཐུན་མོང་གི་མཆོད་པ་བཤམ། མ་ཧཱ་ཀཱ་ལའི་བྲིས་སྐུ་དགྲམ། དེ་ནས་བདག་ཉིད་ཆེ་མཆོག་ཧེ་རུ་ཀའམ། རྡོ་རྗེ་གཞོན་ནུ་གང་རུང་དུ་བསྒོམ། ༀ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ། བཛྲ་ཀྲོ་དྷི་ཤྭ་རཱི་སྟྭཾ། ཞེས་པས་བདག་ཉིད་བཅོམ་ལྡན་འདས་དཔལ་ཆེན་པོར་གསལ་བའི་མདུན་དུ་ཀེ་མཎྜལ་བྷྲཱུཾ། ཀེཾ་ལས་ཀེཾ་རུས་ཀྱི་རི་རབ། པགས་པའི་གུར་དང་བླ་བྲེ། རྐང་གི་ཀ་བ། རྒྱུ་མའི་ཆོན་ཐག །རུས་པའི་རི་རབ། ཤའི་ཕུང་པོ། ཚིལ་བུའི་གད་པ་དང་ལྡན་པའི་དབུས་སུ་རུ་ཏྲ་མཎྜ་ལ་ཞེས་པས་ལྕགས་མཁར་ནག་པོ་གྲུ་གསུམ་འབར་བའི་གདན་གྱི་སྟེང་དུ། ཧཱུཾ་མཐིང་ནག་ལས་འོད་ཟེར་ཕར་འཕྲོས། བསྟན་པ་ལ་གནོད་པའི་དགྲ་བགེགས་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས་དཔལ་ཡེ་ཤེས་ཀྱི་མགོན་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་པ་ཙན་དན་གྱི་བེང་ཆེན་ནམ་མཁའ་ལ་འཕྱར་བ། གཡོན་པ་བདུད་ཀྱི་ཁྲག་གིས་བཀང་བའི་ཐོད་པ་འཛིན་པ། དར་བེར་སྔོ་ཁྲ་བརྗིད་པ་སྐུ་ལ་གསོལ་བ། གསེར་སྐ་རིན་པོ་ཆེ་འབར་བ་སྐེད་ལ་བཅིངས་པ། གཡས་ན་བྱ་ནག །གཡོན་ན་ཁྱི་ནག །རྒྱབ་ན་ཅེ་སྤྱང་། མདུན་ན་མི་ནག་པོ་ནམ་མཁའ་ལ་འོ་དོད་འབོད་པ། སྟེང་ན་ནམ་མཁའ་ལྡིང་སྤྲུལ་པའི་ཚོགས་དཔག་ཏུ་མེད་པ། དཔུང་ཟུར་གཡས་གཡོན་ན་སེ ང་གེ་རལ་པ་གསིག་པ། རྩིབ་ལོགས་གཡས་གཡོན་ན་འཕར་བ་ལག་སྡེབ་དང་དྲེད་མོ་རྐང་སྡེབ་བྱེད་པ། ཞབས་ལོང་བུ་གཉིས་ན་སྟག་ནང་རྒྱལ་མོ་འཁྲུགས་པ། ཉེ་གནས་མ་ཀྲོ་དྷི་ཤྭ་རཱི་མ་དང་གཉིས་སུ་མེད་པར་རོལ་པ། ནག་པོ་ཆེན་པོ་སྟོང་དང་ཤ་ཟ་བྱེ་བ་འབུམ་གྱིས་བསྐོར་བ། དེའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་ཕྲོམ་ཕྲོམ་འཕྲོས་པས། བསྟན་པ་ལ་གནོད་པའི་དགྲ་བགེགས་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས། སྤྱིར་སངས་རྒྱས་བསྟན་པ་དར་བ། དཀོན་མཆོག་དབུ་འཕོང་མཐོ་བ། སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་འབྱུང་བ། ཁྱད་པར་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་དང་། ལུས་དང་གྲིབ་མ་ལྟར་འགྲོགས་ཏེ་བསྲུང་བ་དང་། སྐྱོབ་པ་དང་། སྦ་བའི་ཕྱིར་དུ་རང་བཞིན་གྱི་གནས་ནས་གནས་འདི་རུ་སྤྱན་དྲངས། གུ་གུལ་དང་ཚིལ་ཆེན་གྱི་དུད་པ་རྒྱུན་མི་ཆད་པར་བྱ་སྟེ། ཏིང་ངེ་འཛིན་གཟེངས་བསྟོད་ལ། བསྙེན་སྒྲུབ་བཞིའི་སྔགས་སྦྲེལ་ལ་བཟླས་སོ། །ༀ་བྷུར་གུར་མ་ཧཱ་པདྨ་རྡེ་འབུར་ཙི་འབུར། བྱི་གེ་བྱི་མ་ན་སྱེ། ཨེ་ཧོ་ཤོ་མོ་ཀྲོ་དྷ་ཧཱུཾ་ཧཱུཾ། ཕཊ་ཕཊ་སྭཱ་ཧཱ། ༀ་བྷུ་དྷུ་ཀུ་རྣ་ཨ་པྲ་རྣ་འབུ་ཙི་ཀྱི་བྱི་མ་ན་སྱེ་བ་ཤོ་མ་ཀྲོ་དྷ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ༀ་བྷུ་ཏུ་ཀུ་ཏུ་ཨི་ཙི་ཀྱི་ཕྱི་ཨུ་ཙུ་མ་ཀྲོ་དྷ་ཧཱུཾ་ཧཱུཾ། ཕཊ་ཕཊ་སྭཱ་ཧཱ། ༀ་འབུར་ཀུར་ཏེ་ཕཊ། རེ་རེ་ལ་བསྙེན་པ་འབུམ་འབུམ་བྱའོ། །ཧཱུཾ། ལངྐ་ཡུལ་གྱི་གྲོང་བརྡལ་གྱི། །དབུས་ཀྱི་རི་བོ་མ་ལ་ཡ། །ཀོ་ཀ་ཐང་དམར་རྒྱ་མཚོའི་དོ། །དྲག་ཤུལ་ཡོད་པའི་རྩེ་མོ་ན། །དཔལ་ཆེན་རྡོ་རྗེ་སྲིན་པོ་ཡིས། །བདུད་ཀྱི་སྡེ་རྣམས་བཏུལ་ནས་ཀྱང་། །གསང་བ་སྔགས་ཀྱི་འཁོར་ལོ་བསྐོར་བའི་ཚེ། །མིང་གིས་དབང་བསྐུར་བྲན་དུ་ཁས་བླངས་པ། །རྡོ་རྗེ་རོ་ལངས་དུར་ཁྲོད་ཚོགས་ཀྱི་བདག །མགོན་པོ་ནག་པོ་ཆེན་པོ་དང་། །ཉེ་གནས་ཀྲོ་དྷི་ཤྭ་རཱི་མ། །ཡབ་ཡུམ་གཉིས་སུ་མེད་པའི་འཁོར། །ལངྐའི་བདག་པོ་ལ་སོགས་དང་། །སླས་དང་བྱི་མོ་བྲ་མོའི་ཚོགས། །འདུས་པ་ཆེན་པོའི་རྣལ་འབྱོར་ཚོགས་བཅས་རྣམས། །གནས་འདིར་བརྩེ་ཕྱིར་གཤེགས་སུ་གསོལ། །ག་ན་པ་ཏི་ས་པ་རི་ཝཱ་ར་མ་ཧཱ་ཀ་རུ་ཎི་ཀ་དྲི་ཤྱ་ཧོཿ ས་མ་ཡ་སྟྭཾ། ཨ་ཀཪྴ་ཡ་ཨེ་ཧྱེ་ཧི་ཤྲཱི་མ་ཧཱ་ཀཱ་ལ་ཧཱུཾ་ཛཿ ཨེ་ཨ་ར་ལླི་ཧྲིཾ་ཧྲིཾ། རྡོ་རྗེ་བྲག་ཆེན་གཏམས་པ་དང་། །ཉི་ཟླ་པདྨ་རིན་ཆེན་ཁྲི། །བམ་ཆེན་བསྣོལ་བའི་གདན་སྟེང་དུ། །རབ་འཇིགས་དཔའ་བོ་འཁོར་བཅས་གཤེགས་སུ་གསོལ། །ཤྲཱི་མ་ཧཱ་ཀཱ་ལ་ག་ན་བ་ཏི། མ་ཧཱ་ཡཀྵ་པ་ཏ་ལི། ཛཿཧཱུཾ་པཾ་ཧོཿ ས་པ་རི་ཝཱ་ར་པདྨ་མུ་དྲ་ས་མ་ཧ་སྟྭཾ། ལྷ་མིན་དམག་ཚོགས་གཡུལ་བཟློག་ཅིང་། །ལྷ་དམག་དཀར་པོའི་དབུགས་འབྱིན་པ། །ལེགས་ལྡན་ནག་པོ་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །བསོད་ནམས་གཟི་བྱིན་འཕགས་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཚོགས་ཆེན་འཕགས་ལ༴ སྤྱོད་པ་རླབས་ཆེན་འཕགས་ལ༴ ཕ་རོལ་ཕྱིན་བཅུ་འཕགས་ལ༴ སྒྲིབ་པ་རྣམ་གཉིས་སྤངས་ལ༴ བདག་མེད་གཉིས་མེད་རྟོགས་ལ༴ སྟོན་པས་ལུང་བསྟན་ཐོབ་ལ༴ སྔོན་གྱི་རྒྱལ་བ་རྣམས་དང་དགོངས་པ་གཅིག །དྲང་སྲོང་རིག་འཛིན་རྣམས་དང་སྨོན་ལམ་གཅིག །ལྷ་སྲིན་སྡེ་བརྒྱད་རྣམས་དང་མཐུ་རྩལ་གཅིག །ཚོགས་ཀྱི་བདག་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །སྟོང་གསུམ་འདིའམ་སྟོང་གསུམ་གཞན་དག་ན། །ལ་དུ་ལ་ཕུག་ལ་སོགས་ཡིད་བཞིན་ཟས། །ཐང་སྐྱེས་ཆུ་སྐྱེས་ལ་སོགས་ལོངས་སྤྱོད་རྐྱེན། །འཆི་མེད་བདུད་རྩི་ལ་སོགས་དམ་ཚིག་ཆུ། །རིམ་གསུམ་མཆོད་པས་ཚོགས་བདག་མཉེས་གྱུར་ཅིག །ༀ་ཤྲཱི་མ་ཧཱ་ཀཱ་ལ་ག་ན་པ་ཏི། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ས་པ་རི་ཝཱ་ར་བ་ལིངྟ་ཨི་དཾ་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ཧཱ་བ་ལིངྟ་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་ཀེཾ་ནི་རི་ཏི་ཁཱ་ཧི། དྷཱུ་པཾ་པུཥྤཾ། དཱི་པཾ། གནྡྷཾ། མ་ཧཱ་སུ་ཁ་ཧོཿ རྡོ་རྗེ་ཅན་གྱི་རྣལ་འབྱོར་ཁྱོད། །རྡོ་རྗེ་ཅན་དུ་གཅིག་ངེས་ན། །གསང་བ་གསུམ་དང་མཉམ་པའི་ཕྱིར། །མི་ཕྱེད་རྡོ་རྗེེ་དམ་ཚིག་སྦྱིན། །མི་ཕྱེད་རྡོ་རྗེའི་དམ་ཚིག་འདི། །གསང་བ་གསུམ་གྱི་དབྱིངས་ནས་བྱུང་། །དཀྱིལ་འཁོར་གསུམ་གྱི་དམ་ཚིག་འདི། །གྲུབ་ནས་འཇིག་པའི་དུས་མེད་དོ། །ༀ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཨ་ཧི་ཧཱི་ས་མ་ཡ་ཧཱུཾ་ཧྲཱི་ཋཱཿ གསང་བ་གསུམ་གྱི་དམ་པ་རྣམས། །ཁྱེད་ཀྱིས་རབ་ཏུ་བསླུས་གྱུར་ན། །དེ་ཀུན་ཁྲོས་ནས་ཁྲག་ཆེན་པོ། །ཉམས་པའི་སྙིང་ནས་དྲངས་ཏེ་འཐུང་། ཨི་དནྟེ། ན་ར་ཀན་ཏེ་བྷ་ར་ཧྲི་ད་ཡེ། ན་མ་བྷ་ཏི་ནན། ས་མ་ཡ་རཀྵ་སི། སི་ཏི་བྷི་ན་བཛྲ། ཨ་མྲྀ་ཏོ་ཏེ་ཀན་ནར་བུ་ཙ་ར་བུ། རྡོ་རྗེ་དྲི་ཡི་བདུད་རྩི་མཆོག །པཉྩ་ཨ་མྲྀ་ཏ་དང་སྦྱར། །བསྲེ་བའི་མཆོག་སྟེ་སྲོག་གི་སྙིང་། །སྙིང་དང་སྙིང་གི་སྤུན་དུ་བྱའོ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ས་མ་ཡ་ཨ། བདག་གིས་ལན་གསུམ་བླངས་བྱས་ཏེ། །ཚོགས་བདག་ལ་ཡང་ལན་གསུམ་སྦྱིན། །མ་ཧཱ་མཚོ་གླིང་སྒྲུབ་གནས་སུ། །རྡོ་རྗེ་སྲིན་པོའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་པའི། །དམ་ཚིག་གཉན་ལ་ཁྱེད་མ་འདའ། །ཤྲཱི་མ་ཧཱ་ཀཱ་ལ་ས་མ་ཡ་སྟྭཾ། ཧཱུཾ། ཚོགས་ཀྱི་བདག་པོ་མཐུ་པོ་ཆེ། །བར་སྣང་ཁམས་སུ་རྒྱུ་བ་ལ། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཡིས། །ལག་ཏུ་རྡོ་རྗེ་བྱིན་ནས་ནི། །རྡོ་རྗེའི་མིང་གི་དབང་བསྐུར་བ། །མངགས་བྱེད་ཅེས་ཀྱང་བཏགས་པ་སྟེ། །ཚོགས་ཀྱི་བདག་པོ་ཆེན་པོར་གྲགས། །མ་ཧཱ་ཀཱ་ལ་མཐུ་བོ་ཆེ། །འཆིང་བྱེད་རྡོ་རྗེ་ཕྲེང་བ་ཅན། །བདག་གིས་བསྙེན་ཅིང་མཆོད་པ་ལས། །གཞུང་དང་འགལ་བ་བཟོད་པར་གསོལ། །ཕྲིན་ལས་སྙན་སྙུན་གསོལ་བ་ནི། །ལྷ་ཡི་དགྲ་ལྷ་ཆེན་པོར་གསོལ་བཏབ་ནས། །རྣལ་འབྱོར་ཡོངས་ཀྱི་ཕོ་ཉར་ཞལ་འཆེས་ཤིང་། །ལྷ་མིན་དམག་ཚོགས་འདུལ་བའི་ཐུགས་དམ་ཅན། །བདག་གིས་བཅོལ་བའི་ལས་རྣམས་གྲུབ་པར་མཛོད། དམ་ཉམས་དགྲ་བོ་མྱུར་དུ་བསྒྲལ་དུ་གསོལ། །རྡོ་རྗེ་བྲག་ཆེན་གདན་སྟེང་ནས། །བསྙེན་པའི་ཚུལ་གྱིས་བཀའ་སྡོད་པ། །ཙན་དན་དབྱུག་པ་སྔོན་པོ་ཡིས། །ཁམས་གསུམ་རྡུལ་དུ་རློག་མཛད་པ། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །བདག་ནི་དགྲ་བགེག་ཚོགས་དང་གཡུལ་འགྱེད་ན། །ཡུན་གྱི་མགོ་དང་དཔང་དུ་ཁྱེད་གསོལ་གྱི། །ལོག་འདྲེན་དགྲ་བགེགས་རྡུལ་དུ་བརླག་པ་དང་། །བདག་གི་རྒྱལ་ཁ་འཕེལ་བར་མཛད་དུ་གསོལ། །དམ་ཚིག་དབང་གིས་ལུས་དང་གྲིབ་མ་བཞིན། །འགྲོགས་ཏེ་བདག་དང་འཁོར་ཚོགས་བསྲུང་དུ་གསོལ། །དམ་ཉམས་དགྲ་བགེགས་མྱུར་དུ་བསྒྲལ་དུ་གསོལ། །ཚོགས་བདག་ཁྱོད་ཀྱི་འཁོར་ཚོགས་ཀྱིས། །བཀའ་ཉན་རྣམས་ཀྱིས་བདག་ལ་ཁྲམ་བཏབ་ན། །ཁྲམ་ཁ་ཕྱེས་ཤིང་བར་ཆད་བཟློག་ཏུ་གསོལ། །ཚེ་དང་རྫུ་འཕྲུལ་མཐུ་དང་མངོན་ཤེས་དང་། །རིགས་བརྒྱུད་ལོངས་སྤྱོད་ཆོས་ཀྱི་དངོས་གྲུབ་གསོལ། །སྙིང་ནས་བསྟན་པ་བཤིག་པ་དང་། །རྡོ་རྗེ་སློབ་དཔོན་སྨོད་པ་དང་། །དམ་ཚིག་གཉན་པོ་འབྲལ་བྱེད་དང་། །སྒྲུབ་ལ་བར་ཆད་བྱེད་པའི་དགྲ། །སོད་ཅིག་ཆོམས་ཤིང་བསྒྲལ་དུ་གསོལ། །འདི་ཡེ་ཤ་ཟོ་ཁྲག་ལ་འཐུང་། །རུས་པ་ཀླད་པ་ནང་ཁྲོལ་ཟོ། །བདུན་བརྒྱུད་རྩད་ནས་བཅད་པར་གྱིས། །ༀ་ཤྲཱི་མ་ཧཱ་ཀཱ་ལ་ཡ་མ་མ་སརྦ་ཤ་ཏྲུཾ། ཨ་མུ་ཀཾ །མ་ཛ་མེ་ཏ་བཾ་སཾ་མཾ་ས། རུ་ཏི་ར། དཱི་པཾ། སུ་ག །པྲི་ཡཾ། བཀྴ་ནི། ཨི་དཾ་བ་ལི་ན་གྲྀ་ཧྞ་གྲྀ་ཧྞ། ཁ་ཁ། ཁཱ་ཧི་ཁཱ་ཧི། བྷུ་ཛ་ཧོ། བྷི་བི་ཏོ་ས་མ་ཡ་ཨ་ཏེ་ཀྲ་མ་ཡ་སྭཱ་ཧཱ། དབང་གི་དུས་བུམ་པའི་གཟུངས་ཐག་བླངས་ཏེ་གོང་གི་བསྙེན་སྒྲུབ་བཞི་སྦྲེལ་གྱི་སྔགས་བཟླ་ཞིང་། བུམ་ནང་གི་ལྷར་འོད་ཟེར་སྤྲོ་བསྡུ་བདུད་རྩི་དབབ་པ་སོགས་སྤྱི་ལྟར་དང་། རྟེན་གཏོར་དང་མདུན་བསྐྱེད་ལ་ཡང་ཐུགས་བརྒྱུད་བསྐུལ་བའི་དམིགས་པ་བྱའོ། །རྒྱུན་གྱི་བསྐང་གསོལ་དཀྱུས་བཞིན་མ་གཏོགས་འདིར་བཟླས་པ་བྱ་མི་དགོས་སོ། །ཧོཿ དཔལ་མ་ཧཱ་ཀཱ་ལ་ཚོགས་ཀྱི་བདག་པོ་འདུས་པ་ཆེན་པོའི་རྣལ་འབྱོར་ཕོ་མོའི་ཚོགས་དང་བཅས་པ་དགོངས་སུ་གསོལ། སྔོན་བཅོམ་ལྡན་འདས་ཀྱི་འཁོར་རྣམས་བསྲུང་བར་ཞལ་གྱིས་བཞེས་ནས། ལྷ་མི་མང་པོས་ལྷའི་དགྲ་ལྷ་ཆེན་པོར་མངའ་གསོལ་ཏེ། ལྷ་མ་ཡིན་གྱི་གཡུལ་བཟློག་ཅིང་། གླང་པོ་ཆེ་སྣ་ཡོན་བཏུལ་བ་དང་། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་རྡུལ་དུ་བརླག་སྟེ། བགེགས་ཀྱི་རྒྱལ་པོ་བྱི་ན་ཡ་ག་ཇི་ལྟར་བཏུལ་བ་དང་། སེང་གེ་བཟང་བཙན་རྒྱལ་ལྟ་བ་ལོག་སྟེ། དགེ་སློང་མའི་བདུད་དུ་གྱུར་ཏེ། ཉང་ཤ་མི་གོ་ཆས་མགོན་པོ་རྩེ་གཅིག་ཏུ་བསྒྲུབས་ཏེ། ལྷ་མ་ཡིན་གྱི་བུ་མོ་ནམ་མཁའི་གློག་མ་སྤྲིན་གྱི་ལྷ་རུ་གྱུར་པ་རྡུལ་དུ་བརླག་སྟེ། ཕྱི་རབས་ཀྱི་རྣལ་འབྱོར་པ་རྣམས་ཀྱི་དགྲ་བགེགས་འདུལ་བར་ཞལ་གྱིས་བཞེས་པ་དེ་བཞིན་དུ། བདག་ཅག་བཀའ་དང་དམ་ལ་མོས་པ་རྣམས་ཀྱིས་རྩེ་གཅིག་ཏུ་བསྟེན་ཏེ་མཆོད་ཅིང་བསྒྲུབས་ནས། ཐུགས་དམ་རྒྱུད་བསྐུལ་བས་བསྟན་པ་བཤིག་པའི་དགྲ་བགེགས་ཆེ་གེ་མོ་འདི་ལོ་གྲངས་དང་ཞག་གྲངས་སུ་མ་བཞག་པར་རྟགས་དང་མཚན་མ་དབྱུང་དུ་གསོལ། ཕན་ཞིང་གསོ་བའི་ཆོ་ག་བྱས་ན་ཡང་སྨོན་ལམ་ཡིད་བཞིན་དུ་འགྲུབ་སྟེ། བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་སྨོན་ནོ། །མགོན་པོ་ཁྱོད་མཆོད་བྱིན་རླབས་ཀྱིས། །ཕྱོགས་དང་དུས་ཀུན་ཐམས་ཅད་དུ། །སེམས་ཅན་ལེགས་དོན་འབྱོར་བ་ལ། །བགེགས་ཀྱི་རྣམ་པ་ཀུན་མེད་ཤོག །རྟ་དང་བ་ལང་ནོར་དང་འབྲུ། །བུ་ཚ་ཕ་མ་གཉེན་བཤེས་རྣམས། །དགེ་ཞིང་ཚེ་རིང་ནད་མེད་པར། །ཐམས་ཅད་འབྱོར་བ་ལྡན་པར་ཤོག །དགྲ་བོས་ཉེས་བྱེད་མེད་འགྱུར་ཞིང་། །ནད་དང་མུ་གེ་ཀུན་མེད་ཤོག །རྒྱལ་པོ་དགེ་ཞིང་དེས་པ་རྣམས། །ཆོས་ཀྱི་ཡུལ་འཁོར་སྐྱོང་བར་ཤོག །བདེ་བར་གཤེགས་པའི་བསྟན་པ་འདི། །ཕྱོགས་བཅུ་ཀུན་ཏུ་དར་བ་དང་། །མྱུར་དུ་སེམས་ཅན་ཐམས་ཅད་ཀྱང་། །ཆོས་ཀྱི་སྣོད་དུ་འགྱུར་བར་ཤོག །དགེ་བ་ཐམས་ཅད་སྤྱད་སྔོ་ཞིང་། །མགོན་པོ་ཁྱོད་མཆོད་བྱིན་རླབས་ཀྱིས། །བདག་ཅག་འཁོར་དང་བཅས་པ་རྣམས། །ལོངས་སྤྱོད་རྣམ་གཉིས་རྫོགས་པར་སྨོན། །བདག་ཅག་བྱང་ཆུབ་མཆོག་ཐོབ་ནས། །ཁྱོད་དང་མི་འབྲལ་འགྲོགས་པར་ཤོག །སྔགས་འཛབ་ཏུ་བཟླས། བཅོལ་བྱ། གཏོར་མ་བྱང་ཤར་དུ་བསྐྱལ་ལོ། །ཚོགས་བདག་རྒྱུན་གྱི་ཡི་དམ་རྫོགས་སོ། །བསྐང་བཤགས་ནུབ་དགོན་ལུགས། །དཔལ་མགོན་ནག་པོ་ལ་ཕྱག་འཚལ་ལོ། །དེ་བསྒྲུབ་པའི་ཚེ། ཉམས་ན་སྒྲུབ་རྟགས་མི་འབྱུང་བས། བསྐང་བའི་ཆོ་ག་བྱ་བ་ནི། རྣལ་འབྱོར་པ་ཁྲུས་བྱས་ལ། བྱ་རོག་གི་རྒྱལ་མཚན། དར་ནག་པོ། བཤོས་བུ་དམར་ནག །རྒྱུད་ལུགས་ཀྱི་གཏོར་མ་ཆེན་པོ། བདུད་རྩི་སྨན། ཤ་ཆེན་དུད་པ། ཚིལ་ཆེན་མར་མེ། དམ་ཆེན་ཨརྒྷཾ། རྒྱུན་གྱི་གཏོར་མ། ལ་ཕུག །ཉ་ཤ །སྒོ་ང་། ལ་དུ། རྒུན་འབྲུམ། འབྲས་ཆེན། མི་རྐང་གླིང་བུ། བྱ་ནག །ལུག་ནག །སྙིང་ཆེན། ཙིཏྟ། གོས་ནག །ཞྭ་ནག །འབྲུ་ཆེན། ཤིང་ཏོག །མཆོད་རྫས། རྟེན་རྫས། བསྐང་རྫས། དམ་རྫས་སྣ་ཚོགས་ཚང་བར་བསགས་ལ། མཆོད་ཅིང་བསྐང་བ་འདི་སྐད་དོ། །ཧཱུཾ། བདག་ནི་རིག་འཛིན་སྒྲུབ་པ་པོ། །བདག་ནི་རྣལ་འབྱོར་ཐུགས་དམ་ཅན། །དམ་ལ་གནས་ཤིང་ལྷ་ལ་འཕྲེང་། །ཁྱོད་ཀྱི་སྲུང་མ་མཐུ་རྩལ་ཅན། ཧོཿ དགོངས་ཤིག་མ་ཧཱ་ཀཱ་ལའི་ཚོགས། །དགོངས་ཤིག་ལེགས་ལྡན་ནག་པོའི་ཚོགས། །སྔོན་ཚེ་དཔལ་གྱི་སྤྱན་སྔ་རུ། །རྒྱལ་བ་ཤཱཀྱ་ཐུབ་པ་དང་། །ཕྱག་ན་རྡོ་རྗེའི་སྤྱན་སྔ་རུ། །བསྟན་པ་བསྲུང་བར་ཞལ་བཞེས་པའི། །ཁྱེད་ཀྱི་ཐུགས་དམ་གཉན་པོ་འདི། །ད་ལྟ་རྣལ་འབྱོར་རྗེས་བསྐུལ་ན། །བསྒྲུབ་ཅིང་བསྐུལ་ཞིང་གཤེགས་སུ་གསོལ། །མ་ཧཱ་ཀཱ་ལ་གནས་འདིར་སྤྱོན། །ཆོས་སྐྱོང་ཆེན་པོ་གནས་འདིར༴ ལྷ་ཆེན་དཔལ་འབར༴ ལེགས་ལྡན་ནག་པོ༴ རྣལ་འབྱོར་དགྲ་ལྷ༴ རིག་འཛིན་སྲུང་མ༴ སྲིང་གཅིག་ལྷ་མོ༴ གསང་བའི་ཡུམ་དང་བཅས་ཏེ་གཤེགས་སུ་གསོལ། །ཀྱེ། བོས་སོ་མགོན་པོ་སྙན་མ་སྲ། །བོས་སོ་ཆོས་སྐྱོང་སྙན་མ་སྲ། །བོས་སོ་བདུད་རྒྱལ་སྙན་མ་སྲ། །གཡབ་བོ་ལེགས་ལྡན་སྤྱན་མ་རྟུལ། །བསྟེན་ནོ་མགོན་པོ་རྒྱང་མ་རིང་། །བསྒྲུབ་བོ་མགོན་པོ་གང་མ་གཡེལ། །བསྐུར་རོ་མགོན་པོ་འཕྲང་མ་དོག །རྦད་དོ་ལེགས་ལྡན་མཐུ་མ་ཆུང་། །བསྐུལ་ལོ་མགོན་པོ་བང་མ་བུལ། །དོ་ནུབ་དམ་སྐྱོང་གནས་འདིར་སྤྱོན། །དོ་ནུབ་ཆ་དང་ཁྲིམས་ལ་དགའ། །གྲོགས་པོ་བྱའོ་གཞུང་མ་ངན། །མཛའ་བོ་བྱ་འོ་རོ་མ་དོར། །མནའ་ཐོ་བསྟེན་ནོ་ཕྲག་མ་དོག །རྗེ་བོར་བྱའོ་དབང་མ་ཆེ། །བྲན་ལྟར་བསྐུལ་ལོ་རྒྱུད་མ་ངན། །སྲིང་ཅིག་ལྷ་མོ་ད་ཚུར་སྤྱོན། །སྲིང་ལྟར་བསྟེན་ནོ་དབང་མ་ཆེ། །སྲིང་ལྟར་བསྟེན་ནོ་ཚུལ་མ་ངན། །གཟུངས་ལྟར་བསྟེན་ནོ་ཕྲག་མ་དོག །འཁོལ་ལྟར་བསྟེན་ནོ་སྙིང་མ་རིང་། །ཁྱེད་དམ་ཚིག་གཉན་ལ་མི་སེམས་ན། །དང་པོའི་ཆད་པ་འདི་མིན་ནམ། །སངས་རྒྱས་བསྟན་པ་བསྲུང་བ་དང་། །དཀོན་མཆོག་དབུ་འཕང་བསྟོད་པ་དང་། །རྣལ་འབྱོར་དགྲ་ལྷ་བྱ་བ་དང་། །གདུག་པའི་དགྲ་བགེགས་བསྒྲལ་བ་དང་། །དམ་ཚིག་གཉན་པོ་བསྲུང་བ་དང་། །དམ་ཚིག་འདའ་བར་མ་ཆད་དོ། །བསྟན་པ་བསྲུང་བར་མ་བྱས་སམ། །དམ་ལས་མ་གཡེལ་ད་ཚུར་སྤྱོན། །བཅོལ་བའི་ལས་འདི་མ་བྱས་ན། །དང་པོའི་ཆང་ལས་མནའ་ཡང་ཟོས། །བདེ་གཤེགས་རྒྱལ་བའི་བཀའ་ཡང་བསླུས། །རྣལ་འབྱོར་བདག་གི་ཡིད་ཀྱང་ཆད། །དང་པོའི་ཆད་ལས་མནའ་ཟོས་ན། །དམ་ཚིག་ཉམས་ཀྱི་ཆད་པ་ཡོད། །བཀའ་ཡི་སྨོད་པས་སྡིགས་པར་མཆིའོ། །དེ་ཡི་དམ་ལས་མ་འདའ་བར། །བསྐུལ་ནས་མ་རིངས་ལས་འདི་མཛོད། །ཐུགས་དམ་གཉན་པོ་བདག་བསྐང་ངོ་། །བདག་ཀྱང་དམ་ལས་མི་འདའ་འོ། །ཁྱེད་ཀྱང་དམ་ལས་མ་འདའ་བར། །གཉིས་ཀ་དམ་ལས་མི་འདའ་འཚལ། །དེ་ཙམ་མཚང་ནས་མ་བརྒལ་ན། །མི་ཤེས་སྙམ་ནས་སྙོམས་ལས་བྱེད། །ཀྱེ། ཉོན་དང་མགོན་པོ་ཐོད་ཕྲེང་ཅན། །ཉོན་དང་ཆོས་སྐྱོང་ནག་པོ་ཚོགས། །ཉོན་ཅིག་སྲིང་ཅིག་རེ་མ་ཏི། །རྒྱལ་བས་བཀའ་ལ་མི་བདེན་མེད། །ཟབ་མོའི་དོན་ལ་མི་སེམས་མེད། །ཟས་དང་སྐོམ་ལ་མི་ཆགས་མེད། །དོ་ནུབ་ཁྱོད་ཀྱི་ཐུགས་དམ་བསྐང་། །དོ་ནུབ་ཉམས་ཆག་མ་ལུས་བསྐང་། །དོ་ནུབ་ཞིག་རལ་མ་ལུས་བསྐང་། །དོ་ནུབ་ལྷ་ལ་བཤགས་པར་བགྱི། །དོ་ནུབ་ལྷ་ལ་སེམས་འཁོན་སྦྱོང་། །དོ་ནུབ་མཉེས་པའི་ཟས་ཤིག་འདྲེན། །དོ་ནུབ་བཟའ་བའི་གཞུང་ཞིག་བྱེད། །དོ་ནུབ་བྱས་པའི་ལན་ཅིག་ལྡོན། །དོ་ནུབ་བརྔན་པའི་གཏང་རག་གཏོང་། །དོ་ནུབ་ཕྱི་མའི་ཞུ་སྐྱེམས་འདྲེན། །ཀྱེ། བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་། །བཤགས་སོ་དམ་ཚིག་སོ་རུ་བཤགས། །ཀྱེ། མ་ཧཱ་ཀཱ་ལ་ཚུར་གསོན་དང་། །དཔལ་ལྡན་མགོན་པོ་ཚུར་གསོན་དང་། །ལེགས་ལྡན་ནག་པོ་ཚུར་གསོན་དང་། །ཁྱོད་ཀྱི་ཐུགས་དམ་བསྐང་བ་ནི། །ཐམས་ཅད་གྱུར་པའི་པཉྩ་དང་། །རཀྟ་དམར་གྱི་ཨརྒྷཾ་དང་། །ཤ་ཁྲག་འཁྱིལ་བའི་གཏོར་མ་དང་། །སྣང་གསལ་འོད་ཀྱི་ཞུན་མར་དང་། །ཤ་ཆེན་སྤོས་ཀྱི་དུད་སྤྲིན་དང་། །ཚོགས་ཀྱི་ཞལ་ཟས་མང་པོ་དང་། །མགོན་ལུག་ནག་པོ་སྤྱི་དཀར་དང་། །བྱ་མོ་ནག་པོ་གསེར་མིག་དང་། །མཆོད་པའི་བརྟེན་པའི་དམ་རྫས་ཀྱིས། །ཆོས་སྐྱོང་རྣམས་ཀྱི་ཐུགས་དམ་བསྐང་། །བརྟེན་པའི་དམ་རྫས་ཡིན་པའི་ཕྱིར། །མདའ་བྱ་རྒོད་མ་སྐུ་ཡི་རྟེན། །ཆོས་ཀྱི་སྐུ་ཡིས་ཐུགས༴ རཀྟ་རྣམ་གསུམ་གསུང་གི་རྟེན། །གསུང་གི་རྟེན་གྱིས་ཐུགས༴ ཙིཏྟ་རྣམ་གསུམ་ཐུགས་ཀྱི་རྟེན། །ཐུགས་ཀྱི་རྟེན་གྱིས་ཐུགས༴ གནས་གསུམ་ནག་པོ་ཕྱི་ཡི་རྟེན། །ཕྱི་ཡི་རྟེན་གྱིས་ཐུགས༴ བྱ་ནག་རྒྱལ་མཚན་ནང་གི་རྟེན༴ ནང་གི་རྟེན་གྱིས་ཐུགས༴ གྲི་ཐོད་སྙིང་ཆེན་གསང་བ་རྟེན། །གསང་བའི་རྟེན་གྱིས་ཐུགས༴ འབོད་པའི་དམ་རྫས་ཡིན་པའི་ཕྱིར། །གཡབ་དར་ནག་པོས་ཐུགས༴ དམ་ཚིག་གཉན་པོ་བསྲེ་བའི་ཕྱིར། །བདུད་རྩི་སྨན་གྱིས་ཐུགས༴ རཀྟ་སྐོམ་དུ་འཐུང་བའི་ཕྱིར། །དམར་ཆེན་ཨརྒྷས་ཐུགས༴ མཉེས་བྱེད་སྐོམ་དུ་འཐུང་བའི་ཕྱིར། །སུ་ར་ཆང་གིས་ཐུགས༴ རྟག་ཏུ་མི་འབྲལ་འགྲོགས་པའི་ཕྱིར། །གཏའ་གཏོར་ཆེན་པོས༴ རྒྱུན་དུ་ཕྲིན་ལས་བཅོལ་བའི་ཕྱིར། །རྒྱུན་གྱི་གཏོར་མས་ཐུགས༴ རྦད་པའི་དམ་རྫས་ཡིན་པའི་ཕྱིར། །ཁྱི་ནག་སྙིང་གིས་ཐུགས༴ གསང་བའི་དམ་རྫས་ཡིན་པའི་ཕྱིར། །ཙིཏྟ་སྙིང་གིས་ཐུགས༴ བསྒྲལ་བའི་དམ་རྫས་ཡིན་པའི་ཕྱིར། །ལུག་ནག་སྙིང་གིས་ཐུགས༴ བསྐང་བའི་དམ་རྫས་ཡིན་པའི་ཕྱིར། །ལུག་ནག་སྤྱི་དཀར་ཐུགས༴ དགྱེས་པའི་དམ་རྫས་ཡིན༴ མཁའ་ལྡིང་ནག་པོས་ཐུགས༴ སྲིང་མོའི་དམ་རྫས་ཡིན་པའི་ཕྱིར། །ནལ་བུའི་རྒྱལ་མཚན་ཐུགས༴ འདུན་པའི་དམ་རྫས་ཡིན་པའི་ཕྱིར། །མི་རྐང་གླིང་བུས་ཐུགས༴ མཱཾ་ས་ཟས་སུ་ཟ་བའི་ཕྱིར། །ཤ་ཆེན་བདུན་རྩིས་ཐུགས༴ ཤངས་ཀྱི་དབང་པོ་ཚིམ་མཛད་པའི། །གསུར་ཆེན་དུད་པས་ཐུགས༴ ལྗགས་ཀྱི་དབང་པོ་ཚིམ་མཛད་པའི། །བཤོས་བུ་དམར་ནག་ཐུགས༴ སྤྱན་གྱི་དབང་པོ་ཚིམ་མཛད་པའི། །ཚིལ་ཆེན་མར་མེས་ཐུགས༴ སྙན་གྱི་དབང་པོ་ཚིམ་མཛད་པའི། །རོལ་མོ་སྒྲ་ཡིས་ཐུགས༴ མཐུན་པའི་དམ་རྫས་ཡིན་པའི་ཕྱིར། །གོས་ནག་ཞྭ་ནག་ཐུགས༴ མཆོད་པའི་དམ་རྫས་ཡིན་པའི་ཕྱིར། །ཉ་ཤ་ལ་ཕུག་ལ་དུས་ཐུགས༴ སྒྲུབ་པའི་དམ་རྫས་ཡིན་པའི་ཕྱིར། །སྔགས་དང་ཕྱག་རྒྱས་ཐུགས༴ དགྱེས་ཤིང་དངོས་གྲུབ་བླང་བའི་ཕྱིར། །ཚོགས་དང་གཏོར་མས་ཐུགས༴ ནག་པོ་ཆེན་པོའི་ཐུགས༴ ཆོས་སྐྱོང་མགོན་པོའི་ཐུགས༴ དཔལ་ལྡན་ཆེན་པོའི་ཐུགས༴ ལེགས་ལྡན་ནག་པོའི་ཐུགས༴ ལྷ་ཡི་དམག་དཔོན་ཐུགས༴ རིགས་བཞི་མགོན་པོའི་ཐུགས༴ སྤྲུལ་པའི་མགོན་པོའི༴ ལས་ཀྱི་མགོན་པོའི༴ ཕྱག་བརྙན་མགོན་པོའི༴ ཕོ་ཉ་མགོན་པོའི༴ ཕྱོགས་སྐྱོང་མགོན་པོའི༴ གཙུག་ཏོར་དཀར་མོ་སྐུ་ཡི་ཡུམ། །སྐུ་ཡི་ཡུམ་གྱི་ཐུགས༴ ཨ་ར་པ་ཙ་གསུང་གི་ཡུམ། །གསུང་གི་ཡུམ་གྱི་ཐུགས༴ ཡཀྴ་པ་ཏེ་ཐུགས་ཀྱི་ཡུམ། །ཐུགས་ཀྱི་ཡུམ་ཡི་ཐུགས༴ ལི་ས་དྷོ་ད་ཡོན་ཏན་ཡུམ། །ཡོན་ཏན་ཡུམ་གྱི་ཐུགས༴ བྱི་ཏ་ར་ནི་ལས་ཀྱི་ཡུམ། །ལས་ཀྱི་ཡུམ་གྱི་ཐུགས༴ ཀ་པུར་ཀ་ནི་ཕོ་ཉ་ཡུམ། །ཕོ་ཉའི་ཡུམ་གྱི་ཐུགས༴ དཀར་ཤ་མ་ནི་མགྱོགས་བྱེད་ཡུམ། །མགྱོགས་བྱེད་མ་ཡི་ཐུགས༴ དུར་ཁྲོད་མ་བདུན་ཐུགས༴ ཀླུ་མོ་བསྲུང་བཞི་རྣམས་དང་ནི། །དུར་ཁྲོད་བདག་མོ་གྲུ་འདེགས་བཞི་རྣམས་དང་། །སྲིན་མོ་ཆེན་མོ་ཉི་ཤུ་བརྒྱད་ཀྱི་ཐུགས༴ མ་ཧཱ་ཀཱ་ལའི་ལྷ་ཚོགས་རྣམས། །ཚོགས་བདག་མགོན་པོ་འཁོར་དང་བཅས། །ཡང་དག་སྲུང་མར་དམ་བཅས་ཤིང་། །བསྟན་པ་བསྲུང་བར་ཁས་བླངས་པའི། །ལེགས་ལྡན་ནག་པོ་བདུད་ཀྱི་རྗེ། །གསང་མཚན་རྡོ་རྗེ་རོ་ལངས་ཏེ། །ཉེ་གནས་ཀྲོ་དྷི་ཤྭ་རཱི་མ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །གནོད་སྦྱིན་སྡེ་བཞི་ཐུགས་དམ་ཅན། །ཀྲོ་དྷ་ཁྲོ་བོ་གིང་གི་ཚོགས། །ཡཀྴ་གནོད་སྦྱིན་དྲེགས་པའི་ཚོགས། །རཀྴ་སྲིན་པོ་རྔམ་པའི་ཚོགས། །ཙིཏྟ་ཟ་བྱེད་མ་མོའི་ཚོགས། །སངས་རྒྱས་བསྟན་པ་བསྲུང་དུ་གསོལ། །བཀའ་སྡོད་ལས་མཁན་བཤན་པ་ནི། །ནག་པོ་གྲི་གུག་ཐོད་ཁྲག་འཐུང་། །ཁྱོད་ནི་བཀའ་ཡི་ལས་མཁན་ཏེ། །དམ་ཉམས་དགྲ་བགེགས་སྒྲོལ་བའི་ཕྱིར། །དམ་རྫས་མཆོད་པ་འདི་བཞེས་ལ། །བསྟན་པའི་དགྲ་བགེགས་མྱུར་དུ་སྒྲོལ། །ༀ་བྷུར་ཀུར་མ་ཧཱ་ཀཱ་ལ་རཀྨོ་ཀྲོ་ཏི་ཤྭ་རཱི་ནག་མོ་ཏིང་ལཾ་མ་ཧཱ་བ་ལིངྟ་ཁཱ་ཧི། རཀྟ༴ ཙིཏྟ༴ གོ་རོ་ཙ་ན༴ ཀེཾ་ནི་རི་ཏི༴ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཀྲོ་དྷ༴ ཡཀྴ༴ རཀྴ༴ ཙིཏྟ་ཛྭ་ལ་ས་མ་ཡ་མ་ཧཱ་བ་ལིངྟ་ཁཱ་ཧི། ལ་སོགས་པ་བརྗོད་དོ། །ཧོཿ དཔལ་མ་ཧཱ་ཀཱ་ལ་རིག་འཛིན་གྱི་སྲོག་ཤིང་། རྣལ་འབྱོར་གྱི་བདུད་འདུལ། གསང་སྔགས་ཀྱི་དགྲ་ལྷ། རིག་འཛིན་གྱི་དབང་ཕྱུག །ཆོས་སྐྱོང་ཡོངས་ཀྱི་རྗེ་བོ། སྲིན་པོ་བྱའི་གཤོག་པ་ཅན། ལྗང་ནག་ཆེན་པོ་ཕྱག་ན་ཙནྡན་གྱི་བེང་ཆེན་བསྣམས་ནས་བྱང་ཕྱོགས་གནོད་སྦྱིན་གྱི་ཕྱིར་འབྲང་ཞིང་། ལྷོ་ཕྱོགས་གཤིན་རྗེའི་སྣ་འདྲེན་པ། ཚོགས་བདག་ཆེན་པོ་བཞིའི་མངའ་བདག །མོན་པ་ནག་པོ་དང་། མགོན་པོ་ནག་པོའི་ཚོགས་ལ་དབང་བསྒྱུར་བ་ཁྱེད་དམ་རྫས་ཀྱི་གཏོར་མ་ཆེན་པོའི་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་ཕྲིན་ལས་རྒྱ་ཆེན་པོ་མཛད་དུ་གསོལ། ཞེས་པ་ལ་སོགས་པ་གང་འདོད་པའི་སྨོན་ལམ་གདབ། ཚོགས་འབུལ་སྨན་རཀ་གཏོར་མར་སྦྲེང་། མགོན་པོ་ལེགས་ལྡན་གྱི་བཤགས་པའི་ཡིག་ཆུང་ངོ་། །ཧཱུཾ། དཔལ་ཆེན་རྡོ་རྗེ་སྲིན་པོའི་ལྷ་ཚོགས་དང་། །ལེགས་ལྡན་ནག་པོ་འཁོར་བཅས་དགོངས་སུ་གསོལ། །གསང་སྔགས་ཐེག་ཆེན་བསླབ་པའི་སྒོར་ཞུགས་ནས། །དུས་གསུམ་རྒྱལ་བ་རྣམས་ཀྱི་སྤྱན་སྔ་རུ། །ཐུན་བཞིའི་རྣལ་འབྱོར་བསྒོམ་པར་ཁས་བླངས་ནས། །ཐ་མལ་ལས་ལ་ཡེངས་པ་མཐོལ་ལོ་བཤགས། །བདེ་གཤེགས་ཐུགས་རྒྱུད་བསྐུལ་བར་ཁས་བླངས་ནས། །དོན་མེད་ལོང་གཏམ་སྨྲ་བ་མཐོང་ལོ༴ གཉིས་མེད་ཡེ་ཤེས་སྒོམ་པར་ཁས་བླངས་ནས། །ཆགས་སྡང་རྟོགས་པའི་དབང་གྱུར༴ ཕྱི་ནང་གསང་རྟེན་འཛུགས་པར་ཁས་བླངས་ནས། །དགོངས་པའི་དམ་རྫས་མ་ཚོགས༴ དགྱེས་པའི་མཆོད་གཏོར་འབུལ་བར་ཁས་བླངས་ནས། །སྙོམས་ལས་ལེ་ལོར་གྱུར་པ༴ མན་ངག་སྦས་ནས་བསྒྲུབ་པར་ཁས་བླངས་ནས། །གསང་གཏམ་ཁྲོམ་དུ་བསྒྲགས་པ༴ གསུང་གི་བཀའ་བཞིན་བསྒྲུབ་པར་ཁས་བླངས་ནས། །གཟུ་ལུམ་རས་ཆོད་གྱུར་པ༴ དམ་རྫས་ཕུད་ཀྱི་མཆོད་པར་ཁས་བླངས་ནས། །འབགས་བཙོག་ཉེར་པས་གྱུར་པ༴ དམ་ཚིག་གཙང་མར་བསྲུང་བར་ཁས་བླངས་ནས། ཉམས་ཆག་སྒྲིབ་སྙོན་གོས་པ༴ མཉེས་པའི་གཏོར་མ་གཏོང་བར་ཁས་བླངས་ནས། །གཏོར་ཚོགས་འབྱོར་བ་ཆུང་བ༴ རཀྟའི་མཆོད་པ་གཏོར་བར་ཁས་བླངས་ནས། །མཆོད་པ་དུས་སུ་མ་ཐོངས༴ ལས་བཞི་གཏོར་མས་བསྐུལ་བར་ཁས་བླངས་ནས། །ཐུགས་དམ་དུས་སུ་མ་སྐོང་༴ མཉེས་པའི་གཏང་རག་གཏོང་བར་ཁས་བླངས་ནས། །ཚོགས་གཏོར་འབྱོར་བ་ཆུང་བ༴ གཞན་ཡང་བཤགས་པ་གཉན་པོ་འབུལ་པ་ནི། །བདག་ཅག་རྣལ་འབྱོར་མཆེད་དང་ལྕམ་དྲལ་གྱི། །མ་ཧཱ་ཀཱ་ལའི་དཀྱིལ་འཁོར་སྒོར་ཞུགས་ནས། །འདའ་དཀའི་དམ་ཚིག་གཉན་པོ་བསྲུང་རྒྱུ་ལ། །བསྙེན་སྒྲུབ་དུས་འདས་ཕུད་གཏོར་ཆག་པ་དང་། །རྩ་བ་ཡན་ལག་དམ་ཚིག་ཉམས་པ་ཀུན། །རྡོ་རྗེ་སྲིན་པོ་དུར་ཁྲོད་ཚོགས་ལ་བཤགས། །ལས་མགོན་ནག་པོ་འཁོར་དང་བཅས་ལ་བཤགས། །བསྟན་སྲུང་མཐུ་ཡི་དངོས་གྲུབ་སྩལ་དུ་གསོལ། །གཏོར་མ་རྟེན་དང་དམ་རྫས་གཏད་བཟུང་ནས། །དུས་བཞིར་ཕུད་དང་ནང་ནུབ་མཆོད་རྒྱུ་ལ། །མཆོད་པའི་འབྱོར་ཚོགས་ཆུང་སྟེ་སྐུ་མ་མཉེས། །སྐུ་ཡི་དམ་ཚིག་ཉམས་པ་མཐོལ༴ བཟླས་བརྗོད་སྔགས་སོགས་ལོང་གཏམ་བར་དུ་བཅུག །ནག་པོའི་སྲོག་སྙིང་གནད་ནས་མ་བསྐུལ་ཏེ། །བཟླས་བརྗོད་སྔགས་ཀྱི་དམ་ཚིག་ཉམས་པ་ཀུན། །ལྷ་ཆེན་འཁོར་དང་བཅས་ལ་མཐོལ༴ ཡི་དམ་རྩེ་གཅིག་གཞུང་བཞིན་སྒོམ་རྒྱུ་ལ། །ཏིང་འཛིན་རྩེ་གཅིག་མི་གསལ་ནག་པོ་བསྐྱེད། །ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ༴ དར་ནག་བ་དན་རཀྟ་དམ་རྫས་ཚོགས། །བརྟེན་རྫས་མ་ཚང་ཡན་ལག་དམ་ཚིག་རྣམས། །ནག་པོ་འཁོར་དང་བཅས་ལ་མཐོལ༴ དུས་གསུམ་དཔལ་མགོན་ཁྱེད་ཀྱི་སྤྱན་སྔ་རུ། །ཁས་བླངས་ནོངས་པ་ཤོར་བ་མཐོལ༴ དམ་ཚིག་ཞིག་རལ་གྱུར་པ༴ ཕྲིན་ལས་གོང་འོག་ནོར་འཆོལ༴ གསང་སྔགས་འཆོལ་བར་ཤོར་བ༴ རང་དོན་དྲི་མས་གོས་པ༴ ཉམས་ལེན་གཞུང་དང་འགལ་བ༴ ཐུགས་དང་འགལ་བ་ཅི་མཆིས་མཐོལ་ལོ་བཤགས། །མཐོལ་བཤགས་བཟོད་པ་དམ་པ་བཞེས་མཛོད་ལས། །གཉིས་མེད་དོན་གྱི་ཚངས་པ་སྩལ་ནས་ཀྱང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཡིག་བརྒྱ་བརྗོད། བསྐང་བཤགས་གཙོ་བོར་བྱ་ཞིང་ཕྲིན་ལས་བཅོལ་ལོ། །མངའ་གསོལ་ནི། ཧཱུཾ། བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །སྤྱོད་ཅིག་ཡུམ་གྱི་མཁའ་ལ་སྤྱོད། །གཤེགས་ཤིག་སེམས་ཅན་དོན་ལ་གཤེགས། །ལྷ་ཆེན་དཔལ་འབར་གཤེགས་སུ་གསོལ། །ཆོས་སྐྱོང་མགོན་པོ་ནག་པོ་ལ། །དཀོན་མཆོག་གསུམ་གྱི་མངའ་གསོལ་བ། །ཁྲིམས་ཀྱི་ཆ་ལུགས་གསུམ་དང་ལྡན། །ཆོས་སྐྱོང་འགྲེ། དུས་གསུམ་སངས་རྒྱས་མངའ་གསོལ་བ། །སྐུ་ཡི་ཆ་བྱད་གསུམ་དང་ལྡན། །ཆོས་སྐྱོང་༴ རིགས་གསུམ་མགོན་པོས་མངའ་གསོལ་བ། །བརྗིད་པའི་གཟི་མདངས་གསུམ་དང་ལྡན། །ཆོས་སྐྱོང་༴ ཁྲོ་བོ་རྣམས་ཀྱིས་མངའ་གསོལ་བ། །ཞལ་གྱི་ཁྲོ་གཉེར་གསུམ་དང་ལྡན། །ཆོས་སྐྱོང་༴ ལྷ་ཆེན་བརྒྱད་ཀྱིས་མངའ་གསོལ་བ། །དབུ་སྐྲ་ཁམ་ནག་ཐོར་ཚུགས་ཅན། །ཆོས་སྐྱོང་༴ ཀླུ་ཆེན་བརྒྱད་ཀྱིས་མངའ་གསོལ་བ། །ཡན་ལག་སྦྲུལ་གྱི་ཆུན་པོས་བརྒྱན། །ཆོས་སྐྱོང་༴ ས་བདག་རྣམས་ཀྱིས་མངའ་གསོལ་བ། །ན་བཟའ་མཐིང་བེར་ནག་པོ་གསོལ། །ཆོས་སྐྱོང་༴ ཞིང་སྐྱོང་རྣམས་ཀྱིས་མངའ་གསོལ་བ། །ཕྱག་ན་ཙནྡན་བིང་ཆེན་བསྣམས། །ཆོས་སྐྱོང་མགོན་པོ་ནག་པོ་ནི། །སྲིད་པ་གསུམ་ལ་མངའ་མཛད་ཕྱིར། །སྐུ་ཡི་ལྟེ་བ་ཟུར་གསུམ་ཟབ། །ཆོས་སྐྱོང་༴ གཟའ་ཆེན་བརྒྱད་ཀྱིས་མངའ་གསོལ་བ། །བརྗིད་པའི་སྨིན་མ་གློག་ལྟར་འཁྱུག །ཆོས་སྐྱོང་༴ རྒྱུ་སྐར་རྣམས་ཀྱིས་མངའ་གསོལ་བ། །སྐུ་སྨད་རྨེ་བའི་དུམ་བུས་བརྒྱན། །ཆོས་སྐྱོང་༴ སྡེ་བརྒྱད་ཡོངས་ཀྱིས་མངའ་གསོལ་བ། །ཆ་སྒྲ་དྲག་པོ་གསུམ་དང་ལྡན། །ཆོས་སྐྱོང་༴ ཡི་དྭགས་རྣམས་ཀྱིས་མངའ་གསོལ་བ། །རིན་ཆེན་འབར་བའི་ཐོད་ཚར་ཅན། །ཆོས་སྐྱོང་༴ གཤིན་རྗེ་རྣམས་ཀྱིས་མངའ་གསོལ་བ། །སྤྱན་ནས་བསྐལ་བའི་མེ་ཆེན་འབར། །ཞལ་ནས་བསྐལ་པའི་ཆུ་ཆེན་འབབ། །ཤངས་ནས་བསྐལ་པའི་རླུང་ནག་འཚུབ། །ཆོས་སྐྱོང་༴ མ་མོ་རྣམས་ཀྱིས་མངའ་གསོལ་བ། །ཆགས་ཆེན་རཀྟའི་ཐིག་ལེས་བརྒྱན། །ཆོས་སྐྱོང་༴ གིང་ཆེན་རྣམས་ཀྱིས་མངའ་གསོལ་བ། །ཞག་གི་ཟོ་རིས་བརྗིད་པས་བརྒྱན། །ཆོས་སྐྱོང་༴ ཕོ་ཉ་རྣམས་ཀྱིས་མངའ་གསོལ་བ། །ལྷག་པའི་ཐལ་ཆེན་ཚོམ་བུས་བརྒྱན། །ཆོས་སྐྱོང་༴ སྲིན་པོ་རྣམས་ཀྱིས་མངའ་གསོལ་བ། །ཐོད་རློན་ཕྲེང་བའི་དོ་ཤལ་ཅན། །ལྷ་ཆེན་མགོན་པོར་མངའ་གསོལ་ལོ། །མགོན་པོའི་ཐུགས་དམ་རྟེན་ལ་ཆོས། །མགོན་པོའི་ཡིད་ཆགས་དཀོར་ལ་མཛོད། །མགོན་པོའི་ཕྲིན་ལས་དགྲ་བགེགས་སྒྲོལ། །མགོན་པོའི་ཐུགས་དམ་རྒྱུད་བསྐུལ་ལོ། །མ་སྲིང་གཉན་གྱི་ཐུགས༴ གཙུག་ཏོར་དཀར་མོ་སྐུ་ཡི་ཡུམ། །ཨཱརྱ་པ་ལོ་གསུང་གི་ཡུམ། །རྡོ་རྗེ་སྒེག་མོ་ཐུགས་ཀྱི་ཡུམ། །ལམ་བོ་དྷ་ར་ཡོན་ཏན་ཡུམ། །བྱི་ད་ར་ནི་ལས་ཀྱི་ཡུམ། །ཨུ་ཙུ་མ་ནི་འོད་ཀྱི་ཡུམ། །ཀཪྴ་མ་ནི་ཕྲིན་ལས་ཡུམ། །ཀཾ་ཀ་མོ་ནི་ཕོ་ཉ་མོ། །ལྷ་ཆེན་མགོན་པོ་ཐུགས་དམ་ཅན། །དམར་གྱི་གཏོར་མ་འདི་བཞེས་ལ། །སངས་རྒྱས་བསྟན་པའི་བཀའ་སྲུང་མཛོད། །གཙུག་ལག་ཁང་གི་བདག་པོ་མཛོད། །བདུད་འདུལ་ཡོངས་ཀྱི་དམག་དཔོན་མཛོད། །གཟུགས་ཅན་དགྲ་ཡི་གཤེད་མ་མཛོད། །གཟུགས་མེད་བགེགས་ཀྱི་བྱ་ར་མཛོད། །བདག་ཅག་རིག་འཛིན་སྲོག་ཤིང་མཛོད། །རྣལ་འབྱོར་ཡོངས་ཀྱི་དགྲ་ལྷ་མཛོད། །དུག་གསུམ་ནད་ཀྱི་སྨན་པ་མཛོད། །བདག་གི་བསམ་པ་འགྲུབ་པར་མཛོད། །ཅེས་གཡག་ནག་དང་། བྱ་ནག །བེར་ནག་པོ་དང་། དར་ནག་པོས་མངའ་གསོལ། གསུར་ཆེན་དང་། གུ་གུལ་གྱིས་མཆོད། ཤ་ཆེན་དང་སྙིང་གིས་བརྟེན། ཁྱད་པར་གྱི་གཏོར་མས་རྒྱུན་དུ་མཆོད། ཨཐྎ།
༈ ཧཱུཾ། བདེ་ཆེན་འདུ་འབྲལ་མེད་པའི་ཀློང་དཀྱིལ་ནས། །ཡང་དག་གསང་བའི་སྐུ་ཞིག་བྱུང་བ་ནི། །མཐིང་ནག་མི་བསྲུན་འཇིགས་བྱེད་འབར་བའི་སྐུ། །ཉིད་ཀྱི་སྐུ་མདོག་མཐིང་ནག་ཆེན་པོ་ལ། །དབུ་སྐྲ་ཁམ་ནག་ཐོར་ཚུགས་གཅིག་ཏུ་འཁྱིལ། །ཐབས་དང་ཤེས་རབ་ཉི་ཟླས་དབུ་ལ་བརྒྱན། །སྨིན་མ་ནག་པོ་ཁྲོ་གཉེར་བརྗིད་པའི་ཞལ། །སྤྱན་བཟློག་ཞལ་བསྒྲད་མཆེ་བ་རྣོ་གཙིགས་ནས། །དམ་ཉམས་ལོག་པར་ལྟ་བའི་སྙིང་རྩ་གཅོད། །སྤྱན་ནས་མེ་འབར་ཤངས་ནས་འཚུབ་མ་ལྡང་། །ཕྱག་གཉིས་ཐབས་དང་ཤེས་རབ་ཟུང་འབྲེལ་བ། །གཡས་པའི་ཕྱག་ན་ཙནྡན་བེང་ཆེན་བསྣམས། །རབ་ཏུ་གསོར་ཞིང་ལོག་འདྲེན་གདུག་པ་འདུལ། །གཡོན་པའི་ཕྱག་ན་པར་བུ་དཀུ་ལ་བརྟེན། །དར་བེར་སྔོ་ཁྲ་བརྗིད་པ་སྐུ་ལ་གསོལ། །གསེར་སྐེ་རིན་ཆེན་འབར་བ་སྐེད་ལ་བཅིངས། །ཞབས་གཉིས་བརྐྱང་བསྐུམ་བསྒྲད་པའི་ཚུལ་དུ་བཞུགས། །མ་ཧཱ་ཀཱ་ལའི་ཚོགས་ནི་སྤྲིན་ལྟར་གཏིབས། །ཕོ་ཉ་སྤྲུལ་པའི་ཚོགས་ནི་སྐར་ལྟར་འཁྲུགས། །བསྟན་པ་བཤིག་པའི་དམ་ཉམས་རྡུལ་དུ་རློག །སྡིག་ཅན་ལས་ངན་འཁོར་བའི་སེམས་ཅན་འདིས། །བསྟན་པ་བཤིག་ཅིང་དཀོན་མཆོག་དབུ་འཕང་སྨོད། །དབེན་གནས་འཇོམས་ཤིང་གཙུག་ལག་དཀོར་ཁང་བཤིག །རྡོ་རྗེ་སློབ་དཔོན་སྐུ་ལ་དགྲ་བྱེད་པ། །བསྒྲལ་བའི་ཞིང་དུ་དམ་ཉམས་འདི་འགྱུར་བས། །ཕ་རོལ་འཇོམས་པའི་སྟོབས་ཀྱིས་མྱུར་དུ་སྒྲོལ། །རྒྱལ་བའི་སྤྱན་སྔར་ཇི་ལྟར་དམ་བཅས་ལྟར། །བཅོལ་བའི་ལས་རྣམས་མྱུར་དུ་གྲུབ་པར་མཛོད། །ༀ་མ་ཧཱ་ཀཱ་ལ་ཡ། ཤཱ་ས་ན་ཨཱ་པ་ཧཱ་རི་ཎི། ཨེ་ཥ་ཨ་པཉྩི་མ་ཀཱ་ཨཱ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ་ཨ་པ་ཀཱ་རི་ཎི་ཡ་དི་པྲ་ཏཱི་ཛྙཱ་སྨ་རི་ས་ཏ་དཱ། ཨི་དཾ་དུཥྚ་ན་ཁ་ཁ། ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲྀ་ཧྣ་གྲྀ་ཧྣ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དེ་ན་མེ་ཀེ་ན། སརྦ་དུཥྚ། ཤ་ས་མཱ་ར་ཡ་ཧཱུཾ་ཕཊ། དཔལ་མ་ཧཱ་ཀཱ་ལ། ཁྲག་འཐུང་གི་རྒྱལ་པོ། ནག་པོ་སྟོང་གི་ཚོགས་དང་། ཤ་ཟ་འབུམ་གྱིས་བསྐོར་བ། མ་མོ་བྱེ་བ་འབུམ་གྱིས་བསྐོར་བ། བསྟན་པའི་བཀའ་སྲུང་། བདུད་འདུལ་གྱི་དམག་དཔོན། དམ་ཉམས་ཀྱི་གཤེད་མ། རིག་འཛིན་གྱི་སྲོག་ཤིང་། རྣལ་འབྱོར་གྱི་དགྲ་ལྷ། དུག་གསུམ་ནད་ཀྱི་སྨན་པ། གཙུག་ལག་ཁང་གི་བདག་པོ། དཀྱིལ་འཁོར་གྱི་སྲུང་མ། བདག་གི་རྣལ་འབྱོར་སྲུང་མ། བདག་གི་རྣལ་འབྱོར་སྲུངས་ཤིག །ཚེ་དང་དབང་ཕྱུག་སྤེལ་ཅིག །དཔལ་དང་གྲགས་པ་སྒྲུབས་ཤིག །འཁོར་དང་བསྟན་པ་སྐྱོངས་ཤིག །ཅེས་འདོད་དོན་གསོལ་ལོ། །དགེའོ། །
༈ དབང་ནི། སློབ་མ་རྣམས་ཁྲུས་བྱ། བགེགས་གཏོར་བཏང་ཞིང་བསྐྲད། མཎྜལ་གྱི་མེ་ཏོག་བཀྱེ་བསྡུ་བྱ་བའི་བར་སྔར་བཞིན་ལ། བླ་མས་ཐུགས་བསྐྱེད་ཕོག་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་ལམ་སྒྲུབ་པའི་བར་ཆད་ཞི་བ་དང་། དངོས་གྲུབ་རྣམ་གཉིས་བདེ་བླག་ཏུ་བསྒྲུབ་པར་བྱ་བའི་ཕྱིར་བསྟན་སྲུང་མགོན་པོའི་དབང་བསྐུར་བ་གསན་ཏེ། སེམས་ཅན་གྱི་དོན་རྒྱ་ཆེན་པོ་བགྱིད་སྙམ་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་སྔོན་དུ་བཏང་སྟེ་གསན་འཚལ། གསན་བྱའི་ཆོས་ནི། ལུང་ལས། རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་ཏུ་འཚེ་བ་མང་། །ཞེས་གསུངས་པ་ལྟར་དང་། འཚེ་བ་ལས་སྐྱོབ་པར་བྱེད་པ་དམ་པ་ཆོས་སྐྱོང་བའི་སྲུང་མ་ཞིག་ལ་ངེས་པར་བརྟེན་དགོས་ཤིང་། དེ་ལ་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས་ལས། འཇིག་རྟེན་པ་རྣམས་ཀྱིས་ཐུན་མོང་གི་བར་ཆད་སེལ་ཞིང་དངོས་གྲུབ་ཕྲ་མོ་སྟེར་བར་ནུས་སྲིད་ཀྱང་། ཁོང་ཅག་རྣམས་ཀྱང་འཁོར་བ་ལས་མ་འདས་པའི་ཕྱིར་བདུད་བཞིའི་བར་ཆོད་སེལ་མི་ནུས་ཤིང་། འཇིག་རྟེན་ལས་འདས་པ་རྣམས་ནི་ངོ་བོ་དཀྱིལ་འཁོར་གྱི་ཁྱབ་བདག་དང་ཐ་མི་དད་ཅིང་། རྣམ་པ་གདུལ་བྱ་གདུག་པ་ཅན་རྣམས་འདུལ་བར་བྱ་བའི་ཕྱིར་བཀའ་སྡོད་ཀྱི་ཚུལ་བཟུང་སྟེ། དགེ་འདུན་དཀོན་མཆོག་གི་རང་བཞིན་དུ་བཞུགས་པ་ཡིན་པས། དེའི་ཕྱིར་བསྟེན་པས་བར་ཆོད་མཐའ་དག་སེལ་ཞིང་དངོས་གྲུབ་རྣམ་གཉིས་བདེ་བླག་ཏུ་འགྲུབ་པར་ནུས་པ་ཡིན་པས་བསྟེན་དགོས་ཤིང་། དེ་ལྟ་བུ་ལ་ཡང་ཐོག་མར་དབང་དང་རྗེས་གནང་བཀའ་གཏད་སོགས་ཀྱི་སྒོ་ནས་སློབ་མ་དང་ཆོས་སྐྱོང་ངོ་སྤྲོད་དགོས་པས་ད་ལམ་དེའི་སྐབས་སུ་བབས་པ་ཡིན། དེ་ལ་ཡང་གང་ལས་བྱུང་བའི་བརྒྱུད་པ་དང་། བརྒྱུད་པ་དེ་ལས་བྱུང་བའི་གདམས་པ་གཉིས་ལས། དང་པོ་ནི། སྔོན་བསྐལ་པ་དཔག་ཏུ་མེད་པ་འདས་པའི་དུས་ན་སྔོན་བྱུང་བ། བསྐལ་པ་ཀུན་དགའ་ཞེས་བྱ་བ་ལ་ཞིང་ཁམས་མངོན་པར་དགའ་བར་སངས་རྒྱས་མི་བསྐྱོད་པ་ཞེས་བྱ་བ་བྱུང་ངོ་། །བསྟན་པ་དེ་ལ་རབ་ཏུ་བྱུང་བའི་དགེ་སློང་ཐུབ་དཀའ་གཞོན་ནུ་ཞེས་བྱ་བས་ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས། དགེ་སློང་ཐར་པ་ནག་པོ་དང་དན་འཕགས་ཞེས་བྱ་བ་གཉིས་ཀྱི་སྔགས་ལམ་ནོས་པ་ལས། ཇི་བཞིན་ཉིད་དེ་མ་བཅོས་ན། །དངོས་པོ་བཞི་ལ་གནས་སྤྱད་ཀྱང་། །ནམ་མཁའ་ལ་ནི་སྤྲིན་བཞིན་ཏེ། །འདི་ནི་རྣལ་འབྱོར་དམ་པའི་ལམ། །ཞེས་གསུངས་པ་ལ། ཐར་པ་ནག་པོས་ཚིག་ལས་གོལ་ཏེ་ལྟ་བ་ལོག་ནས་སྦྱོར་སྒྲོལ་ལོག་པར་སྤྱད་པར་བརྟེན། བླ་མ་དང་མཆེད་དན་འཕགས་ཀྱི་དམ་ལས་འགལ་ཏེ། རྣམ་སྨིན་གྱི་འབྲས་བུ་དམྱལ་བ་ཡི་དྭགས་ཅེ་སྤྱང་། ཁྱི། ནེ་ལེ། དུར་བྱ། ཤ་སྦྲང་ལ་སོགས་པའི་རིམ་གྱིས་བརྒྱུད་པའི་མཐར་རྒྱུ་མཐུན་གྱི་འབྲས་བུས། ཡུལ་ལངྐ་པུ་རིར་སྨད་འཚོང་མའི་བུར་གྱུར་ཏེ། དེ་ཡང་ཐལ་ཀ་མགོ་གསུམ་ལག་པ་དྲུག །མཆུ་སྡེར་བྱ་གཤོག་ཅན་འཇིགས་སུ་རུང་བར་གྱུར་ཏེ། མ་ཤི་བའི་རོ་དང་ལྷན་དུ་དུར་ཁྲོད་དུ་བསྐྱལ་བར་མའི་ཤ་ཟོས་ཤིང་ལུས་བརྟས་ནས་ཕོ་ཐམས་ཅད་བསད་པའི་ཤ་ཁྲག་ལ་ལོངས་སྤྱོད་ཅིང་། མོ་ཐམས་ཅད་ལ་སྦྱོར་བ་བྱས་རྫུ་འཕྲུལ་དང་མངོན་ཤེས་ཕྲ་མོ་ཡང་གྲུབ་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་མ་རུངས་པར་བྱས། མཚོ་ཀོ་ཀ་ཐང་དམར་གྱི་དོ། རི་བོ་མ་ལ་ཡ་དྲག་ཤུལ་ཅན་གྱི་རྩེར་གནས་ཏེ། དུར་ཁྲོད་ཀྱི་མ་མོ་དང་། དབང་མོ་སོགས་དྲེགས་པ་ཅན་ཐམས་ཅད་ཀྱི་དཔོན་དུ་གྱུར་པའི་ཚེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཡུལ་དང་འཕྲད་པའི་ཐུགས་རྗེ་སྐྱེས་ཏེ་བཀའ་བགྲོས་ཏེ་ཐུབ་དཀའ་གཞོན་ནུ་རྡོ་རྗེ་སེམས་དཔར་སངས་རྒྱས་པ་དང་། དན་འཕགས་ཕྱག་ན་རྡོ་རྗེར་གྱུར་པ་གཉིས་འདུལ་བར་བསྐོས་ཏེ་ཐབས་ལ་མཁས་པའི་ཆོ་འཕྲུལ་དུ་མས་བཏུལ་བར་གྱུར་ཏོ། །ཁྱད་པར་དུ་ཡང་བསྒྲལ་ནས་ཞལ་དུ་གསོལ་ཏེ་བསྣམས་ནས་བཏོན་པ་ལ་ཕྱག་ན་རྡོ་རྗེས་དབང་བསྐུར་ཞིང་། མིང་ཡང་ཕྱི་ལྟར་ན་བསྟན་སྲུང་ལེགས་ལྡན་ནག་པོ། ནང་ལྟར་ན་དུར་ཁྲོད་སྒྲོལ་གིང་། གསང་བ་ལྟར་ན་སྒྲོལ་བྱེད་ཐུགས་རྗེའི་རྒྱལ་པོར་བཏགས། སངས་རྒྱས་སྟོང་གི་བསྟན་པ་བསྲུང་བར་ཁས་བླངས། བསྐལ་བ་དེའི་ཕྱི་མ་ལ་འོག་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཐལ་བས་ཁེབས་པ་ཞེས་བྱ་བར། དེ་བཞིན་གཤེགས་པ་ཐལ་བའི་དབང་པོའི་དབྱངས་ཞེས་བྱ་བར་མངོན་པར་རྫོགས་པར་སངས་རྒྱས་པར་ལུང་བསྟན་པ་སོགས་རྒྱས་པར་ན་མདོ་དགོངས་པ་འདུས་པ་སོགས་ལས་ཤེས་ཤིང་། འདིར་སྐྱེ་བརྒྱུད་མདོ་ཙམ་བཤད་པ་ལགས། དེ་ལྟ་བུའི་བསྟན་སྲུང་དབང་པོ་འདི་ཉིད་ཀྱི་ཆོས་སྐོར་རྒྱ་གར་གྱི་པཎ་གྲུབ་རིག་འཛིན་རྣམས་ལས་བརྒྱུད་དེ། བོད་ཡུལ་གྱི་ལྗོངས་འདིར་གནུབས་ཆེན་ལོ་ཙཱ་བ་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་སྤྱན་དྲངས་ཏེ། རིམ་བཞིན་བརྒྱུད་དེ་འོངས་པ་ལས་ཁོ་བོས་ཁྱབ་བདག་སྨན་ལུང་པ་ཆེན་པོའི་ཞབས་དྲུང་དུ་གཏོར་བའི་བཀའ་གཏད་ཙམ་ལས་ཞུ་མ་ཐུབ་ཀྱང་། སླད་ཀྱིས་གཙང་ཤོད་པ་རྡོ་རྗེ་རྒྱལ་མཚན་པའི་ཆོག་ཁྲིགས་སྟེང་ནས་དབང་བསྐུར་བ་རིག་འཛིན་འགྱུར་མེད་རྡོ་རྗེ་ལས་ནོས་ཤིང་། ཟུར་སྟོད་ལུགས་ཀྱི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་ལེན་པ་མཐར་གཏོར་མའི་བཀའ་གཏད་དང་བཅས་པ། ལ་སྟོད་བྲག་དཀར་བ་མཁན་ཆེན་བྱམས་པས་རིན་ཆེན་ཆོས་འཕེལ་ལས་ནོས་པས་བརྒྱུད་ཚུལ་མི་ནུབ་པར་བྱ་བའི་ཕྱིར་རིམ་པར་འབུལ་བ་སྐབས་སུ་བབ་པ་ཡིན་པས། བརྒྱུད་པ་དེ་ལས་བྱུང་བའི་གདམས་པ་དངོས་ལ་གཉིས་ཏེ། སློབ་དཔོན་གྱི་བགྱི་འོས་དང་། སློབ་མའི་བགྱི་འོས་གཉིས་ལས་དང་པོ་ལྷག་ཆད་མེད་པར་གྲུབ་ཁུལ་ཡིན། གཉིས་པ་ལ་ད་རེས་དངོས་སྟ་སྦྲེལ་ནས་བྱ་བ་ལ་ཐོག་མར་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཞེས་མཚམས་སྦྱོར་ལ་དབང་དངོས་ནི་གཙང་ཤོད་པའི་རྩ་བར། སློབ་མ་ཁྲུས་བྱས་མཎྜལ་ཕུལ། །གྲལ་ལ་རིམ་པར་འཁོད་པ་ཡིས། །གསོལ་བ་འདི་སྐད་གདབ་པར་བྱ། །ཞེས་གསུངས་པས། སྙིམ་པ་མེ་ཏོག་དང་བཅས་ཏེ་གསོལ་བ་བཏབ་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཧོཿ རང་བཞིན་འདུ་འབྲལ་མེད་པའི་ལྷ། །ཕྱག་རྒྱ་ཆེན་པོའི་ཚོགས་མཆོག་ཏུ། །བདག་ཀྱང་མཉམ་པར་སྨྲ་བའི་ཕྱིར། །བྱིན་རླབས་རབ་ཏུ་བཞུགས་སུ་གསོལ། །ཞེས་ལན་གསུམ་དང་། སེམས་བསྐྱེད་ལ་གཉིས་ཀྱི། ཀུན་རྫོབ་སེམས་བསྐྱེད་ཀྱི་དོན་དུ། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་མོད་ཀྱང་། །རྟོག་པའི་དབང་གིས་འཁོར་བ་ལས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །གཉིས་པ་དོན་དམ་སེམས་བསྐྱེད་ཀྱི་སླད་དུ། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །ཞེས་སོགས་ཀྱི་སེམས་ལྔ་བསྐྱེད་དོ། །རྩ་བར། སེམས་གཉིས་ལྡན་ལ་གསང་དོན་སྦྱིན། །ཞེས་གསུངས་པའི་དོན། གནང་བ་སྦྱིན་པ་ནི། ཨེ་མ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། །གནས་དང་སྡུག་བསྔལ་ལ་སོགས་པ། །བདག་དང་བདག་གིར་སོ་སོར་འཛིན། །སུས་ཀྱང་མ་བཅིངས་བཅིངས་མེད་དེ། །བཅིངས་པར་བྱ་བ་ཡོད་མ་ཡིན། །རྣམ་རྟོག་བདག་ཏུ་འཛིན་པ་ཡི། །ནན་གྱིས་མཁའ་ལ་མདུད་པ་འདོར། །བཅིངས་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཁྱོད་ལ་རབ་ཏུ་བསྟན་པར་བྱ། །ཞེས་བརྗོད་ཅིང་དོན་དཀྲོལ་ལོ། །སླར་ཡང་གསོལ་བ་བཏབ་པ་འདིའི་རྗེས་ཟློས་མཛོད། །ཧེ་རུ་ཀ་དཔལ་ཁྱོད་ལ་འདུད། །ཐར་ལམ་ཆེན་པོ་བདག་འདོད་དེ། །དེ་ཡི་དབང་དང་དམ་ཚིག་དང་། །མགོན་པོ་དཔའ་བོར་སྐྱབས་སོང་ཞིང་། །ཐེག་ཆེན་ཁང་པར་འཇུག་པ་དང་། །མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ། །ལན་གསུམ་བྱ། རྩ་བར་། དེ་ནས་རྡོ་རྗེ་སློབ་མ་ཡི། །ཚེ་སྦ་བགེགས་བསྐྲད་སྒྲིབ་པ་ཕྲལ། །ལྷ་བསྐྱེད་གོ་བགོ་ལུས་སྲུང་བྱ། །ཨཱ་ཡུརྫྙ་ན་བྷིནྡྷུ་བྷྲཱུཾ། །བི་ཤྭ་བཛྲ་སྔགས་ཀྱིས་བསྐྲད། །ལག་སོར་རླབས་ཕྲལ་བདེན་སྟོབས་སྦྱངས། །ཞེས་གསུངས་པ་རྣམས་ཀྱི་དོན་ནི། གོང་དུ་ཚོགས་ཆེན་གྱི་སློབ་མ་སྟ་གོན་སྐབས་ལྟར་བྱ་ལ། ཚེ་སྦ་བའི་དུས་ཀྱི་ཨཱ་ཡུར་ཧཱུཾ་ཛཿ ཨཱ་ཡུ་ཛྙཱ་ན་བྷིནྡྷུ་བྷྲཱུཾ། ཞེས་པར་བསྒྱུར། གཞན་མ་ལུས་སྲུང་གི་བར་སྔར་ལྟར་རོ། །རྩ་བར། རྩ་བའི་སྔགས་ཀྱིས་མགོན་པོར་བསྐྱེད། །གོ་བགོ་ལུས་བསྲུང་བཀའ་ནན་བཅིངས། །ཞེས་གསུངས་པའི་དོན། ༀ་བྷུར་ཀར་ཏི་ཧཱུཾ་ཕཊ་ལས་སློབ་མ་སྐད་ཅིག་གིས་དཔལ་ཡེ་ཤེས་ཀྱི་མགོན་པོ་ཞལ་གཅིག་ཕྱག་གཉིས་ཕྱག་གཡས་ཙནྡན་གྱི་བེང་ཆེན་དང་གཡོན་ཐོད་ཁྲག་བསྣམས་པ། དར་བེར་སྔོ་ཁྲའི་འཇོལ་བེར་གསེར་སྐད་ཧོར་ལྷྭམ་ཅན་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་བསྐྱེད་པའི་སྤྱི་བོར་ༀ་ལས་འཁོར་ལོ་དཀར་པོ་ༀ་གྱིས་མཚན་པ། མགྲིན་པར་ཨཱཿལས་པདྨ་དམར་པོ་ཨཱཿས་མཚན་པ། ཐུགས་ཀར་ཧཱུཾ་ལས་རྡོ་རྗེ་སྔོན་པོ་ཧཱུཾ་གིས་མཚན་པར་གྱུར་བའི་ཡིག་འབྲུ་གསུམ་པོ་སྐུ་གསུང་ཐུགས་རྡོ་རྗེའི་ལྷ་དཀར་དམར་མཐིང་བ། རྡོ་རྗེ་པདྨ་འཁོར་ལོ་འཛིན་པའི་སྐུར་གྱུར་པར་མོས་མཛོད། ཅེས་དྲི་བཟང་གི་ཆུས་གནས་གསུམ་དུ་ཐིག་ལེ་ཡས་མར་ལན་གསུམ་བཀོད་ཅིང་། ༀ་ཨཱཿཧཱུཾ་ལུགས་འབྱུང་གཉིས་ཀྱི་བར་དུ་ལུགས་ལྡོག་གཅིག་སྟེ་ལན་གསུམ་བརྗོད་དོ། །རྩ་བར། དེ་ནས་སྲུང་སྐུད་གསུམ་སྒྲིལ་ལ། །བདུད་རྩི་འཁྱིལ་བའིི་སྔགས་ཀྱིས་གདབ། །དཔུང་པར་བཅིངས་པས་ལུས་དག་བྱ། །ཞེས་གསུངས་པའི་དོན་སྲུང་སྐུད་ལས་བུམ་གྱི་ཆུས་བསང་། བདུད་རྩི་འཁྱིལ་བའི་སྔགས། ༀ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ་ཀྱིས་གདབ་ཅིང་འཁྱིལ་བའི་རང་བཞིན་དུ་བྱིན་གྱིས་བརླབས་པ་ཕོའི་གཡོན་དང་། མོའི་གཡས་སུ་འཆིང་། མདུང་སྟེང་དྲི་བཟང་གི་ཆུས་བརླན་ཅིང་རྡོ་རྗེ་རྒྱ་གྲམ་དུ་བཞག་པ་ནི་ལུས་ཀྱི་བར་ཆད་བསྲུང་བའི་དོན་ནོ། །རྩ་བར། མཎྜལ་རིགས་ལྔའི་རབ་གནས་ལྡན། །སོ་ཤིང་དོར་ཏེ་ལྟས་བརྟག་གོ། །ཞེས་གསུངས་པའི་དོན། སོ་ཤིང་དོར་བའི་རས་བྲིས་པད་འདབ་བཞི་པ་ༀ་ཧཱུཾ་ཏྲཾ་ཧྲཱིཿཨཱཿས་རིགས་ལྔའི་རང་བཞིན་དུ་བྱིན་གྱིས་བརླབ། སོ་ཤིང་བུམ་ཆུས་བསང་། ༀ་བཛྲ་ཛི་ཧ་སཾ་བྷ་ར་དྷ་ནི་ཧཱུཾ་གིས་བྱིན་གྱིས་བརླབས་པ་སློབ་མར་སྦྱིན། བཤད་པས་བརྡའ་དཀྲོལ་ཏེ་སྔགས་གོང་མས་དཀྱིལ་འཁོར་དུ་དོར་ཏེ་ལྟས་བརྟག་པ་སྤྱི་ལྟར་རོ། །འདི་ངག་གི་སྒྲིབ་སྦྱོང་ངོ་། །རྩ་བར། ཙནྡན་ནམ་ནི་དྲི་ཆུ་ལ། །སྔགས་བཏབ་ཁྲུས་བཤལ་ཁོང་དུ་བཏུང་། །ཞེས་གསུངས་པ་ལྟར་དྲི་བཟང་གི་ཁྱོར་ཆུ། ༀ་ཨཱཿབིགྷྣནྟ་ཀྲྀཏ་ཨ་མྲྀ་ཏུ་ཀུཎྜ་ལི་ཧཱུཾ་ཕཊ། ཅེས་བྱིན་གྱིས་བརླབས་པའི་ཆུ་སྦྱིན་ཅིང་། ༀ་ཧྲཱིཿབི་ཤུདྡྷ་སརྦ་དྷརྨ་སརྦ་པཱ་པཾ་ནི་ཙ་སྱ་སཾ་ཤོ་དྷ་ནིསརྦ་བི་ཀལྤན་ཨ་པ་ན་ཡེ་སྭཱ་ཧཱ། ཞེས་སྦྱིན་པས་ཁ་བཤལ། ཁོང་དུ་བཏུང་བ་ཡིད་ཀྱི་སྒྲིབ་སྦྱོང་ངོ་། །རྩ་བར། དྷི་དང་ཧ་ཡིས་བསྔགས་པ་ཡི། །ཀུ་ཤ་སྔོན་པོ་གཉིས་སྦྱིན་ལ། །སྔགས་དང་སྟན་བྱ་རྨི་ལམ་བརྟག །དྲི་ཞིང་ངན་ན་བཟློག་པར་བྱ། །ཞེས་གསུངས་པས་དངོས་སྟ་ཐ་དད་ཡིན་ན་སློབ་མའི་གྲངས་དང་མཉམ་པའི་ཀུ་ཤ་ཆེ་ཆུང་གཉིས་དགོས་ཤིང་སྦྲེལ་སྐབས་འདིར་ཀུ་ཤ་ཆེ་ཆུང་གཅིག་བུམ་ཆུས་བསང་། དྷི་ཧས་བྱིན་གྱིས་བརླབས་ལ་གཏད་དེ་ཉལ་ལུགས་སོགས་བཤད་པ་སྤྱི་ལྟར་རོ། །རྩ་བར། དེ་ནས་གེགས་བརྒྱད་བཤད་ཀྱང་རུང་། །ཞེས་གསུངས་པ་སྤྲོ་ན་སྒོ་འབྱེད་ཕྱག་རྡོར་སྐབས་ལྟར་བཤད་དོ། །སྦྲེལ་བའི་ཚེ་མ་བཤད་ཀྱང་འཐུས། རྩ་བར། དེ་ནས་ཐིག་ཚོན་བྱིན་བརླབས་ཏེ། །ལེགས་ལྡན་དཀྱིལ་འཁོར་གཞུང་བཞིན་བྲི། །ལས་གཞུང་བསྲང་ལ་བསྒྲུབ་ཅིང་མཆོད། །ཅེས་གསུངས་པ་སྟ་གོན་ཞག་གིས་བར་དུ་ཆོད་ན་སྐབས་འདིར་བྱ་དགོས་ཀྱང་ད་ལམ་གོང་དུ་ལེགས་པར་གྲུབ་པ་ཡིན། རྩ་བར། དེ་ནས་དཀྱིལ་འཁོར་འཇུག་པ་ནི། སློབ་མ་ཁྲུས་བྱས་མཎྜལ་ཕུལ། །ཞེས་གསུངས་པའི་དངོས་གཞིའི་འཇུག་པའི་དོན་དུ་མཎྜལ་ཕུལ། རྩ་བར། དེ་ནས་གསོལ་བ་གདབ་པ་ནི། །ཞེས་གསུངས་པས། སྙིམ་པ་མེ་ཏོག་དང་བཅས་ཏེ་འཇུག་པའི་དོན་དུ་གསོལ་བ་གདབ་པའི་རྗེས་ཟློས་ལན་གསུམ་བྱ་སྟེ། དཔལ་མགོན་ལེགས་ལྡན་ནག་པོ་ཡི། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ། །བདག་ཅག་འཇུག་པར་འཚལ་ལགས་ཀྱིས། །དཔའ་བོས་ཐུགས་རྗེས་བཟུང་དུ་གསོལ། །ལན་གསུམ་བླ་མས་ལན་བཏབ་པ། །ལེགས་ལྡན་ནག་པའི་དཀྱིལ་འཁོར་དུ། །འཇུག་པར་འདོད་པའི་བུ་ཁྱོད་ཉོན། །ལས་དང་བསམ་པ་ཐམས་ཅད་འགྲུབ། །བླ་མེད་ཐེག་ཆེན་འབྲས་བུ་ཐོབ། །གནས་སྐབས་བསྟན་པ་བསྲུང་བའི་ཕྱིར། །ཞུམ་མེད་དཀྱིལ་འཁོར་འཇུག་ནུས་སམ། །ཞེས་དྲི། སློབ་མས་ནུས་སོ། །ཞེས་ཁས་བླང་ངོ་། །སླར་ཡང་། བུ་ཁྱོད་སུ་ཡིན་ཅི་ལ་དགའ། །ཞེས་དྲིས་པའི་ལན་དུ། བདག་ནི་ལས་མཆོག་སྐལ་པར་ལྡན། །བདེ་མཆོག་དགའ་ཚལ་དཀྱིལ་འཁོར་འདིར། །སངས་རྒྱས་མཛད་དཀའ་སྤྱད་ནས་ནི། །འགྲོ་བ་ཐམས་ཅད་བསྒྲལ་བར་ནུས། །ཞེས་པའི་རྗེས་ཟློས་བྱ། ཨ་ཁཾ་ཝཱི་ར་ཧཱུཾ་ཞེས་མིག་དར་བཅིངས། ཨ་ཁཾ་ཝ་ར་ཧཱུཾ་ཞེས་མེ་ཏོག་གི་ཕྲེང་བ་གཏད། ལས་བུམ་གྱི་ཆུ་འཐོར་ཞིང་། བླ་མ་དང་མདུན་བསྐྱེད་གཙོ་བོའི་ཐུགས་ཀ་ནས་ཁྲོ་བོ་སྦྲུལ་པ་སྤྲོས་ཏེ་བགེགས་བསྐྲད་པར་མོས་ཤིང་། ཧཱུཾ་ཧཱུཾ་ཧཱུཾ། བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜལ་ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཧ་ལ་ཧཱུཾ། ཧ་ལ་ཧ་ལ་རཾ། ཀྲོ་དྷ་ཀྲོ་དྷ་ཡཾ། ཏིཀྵ་ཏིཀྞ་ཁཾ། ཏ་ཀེཾ་ཏ་ཀེཾ་ཕཊ། ཅེས་བརྗོད། རྩ་བར། སྐབས་འདིར་ༀ་ཨཱཿཧཱུཾ། ཞེས་པ་འདུག་པ་ལྷར་བསྐྱོད་ཅིང་གནས་གསུམ་བྱིན་གྱིས་བརླབ་པའི་དོན་ཡིན་པ་དངོས་སྟ་ཐ་དད་ཀྱི་ཚེ་གོང་བཞིན་འདིར་བླང་ངོ་། །སྦྲེལ་བའི་ཚེ་གོང་མས་གོ་ཆོད། སྡོམ་པ་བཟུང་བ་ནི། འདུས་པ་ཆེན་པོ་དང་། ཡེ་ཤེས་མགོན་པོའི་དཀྱིལ་འཁོར་མཆོག་གསུམ་རྩ་གསུམ་ཀུན་འདུས་ཀྱི་དྲུང་དུ་མཁའ་ཁྱབ་ཀྱི་འགྲོ་བ་དམིགས་ཡུལ་དུ་བྱས་ཏེ། སྙིང་ཐག་པ་ནས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །ཞེས་སོགས་ལན་གསུམ་བྱ། དངོས་སྟ་ཐ་དད་ཚེ་སྔར་བྱང་ཆུབ་སེམས་གཉིས་བསྐྱེད་ཕྱིར། བདག་དང་མཐའ་ཡས་དང་། ཨེ་མ་མཚར་ལྔ་བྱེད། སྦྲེལ་མའི་ཚེ་གོང་གི་འཐུས་པར་སེམས། སྡོམ་བཟུང་དངོས་འདིའི་རྗེས་ཟློས་ལན་གསུམ་བྱ་བ་ནི། ཀྱེ། རྡོ་རྗེ་ཆོས་དབྱིངས་ཀུན་གྱི་གཙོ། སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི། །བདེ་བ་མཆོག་གི་དམ་པ་སྟེ། །སེམས་ཅན་དོན་དང་ཕྲིན་ལས་བསྒྲུབ། །སངས་རྒྱས་ཡོན་ཏན་འབྱུང་བའི་ཕྱིར། །དམ་ཚིག་དམ་པ་བསྲུང་བར་བགྱི། །ཆོས་ཀུན་རང་བཞིན་དག་པས་ན། །བདག་ཀྱང་རང་བཞིན་དག་པ་ནས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཐུགས་དམ་དབྱིངས་མཆོག་དཀྱིལ་འཁོར་འདིར། །སེམས་ཅན་འབྱམས་ཀླས་མ་ལུས་རྣམས། །མཆོག་ཉིད་བསྒྲུབ་པར་བགྱིས་པས་ན། །སྐུ་ཡི་དབྱིག་ཏུ་བདག་བསྐྱེད་ཅིང་། །སླར་ཡང་ལྡོག་པར་མི་བགྱིད་དོ། །བཅོམ་ལྡན་ཐམས་ཅད་མཆོག་གི་བདག་ལགས་ཏེ། །མཆོག་ཉིད་བསྒྲུབ་ཕྱིར་རྡོ་རྗེ་བླང་བར་བགྱི། །རྡོ་རྗེ་རྒྱལ་པོར་ཁྱོད་ཞུགས་པས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྟེ། །རྡོ་རྗེ་དམ་ཚིག་མཆོག་ཉིད་ནི། །ཕུན་སུམ་ཚོགས་པར་སྒྲུབ་ལགས་པས། །བདག་ལ་དུས་འདིར་སྩལ་དུ་གསོལ། །ལན་གསུམ་བླ་མས་བཀའ་བསྒོ་བ་ནི། འདི་ནི་རྒྱལ་བ་ཀུན་གྱི་ཐུགས། །སངས་རྒྱས་ཀུན་གྱི་དམ་ཚིག་ཡིན། །ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས། །རྟག་ཏུ་འབྲལ་བར་མ་བྱེད་ཅིག །དེ་ལྟར་ཁྱོད་ཀྱིས་རྟག་ཏུ་སྤྱོད། །དྲི་བཟང་གི་ཆུ་ནན་སྦྱིན་པས། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །སངས་རྒྱས་ཀུན་ཁྲོས་ཁྲག་ཆེན་པོ། །སྙིང་ནས་དྲངས་ཏེ་འཐུང་བར་བྱེད། །བཛྲ་ཡཀྴ་ཀྲོ་དྷ་ས་མ་ཡ་ཧཱུཾ། བདུད་རྩི་སྦྱིན་ལ། དེ་ལྟ་བས་ན་བུ་ཁྱོད་ཀྱིས། །དམ་ཚིག་འདི་ནི་བསྲུང་བར་བགྱིས། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །པཉྩ་ཨ་མྲྀ་ཏ་ཨུ་ཙིཏྟ་ཨ་མྲྀ་ཏ་ཋ་ཋ་ཧཱུཾ། སླར་ཡང་འདི་སྐད་ཅེས་བྱའོ། །དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱི། །ཕྱག་ན་རྡོ་རྗེ་ང་ཡིན་གྱི། །ང་ཡིས་ཇི་ལྟར་བསྒོ་བ་བཞིན། །ཁྱོད་ཀྱིས་དེ་ལྟར་བྱ་དགོས་སོ། །ས་མ་ཡ་ཧཱུཾ། དཀྱིལ་འཁོར་ལ་མེ་ཏོག་འདོར་ཞིང་འདིའི་རྗེས་ཟློས་བྱ། ཧཱུཾ། སྔོན་ཚེ་གོང་ནས་བསྙེན་པའི་ལྷ། །བདག་གི་ཉེ་གནས་གང་ལགས་པ། །ལས་འཕྲོ་ཐུགས་རྗེ་ལྡན་པའི་ལྷ། །ད་ལྟ་ཉིད་དུ་འབབ་གྱུར་ཅིག །པྲ་ཏཱི་ཙྪ་ཧོ། ཞེས་མེ་ཏོག་དོར། སླར་ཡང་མེ་ཏོག་དེ་ཉིད་སྤྱི་བོར་བཞག་ཅིང་། པྲ་ཏི་གྲི་ཧྞ་སྭ་མི་མཾ་སཏྭ་མ་ཧཱ་བ་ལ། རྡོ་རྗེ་ཆེ་གེ་ཞེས་གསང་མཚན་འདོགས་པའམ་རྙིང་པ་དྲན་པར་བྱས་པས་ཀྱང་འཐུས། ཡེ་ཤེས་དབབ་པའི་དོན་དུ་གསོལ་བ་བཏབ་པའི་རྗེས་ཟློས་བྱ། དེ་བཞིན་གཤེགས་པ་ཐམས་ཅད་དང་དཔའ་བོ་རྣལ་འབྱོར་མ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །དཔལ་ཧེ་རུ་ཀ་བདག་ལ་དབབ་ཏུ་གསོལ། །ལན་གསུམ། སློབ་མ་བསང་སྦྱང་། སྟོང་པའི་ངང་ལས་མགོན་པོ་ཞལ་གསུམ་ཕྱག་དྲུག་པ་འཁོར་བཅས་མངོན་རྟོགས་ལྟར་བསྐྱེད། གནས་གསུམ་བྱིན་གྱིས་བརླབ། ཐུགས་སྲོག་ལས་འོད་འཕྲོས། བླ་མ་ལ་མོས་གུས་བྱས་པའི་རྐྱེན་གྱིས། བླ་མ་དང་མདུན་བསྐྱེད་ཀྱི་ཐུགས་ཀ་དང་རང་བཞིན་གྱི་གནས་ནས་ཀྱང་ཡེ་ཤེས་མགོན་པོ་འཁོར་དང་བཅས་པ་སྤྱན་དྲངས་ཏེ་ཐིམ་པར་བསམ་ཞིང་། ཚིལ་ཆེན་གུ་གུལ་སོགས་ཀྱི་དུད་པ་དང་། རྐང་གླིང་ཐོད་རྔ་རོལ་མོའི་སྒྲ་ཆེན་པོར་བྱ་ཞིང་། སྤྱན་འདྲེན་གྱི་ཚིགས་བཅད་ལས་གཞུང་ལྟར་བརྗོད་པའི་མཐར། ༀ་བཛྲ་ས་མ་ཡ་ཛཿ ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། མགོན་པོའི་རྩ་སྔགས་རྣམས་དང་། ཨེ་ཧྱེ་ཧི་བྷ་ག་ཝ ན་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་སྟྭཾ། པྲ་བྷེ་ཤ་ཡ་ཕཊ། ཨ་བེ་ཤ་ཡ་ཨ། ཞེས་བརྗོད་པའི་མཐར་གནས་གསུམ་དུ་རྡོ་རྗེ་བཞག་ལ། ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ། ཞེས་བརྟན་པར་བྱའོ། །མིག་དབྱེ་བ་ནི། མིག་ཐུར་རམ་རྡོ་རྗེ་ཐོགས་ཏེ། སྔོན་གྱི་མིག་མཁན་རྒྱལ་པོ་ཡིས། །ཐུར་མས་ལིང་ཏོག་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ༀ་བཛྲ་ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཞེས་མིག་དར་དབྱེའོ། །དཀྱིལ་འཁོར་སྟོན་པ་ནི། ༀ་མུཾ་ཧཱུཾ། ༀ་ནི་ཡེ་ཤེས་ལྷུན་གྱིས་གྲུབ། །མུཾ་ནི་ཡེ་ནས་རང་སངས་རྒྱས། །ཧཱུཾ་ནི་རྩ་བ་བྱང་ཆུབ་སེམས། །དཀྱིལ་འཁོར་རྣམ་གསུམ་དབྱེར་མེད་པ། །ཧ་ཞེས་མཐོང་བ་ཡོངས་སུ་དག །མ་འདྲེས་ཡོངས་རྫོགས་མཐོང་བར་བྱེད། །ཕོ་བྲང་དབུས་ན་ཐོད་མཁར་ལྔ། །དཀྱིལ་ན་སྒྲོལ་གིང་ཡབ་ཡུམ་སྟེ། །ཁྲོ་བོ་གནོད་སྦྱིན་སྲིན་པོ་དང་། །མ་མོ་རིམ་པར་ཕྱོགས་བཞིར་གནས། །བཙོན་ཁང་སྲིན་མོ་བཅུ་དྲུག་དང་། །དེ་མཐའ་ཐོད་པའི་ཕྲེང་བས་བསྐོར། །གྲུ་ཆད་བཞི་ལ་གྲུ་འདེགས་བཞི། །བར་ཁྱམས་ཁྲག་མཚོ་དབང་མོ་དང་། །སྒོ་བཞིར་སྒོ་མ་ཆེན་མོ་བཞི། །དེ་དག་མཐའ་ནི་འོབས་མཁར་བརྒྱད། །ཀུན་གྱི་ཕྱི་ནང་ཤ་ཟ་དང་། །གནོད་སྦྱིན་འདྲེ་སྲིན་རོ་ལངས་དང་། །བྱ་གཅན་ཅེ་སྤྱང་མང་པོས་བསྐོར། །ཤ་ཁྲག་རུས་པ་རི་དང་མཚོ། །དུར་ཁྲོད་གནས་ཆེན་འཇིགས་པར་བསྟན། །ཞེས་མགོན་པོ་འཁོར་བཅས་ཀྱི་ལྷ་ངོ་བསྟན་ཅིང་རྒྱས་པར་དོན་རྟགས་ཀྱང་བཀྲོལ་ལ་བཤད་དོ། །དབང་དངོས་ནི། རྩ་བར། མཎྜལ་ཕུལ་ལ་དབང་ཉིད་ཞུ། །ཞེས་གསུངས་པས་དབང་དངོས་གཞིའི་བུམ་དབང་གི་དོན་དུ་མཎྜལ་ཕུལ། གསོལ་བ་བཏབ་རྗེས་ཟློས་བྱས་ཏེ། དབྱིངས་ནི་ཡེ་ཤེས་གཙོ་མཆོག་ཡིན། །རྡོ་རྗེ་དམ་པ་མཆོག་འཛིན་པ། །ཁྱོད་ནི་དམ་ཚིག་གཙོ་ལགས་ཀྱིས། །དབང་ཕྱུག་རྒྱལ་པོར་དབང་བསྐུར་ཅིག །ལན་གསུམ། བླ་མས་ལན་བཏབ་པ། རིན་པོ་ཆེ་ཡི་དབང་འདི་ནི། །སངས་རྒྱས་ཀུན་གྱིས་ཕྱག་བྱས་པ། །གསང་གསུམ་གནས་ལས་བྱུང་བ་ཡི། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །ཞེས་བརྗོད། རྩ་བར། དབང་རྫས་ལྔ་དང་སློབ་མ་ལ། །རིགས་ལྔའི་རབ་གནས་ཚུལ་བཞིན་བྱ། །དོན་ལྔའི་རྟོག་པ་སོ་སོར་བསྐྱེད། །ཅེས་གསུངས་པས། སློབ་མ་ལས་བུམ་གྱི་ཆུས་བསང་སྦྱང་། སྟོག་པའི་ངང་ལས་མི་བསྐྱོད་ཧེ་རུ་ཀ་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་འཛིན་པ་ཡུམ་དང་བཅས་པའི་གནས་གསུམ་དུ་ༀ་ཨཱཿཧཱུཾ་ལས་འོད་ཟེར་འཕྲོས། རང་འདྲའི་ཡེ་ཤེས་པ་ཛཿཧཱུཾ་བཾ་ཧོཿ བུམ་པ་མགོན་པོ་འཁོར་བཅས་སུ་གསལ་བ་མི་བསྐྱོད་པའི་རང་བཞིན་ཅན་གྱིས་བུམ་དབང་བསྐུར་ཞིང་། མཁའ་དབྱིངས་རྣམ་དག་བུམ་པ་ན། །དཔལ་ལྡན་མགོན་པོའི་དཀྱིལ་འཁོར་བཞུགས། །གཉིས་མེད་བྱང་ཆུབ་སེམས་རྟགས་ཆུས། །བྱིན་རླབས་མཐུ་ཡི་དབང་ཐོབ་ཤོག །ༀ་བྷུར་ཀར་མ་ཧཱ་ཀཱ་ལ་ཀྲོ་དྷ་ཧཱུཾ། རཀྴ་ཀྲོ་དྷི་ཤྭ་རི་ཏྲག་མོ་ཧེ། ཀྲོ་དྷ། ཡཀྴ། རཀྴ། ཙིཏྟ་ཛྭ་ལ་ས་མ་ཡ། ཧ་ཧེ་ཕཊ་བྷྱོཿ རུ་ལུ་རུ་ལུ་ཨ་བྷི་ཥིཉྩ་ཧཱུཾ། བཛྲ་ཀཱ་ལ་ཤ། བུདྡྷ་ཀཱ་ལ་ཤ། རཏྣ་ཀཱ་ལ་ཤ། པདྨ་ཀཱ་ལ་ཤ། ཀརྨ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧཱུཾ། ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་མགོ་བོའི་གནས་ལྔར་གཏུགས་ཏེ་དབང་བསྐུར། བུམ་ཆུ་སྦྱིན་ནོ། །མི་བསྐྱོད་པའི་སྒོ་ནས་ཆུ་དབང་ཐོབ། ཞེ་སྡང་གི་དྲི་མ་དག །རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར། སྟོང་ཉིད་ཡེ་ཤེས་མངོན་དུ་བྱས་པའོ། །སློབ་མ་དང་དབང་རྫས་དབུ་རྒྱན་བསང་སྦྱང་། སྟོང་པའི་ངང་ལས་རིན་འབྱུང་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་རིན་པོ་ཆེ་དང་previous hit དྲིལབུ next hit་འཛིན་པ་ཡུམ་དང་བཅས་པའི་གནས་གསུམ་དུ་ༀ་ཨཱཿཧཱུཾ། དེ་ལས་འོད་ཟེར་འཕྲོས་རང་འདྲའི་ཡེ་ཤེས་པ་ཛཿཧཱུཾ་བཾ་ཧོཿ དབང་རྫས་ཀྱི་ལྷ་འོད་དུ་ཞུ་ནས་རིན་པོ་ཆེའི་ཅོད་པན་དུ་གྱུར། དབུ་རྒྱན་འཆིང་ཞིང་། ཡེ་ཤེས་རིན་ཆེན་དབུ་རྒྱན་མཆོག །གཟི་བརྗིད་ཕུང་པོ་བླ་ན་མེད། །སངས་རྒྱས་རིན་ཆེན་ལས་བྱུང་བའི། །དབུ་རྒྱན་མཆོག་གིས་དབང་བསྐུར་རོ། །ༀ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུཾ། རིན་ཆེན་འབྱུང་ལྡན་གྱི་སྒོ་ནས་ཅོད་པན་གྱི་དབང་ཐོབ། ང་རྒྱལ་གྱི་དྲི་མ་དག །ཚོར་བའི་ཕུང་པོ་གནས་འགྱུར། མཉམ་ཉིད་ཡེ་ཤེས་མངོན་དུ་བྱས་པའོ། །སློབ་མ་དང་རྡོ་རྗེ་བསང་སྦྱང་། སྟོང་པའི་ངང་ལས་སྣང་མཐའ་ཧེ་རུ་ཀ་དམར་པོ་པདྨ་དང་previous hit དྲིལབུ next hit་འཛིན་པ་ཡུམ་དང་བཅས་པའི་གནས་གསུམ་དུ་ༀ་ཨཱཿཧཱུཾ། དེ་ལས་འོད་འཕྲོས། རང་འདྲའི་ཡེ་ཤེས་པ་ཛཿཧཱུཾ་བཾ་ཧོཿ དབང་རྫས་ཀྱི་སྣང་མཐའ་འོད་དུ་ཞུ་ནས་རྡོ་རྗེར་གྱུར་པ་ལག་པ་གཡས་སུ་གཏད་དེ། ཆོས་ཀུན་རྡོ་རྗེའི་མཚན་ཉིད་དུ། །རྡོ་རྗེ་ལའང་མཚན་ཉིད་མེད། །རྡོ་རྗེ་ལྟ་བུའི་རྣལ་འབྱོར་པས། །ཆོས་ཀུན་རྡོ་རྗེ་ལྟ་བུར་ལྟོས། །བཛྲ་ཨ་བྷི་ཥིཉྩ་ཧཱུཾ། འོད་དཔག་མེད་ཀྱི་སྒོ་ནས་རྡོ་རྗེའི་དབང་ཐོབ། འདོད་ཆགས་ཀྱི་དྲི་མ་དག །འདུ་ཤེས་ཀྱི་ཕུང་པོ་གནས་འགྱུར། སོར་རྟོག་ཡེ་ཤེས་མངོན་དུ་བྱས་པའོ། །སློབ་མ་དང་previous hit དྲིལབུ next hit་བསང་སྦྱང་། སྟོང་པའི་ངང་ལས་དོན་གྲུབ་ཧེ་རུ་ཀ་ལྗང་གུ་རལ་གྲི་དང་previous hit དྲིལབུ next hit་འཛིན་པ་ཡུམ་དང་བཅས་པའི་གནས་གསུམ་དུ་ༀ་ཨཱཿཧཱུཾ། དེ་ལས་འོད་ཟེར་འཕྲོས། རང་འདྲའི་ཡེ་ཤེས་པ་ཛཿཧཱུཾ་བཾ་ཧོཿ དབང་རྫས་ཀྱི་དོན་གྲུབ་འོད་དུ་ཞུ་ནས་དྲིལ་བུར་གྱུར། ལག་གཡོན་དུ་གཏད་ལ། འདི་ནི་སངས་རྒྱས་གསུང་དབྱངས་ཉིད། །ཡེ་ཤེས་སེམས་དཔའི་དམ་ཚིག་རྣམས། །རྡོ་རྗེ་སེམས་དཔའ་དཀའ་ཐུབ་དམ། །རྟག་ཏུ་ཁྱོད་ཀྱིས་བཅང་བར་གྱིས། །ༀ་བཛྲ་གྷཎྜེ་ཨཿ དོན་ཡོད་གྲུབ་པའི་སྒོ་ནས་དྲིལ་བུའི་དབང་ཐོབ། ཕྲག་དོག་གི་དྲི་མ་དག །འདུ་བྱེད་ཀྱི་ཕུང་པོ་གནས་གྱུར། བྱ་གྲུབ་ཡེ་ཤེས་མངོན་དུ་བྱས་པའོ། །སློབ་མ་དང་དབང་རྫས་རྡོར་དྲིལ་ཟུང་བསང་སྦྱང་། སྟོང་པའི་ངང་ལས་རྣམ་སྣང་ཧེ་རུ་ཀ་དཀར་པོ་འཁོར་ལོ་དང་previous hit དྲིལབུ next hit་འཛིན་པ་ཡུམ་དང་བཅས་པའི་གནས་གསུམ་དུ་ༀ་ཨཱཿཧཱུཾ། དེ་ལས་འོད་ཟེར་འཕྲོས་རང་འདྲའི་ཡེ་ཤེས་པ་ཛཿཧཱུཾ་བཾ་ཧོཿ དབང་རྫས་ཀྱི་རྣམ་སྣང་འོད་དུ་ཞུ་བ་རྡོར་དྲིལ་ཟུང་དུ་གྱུར་པ་སྤྱི་བོར་དཀྲོལ་ཏེ། ཡང་དག་བླ་མེད་དཀྱིལ་འཁོར་དུ། །མཚན་དྲངས་རྡོ་རྗེའི་མིང་བཏགས་པ། །སྔགས་འཆང་མིང་གི་དབང་བསྐུར་བས། །རིག་འཛིན་ཞིང་དུ་གྲགས་གྱུར་ཅིག །གསང་མཚན་དྲན་དུ་གཞུག་ཅིང་། ༀ་བཛྲ་ནཱ་མ་ཨ་བྷི་ཥིཉྩ་ཧཱུཾ། རྣམ་སྣང་གི་སྒོ་ནས་མིང་གི་དབང་ཐོབ། གཏི་མུག་གི་དྲི་མ་དག །གཟུགས་ཀྱི་ཕུང་པོ་གནས་གྱུར། མེ་ལོང་ཡེ་ཤེས་མངོན་དུ་བྱས་པའོ། །དེ་ལྟར་བསྐྱེད་པ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བུམ་དབང་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་སྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་ནུས་ལྡན་དུ་བསྐྱེད་པ་ཡིན། རྩ་བར། གཉིས་པ་གསང་བའི་དབང་བསྐུར་བ། །མཎྜལ་ཕུལ་ལ་གསོལ་བ་གདབ། །ཅེས་གསུངས་པའི་དོན་གསང་དབང་གི་ཡོན་དུ་མཎྜལ་ཕུལ། གསོལ་བཏབ་ཀྱི་རྗེས་ཟློས་ནི། སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །ལེགས་ལྡན་ནག་པོའི་དཀྱིལ་འཁོར་དུ། །གསང་བ་མཆོག་གི་དབང་བསྐུར་བ། །དེང་འདིར་བདག་ལ་སྩལ་དུ་གསོལ། །ལན་གསུམ། བླ་མ་དང་དཀྱིལ་འཁོར་ལྷ་ཚོགས་སྙོམས་པར་ཞུགས་པའི་དགའ་བའི་སྒྲས་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་སྤྱན་དྲངས་ཞལ་དུ་ཞུགས། རྗེས་ཆགས་ཀྱི་མེས་འོད་དུ་ཞུ་བ་གསང་རྫས་དང་འདྲེས་པར་ཕབ་པ་སློབ་མ་ལ་སྦྱིན་ཏེ། དཀྱིལ་འཁོར་རྣམ་གསུམ་དབྱེར་མེད་པའི། །ཡབ་ཡུམ་གཉིས་མེད་བདེ་བའི་དོན། །བྱང་ཆུབ་སེམས་ཀྱི་ཐིག་ལེ་འདིས། །བདེ་ཆེན་རྒྱལ་པོར་དབང་བསྐུར་རོ། །ཨ་ཧོ་མ་ཧཱ་སུ་ཀ་བོ་དྷི་ཙིཏྟ་ཨ། ཞེས་རྩ་རླུང་གི་སྣོད་རུང་དུ་བྱས་ཏེ་ལུས་ཐམས་ཅད་བདེ་སྟོང་གིས་ཁྱབ་པར་མོས། གསང་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་དབང་ཐོབ། ངག་གི་དྲི་མ་དག །ལམ་རྫོགས་རིམ་སྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་ནུས་ལྡན་དུ་བྱས་པའོ། །རྩ་བར། གསུམ་པ་མཎྜལ་ཕུལ་ལ་འདི་སྐད་ཞུ། །ཞེས་གསུངས་པའི་དོན་གསུམ་པའི་ཡོན་དུ་མཎྜལ་ཕུལ་ལ་གསོལ་བཏབ་ནི། ཁྱོད་ནི་དམ་ཚིག་ཀུན་གྱི་གཙོ། །རྡོ་རྗེ་སེམས་དཔའ་བསྐྱེད་མཛད་མ། །སེམས་ཅན་དོན་སྒྲུབ་ཕྲིན་ལས་ཀྱི། །ཐུགས་རྗེས་མཉམ་སྦྱོར་གྲུབ་པར་མཛད། །ལན་གསུམ། སློབ་མ་མགོན་པོར་གསལ་བ་ཀྲོ་དྷི་ཤྭ་རཱི་མའི་རང་བཞིན་གྱི་ཕྱག་རྒྱ་གཏད་ལ། ཉེ་གནས་ཀྲོ་དྷི་ཤྭ་རཱི་མ། །མཚན་ལྡན་སྒེག་ཅིང་མཛེས་པ་མོ། །ལྷན་ཅིག་སྐྱེས་དགའ་བསྐྱེད་པའི་ཕྱིར། །ལྷ་མོ་འདི་དང་རོལ་པར་གྱིས། །ཞེས་གཏད་པ་ལས་མགོན་པོ་ཡབ་ཀྱི་གསང་གནས་རྡོ་རྗེ་ཧཱུཾ་གིས་མཚན་པ་དང་། ཡུམ་གྱི་མཁའ་པདྨ་འདབ་བརྒྱད་ཨས་མཚན་པ་སྙོམས་པར་ཞུགས་པས་བྱང་སེམས་ཡས་བབས་ཀྱི་དགའ་བཞི་ཉམས་སུ་མྱོང་ཞིང་། ཧཱུཾ་ཞེས་ཡུམ་གྱི་དམར་ཆ་དང་ལྷན་ཅིག་པར་དྲངས་པས་མས་བརྟན་གྱི་དགའ་བཞི་ཉམས་སུ་མྱོང ཞིང་བདེ་སྟོང་གི་ངང་ལ་བཞག་གོ། །ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ལམ་ཕོ་ཉ་སྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་ནུས་ལྡན་དུ་བྱས་པའོ། །དབང་བཞི་པ་ནི། རྩ་བར། མཎྜལ་ཕུལ་ནས་འདི་སྐད་ཞུ། །ཞེས་གསུངས་པའི་དོན། བཞི་པའི་ཡོན་ཏན་མཎྜལ་ཕུལ། གསོལ་བཏབ་ནི། དེ་བཞིན་གཤེགས་པ་དགྱེས་པ་བསྐྱེད། །རྡོ་རྗེ་ཆོས་དབྱིངས་ཀུན་གྱི་གཙོ། །མི་གནས་ཆགས་པ་ཆེན་པོ་ལས། །མ་ལུས་འབྱུང་གནས་བདག་ལ་སྩོལ། །ལན་གསུམ། ཚིག་དབང་གི་ངོ་སྤྲོད་པ་ནི། གསང་བ་གསང་ཆེན་རབ་གསང་བ། །རང་གི་སེམས་ཀྱི་མེ་ལོང་ལྟོས། །མཐོང་བས་དེ་བཞིན་ཉིད་དུ་འགྱུར། །གཞན་མིན་རང་བྱུང་དེ་ཁོ་ནའོ། །ཞེས་བརྗོད་ལ་ཀ་དག་གི་ངང་དུ་མཉམ་པར་བཞག་གོ། །དོན་དམ་གྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། སྒོ་གསུམ་གྱི་དྲི་མ་དག །ལམ་བློ་འདས་རྫོགས་པ་ཆེན་པོ་སྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་ལྡན་དུ་བྱས་པའོ། །མཐའ་རྟེན་ནི། རྩ་བར། དེ་ནས་དྲག་པོའི་རྗེས་གནང་ནི། །ལྕགས་ཁང་དམིགས་རྟེན་བྱས་པའི་མཐར། །དྲག་པོའི་རྫས་རྣམས་དགྲམ་པར་བྱ། །མགོན་པོ་འཁོར་བཅས་བསྐྱེད་བསྟིམ་བསྐུལ། །ཡོན་ཏན་བརྗོད་ལ་སྦྱིན་པར་བྱ། །བསྙེན་བསྒྲུབ་རིམ་པའི་སྔགས་བརྗོད་ཅིང་། །མན་ངག་ཐམས་ཅད་རྫོགས་པར་སྦྱིན། །ཞེས་གསུངས་པའི་དོན་དེང་སང་ཕྱག་བཞེས་སུ་སྒྲོལ་དབང་མཛད་པ་ལས་གཞན་མི་འདུག་ཀྱང་། ཁོ་བོའི་ཡོངས་འཛིན་འགྱུར་མེད་རྡོ་རྗེས་ལྕགས་ཁང་བསྐྱེད་པ་ནི་སྒྲུབ་གཏོར་ལྷར་བསྐྱེད་པའི་དོན་དུ་སྣང་བས། ནུབ་དགོན་ལུགས་བཞིན་འདིར་གཏོར་དབང་བསྐུར་ན་གཞུང་དོན་དང་མཐུན་པར་སྣང་བས་དེ་ལྟར་གྱིས་ཤིག་ཅེས་བཀའ་སྩལ་པ་དོན་ལ་གནས་པར་ཤེས་ཤིང་ཡིད་ཆེས་པས་སྐབས་འདིར་ནུབ་དགོན་ལུགས་ཟུར་སྟོད་ལུགས་པའི་ཕྱག་བཞེས་བཞིན་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་ནི། མཉམ་མེད་ནུབ་དགོན་པོའི་ཐུགས་སྲས་བྱམས་པ་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་ཡིག་ཆའི་སྟེང་ནས་བདག་གིས་ནོས་པས་ཡི་གེ་དེ་ཉིད་ལས་བཏུས་པ་ནི་འདི་ལྟར། དང་པོ་ཁྲུས། གཉིས་པ་བགེགས་བསྐྲད། གསུམ་པ་མཎྜལ། བཞི་པ་གསོལ་གདབ། ལྔ་པ་ཡན་ལག་བདུན་པ་རྣམས་སྔོན་འགྲོར་གསུངས་པས། བྱེ་བྲག་ཏུ་བསྐུར་ན་ལྔ་ག་ངེས་པར་དགོས་ཀྱང་། འདིར་སྦྲེལ་བའི་དབང་གིས་མཎྜལ་གསོལ་བཏབ་ཀྱིས་འཐུས་པར་སྣང་བས་བཀའ་གཏད་ཀྱི་དོན་དུ་མཎྜལ་ཕུལ། གསོལ་བཏབ་འདིའི་རྗེས་ཟློས་ལན་གསུམ་བྱ་སྟེ། དཔའ་བོ་ཆེན་པོ་དགོངས་སུ་གསོལ། །བདག་ཅག་སྐལ་ལྡན་འདུས་པའི་ཚོགས། །སྒོ་འདིར་འཇུག་པར་འཚལ་ལགས་ན། །རྒྱལ་བའི་སྲས་སུ་བཟུང་དུ་གསོལ། །ལན་གསུམ་བྱ། དངོས་གཞི་ལ་ལྔ་སྟེ། ཡི་དམ་ལྷའི་དབང་། སྐུ་གསུང་ཐུགས་ཀྱི་རྗེས་གནང་། བཀའ་བསྒོ། སྔགས་ཀྱི་བཟླས་ལུང་། མེ་ཏོག་སྦྱིན་པ་སྟེ་ལྔ་ལས། དང་པོ་ཡི་དམ་ལྷའི་དབང་ནི་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་དཔལ་ཆེ་མཆོག་ཏུ་གསལ་བའི་ཐུགས་ཀ་ནས་ཧཱུཾ་འཕྲོས། ཁྱོད་རང་རྣམས་ཀྱི་སྙིང་གར་ཐིམ་པས་ལུས་ཐམས་ཅད་བསྲེགས། རྣམ་ཤེས་ཧཱུཾ་དུ་གྱུར་པ་ལས། སྐད་ཅིག་དཔལ་ཆེན་པོ་ཞལ་གསུམ་ཕྱག་དྲུག་པའམ་ཞལ་གཅིག་ཕྱག་གཉིས་པའི་བསྐྱེད་རིམ་ཕོག་སྟེ། ཚོགས་ཆེན་གྱི་དཀྱིལ་འཁོར་ནས་ཁྲོ་བོའི་གཏོར་མ་བླངས་ཏེ་གཏོར་མ་དེ་ཉིད་དཔལ་ཆེན་པོ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་དུ་གསལ་བ་སློབ་མའི་མགོར་བཞག་པས། ལྷ་རྣམས་ཀྱི་སྦྱོར་མཚམས་ནས་བྱུང་བའི་བྱང་སེམས་སྤྱི་བོར་ཐིམ་པས་སྨིན་མཚམས་ཡན་ཆད་གང་བུམ་དབང་ཐོབ། མགྲིན་པ་ཡན་ཆད་གང་། གསང་དབང་ཐོབ། སྙིང་ག་ཡན་ཆད་གང་། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ལུས་ཐམས་ཅད་ལ་ཁྱབ་པས་དབང་བཞི་པ་ཐོབ་པར་མོས་མཛོད། ཅེས་གཏོར་མ་མགོ་བོར་བཞག་སྟེ། རྒྱས་པར། ཧཱུཾ། གཏུམ་ཆེན་དུས་མཐའི་མེ་ཆེན་འབར། །ཞེས་སོགས་ནས་ཚང་བར་བརྗོད་པའམ། བསྡུ་ན། རྡོ་རྗེ་བྲག་ཆེན་སྲ་བ་པོ། །རྡོ་རྗེ་ཆུ་བོ་སྡུད་ཆེན་པོ། །རྡོ་རྗེ་མེ་སྟེ་ཀུན་འབར་ཆེ། །རྡོ་རྗེ་རླུང་སྟེ་འཐོར་རླུང་ཆེ་ཧོཿ ཞེས་བརྗོད་ཅིང་དབང་བསྐུར་བ་ནི་ཡི་དམ་ལྷའི་དབང་ངོ་། །གཉིས་པ་སྐུ་གསུང་ཐུགས་ཀྱི་རྗེས་གནང་བྱ་བའི་དང་པོ་ནི། སློབ་མ་དཔལ་ཆེན་པོར་གསལ་བ་གནས་འགྱུར་ཏེ། དུར་ཁྲོད་ཀྱི་དབུས་སུ་མགོན་པོ་ཞལ་གཅིག་ཕྱག་གཉིས་པ་མངོན་རྟོགས་ལྟར་བསྐྱེད་ལ། སློབ་དཔོན་དཔལ་ཆེན་དུ་གསལ་བའི་ཐུགས་ཀ་ནས་འོད་འཕྲོས། ལྷོ་ནུབ་སྲིན་ཡུལ་ལངྐ་པུ་རི་རི་བོ་མ་ལ་ཡའི་རྩེ་མོ་ནས་མགོན་པོ་འཁོར་བཅས་ཀྱི་སྐུ་དཔག་ཏུ་མེད་པ་བྱོན་ནས་སློབ་བུའི་ལུས་ལ་ཐིམ་པར་བསམ་སྟེ། བྷུར་ཀུར་ཏའི་སྔགས་དང་སྤོས་རོལ་བྱའོ། །གཉིས་པ་ནི། ཡང་བླ་མའི་ཐུགས་ཀ་ནས་འོད་འཕྲོས། མགོན་པོའི་གསུང་གི་བྱིན་རླབས་ཐམས་ཅད་ཡིག་འབྲུ་ཧཱུཾ་དང་རུ་དམར་ནག་གི་རྣམ་པར་སྤྱན་དྲངས་ཏེ། མགྲིན་པར་ཐིམ་པར་བསམ་ལ་སྔགས་དང་སྤོས་རོལ་གོང་ལྟར་བྱའོ། །གསུམ་པ་ནི། ཡང་བླ་མའི་ཐུགས་ཀ་ནས་འོད་འཕྲོས། མགོན་པོའི་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བེང་དང་གྲི་གུག་རྩེ་གསུམ་ཐོད་ཁྲག་སོགས་ཀྱི་རྣམ་པར་སྤྱན་དྲངས་ཏེ། སྙིང་གར་ཐིམ་པར་བསམ་ལ་སྔགས་དང་སྤོས་རོལ་གོང་བཞིན་བྱའོ། །དེས་གཉིས་པ་སྐུ་གསུང་ཐུགས་ཀྱི་རྗེས་གནང་གྲུབ། གསུམ་པ་བཀའ་བསྒོ་བ་ནི། གཏོར་མ་བླ་མའི་ཕྱག་ཏུ་བཞེས་ཏེ་གོང་དུ་ལྷར་བསྒྲུབས་ཟིན་པ་དེ་ཉིད་སྔར་ཡོད་གསལ་འདེབས་ཀྱི་ཚུལ་དུ་ལྕགས་མཁར་གྱི་རྟེན་དང་བརྟེན་པ་མགོན་པོ་འཁོར་བཅས་སུ་ཚིག་གིས་གསལ་བཏབ་ལ། སྐབས་འདིར་མགོན་པོ་ལྗང་སྔོན་ཞལ་གསུམ་ཕྱག་དྲུག་པ་ལྟར་བསྐྱེད་ཅིང་ནུབ་མགོན་ལུགས་ཟུར་དུ་བྱེད་ན་མགོན་པོ་ཞལ་གཅིག་ཕྱག་གཉིས་པ་ལྟར་རོ། །མ་ཧཱ་ཀཱ་ལ་ག་ན་པ་ཏི་ས་པ་རི་ཝཱ་ར་མ་ཧཱ་ཀ་རུ་ཎི་ཀཱ་དྲྀ་ཤྱ་ཧོཿ ས་མ་ཡ་སྟྭཾ། ཨ་ཀཪྴ་ཡ་ཨེ་ཧྱེ་ཧི་ཤྲཱི་མ་ཧཱ་ཀཱ་ལ་ཧཱུཾ་ཛཿ ཨེ་ཨ་ར་ལི་ཧྲིཾ་ཧྲིཾ་ཞེས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་བསྟིམ། པདྨ་མུ་དྲ་ས་མ་ཡ་སྟྭཾ། ཞེས་གདན་ཕུལ། གཏོར་མར་སྨན་རཀ་དྲན། ༀ་ཤྲཱི་མ་ཧཱ་ཀཱ་ལ་ག་ན་བ་ཏི་མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ་ས་པ་རི་ཝཱ་ར་བ་ལིཾ་ཨི་དཾ་གྲྀ་ཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི་མ་ཧཱ་བ་ལིནྟ་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བ་སུ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་ཀེཾ་ནི་རི་ཏི་ཁཱ་ཧི། པུཥྤཾ། དྷཱུ་པཾ། དཱི་པཾ། མ་ཧཱ་སུ་ཁ་ཧོཿ རྡོ་རྗེ་ཅན་གྱི་རྣལ་འབྱོར་ཁྱོད། །རྡོ་རྗེ་ཅན་དུ་གཅིག་ངེས་ཅན། །གསང་བ་གསུམ་དང་མཉམ་པའི་ཕྱིར། །མི་ཕྱེད་རྡོ་རྗེའི་དམ་ཚིག་སྦྱིན། །མི་ཕྱེད་རྡོ་རྗེའི་དམ་ཚིག་འདི། །གསང་བ་གསུམ་གྱི་དབྱིངས་ནས་ཕྱུང་། །དཀྱིལ་འཁོར་གསུམ་གྱི་དམ་ཚིག་འདི། །གྲུབ་ནས་འཇིག་པའི་དུས་མེད་དོ། །ཞེས་དམ་ལ་བཞག་གོ། །དེ་ནས་གཏོར་མ་མགོན་པོར་གསལ་བའི་སྟེང་གི་ཆ་ལ་བླ་མ་བརྒྱུད་པ་རྣམས་གསལ་བཏབ་སྟེ་མགོན་པོར་བཀའ་བསྒོ་བར་བསམ་ལ། བླ་མ་བརྒྱུད་པའི་གཤར་བཏབ་པ་ནི། དང་པོ་ནུབ་དགོན་ལུགས་ཀྱི་བྱིན་རླབས་འདི་གའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྒྱལ་བ་རིགས་ལྔ། སྤྲུལ་སྐུ་ཡེ་ཤེས་ཀྱི་མགོན་པོ་སྒྲོལ་བྱེད་ཐུགས་རྗེའི་རྒྱལ་པོ། དམ་པའི་རིགས་ཅན་ལྔ། སྐལ་ལྡན་རྒྱལ་པོ་ཛཿ སློབ་དཔོན་སྠི་རམ་ཏི། རྒྱ་གར་དྷརྨཱ་བོ་དྷི། བལ་པོ་བ་སུ་དྷ་ར། གནུབས་སངས་རྒྱས་ཡེ་ཤེས། སྣ་ཆུང་ཆོས་ཀྱི་སེང་གེ། མཐུ་སྟོབས་བྱི་བུ་ལོག་པོ། བཤོས་བུ་རྡོ་རྗེ་སེང་གེ། སྐྱེས་མཆོག་ཞང་སྟོན་བཀྲ་ཤིས། མཁས་པ་གླན་སྟོན་ཇོ་བཟུང་། གླན་སྟོན་དྷ་ན་དཀར་སྐྱ། ལྕེ་སྟོན་གྲུབ་པ་འབུམ་པ། བླ་མ་ཤཱཀྱ་སེང་གེ། ཟུར་བླ་མ་ཤཱཀྱ་སེང་གེ། ཟུར་བླ་མ་སེང་གེ་དཔལ། རྡོ་རྗེ་གླིང་པ་བྱང་ཆུབ་རིན་ཆེན། ཆོས་རྗེ་བསོད་ནམས་བློ་རྒྱལ། མཁས་གྲུབ་ཆོས་ཀྱི་རྒྱལ་མཚན། འཇམ་དཔལ་བདེ་ལེགས་རྒྱལ་མཚན། སེ་སྟོན་ཆེན་པོ་རིན་ཆེན་རྒྱལ་མཚན། སྤྱན་ཚབ་མགོན་པོ་ཟླ་བ། མཉམ་མེད་ནུབ་དགོན་པ་ཆེན་པོ་བྱམས་པ་ཆོས་རྒྱལ་མཚན་དཔལ་བཟང་པོ། ཐུགས་སྲས་བྱམས་པ་བློ་གྲོས་རྒྱལ་མཚན། ངམ་རིང་མཁན་ཆེན་བྱམས་པ་བཟང་པོ། ཐུགས་སྲས་སྤྲུལ་སྐུ་ཤཱཀྱ་རྒྱལ་མཚན། མཚུངས་མེད་བླ་མ་བྱམས་པ་རིན་ཆེན་ཆོས་འཕེལ་གྱི་བར་དུ་བྱོན་པ་དང་། དབང་གི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྒྱལ་བ་རིགས་ལྔ། གསང་བདག་ཕྱག་ན་རྡོ་རྗེ། རྒྱལ་པོ་ཛཿ ཀུ་ཀུ་རཱ་ཛ། རོ་ལངས་བདེ་བ། རྡོ་རྗེ་བཞད་པ། དྷརྨ་བོ་དྷི། བ་སུ་དྷ་ར། གནུབས་སངས་རྒྱས་ཡེ་ཤེས། ཡོན་ཏན་རྒྱ་མཚོ། ཉང་ཆེན་ཤེར་མཆོག །ཡེ་ཤེས་འབྱུང་གནས། ཟུར་ཆེན་ཤཱཀྱ་འབྱུང་། ཟུར་ཆུང་ཤེས་རབ་གྲགས། གླན་ཤཱཀྱ་བཟང་པོ། འདར་ནག་བསོད་ནམས་གྲགས་པ། འདར་ན་ཀུན་དགའ། ཇོ་བཙུན་ཤེས་རབ་འབར། ཧོར་ནག་དབང་སྐྱོན། མཁས་བཙུན་ཆོས་སྐྱོང་འོད། འདར་ནག་ཤཱཀྱ་བྱང་ཆུབ། འདར་ནག་ཀུན་དགའ་འོད། བར་སྟོན་བློ་གྲོས་རྒྱལ་མཚན། སྣར་སྟོན་ཤཱཀྱ་ཤྲཱི། སྣར་སྟོན་བུདྡྷ་དྷྭ་ཛ། ཤཱཀྱ་ར་མ་པ། རྡོར་རྒྱལ་བཟང་པོ། དཔང་ཆོས་ཀྱི་རྒྱལ་མཚན། འཇམ་དབྱངས་བསོད་ནམས་རྒྱལ་མཚན། ཟུར་ཚོས་སྟོང་ལ་བདེ་ལེགས་རྒྱལ་མཚན། སེ་སྟོན་ཆེན་པོ་རིན་ཆེན་རྒྱལ་མཚན། འདར་ནག་ཀུན་བཟང་རིན་ཆེན། སྔགས་འཆང་གཞོན་ནུ་སྟོབས་ལྡན། བྱམས་པ་རིན་ཆེན་རྡོ་རྗེ། སྐྱི་སྟོན་ཚེ་རིང་དབང་པོ། ཟུར་ཆེན་ངག་དབང་ཕུན་ཚོགས། རིག་འཛིན་ཆེན་པོ་འགྱུར་མེད་རྡོ་རྗེའི་བར་དུ་བྱོན་པ་དང་། ཁྱབ་བདག་སྨན་ལུང་པ་ཆེན་པོ་བློ་མཆོག་རིག་པའི་རྡོ་རྗེ་སོགས་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་དེ་རྣམས་ཀྱི་བཀའ་དང་དམ་ཚིག་གི་རིམ་པ་ལས་མ་འདའ་བར་བདག་གི་སློབ་མ་འདི་རྣམས་ཀྱི་འགལ་རྐྱེན་སྤོངས། མཐུ་རྐྱེན་བསྒྲུབ། མཐར་ཐུག་སངས་རྒྱས་ཀྱི་གོ་འཕོང་ཐོབ་པར་མཛད་དུ་གསོལ། ཞེས་སྔགས་དང་སྤོས་རོལ་བཅས་ཏེ་སློབ་མ་རྣམས་ཀྱི་སྤྱི་བོར་བཞག་གོ། །བཞི་པ་སྔགས་ཀྱི་བཟླས་ལུང་ནི། སློབ་དཔོན་ཆེ་མཆོག་ཏུ་གསལ་བའི་ཐུགས་ཀའི་ཧཱུཾ་ལས་སྔགས་ཕྲེང་བྱུང་བ་ཞལ་ནས་ཐོན། སློབ་མ་མགོན་པོར་གསལ་བའི་ཞལ་དུ་ཞུགས་ལྟེ་བ་ནས་ཐོན། སློབ་དཔོན་ཡི་དམ་དུ་གསལ་བའི་ལྟེ་བར་ཞུགས་ནས་འཁོར་བ་ལས་འོད་ཟེར་གྲི་གུག་ལ་སོགས་པ་ཕྱིར་འཕྲོས་ནས་དགྲ་བགེགས་བསྒྲལ་བར་བསམ་ལ། ཕྲེང་བ་ལ་འཛིན་དུ་བཅུག་ནས་སྔགས་འདི་རྣམས་ཀྱི་རྗེས་ཟློས་ལན་གསུམ་བྱར་གཞུག་གོ། །ༀ་བྷུར་ཀུར་མ་ཧཱ་པདྨ་རྡེ་འབུར་ཙི་འབུར་བྱི་གི་བྱེ་མ་ན་སྱེ་ཨེ་ཤོ་མ་ཀྲོ་དྷ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ༀ་བྷུ་ཏུ་ཀུན་ཨ་ཀྲ་ན་འབུ་ཙི་ཀྱི་བྱེ་མ་ན་སེ་ཁ་ཤོ་མ་ཀྲོ་དྷ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ༀ་བྷུར་ཏུ་ཀུར་ཏུ་ཨི་ཙི་ཁྱི་བྱི་ཨུ་ཙུསྨ་ཀྲོ་དྷ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ༀ་བྷུར་ཀུར་ཏི་ཧཱུཾ་ཕཊ། ཅེས་སྦྱིན་ནོ། །མདོ་དབང་གི་བསྡུས་དོན་ཟུར་ལུགས་སུ། ཆོས་སྐྱོང་གཏོར་དབང་ཞེས་པ། ༀ་བྷུར་ཀུརྟི་ཕཊ། སརྦ་སིདྡྷ་ཕ་ལ་ཧཱུཾ་ཨཱཿ ཞེས་སོ། །ཞེས་གསུངས་པས། སྔགས་མཐར་སརྦ་སིདྡྷི་ཕ་ལ་ཧཱུཾ་ཨཱ་ཡང་སྦྱོར། ལྔ་པ་མེ་ཏོག་སྦྱིན་པ་ནི། སློབ་མས་བླ་མ་ལ་མེ་ཏོག་འཐོར་ཞིང་འདིའི་རྗེས་ཟློས་བྱ། མགོན་པོ་བདག་གིས་བཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། སློབ་དཔོན་གྱིས་མེ་ཏོག་སློབ་མའི་སྤྱི་བོར་བཞག་ལ། མགོན་པོ་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ་བྱའོ། །དེས་དངོས་གཞིའི་ཆོ་ག་གྲུབ་བོ། །དེ་དག་གི་རིམ་པ་ནི། སེ་སྟོན་རྒྱ་མཁར་བ་དང་ནུབ་དགོན་པའི་ལུགས་བཞིན་དུ་དབང་བཞིའི་བྱིན་རླབས་བཀའ་གཏད་གཏོར་དབང་རྣམས་སྐབས་འདིར་སྦྱར་བ་ལགས། དབང་དངོས་ཀྱི་འཕྲོས་ནི། འབྲུབ་ཁུང་དུ་ཟན་ལིང་བཤམས་པ་ལ་རཀྟ་བྲན་ཏེ་དགུག་གཞུག་སྤྱི་ལྟར་བྱས་ལ། སློབ་མའི་ལག་ཏུ་གྲི་གུག་གཏད་དེ། སངས་རྒྱས་ཀུན་གྱི་རལ་གྲི་ཆེ། །ལས་ཀྱི་གྲི་གུག་འབར་བ་འདི། །དགྲ་བགེགས་གདུག་པ་བསྒྲལ་བའི་ཕྱིར། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །བཛྲ་ཁངྒ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གཏད་ལ་ལིངྒར་བསྣུན་ནོ། །ཏི་རས་མཚན་པའི་བེང་ཆེན་གཏད་ལ། ཏི་རའི་བེང་ཆེན་གསལ་ཤིང་འདི། །སྲིད་གསུམ་དབང་དུ་བསྡུ་བ་དང་། །གདུག་པ་རྡུལ་དུ་བརླག་པའི་ཕྱིར། །དེ་རིང་ཁྱོད་ལ༴ ཏི་ར་དྷ་ཀ་ཛྭ་ལ་ཨ༴ ཞེས་ལིངྒར་བསྣུན་ནོ། །རྡོ་རྗེ་གཏད་ལ། ཡེ་ཤེས་འབར་བའི་རྡོ་རྗེ་འདི། །དུག་ལྔ་དབྱིངས་སུ་བསྒྲལ་བ་དང་། །སྡིག་ཅན་ལྔ་ཕུང་བཤིག་པའི་ཕྱིར། །དེ་རིང་ཁྱོད་ལ༴ བཛྲ་ཨ་བྷི༴ ལིངྒར་བསྣུན་ནོ། །ཕུར་པ་གཏད་ལ། དྲག་པོ་གནམ་ལྕགས་ཕུར་པ་འདི། །དབྱིངས་ལ་ཡེ་ཤེས་ཤར་བ་དང་། །ཞིང་བཅུ་གནས་སུ་བསྒྲལ་བའི་ཕྱིར། །དེ་རིང་ཁྱོད་ལ༴ བཛྲ་ཀཱི་ལ་ཡ་ཨ་བྷི༴ ལིངྒར་བཏབ་བོ། །རློན་ཐུན་གཏད་ལ། ཐོད་རློན་གདུག་པའི་ཁྲག་གིས་བཀང་། །འཁོར་བ་དོང་ནས་སྤྲུག་པ་དང་། །དམ་ཉམས་སྙིང་ཁྲག་བཏུང་བའི་ཕྱིར། །དེ་རིང་ཁྱོད་ལ༴ ཀ་པཱ་ལ་རཀྟ་ཨ་བྷི༴ ལིངྒར་གཏིག་གོ། །ཤཀྟི་སྟེ་མདུང་སོའི་ནང་རྨ་བྱའི་སྒྲོ་ཆུན་གྱིས་བཀང་བའི་འཕང་མདུང་གཏད་ལ། མདུང་རྣོན་གཡང་གཞིའི་རུ་མཚོན་འདི། །བདུད་ཀྱི་གཡུལ་ལས་རྒྱལ་བ་དང་། །རྦད་དབྲལ་སྙིང་གཟེར་གདབ་པའི་ཕྱིར། །དེ་རིང་ཁྱོད་ལ༴ བཛྲ་ཤུ་ལ་ཨ་བྷི༴ ལིངྒར་བརྡེག་གོ། །སྦྲུལ་ཞགས་གཏད་ལ། དུག་སྦྲུལ་འབར་བའི་ཞགས་པ་འདིས། །འཁོར་བའི་གནས་ནས་དྲང་བ་དང་། །བླ་སྲོག་ཡར་བ་བསྡམ་པའི་ཕྱིར། །དེ་རིང་ཁྱོད་ལ༴ ནཱ་ག་པཱ་ཤ་ཨ་བྷི༴ ལིངྒ་འཆིང་ངོ་། །རྔ་གཏད་ལ། ཆོས་སྐུ་ཡོན་ཏན་མཆོག་མངའ་བའི། །ཕྱག་མཚན་དྲག་པོ་ཙ་མ་ར། །དམ་ཅན་གནས་ནས་འབོད་པའི་ཕྱིར། །དེ་རིང་ཁྱོད་ལ༴ བཛྲ་ཙ་མ་ར་ཨ་བྷི༴ ཞེས་བརྡུང་ངོ་། །ཡུངས་ཀར་གཏད་ལ། ལེགས་ལྡན་ཁྲོ་རྒྱལ་ཐུགས་ཀ་ནས། ཙར་ཤ་པ་ནི་མཚོན་ཆ་མཆོག །ཡུངས་ཀར་རྒྱལ་པོ་ཤ་རི་རཾ། །དེ་རིང་ཁྱོད་ལ༴ བཛྲ་པེ་ཏ་ལི་རཀྴ་ཨ་བྷི༴ ལིངྒ་བྲབ་བོ། །གུ་གུལ་སོར་མེར་སྦྱར་ཏེ་གཏད་ལ། གུ་གུལ་སྦྱར་བའི་རྫས་མཆོག་འདིས། །དགྲ་བོ་ལྷ་དང་དབྱེ་བ་དང་། །བགེགས་རྣམས་མྱོས་དང་བསྐྲད་པའི་ཕྱིར། །དེ་རིང་ཁྱོད་ལ༴ མ་ཀུ་ཏ་ལ་པྲ་ཏ་ལ་བྷི༴ ཞེས་ལིངྒར་བདུག་གོ། །རི་རབ་གླིང་གཞི་རྒྱ་གྲམ་གྱིས་མཚོན་པ་མནན་པའི་ཕྱིར་གཏད་ལ། རི་རབ་གླིང་བཞི་རྒྱ་གྲམ་འདིས། །རྟོག་པའི་ཟུག་རྔུ་གཞིལ་བ་དང་། །གདུག་པ་ཅན་རྣམས་མནན་པའི་ཕྱིར། །དེ་རིང་ཁྱོད་ལ༴ བི་ཤྭ་བཛྲ་སུཾ་ཨེ་བཾ་མ་ཡ་ཨ་བྷི༴ ལིངྒ་མནན་ནོ། །མེ་ཧོམ་སྦར་བ་སྦྱིན་སྲེག་གི་ཕྱིར་དུ་གཏད་ལ། ཡེ་ཤེས་འབར་བའི་མེ་དཔུང་འདིས། །ཉོན་མོངས་འཁོར་བའི་བག་ཆགས་དང་། །དགྲ་བགེགས་ཐམས་ཅད་བསྲེག་པའི་ཕྱིར། །དེ་རིང་ཁྱོད་ལ༴ བཛྲ་ཛྭ་ལ་རཾ་ཨ་བྷི༴ མདའ་གཞུ་གཏད་ལ། ཐབས་ཤེས་ཆགས་སྡང་མདའ་གཞུ་དང་། །དྲག་པོ་ཐུན་དང་རྫས་འདི་ཡིས། །དགྲ་བགེགས་རྡུལ་དུ་བརླག་བྱའི་ཕྱིར། །དེ་རིང་ཁྱོད་ལ༴ བཛྲ་ཏིཀྞ་ཁཏྒ་ཨ་བྷི༴ ཞེས་ལིངྒར་བསྣུན་ཏེ་བསྒྲལ་ལ་བདུད་རྩིས་བྲན་ཏེ་གཏོར་མར་བསྟབ་བོ། །རྩ་བར། དེ་ནས་ཞབས་ལ་སྤྱི་བོས་གཏུགས། །ཡོན་མཆོག་དབུལ་ཞིང་གཏང་རག་བཏང་། །ཚོགས་ཀྱི་མཆོད་པས་མཉེས་པར་བྱ། །ལྷག་བརྟན་གཤེགས་བསྡུ་ལུས་བསྲུང་བསྔོ། །ཛ་གད་རྫས་ཀྱི་བཀྲ་ཤིས་གསོལ། །ཞེས་གསུངས་པ་ལྟར་གཏང་རག་གི་མཎྜལ་དབུལ་ཞིང་། དམ་ཚིག་བསྡུས་ཏེ་བྲན་དུ་ཁས་བླངས་པ་སོགས་སྤྱི་ལྟར་རོ། །རྗེས་ཆོག་ནི། མཆོད་པ་རྣམས་ཁ་གསོས། མཆོད་གཏོར་བསྒུལ་ཏེ་སྨན་རཀ་བྲན་ལ་བསྟབ་པ་ནུབ་དགོན་ལུགས་འདི་ལྟར། ཧཱུཾ། དཔལ་ལྡན་མགོན་པོ་ནག་པོ་ནི། །མཐིང་ནག་འབར་བའི་རལ་པ་ཅན། །ཁྱོད་ཀྱི་གསང་བའི་མངའ་གསོལ་བ། །རོ་ལངས་རྡོ་རྗེ་དུར་ཁྲོད་བདག །གསང་བའི་མཚན་དུ་གྲགས་པ་ཅན། །བསྐལ་པ་བཟང་པོའི་ཡབ་ཡུམ་དུ། །རྣལ་འབྱོར་ཡོངས་ཀྱི་མགོན་པོ་སྟེ། །དགེ་བསྙེན་ལེགས་ལྡན་ནག་པོ་ལགས། །གང་དག་ཆོས་པ་རྣམས་ཀྱི་ཤིང་། །རྣལ་འབྱོར་སྲུང་མར་ཁས་བླངས་ཏེ། །རྣལ་འབྱོར་མཐུ་རྩལ་འཛིན་པར་མཛོད། །ས་བརྒྱད་ནོན་པའི་སེམས་དཔའ་མཆོག །སངས་རྒྱས་བསྟན་པ་བསྲུངས་ནས་ཀྱང་། །བསྐལ་པ་ཕྱི་མར་ལུང་ཡང་བསྟན། །འོག་གི་ཕྱོགས་ཀྱི་འཇིག་རྟེན་ཁམས། །ཐལ་བས་ཁེབས་པའི་ཞིང་ཞེས་པར། །རྫོགས་སངས་རྒྱས་སུ་ལུང་ཡང་བསྟན། །ཁྱོད་ཀྱི་མཐུ་དང་རྩལ་གྱི་སུ། །བདུད་དང་སྲིན་པོ་ལ་སོགས་འདུལ། །དགྲ་བགེགས་མ་ལུས་ཐལ་བར་རློག །བསྟན་སྲུང་ཁྱོད་ལ་ཕྱག་འཚལ་བསྟོད། །ཧཱུཾ། དཔལ་ལྡན་མགོན་པོ་ནག་པོ་ཁྱོད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཕྲིན་ལས་ཐམས་ཅད་གྲུབ་པར་མཛོད། །ཁྱོད་ཀྱི་བཀའ་ཡི་འཁོར་གནས་པའི། །ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱང་། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བདག་དང་རྣལ་འབྱོར་སྒྲུབ་ཀུན་གྱི། །དཀོན་མཆོག་ཕྱོགས་སུ་གཏོགས་པ་ཡི། །གནོད་བྱེད་ཐམས་ཅད་བཟློག་པ་དང་། །དུས་མ་ཡིན་པར་འཆི་བ་དང་། །བཀྲ་མི་ཤིས་པ་སྣ་ཚོགས་རྣམས། །དེ་དག་ཁྱོད་ཀྱི་བཟློག་ཏུ་གསོལ། །བདག་གི་དོན་རྣམས་གྲུབ་པ་དང་། །དགྲ་བགེགས་གཏན་དུ་གཞོམ་དུ་གསོལ། །ཡིད་ཀྱང་རྟག་ཏུ་བདེ་བ་དང་། །ལོངས་སྤྱོད་ཕུན་ཚོགས་ལྡན་པར་ཤོག །ཤཱཀྱ་སེང་གེའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །བདེ་གཤེགས་བསྟན་པ་ཁྱོད་ཉིད་ཀྱིས། །བསྲུང་ཞིང་རྒྱས་པར་བྱ་བ་དང་། །ནད་དང་རིམས་དང་དུག་རྣམས་དང་། །ཆུ་དང་མཁའ་འགྲོ་རྐུན་པོ་དང་། །དུས་མ་ཡིན་པར་འཆི་བ་དང་། །བཀྲ་མི་ཤིས་པ་ཐམས་ཅད་རྣམས། །དེ་དག་ཁྱེད་ཀྱིས་བཟློག་ཏུ་གསོལ། །རྣལ་འབྱོར་པ་ཡི་ལས་རྣམས་མཛོད། །ཅེས་གཏོར་མ་ཕུལ། ༀ་བྷུར་ཀུར་ཏི་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྡའི་བར་གྱིས་མཆོད། སྔགས་མཐར་སྨན་གཏོར་རཀྟའི་སྔགས་བཏགས་ཏེ་དབུལ། བསྟོད་པ་གོང་དུ་སོང་བས་འཐུས། ཡིག་བརྒྱས་ལྷག་ཆད་བསྐང་། རྡུལ་ཚོན་དང་སྒྲུབ་གཏོར་བུམ་པའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་བདག་ལ་བསྡུ། བསྔོ་སྨོན་བཀྲ་ཤིས་བྱའོ། །དེ་ཡང་འདིར་གོང་དུ་སྨོས་པ་ལྟར། གཙང་ཤོད་པའི་དབང་བྱང་དང་། ནུབ་དགོན་ལུགས་ཀྱི་རྗེས་གནང་བཀའ་གཏད་གཉིས་ཀ་བསྡོམས་ཏེ། འདུས་པ་ཆེན་པོའི་དབང་གི་མཐའ་རྟེན་དུ་བསྒྲིགས་པ་ཡིན་པས། ལུགས་གཉིས་ཀའི་རྒྱུན་མ་ཆད་པར་བསྡེབས་ཡོད་པས་གཉིས་ཀ་ཐོབ་པའི་གོ་ཆོད་ངེས་སུ་ཡོད་ལ། མདོ་དབང་དང་མ་འབྲེལ་ཚེ་དབང་དང་རྗེས་གནང་གང་འཐད་སོ་སོའི་ལུགས་བཞིན་བསྐུར་དགོས་པས། དབང་ཆོག་སོ་སོར་ཡོད་པ་ལྟར་བྱ། འདི་ལྟ་བུའི་དབང་དང་རྗེས་གནང་ཐོབ་ཕྱིན་ཅད་ཉེར་དགུ་དང་བཅུ་བཞི་སོགས་ཀྱི་དུས་གཏོར་དང་རྒྱུན་གཏོར་མ་ཆག་པར་བྱ་དགོས་ཤིང་། ཁྱད་པར་ཁྱབ་བདག་སྨན་ལུང་པ་ཆེན་པོའི་གསུང་རྒྱུན་བཞིན། གཏོར་བསྔོ་ཆུང་ངུ་འདི་སྤྱིར་མདོ་དབང་ཐོབ་པ་དང་། ཁྱད་པར་ཆོས་སྐྱོང་འདིའི་དབང་བསྐུར་རྗེས་གནང་ཐོབ་པ་རྣམས་ཀྱིས་ཆག་མེད་དུ་བྱ་བའི་རྒྱུན་ཡོད་པས་འདི་ལྟར། གཏོར་མ་གང་འབྱོར་བདུད་རྩིས་བྲན་ལ། རཾ་ཡཾ་ཁཾ་གིས་སྦྱང་། ༀ་ཨཱཿཧཱུཾ་གིས་བདུད་རྩིར་བྱིན་གྱིས་བརླབས་ཏེ། ཆོས་སྐྱོང་འཁོར་བཅས་བྱོན་ཏེ་རོལ་པར་བསམ་ལ། ཧཱུཾ། ལངྐའི་ཡུལ་གྱི་གྲོང་བརྡལ་གྱི། །དབུས་ཀྱི་རི་བོ་མ་ལ་ཡ། །ཀོ་ཀ་ཐང་དམར་རྒྱ་མཚོའི་དོ། །དྲག་ཤུལ་ཡོད་པའི་རྩེ་མོ་ལ། །དཔལ་ཆེན་རྡོ་རྗེ་སྲིན་པོ་ཡིས། །བདུད་ཀྱི་སྡེ་རྣམས་བཏུལ་ནས་ནི། །གསང་སྔགས་འཁོར་ལོ་བསྐོར་བའི་ཚེ། །མིང་གི་དབང་བསྐུར་བྲན་དུ་ཁས་བླངས་པའི། །རྡོ་རྗེ་རོ་ལངས་དུར་ཁྲོད་ཚོགས་ཀྱི་བདག །མགོན་པོ་ནག་པོ་ཆེན་པོ་དང་། །ཉེ་གནས་ཀྲོ་དྷི་ཤྭ་རཱི་མ། །ཡབ་ཡུམ་གཉིས་སུ་མེད་པའི་འཁོར། །ལངྐའི་བདག་པོ་ལ་སོགས་པ། །འདུས་པ་ཆེན་པོའི་རྣལ་འབྱོར་པ། །ཕོ་མོ་འཁོར་དང་བཅས་པ་རྣམས། །འདིར་གཤེགས་མཆོད་པ་དམ་པ་བཞེས། །མཆོད་པ་དམ་པ་འདི་བཞེས་ལ། །བདག་གིས་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཧོཿ ཚོགས་ཀྱི་བདག་པོ་མ་ཧཱ་ཀཱ་ལ་ལེགས་ལྡན་ནག་པོ་འདུས་པ་ཆེན་པོའི་རྣལ་འབྱོར་ཕོ་མོ་འཁོར་དང་བཅས་པའི་ཞལ་དུ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བ་ལིནྟ་ཁཱ་ཧི། མ་ཧཱ་སརྦ་པུ་ཛ་ཁཱ་ཧི། ཞེས་པའོ། །དུས་གཏོར་གྱི་ཚེ་གོང་དུ་བཤད་པའི་མཆོད་ཕྲིན་རྣམས་བྱ། ཁྱད་པར་མདོ་དབང་གི་ཚེ་ནུབ་རེ་བཞིན་མཆོད་ཕྲིན་རྒྱས་པར་རེ་བྱ། བསྟབ་པ་དང་བཅས་ཐུན་གཏོར་རེ་ཡང་འབུལ་ལོ། །དེ་དག་གིས་བཀའ་སྲུང་མགོན་པོའི་དབང་དང་རྗེས་གནང་གི་རིམ་པ་རྣམས་ལེགས་པར་བསྟན་ཟིན་ཏོ། །
༈ དམ་ཅན་གྱི་བསྐང་གསོ་ནི། སྒྱུ་འཕྲུལ་གསང་བའི་སྙིང་པོའི་རྒྱུད་ཀྱི་སྲུང་མ་ཆེན་པོ་རྡོ་རྗེ་ལེགས་པ་མཆོད་པར་འདོད་པས། མཆོད་གཏོར་གྱི་རིམ་པ་གང་འབྱོར་བཟང་དུ་བཤམ་ལ། རཾ་ཡཾ་ཁཾ་གིས་བསྲེག་གཏོར་བཀྲུས། ༀ་ཨཱཿཧཱུཾ་གིས་བདུད་རྩིར་བྱིན་གྱིས་བརླབ་ལ་བསྔོ་ཞིང་། མདུན་དུ་དམ་ཅན་འཁོར་བཅས་སྐད་ཅིག་གིས་བྱོན་ཏེ་གཏོར་མ་གསོལ་བར་བསམ་ལ་འདི་སྐད་དོ། །ཧཱུཾ། སུམ་ཅུ་རྩ་གསུམ་དགའ་ལྡན་ལྷ་ཡུལ་གྱི། །རྣམ་པ་རྒྱལ་བའི་ཁང་བཟང་ཆེན་པོ་ནས། །གདོད་ནས་མ་སྐྱེས་རང་བྱུང་དག་པའི་ལྷ། །མཉམ་ཉིད་རིག་པའི་ལྷ་ལ་ཕྱག་འཚལ་བསྟོད། །སྟོན་པ་ཤཱཀྱ་ཐུབ་པའི་བསྟན་པ་ལ། །བསྟན་པ་བསྲུང་ཞིང་ལེགས་ཉེས་སྟངས་འཛིན་པའི། །དགེ་བསྙེན་ཆེན་པོ་རྡོ་རྗེ་ལེགས་པ་སྟེ། །འཇིག་རྟེན་སྐྱོང་བ་ཁྱོད་ལ༴ ཁྱོད་ནི་ཡབ་ཡུམ་དམུ་བདུད་ཚོགས་པའི་སྲས། །བདེན་ཚིག་བཙུགས་པས་སངས་རྒྱས་ཆོས་དང་མཇལ། །ལྷ་མིན་ཀུན་ལ་དབང་སྒྱུར་ཐུགས་དམ་ཅན། །དམུ་བདུད་དཀར་པོ་ཁྱོད་ལ༴ ཆོས་མེད་མནའ་ཟན་དམ་ཉམས་ཀུན་གྱི་གཤེད། །སྐྱེ་བོའི་དགྲ་ལྷ་དགྲ་བོའི་གཤེད་མ་སྟེ། །གཞན་གྱིས་མ་བཅོལ་ཉིད་ཀྱིས་ཞལ་བཞེས་པའི། །ལེགས་ཉེས་སྟངས་འཛིན་ཁྱོད་ལ༴ དོན་དམ་ངེས་པའི་བདེན་པ་མ་མཐོང་ཡང་། །སྐྱེས་མཆོག་ཁྱད་པར་ཅན་གྱི་གང་ཟག་གིས། །དབང་བསྐུར་མིང་བཏགས་བསྟན་པའི་གཉེར་གཏད་པའི། །ཆོས་སྐྱོང་སྲུང་མ་ཁྱོད་ལ༴ རང་གི་ལས་དང་རྫུ་འཕྲུལ་བསོད་ནམས་ཀྱིས། །ལྷོ་ཡི་འཛམ་གླིང་ཁྱབ་པར་རྒྱུ་ན་ཡང་། །ཁྱད་པར་བཞུགས་ས་བོད་ཡུལ་དབུས་ཀྱི་དཔལ། །ཡུལ་ལྷ་གཉན་པོ་ཁྱོད་ལ༴ སྔོན་ཚེ་ཐོག་མར་རང་གི་བག་ཆགས་སད། །སྨོན་ལམ་དམ་བཅའ་ཉིད་ཀྱི་མིང་སྨོས་པས། །བླ་བོད་མདོ་གཙང་བགྲོད་པའི་སྣ་འདྲེན་མཛད། །ཚོང་དཔོན་ཆེན་པོ་ཁྱོད་ལ༴ སྐྱེ་བོ་འཐབ་རྩོད་གཡུལ་ཆེན་འགྱེད་པའི་ཚེ། །གང་གིས་ཁྱོད་ལ་གསོལ་མཆོད་བྱས་པ་ན། །དམག་གི་རུ་བཟློག་ཕ་རོལ་དཔུང་འཇོམས་པའི། །དམག་དཔོན་ཆེན་པོ་ཁྱོད་ལ༴ འཇིག་རྟེན་འདི་ན་མཐུ་ཆེན་འགའ་མཆིས་ཀྱང་། །བཅོལ་བའི་ལས་རྣམས་མྱུར་དུ་མི་བསྒྲུབ་སྟེ། །ཁྱོད་ཀྱི་གང་གིས་མཆོད་ཅིང་བསྟེན་པ་ན། །མྱུར་དུ་སྒྲུབ་བྱེད་ཁྱོད་ལ༴ འཁོར་བའི་གནས་ན་ལྷ་སྲིན་གཞན་བསྟེན་ན། །དགྲ་ཉིད་བསད་ཅིང་བདག་ལ་གནོད་པ་འབྱུང་། །ཁྱོད་ནི་གང་དང་འབྲེལ་བ་རྟག་ཏུ་སྐྱོང་། །ཡུན་དུ་གྲོགས་མཛད་ཁྱོད་ལ༴ འཇིག་རྟེན་འདི་ན་མ་ཚོགས་གཞན་བསྟེན་ན། །ཟུག་རྔུ་རགས་ཤིང་རྟོག་པ་རབ་ཏུ་ཆེ། །ཁྱོད་ནི་མི་ནག་སྐྱེ་བོས་བསྒྲུབས་ན་ཡང་། །མཐུ་དབང་སྟེར་བྱེད་ཁྱོད་ལ༴ ཁྱོད་ནི་གསང་སྔགས་ནང་གི་དམ་ཚིག་ཅན། །བདག་ནི་དམ་སྲུང་དམ་ཚིག་གཉན་པོར་བསྲུང་། །མཉམ་པོར་དོན་གྱི་སིདྡྷི་རེ་བ་ན། །དོན་དམ་མཚུངས་པའི་ལྷ་ལ༴ ལས་ཀྱི་དབང་གིས་ར་ཡི་ཤ་ལ་དགྱེས། །ར་ཤ་ར་ཚིལ་རྟག་ཏུ་ཟས་སུ་ཟ། །ར་ཡི་པགས་པ་ཉིད་ཀྱང་ན་བཟར་གསོལ། །སྐྱེས་བུ་རྫུ་འཕྲུལ་ཅན་ལ༴ སྤྱིར་ན་ཁྱོད་ཀྱི་ཡོན་ཏན་སྤྲུལ་པ་ནི། །གཅིག་ཏུ་མ་ངེས་གནས་སྐབས་མཐར་ཐུག་ཀྱང་། །བཀའ་དང་དམ་ཚིག་བསྲུང་བར་ཞལ་བཞེས་པའི། །གཙུག་ལག་ཁང་སྐྱོང་ཁྱོད་ལ༴ དད་པའི་སེམས་ཀྱི་གདུང་བའི་ཤུགས་ཕྱུངས་ཏེ། །གུས་པའི་དང་བས་ལུས་ངག་སེམས་བཏུད་ནས། །ཡོན་ཏན་རི་རབ་རྡུལ་ལས་ཆ་ཙམ་ཞིག །དང་བའི་དད་པས་གུས་པས་ཕྱག་འཚལ་བསྟོད། །ཅེས་རྒྱ་གར་གྱི་སློབ་དཔོན་ཆེན་པོ་སངས་རྒྱས་གསང་བས་བསྟོད་པའོ། །སྒྱུ་འཕྲུལ་གསང་བ་སྙིང་པོའི་བཀའ་སྲུང་དུ་མངགས་ཏེ། སློབ་དཔོན་སངས་རྒྱས་གསང་བས་ཏེ་སེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་བསྐུར་བའོ། །
༈ དེ་ནས་མཐའ་རྟེན་ཚེ་དབང་ནི། སྤྱིར་སྒྱུ་འཕྲུལ་ཚེ་དབང་རྒྱས་པར་སྣང་བས། འདིར་གཞུང་དོན་ལྟར་མདོ་ཙམ་ཡི་གེར་བཀོད་པ་ནི་དཀྱིལ་འཁོར་ཆེན་པོའི་མཆོད་གཏོར་ཚོགས་སྐོང་རྣམས་རྒྱས་པར་བཤམས་ཏེ། རྒྱུད་ལུང་གི་ཕྲིན་ལས་དང་འཛབ་སོགས་ཞི་ཁྲོའི་ཆོ་ག་ཚོགས་ཀྱི་བར་གྲུབ་རྗེས། རྩ་བར། དེ་ནས་ཚེ་ཡི་དཀྱིལ་འཁོར་གྱི་བུམ་པ་བྷྲཱུཾ་གྱི་འཕྲོ་འདུ་ལས་གཞལ་ཡང་ཁང་གདན་དང་བཅས་པའི་དབུས་སུ། ཨཱཾ་བྱཱཾ་ལས་ཚེ་དཔག་མེད་ཡབ་ཡུམ་ཚེ་རྟེན་ཅན། ཤར་དུ་རྣམ་སྣང་བགྲང་ཕྲེང་། ལྷོར་རིན་འབྱུང་རྐྱལ་བུ། །ནུབ་ཏུ་མི་བསྐྱོད་པ་རིན་ཆེན། བྱང་དུ་དོན་གྲུབ་ཟླ་ཚེས་ཀྱིས་ཁ་བརྒྱན་པ། གཡས་པ་རང་རྟགས་འཛིན་ཅིང་ཐམས་ཅད་དཀར་པོའོ། །སེམས་དཔའ་མན་ཆད་གཡོན་རིན་པོ་ཆེའི་སྣོད་འཛིན་པའོ། །ཞེས་གསུངས་པའི་དོན། མངའ་རིས་ཀྱི་པཎྜི་ཏ་ཆེན་པོ་པདྨ་དབང་རྒྱལ་རྡོ་རྗེའི་གསུང་བཞིན་བཀོད་པ་ནི་འདི་ལྟར། ཚེ་བུམ་ལ་ལས་བུམ་གྱི་ཆུ་འཐོར་ཞིང་། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཚེའི་བུམ་པ་བྷྲཱུཾ་ལས་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། ཕྱི་བུམ་པ་ལ་ནང་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པའི་དབུས་སུ་འཁོར་ལོ་རྩིབས་བཞི་པ་དེའི་དབུས་སུ་རྨ་བྱ་བརྒྱད་བསྣོལ་གྱིས་བཏེག་པའི་རིན་པོ་ཆེའི་ཁྲི་དང་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ས་བོན་ཨཱཾཿཔྱཱཾ། རྩིབས་བཞིར་ཨོཾ་ཏྲཾ་ཧཱུཾ་ཨཱཿརྣམས་སུ་གྱུར། སྤ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། འཕྲོ་འདུ་ཡོངས་སུ་གྱུར་པ་ལས་དབུས་སུ་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་ཡབ་ཡུམ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། མཉམ་གཞག་གི་སྟེང་ན་རིན་པོ་ཆེའི་བུམ་པ་འཆི་མེད་བདུད་རྩིས་གང་བ་འཛིན་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་པང་ན་ཡུམ་ན་བཟའ་དཀར་མོ་གཡས་པདྨ་དང་གཡོན་རིན་པོ་ཆེའི་བུམ་པ་ཡབ་ཀྱི་སྙན་གཡས་པའི་ཐད་དུ་འཛིན་པ་ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྲིལ་བ། ཡབ་ཡུམ་གཉིས་ཀ་དར་དང་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པའི་སྐུར་གྱུར། རྩིབས་བཞིའི་ཤར་དུ་རྣམ་སྣང་དཀར་པོ་གཡས་འཁོར་ལོ་དང་གཡོན་བགྲང་ཕྲེང་གིས་ཁ་བརྒྱན་པའི་ཚེ་བུམ་འཛིན་པ། ལྷོར་རིན་འབྱུང་དཀར་པོ་གཡས་རིན་པོ་ཆེ་དང་གཡོན་ནོར་རྐྱལ་གྱིས་ཁ་བརྒྱན་པའི་ཚེ་བུམ་འཛིན་པ། ནུབ་ཏུ་མི་བསྐྱོད་པ་དཀར་པོ་གཡས་རྡོ་རྗེ་དང་གཡོན་རིན་པོ་ཆེས་ཁ་བརྒྱན་པའི་ཚེ་བུམ་འཛིན་པ། བྱང་དུ་དོན་གྲུབ་དཀར་པོ་གཡས་རྒྱ་གྲམ་དང་གཡོན་ཟླ་ཚེས་ཀྱིས་ཁ་བརྒྱན་པའི་ཚེ་བུམ་འཛིན་པ། དེ་དག་ཐམས་ཅད་ཀྱང་རང་འོད་ཀྱི་ཡུམ་དང་བཅས་པར་བསྐྱེད་ལ། རྩ་བར། དེ་ནས་ས་མ་ཡ་ཛཿས་སྙན་གསན་དབབ། ཅེས་གསུངས་པས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་བཅས། ༀ་བཛྲ་ས་མ་ཡ་ཧཱུཾ་ཛཿ ཞེས་སོ། །རྩ་བར། ཨེ་ཧྱེ་ཧིས་སྤྱན་དྲངས། ཡེ་ཤེས་རྒྱལ་པོས་བསྐུལ། ཛཿཧཱུཾ་བཾ་ཧོཿས་བསྟིམ། ཤཱུ་ནྱ་ཏཱ་སོགས་ཀྱིས་དབང་བསྐུར། བྱིན་གྱིས་བརླབས། ཞེས་གསུངས་པའི་དོན། ཨེ་ཧྱེ་ཧི་བྷ་ག་ཝན་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཞེས་ནམ་མཁར་སྤྱན་དྲངས་ཏེ་རིག་པའི་མེ་ཏོག་འདོར་བ་ནི། ༀ། ཡེ་ཤེས་རྒྱལ་པོའི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་རིང་དུ་ནི་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ༀ་བཛྲ་ས་མ་ཡ་སྟྭཾ། ༀ་བཛྲ་ས་མ་ཡ་ཧཱུཾ། ༀ་བཛྲ་ས་མ་ཡ་ཧོཿ ཞེས་རིག་པའི་མེ་ཏོག་དོར་ལ། ཛཿཧཱུཾ་བཾ་ཧོཿས་བསྟིམ་མོ། །ༀ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་བཞིན་དུ་ཨཱ་དཪྴ། ས་མ་ཏཱ། པྲ་ཏྱ་བཻཀྵ་ཎ། ཀྲྀ་ཏྱ་ནུཥྛ་ན་སོགས་ཕྱག་རྒྱར་བཅས་ཏེ་དབང་བསྐུར། ༀ་སརྦ་ཏ་ཐཱ་ཀ་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་བཞིན་དུ་ཝཱ་ཀ་བཛྲ། ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་བོ། །རྩ་བར། བདེ་བར་གཤེགས་སོ་སོགས་ཀྱིས་མཆོད། བདུད་རྩི་གཏོར་མ་རཀྟས་མཆོད། སྦྱོར་སྒྲོལ་དང་ཏིང་ངེ་འཛིན་དང་། ཕྱོགས་བཅུ་དུས་བཞིས་བསྟོད་ལ། ཞེས་གསུངས་པའི་དོན་ནི། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །སོགས་ཆུ་གཉིས་དང་། བཞི་བསྣོལ་གྱིས་མཆོད། ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཞེས་བདུད་རྩི་དང་། ༀ་ཨཱཿཧཱུཾ་སུ་ར་ཧ་ཨུ་པ་བྷྱོ། ཀ་མ་ལ་མཱ་ལ་བཛྲ་ཨ་མྲྀ་ཏ་ཧ་ར་ཎ་པྲ་ཏཱིཙྪ་བྷ་ག་ཝན་ཛཿཧཱུཾ་བཾ་ཧོཿ ཨ་ལ་ལ་ཧོཿ མ་ཧཱ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་གཏོར་མ་དང་། ཛཿཧཱུཾ་བཾ་ཧོཿ མ་ཧཱ་བཛྲ་ས་མ་ཡ། མ་ཧཱ་ས་མ་ཡ་མ་ཧཱ་རཀྟ། མ་ཧཱ་ཙིཏྟ། མ་ཧཱ་པཉྩ་ཨ་མྲྀ་ཏ། མ་ཧཱ་ཨརྒྷཾ་པྲ་ཏཱི་ཙྪ་ཧོཿ ཁ་ཁ་ཁ། ལེ་ལེ་ལེ། ཧཱུཾ་བྷྱོ་ཧཱུཾ་བྷྱོ་ཧཱུཾ་བྷྱོ། ཞེས་རཀྟ་དང་། ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཨ་ནུ་རཱ་ག་ཡ་མི། ཨ་ནུ་རཱ་ག་ཡ་ཧཾ། ཛཿཧཱུཾ་བཾ་ཧོཿ ཧཱུཾ་ཧཱུཾ་ཧཱུཾ། བོ་དྷི་ཙིཏྟ་སྥ་ར་ཎ་ཕཊཿ སཾ་ཧ་ར་ཎ་ཧཱུཾ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་སྦྱོར་སྒྲོལ་དང་། ༀ། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །ཞེས་སོགས་ལྷག་པ་ཏིང་ངེ་འཛིན་གྱིས་མཆོད་ལ། ༀ། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཞེས་པ་ནས། སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ་ཧོའི་བར་གྱིས་བསྟོད་དེ། རྩ་བར། ཧོཿབཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་འཁོར་དང་བཅས་པ་ལ་དངོས་གྲུབ་ཏུ་གསོལ་བ་ནི། ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་སྐྱེ་ཤི་མེད་པ་ཚེའི་དངོས་གྲུབ་སྔོན་གྱི་ཐུགས་དམ་ལས་མ་འདའ་བར་ད་ལྟ་ཉིད་དུ་སྩལ་དུ་གསོལ། དེ་ནས་སྙིང་གར་ཚེ་རྟེན་བསྐྱེད་ལ་ཨ་ཡུས་མནན། ཞེས་གསུངས་པས། བུམ་ནང་གི་ལྷའི་ཐུགས་ཀར་ཉི་ཟླའི་གའུའི་ནང་དུ་ཟླ་གམ་དམར་པོ་སྒོ་གཅིག་པའི་དབུས་སུ་རང་གཞན་གྱི་ཚེའི་ངོ་བོ་ཡི་གེ་ཨ་དཀར་ལ་འཚེར་བ། དམར་ལ་དྭངས་པ། སྣུམ་ལ་འདྲིལ་བར་བསྐྱེད། ཨ་ཡུ་ཧཱུཾ་ཛཿ ཨ་ཡུ་ཛྙཱ་ན་བྷིནྡྷུ་བྷྲཱུཾ། ༀ་བཛྲ་ཨ་ཡུ་ཥེ་ཧཱུཾ་ཨ། ཞེས་བརྗོད་པས་ཨ་འོད་དུ་ཞུ་བ་ལས་ཚེའི་རང་བཞིན་བདུད་རྩི་མུ་ཏིག་དཀར་པོ་དྲི་མ་མེད་པ་དཀར་ལ་དམར་ཆ་ཡོད་པ་གའུ་ཁ་སྦྱོར་ལྷུང་ལྷུང་གང་བར་བསམ། ཧཱུཾ་བཛྲ་ཞེས་པས་གའུའི་སྟེང་འོག་ནས་རྡོ་རྗེ་རྒྱ་གྲམ་དང་ཡེ་ཤེས་ཀྱི་མེ་འབར་བར་གྱུར། བཛྲ་སྥོ་ཊ་བཾ། རྡོ་རྗེ་རྒྱ་གྲམ་གྱི་སྟེང་འོག་གི་རྭ་རྣམས་རྡོ་རྗེ་ལུ་གུ་རྒྱུད་ཀྱིས་བསྡམས་པར་བསམ་མོ། །རྩ་བར། ཕྱག་རྒྱའི་སོར་མོ་ཕྱེ་བས་བཛྲ་མུ་ཀ་ཧོས་དཀྱིལ་འཁོར་གྱི་ལྷ་མང་པོ་འཕྲོས། འགྲོ་དྲུག་གི་ཚེ་ཕྲོགས་བཀུག །ཨ་ཡུ་ཧཱུཾ་ཛཿས་བསྡུས། ཞེས་གསུངས་པའི་སྔགས་གོང་ལྟར་རོ། །རྩ་བར། བསྲུང་བསྟིམ་ལ། ཞེས་གསུངས་པ་ནི། བསྲུང་བ་ནི་གོང་ལྟར། བསྟིམ་པ་ནི་བཤད་མ་ཐག་པ་ལྟར་རོ། །རྩ་བར། ༀ་བྷྲཱུཾ་བཛྲ་ཨ་ཡུ་ཥེ་ཧཱུཾ་ཛཿཛཿཧཱུཾ་བཾ་ཧོཿ བརྒྱ་སྟོང་བཟླས་ནས་ཚེ་དཔག་མེད་ཡབ་ཡུམ་མང་པོ་སྤྲོས། ཁམས་གསུམ་གྱི་ཚེ་བསྡུས་པས་གཙོ་བོའི་ཞལ་ནས་རང་ཡང་ཚེ་དཔག་མེད་ཡབ་ཡུམ་དུ་གསལ་བའི་ཐུགས་ཀར་ལུད་ཚེ་རྟེན་ལ་ཐིམ་པར་བསམ། ཨ་ཡུ་ཧཱུཾ་ཛཿས་བསྲུང་བསྟིམ་བྱ་བ་གོང་ལྟར་རོ། །རིགས་བཞི་ལ་སྤྲོ་བསྡུ་བྱ་བའི་དམིགས་པ་གོང་གི་རིགས་འགྲེས་སྦྱར་བ་དང་། བཟླས་པ་བྱ་བ་ནི། ༀ་བྷྲཱུཾ་བཛྲ་ཨ་ཡུ་ཥེ་ཧཱུཾ་ཛཿ ཛཿཧཱུཾ་བཾ་ཧོཿ སྭཱ་བྷྲཱུཾ་བཛྲ་ཨ་ཡུ་ཥེ་ཧཱུཾ་ཛཿ ཛཿཧཱུཾ་བཾ་ཧོཿ ཧཱུཾ་བྷྲཱུཾ་བཛྲ་ཨ་ཡུ་ཥེ་ཧཱུཾ་ཛཿ ཛཿཧཱུཾ་བཾ་ཧོཿ ཧཱ་བྷྲཱུཾ་བཛྲ་ཨ་ཡུ་ཥེ་ཧཱུཾ་ཛཿ ཛཿཧཱུཾ་བཾ་ཧོཿ ཞེས་སོ། །དེ་ནས་རང་གི་སྙིང་གར་ཚེ་རྟེན་བསྐྱེད་ལ། ཞེས་གསུངས་པ་ནི་གོང་ལྟར་ཉི་ཟླའི་གའུའི་ནང་དུ་ཟླ་གམ་སྒོ་གཅིག་གི་ནང་དུ་ཨ་བསྐྱེད་པ་སོགས་གོང་ལྟར་རོ། །ཨ་ཡུ་ཧཱུཾ་ཛཿ ཞེས་པ་ཡང་གོང་ལྟར། ཨ་ཡུ་ཧཱུཾ་ཛཿ ཨ་ཡུ་རྫྙཱ་ན་བིནྡྷུ་བྷྲཱུཾ། ༀ་བཛྲ་ཨ་ཡུ་ཥེ་ཧཱུཾ་ཛཿ ཞེས་བཟླས་པས་བུམ་པའི་ལྷ་འོད་དུ་ཞུ། རང་གི་སྙིང་གའི་ཚེ་རྟེན་ལ་ཐིམ་པས་ལུས་འོད་ཕུང་ལས་ༀ་ཨཱཿཧཱུཾ་དུ་གྱུར། ༀ་ཨཱཿཧཱུཾ་ཧཱུཾ་ལ་ཐིམ། ཧཱུཾ་ཡང་མི་དམིགས་པར་བསམ་སྟེ། ཧཱུཾ། ཅིས་ཀྱང་མི་འགྱུར་མི་ཤིགས་པའི། །སྟོང་པའི་གོ་ཆ་བླ་ན་མེད། །མཚན་མའི་སྤྱོད་ཡུལ་ཀུན་བཅོམ་ནས། །ཐམས་ཅད་ཀུན་ལས་རྒྱལ་བར་གནས། །མ་བྱུང་མི་གནས་འདུས་མ་བྱས། །ཆོས་ཀྱི་དབྱིངས་སུ་ཚེ་སྦས་པས། །སངས་རྒྱས་ཀྱིས་ཀྱང་གཟིགས་མི་འགྱུར། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་ཏི་ཏིཥྛ་ཧཱུཾ། གསུམ་གྱིས་ཚེ་བརྟན་པའོ། །འདི་ནི་ཚེ་སྟོང་པ་ཉིད་དུ་སྦ་བ་སྟེ་ཟབ་གནད་དོ། །རྩ་བར། དེ་ནས་རང་རྡོ་རྗེ་སེམས་དཔར་བསྐྱེད་ལ་གོ་བགོ། བསྲུང་། ཞེས་གསུངས་པ་ནི་ཚེ་སྟོང་ཉིད་དུ་སྦས་པ་དེ་རྡོ་རྗེ་སེམས་དཔའི་རྣམ་པར་ལངས་ཏེ་གོ་བགོ་བ་དང་ལུས་བསྲུང་བ་དང་དབང་གི་སྐབས་ལྟར་རོ། །མགོ་བོའི་གནས་ལྔར་དབང་བསྐུར་བའི་ཕྱག་རྒྱ་བྱས་ཏེ། ༀ་པདྨ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཨཱཾ། ༀ་བུདྡྷ་ཀཱ་ལ་ཤ་ཨ་བྷི་ཥིནྩ་ༀ། ༀ་རཏྣ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཏྲཾ། ༀ་བཛྲ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧཱུཾ། ༀ་ཀརྨ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཨ། སོགས་བཟླས་ཏེ། ཚེ་དབང་དུ་གྱུར་ཅིག་སོགས་བྱ། ཞེས་གསུངས་པ་ནི། དབང་དངོས་གྲུབ་ཏུ་གྱུར་ཅིག །ཚེ་དབང་ཕུན་སུམ་ཚོགས་པ་ཐོབ་པར་གྱུར་ཅིག །མྱུར་དུ་ཚེ་དཔག་ཏུ་མེད་པའི་གོ་འཕང་ཐོབ་པར་གྱུར་ཅིག །ཞེས་སྒྱུ་འཕྲུལ་ཚེ་ཆོག་ལས་བྱུང་ངོ་། །རྩ་བར། ཚེ་སྨིན་པའོ། །དེ་ནས་བུམ་པར་ཁྲོ་བོའི་ལྷ་དབུས་སུ་པདྨ་ཧེ་རུ་ཀ་སོགས་དམར་པོ་བསྐྱེད། དབབ་བསྟིམ། གཏུམ་ཆེན་གྱིས་བསྟོད། ཧོཿ བཅོམ་ལྡན་འདས་པདྨ་ཧེ་རུ་ཀ་སོགས་དངོས་གྲུབ་གོང་ལྟར་བླང་། ཞེས་གསུངས་པའི་དོན་ནི། སླར་ཡང་བུམ་ནང་དུ་ཁྲོ་བོའི་གཞལ་ཡས་ཁང་གསལ་བའི་དབུས་སུ་འཁོར་ལོ་རྩིབས་བཞིའི་ལྟེ་བར་པད་ཉི་བདུད་བཞིའི་གདན་གྱི་སྟེང་དུ་ཧྲཱིཿམ་ཡོངས་སུ་གྱུར་པ་ལས། ཁྲོ་བོ་རྟ་མགྲིན་པདྨ་ཧེ་རུ་ཀ་ཡབ་ཡུམ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཁྲོ་ཚུལ་དང་ལྡན་པ། གཡས་པ་སྣ་ཚོགས་རྡོ་རྗེ་དང་གཡོན་པ་ཀ་པཱ་ལ་འཆི་མེད་ཀྱི་བདུད་རྩིས་གང་བ་ཐུགས་ཀར་སྟེང་འོག་ཏུ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་གཡས་བརྐྱང་བའི་གར་སྟབས་ཀྱིས་བཞུགས་པ། ཡུམ་རྡོ་རྗེ་ཕག་མོ་གྲི་གུག་ཐོད་པ་འཛིན་པ་དང་གཉིས་སུ་མེད་པར་འཁྲིལ་པའི་འཁོར་དུ་ཡུམ་མི་ཕམ་མ། ཁྲོ་གཉེར་མ། རོ་ལངས་མ། ལྕགས་སྒྲོག་མ་སྟེ་གསང་ཡུམ་བཞི་སོགས་འཁོར་དཔག་ཏུ་མེད་པས་བསྐོར་བ་ཐམས་ཅད་ཀྱང་དར་དང་རིན་པོ་ཆེ་རུས་པའི་རྒྱན་དྲུག་གིས་བརྒྱན་ཅིང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ་དང་བཅས་པར་བསམ་ལ། ༀ་བཛྲ་ས་མ་ཡ་ཧཱུཾ་ཛཿས་སྙན་གསན་དབབ། ༀ་ཨེ་ཧྱེ་ཧི་ཨ་ན་ཡ་ཧོཿ ཛཿཧཱུཾ་བཾ་ཧོཿས་སྤྱན་དྲངས། རཾ་ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུཾ། ༀ། ཁྲོ་ལ་ཁྲོས་པས་ཞི་མཛད་པ། །ཐུགས་རྗེ་ཁྲོ་དཔལ་རྔམས་པའི་ཚོགས། །འབར་བའི་བྱིན་རླབས་རྨད་པོ་ཆེ། །དེ་ཉིད་དུ་ན་བདག་ལ་སྩོལ། །ༀ་བཛྲ་མ་ཧཱ་ཀྲོ་དྷ་ས་མ་ཡ་སྟྭཾ། ༀ་བཛྲ་ཀྲོ་དྷ་ས་མ་ཧོཿ ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཕཊ། ཅེས་རིག་པའི་མེ་ཏོག་དོར་ལ། ཛཿཧཱུཾ་བཾ་ཧོཿས་བསྟིམ། ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ་གྱིས་བརྟན་པར་བྱས། ཤཱུ་ནྱ་ཏཱ་སོགས་ཀྱིས་དབང་བསྐུར། ཀཱ་ཡ་བཛྲ་སོགས་ཀྱིས་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་བོ། །བདེ་བར་གཤེགས་སོ་ཁྲོ་རྒྱལ་གཙོ། །ཞེས་ཁ་བསྒྱུར་ཏེ་ཆུ་གཉིས། བཞི་བསྣོལ། བདུད་རྩི། གཏོར་མ། རཀྟ། སྦྱོར་སྒྲོལ། ལྷག་པ་ཏིང་ངེ་འཛིན་རྣམས་ཀྱིས་གོང་བཞིན་མཆོད་ལ། ཧཱུཾ། གཏུམ་ཆེན་དུས་མཐའི་མེ་ཆེན་འབར། །ཞེས་པ་ནས། རྡོ་རྗེ་རླུང་སྟེ་འཐོར་རླུང་ཆེ་ཧོའི་བར་གྱིས་བསྟོད་ལ། ཧོཿ བཅོམ་ལྡན་འདས་པདྨ་ཧེ་རུ་ཀ་འཁོར་དང་བཅས་པ་ལ་དངོས་གྲུབ་ཏུ་གསོལ་བ་ནི། ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་སྐྱེ་ཤི་མེད་པ་ཚེའི་དངོས་གྲུབ་སྔོན་གྱི་ཐུགས་དམ་ལས་མ་འདའ་བར་ད་ལྟ་ཉིད་དུ་སྩལ་དུ་གསོལ། རྩ་བར། བི་ཤྭ་བཛྲ་ས་སྤྲོ་བསྡུ་ཞེས་པ་ནི། ཧཱུཾ་ཧཱུཾ་ཧཱུཾ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧ་ལ་ཧཱུཾ། ཞེས་ཁྲོ་བོའི་སྤྲུལ་པ་སྤྲོས། རྩ་བར། འཛབ་ༀ་བཛྲ་ཙཎྜ་ལི་ཧ། ༀ་ན྄ི་བྷྲཱུཾ། བཛྲ་ཨ་ཡུ་ཥེ་ཛ་ཧཱུཾ་ཨ། ཞེས་པས་ལྷ་མོ་ཙཎྜ་ལི་དཀར་པོ་ཕྱག་བཞི་མ། གཡས་པ་གཉིས་ན་རྡོ་རྗེ་དང་ལྕགས་ཀྱུ། གཡོན་པ་གཉིས་ན་རིན་པོ་ཆེ་དང་ཞགས་པ་ཅན་འཕྲོས་པས་ཚེ་བསྡུས། གཙོ་བོའི་ཐུགས་ཀར་ཞི་བ་དང་འདྲ་བའི་ཚེ་རྟེན་བསྒོམས་པ་ལ་ཐིམ། གོང་ལྟར་རྒྱ་གྲམ་གྱིས་བསྡོམས་པ་དང་། བསྲུང་བ་བྱ། ཡང་བི་ཤྭ་བཛྲ་སོགས་ཀྱིས་ཁྲོ་བོ་སྤྲོས། ༀ་བྷྲཱུཾ་བཛྲ་ཨ་ཡུ་ཥེ་ཧཱུཾ་ཛཿ ཛཿཧཱུཾ་བཾ་ཧོཿ ཧཱུཾ་བྷྲཱུཾ་བཛྲ་ཨ་ཡུ་ཥེ་ཧཱུཾ་ཛཿ ཛཿཧཱུཾ་བཾ་ཧོཿ ཏྲཾ་བྷྲཱུཾ་བཛྲ་ཨ་ཡུ་ཥེ་ཧཱུཾ་ཛཿ ཛཿཧཱུཾ་བཾ་ཧོཿ ཧྲཱིཿབྷྲཱུཾ་བཛྲ་ཨ་ཡུ་ཥེ་ཧཱུཾ་ཛཿ ཛཿཧཱུཾ་བཾ་ཧོཿ ཧཱ་བྷྲཱུཾ་བཛྲ་ཨ་ཡུ་ཥེ་ཧཱུཾ་ཛཿ ཛཿཧཱུཾ་བཾ་ཧོཿས་ཁམས་གསུམ་གྱི་ཚེ་བསྡུས་བསྟིམ་པས་བུམ་པའི་བར་ཞེས་གསུངས་པ་སྔ་མ་ཞི་བ་ལྟར་རང་ཡང་རྟ་མགྲིན་ཡབ་ཡུམ་གསལ་བའི་སྙིང་ཁར་ཚེ་རྟེན་བསྐྱེད་ལ་ཨ་ཡུ་ཥེ་ཧཱུཾ་ཛཿ ཨ་ཡུརྫྙཱ་ན་བྷིནྡྷ་བྷྲཱུཾ། ༀ་བཛྲ་ཨ་ཡུ་ཥེ་ཧཱུཾ་ཛཿཞེས་ལྷ་རྣམས་འོད་དུ་ཞུ། བདུད་རྩི་ཡི་གེ་ༀ་ཨཱཿཧཱུཾ་སྭཱ་ཧཱ་ལྔར་གྱུར། ཨ་ཡུརྫྙཱ་ན་ཧཱུཾ་ཛཿསོགས་བརྗོད་པས། ༀ་རང་གི་སྤྱི་བོར་ཐིམ། ཨཱཿལྕེ། ཧཱུཾ་སྙིང་། སྭཱ་ལྟེ་བ། ཧཱ་དཔྲལ་བར་ཐིམ་པས་ལུས་ཡིག་འབྲུ་ལྔར་གྱུར། དེ་དག་ཀྱང་མི་དམིགས་པར་བསམ་མོ། །དེ་ནས་ཚོགས་ལ་རོལ། ལྷག་མ་བྱའོ། །ཞེས་གསུངས་པ་ཞི་ཁྲོའི་ཚོགས་སྐོང་རྣམས་བྱའོ། །རྩ་བར། ཞག་དུ་བྱེད་ཀྱང་དེ་ལྟར་བྱེད་དོ། །དེ་ནས་ནུབ་ཐ་མ་ལ་ཚེ་ནས་ལ་འབྲང་རྒྱས་ཟླ་གམ་བྱས། བུམ་པའི་གཡོན་དུ་བཞག་ཅེས་གསུངས་པ་ནི་སྒྲུབ་པའི་དབང་དུ་བྱས་ཏེ་ཐོག་མར་གོང་ལྟར་སྒྲུབ་པའི་དུས་ཚེ་འབྲང་གི་བུམ་པའི་ཁ་བཅད་ལ་བསྒྲུབ། དབང་བསྐུར་ཁར་ཚེ་འབྲང་སྟེ་ཟླ་གམ་དེ་ཉིད་གཡོན་དུ་འཇོག་པར་གསུངས་པ་ཡིན་ཀྱང་འདིར་ཚེ་སྒྲུབ་ལ་སྒྲུབ་མཆོད་ཞག་སྦྲེལ་བྱ་ལོང་མི་ཡོང་བས་གོང་ལྟར་བཤམས་པས་འཐུས་ཤིང་། དེ་མཚུངས་ཞག་གི་བར་དུ་ཆོད་ན་འདི་མན་ཆོད་དབང་གི་བྱ་བ་ལ་འཇིག་པའི་ཉེན་བྱེད་པའི་དབང་གིས། རྩ་བར། མཚམས་བཅད། འཛབ་གཞུང་བསྲང་། ཞེས་གསུངས་ཀྱང་གོང་དུ་སོང་མ་ཐག་ཡིན་པས་མི་དགོས་སོ། །རྩ་བར། བུམ་པའི་གཡས་སུ་མར་མེ་བཞག །ཅེས་གསུངས་པ་ལ་མར་མེ། རྨ་བྱས་བཏེག་པའི་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་གདན་ལ་ཧཱུཾ་མཱུཾ་ལས་རྡོ་རྗེ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་མཉམ་གཞག་གི་སྟེང་ན་རིན་པོ་ཆེའི་བུམ་པ་རྡོ་རྗེས་མཚན་པ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཡུམ་རྡོ་རྗེ་དབྱིངས་ཕྱུག་མ་དམར་མོ་རྡོ་རྗེ་དང་བུམ་པ་འཛིན་པ་དང་འཁྲིལ་བ། དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པའི་སྐུར་གྱུར་པར་བསྒོམ་མོ། །རྩ་བར། འབྲང་རྒྱས་ལ་དབུས་སུ་ཚེ་དཔག་མེད་ཡབ་ཡུམ། ཧཱུཾ་བཞི་ལས་ཤར་དུ་རྒྱལ་མཚན་མཆོག་དཀར་མོ་དཔལ་བེའུ་ལྕགས་ཀྱུ་ཅན། ལྷོར་རིན་ཆེན་གཏེར་ལྡན་མ་སྔོན་མོ་བུམ་པ་ཞགས་པ་ཅན། ནུབ་ཏུ་དབང་སྒྱུར་དཔལ་ལྡན་མ་དམར་མོ་པདྨ་ལྕགས་སྒྲོག་ཅན། བྱང་དུ་མི་ཟད་མཛོད་ལྡན་མ་ལྗང་གུ་ཟ་མ་ཏོག་previous hit དྲིལབུ next hit་ཅན་བསམ་མོ། །ཞེས་གསུངས་པ། ཟླ་གམ་གྱི་འབྲང་རྒྱས་མི་དམིགས་ཏེ་སྟོང་པའི་ངང་ལས་འཁོར་ལོ་རྩིབས་བཞིའི་ལྟེ་བར་རྨ་བྱ་བརྒྱད་བསྣོལ་གྱིས་བཏེག་པའི་རིན་པོ་ཆེའི་ཁྲི་པད་ཟླའི་གདན་ལ། ཨཱཾཿཔྱཱཾ་ལས་འཕྲོ་འདུས་པ་ལས་མགོན་པོ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་སྟེང་ན་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་འཛིན་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་པང་ན་ཡུམ་གོས་དཀར་མོ་པདྨ་དང་བུམ་པ་འཛིན་པས་འཁྲིལ་བ། ཡབ་ཡུམ་གཉིས་ཀ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའི་རྩིབས་བཞིར་ཛཿཧཱུཾ་བཾ་ཧོཿལས་ཤར་དུ་རྒྱལ་མཚན་མཆོག་དཀར་མོ་དཔལ་བེའུ་ལྕགས་ཀྱུ་ཅན། ལྷོར་རིན་ཆེན་གཏེར་ལྡན་མ་སྔོན་མོ་བུམ་པ་ཞགས་པ་ཅན། ནུབ་ཏུ་དབང་བསྒྱུར་དཔལ་ལྡན་མ་དམར་མོ་པདྨ་དང་ལྕགས་སྒྲོག །བྱང་དུ་མི་ཟད་མཛོད་ལྡན་མ་ལྗང་གུ་ཟ་མ་ཏོག་དང་previous hit དྲིལབུ next hit་ཅན་དུ་བསམ། ཚེ་རིལ་རྣམས་རྟ་མགྲིན་དམར་པོ་ཁྲོ་ཚུལ་གཡས་སྣ་ཚོགས་རྡོ་རྗེ་དང་གཡོན་ཐོད་པ་བདུད་རྩིས་གང་བ་འཛིན་པ་ཡུམ་དང་བཅས་པ་གཡས་བརྐྱང་གི་གར་གྱིས་རོལ་བར་བསམ་ལ། ཚེ་འབྲང་། མར་མེ། ཚེ་རིལ་གྱི་ལྷ་རྣམས། ༀ་བཛྲ་ས་མ་ཧཱུཾ་ཛཿས་སྙན་གསན་དབབ། ༀ་ཨེ་ཧྱེ་ཧི་བྷ་ག་ཝ ན་མ་ཧཱ་ཀཱ་རུ་ཎི་ཀ་དྲཱྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཞེས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་བསྟིམ། ཤཱུ་ནྱ་ཏཱ་སོགས་ཀྱིས་དབང་བསྐུར། ཀཱ་ཡ་བཛྲ་སོགས་ཀྱིས་སྐུ་གསུང་ཐུགས་བྱིན་གྱིས་བརླབས། ཆུ་གཉིས་དང་། བཞི་བསྣོལ་གྱིས་མཆོད། ཕྱོགས་བཅུ་དུས་བཞིས་བསྟོད། རྩ་བར། ཙཎྜ་ལིའི་འཛབ་ཀྱི་སྤྲོ་བསྡུས་ཚེ་བསྡུ་བསྲུང་བྱ། ཞེས་གསུངས་པའི་དོན་ནི། ༀ་བཛྲ་ཙཎྜ་ལི་ཧ། ༀ་ནྲྀ་བྷྲཱུཾ། བཛྲ་ཨ་ཡུ་ཥེ་ཛ་ཧཱུཾ་ཨ། ཞེས་ལྷ་མོ་ཙཎྜ་ལི་སྤྲོ་བ་ནས་ཁམས་གསུམ་གྱི་ཚེ་བསྡུས་བསྟིམ་པའི་བར་གོང་གི་ཁྲོ་བོའི་སྐབས་ལྟར་རོ། །རྩ་བར། བདེན་པ་བརྗོད། ཅེས་གསུངས་པ་ནི་འདི་ལྟར། སྒྱུ་འཕྲུལ་ཚེ་ཆོག་ལས། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ ཁྱད་པར་དུ་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། གསང་སྔགས་དང་གཟུངས་སྔགས་རྣམས་ཀྱི་བཀའ༴ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀའ༴ བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་བདག་ཅག་རྣམས་ཀྱི་ཚེ་མ་མོ་དང་བྱད་མ་གཤིན་རྗེ་ལ་སོགས་པའི་ལྷ་སྲིན་སྡེ་བརྒྱད་དང་། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ལ་སོགས་པ་སུ་གང་གི་ལག་ན་གནས་ཀྱང་ཚེ་ཐོགས་ཤིག །ཚེ་ཁུག་ཅིག །ཨ་ཡུ་ཧཱུཾ་ཛཿ ༀ་ཨ་ཡུརྫྙཱ་ན་བནྡྷུ་བྷྲཱུཾ། ༀ་བཛྲ་ཨ་ཡུ་ཥེ་ཧཱུཾ་ཨ ། རྩ་བར། ཧཱུཾ། འགྲོ་བ་ཡོངས་ཀྱི་ཚེ་ལ་མངའ་མཛད་མ། །དཀར་མོ་མགྱོགས་མ་ཞི་བྱེད་འོད་འཕྲོའི་ཚོགས། །ཚེ་དང་གཟི་བརྗིད་འགུགས་པའི་ལས་མཛད་མ། །རྡོ་རྗེ་ཚེ་མཆོག་གུགས་པའི་ལས་མཛོད་ཅིག །མགྱོགས་མ་རྣམས་ཀྱིས་ཚེ་ཁུག་ལ། །བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ཅིག །ས་མ་ཡ་དེ་ཝི་ཨངྐུ་ཤ་ཛ་ཛཿཧཱུཾ། ཞེས་བརྒྱ་རྩ་བྱ། ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་ནས། །སྔོན་མོ་དྲག་ཤུལ་འོད་ཟེར་སྟོང་འཕྲོའི་ཚོགས། །ཚེ་དང་གཟི་བརྗིད་འགུགས་པའི་ལས་མཛད་མ། །རིན་ཆེན་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག །མགྱོགས་མ་རྣམས་ཀྱི༴ བྱིན་ཆེན་རྣམས་ཀྱི༴ ས་མ་ཡ་དེ་ཝི་པཱ་ཤ་ཧཱུཾ་ཧཱུཾ། ནུབ་ཕྱོགས་པདྨ་རཱ་གའི་ཞིང་ཁམས་ནས། །དམར་མོ་དབང་སྒྱུར་འོད་ཟེར་འཕྲོ་བའི་ཚོགས། །ཚེ་དང་གཟི་བརྗིད་འགུགས་པའི༴ པདྨ་ཚེ་མཆོག་འགུགས་པའི༴ མགྱོགས་མ༴ བྱིན་ཆེན་རྣམས༴ ས་མ་ཡ་དེ་ཝི་སྥོ་ཊ་བཾ་བཾ། བྱང་ཕྱོགས་རྣམ་པར་དག་པའི་ཞིང་ཁམས་ནས། །ལྗང་གུ་ཕྲིན་ལས་འོད་ཟེར་འཕྲོ་བའི་ཚོགས། །ཚེ་དང་གཟི་བརྗིད་འགུགས༴ ལས་ཀྱི་ཚེ་མཆོག་འགུགས་པའི༴ མགྱོགས་མ་རྣམས་ཀྱི༴ བྱིན་ཆེན་རྣམས་ཀྱི༴ ས་མ་ཡ་དེ་ཝི་གྷཎྜེ་ཧོ་ཧོཿ ཞེས་བརྗོད་ཅིང་རེ་རེ་ཞིང་སྔགས་བརྒྱ་རྩ་དང་བསྟིམ་སྲུང་གོང་ལྟར་བྱའོ། །དེ་ནས་ༀ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཛྭ་ལ་ནི་ཧཱུཾ་ཕཊ། ཅེས་པས་རྟ་མགྲིན་དམར་པོ་གཡས་རལ་གྲི་གཡོན་ཞགས་པ་ཅན་དུ་མ་སྤྲོས། ཚེ་བཀུག་པར་བསམ་ཞིང་སྔགས་གོང་མ་བཟླས། དེ་ནས་བདག་ཉིད་པདྨ་ཧེ་རུ་ཀ་ལྟེ་བ་མན་ཆད་ཁྲག་མཚོར་ནུབ་པ་དམར་དཀར་སྔོ་བའི་ཞལ་གསུམ་ཕྱག་དྲུག་པའི་དང་པོ་གཉིས་ན་བུདྡྷ་ཧེ་རུ་ཀ་ཡབ་ཡུམ། བར་པ་གཉིས་ན་རཏྣ་ཧེ་རུ་ཀ་ཡབ་ཡུམ། ཐ་མ་གཉིས་ན་ཀརྨ་ཧེ་རུ་ཀ་ཡབ་ཡུམ་མོ། །དེ་ནས་ཐལ་མོ་བརྡེབ་ཅིང་། ༀ་བུདྡྷ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། བུདྡྷ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནཱི་ཧཱུཾ་ཕཊ། ཅེས་མང་དུ་བཟླས་པས་ལྷ་དང་ལྷ་མ་ཡིན་གྱི་ཚོགས་བསྒྲལ་ནས་ཚེ་བསྡུ། དེ་བཞིན་ༀ་རཏྣ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། རཏྣ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནི་ཧཱུཾ་ཕཊ། ཅེས་བཟླས་པས། རཏྣ་ཧེ་རུ་ཀས་མི་དང་བྱོལ་སོང་། ༀ་ཀརྨ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། ཀརྨ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནི་ཧཱུཾ་ཕཊ། ཅེས་བརྗོད་པས། ཀརྨ་ཧེ་རུ་ཀས་ཡི་དྭགས་དང་དམྱལ་བའི་ཚེ་སྲོག་སྟེ་ཨ་ཡུ་ཧཱུཾ་ཛཿས་འོད་ནག་པོར་བདག་གི་མདུན་དུ་བསྡུས་ལ། མཆོག་ཕུར་གཅིག་པདྨ་འདུས་པར་བསྐྱེད་ལ་ཀཱ་ཡ་བཛྲ་སོགས་ཀྱིས་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ། ༀ་བོ་དྷི་ཙིཏྟ་མ་ཧཱ་སུ་ཀ་ཧཱུཾ། ཞེས་པ་མང་དུ་བཟླས་ཤིང་འོད་ནག་པོ་དེ་ལ་གཏད་དེ་དྲིལ་བས་ཧེ་རུ་ཀ་དྲག་པོ་སྤྱོད་པའི་བྱང་སེམས་ཕུར་པ་ལ་ཐིམ། ཕུར་པ་བྱང་སེམས་ཀྱི་རང་བཞིན་དུ་དཀར་ལྡེམ་སྡེམ་འདུག་པ་བཏབ་པས་འོད་ནག་པོ་དེ་བདུད་རྩིར་དཀར་ལྟེམ་གྱིས་གྱུར་ཏེ། ཨ་ཡུ་ཧཱུཾ་ཛཿཞེས་བརྗོད་པས་འབྲང་རྒྱས་ཀྱི་ཚེ་དཔག་མེད་ལ་བསྡུའོ། །དེ་ཡན་ཆོད་བདག་དོན་སྒྲུབ་མཆོད་ཀྱི་རིམ་པའོ། །དེ་ནས་སློབ་མ་རྣམས་བོས་ཏེ་ཁྲུས་བྱ། བགེགས་གཏོར་བཏང་ལ་མཚམས་བཅད། མཎྜལ་གྱི་མེ་ཏོག་བཀྱེ་བསྡུ་བྱ། བླ་མས་ཐུགས་བསྐྱེད་ཕོག་རྗེས། འདིར་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་ཀྱི་དབང་ལ་བརྒྱུད་པ་སུམ་ལྡན་རིག་འཛིན་གྱི་ཚོགས་ལས་བརྒྱུད་དེ་འོངས་པའི་མགོན་པོ་ཚེ་དཔག་མེད་ཀྱི་དབང་མཐའ་རྟེན་གྱི་ཚུལ་དུ་བསྐུར་བ་བྱེད་པ་ཡིན། དེ་ལ་སློབ་དཔོན་གྱི་བགྱི་བར་འོས་པ་བུམ་པར་ཚེ་དཔག་མེད་ཞི་ཁྲོ་རིམ་བཞིན་བསྐྱེད་པ་སོགས་ལེགས་པར་གྲུབ། སློབ་མའི་ངོ་སྐལ་དུ་གྱུར་པ་ལ་ཚེ་དབང་གི་ཡོན་དུ་མཎྜལ་ཕུལ། གསོལ་བ་གདབ་པ་འདིའི་རྗེས་ཟློས། བྱང་ཆུབ་རྡོ་རྗེ་སངས་རྒྱ་ལ། །མཆོག་སྦྱིན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ལན་གསུམ། རྩ་བར། དེ་ནས་མཚམས་བཤགས་བྱིན་དབབ་བྱ། །ཞེས་གསུངས་པའི་དོན། མཚམས་གཅོད་གོང་དུ་སོང་། བཤགས་པ་ནི། ཧཱུཾ། ཡེ་ནས་རྣམ་དག་ཆོས་སྐུར་དག་པ་ལ། །མ་རིག་དབང་གིས་སྒྲོ་དང་སྐུར་བཏབ་སྟེ། །བདེ་དང་སྡུག་བསྔལ་སྣ་ཚོགས་ངོ་བོར་སྨིན། །དེ་བཟློག་དོན་དུ་རྒྱལ་བའི་བཀའ་ནོས་ཏེ། །བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ། །རྒྱལ་བ་འཁོར་བཅས་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱོད་ལ་བཟོད་པར་གསོལ། །ཞེས་རྗེས་ཟློས་བྱ། བྱིན་དབབ་ནི། སློབ་མ་བསང་སྦྱང་། སྟོང་པའི་ངང་ལས་རྨ་བྱ་བརྒྱད་བསྣོལ་གྱིས་བཏེག་པའི་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་སྟེང་དུ་སེམས་ཀྱི་ངོ་བོ་ཨཱཾཿཔྱཱཾ་ལས་མགོན་པོ་ཚེ་དཔག་མེད་སྐུ་མདོག་དམར་པོ་མཉམ་གཞག་གི་སྟེང་ན་རིན་པོ་ཆེའི་བུམ་པ་འཆི་མེད་ཚེའི་བདུད་རྩིས་གང་བ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་དར་དང་རིན་པོ་ཆེའི་རྒྱན་ཅན། ཡུམ་གོས་དཀར་མོ་དམར་མོ་གཡས་པདྨ་དང་གཡོན་ཚེ་བུམ་འཛིན་པ་དང་མཉམ་པར་སྦྱོར་བ། ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའ་དང་བཅས་པ། གཞན་ཡང་སྣོད་ཐམས་ཅད་བདེ་བ་ཅན་གྱི་ཞིང་ཁམས། བཅུད་ཀྱི་སེམས་ཅན་སྐྱེ་འགྲོ་བདག་གཞན་གྱི་ཕུང་ཁམས་སྐྱེ་མཆེད་སྣང་སྲིད་ཐམས་ཅད་ཚེ་དཔག་མེད་དུ་གསལ་བ། བདག་གི་ཐུགས་ཀའི་ཚེ་དཔག་མེད་ཀྱི་ཐུགས་སྲོག་ལས་ཀྱང་འོད་ཟེར་འཕྲོས་པས་རང་བཞན་དང་མདུན་བསྐྱེད་དཀྱིལ་འཁོར་བླ་མ་ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་ནས་ཚེ་དཔག་མེད་ཀྱི་ལྷ་ཚོགས་སྤྲིན་འཐིབས་པ་ལྟར་བྱོན་ཏེ། ཁྱེད་རང་རྣམས་ལ་ཐིམ་པའི་མོས་པ་མཛོད། སྤོས་དང་རོལ་མོ་བཅས་ཏེ་གོང་གི་གཟུངས་ཀྱི་མཐར། ཨ་བེ་ཤ་ཡ་ཨ་ཨ། ཞེས་བརྗོད་དེ་བསྟིམ་མོ། །ཏིཥྛས་བརྟན་པར་བྱའོ། །རྩ་བར། སྙིང་གར་ཚེ་རྟེན་བསྐྱེད། ཅེས་གསུངས་པ་ནི། སླར་ཡང་ཁྱེད་རང་རྣམས་ཚེ་དཔག་མེད་ཡབ་ཡུམ་དུ་གསལ་བའི་སྙིང་ཁར་ཉི་ཟླའི་གའུའི་ནང་དུ་ཟླ་གམ་དམར་པོ་སྒོ་གཅིག་པའི་དབུས་སུ་ཚེའི་ངོ་བོ་ཡི་གེ་ཨ་དཀར་ལ་འཚེར་བ། དམར་ལ་དྭངས་པ། སྣུམ་ལ་འདྲིལ་བ་ཞིག་གསལ་བཏབ་པ་ནི། སྙིག་གར་ཚེ་རྟེན་བསྐྱེད་པའོ། །དབང་དངོས་ནི། རྩ་བར། མི་གསུམ་གྱི་ཚེ་རྫས་རེ་རེ་བཏེག་ལ་བུམ་པ་བླངས་ལ། ཞེས་གསུངས་པ་ཐོག་མར་བླ་མས་བུམ་དབང་བསྐུར་བ་ནི། རྩ་བར། བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །སྒྲིབ་པའི་དྲི་མ་མ་ལུས་སེལ། །མཁའ་དང་མཉམ་པའི་སྐུ་མངའ་བས། །མཉམ་ཉིད་སྐུ་ལ་ཕྱག་འཚལ་ལོ། །ཞེས་བརྗོད་པས་བུམ་པའི་ལྷ་རྣམས་ཀྱི་སྐུ་ལས་ༀ་མང་པོ་བྱུང་ནས་བདག་གི་སྤྱི་བོར་ཐིམ། ཀླད་པ་སྐུ་རྡོ་རྗེར་གྱུར་པར་བསམ་ཞིང་ཀཱ་ཡ་སིདྡྷི་ༀ་དང་། ཨ་ཡུ་ཧཱུཾ་ཛཿསོགས་བཟླས། བུམ་པའི་མར་སྤྱི་བོར་བྱུག །ཅེས་གསུངས་པ་བུམ་ཆུ་སྤྱི་བོར་བླུག་ཅིང་ངག་ཏུ་བླུད་དོ། །སྐུའི་སིདྡྷི་ཐོབ། ཅེས་བརྡ་སྤྲད། འབྲང་རྒྱས་ཀྱི་ལྷ་ལ་དམིགས་ཏེ། ཚེ་འབྲང་མགྲིན་པར་བཞག་ཅིང་། མཆོག་ཏུ་རྣམ་པར་དག་པའི་གསུང་། །གསུང་རབ་དམ་པ་ཡི་གེ་མེད། །བརྗོད་དུ་མེད་ཅིང་སྤྲོས་བྲལ་བ། །རྡོ་རྗེ་གསུང་ལ་ཕྱག་འཚལ་ལོ། །ཞེས་བརྗོད་པས་ཚེ་འབྲང་གི་ལྷ་རྣམས་ཀྱི་མགྲིན་པ་ནས་ཨཱཾཿམང་པོ་བྱུང་ནས་ལྕེ་ལ་ཐིམ། །ལྕེ་གསུང་རྡོ་རྗེ་གྱུར་པར་བསམ་ལ། ཝཱ་ཀ་སིདྡྷི་ཨཱཿདང་། ཨ་ཡུ་བཟླས། གསུང་གི་སིདྡྷི་ཐོབ་པར་བརྡ་སྤྲད། མར་མེའི་ལྷ་ལ་དམིགས་ཏེ་མར་མེ་སྙིང་གར་གཏུག་ཅིང་། ཤིན་ཏུ་རྣམ་པར་དག་པའི་ཐུགས། །ཆགས་མེད་ཡེ་ཤེས་གཉིས་མཁྱེན་པ། །སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི། །རྡོ་རྗེ་ཐུགས་ལ་ཕྱག་འཚལ་ལོ། །ཞེས་བརྗོད་པས་མར་མེའི་ལྷ་ཚོགས་རྣམས་ཀྱི་ཐུགས་ལས་ཧཱུཾ་མང་པོ་བྱུང་ནས་སྙིང་ལ་ཐིམ། ཡིད་ཐུགས་རྡོ་རྗེར་གྱུར་པར་བསམ་ལ། མར་ཁུ་སྙིང་གར་བྱུག །ཙིཏྟ་སིདྡྷི་ཧཱུཾ་དང་། ཨ་ཡུ་བཟླས། ཐུགས་ཀྱི་སིདྡྷི་ཐོབ་པར་བསམ་མོ། །དེ་ནས་སྤྱིར་བསྐུལ་བ། ནུབ་ཕྱོགས་བྱམས་ལྡན་དབང་གི་ཞིང་ཁམས་ནས། །བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད། །ཐུགས་ཀྱི་དཔལ་བེ་ཟླ་གསང་གའུ་ནས། །རྣལ་འབྱོར་བྱང་སེམས་ཨ་ཡུ་དམར་པོ་དེ། །རྩེ་གཅིག་བདག་གིས་བསྒྲུབས་པའི་ཚེ་ལགས་ཀྱིས། །བྱིན་གྱིས་བརླབ་ཅིང་དངོས་གྲུབ་སྩལ་དུ་གསོལ། ཨ་ཡུ་ཧཱུཾ་ཛཿ ༀ་ཨ་ཡུརྫྙཱ་ན་བྷིནྡྷུ་བྷྲཱུཾ། ༀ་བཛྲ་ཨ་ཡུ་ཥེ་ཧཱུཾ་ཛཿསོགས་ཀྱི་སྔགས་དང་བཅས་བུམ་པ། ཚེ་འབྲང་། མར་མེ་སྟེ་ཚེ་རྫས་གསུམ་པོ་སྙིང་གར་བཏེག་ཅིང་བསྟིམ་པ་དང་། སྨོན་ལམ་ཞི་བ་ལྟར་བྱ་བ་ནི། ཚེ་དབང་དུ་གྱུར་ཅིག །དབང་དངོས་གྲུབ་ཏུ་གྱུར་ཅིག །ཚེ་དབང་ཕུན་སུམ་ཚོགས་པ་ཐོབ་པར་གྱུར་ཅིག །ཚེ་དཔག་ཏུ་མེད་པའི་གོ་འཕང་ཐོབ་པར་གྱུར་ཅིག །ཅེས་སོ། །རྩ་བར། དེ་ནས་དབང་རྫས་རྣམས་རིམ་པར་ཐོགས་ལ། ཞེས་གསུངས་པ་སླར་ཡང་བུམ་པ་སྤྱི་བོར། ཚེ་འབྲང་མགྲིན་པར། མར་མེ་སྙིང་གར་གཏུག་ཅིང་། ༀ། ཨ་ཡུ་དམར་པོ་རྡོ་རྗེ་འཆང་གི་ཚེ། །གཞན་གྱིས་མི་འཕྲོག་ཁམས་གསུམ་ཀུན་ལས་རྒྱལ། །རང་གི་བྱང་སེམས་གདོད་ནས་སྐྱེ་ཤི་མེད། །མི་འགྱུར་ཚེ་ཡི་དབང་མཆོག་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གུ་ཧྱ་ཨ་ཡུ་ཛྙཱ་ན་བིནྡྷུ་བྷྲཱུཾ། བཛྲ་ཨ་ཡུ་ཥེ་ཛྙཱ་ན་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། བུམ་པའི་ལྷ་རྣམས་འོད་དུ་ཞུ་ནས་སློབ་མ་ལ་ཐིམ་པར་བསམ་མོ། །དེ་ནས་སློབ་དཔོན་གྱི་མེ་ཏོག་འཐོར་ཞིང་། རྩ་བར། ན་མོ། ཚེ་དབང་དུ་གྱུར་ཅིག །དབང་དངོས་གྲུབ་ཏུ་གྱུར་ཅིག །སྐྱེ་མེད་ཀྱི་ཡེ་ཤེས་སུ་གྱུར་ཅིག །འཆི་མེད་ཀྱི་བདུད་རྩིར་གྱུར་ཅིག །མི་འགྱུར་བའི་གཡུང་དྲུང་དུ་གྱུར་ཅིག །མི་ཤིགས་པའི་རྡོ་རྗེར་གྱུར་ཅིག །མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག །ཚེ་དབང་ཕུན་སུམ་ཚོགས་པའི་སྐལ་པ་དང་ལྡན་པར་གྱུར་ཅིག །ཅེས་བུམ་ཆུ་ཧུབ་རེ་བླུད་པས་ཚེའི་རང་བཞིན་མི་ཤིགས་པའི་གཡུང་དྲུང་སྙིང་གི་དཀྱིལ་དུ་བསྟིམ་མོ། །དེ་ནས་ཚེ་སྦ་བ་ནི། གནས་རྣམས་སུ་རྡོ་རྗེ་རྒྱ་གྲམ་གྱིས་རྒྱས་བཏབ་ཚུལ་དང་བཅས་ཏེ། ཧྲཱིཿ བྱང་ཆུབ་སེམས་ཀྱི་ཨ་ཡུ་དམར་པོ་འདི། །ཆོས་ཉིད་སྐྱེ་མེད་དབྱིངས་སུ་སྦས་ནས་ཀྱང་། །དེ་ལ་ཕྱག་རྒྱ་བདུན་གྱིས་བཏབ་པར་བྱ། །དང་པོ་སྐུ་གསུང་ཐུགས་ཀྱི་རྒྱ། །གཉིས་པ་རྡོ་རྗེ་རྒྱ་གྲམ་རྒྱ། །གསུམ་པ་ཟླ་གམ་དབང་གི་རྒྱ། །བཞི་པ་རྟ་མཆོག་དབང་གི་རྒྱ། །ལྔ་པ་གར་མཁན་མཆོག་གི་རྒྱ། །དྲུག་པ་གསེར་གྱི་ཟོར་བའི་རྒྱ། །བདུན་པ་ཆོས་ཀྱི་དབྱིངས་ཀྱི་རྒྱ། །རྒྱ་བདུན་རིམ་པས་བཏབ་པ་ལ། །ཐམས་ཅད་འདའ་བར་མི་འགྱུར་རོ། །ཞེས་བརྗོད་དེ། ཚེ་ཆོག་འདིའི་དབུ་ཞབས་ཀྱི་དཀའ་གནས་ཐམས་ཅད་འཇམ་དབྱངས་རིན་ཆེན་རྒྱལ་མཚན་ཡབ་སྲས་ཀྱི་བཞེད་གཞུང་ལྟར་བཀྲོལ་བ་ཡིན་ཀྱང་། སྐབས་འདིར་ཁམས་ལུགས་སུ་ལེགས་བཤད་འདི་ལྟ་བུ་སྣང་སྟེ། རང་ཉིད་ཚེ་དཔག་མེད་ཡབ་ཡུམ་དུ་གསལ་བའི་ཡབ་ཀྱི་ཐུགས་ཀར་རྡོ་རྗེ་རྒྱ་གྲམ་གྱི་གུར་ཁང་། དེའི་ནང་དུ་ཉི་ཟླའི་གའུ་ཁ་སྦྱོར་གྱི་གུར་ཁང་། དེའི་ནང་དུ་འཁོར་ལོ་དཀར་པོ་ༀ་གྱིས་འཁྲིགས་པའི་གུར། དེའི་ནང་དུ་པདྨ་དམར་པོ་ཨཱཿས་འཁྲིགས་པའི་གུར། དེའི་ནང་དུ་རྡོ་རྗེ་སྔོན་པོ་ཧཱུཾ་གིས་འཁྲིགས་པའི་གུར་རྣམས་ཀྱིས་དང་པོ་སྐུ་གསུང་ཐུགས་ཀྱི་རྒྱ་དང་། གཉིས་པ་རྡོ་རྗེ་རྒྱ་གྲམ་གྱི་རྒྱ། གསུམ་པ་ཟླ་གམ་དབང་གི་རྒྱ་རྣམས་ཚང་། དེའི་ནང་དུ་འོད་ཟེར་དཀར་པོ་ༀ། སྔོན་པོ་ཧཱུཾ། སེར་པོ་སྭཱ། དམར་པོ་ཨཱཾཿ ལྗང་གུ་ཧཱ་རྣམས་ཀྱིས་འཁྲིགས་པའི་གུར། དེའི་ནང་དུ་གསེར་འཁོར་རྩིབས་བརྒྱད་པ། རྩིབས་མཆན་བརྒྱད་ལ་གསེར་གྱི་ཟོར་བ་སོ་ཕྱིར་བསྟན་བརྒྱད་ཡོང་བ་ཡུ་བ་ལ་ཏྲཾ་གིས་མཚན་པ་བརྒྱད་ལངས་པ། དེའི་ནང་དུ་པད་ཉིའི་གདན་ལ་ཧྲཱིཿདམར་ཟུང་ལས་རྟ་མགྲིན་ཡབ་ཡུམ་རྟ་མགོ་ལྗང་ཁུ་རྟ་སྐད་འཚེར་བ་མེ་དཔུང་གི་དབུས་ན་བཞུགས་པ། དེའི་ཐུགས་ཀར་བཀྲག་མདངས་ཀྱི་ངོ་བོ་འོད་ཕུང་དཀར་པོ་མཚོན་གང་ཙམ། དེའི་ནང་དུ་རྣམ་ཤེས་ཀྱི་ངོ་བོ་ཧཱུཾ་དམར་སེར། དེའི་ཞབས་ཀྱུའི་ནང་དུ་ཚེའི་ངོ་བོ་ཨ་དཀར་པོ། ཨ་དེའི་དཔུང་པ་གཡས་ཀྱི་ནང་དུ་སྲོག་གི་ས་བོན་ནྲྀ་དཀར་ལྗང་། དཔུང་པ་གཡོན་དུ་རང་རང་གི་མིང་ཡིག་དང་པོ། དེ་གཉིས་ཀྱི་བར་དུ་བླའི་ངོ་བོ་ཡུ་དམར་སེར། །དེ་རྣམས་ཀྱི་སྟེང་དུ་ༀ་དཀར་པོ། མདུན་དུ་ཧཱུཾ་སྔོན་པོ། གཡས་སུ་ཏྲཱཾ་སེར་པོ། རྒྱབ་ཏུ་ཧྲཱིཿདམར་པོ། གཡོན་དུ་ཧཱ་ལྗང་གུ། དེའི་ཕྱིར་སྔགས་ཕྲེང་གིས་བསྐོར་བ་རྣམས་རྟ་མཆོག་གི་རྒྱ། གར་མཁན་གྱི་རྒྱ། གསེར་གྱི་ཟོར་བའི་རྒྱ། ཆོས་ཀྱི་དབྱིངས་ཀྱི་རྒྱ་རྣམས་ཚང་བར་བཤད་པས་སྤྲོས་པའི་ཡན་ལག་ཏུ་བསྒོམས་ཀྱང་ལེགས་སོ། །དེ་ནས་ཚེ་འབྲང་དང་ཚེ་རིལ་གྱི་ཡེ་ཤེས་པ་གཤེགས། དམ་ཚིག་པ་བདུད་རྩིར་ཞུ་བར་བསམ་སྟེ། རྩ་བར། ཐམས་ཅད་ལ་རྫས་དབང་བཀྱེ་ལ་དངོས་གྲུབ་ཏུ་རོལ་བར་བྱའོ། །དེ་ནས་གསོལ་བྱང་སྟེ་ཚེ་ཆང་བླངས་ལ། ༀ་ལྟར་དཀར་ལ་འཚེར་བ་ཡབ་ཀྱི་དབང་། །ཨཱཿལྟར་དམར་ལ་དྭངས་པ་ཡུམ་གྱི་དབང་། །ཧཱུཾ་ལྟར་སྨུག་ལ་འདྲིལ་བ་བྱང་ཆུབ་སེམས། །བླ་མེད་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ༀ་ཨཱཿཧཱུཾ། གནས་གསུམ་སོ་སོར་གཏུག་ཅིང་། ཀཱ་ཡ་སིདྡྷི་ༀ། ཝ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏ་བཛྲ་སྭ་བྷཱ་ལཱ་ཨཱཏྨ་ཀོ྅་ཧཾ། ཚེ་རིལ་ཚེ་ཆང་སོགས་འབྲིམ་ཞིང་རོལ་ཏེ། སྨོན་ལམ་བཏབ་པ་འདིའི་རྗེས་ཟློས་བྱ་སྟེ། རྩ་བར། བདག་ཅག་དཔོན་སློབ་ལྕམ་དྲལ་འདིར་ཚོགས་ཤིང་འདུས་པ་རྣམས་ལ་སྐུ་མི་འགྱུར་བ་ཚེའི་དངོས་གྲུབ། གསུང་འགག་པ་མེད་པ། ཐུགས་རྟོག་པ་མེད་པ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ད་ལྟ་ཉིད་དུ་སྩལ་དུ་གསོལ་ལོ། །ཨ་ལ་ལ་ཧོཿ ཞེས་བརྗོད་ཅིང་ལས་མཁན་གྱིས་བླ་མ་དང་། ཐམས་ཅད་ལ་དྲངས་ཏེ་རོལ། ཚེ་ཆོག་འདི་ཁ་ཤིན་ཏུ་མཚར་ཞིང་གོ་དཀའ་བར་འདུག་པ། འཇམ་དབྱངས་རིན་ཆེན་རྒྱལ་མཚན་གྱི་གསུང་བཞིན་པཎ་ཆེན་པདྨ་དབང་རྒྱལ་གྱིས་ཟིན་བྲིས་མཛད་པའི་སྒྱུ་འཕྲུལ་ཚེ་དབང་གི་ཆོ་ག་ལས་ཁ་འགེངས་རྣམས་བཏུས་ཤིང་། ལེགས་བཤད་དེ་དང་མ་འཕྲད་ན་ཆོ་ག་ཕལ་ཆེར་ཆད་པ་ལས་འོས་མི་འདུག་པས། འདི་ཉིད་ཡིད་བརྟན་དུ་རུང་ཞིང་དཀོན་པར་ཤེས་དགོས་ལ། འོན་ཀྱང་སྒྱུ་འཕྲུལ་ཚེ་དབང་དངོས་ཟུར་ན་ཡོད་པས། འདིས་སྒྱུ་འཕྲུལ་ཚེ་དབང་གི་གོ་མི་ཆོད་པས། དབྱེ་བ་ཕྱེད་པར་བྱེད་དགོས་སོ། །ཞེས་པ་ཡང་གདམས་སོ། །འདི་ཡན་གྱིས་ཚེ་དབང་གི་རིམ་པ་གྲུབ་བོ། །
༈ དེ་ནས་དངོས་གྲུབ་བླང་བ་ནི། སྤྱིར་སྔ་འགྱུར་གྱི་བཀའ་བརྒྱད་སོགས་ལས་ཐུགས་རྟེན་མར་མེ་དགོད་པར་གསུངས་ཤིང་། དེ་མཚུངས་ཡང་དག་གི་སྐབས་ཀྱང་མེ་དགུ་དང་མེ་གཅིག་སོགས་སྒྲུབ་རྟེན་དུ་མར་མེ་དགོད་པར་གསུངས་པ་ལྟར། འདིར་ཡང་དངོས་གྲུབ་ཀྱི་སྐབས་འདིར་རབ་ཏུ་ཁྲོ་བོའི་ལྷ་གྲངས་དང་མཉམ་པའི་མར་མེ་དཀྱིལ་འཁོར་གྱི་ལྷ་གནས་སོ་སོར་བཀོད་ཅིང་། དེ་ལྟར་མིན་ཀྱང་དབུས་སུ་ཆེ་མཆོག་དང་། དབང་མཆོག །བཛྲ་ཧེ་རུ་ཀ་སྟེ་གཙོ་བོ་གསུམ་ཐུན་མོང་དུ་མར་མེ་གཅིག་དགོད། རྩིབས་བརྒྱད་ཀྱི་ཤར་རྩིབས་ལ་རྒྱུད་ཀྱི་ཧེ་རུ་ཀ་བཞི་ཐུན་མོང་དུ་གཅིག །ཤར་ལྷོར་ལུང་གི་ཧེ་རུ་ཀ་བཞི་ཐུན་མོང་དུ་གཅིག །གློ་འབུར་གྱི་གྲུ་ཆད་ལ་གནས་ཀྱི་ཁྲོ་མོ་བརྒྱད་ཐུན་མོང་དུ་གཅིག །ཁྱམས་དང་པོ་ལ་ཡུལ་གྱི་ཕྲ་མེན་བརྒྱད་ཐུན་མོང་དུ་གཅིག །དཀྱིལ་འཁོར་གཉིས་པའི་ཁྱམས་ལ་སྤོར་མ་བརྒྱད་དང་གསང་ཡུམ་བཞི་ཐུན་མོང་དུ་གཅིག །དཀྱིལ་འཁོར་གསུམ་པའི་ཁྱམས་ལ་དབང་མོ་ཉེར་བརྒྱད་ཐུན་མོང་དུ་གཅིག །དཀྱིལ་འཁོར་བཞི་པའི་ཁྱམས་ལ་མཁའ་འགྲོ་སོ་གཉིས་ཐུན་མོང་དུ་གཅིག །དཀྱིལ་འཁོར་ལྔ་པའི་ཁྱམས་ལ་མ་བདུན་སྲིང་བཞི་ཐུན་མོང་དུ་གཅིག །དཀྱིལ་འཁོར་དྲུག་པའི་ཁྱམས་ལ་གིང་ཆེན་བཅོ་བརྒྱད་ཐུན་མོང་དུ་གཅིག །དཀྱིལ་འཁོར་བདུན་པའི་ཁྱམས་ལ་ཁྲོ་བོ་ཁྲོ་མོ་དྲུག་ཅུ་ཐུན་མོང་དུ་གཅིག །དཀྱིལ་འཁོར་བརྒྱད་པའི་ཁྱམས་ལ་ཕོ་ཉ་ཉིས་བརྒྱ་བཞི་བཅུ་ཐུན་མོང་དུ་གཅིག །དཀྱིལ་འཁོར་དགུ་པའི་ཁྱམས་ལ་མ་མོ་དྲུག་ཅུ་ཐུན་མོང་དུ་གཅིག །དཀྱིལ་འཁོར་བཅུ་པ་ལ་མི་དགོས། དཀྱིལ་འཁོར་བཅུ་གཅིག་པའི་ཁྱམས་སུ་རིག་འཛིན་བླ་མ་རྣམས་ལ་ཐུན་མོང་དུ་གཅིག་རྣམས་བཀོད། དེ་མཚུངས་དངོས་གྲུབ་ཀྱི་ཞལ་ཟས་དཀར་གསུམ་མངར་གསུམ་སྦྱར་བའི་འབྲང་རྒྱས་ཆེན་མོ་མར་གྱིས་བྱུགས་པ་གཅིག་ལ་དཔའ་འབར་བཅུ་བཞི་ཡང་བཙུགས། དེའི་མཐར་དམིགས་ཀྱིས་བསལ་བའི་དངོས་གྲུབ་ཀྱི་རྫས་མ་ཧཱ་མཱཾ་ས། རྡོ་རྗེ་ཀ་ཏ་རི་སྟེ་ཤ་སྐམ་སྨུག་རློན་པ་སོགས་སྣ་ཚོགས་དང་། མཱཾ་ས་གཡུ་མདོག་ཅེས་ཁུར་བ་སྐམ་རློན་གྱི་རིགས། ཛ་གད་དམ་རྡོ་རྗེ་ཤུགས་ཏེ་ཆང་བཟང་པོ་ལ་བུ་རམ་བཏབ་པ། ཟླ་རྒྱས་ཏེ་མར། གལ་ཕྱི་ཞེས་པྲ་ལྡུམ་བཙོས་པ། ཟླ་ཕྲོམ་སྟེ་ཐུད། འཇམ་དེས་ཞེས་བུར་མར་ཡིན་པས། བུར་མ་བསྒར་མས་ཀྱང་རུང་། གཞན་ཡང་ཚེ་འཛིན་ཞེས་ཟན། ཛ་གྷི་ཉ། ཙ་ཏ་རུ་ཚ་བ། རྡོ་རྗེ་ཀུན་ཏུ་རྒྱུ་ལན་ཚྭ། གཞན་ཡང་གཡས་བལྡག་དང་ཟས་སྣ་བཟའ་བཅའ་བཏུང་བའི་དངོས་པོ་སྣ་ཚོགས། འཇིག་རྟེན་ན་ལོངས་སྤྱད་དུ་རུང་བའི་དངོས་པོ་སྣ་ཚོགས་དངོས་གྲུབ་ཀྱི་རྫས་འབྱོར་བཤོམས་སུ་བཤམ་མོ། །བླ་མ་ལ་ལ་དག་དཔལ་འབར་གྱི་གསལ་ཤིང་འབྲང་རྒྱས་ཙམ་ལ་བརྟེན་ནས་དངོས་གྲུབ་ལེན་པ་ནི་མི་རིགས་ཏེ། ཟུར་ལུགས་དང་ཁམས་ལུགས་གཉིས་ཀ་ལ་ཕོ་བྲང་གི་མར་མེ་འདུས་པ་ཆེན་པོའི་ལྷ་ཚོགས་སུ་བསྐྱེད་པར་དབང་བསྐུར། བྱིན་རླབས། དབབ། དྲངས། བསྟིམ། བརྟན་རྗེས་གསལ་ཤིང་གི་མར་མེ་སྟེ་དཔལ་འབར་ལ་སྤྱན་དྲངས། མཆོད་བཟླས། དངོས་གྲུབ་བསྐུལ་ཏེ་སློབ་མར་བསྟིམ་པར་གསུངས་པའི་གཞུང་དོན་མ་གོ་བའི་ཕྱིར། ཕྱག་ལེན་འདི་ཁོ་ན་བྱའོ། །ཆོ་ག་དངོས་ནི། རྩ་བར། ཆོ་ག་དེ་དག་ཚར་བ་དང་། དེ་ནས་འབྲས་དངོས་གྲུབ་བླང་བའི་རིམ་པ་ནི། ཐོག་མར་འབྱུང་པོ་བལྟ་ཉན་ཚར་བཅད་པའི་ཕྱིར་ཁྲོ་བོ་བཅུའི་མཚམས་དྲག་ཏུ་བཅད། ལྷ་དང་འཁོན་སྤྱང་བའི་ཕྱིར་བཤགས་པ་བྱ། འགྲོ་དོན་མཐར་དབྱུང་བའི་ཕྱིར་དམ་བཅའ་བླངས། རང་ཉིད་གཟི་བརྗིད་བསྐྱེད་པའི་ཕྱིར་བྱིན་དབབ། ཅེས་གསུངས་པའི་དོན་ཁྲོ་བོ་བཅུའི་མཚམས་གཅོད་ནི་ཁྲོ་མཚམས་ཀྱི་ཁྲོ་བོ་བཅུ་རྣམས་གསལ་བཏབ་སྟེ། ཧཱུཾ། དབང་མཆོག་སྒྲུབ་པའི་དཀྱིལ་འཁོར་དུ། །ང་ནི་དཀྱིལ་འཁོར་ལས་བྱེད་ཀྱིས། །ཕྱོགས་སྐྱོང་བཅུ་པོ་མནན་པ་དང་། །འཁོར་གྱི་གདོན་ཚོགས་མ་ལུས་ཀུན། །དུས་གསུམ་སངས་རྒྱས་བཀའ་བྱུང་གིས། །འདི་རུ་མ་འདུག་གཞན་དུ་དེངས། །ༀ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ། གརྫ་གརྫ་ཧཱུཾ་ཕཊ། ཅེས་སོགས་ཁྲོ་བོ་བཅུའི་སྔགས་ཀྱིས་མཚམས་བཅད། བཤགས་པ་ནི། ཡེ་ཤེས་སྐུ་མཆོག་བྱ། དམ་བཅའ་ནི་རྒྱས་པར་སྤྲོ་ན། ༀ། རྣལ་འབྱོར་དབང་པོ་ཡེ་ཤེས་མཐར་ཕྱིན་པ། །ཞེས་སོགས་དང་། བསྡུ་ན། ༀ། ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡི། །བྱང་ཆུབ་མཆོག་ཏུ་བདག་གིས་སེམས་བསྐྱེད་དེ། །དོན་དམ་དང་ནི་ཀུན་རྫོབ་བྱང་ཆུབ་སེམས། །དེང་ནས་ཚུལ་བཞིན་ཡོངས་སུ་བཟུང་བར་བགྱི། །ཅེས་དམ་བཅའ། བྱིན་འབེབས་ཀྱང་རྒྱས་པར་སྤྲོ་ན། གོང་དུ་དཀྱིལ་འཁོར་བྲིས་ཟིན་ནས་བྱ་བའི་བྱིན་འབེབས་རྒྱས་པ། ཧཱུཾ། ནམ་མཁའི་མཐའ་དང་མཉམ་པའི་འཇིག་རྟེན་ནས། །ཞེས་སོགས་དང་། འབྲིང་དུ། འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། །སོགས་བབ་དྲུག །འདས་བཞི། མཛོད་གཅིག་ཅེས་དཔལ་ཕྲེང་དམ་པ་ལས་བྱུང་བ་ལྟར་བྱ། བསྡུ་ན། ཧཱུཾ། དུས་གསུམ་སངས་རྒྱས་འཁོར་དང་བཅས། །རང་བཞིན་གནས་ནས་སྐུ་བསྐྱོད་དེ། །མཁྱེན་པའི་གནས་མཆོག་འདིར་གཤེགས་ནས། །བརྩེ་བས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་སོགས་བྱ་ཞིང་། གཞན་ཡང་། སྤོས་དང་རོལ་མོར་བཅས་ཏེ་འདི་སྐད་དོ། །རྩ་བར། རིགས་ལྔའི་དངོས་གྲུབ་བླང་བའི་ཕྱིར། །ཧཱུཾ། ང་ནི་དཔལ་ལྡན་རྡོ་རྗེ་འཆང་། །ཐུགས་ཀྱི་དཀྱིལ་འཁོར་རབ་བསྐོར་ཞིང་། །བཛྲ་ཁྲག་འཐུང་འཁོར་དང་བཅས། །ཉིད་ཀྱི་བཀའ་བཞིན་སྤྱན་འདྲེན་ན། །དམ་ཚིག་ཚུལ་བཞིན་གཤེགས་སུ་གསོལ། །དམ་ཚིག་ཚུལ་བཞིན་མ་གཤེགས་ན། །སྒྲུབ་མཆོག་དངོས་གྲུབ་མ་སྩལ་ན། །སྐུ་གསུང་ཐུགས་དང་འགལ་བར་མཆིས། །དམ་ཚིག་མཆོག་ལ་དགོངས་ནས་ཀྱང་། །ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཧཱུཾ། ང་ནི་དཔལ་ལྡན་འཁོར་ལོ་འཆང་། །སྐུ་ཡི་འཁོར་ལོ་རབ༴ བུདྡྷ་ཁྲག་འཐུང་འཁོར༴ ཉིད་ཀྱི་བཀའ་བཞིན་སྤྱན༴ དམ་ཚིག་ཚུལ་བཞིན་གཤེགས༴ དམ་ཚིག་ཚུལ་བཞིན་མ༴ སྒྲུབ་མཆོག་དངོས་གྲུབ་མ༴ སྐུ་གསུང་ཐུགས་དང་འགལ༴ དམ་ཚིག་མཆོག་ལ་དགོངས༴ སྐུ་ཡི་དངོས་གྲུབ་སྩལ༴ ཧཱུཾ། ང་ནི་དཔལ་ལྡན་རིན་ཆེན་འཆང་། །ཡོན་ཏན་འཁོར་ལོ་རབ༴ རཏྣ་ཁྲག་འཐུང་འཁོར༴ ཉིད་ཀྱི་བཀའ་བཞིན༴ དམ་ཚིག་ཚུལ་བཞིན༴ དམ་ཚིག་ཚུལ་བཞིན༴ སྒྲུབ་མཆོག་དངོས་གྲུབ༴ སྐུ་གསུང་ཐུགས་དང་༴ དམ་ཚིག་མཆོག་ལ༴ ཡོན་ཏན་དངོས་གྲུབ་སྩལ༴ ཧཱུཾ། ང་ནི་དཔལ་ལྡན་པདྨ་འཆང་། །པདྨའི་འཁོར་ལོ་རབ༴ པདྨ་ཁྲག་འཐུང་འཁོར༴ ཉིད་ཀྱི༴ དམ་ཚིག༴ དམ་ཚིག༴ སྒྲུབ་མཆོག༴ སྐུ་གསུང་༴ དམ་ཚིག་མཆོག་ལ༴ གསུང་གི་དངོས་གྲུབ༴ ཧཱུཾ། ང་ནི་དཔལ་ལྡན་ཀརྨ་འཆང་། །ལས་ཀྱི་འཁོར་ལོ༴ ཀརྨ་ཁྲག་འཐུང་འཁོར༴ ཉིད་ཀྱི༴ དམ་ཚིག༴ དམ་ཚིག༴ སྒྲུབ་མཆོག༴ སྐུ་གསུང་༴ དམ་ཚིག་མཆོག་ལ༴ ལས་ཀྱི་དངོས་གྲུབ་སྩལ༴ ཞེས་བརྗོད་དོ། །དངོས་གྲུབ་ཀྱི་སྣོད་དུ་རུང་བར་བྱ་བའི་ཕྱིར། ནམ་མཁའི་མཐའ་ཀླས་ཆོས་ཀྱི་དབྱིངས་ཀྱིས་ཁྱབ། །མ་ཆགས་སྤྱན་མངའ་མ་སྒྲིབ་ཡེ་ཤེས་གསལ། །ཀུན་ནས་ཀུན་ཏུ་དངོས་གྲུབ་སྩལ་དུ་གསོལ། །རྡོ་རྗེའི་ཞག་ཀྱང་ཚང་ལགས་སོ། །བཟླས་བརྗོད་གྲངས་ཀྱང་ཚང་ལགས་སོ། །དངོས་གྲུབ་སྩོལ་བའི་དུས་འདི་ལགས། །འགྲོ་བ་མང་པོ་བདག་གིས་བསྒྲལ། །བླ་མེད་བྱང་ཆུབ་བདག་གིས་བསྒྲུབས། །མཐུ་ཆེན་མཐུ་རྩོལ་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ༀ། ཁྲོ་ལ་ཁྲོས་པས་ཞི་མཛད་པ། །ཐུགས་རྗེ་ཁྲོ་དཔལ་རྔམ་པའི་ཚོགས། །འབར་བའི་བྱིན་རླབས་རྨད་པོ་ཆེ། །ད་ལྟ་ཉིད་དུ་བདག་ལ་སྩོལ། །ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། མཉམ་པའི་དོན་ལ་མ་སྐྱེས་གཉིས་མེད་ཕྱིར། །དངོས་གྲུབ་སྩལ་དང་གསོལ་བར་མི་དམིགས་ཀྱང་། །རིག་དང་མ་རིག་སྒྱུ་མའི་ཁྱད་པར་གྱིས། །སྒྱུ་མའི་སྤྱོད་ཡུལ་མཉམ་པར་མ་གྲུབ་ཅིང་། །རྒྱལ་བའི་དགོངས་སྤྱོད་ཀློང་དུ་མ་གྱུར་པས། །ལོག་རྟོག་སྲིན་པོའི་ཞེས་པ་མ་ཟློག་ན། །མཁྱེན་རབ་ཏིང་འཛིན་དངོས་གྲུབ་སྩལ་དུ་གསོལ། །ཆགས་པའི་ནད་ཀྱིས་གདུངས་པའི་སྡུག་བསྔལ་ལ། །བདུད་དང་སྲིན་པོ་ཞེ་སྡང་གློ་བུར་གྱིས། །སྒྱུ་མའི་ལུས་སྲོག་ཚེ་ལ་བར་གཅོད་ན། །ཁྲོ་རྒྱལ་མཐུ་ཡིས་ཟིལ་གྱིས་མནན་པའི་ཕྱིར། །རྫུ་འཕྲུལ་ལམ་མཆོག་དངོས་གྲུབ༴ གསུང་རབ་རྒྱ་མཚོའི་བདུད་རྩིའི་ཆར་ཕབ་ནས། །བག་ཆགས་སྐྱོན་གྱི་དྲི་མས་རྨོངས་པ་ལ། །ཤེས་ཤིང་རྟོགས་པའི་ཤེས་རབ་མི་ལྡན་ན། །ཤེས་བྱ་ཐོགས་མེད་དངོས་གྲུབ༴ འབད་པས་བཙལ་བའི་དུས་གསུམ་དགེ་བཤེས་དེ། །སྲིད་ལ་ཕན་འདོགས་སྟོན་པའི་དཔལ་མགོན་ལགས། །དྲིན་ལ་ལན་ལྡོན་གང་ལགས་མ་འཚལ་ན། །སེམས་ཀྱི་མེ་ལོང་དངོས་གྲུབ༴ རྣམ་རྟོག་ཞེན་པའི་བག་ཆགས་སྟུག་པོ་ཡིས། །དུས་གསུམ་ཆོས་ལ་མུན་པའི་རྫས་ལྟར་སྒྲིབས། །དུས་གསུམ་དགེ་བཤེས་དྲིན་ལ་ལན་སླན་ཕྱིར། །དུས་ལ་རྨོངས་པའི་སེམས་ཅན་ལན་བགྱིད་ནས། །མངོན་ཤེས་དྲུག་གི་དངོས་གྲུབ༴ རྒྱུ་དྲུག་རིམ་གྱིས་དྲང་བའི་དོན་སླད་དུ། །ཁམས་གསུམ་མ་ལུས་ཁྱབ་པར་འགྲོ་བའི་ཚེ། །སེམས་ཀྱི་གདོས་སུ་བདག་གི་ལུས་མཆིས་ན། ཐོགས་མེད་རྐང་མགྱོགས་དངོས་གྲུབ༴ ལོག་རྟོག་མང་པོས་ཤེས་རྒྱུད་གཡེངས་པ་ཡིས། །སྟོན་པས་གསུངས་པའི་བཀའ་རྒྱུད་ཇི་སྙེད་པ། །དོན་དང་ཡི་གེ་བརྗོད་མེད་མ་བསམ་ན། །མི་བརྗེད་གཟུངས་ཀྱི་དངོས་གྲུབ༴ ངང་ཉིད་རྣམ་རྟོག་ལས་ཀྱི་དབང་གྱུར་ཅིང་། །སྡུག་བསྔལ་མང་པོས་བཅིངས་པའི་འགྲོ་བ་རྣམས། །འདུལ་ཐབས་མང་པོས་འགྲོ་བའི་དོན་བགྱིད་ཀྱིས། །རྣམ་བཞི་ལས་ཀྱི་དངོས་གྲུབ༴ རང་གི་རྣམ་རྟོག་ལས་ཀྱི་དབང་གྱུར་ཞིང་། །བླང་དོར་མེད་པའི་དོན་ལ་ཐུགས་བརྩེའི་ཕྱིར། །སོ་སོའི་བློ་ལ་ཇི་ལྟར་འཐད་པ་བཞིན། །མཐུན་འཇུག་ཐབས་ཀྱིས་འགྲོ་བ་འདུལ་ལགས་ཀྱིས། །སེན་ཡོག་པྲ་ཡི་དངོས་གྲུབ༴ དུག་གསུམ་ཞེན་པས་འཁོར་བའི་གཅོང་གཏིང་ནས། །འཚོ་བྱེད་སྨན་པའི་རྒྱལ་པོས་བཅོས་སུ་གསོལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དམ་པ་སྟེ། །དུར་ཁྲོད་རྫས་ལ་བརྟེན་ནས་བདག་ལ་སྩོལ། །སྐྱ་རེང་དང་པོའི་དངོས་གྲུབ་དུས་ལ་བབ། །ཁྲག་འཐུང་འཁོར་བཅས་དངོས་གྲུབ་དབབ་ཏུ་གསོལ། །ཁམས་གསུམ་དྲེགས་པ་མ་ལུས་འཚལ་བར་གྱིས། །བཅོམ་ལྡན་དཔལ་ཆེན་དངོས་གྲུབ༴ ཡེ་ཤེས་ཐབས་ཀྱི་འགྲོ་དོན་ཀུན་བགྱིས་ཀྱིས། །ཁྲོ་མོ་བརྒྱད་ཀྱི་དངོས་གྲུབ༴ དུར་ཁྲོད་རོལ་པས་ཁམས་གསུམ་དབང་སྡུད་ཀྱིས། །ཕྲ་མེན་བརྒྱད་ཀྱི་དངོས་གྲུབ༴ ཕྲིན་ལས་རྣམ་བཞིས་འགྲོ་དོན་སྡུད་ལགས་ཀྱིས། །ཁྲོ་བོ་བཅུ་ཡི་དངོས་གྲུབ༴ སྤྲུལ་པ་མང་པོས་སེམས་ཅན་ཀུན་འདུལ་ཕྱིར། །ཡང་སྤྲུལ་ཉིང་སྤྲུལ་དངོས་གྲུབ༴ ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་བཟླས་སོ། །དེ་ནས་རིག་འཛིན་གྱི་དངོས་གྲུབ་བླང་བ་ནི། ཧཱུཾ། ཆོས་ཉིད་བདེ་བ་ཆེན་པོའི་སྐུ་བྱུང་བས། །བཅོམ་ལྡན་ཆེ་མཆོག་ཡབ་ཡུམ་དངོས་གྲུབ་སྩོལ། །དུར་ཁྲོད་དྲེགས་པའི་ཚོགས་རྣམས་འཇོམས་མཛད་པ། །རྒྱུད་ལུང་ཁྲོ་རྒྱལ་ཡབ་ཡུམ༴ ཡེ་ཤེས་འབར་མ་བརྒྱད་ཀྱི་དཀྱིལ་འཁོར་ནས། །ག་རཱི་ཁྲོ་མོ་བརྒྱད་ཀྱི༴ ཆོས་ཉིད་མཁའ་ལྟར་དག་པའི་དཀྱིལ་འཁོར་ནས། །སིདྷ་ཕྲ་མེན་བརྒྱད་ཀྱི༴ ཚད་མེད་བཞི་རྫོགས་གསང་བའི་དཀྱིལ་འཁོར་ནས། །རྟ་གདོང་སྒོ་མ་བཞི་ཡི༴ འབར་བའི་བར་ཁྱམས་དུར་ཁྲོད་རོལ་པ་ནས། །སྤོར་མ་གསང་ཡུམ་ཚོགས་བཅས༴ དམ་ཚིག་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས། །དབང་ཕྱུག་མ་སྲིང་ཚོགས་ཀྱི༴ དུར་ཁྲོད་འབར་བ་ཆེན་པོའི་དཀྱིལ་འཁོར་ནས། །མཁའ་འགྲོ་སུམ་ཅུ་རྩ་གཉིས༴ ཕྲིན་ལས་མྱུར་མགྱོགས་ཆེན་མོའི་དཀྱིལ་འཁོར་ནས། །མ་བདུན་སྲིང་བཞིའི་ཚོགས་ཀྱི༴ སྒྲོལ་བྱེད་རབ་ཏུ་འབར་བའི་དཀྱིལ་འཁོར་ནས། །རྡོ་རྗེ་གིང་ཆེན་བཅོ་བརྒྱད༴ ཞེ་སྡང་འབབ་ཐུགས་ཀྱི་དཀྱིལ་འཁོར་ནས། །ཁྲོ་རྒྱལ་སྲིན་པོའི་ཚོགས་ཀྱི༴ ཅི་བགྱིའི་བཀའ་ཉན་ཚོགས་ཀྱི་དཀྱིལ་འཁོར་ནས། །ཕོ་ཉ་སྡེར་མོའི་ཚོགས་ཀྱི༴ ལས་རྣམས་ཡོངས་སུ་གྲུབ་པའི་དཀྱིལ་འཁོར་ནས། །ཡེ་ཤེས་མ་མོའི་ཚོགས་ཀྱི༴ སྡོམ་པའི་ས་ལ་གནས་པའི་དཀྱིལ་འཁོར་ནས། །རིག་འཛིན་རྩལ་འཆང་ཚོགས་ཀྱི༴ གནས་མཆོག་ཡང་དག་དོན་གྱི་འོག་མིན་ནས། །རྒྱལ་བ་ཀུན་བཟང་ཡབ་ཡུམ༴ འོག་མིན་དབང་ཕྱུག་ཆེན་པོའི་གནས་མཆོག་ནས། །གསང་སྔགས་རྡོ་རྗེ་ཐེག་པ་འབྱུང་བའི་གནས། །རྡོ་རྗེ་སེམས་དཔའ་རིགས་ལྔ་ཡབ་ཡུམ་བཅས། །ལོངས་སྤྱོད་རྫོགས་པའི་སྐུ་ཡི༴ ལྷ་ཀླུ་གནོད་སྦྱིན་སོ་སོའི་གནས་མཆོག་ནས། །བཅོམ་ལྡན་རིགས་གསུམ་མགོན་པོའི༴ ཨུ་རྒྱན་དྷ་ན་ཀོ་ཤའི་གླིང་ཕུག་ཏུ། །རྡོར་སེམས་སྤྲུལ་པ་དགའ་རབ་རྡོ་རྗེ་དང་། །རྒྱལ་པོའི་བུ་མོ་རིན་ཆེན་གསལ་སྒྲོན་ལ། །རྡོར་སེམས་གསང་བའི་བདག་པོ་དངོས་བྱོན་ནས། །དབང་བཞི་རྫོགས་བསྐུར་རྟོག་ཚོགས་ལྷ་ངོ་འཕྲོད། །དབང་རྟགས་ཆགས་ཤིང་མེ་ལོང་རྣམ་གཉིས་སྦྱིན། །རིག་འཛིན་ཁྲི་ཕྲག་དུ་མ་སངས་རྒྱས་པ། །དེ་ཡི་དངོས་གྲུབ་དེང་འདིར་སྩལ་དུ་གསོལ། །རྒྱ་བོད་གཉིས་ཀྱི་སོ་མཚམས་སུ། །མ་ག་དྷ་ཡི་བྲག་ཕུག་ཏུ། །ཨུ་རྒྱན་རྒྱལ་པོ་དྷརྨ་ཀཱ་ཡ་ནི། །ཀླུ་ཡི་རྒྱལ་པོའི་བུ་མོ་ཡིས། །དགའ་རབ་རྡོ་རྗེ་སྤྱན་དྲངས་ནས། །ཚོམ་བུ་སྟོང་གི་དཀྱིལ་འཁོར་བསྒྲུབས། །ཁྲི་ཕྲག་དུ་མ་སངས་རྒྱས་པ། །དེ་ཡི་དངོས་གྲུབ་དེང་འདིར༴ རྒྱ་གར་ཟ་ཧོར་ཡུལ་གྱི་མཚམས། །རྡོ་རྗེ་འོད་འཕྲོ་གླིང་ཚལ་དུ། །རྒྱལ་པོ་ཨིནྡྲ་བོ་དྷི་དང་། །སྲས་མོ་ནི་ལནྡྷ་ར་གཉིས། །ཚོམ་བུ་ལྔ་ཡི་དཀྱིལ་འཁོར་བསྒྲུབས། །ཁྲི་ཕྲག་དུ་མ་སངས་རྒྱས་པ། །དེ་ཡི་དངོས་གྲུབ་དེང་འདིར༴ རྒྱ་གར་སིདྷ་གཉིས་ཀྱི་མཚམས། །གཡུ་མཚོ་གླིང་དགུའི་བྲག་ཕུག་ཏུ། །སིདྷ་ཨུ་པ་རཱ་ཛ་དང་། །སྲས་མོ་གོ་མ་དེ་ཝི་གཉིས། །ཚོམ་བུ་ལྔ་བཅུའི་དཀྱིལ་འཁོར་བསྒྲུབས། །བརྒྱ་ཕྲག་དུ་མ་སངས་རྒྱས་པ། །དེ་ཡི་དངོས་གྲུབ་དེང་འདིར༴ རྒྱ་གར་ཡུལ་དབུས་མ་ག་དྷ། ཝ་ར་ཎ་སིའི་གནས་དག་ཏུ། །དགེ་སློང་ཉིན་བྱེད་སེང་གེ་དང་། །སྲིན་པོའི་བུ་མོ་ན་ཤི་གཉིས། །ཚོམ་བུ་གསུམ་པའི་དཀྱིལ་འཁོར་བསྒྲུབས། །འཁོར་ནི་ལྔ་བརྒྱ་སངས་རྒྱས་ཏེ། །དེ་ཡི་དངོས་གྲུབ༴ རྒྱ་གར་བལ་པོའི་སོ་མཚམས་སུ། །དགེ་སློང་སོ་ཀྱ་དེ་ཝ་དང་། །ལྷ་མོ་བཀྲ་ཤིས་དངོས་གྲུབ་གཉིས། །ཚོམ་བུ་བཅུ་པའི་དཀྱིལ་འཁོར་བསྒྲུབས། །དེ་ཡི་དངོས་གྲུབ་དེང་འདིར༴ རྒྱ་དང་བལ་པོ་ཡུལ་གྱི་མཚམས། །ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ། །དགེ་སློང་པདྨ་འབྱུང་གནས་དང་། །བལ་མོ་བཟའ་ཡི་ཤཱཀྱ་གཉིས། །ཚོམ་བུ་ལྔ་པའི་དཀྱིལ་འཁོར་བསྒྲུབས། །དེ་ཡི་དངོས་གྲུབ་དེང་འདིར༴ རྒྱ་གར་སྟག་གཟིག་ཡུལ་གྱི་མཚམས། །ཨ་སུ་ར་ཡི་བྲག་ཕུག་ཏུ། །སློབ་དཔོན་སྠི་ར་མ་ཏི་དང་། །བུ་མོ་ག་ག་སིདྡྷི་གཉིས། །ཇི་ལྟར་བསྒྲུབ་ཅིང་བརྟེན་པའི་ཚེ། །དེ་ཡི་དངོས་གྲུབ་དེང་འདིར༴ བོད་དང་ཞང་ཞུང་ཡུལ་གྱི་མཚམས། །གངས་དཀར་ཏི་སེའི་བྲག་ཕུག་ཏུ། །སློབ་དཔོན་སངས་རྒྱས་གསང་བ་དང་། །ལྷ་མོ་དམར་མོ་ཆོས་འཚོལ་གཉིས། །ཇི་ལྟར་བསྒྲུབ་ཅིང་བརྟེན་པའི་ཚེ། །དེ་ཡི་དངོས་གྲུབ་དེང་འདིར༴ མོན་བོད་གཉིས་ཀྱི་སོ་མཚམས་སུ། །སྤ་གྲོ་སྟག་ཚང་སེང་གེ་ཕུག །སློབ་དཔོན་ནམ་མཁའི་སྙིང་པོ་དང་། །ཤེལ་དཀར་བཟའ་ཡི་མཚོ་རྒྱལ་གཉིས། །ཇི་ལྟར་བསྒྲུབ་ཅིང་བརྟེན་པའི་ཚེ། །དེ་ཡི་དངོས་གྲུབ་དེང་འདིར༴ བོད་ཁམས་དནྟིག་བྲག་ཕུག་ཏུ། །སློབ་དཔོན་རྒྱལ་བ་བློ་གྲོས་དང་། །ལྷ་མོ་སུམ་བཟའ་སེར་མོ་གཉིས། །ཇི་ལྟར་བསྒྲུབ་ཅིང་བརྟེན་པའི་ཚེ། །དེ་ཡི་དངོས་གྲུབ་སྩལ་དུ་གསོལ། །བོད་ཡུལ་གཙང་གི་གཡས་རུ་ཕྱོགས། །ཉུག་གི་རྡོ་རྗེ་སྒྲོམ་བུ་རུ། །གནུབས་བན་སངས་རྒྱས་ཡེ་ཤེས་ཀྱིས། །རང་བྱུང་ཐིག་ལེ་ཉག་གཅིག་དོན། །ཟླ་བ་དགུ་ཡིས་སེམས་ཉིད་གྲོལ། །དངོས་པོའི་གནས་ལུགས་གཏན་ལ་ཕེབས། །ཇི་ལྟར་བསྒྲུབ་ཅིང་བརྟེན་པའི་ཚེ། །དེ་ཡིས་དངོས་གྲུབ༴ ཁུ་ལུང་ཡོན་ཏན་རྒྱ་མཚོ་ནི། །ཐུགས་སྲས་ནང་ནས་མཆོག་ཏུ་གྱུར། །སྤྲུལ་པ་མང་པོ་ཞལ་གཟིགས་པས། མཆོག་དང་ཐུན་མོང་དངོས་གྲུབ་བརྙེས། །དེ་ཡི་དངོས་གྲུབ༴ སྒྲུབ་གནས་ཕྱག་ཤམ་དགོན་པ་རུ། །སོ་ནི་ཡེ་ཤེས་དབང་ཕྱུག་གིས། །ཆོས་ཉིད་དོན་དམ་ཐུགས་སུ་ཆུད། །རྫོགས་ཆེན་ལྟ་བའི་བཀའ་ཡང་བབས། །དེ་ཡི་དངོས་གྲུབ༴ ཤོལ་ཡག་སྡིངས་ཀྱི་གནས་མཆོག་ཏུ། །དབང་བཞི་ཆུ་བོའི་བཀའ་བབས་པས། །སྲུ་ནི་ལེགས་པའི་སྒྲོན་མ་ཡིས། །དགེ་མཆེད་བཅོ་ལྔའི་སློབ་བུ་སྨིན། །དེ་ཡི་དངོས་གྲུབ༴ དེ་དག་ནང་ནས་ཞུ་ཡི་རུས། །བསོད་ནམས་ཤཱཀྱ་ཞེས་སུ་གྲགས། །དེ་ཡི་དངོས་གྲུབ༴ བོད་ཡུལ་གཙང་གི་རུ་ལོགས་ཕྱོགས། །འུག་པ་ལུང་གི་ཡང་དབེན་དུ། །ཟུར་ཆེན་ཤཱཀྱ་འབྱུང་གནས་ཀྱིས། །བཀའ་ལུང་རྒྱུད་དང་མན་ངག་ལ། །ཕུལ་བྱུང་ཤེས་བྱ་མ་ལུས་མཁྱེན། །དེ་ཡི་དངོས་གྲུབ༴ གཡས་རུ་རྒྱ་བོའི་དབེན་གནས་སུ། །ཟུར་ཆུང་ཤེས་རབ་གྲགས་པ་ནི། །ལྟ་དགོངས་རྩེ་མོ་ཕུལ་དུ་གྱུར། །སྣང་གྲགས་སྒྱུ་མར་མཁྱེན་པ་ཡི། །སྐལ་ལྡན་གདུལ་བྱ་སྨིན་གྲོལ་མཛད། །དེ་ཡི་དངོས་གྲུབ༴ གཡས་རུ་ཆུ་དབར་ལི་ཐུང་དུ། །གླན་སྟོན་ཤཱཀྱ་བཟང་པོ་ནི། །སྣང་སྲིད་ལྷ་འདྲེ་བྲན་དུ་འཁོལ། །ཕྲིན་ལས་སྤྱོད་ལ་ཐོགས་པ་མེད། །དེ་ཡི་དངོས་གྲུབ༴ ཤངས་ཀྱི་ཉ་ཚལ་ཁང་སྟོད་དུ། །ལྷ་རྗེ་ཤཱཀྱ་བྱང་ཆུབ་ནི། །རྫོགས་ཆེན་ལྟ་བའི་ཕུལ་དུ་བྱུང་། །ཤེས་བྱ་ཐོགས་མེད་མ་ལུས་མཁྱེན། །དེ་ཡི་དངོས་གྲུབ༴ འོག་གདོང་ལྷ་རྗེ་འགར་ཞེས་གྲགས། །ཡེ་ཤེས་མཁའ་འགྲོས་བྱིན་བརླབས་པ། །ཟག་མེད་བདེ་བའི་ཉམས་དང་ལྡན། །དེ་ཡི་དངོས་གྲུབ༴ འཆུམས་ཀྱི་འཆད་དགོན་གནས་མཆོག་ཏུ། །སྲེག་སྟོན་རྡོ་རྗེ་རྒྱལ་མཚན་ནི། །ཡོན་ཏན་བསམ་གྱིས་མི་ཁྱབ་མངའ། །དབང་གི་ཆུ་བོའི་བཀའ་རྣམས་རྫོགས། །དེ་ཡི་དངོས་གྲུབ༴ ཤར་རི་རྒྱ་གར་གླིང་ཆུང་དུ། །མཁས་པ་གླན་བན་རྡོ་རྗེ་འོད། །གསང་བདག་ཞལ་གཟིགས་དུས་གསུམ་མཁྱེན། །ཤམྦྷ་ལར་གཤེགས་གདུལ་བྱའང་འདྲེན། །དེ་ཡི་དངོས་གྲུབ༴ དམ་ཆོས་འབྱུང་གནས་ཤ་རི་མོར། །གླན་སྟོན་བརྩོན་འགྲུས་ཡེ་ཤེས་ནི། །གདུལ་བྱ་ཡང་དག་ས་ལ་འགོད། །སྤྲུལ་པས་འགྲོ་བ་མ་ལུས་འདྲེན། །དེ་ཡི་དངོས་གྲུབ༴ གུང་ཐང་དཔལ་གྱི་དགོན་པོ་རུ། །མཁས་པ་བསོད་ནམས་རྒྱལ་པོ་ཡིས། །དབང་གིས་འགྲོ་བ་དུ་མ་སྨིན། །དེ་ཡི་དངོས་གྲུབ༴ སྤྲུལ་སྐུ་ལྷ་རྗེ་ལྷ་འབུམ་གྱིས། །དྲག་པོས་གདུལ་བྱ་མང་པོ་སྨིན། །དེ་ཡི་དངོས་གྲུབ༴ གླན་སྟོན་ཆོས་ཀྱི་སེང་གེ་ནི། །ཏིང་འཛིན་དགོངས་པའི་དྲོད་དང་ལྡན། །དེ་ཡི་དངོས་གྲུབ༴ རྫ་ལུང་དཔལ་གྱི་དགོན་པ་རུ། །དབང་བཞི་རྫོགས་པ་སངས་རྒྱས་དཔལ། །སྙིགས་མའི་དུས་ཀྱི་འགྲོ་བ་འདྲེན། །དེ་ཡི་དངོས་གྲུབ༴ གནས་མཆོག་གུང་ཐང་ཡང་དབེན་དུ། །གླན་སྟོན་བསོད་ནམས་མགོན་པོ་ནི། །བསྐྱེད་རྫོགས་གསུམ་གྱི་དབང་བཀའ་བབས། །དབང་མཆོག་ཆུ་་བོས་སྨིན་གྲོལ་མཛད། །དེ་ཡི་དངོས་གྲུབ༴ དབེན་གནས་བྱེ་མ་སེང་གེ་རུ། །ཆོས་བདག་འབྲོ་སྟོན་རྡོ་རྗེ་ནི། །རྒྱུད་ལུང་མན་ངག་ཀུན་ལ་མཁས། །དེ་ཡི་དངོས་གྲུབ༴ བདུད་རྩིའི་ཆུ་རྒྱུན་ཡ་དབེན་དུ། །མཁས་གྲུབ་ཤཱཀྱ་འབྱུང་གནས་ནི། །ཀུན་མཁྱེན་འཇིག་རྟེན་གསུམ་གྱི་མགོན། །དེ་ཡི་དངོས་གྲུབ༴ རེ་སྦུག་དཔལ་གྱི་དགོན་པ་རུ། །ལང་གྲོ་ཚེ་དབང་རྒྱལ་པོ་ནི། །མཐུ་སྟོབས་དབང་ཕྱུག་སྤྲུལ་སྐུའི་གར། །དེ་ཡི་དངོས་གྲུབ༴ དབེན་གནས་ཆུ་དབར་ཉི་སྦུག་ཏུ། །བརྒྱུད་འཛིན་ལེགས་པ་དཔལ་བཟང་ནི། །རིག་འཛིན་གོང་མའི་གདུང་འཚོབ་རྗེ། །དེ་ཡི་དངོས་གྲུབ༴ གློ་བོ་མ་ཐང་ཆོས་སྡིངས་སུ། །འཇམ་དབྱངས་རིན་ཆེན་རྒྱལ་མཚན་ནི། །མཁའ་གྲུབ་ཀུན་གྱི་ཡང་རྩེར་སོ་ན། །དེ་ཡི་དངོས་གྲུབ༴ གྲུབ་པའི་གནས་མཆོག་ཆུ་བོ་རིར། །རིག་འཛིན་ལེགས་ལྡན་རྡོ་རྗེའི་ཞབས། །སྔ་འགྱུར་བསྟན་པའི་མངའ་བདག་མཆོག །དེ་ཡི་དངོས་གྲུབ༴ བྲག་དམར་ཆོས་ལུང་དགོན་པ་རུ། །སྐྱི་སྟོན་ཚེ་རིང་དབང་པོ་ནི། །བཀའ་གཏེར་ཆོས་ཀྱི་རྒྱལ་སྲིད་འཛིན། །དེ་ཡི་དངོས་གྲུབ༴ གཙང་སྟོད་བྲེས་ཀྱི་རི་ཁྲོད་དུ། །བླ་ཆེན་ཆོས་རྒྱལ་རྡོ་རྗེ་དཔལ། །མདོ་སྒྱུའི་སྨོན་གྲོལ་སྲོག་ཤིང་འཛིན། །དེ་ཡི་དངོས་གྲུབ༴ སྨན་ལུང་དམ་པའི་གདན་ས་རུ། །ཉང་སྟོན་བློ་མཆོག་རྡོ་རྗེ་ནི། །གནས་ལྔ་རིག་པའི་རྡོ་རྗེ་འཛིན། །དེ་ཡི་དངོས་གྲུབ༴ ཐུབ་བསྟན་རྡོ་རྗེ་བྲག་དགོན་དུ། །ལྷ་བཙུན་པདྨ་ཕྲིན་ལས་ཉིད། །བཀའ་གཏེར་བསྟན་པའི་རིང་ལུགས་སྤེལ། །དེ་ཡི་དངོས་གྲུབ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་ལ། ཡེ་ཤེས་ལྷ་ཡི་དངོས་གྲུབ་བླང་བའི་ཕྱིར། །གསལ་ཤིང་གི་ནི་རི་མོ་ལ། །སྤྱན་དྲངས་མཆོད་དང་བཟླས་པ་དང་། །བསྟོད་དང་སྨོན་འཇུག་བསྡུ་བ་དྲུག །ཅེས་པས་དོན་དྲུག་གི་དང་པོ། འབྲང་རྒྱས་ལ་གསལ་ཤིང་མཐོ་དམན་རིམ་པ་བཅུ་བཞི་བྱ། །དེ་ནས་ཕོ་བྲང་དཔལ་གྱི་མར་མེ་བཀོད་པ་དེ་འདུས་པའི་ལྷ་ཚོགས་སུ་བསྐྱེད། དབང་བསྐུར་བྱིན་བརླབ་སྙན་གསན་དབབ། དཀྱིལ་འཁོར་ལྷ་ཚོགས་ཉིད་སྤྱན་དྲངས་བསྟིམ། ཞེས་གསུངས་པའི་དོན། དཀྱིལ་འཁོར་གྱི་མར་མེ་རྣམས་འདུས་པ་ཆེན་པོའི་ལྷ་ཚོགས་བཅོམ་ལྡན་འདས་ཆེ་མཆོག་ཧེ་རུ་ཀ །དབང་མཆོག་ཧེ་རུ་ཀ །བཛྲ་ཧེ་རུ་ཀ །རྒྱུད་ཀྱི་ཧེ་རུ་ཀ་ཡབ་ཡུམ་བཞི། ལུང་གི་ཧེ་རུ་ཀ་ཡབ་ཡུམ་བཞི། ཁྲོ་མོ་བརྒྱད། ཕྲ་མེན་བརྒྱད། སྤོར་མ་བརྒྱད། གསང་ཡུམ་བཞི། དབང་མོ་ཉེར་བརྒྱད། མཁའ་འགྲོ་སོ་གཉིས། གིང་ཆེན་བཅོ་བརྒྱད། ཁྲོ་བོ་ཁྲོ་མོ་དྲུག་ཅུ། ཕོ་ཉ་ཉིས་བརྒྱ་བཞི་བཅུ། མ་མོ་དྲུག་ཅུ། རིག་འཛིན་བླ་མ་རྣམས་སྐུ་མདོག་ཕྱག་མཚན་རྣམས་པ་ཇི་ལྟ་བར་གསལ་བར་གྱུར། ༀ་མ་ཧཱ་ཤཱུ་ནྱ་ཏཱ་སོགས་ཕྱག་རྒྱར་བཅས་ཏེ་དབང་བསྐུར། ཀཱ་ཡ་བཛྲ་སོགས་ཀྱིས་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ། །ༀ་བཛྲ་ས་མ་ཡ་ཧཱུཾ་ཛཿ ཞེས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་སེ་གོལ་དང་བཅས་ཏེ་སྙན་གསན་དབབ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨེ་ཧྱེ་ཧི་ཨ་ན་ཡ་ཧོཿ ཛཿཧཱུཾ་བཾ་ཧོཿཞེས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ་གྱིས་བརྟན་པར་བྱའོ། །རྩ་བར། རྟེན་ལ་སྤྱན་དྲངས་པ་ནི། བླ་མས་ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་ཏེ། ༀ་ཨ་ཀྲ་མ་ཧཱ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཀ་ཏ་མ་ཧཱ་ཀྲོ་དྷི་ཤྭོ་རཱི་ཧཱུཾ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་སརྦ་ཏ་ཐཱ་ག་ཏ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ །བཛྲ་ཀྲོ་དྷི་ཤྭ་རཱི་ཧཱུཾ། བཛྲ་ཨཾ་གུ་ཤ་ཛཿ ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ༀ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཀ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་པས་དཀྱིལ་འཁོར་གྱི་དབུས་ཀྱི་མར་མེ་ལས་གསལ་ཤིང་སྟེ་དཔལ་འབར་དང་པོ་ལ་མེ་སྦར་བས་འོད་དང་སྤྲུལ་པར་བཅས་ནས་མར་མེའི་ལྷ་གཙོ་བོ་གསུམ་དཔལ་འབར་དང་པོའི་རྩེ་མོར་བྱོན་པར་བསམ་ལ། གཉིས་པ་མཆོད་པ་ནི། བདུད་རྩི་རཀྟ་གཏོར་མ་གསུམ་རྩ་སྔགས་ཀྱིས་དབུལ། ཞེས་གསུངས་པས་སྔགས་གོང་མ་གསུམ་གྱི་མཐར་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་བ་ལིནྟ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཞེས་འབུལ་ཞིང་གསལ་ཤིང་ལ་སྨན་རཀ་སྦྲན། གསུམ་པ་བཟླས་པ་ནི། དང་པོ་བསྐུལ་བ། བཅོམ་ལྡན་ཆེ་མཆོག་ཡབ་ཡུམ་དང་། །དབང་མཆོག་ཧེ་རུ་ཡབ་ཡུམ་དང་། །བཛྲ་ཧེ་རུ་ཡབ་ཡུམ་དང་། །གཙོ་བོ་རྣམས་ཀྱི་ཐུགས་ཀ་ནས། །ཟུར་བརྒྱད་དཀྱིལ་ནས་འབྲུ་བརྒྱད་ཤར། །སྙིང་པོ་རུ་ལུ་འབྲུ་བརྒྱད་དང་། །གུ་ཧྱ་ཛྙཱ་ནའི་འོད་འཕྲོས་པས། །ཕར་འཕྲོས་དཔལ་ཆེན་ཐུགས་དམ་བསྐང་། །ཚུར་འདུས་བདག་ལ་དངོས་གྲུབ་སྩོལ། །དེ་ནས་གོང་གི་སྔགས་རྣམས་དང་། །ༀ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཀ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་བཟླས་སོ། །བཞི་པ་བསྟོད་པ་ནི། ཧཱུཾ། བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ །བླ་མེད་ཡུམ་ཆེན་ཁྲོ་མོའི་རྒྱལ། །མཐིང་ནག་སྐུ་ཡིས་བདུད་བཞི་འདུལ། །ཉི་ཤུ་རྩ་གཅིག་ས་རྣམས་གནོན། །བཞི་བཅུ་རྩ་གཉིས་མངོན་སངས་རྒྱས། །ཞབས་བརྒྱད་ཏིང་འཛིན་དབྱིངས་སུ་སྦྱོར། །རྒྱན་རྣམས་མ་ལུས་སྐུ་ལ་རྫོགས། །ཁྲོ་རྒྱལ་སྐུ་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་དབང་མཆོག་ཧེ་རུ་ཀ །དབུ་དགུ་ཕྱག་ནི་བཅོ་བརྒྱད་དེ། །སྟོང་པ་བཅོ་བརྒྱད་ཡོངས་སུ་རྫོགས། །མཐིང་ནག་དགྱེས་པ་ཆེན་པོའི་སྐུ། །ཞབས་བརྒྱད་རུ་ཏྲ་ཕོ་མོ་མནན། །འཇིགས་བྱེད་སྐུ་ལ་ཕྱག་འཚལ་བསྟོད། །ཧཱུཾ། རྡོ་རྗེེ་རིགས་མཆོག་བདུད་འདུལ་གཙོ། །གདུག་པ་ཐམས་ཀྱིས་བཏུལ་ནས་ནི། །བདུད་རིགས་རྡུལ་དུ་རློག་མཛད་པའི། །དཔའ་ཆེན་སྐུ་ལ་ཕྱག་འཚལ་བསྟོད། །ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ༀ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཀ་ཧཱུཾ་ཧཱུཾ་ཧཱུཾ། ལྔ་པ་སྨོན་ལམ་ནི། ཧོཿ བཅོམ་ལྡན་འདས་ཆེ་མཆོག་ཡབ་ཡུམ་དང་། དབང་མཆོག་ཡབ་ཡུམ་དང་། དཔལ་ཆེན་ཡབ་ཡུམ་ལ་སོགས་པ་རྣམས་ལ་དངོས་གྲུབ་ཏུ་གསོལ་བ་ནི། བདག་ཅག་རྣལ་འབྱོར་པ་དཀྱིལ་འཁོར་ཆེན་པོ་འདིར་ཚོགས་པ་རྣམས་ལ་ཤེས་བྱ་ལ་ཐོགས་པ་མེད་པའི་ཤེས་རབ། མི་བརྗེད་པའི་གཟུངས། མངོན་ཤེས་དྲུག །ཏིང་ངེ་འཛིན། རྡོ་རྗེ་ལྟ་བུའི་ལུས། གཡུང་དྲུང་ལྟ་བུའི་ཚེ། སྣང་བ་དང་། མི་སྣང་བ་དང་། རྡོ་རྗེའི་སྤྱན། དཔལ་དང་འབྱོར་པ། འཁོར་དང་ལོངས་སྤྱོད་པ་སོགས་པ་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་དངོས་གྲུབ་སྩལ་དུ་གསོལ། མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པར་མཛད་དུ་གསོལ། དྲུག་པ་བསྡུ་བ་ནི། བཛྲ་ཨངྐུ་ཤ་ཛཿ གསུམ་གྱིས་དང་པོ་འོད་དང་སྤྲུལ་པ། གཉིས་པ་ཡིག་འབྲུ། གསུམ་པ་སྐུ་འོད་དུ་ཞུ་ནས་རང་ལ་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གཟི་བརྗིད་དང་ལྡན་པར་བསམ་མོ། །ཞེས་གསུངས་པས། བཛྲ་ཨངྐུ་ཤ་ཛཿའི་སྔགས་དང་པོས་ལྷ་དེ་རྣམས་ཀྱི་འོད་དང་སྤྲུལ་པ། བཛྲ་ཨངྐུ་ཤ་ཛཿཞེས་གཉིས་པས་གསུང་ཡིག་འབྲུ་རང་སྔགས་ཀྱི་རྣམ་པ། ཨངྐུ་ཤ་གསུམ་པས་སྐུ་ཡོངས་རྫོགས་འོད་དུ་ཞུ་ནས་དཔོན་སློབ་ཐམས་ཅད་ལ་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གཟི་བརྗིད་དང་ལྡན་པར་བསམ་འོག་མ་ཀུན་ལ་ཡང་འགྲེའོ། །རྩ་བར། དེ་ནས་རིམ་པ་གཉིས་པ་རྒྱུད་ཀྱི་ཧེ་རུ་ཀ་བཞིའི་དངོས་གྲུབ་བླང་བ་ནི། ཕོ་བྲང་གི་མར་མེ་ནས་རིགས་བཞི་ལྕགས་ཀྱུའི་ཕྱག་རྒྱས་སྤྱན་དྲངས་ཏེ། ༀ་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ༀ་རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ༀ་པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ༀ་ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ཨངྐུ་ཤ་ཛཿཞེས་ལྕགས་ཀྱུའི་ཕྱག་རྒྱ་བཅས་ཏེ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་པས་མར་མེ་གཉིས་པ་ལས་སྤྱན་དྲངས་ཤིང་དཔལ་འབར་གཉིས་པ་ལ་མེ་སྦར་བས་རྩེར་བྱོན་པར་བསམ། མཆོད་པ་ནི། བདུད་རྩི་གཏོར་མ་རཀྟ་གསུམ་སོ་སོའི་སྔགས་མཐར་གོང་བཞིན་དབུལ། བསྐུལ་བ། རིགས་བཞི་ཧེ་རུ་ཀ་ཡི་ཐུགས། །ཟུར་བརྒྱད་དཀྱིལ་ནས་འབྲུ༴ སྙིང་པོ་རུ་ལུ་འབྲུ༴ གུ་ཧྱ་ཛྙཱ་ནའི་འོད༴ ཕར་འཕྲོས་དཔལ་ཆེན༴ ཚུར་འདུས་བདག་ལ་དངོས༴ འཛབ་ནི། ༀ་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ༀ་རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ༀ་པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ༀ་ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ཧེ་རུ་ཀ་ཡབ་ཡུམ་བཞིའི་སྔགས་ལ་རུ་ལུ་རེ་རེ་དང་། གུ་ཧྱ་ཛྙཱ་ན་རེ་རེ་གདགས་སོ། །བཞི་པ་བསྟོད་པ། ཧཱུཾ། ཆོས་དབྱིངས་དག་པ་སངས་རྒྱས་ཡུལ་ནས་བཞེངས། །ཉོན་མོངས་གནས་ནས་སེམས་ཅན་དོན་ཀུན་མཛད། །ཐུགས་རྗེས་བྱང་ཆུབ་གནས་སུ་འགོད་མཛད་པ། །བཅོམ་ལྡན་དཔལ་ཆེན་བུདྡྷ་ཧེ་རུ་ཀ །ཀྲོ་དྷི་ཤྭ་རཱི་ར་བཅས་ལ་ཕྱག་འཚལ་བསྟོད། །ཕུན་སུམ་ཚོགས་འཛིན་ཡོན་ཏན་མཆོག་གི་སྐུ། །ལྷ་མང་ཚོགས་ཀྱིས་ཀུན་ནས་རྣམ་བསྟོད་ཅིང་། །རྔམ་པའི་ཞལ་དུ་དུག་གསུམ་འདྲེན་མཛད་པའི། །བཅོམ་ལྡན་དཔལ་ཆེན་རཏྣ་ཧེ་རུ་ཀ །ཀྲོ་དྷི་ཤྭ་རཱིར་བཅས་ལ༴ གསུང་མཆོག་ཆོས་ཀྱི་སྐུ་ནི་ཀུན་ཁྱབ་ཅིང་། །ས་དང་བར་སྣང་ཁམས་ལ་གནས་པ་དག །བྱང་ཆུབ་སེམས་ལ་རབ་ཏུ་འགོད་མཛད་པ། །བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀ །ཀྲོ་དྷི་ཤྭ་རཱིར་བཅས་ལ༴ ནན་ཏན་དྲག་ཤུལ་སྤྱོད་པའི་ཚུལ་འཛིན་ཅིང་། །ཐབས་མཁས་ཐུགས་རྗེ་ཆེན་པོའི་དྲག་ཤུལ་གྱིས། །རྒྱུད་དྲུག་སེམས་ཅན་མ་ལུས་ཀུན་སྒྲོལ་བ། །བཅོམ་ལྡན་དཔལ་ཆེན་ཀརྨ་ཧེ་རུ་ཀ། །ཀྲོ་དྷི་ཤྭ་རཱིར་བཅས་ལ༴ ལྔ་པ་སྨོན་ལམ་ནི། ཧོཿ བཅོམ་ལྡན་འདས་རིགས་བཞིའི་ཧེ་རུ་ཀ་ཡབ་ཡུམ་ལ་དངོས་གྲུབ་ཏུ་གསོལ་བ་ནི། བདག་རྣལ་འབྱོར་པ་དཀྱིལ་འཁོར་ཆེན་པོ་འདིར་ཚོགས་པ་རྣམས་ལ་ཤེས་བྱ་ལ་ཐོགས་པ་མེད་པའི་ཤེས་རབ། མི་བརྗེད་པའི་གཟུངས། མངོན་ཤེས་དྲུག །ཏིང་ངེ་འཛིན། རྡོ་རྗེ་ལྟ་བུའི་ལུས། གཡུང་དྲུང་ལྟ་བུའི་ཚེ། སྣང་བ་དང་། མི་སྣང་བ་དང་། རྡོ་རྗེའི་སྤྱན། དཔལ་དང་འབྱོར་བ། འཁོར་དང་ལོངས་སྤྱོད་ལ་སོགས་པ་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་དངོས་གྲུབ་སྩལ་དུ་གསོལ། དྲུག་པ་བསྡུ་བ་ནི། བཛྲ་ཨངྐུ་ཤ་ཛཿ ལན་གསུམ་གྱིས་དང་པོས་འོད་དང་སྤྲུལ་པ། གཉིས་པས་ཡིག་འབྲུ། གསུམ་པས་སྐུ་འོད་དུ་ཞུ་ནས་ཐིམ་པ་སོགས་གོང་བཞིན་ནོ། །དེ་ནས་གསུམ་པ་ལུང་གི་ཧེ་རུ་ཀ་བཞི་ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་ཏེ། ༀ་བཛྲ་རཀྴ་ཤྲཱི་ཧེ་རུ་ཀ་ཧཱུཾ། རཀྴ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ༀ་ས་ནུ་ཤྲཱི་ཧེ་རུ་ཀ་ཧཱུཾ། ས་ནུ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ༀ་རུ་ལུ༴ ༀ་གུ་ཧྱ་ཤྲཱི་ཧེ་རུ་ཀ་ཧཱུཾ། གུ་ཧྱ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ༀ་རུ་ལུ༴ ༀ་ཡཀྴ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཡཀྴ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ༀ་རུ་ལུ༴ མར་མེ་གསུམ་པ་ལས་དཔལ་འབར་གསུམ་པའི་མར་མེ་སྦར་བས་རྩེར་བྱོན། གཉིས་པ་མཆོད་པ། བདུད་རྩི་གཏོར་མར་རཀྟ་རྣམས་སྔགས་མཐར་གོང་བཞིན་དབུལ། བསྐུལ་བ། ༀ། ལུང་གི་ཧེ་རུ་ཀ་ཡི་ཐུགས། །ཟུར་བརྒྱད་དཀྱིལ་ནས་འབྲུ༴ སྙིང་པོ་རུ་ལུ་འབྲུ༴ གུ་ཧྱ་ཛྙཱ་ནའི་འོད༴ ཕར་འཕྲོས་དཔལ་ཆེན་ཐུགས༴ ཚུར་འདུས་བདག་ལ་དངོས༴ གསུམ་པ་འཛབ་ནི། གོང་གི་སྙིང་པོ་བཟླས་སོ། །བཞི་པ་བསྟོད་པ། ཧཱུཾ། སྦྱོར་བ་དམ་ཚིག་གསང་བ་སྒྲོལ་བའི་དབྱིངས། །ལོག་ལྟ་མྱོང་བྱེད་སྐྱེ་གནས་རེག་བྱ་འཇོམས། །ག་ན་ཉམས་པ་ཏ་ན་མཚན་མ་སྒྲོལ། །ལུང་གི་ཁྲོ་རྒྱལ་ཚོགས་ལ་ཕྱག་འཚལ་བསྟོད། །ལྔ་པ་སྨོན་ལམ་ནི། ཧོཿ བཅོམ་ལྡན་འདས་ལུང་གི་ཧེ་རུ་ཀ་ཡབ་ཡུམ་ཚོགས་ལ་དངོས་གྲུབ་ཏུ་གསོལ་བ་ནི། བདག་ཅག་རྣལ་འབྱོར་པ་དཀྱིལ་འཁོར་ཆེན་པོ་འདིར་ཚོགས་པ་རྣམས་ལ། ཤེས་བྱ་ལ་ཐོགས་པ་མེད་པའི་ཤེས་རབ་སོགས་འགྲེ། དྲུག་པ་ཨངྐུ་ཤ་ལན་གསུམ་གྱིས་བསྡུ་བ་ཡང་གོང་བཞིན་ནོ། །བཞི་པ་ལ་ཁྲོ་མོ་བརྒྱད་ལྕགས་ཀྱུའི་ཕྱག་རྒྱ་བཅས་ཏེ། བཛྲ་ག་རཱི་ཧ། བཛྲ་ཙ་རཱི་ཧ། བཛྲ་པྲ་མོ་ཧཱེ་ཧ། བཛྲ་བེཏྟ་ལཱི་ཧ། བཛྲ་པུཀྐ་སཱི་ཧ། བཛྲ་གྷསྨ་རཱི་ཧ། བཛྲ་སྨེ་ཤ་ནཱི་ཧ། བཛྲ་ཙཎྜ་ལཱི་ཧ། ཞེས་ག་རཱི་བརྒྱད་ཀྱི་སྔགས་དང་། བཛྲ་ཨཱངྐུ་ཤ་ཛཿ རུ་ལུ༴ མར་མེ་བཞི་པ་ལས་གསལ་ཤིང་གི་མེ་བཞི་པ་སྦར་ཞིང་སྤྱན་དྲངས། བདུད་རྩི་གཏོར་མ་རཀྟ་རང་སྔགས་ཀྱི་མཐར་བཏགས་ལ་དབུལ། ག་རཱི་བརྒྱད་ཀྱི་ཐུགས་ཀ་ནས། །ཟུར་བརྒྱད་དཀྱིལ་ནས་འབྲུ༴ སྙིང་པོ་རུ་ལུ་འབྲུ༴ གུ་ཧྱ་ཛྙཱ་ནའི་འོད༴ ཕར་འཕྲོས་དཔལ་ཆེན་ཐུགས༴ ཚུར་འདུས་བདག་ལ་དངོས༴ བཛྲ་ག་རཱི་ཧ་སོགས་བཟླས། བསྟོད་པ། ག་རཱི་ལ་སོགས་ཁྲོ་མོ་བརྒྱད་རྣམས་ནི། །གདུག་པ་ཐབས་ཀྱིས་འདུལ་བའི་དྲག་ཤུལ་ཅན། །སྐུ་མདོག་ཕྱག་རྒྱ་སྣ་ཚོགས་ཅིར་ཡང་སྟོན། །ཡེ་ཤེས་ཁྲོ་མོ་བརྒྱད་ལ་ཕྱག་འཚལ་བསྟོད། །ཁྲོ་མོ་བརྒྱད་ལ་དངོས་གྲུབ་ཏུ་གསོལ་བ་ནི། བདག་ཅག་རྣལ་འབྱོར་སོགས་གོང་བཞིན་འགྲེ། ཨངྐུ་ཤས་བསྡུ་བ་ཡང་གོང་བཞིན་ནོ། །ལྔ་པ་ལ་ཕྲ་མེན་བརྒྱད་དང་སྒོ་མ་བཞི་སྤྱན་དྲངས་པ་ནི། བཛྲ་སིདྷ་མུ་ཁ་ཧེ། བཛྲ་བྱཱ་གྷྲི་མུ་ཁ་ཧེ། བཛྲ་སིངྒ་ལ་མུ་ཁ་ཧེ། བཛྲ་ཤྭ་ན་མུ་ཁ་ཧེ། བཛྲ་གྲྀ་ཌྷ་མུ་ཁ་ཧེ། བཛྲ་ཀངྐ་མུ་ཁ་ཧེ། བཛྲ་ཀཱ་ཀ་མུ་ཁ་ཧེ། བཛྲ་ཨུ་ལུ་ཀ་མུ་ཁ་ཧེ། བཛྲ་ཨཱརྱ་ཏེ་ཛ་ཏེ་ང་ཛཿ བཛྲ་ཨ་མུ་ཁཱ་ཧཱུཾ། བཛྲ་ལོ་ཀ་བཾ། བཛྲ་བྷསྨི་པ་ལ་ཡ་བ་ཏོ་ཧོཿ ཞེས་སོ་སོའི་སྔགས་དང་ལྕགས་ཀྱུའི་ཕྱག་རྒྱ་བཅས་བཛྲ་ཨཾངྐུ་ཤ་ཛཿས་སྤྱན་དྲངས་ཏེ། མར་མེ་ལྔ་པ་ལས་གསལ་ཤིང་ལྔ་པ་སྤར། རུ་ལུ༴ བཛྲ་སིདྷ་མུ་ཁ་ཧེ། སོགས་རང་སྔགས་མཐར་སྨན་གཏོར་རཀྟའི་མཆོད་པ་གསུམ་དབུལ། སིདྷ་ཕྲ་མེན་བརྒྱད་རྣམས་དང་། སྒོ་མ་བཞི་ཡི་ཐུགས༴ ཟུར་བརྒྱད་དཀྱིལ་ནས་འབྲུ༴ སྙིང་པོ་རུ་ལུ་འབྲུ༴ གུ་ཧྱ་ཛྙཱ་ནའི་འོད༴ ཕར་འཕྲོས་དཔལ་ཆེན་ཐུགས༴ ཚུར་འདུས་བདག་ལ་དངོས༴ རང་སྔགས་དང་རུ་ལུ་གུ་ཧྱ་བཟླས། བསྟོད་པ། ཧཱུཾ། སིངྷ་ཕྲ་མེན་ཆེན་མོ་བརྒྱད་རྣམས་ནི། ཡེ་ཤེས་ལས་ལ་འགྱེད་པའི་ཕྲ་མེན་མ། །རྣམ་སྤྲུལ་ལས་ཀྱི་འགྲོ་བའི་དོན་མཛད་པ། །སིདྷ་ཕྲ་མེན་བརྒྱད་ལ་ཕྱག་འཚལ་བསྟོད། རྟ་གདོང་ལ་སོགས་སྒོ་མ་བཞི་རྣམས་ནི། །ཚད་མེད་བཞི་ཡིས་འགྲོ་བའི་དོན་མཛད་པ། །ཤར་ལྷོར་ནུབ་བྱང་སྒོ་བཞི་ཐུབ་པར་བསྲུང། །སྒོ་སྐྱོང་ཁྲོ་མོ་བཞི་ལ་ཕྱག༴ སྨོན་ལམ་ནི། ཕྲ་མེན་བརྒྱད་དང་སྒོ་མ་བཞི་ལ་དངོས་གྲུབ་ཏུ་གསོལ་བ་ནི། བདག་ཅག་རྣལ་འབྱོར་སོགས་སྔ་མ་བཞིན་ནོ། །ཨངྐུ་ཤས་བསྡུ་བ་ཡང་གོང་བཞིན་ནོ། །དྲུག་པ་སྤོར་མ་བརྒྱད་དང་གསང་ཡུམ་བཞི་ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་ཏེ། ༀ་བཛྲ་ཨ་པྲ་ཏི་ཧ་ཨཱརྱ་ནི་ཙ་ཏུ་ར་ཏ་ར་ཕཊ། ཨ་རགྨོ་ཧཱུཾ། ༀ་ཤྲཱི་བཛྲ་མུདྒ་ར་མུ་ཁ་ཤྭ་ར་ཡཱ་ན་མ༔ ༀ་ཤྲཱི་བཛྲ་རཱ་ག་མ་ཤྭ་ར་ཡ་ཡཱ་ན་མཿ ༀ་ཤྲཱི་བཛྲ་ཁ་ཊྭཱཾ་ག་པྲ་ཛྭ་ལ་ཡ་ཡཱ་ན་མཿ ༀ་ཤྲཱི་བཛྲ་གྷཎྜི་པྲ་ཛྭ་ལ་ཡ་ཡཱ་ན་མཿ ༀ་བཛྲ་ཨངྐུ་ཤ་ཛཿས་སྤྱན་དྲངས། མར་མེ་དྲུག་པ་ལས་གསལ་ཤིང་དྲུག་པ་སྤར། རང་སྔགས་ཀྱི་མཐར་སྨན་གཏོར་རཀྟའི་སྔགས་བཏགས་ཏེ་མཆོད་པ་གསུམ་དབུལ། བསྐུལ་བ། ༀ། སྤོར་བྱེད་ཆེན་མོ་བརྒྱད་རྣམས་དང་། གསང་ཡུམ་བཞི་ཡི་ཐུགས་ཀ་ནས། །ཟུར་བརྒྱད་དཀྱིལ་ནས་འབྲུ༴ སྙིང་པོ་རུ་ལུ་འབྲུ༴ གུ་ཧྱུ་ཛྙཱ་ནའི་འོད༴ ཕར་འཕྲོས་དཔལ་ཆེན་ཐུགས༴ ཚུར་འདུས་བདག་ལ་དངོས༴ ཨ་རགྨོ་ཧཱུཾ་རེ་དང་། རུ་ལུ། གུ་ཧྱ་སྤེལ་མ་བཟླས། བསྟོད་པ་ནི། ཧཱུཾ། ཆོས་དབྱིངས་རྣམ་དག་ངང་ལས་རང་སྣང་བའི། །སྣ་ཚོགས་ཅིར་ཡང་འགྱུར་བའི་སྐུ་མངའ་ཞིང་། །སྲིད་གསུམ་ཞིང་དུ་སྦྱོར་བའི་གཡང་གཞི་གསོལ། །སྤོར་བྱེད་ཆེན་མོ་བརྒྱད་ལ་ཕྱག་འཚལ་བསྟོད། །བར་ཁྱམས་དེ་ཡི་ཤར་ལྷོ་ནུབ་བྱང་སྒོར། །དགྱེས་པ་བསྐྱེད་པ་གསང་བའི་ཡུམ་ཆེན་བཞི། །གཉིས་མེད་རོལ་པས་བྱིན་རླབས་སྣ་ཚོགས་འཕྲོ། །ཤེས་རབ་ཡུམ་ཆེན་བཞི་ལ་ཕྱག༴ སྨོན་ལམ་ནི༴ ཧོཿ སྤོར་མ་ཆེན་མོ་བརྒྱད་དང་གསང་བའི་ཡུམ་ཆེན་བཞི་ལ་དངོས་གྲུབ་ཏུ་གསོལ་བ་ནི་སོགས་འགྲེ། ཨངྐུ་ཤས་བསྡུ་བ་གོང་བཞིན་ནོ། །བདུན་པ་ལ། དབང་ཕྱུག་མ་ཉེར་བརྒྱད་ལྕགས་ཀྱུའི་ཕྱག་རྒྱ་དང། མ་ནུ་རཀྴ་སཱི་བྷྱོ། བྲ་ཧྨ་ནི་བྷྱོ། ར་ཏྲི་མ་བྷྱོ། བེཥྞ་བེ་བྷྱོ། ཀུ་མཱ་རཱི་བྷྱོ། ཨིནྡྲ་ཡ་བྷྱོ། བཛྲ་པིངྒ་ལཾ་བྷྱོ། ཨ་མྲྀ་ཏ་བྷྱོ། ས་མྱ་བྷྱོ། དྷ་ན་དཾ་བྷྱོ། རཀྴ་སཱི་བྷྱོ། བཀྵ་སཱི་བྷྱོ། བཛྲ་ར་ཏི་ཏཾ་བྷྱོ། བཛྲ་རུ་དྷི་ར་མཏྟཱ་བྷྱོ། བཛྲ་ཨེ་ཀ་ཙ་ར་མ་བྷྱོ། མ་ནོ་ཧ་རཾ་བྷྱོ། བཛྲ་སིདྡྷ་ཀཾ་བྷྱོ། བཛྲ་བ་ཡ་བེ་བྷྱོ། བཛྲ་མ་ཧཱ་མཱ་ར་ན་བྷྱོ། བཛྲ་ཨགྣ་ཡེ་བྷྱོ། བཛྲ་བཱ་ར་ཧི་བྷྱོ། བཛྲ་ཙ་མུཎྜི་བྷྱོ། བཛྲ་སུ་ཏ་ནཾ་བྷྱོ། བཛྲ་ཝ་རུ་ཎི་བྷྱོ། མ་ཧཱ་ཀཱ་ལི་བྷྱོ། བཛྲ་ཙ་ཀ་ལི་བྷྱོ། བཛྲ་བུཾ་པ་ཀཱ་ལ་མ་བྷྱོ། བཛྲ་ལཾ་བོ་དྷ་ར་བྷྱོ། རུ་ལུ་རུ་ལུ༴ བཛྲ་ཨངྐུ་ཤ་ཛཿས་སྤྱན་དྲངས་ཤིང་། མར་མེ་བདུན་པ་ལས་དཔལ་འབར་བདུན་པ་སྤར། རང་སྔགས་མཐར་སྨན་གཏོར་རཀྟའི་མཆོད་པ་གསུམ་དབུལ། བསྐུལ་བ། ༀ། དབང་ཕྱུག་ཉི་ཤུ་བརྒྱད་ཀྱི་ཐུགས་ཀ་ནས། །ཟུར་བརྒྱད་དཀྱིལ་ནས་འབྲུ༴ སྙིང་པོ་རུ་ལུ་འབྲུ༴ གུ་ཧྱ་ཛྙཱ་ནའི་འོད༴ ཕར་འཕྲོས་དཔལ་ཆེན་ཐུགས༴ ཚུར་འདུས་བདག་ལ་དངོས༴ རྩ་སྔགས་ཉེར་བརྒྱད་དང་རུ་ལུ་སྤེལ་ཏེ་བཟླས་སོ། །བསྟོད་པ། ཧ྄ཱུཾ། མིང་སྲིང་ལ་སོགས་དབང་ཕྱུང་ཉི་ཤུ་བརྒྱད། །དྲེགས་པ་ལྷ་ཆེན་རྣམས་ཀྱི་ཆུང་མ་སྟེ། །དབང་དྲག་ལས་ལ་ཐོགས་པ་མེད་པར་སྤྱོད། །ཉི་ཤུ་རྩ་བརྒྱད་ཚོགས་ལ་ཕྱག་འཚལ་བསྟོད། །སྨོན་ལམ་ནི། དབང་ཕྱུག་ཉེར་བརྒྱད་ལ་དངོས་གྲུབ་ཏུ་གསོལ་བ་སོགས་དང་། ཨངྐུ་ཤས་བསྡུ་བ་གོང་བཞིན་ནོ། །བརྒྱད་པ་ལ་མཁའ་འགྲོ་སོ་གཉིས་ལྕགས་ཀྱུའི་ཕྱག་རྒྱ་དང་། ཨེ་ཨ་ར་ལི་ཧཱུཾ། བཛྲ་ཨངྐུ་ཤ་ཛཿས་མར་མེ་བརྒྱད་པ་ལས་གསལ་ཤིང་བརྒྱད་པའི་མེ་སྤར། རང་སྔགས་མཐར་སྨན་གཏོར་རཀྟའི་མཆོད་པ་གསུམ་དབུལ། བསྐུལ་པ། ༀ། མཁའ་འགྲོ་སོ་གཉིས་ཐུགས་ཀ་ནས། །སྙིང་པོ་རུ་ལུ་འབྲུ༴ གུ་ཧྱ་ཛྙཱ་ནའི་འོད་ཟེར་འཕྲོས། ཕར་འཕྲོས་དཔལ་ཆེན་ཐུགས༴ ཚུར་འདུས་བདག་ལ་དངོས༴ ཨེ་ཨ་ར་ལི་ཧཱུཾ། རུ་ལུ་རྣམས་སྤེལ་ལོ། །བསྟོད་པ། ཧཱུཾ། ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་རྒུར་སྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །མ་སྲིང་བྱམས་པའི་ཚུལ་གྱིས་གྲོགས་མཛད་པ། །མཁའ་འགྲོ་སུམ་ཅུ་གཉིས་ལ་ཕྱག་འཚལ་བསྟོད། །སྨོན་ལམ་ནི། མཁའ་འགྲོ་སུམ་ཅུ་རྩ་གཉིས་ལ་དངོས་གྲུབ་ཏུ་གསོལ་བ་ནི་སོགས་འགྲེ། ཨངྐུ་ཤས་བསྡུ་བ་གོང་བཞིན་ནོ། །དགུ་པ་ལ་མ་བདུན་སྲིང་མོ་བཞི་ལྕགས་ཀྱུའི་ཕྱག་རྒྱ་དང་། མ་མ་དྷཱ་ཏུ་ཧཱུཾ་བདུན་དང་། བཛྲ་དུནྡིཾ་བྷྱོ་བཞི། རུ་ལུ༴ བཛྲ་ཨངྐུ་ཤ་ཛཿས་མར་མེ་དགུ་པ་ལས་དཔལ་འབར་དགུ་པ་ལ་མེ་སྤར་ཞིང་སྤྱན་དྲངས། རང་སྔགས་མཐར་སྨན་གཏོར་རཀྟའི་མཆོད་པ་གསུམ་དབུལ། བསྐུལ་བ། ༀ། མ་བདུན་སྲིང་བཞིའི་ཐུགས་ཀ་ནས། །ཟུར་བརྒྱད་དཀྱིལ་ནས་འབྲུ༴ སྙིང་པོ་རུ་ལུ་འབྲུ༴ གུ་ཧྱ་ཛྙཱ་ནའི་འོད༴ ཕར་འཕྲོས་དཔལ་ཆེན་ཐུགས༴ ཚུར་འདུས་བདག་ལ་དངོས༴ མ་མ་དྷཱ་ཏུ་ཧཱུཾ། བཛྲ་དུནྡིཾ་བྷྱོ། རུ་ལུ་སྤེལ། བསྟོད་པ་ནི། ཧཱུཾ། འཇིག་རྟེན་དྲེགས་པ་འདུལ་བ་མ་མོའི་ཚོགས། །ཕྱི་འཁོར་བསྲུང་ཞིང་ནང་འཁོར་སྐྱོང་བར་མཛད། །དུར་ཁྲོད་མ་བདུན་ལས་ཀྱི་སྲིང་མོ་བཞི། །བགེགས་སྲུང་མ་མོ་རྣམས་ལ་ཕྱག་འཚལ་བསྟོད། །ལྔ་པ་སྨོན་ལམ་ནི། མ་བདུན་སྲིང་མོ་བཞི་ལ་དངོས་གྲུབ་ཏུ་གསོལ་བ་སོགས་འགྲེ། ཨངྐུ་ཤས་བསྡུ་བ་ཡང་གོང་བཞིན་ནོ། །བཅུ་པ་ལ་གིང་བཅོ་བརྒྱད་ལྕགས་ཀྱུའི་ཕྱག་རྒྱ་དང་། གིངྐ་ར་ཧ་ཧ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། རུ་ལུ༴ བཛྲ་ཨངྐུ་ཤ་ཛཿས་མར་མེ་བཅུ་པ་ལས་གསལ་ཤིང་བཅུ་པ་ལ་མེ་སྤར་ཞིང་། རང་སྔགས་མཐར་སྨན་གཏོར་རཀྟའི་མཆོད་པ་གསུམ་དབུལ། བསྐུལ་བ། ༀ། གིང་ཆེན་གིང་ལྕམ་ཐུགས་ཀ་ནས། །ཟུར་བརྒྱད་དཀྱིལ་ནས་འབྲུ༴ སྙིང་པོ་རུ་ལུ་འབྲུ༴ གུ་ཧྱ་ཛྙཱ་ནའི་འོད༴ ཕར་འཕྲོས་དཔལ་ཆེན་ཐུགས༴ ཚུར་འདུས་བདག་ལ་དངོས༴ གིངྐ་ར་དང་རུ་ལུ་སྤེལ། བསྟོད་པ། ཧཱུཾ། ཁམས་གསུམ་སྒྲོལ་བའི་གིང་ཆེན་བཅོ་བརྒྱད་ནི། །སྲིད་གསུམ་ལས་ལ་ཐོགས་མེད་སྒྲོལ་ལ་བརྩོན། །བསྒྲལ་བའི་ཞིང་བཅུ་གཏན་ནས་བརླག་པར་བྱེད། །གིང་ཆེན་གིང་ལྕམ་ཚོགས་ལ་ཕྱག་འཚལ་བསྟོད། །སྨོན་ལམ། གིང་ཆེན་བཅོ་བརྒྱད་ལ་དངོས་གྲུབ་ཏུ་གསོལ་བ་ནི་སོགས་འགྲེ། ཨངྐུ་ཤས་བསྡུ་བ་གོང་བཞིན་ནོ། །བཅུ་གཅིག་པ་ལ་སྟེང་གི་ཁྲོ་བོ་ཁྲོ་མོ་དྲུག་ཅུ་ལྕགས་ཀྱུའི་ཕྱག་རྒྱ་དང་། ཀྲོ་དྷ་ཀྲོ་དྷི་ཧཱུཾ། རུ་ལུཿ བཛྲ་ཨུངྐུ་ཤ་ཛཿས་མར་མེ་བཅུ་གཅིག་པ་ལས་དཔལ་འབར་བཅུ་གཅིག་པ་ལ་མེ་སྤར་ཞིང་། སྨན་གཏོར་རཀྟའི་མཆོད་པ་གསུམ་དབུལ། བསྐུལ་བ། ༀ། ཁྲོ་བོ་ཁྲོ་མོ་དྲུག་ཅུ་ཐུགས་ཀ་ནས། །སྙིང་པོ་རུ་ལུ་འབྲུ༴ གུ་ཧྱ་ཛྙཱ་ནའི་འོད༴ ཕར་འཕྲོས་དཔལ་ཆེན་ཐུགས༴ ཚུར་འདུས་བདག་ལ་དངོས༴ ཀྲོ་དྷ་ཀྲོ་དྷི་ཧཱུཾ། རུ་ལུ༴ གུ་ཧྱ་སྤེལ་ལོ། །བསྟོད་པ། བཅོམ་ལྡན་ཧཱུཾ་མཛད་ས་གསུམ་བརྗིད་ཀྱིས་གནོན། །ཁམས་གསུམ་འདུལ་མཛད་ཡེ་ཤེས་ལྷ་ཡི་ལྷ། །འཇིགས་བྱེད་འབར་བས་གདུག་པའི་ཚོགས་རྣམས་འཇོམས། །ཁྲོ་བོ་ཁྲོ་མོ་རྣམས་ལ་ཕྱག་འཚལ་བསྟོད། །སྨོན་ལམ་ནི། ཁྲོ་བོ་ཁྲོ་མོ་དྲུག་ཅུ་ལ་དངོས་གྲུབ་ཏུ་གསོལ་བ་སོགས་འགྲེ། ཨངྐུ་ཤས་བསྡུ་བ་གོང་བཞིན་ནོ། །བཅུ་གཉིས་པ་ལ་ཕྱོགས་བཞིའི་ཕོ་ཉ་ཉིས་བརྒྱ་བཞི་བཅུ་ལྕགས་ཀྱུའི་ཕྱག་རྒྱ་དང་། བྷ་ན་བྷ་ན་ཨངྐུ་ཤ་ཛཿ ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། གརྫ་གརྡ་སྥོ་ཊ་བཾ། པ་ཙ་པ་ཙ་གྷཎྜེ་ཧོཿ ཨངྐུ་ཤ་ཛཿས་སྤྱན་དྲངས་ཤིང་མར་མེ་བཅུ་གཉིས་པ་ལས་གསལ་ཤིང་བཅུ་གཉིས་པའི་མེ་སྤར་ཞིང་། རང་སྔགས་ཀྱི་མཐར་སྨན་གཏོར་རཀྟའི་མཆོད་པ་དབུལ། བསྐུལ་བ། ༀ། ཕོ་ཉ་ཉིས་བརྒྱ་བཞི་བཅུའི་ཐུགས་ཀ་ནས། །ཟུར་བརྒྱད་དཀྱིལ་འཁོར་ནས་འབྲུ༴ སྙིང་པོ་རུ་ལུ་འབྲུ༴ གུ་ཧྱ་ཛྙཱ་ནའི་འོད༴ ཕར་འཕྲོས་དཔའ་ཆེན་ཐུགས་ཚུར་འདུས་བདག་ལ་དངོས༴ སྔགས་དེ་དག་དང་ལུ་རུ། གུ་ཧྱ་སྤེལ་ལོ། །བསྟོད་པ། ཧཱུཾ། ཡེ་ཤེས་ཐུགས་རྗེས་ཕྱོགས་བཅུར་ཁྱབ་པ་ཡི། །གདོན་བགེགས་འདུལ་བའི་ལས་ལ་ཐོགས་པ་མེད། །ཅི་བགྱིའི་བཀའ་ཉན་ལས་རྣམས་མྱུར་མཛད་པའི། །ཕྱོགས་བཞི་ཕོ་ཉའི་ཚོགས་ལ་ཕྱག་འཚལ་བསྟོད། །སྨོན་ལམ་ནི། ཕྱོགས་བཞིའི་ཕོ་ཉ་ཉིས་བརྒྱ་བཞི་བཅུའི་ཚོགས་ལ་དངོས་གྲུབ་ཏུ་གསོལ་བ་སོགས་འགྲེ། ཨངྐུ་ཤས་བསྡུ་བ་གོང་བཞིན་ནོ། །བཅུ་གསུམ་པ་འོག་གི་མ་མོ་དྲུག་ཅུ་ལྕགས་ཀྱུའི་ཕྱག་རྒྱ་དང་། མ་མ་ཤྭ་ར་ཧཱུཾ། བཛྲ་ཨངྐུ་ཤ་ཛཿས་སྤྱན་དྲངས་ཤིང་མར་མེ་བཅུ་གསུམ་པ་ལས་གསལ་ཤིང་བཅུ་གསུམ་པའི་མེ་སྤར་ཞིང་། རང་སྔགས་ཀྱི་མཐར་སྨན་གཏོར་རཀྟའི་མཆོད་པ་གསུམ་དབུལ། བསྐུལ་བ། ༀ། མ་མོ་དྲུག་ཅུའི་ཐུགས་ཀ་ནས། །ཟུར་བརྒྱད་དཀྱིལ་ནས་འབྲུ༴ སྙིང་པོ་རུ་ལུ་འབྲུ༴ གུ་ཧྱ་ཛྙཱ་ནའི་འོད༴ ཕར་འཕྲོས་དཔལ་ཆེན་ཐུགས༴ ཚུར་འདུས་བདག་ལ་དངོས་གྲུབ༴ མ་མ་ཤྭ་ར་ཧཱུཾ། རུ་ལུ་རུ་ལུ༴ གུ་ཧྱ་སྤེལ་ལོ། །བསྟོད་པ། ཧཱུཾ། སྟོང་ཁམས་ཡོངས་སུ་ལས་ལ་དབང་བ་ཡི། །མ་ཆེན་རྒྱལ་མོ་སྲིད་པ་གསུམ་གྱི་བདག །ཡུམ་ཆེན་ལས་ལ་དབང་བའི་མ་མོ་ཆེ། །མ་མོ་དྲུག་ཅུའི་ཚོགས་ལ་ཕྱག་འཚལ་བསྟོད། །སྨོན་ལམ་ནི། འོག་ཕྱོགས་ཀྱི་མ་མོ་དྲུག་ཅུ་ལ་དངོས་གྲུབ་ཏུ་གསོལ་བ་སོགས་འགྲེ། ཨངྐུ་ཤས་བསྡུ་བ་གོང་བཞིན་ནོ། །དེ་ནས་རིམ་པ་བཅུ་བཞི་པ་ལ་ཁྲོ་བོ་ཁྲོ་མོ་ཁྲ་ཐབས་དང་རིག་འཛིན་རྩལ་འཆང་ཐམས་ཅད་ལྕགས་ཀྱུའི་ཕྱག་རྒྱ་དང་། ༀ་མ་ཧཱ་གུ་རུ་ཤཱ་རི་རཾ་གཱི་ལི་ཧཱུཾ། བཛྲ་ཡོ་གི་གུ་རུ་ས་ཡ་ཛཿ ཞེས་མར་མེ་བཅུ་བཞི་པ་ལས་གསལ་ཤིང་བཅུ་བཞི་པའི་མེ་སྤར་རོ། །འོད་དང་བཅས་ཏེ་གསལ་ཤིང་གི་རྩེ་ལ་བྱོན་པར་བསམ། གཉིས་པ་མཆོད་པ་ནི། རང་སྔགས་མཐར་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་བ་ལིནྟ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། བདུད་རྩི་གཏོར་མ་རཀྟ་དབུལ། བསྐུལ་བ། ༀ། མན་ངག་མདོ་ལུང་རྒྱུད་དང་བཅས་པ་ཡི། །རིག་འཛིན་བླ་མ་རྣམས་ཀྱི་ཐུགས་ཀ་ནས། །ཟུར་བརྒྱད་དཀྱིལ་ནས་འབྲུ༴ སྙིང་པོ་རུ་ལུ་འབྲུ༴ གུ་ཧྱ་ཛྙཱ་ནའི་འོད༴ ཕར་འཕྲོས་པས་ནི་མཆོད་པ་ཕུལ། །ཚུར་འདུས་བདག་ལ་དངོས༴ ༀ་མ་ཧཱ་གུ་རུ་ཤཱ་རི་རཾ་གཱི་ལི་ཧཱུཾ། བཛྲ་ཡོ་གི་གུ་རུ་ས་མ་ཡ་ཛཿ ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ༀ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཀ་ཧཱུཾ། ཞེས་བཟླས་སོ། །ལྔ་པ་བསྟོད་པ་ནི། ཧཱུཾ། རིག་འཛིན་བླ་མ་བྱིན་རླབས་ལྡན་པའི་ཚོགས། །ལྷུན་གྲུབ་ཕྱག་ཆེན་ཚེ་དབང་རྣམ་སྨིན་གྱི། །རྒྱ་བོད་རིག་འཛིན་གྲུབ་ཐོབ་ཚོགས་ལ་བསྟོད། །བསྐྱེད་རྫོགས་གསུམ་གྱི་དངོས་གྲུབ་འདིར་སྩོལ་ཅིག །ལྔ་པ་སྨོན་ལམ་ནི། རིག་འཛིན་རྩལ་འཆང་གི་བླ་མ་རྣམས་ལ་དངོས་གྲུབ་ཏུ་གསོལ་བ་སོགས་གོང་བཞིན་འགྲེ། དྲུག་པ་བསྡུ་བ་ནི། བཛྲ་ཨངྐུ་ཤ་ཛཿལན་གསུམ་གྱི་དང་པོར་འོད་དང་སྤྲུལ་པ། གཉིས་པས་ཡིག་འབྲུ། གསུམ་པས་སྐུ་འོད་དུ་ཞུ་ནས་བདག་ལ་ཐིམ། བདག་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གཟི་བརྗིད་དང་ལྡན་པར་བསམ་མོ། །དེ་ནས་འབྲང་རྒྱས་དྲངས་ཏེ། སློབ་མ་རྣམས་ཕྱིར་ཁྲུས་བྱ། གསུངས་ཀྱང་ནང་དུ་ལས་བུམ་གྱི་ཆུས་ཁྲུས་བྱས་པས་འཐུས། ནང་དུ་སླེབ་པ་དང་འབྲང་རྒྱས་རེ། འཇམ་དེས་རེ། ཛ་གད་རེ་དྲངས་ཏེ་རོལ་ལོ། །དེ་ནས་དངོས་གྲུབ་ཀྱི་རྫས་གཞན་རྣམས་ཀྱང་ཐམས་ཅད་བྲིམས་ཏེ་རོལ་ལོ། །ཞལ་ཟས་ཀྱི་དབང་བསྐུར་བ་ནི། ཧྲཱིཿ ཟླ་གམ་ཞལ་གྱི་དཀྱིལ་འཁོར་དུ། །རང་རིག་ཡེ་ཤེས་མངོན་སྣང་བའི། །འདོད་ཡོན་གསང་བའི་ལོངས་སྤྱོད་རྒྱན། །ཡོངས་སུ་རྫོགས་པའི་དངོས་གྲུབ་སྩོལ། །ཧོཿ བདག་ཅག་དཔོན་སློབ་མཆེད་དང་ལྕམ་དྲལ་རྣམས་ཀྱིས་རྡོ་རྗེ་ཚེ་གསོལ་བས་ཚེ་དབང་ཕུན་སུམ་ཚོགས་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །མ་ཧཱ་མཱཾ་ས་གསོལ་བས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཐོབ་པར་གྱུར་ཅིག །ཛ་གད་དཔའ་བོ་གསོལ་བས་འགྲོ་བ་མང་པོ་དབང་དུ་འདུས་པར་གྱུར་ཅིག །ཟླ་རྒྱས་གསོལ་བས་ཚོགས་གཉིས་ཡོངས་སུ་རྫོགས་པར་གྱུར་ཅིག །གལ་ཕྱི་གསོལ་བས་བསམ་པ་ཐམས་ཅད་ལྷུན་གྱིས་གྲུབ་པར་གྱུར་ཅིག །ཟླ་ཕྲོམ་གསོལ་བས་ཆོས་ཉིད་ཞི་བའི་ཏིང་ངེ་འཛིན་དང་ལྡན་པར་གྱུར་ཅིག །འཇམ་དེས་གསོལ་བས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །ཞལ་ཟས་ཁ་བ་དང་མངར་བ་དང་སྐྱུར་བ་དང་རོ་རྣམ་པ་སྣ་ཚོགས་གསོལ་བས་ཞི་ཁྲོ་སྤྲུལ་པའི་ཚོགས་ལ་མངའ་བརྙེས་པར་གྱུར་ཅིག །ཅེས་བརྗོད་པས་དངོས་གྲུབ་ཀྱི་ཞལ་ཟས་རྣམས་ལ་རིམ་པས་རོལ་བར་བྱའོ། །དེའང་དངོས་གྲུབ་ཀྱི་ལྷག་མ་གསུམ་ལ། ཡི་དམ་ལྷའི་སྐལ་བ་བླ་མ། དཀྱིལ་འཁོར་ལྷའི་སྐལ་བ་རྒྱལ་ཐེབས། རིག་འཛིན་རྣམས་ཀྱི་སྐལ་བ་སློབ་མ་ཐམས་ཅད་ལ་དགྱེའོ། །དེ་ནས་དངོས་གྲུབ་བརྟན་པར་བྱ་བའི་ཕྱིར་འདིའི་རྗེས་ཟློས་བྱ་ཞིང་། སེམས་ཅན་དོན་ཕྱིར་ནན་ཏན་མཆོག་བསྐྱེད་དེ། །ཡེ་ཤེས་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང་། །མཆོག་དང་ཐུན་མོང་དངོས་གྲུབ་དམ་པ་རྣམས། །བདག་ལ་སྩལ་ཞིང་བརྟན་པར་བཞུགས་སུ་གསོལ། །ཀཱ་ཡ་ཝཱཀ་ཙིཏྟ་ཏིཥྛ་བཛྲ། ཞེས་བརྗོད་དེ། ཀུན་གྱིས་དམ་རྫས་ལ་མེ་ཏོག་གཏོར་རོ། །ཞེས་གསུངས་པར་གླན་སྟོན་གྱིས། ནས་ལ་རྟེན་འབྲེལ་སྙིང་པོས་རབ་གནས་བྱས་ལ་དབང་རྫས་འཇུག་པའི་སྣོད་དུ་བླུག་པའམ་རང་གི་ཁྱིམ་ཡིན་ན་མཛོད་ཕུགས་སུ་དོར། ཞེས་གསུངས། །
༈ དེ་ནས་མར་མེའི་སྨོན་ལམ་ནི། ཀུན་གྱི་སྲིན་ལག་སྦྲེལ་ཏེ། བླ་མའི་ཕྱག་གཡོན་གྱིས་མར་མེ་བཟུང་ལ། སློབ་མ་རྣམས་ཀྱིས་ཀྱང་མར་མེ་བཟུང་སྟེ། དབྱངས་སྙན་པོས་རྗེས་ཟློས་བྱ་ཞིང་། རྩ་བར། ༀ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །སྙིང་པོ་བྱང་ཆུབ་ལམ་དུ་ཞུགས་པ་ཡི། །འཁོར་བའི་གཡང་ས་ཆེན་པོར་མི་ལྟུང་ཞིང་། །ཆགས་སྡང་གཅོང་རོང་གནས་སུ་མི་སྐྱེ་དང་། །ལོག་ལྟ་དམྱལ་བའི་ཟངས་ཁར་རྦབ་མི་འདྲིལ། །འཁོན་འཛིན་གཅན་གཟན་གདུག་པའི་སྐད་མི་ཐོས། །ཉོན་མོངས་མཚོན་རྩེ་གདུག་པའི་ཟེར་མི་འཕོག །དགེ་བའི་བཤེས་གཉེན་བཀའ་དྲིན་ཆེ་བ་དང་། །སྲོག་གིས་སྦྲེལ་བའི་མཆེད་དང་ལྕམ་དྲལ་དང་། །གསུམ་པའི་དབང་གིས་སྦྲེལ་བའི་རིག་མ་གསུམ། །སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །མི་འབྲལ་རྩེ་གཅིག་འགྲོགས་པའི་ཏིང་འཛིན་གྱིས། །ས་བཅུ་ཁྱད་པར་རིམ་གྱིས་བགྲོད་པར་ཤོག །ནམ་ཞིག་ཚེ་འཕོས་ལུས་བརྗེ་དུས་བྱུང་ན། །འཁོར་བའི་གཡང་སར་ལན་གཅིག་ལྷུང་སྲིད་ཀྱང་། །སྣང་བའི་སྒོ་འབྱེད་ཞུན་མར་མདངས་གསལ་འདིས། །རིག་འཛིན་སྒྲུབ་པ་པོ་ཡི་ཤུལ་མཚོན་ཅིང་། །ཀུན་ཏུ་འོད་ཀྱི་ས་ལ་རྒྱུད་སྦྱངས་ནས། །པདྨ་ཆེན་པོའི་ས་ལ་ལྷུན་གྱིས་གྲུབ། །འཁོར་ལོ་ཚོགས་ཆེན་ས་ལ་གཤེགས་པའི་ཚེ། །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མདུན་བསུས་ཤིག །ཡི་དམ་ལྷ་ཡིས་རྒྱབ་ནས་སྲོག་བརྟེན་ཅིག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཐའ་སྐྱོར་ཅིག །མཆོད་པའི་ལྷ་མོ་རྣམས་ཀྱིས་སྣ་དྲོངས་ཤིག །མ་ཚོགས་དབང་མོ་རྣམས་ཀྱིས་རྗེས་སྐྱོངས་ཤིག །ལྕང་ལོ་ཅན་གྱི་ས་ལ་ཕྱིན་པའི་ཚེ། །མི་ལྡོག་པ་ཡི་ས་ལ་གནས་ནས་ཀྱང་། །རྡོ་རྗེ་ཁྲོ་རྒྱལ་ཁྱེད་ཀྱི་ཞལ་མཐོང་ནས། །རིག་འཛིན་རྣམས་དང་དབྱེར་མེད་གྱུར་ནས་ཀྱང་། །བླ་མེད་སྐུ་གསུང་ཐུགས་སུ་འགྲུབ་པར་ཤོག །དེ་ནས་བླ་མས་ཤར་སྒོ་ནས། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། ཟླ་གམ་ཞལ་གྱི་གཞལ་ཡས་ཁང་བཞེངས། དུར་ཁྲོད་གསང་བའི་དམ་རྫས་རྣམས་བཀྲམ། མར་མེ་ཡེ་ཤེས་ཀྱི་འོད་ཕུང་། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད། རང་བཞིན་ལྷུན་གྲུབ་ཀྱི་ལྷ་ཚོགས་སྤྱན་དྲངས། དངོས་གྲུབ་རྣམ་གསུམ་བླངས་པའི་བྱིན་རླབས་ཀྱིས། བདག་ཅག་དཔོན་སློབ་མཆེད་དང་ལྕམ་དྲལ་རྣམས་ཚེ་འདིར་ཡང་གཡང་བའི་ལོངས་སྤྱོད་ལྡན་ཞིང་། རྡོ་རྗེ་ཚེའི་ཡོན་ཏན་ཕུན་སུམ་ཚོགས་ཤིང་འགྲོ་བ་མ་ལུས་པའི་དོན་བྱེད་པའི་མཐུ་ཕུན་སུམ་ཚོགས་པར་གྱུར་ཅིག །ཚེ་འཕོས་ལུང་བརྗེས་ཀྱང་ཏིང་ངེ་འཛིན་གྱི་རྒྱུན་དང་མ་བྲལ་བར་འདྲེན་པས་ལུང་སྟོན་པར་གྱུར་ཅིག །རིག་འཛིན་གྱི་གོ་འཕང་ཐོབ་སྟེ། ཧེ་རུ་ཀས་སྲོག་བརྟེན། སེམས་དཔའ་བརྒྱད་ཀྱི་རྒྱབ་སྐྱོར། སེམས་མ་བརྒྱད་ཀྱིས་མདུན་བསུས། མ་མོ་མཁའ་འགྲོས་ཕྱི་བསྐྱངས། རིག་པ་འཛིན་པས་གྲོགས་བྱས། རྡོ་རྗེ་འཛིན་གྱི་ཞལ་མཐོང་། འཁོར་ལོ་ཚོགས་ཆེན་གྱི་ས་ནོན། གསང་བ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཆེན་པོས་བདག་གཞན་གྱི་དོན་མ་ལུས་པ་ལྷུན་གྱིས་གྲུབ་པར་གྱུར་ཅིག །ཅེས་བརྗོད་ལ། སྣུམ་གྱིས་ཀྱང་སྙིང་གར་བྱུག་གོ། །དཀྱིལ་འཁོར་ནས་མར་མེ་བླངས་ལ། སྨོན་ལམ་བཏབ་པ་འདིའི་རྗེས་ཟློས་ཀྱང་བྱ་སྟེ། རྩ་བར། འདུས་པ་ཆེན་པོའི་ལྷ་ཚོགས་རྣམས་ཀྱིས་མི་གནས་པའི་ཡེ་ཤེས་དང་། སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་བ་གྲུབ་པའི་ཡེ་ཤེས་དང་། ཀློང་དུ་གྱུར་པའི་ཡེ་ཤེས་དང་། དབྱིངས་སུ་སྒྲོལ་བའི་ཡེ་ཤེས་དང་། འདའ་ཀ་ཐུགས་ཀྱི་ཡེ་ཤེས་དང་། ཐུགས་ཡེ་ཤེས་དགུའི་དངོས་གྲུབ་བདག་ཅག་རྣམས་ཀྱིས་ཐོབ་བོ། །ཨ་ལ་ལ་ཧོཿ ཞེས་བརྗོད་ལ་ཀུན་ལ་འབྲིམ་ཞིང་སྙིང་ཁར་གཏུག་གོ། །དེ་ནས་བླ་མས་དགེ་བ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བའི་ཚུལ་ཡང་རྒྱས་པར་བྱའོ། །དེ་ལྟར་མར་མེའི་སྨོན་ལམ་གྲུབ་ནས་སྐབས་འདིར་གཏང་རག་གི་ཡོན་དབུལ་བ་ནི། རྩ་བར་གསལ་བར་མ་བྱུང་ཡང་། གླན་སྟོན་བསོད་ནམས་མགོན་པོའི་འདི་ལྟར་གསུངས་ཏེ། དྲིན་ལན་བསབ་པའི་ཕྱིར་ཡོན་ཏན་དབུལ་ཏེ། རྒྱུད་ལས་ཀྱང་། རྒྱལ་སྲིད་དང་ནི་རང་གི་ལུས། །ཞེས་པ་ལ་སོགས་པ་དང་། རྡོ་རྗེ་ཐེག་པའི་གཞུང་ལས་ཀྱང་། ཆེ་བ་རྒྱལ་སྲིད་དང་ཡུལ་འཁོར། གཅེས་པ་བུ་སྨད་དང་ཕྱག་རྒྱ་མ། འཕངས་པ་ནོར་དང་དབྱིག །དཀའ་བ་ལུས་དང་སྲོག །མཁོ་བ་ཐུགས་དང་གང་འཐད། རྒྱན་དུ་ཟས་དང་གོས། ཡུན་དུ་དད་པ་དང་དམ་ཚིག །ཞུ་ཁར་སྲི་ཞུ་དང་གུས་པ། མཆོག་ཏུ་བརྩེ་སེམས་དང་གདུང་བ་ལ་སོགས་པ་མཉེས་པ་སྣ་ཚོགས་ཆུ་བོའི་གཞུང་བཞིན་དུ་དབུལ་ལོ། །ཞེས་གསུངས་པ་ལྟར་གང་འབྱོར་དབུལ་ཞིང་གཏང་རག་གི་མཎྜལ་ཡང་འབུལ་ལོ། །དེ་ནས་དམ་ཚིག་བསྒྲག་པ་ནི། དེ་ལྟར་གསང་སྔགས་རྡོ་རྗེ་ཐེག་པའི་སྨིན་བྱེད་ཀྱི་དབང་ཟབ་མོ་ལེགས་པར་ཐོབ་ནས་དམ་ཚིག་དང་སྡོམ་པའི་ཚོགས་བསྐྱང་བ་ནི་ངེས་པར་གལ་ཆེ་ལ། དེ་ལ་ཡང་རྒྱས་བཤད་བསམ་གྱིས་མི་ཁྱབ་ཀྱང་མདོར་བསྡུ་བའི་ཚེ། སྤྱིར་བྱ་སྤྱོད་རྣལ་འབྱོར་བཞི་སོ་སོར་བྱེ་བྲག་གི་དམ་ཚིག་དང་སྡོམ་པའི་ཚུལ་བསྲུང་ཚུལ་ཐ་དད་ཀྱང་། ཐུན་མོང་དུ་རིགས་ལྔ་སྤྱི་དང་བྱེ་བྲག་གི་དམ་ཚིག་རྣམས་ཡིན་པས་གསར་རྙིང་བཀའ་གཏེར་གྱི་རིང་ལུགས་རྣམས་སུ་རྒྱས་པར་འབྱུང་བ་བཞིན་དང་། གསར་རྙིང་ཐུན་མོང་གི་སྔགས་ལམ་དུ་ཞུགས་པ་རྣམས་ལ་རྩ་ལྟུང་བཅུ་བཞིར་གྲངས་ངེས་པ་ཡོངས་གྲགས་ལྟར་རྩ་བའི་དམ་ཚིག་དང་། ཡན་ལག་སྦོམ་པོའི་ལྟུང་བ་ནི་མངའ་རིས་པཎྜི་ཏ་ཆེན་པོ་པདྨ་དབང་རྒྱལ་གྱི་སྡོམ་གསུམ་རྣམ་ངེས་ལས། དབང་དང་དམ་ཚིག་མ་སྨིན་རིག་མ་བསྟེན། །ཚོགས་ཀྱི་འཁོར་ལོའི་དུས་སུ་ལུས་ངག་རྩོད། །མ་གསུངས་རིག་མར་རང་སྟོབས་བདུད་རྩི་ལེན། །སྣོད་ལྡན་སློབ་མར་གསང་སྔགས་མི་སྟོན་དང་། །དད་ལྡན་ཆོས་འདྲི་བ་ལ་ཆོས་གཞན་སྟོན། །ཉན་ཐོས་ནང་དུ་ཞག་བདུན་ལོངས་པར་བསྡད། །རྣལ་འབྱོར་ཡེ་ཤེས་མི་ལྡན་སྔགས་པར་རློམ། །སྣོད་མིན་ལ་བཤད་ཡན་ལག་ལྟུང་བ་བརྒྱད། །ཅེས་སོགས་བརྒྱད་དང་། ཡང་དེ་ཉིད་ལས། བསྙེན་སོགས་མ་བྱས་དབང་རབ་ལས་ལ་འཇུག །ཕྱི་ཆོས་མོས་ལ་ལུས་ཀྱི་ཕྱག་རྒྱ་བསྟན། །སྡོམ་པ་གཉིས་ཀྱི་བཅས་ལས་དགོས་མེད་འདའ། །ཞེས་སོགས་ཕྲ་མོ་རྣམས་ཀྱང་བསྲུང་ངོ་། །ཁྱད་པར་རང་ལུགས་སྔ་འགྱུར་གྱི་རིང་སྲོལ་ལ། །རྩ་བ་བླ་མའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ་དགུ་དགུར་ཕྱེ་བས་ཉི་ཤུ་རྩ་བདུན། ཡན་ལག་གི་དམ་ཚིག་ཉི་སུ་རྩ་ལྔ་ལ། སྦྱོར་སྒྲོལ། མ་སྦྱིན་ལེན། རྫུན། ངག་འཁྱལ་ཏེ་ཁྱད་པར་དུ་བྱ་བ་ལྔ། འདོད་ཆགས། ཞེ་སྡང་། གཏི་མུག །ང་རྒྱལ། ཕྲག་དོག་སྟེ་དུག་ལྔ་མི་སྤང་བར་ལམ་དུ་འཁྱེར་དགོས་པས་མི་སྤང་བའི་དམ་ཚིག་ལྔ། དྲི་ཆེན། དྲི་ཆུ། རཀྟ། མཱཾ་ས། བྱང་སེམས་རྣམས་དང་དུ་བླང་ཞིང་མི་འདོར་་བའི་དམ་ཚིག་ལྔ། ཕུང་པོ་ལྔ། འབྱུང་བ་ལྔ། ཡུལ་ལྔ། དབང་པོ་ལྔ་རྣམས་ལྷ་རུ་ཤེས་པར་བྱ་བའི་དམ་ཚིག་ལྔ། དེ་བཞིན་གཤེགས་པའི་རིགས། རྡོ་རྗེའི་རིགས། རིན་ཆེན་རིགས། པདྨའི་རིགས། ལས་ཀྱི་རིགས་ཏེ་བསྒྲུབ་པར་བྱ་བའི་དམ་ཚིག་ལྔ་སྟེ། དམ་ཚིག་ཉི་ཤུ་རྩ་ལྔར་སྤང་བླང་རྣམས་ཐོས་བསམ་གྱིས་སྒྲོ་འདོགས་ཆོད་པར་བྱས་ཏེ་བསྒོམ་པས་ཉམས་སུ་བླང་དགོས་ཤིང་། དོན་བསྡུ་ན་སྡོམ་གསུམ་རྣམ་ངེས་ལས། དེ་སོགས་དམ་ཚིག་རྣམ་གཞག་མང་གསུངས་པ། །རྩ་བ་ཡན་ལག་བཅས་འདིར་མ་འདུས་མེད། །མདོར་ན་རང་ལུས་རྡོ་རྗེ་གསུམ་ཤེས་ན། །སྔགས་ཀྱི་དམ་ཚི་ས་ལ་འབུམ་སྡེ་འདུས། །ཞེས་གསུངས་པ་ལྟར་སྒོ་གསུམ་རྡོ་རྗེ་གསུམ་དུ་ཤེས་པ་མཉམ་རྗེས་ཐམས་ཅད་དུ་བསྐྱང་ན་དམ་ཚིག་ཉམས་མེད་དུ་བསྲུང་བར་ནུས་པའི་ཐ་ཚིག་གོ། །དེ་དག་ལ་ཉམས་ཆག་འབྱུང་ཚུལ་ནི། ཐོས་བསམ་མ་བྱས་པའི་སྐྱོན་གྱིས་ལྟུང་མཚམས་མི་ཤེས་པ་དང་། བླ་མ་ལྷ་སོགས་ལ་མི་གུས་པ་དང་། བག་མེད་པར་སྤྱོད་པ་དང་། ཉོན་མོངས་མང་བ་རྣམས་ནི་ལྟུང་བ་འབྱུང་བའི་སྒོ་བཞི་ཞེས་བྱ་བ་ཡིན་ལ། དེ་དག་གི་གཉེན་པོ་མདོ་རྒྱུད་ལ་ཐོས་བསམ་གྱི་སྒྲོ་འདོགས་དཔྱད་དེ་སློབ་པར་འོས་པ་རྣམས་ལ་སློབ་པ་དང་། ཀུན་ལ་དག་སྣང་དང་གུས་པ་བསྐྱེད་པ་དང་། རྟག་པར་དྲན་བཞིན་ཤེས་བཞིན་གྱི་གཉེན་པོ་བསྟེན་པ་དང་། རང་རྒྱུད་ལ་ཉོན་མོངས་པ་གང་ཤུགས་ཆེ་ཞིང་རགས་པ་དེའི་གཉེན་པོར་འབད་པ་དྲག་པོས་བསླབ་བོ། །གོང་གི་ལྟུང་བ་བྱུང་བའི་སྒོ་བཞིའི་སྟེང་དུ་བརྗེད་ངེས་ཆེ་བ་དང་། དྲན་པ་མི་གསལ་བ་གཉིས་བསྣན་པས་དམ་ཚིག་ཉམས་པའི་རྒྱུ་དྲུག་ཅེས་བཤད་པ་ཡིན། རྒྱུ་དེ་དག་ལ་བརྟེན་ནས་དམ་ཚིག་ཉམས་མ་ཉམས་ཉིན་མཚན་དུས་དྲུག་ཏུ་རང་རྒྱུད་ལ་ལེགས་པར་བརྟགས་པས་ཐུན་གྱི་དྲུག་ཆ་ལས་འདས་ན་ཐུན་ཚོད་ལས་འདས་པ་ཞེས་བྱའོ། །ཞག་གཅིག་ལས་འདས་ན་འགལ་བ་ཞེས་བྱའོ། །ཟླ་བ་གཅིག་ལས་འདས་ན་ཉམས་པ་ཞེས་བྱའོ། །ལོ་གཅིག་ལས་འདས་ན་འདས་པ་ཞེས་བྱའོ། །ལོ་གཉིས་ལས་འདས་ན་རལ་པ་ཞེས་བྱའོ། །འོན་ཀྱང་དྲི་མེད་བཤགས་རྒྱུད་ཀྱི་གླེང་གཞི་ལྟར་སྔགས་ཀྱི་དམ་ཚིག་གསེར་དངུལ་གཞོམ་པ་བཞིན་གསོ་ཐབས་ཡོད་པར་གསུངས་པས། གསོ་ཚུལ་དེ་ཡང་ཇི་ལྟ་བུ་ཞེ་ན། དེ་ཡང་སྙིང་ཐག་པ་ནས་འགྱོད་སེམས་ཀྱིས་བསགས་ན་གསོར་རུང་ཞིང་། ཐུན་ཞག་ཟླ་བ་ལོ་སོགས་སོང་རིམ་གྱི་ཉེས་པ་ལྕི་རུ་འགྲོ་ལ། ལོ་གསུམ་འདས་པར་གྱུར་ན་ནི་དེ་དག་ཀྱང་གསོར་མི་རུང་བས་ཚེ་འདིར་ཡིད་དུ་མི་འོང་བའི་སྡུག་བསྔལ་སྣ་ཚོགས་ཀྱིས་ཉམ་ཐག་པར་བྱས་ཏེ་ཚེ་འདིའི་སྣང་བ་ནུབ་མ་ཐག་ཏུ་རྡོ་རྗེའི་དམྱལ་བ་ཞེས་ནམ་ཡང་ཐོན་པར་མི་འགྱུར་བའི་གནས་དེར་སྡུག་བསྔལ་མི་བཟད་པ་ཉམས་སུ་མྱོང་དགོས་པར་འགྱུར་རོ། །དེ་ལྟ་བས་ན་དམ་ཚིག་གསོ་བའི་ཚུལ་གལ་ཆེ་བས། དེ་ཡང་ཨོ་རྒྱན་ཆེན་པོས་གསང་སྔགས་ལམ་རིམ་དུ། མཉམ་རྗེས་བཟའ་བཅང་བསྲུང་བའི་དམ་ལྔ་དབོག །ཅེས་གསུངས་པ་ལྟར། དང་པོ་བུམ་དབང་འཁོར་བཅས་ཐོབ་པའི་མཉམ་གཞག་གི་དམ་ཚིག་ཏུ་བསྐྱེད་རིམ་སྒོམ་པ། རྗེས་ཐོབ་ཀྱི་དམ་ཚིག་ལྷ་དང་མི་འབྲལ་ཞིང་ལུས་ངག་ཐ་མལ་དུ་མི་འཁྲུལ་བ། བཟའ་བའི་དམ་ཚིག་ཤ་ལྔ་དང་བདུད་རྩི་ལྔ་ལ་རོལ་པ། བཅང་བའི་དམ་ཚིག་རྡོ་རྗེ་དྲིལ་བུ། བསྲུང་བའི་དམ་ཚིག་སྣོད་བཅུད་ལྷ་དང་གཞལ་ཡས་ཁང་དུ་ཤེས་པ་དང་མི་འབྲལ་བ་རྣམས་འདས་པ་དང་། ཉམས་པ་དང་། འགལ་བ། རལ་པར་གྱུར་ན་དབང་གང་ཐོབ་པའི་ལྷ་རེ་རེ་ལ་བསྙེན་པ་སུམ་ཁྲི་དྲུག་སྟོང་བཟླས་པས་གསོའོ། །བུམ་དབང་གི་སྟེང་དུ་གསང་དབང་གི་མཉམ་གཞག་གི་དམ་ཚིག་ཏུ་གཏུམ་མོ་སྒོམ་པ། རྗེས་ཐོབ་ཀྱི་དམ་ཚིག་ཏུ་ཙཎྜ་ལིའི་ཉམས་ལེན་དང་མི་འབྲལ་བ། བཟའ་བའི་དམ་ཚིག་ཏུ་ཟས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩི་རུ་བྱིན་གྱིས་བརླབས་ནས་རོལ་པ། བཅང་བའི་དམ་ཚིག་རླུང་ཁ་སྦྱོར་ཉེར་གཅིག་རེ་ཞག་རེ་ལ་ཆག་མེད་དུ་བསྒོམ་པ། བསྲུང་བའི་དམ་ཚིག་ཁམས་ཀུནྡ་མི་ཉམས་པར་བྱེད་པ་རྣམས་སྔར་བཞིན་འདས་ཉམས་འགལ་རལ་དུ་གྱུར་པ་ལ་སྔོན་དུ་ཆད་ལས་ཀྱིས་སྦྱང་ཞིང་། དེ་རྗེས་སླར་དཀྱིལ་འཁོར་དུ་ཞུགས་ནས་དབང་བསྐྱར་ནས་ལེན་པས་གསོའོ། །བུམ་གསང་གི་སྟེང་ཤེས་རབ་ཡེ་ཤེས་ཀྱི་དབང་ནོས་པའི་མཉམ་གཞག་གི་དམ་ཚིག་དངོས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་བསྟེན་པ། རྗེས་ཐོབ་ཀྱི་དམ་ཚིག་ཏུ་བདེ་ཆེན་གྱི་ཉམས་དང་མི་འབྲལ་བར་བྱ་བ། བཟའ་བའི་དམ་ཚིག་ཟས་ཐམས་ཅད་སྙོམས་འཇུག་གི་ཚུལ་དུ་རོལ་པ། བཅང་བའི་དམ་ཚིག་ཁམས་དྭངས་མ་མི་ཉམས་པར་བྱེད་པ། བསྲུང་བའི་དམ་ཚིག་དངོས་སམ་ཡེ་ཤེས་ཀྱི་མུ་དྲ་བསྟེན་པ་རྣམས་ལ་འདས་ཉམས་འགལ་རལ་དུ་གྱུར་པ་དང་། དབང་བཞི་པའི་མཉམ་གཞག་གི་དམ་ཚིག་ཏུ་ཟུང་འཇུག་གཉིས་མེད་དུ་བསྒོམ་པ། རྗེས་ཐོབ་ཀྱི་དམ་ཚིག་ཏུ་རྗེས་གཅོད་ཐམས་ཅད་ཟུང་འཇུག་གི་ངོ་བོར་ལྟ་བ། བཟའ་བའི་དམ་ཚིག་ཆོས་ཉིད་ལ་ཆོས་ཉིད་རོལ་པ། བཅང་བའི་དམ་ཚིག་ཆོས་ཐམས་ཅད་གཉིས་མེད་ཀྱི་དོན་ལ་རྟག་པར་གནས་པ། བསྲུང་བའི་དམ་ཚིག་གཉིས་མེད་ཡེ་ཤེས་ཆེན་པོ་ལས་མི་འདའ་བ་རྣམས་ལས་འདས་ཉམས་འགལ་རལ་དུ་གྱུར་པ་ལ། བསྐྱེད་རིམ་བསྒོམ་པ་དང་། འཕོ་མེད་ཀྱི་ཚུལ་ཁྲིམས་ཡང་དག་པར་བསྲུང་བ་དང་། རྫོགས་པའི་རིམ་པ་སྒོམ་པ་དང་། རང་བྱིན་གྱིས་བརླབ་པ་སོགས་ལ་ནན་ཏན་དུ་བྱས་པ་རྣམས་བྱེ་བྲག་ཏུ་གསོ་བའི་ཚུལ་ལོ། །སྤྱིར་དེ་དག་ལ་གོང་དུ་བཤད་པ་ལྟར་ཐུན་ཚོད་ལ་འདས་པ་དེ་མ་ཐག་ཏུ་གསོར་རུང་། ཞག་ལས་འགལ་ན་ཚོགས་ཀྱི་འཁོར་ལོ་བརྒྱ་ཕྲག་ལ་སོགས་བཏང་བས་གསོ། ཟླ་བ་གཅིག་ལས་ཉམས་ན་རང་ལ་གང་ཡོད་ཀྱི་བདོག་པའི་དངོས་པོ་ཐམས་ཅད་ཀྱིས་བསྐང་ལ་གསོ། ལོ་གཅིག་ལས་འདས་ན་བུ་དང་ཆུང་མ་དང་ནོར་གྱི་དབྱིག་སྟེ་གཅེས་པ་རྣམས་ཀྱང་བཏང་ལ་གསོ། ལོ་གཉིས་ལས་རལ་ན་རང་གི་སྲོག་ཀྱང་འཕངས་པ་མེད་པར་གཏོང་དགོས་ཤིང་། གཞན་ཡང་སྙིང་པོ་རྒྱན་ལས་གསུངས་པ་ལྟར་ཚོགས་ཞིང་ལ་བཤགས་པ་དང་། བཛྲ་བྷནྡྷ་གྲ་ཐ་སོགས་ཕྲལ་བའི་སྔགས་རྒྱ་དང་། ཁྲུས་ཀྱི་རིམ་པ་དང་། གཏུམ་མོའི་མེ་དམིགས་ཀྱིས་བསྲེག་པ་དང་། ལྟ་བས་མི་དམིགས་པར་སྒོམ་པ་དང་། ལམ་དུས་སུ་ཐུན་བཞིའམ་དྲུག་ཏུ་དབང་བླང་བ་དང་། འདུས་པའི་ཚོགས་དབུས་སུ་མི་འཆབ་པར་ཞུ་བ་དང་། རྟེན་ཁྱད་པར་ཅན་གྱི་དྲུང་དུ་སྐད་གསང་མཐོན་པོས་སྨྲེང་བ་དང་། མཎྜལ་འབུལ་བ་དང་། སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་དང་། ཟ་བྱེད་མཁའ་འགྲོའི་རྣལ་འབྱོར་སོགས་ཀྱིས་མེ་ལ་སྦྱང་བ་དང་། ཕྱི་ནང་གསང་བའི་གཏོར་མ་གཏོང་བ་དང་། གསང་སྔགས་བཟླ་ཞིང་བསམ་གཏན་སྒོམ་པ་དང་། མི་ཕྱུགས་ཀྱི་སྲོག་སྐྱོབ་པ་དང་། རྒྱལ་བའི་གསུང་རབ་ཀློག་པ་དང་། བླ་མའི་དྲུང་ངམ་རང་ཉིད་ཀྱིས་དཀྱིལ་འཁོར་བཞེངས་ལ་བདག་འཇུག་བླང་བ་དང་། ཡིག་བརྒྱ་དུས་བཟང་ལ་བཟླ་བ་དང་། ཕུང་པོ་གསུམ་པའི་མདོ་འདོན་པ་དང་། རྡོར་སེམས་སྒྱུ་འཕྲུལ་དྲྭ་བ་སྟེ་དཔལ་གསང་བའི་སྙིང་པོ་དང་། སྒྱུ་འཕྲུལ་བླ་མ་སོགས་ལས་གསུངས་པའི་ཕྲ་ཐིག་གི་རྣལ་འབྱོར་སྒོམ་པ་དང་། གླང་ཆེན་རབ་འབོགས་ཀྱི་རྒྱུད་ལས་གསུངས་པའི་རྣལ་འབྱོར་སྤྱི་ཁྲུས་སམ། ན་རཀ་དོང་སྤྲུགས་ཀྱི་སྒྲུབ་མཆོད་རྒྱུད་འདོན་སོགས་བཤགས་པའི་ཐབས་སྣ་ཚོགས་ཀྱིས་ཉེས་ལྟུང་དང་ཞག་ཏུ་མི་འགྲོགས་པས་གསོ་ཞིང་སླར་བསྲུང་ངོ་། །དེ་ལྟར་དམ་ཚིག་དེ་དག་ཀྱང་ཉམས་པ་མེད་པར་བསྲུང་ཞིང་ལམ་ལ་སྤྱོད་པ་དག་ནི་མྱུར་ན་ཚེ་འདིར་འཇའ་ལུས་འོད་ཕུང་ཆེན་པོར་ཡོངས་སུ་གྲོལ་བའམ། འཆི་ཁར་བར་དོ་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱེད་པའི་མཆོག་གི་དངོས་གྲུབ་དང་། གྲུབ་ཆེན་བརྒྱད་དང་དབང་ཕྱུག་གི་ཡོན་ཏན་བརྒྱད་སོགས་ཐུན་མོང་གི་དངོས་གྲུབ་རྣམས་འགྲུབ་པར་འགྱུར། རིང་མཐའ་ཡང་སྐྱེ་བ་བཅུ་དྲུག་ནས་འབྲང་བུ་མངོན་དུ་བྱེད་དེ། དེ་ཚེ་བཅུ་དྲུག་ཚུན་ཆད་ཀྱིས། །སྐུ་ལྔ་ལྷུན་གྱིས་རྫོགས་པ་ནི། །ཞེས་གསུངས་པའི་ཕྱིར། མདོར་ན་མཐར་ཐུག་གི་གནས་སྐབས་སུ། སྒྱུ་འཕྲུལ་གསང་སྙིང་ལས། བླ་མེད་ཐེག་པར་རབ་ངེས་ན། །ཉོན་མོངས་ལས་རྣམས་ཀུན་སྤྱོད་ཀྱང་། །བྱས་ལ་མི་སོགས་ཚོགས་གྱུར་ཏེ། །ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚོགས། །ཞེས་གསུངས་པའི་དགོངས་དོན། རོང་ཟོམ་ཆོས་ཀྱི་བཟང་པོའི་དཀོན་མཆོག་འགྲེལ་དུ། གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཚིག་དང་ལྡན་ན་ཉོན་མོངས་པ་ལྔ་དང་། འདོད་པ་ལྔ་ལ་སྤྱད་པའི་སྐྱོན་གྱིས་མི་གོས་ཤིང་། ཉན་ཐོས་དང་བྱང་ཆུབ་སེམས་དཔའི་གཞུང་དུ་གྲགས་པའི་ཚུལ་ཁྲིམས་དང་སྡོམ་པ་ཐམས་ཅད་ཀྱང་འདུས་ཤིང་ཕུན་སུམ་ཚོགས་པར་འགྱུར་རོ། །ཞེས་གསུངས་པས་ཉོན་མོངས་པ་བྱོལ་ཉོག་ཏུ་སྤྱོད་པར་མ་གསུངས་པས་དམ་ཚིག་དང་སྡོམ་པ་ལྡན་པ་གནང་བཀག་གི་མཚམས་ཤེས་པ་རྣམས་ཀྱིས་ཐབས་ལ་མཁས་པས་སྤྱད་ཀྱང་ཉེས་པས་གོས་པར་མི་འགྱུར་བར་གསུངས་པ་ཡིན་ནོ། །མདོར་ན་དེ་ལྟར་གདམས་པ་རྣམས་རྡོ་རྗེའི་སློབ་མ་ཁྱེད་རྣམས་ཀྱིས་ཡང་དག་པར་བྱ་དགོས་སོ། །གླན་སྟོན་གྱིས་མདོའི་དབང་བྱང་དང་། སྒྱུ་འཕྲུལ་ཞི་བའི་དབང་བྱང་གཡུང་སྟོན་གྱིས་མཛད་པ་ལས། བླ་མའི་ཞབས་སློབ་བུའི་སྤྱི་བོར་བཞག་སྟེ། དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱི། །རྡོ་རྗེ་སེམས་དཔའ་ང་ཡིན་པས། །ང་ཡིས་ཇི་ལྟར་བསྒོ་བ་བཞིན། །བུ་ཁྱོད་ཀྱིས་ནི་བྱ་དགོས་སོ། །ཞེས་གསུངས་པ་ལྟར་ཞབས་སམ་ཕྱག་སློབ་བུའི་སྤྱི་བོར་བཞག་གོ། །སློབ་བུས་དེའི་ལན་དུ་འདིའི་རྗེས་ཟློས་ལན་གསུམ་བྱ་སྟེ། བླ་མ་རྡོ་རྗེ་རྒྱལ་པོ་ལ། །དད་མོས་གུས་པའི་སེམས་ལྡན་པས། །བཀའ་ཡི་ཇི་ལྟར་བསྒོ་བ་བཞིན། །ལུས་ངག་ཡིད་གསུམ་གཉེར་གྱིས་བླང་། །ཞེས་དང་། གཞན་ལས་འབྱུང་བ་ལྟར། གཙོ་བོས་ཇི་ལྟར་དང་། དེང་ནས་བརྩམས་ཏེ་སོགས་ཀྱང་སྤྲོ་ན་བྱའོ། །གླན་སྟོན་གྱིས། འདིར་དབང་བསབ་པའི་ཆོ་ག་བྱའོ། །ཞེས་གསུངས་པས། དེའི་ཚུལ་ནི་གཡུང་སྟོན་ཆེན་པོའི་དབང་བྱང་ལས་འདི་ལྟར། དབང་ཕྱུག་གི་མདུན་དུ་དབང་བཅོ་བརྒྱད་ཀྱི་དབང་རྫས་རབ་གནས་དང་ལྡན་པ་རྣམས་བསགས་ལ། ཞེས་གསུངས་པས་བུམ་དབང་ནས་ཚེ་དབང་བར་གྱིས་དབང་རྫས་ཐམས་ཅད་ཚང་བར་མདུན་དུ་བསགས་པའམ། ཡང་ན་དབང་རྫས་ཐམས་ཅད་གནས་ཁང་དེར་ཡོད་པས་འཐུས། གོང་གི་འཕྲོས། དབང་ཕྱུག་ཀུན་ཏུ་བཟང་པོར་གསལ་བའི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས་དབང་རྫས་རྣམས་རིམ་པས་སྔར་རབ་ཏུ་གནས་པའི་ལྷར་གསལ་བཏབ་ལ། ཞེས་གསུངས་པས་དཔེར་ན་དབུ་རྒྱན་རིན་ཆེན་འབྱུང་ལྡན་དུ་བསྐྱེད་པ་ལྟ་བུ་རྣམས་སླར་ཡང་ལྷ་སོ་སོར་གསལ་འདེབས་པ་ཡིན། གོང་གི་འཕྲོས། ཧཱུཾ་ཞེས་དབང་ཕྱུག་གིས་བསྐུར་གནས་རྣམས་སུ་རང་རང་གི་དབང་རྫས་གཏུགས་པས། འོད་དུ་ཞུ་ནས་རང་རང་གི་མཚུངས་ལྡན་གྱིས་རྒྱུ་ལ་བསྟིམ་པས་སྔར་བས་ཀྱང་ནུས་པ་ཆེར་སྐྱེས་པར་བསམ་ལ། ཞེས་གསུངས་པ་དཔེར་ན་དབུ་རྒྱན་རིན་འབྱུང་གི་རབ་གནས་ཅན་དེ་བསྐུར་གནས་སྤྱི་བོར་གཏུགས་པས་འོད་དུ་ཞུ་ནས་མཚུངས་ལྡན་གྱི་རྒྱུ་རྣམ་པར་ཤེས་པས་ཚོགས་བརྒྱད་ལ་བསྟིམ་པས་ཡེ་ཤེས་ལྔའི་ནུས་པ་སྐྱེས་པར་བསམ་པ་ལྟ་བུས་མཚོན་པར་ནུས་ལ། རྒྱས་པར་སྒྱུ་འཕྲུལ་དབང་བྱང་དུ་བལྟའོ། །གོང་གི་འཕྲོས། དབང་རྫས་ཐམས་ཅད་ཀྱི་རབ་གནས་བསྒྲུབ་ཟིན་པ་དང་། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་ཏེ། སྔར་དབང་པོའི་ཚུལ་དུ་བཞུགས་པའི་མདུན་གྱི་ནམ་མཁའི་དེ་བཞིན་གཤེགས་པ་ཐམས་ཅད་འོད་དུ་ཞུ་ནས་དབང་ཕྱུག་ལ་ཐིམ་པས་འོད་དང་ལྡན་པར་བསམ་མོ། །ཞེས་གསུངས་པ་ལྟར་བྱ་བ་ནི་ཟབ་གནད་གཞན་ནས་ཆེས་ཁྱད་པར་དུ་འཕགས་པ་དབང་ཉམས་པ་གསོ་བའི་ཚུལ་ལོ། །
༈ དེ་ལྟར་དངོས་གཞིའི་ཆོ་ག་རྣམས་ལེགས་པར་གྲུབ་ནས། རྗེས་ཀྱི་ཆོ་ག་སྟོན་པར་བྱེད་པ་ལ་ལྔ་སྟེ། ལྷག་མ་བཏང་བ། བརྟན་མ་སྐྱོང་བ། ལས་བཞིའི་བྲོ་བརྡུང་བ། མཆོད་བསྟོད་ལྷག་ཆད་བསྐང་ཞིང་བཟོད་པར་གསོལ་ནས་དཀྱིལ་འཁོར་བསྡུ་བ། བསྔོ་སྨོན་བཀྲ་ཤིས་བརྗོད་ཅིང་དགའ་སྟོན་རོལ་པ་རྣམས་སོ། །དེ་ལ་དང་པོ་ལྷག་མ་ནི། རྩ་བར། དེ་ནས་ལྷག་མ་བསྡུས་ཏེ། སྣོད་དྲི་ཆུས་བཤལ། མར་མེ་བཙུགས་ནས་དཀྱིལ་འཁོར་ནས་གོམ་པ་བདུན་ཅུ་འཕགས་པའི་སར་ཕྲིན་ལས་རྣམ་བཞི་གང་བྱེད་པའི་མཎྜལ་བྱ། ཞེས་གསུངས་པ་བསྡུ་ན་ཞིང་ལྤགས་སྟེང་ལྷག་མ་བཤམས་པའི་ཁར་ཆོས་སྐྱོང་གི་གཏོར་མ་རྣམས་ཀྱང་སྤགས་ཏེ་སྨན་རཀ་བྲན། དེའི་སྟེང་དུ་ཞི་ཁྲོའི་དཀྱིལ་འཁོར་གསལ་འདེབས་པ་ནི། རྩ་བར། བླ་མས་རྩ་བའི་དཀྱིལ་འཁོར་ལས་མཁན་གྱིས་སྒོ་མ་བཞི་མན་ཆད་གསལ་གདབ། ཅེས་གསུངས་ཀྱང་དཔོན་སློབ་ཐམས་ཅད་ཀྱི་སྔགས་ཙམ་གྱིས་དཀྱིལ་འཁོར་ལྷ་ཚོགས་རྣམས་གསལ་གདབ་བོ། །རྩ་བར། དེ་ནས་བཛྲ་ས་མཱ་ཛཿས་ལྷག་མའི་མགྲོན་སྙན་གསན་དབབ། པདྨའི་ཕྱག་རྒྱ་བཅས་ལ་ལྷག་མ་དང་ཁ་ཆུའི་དམ་ཚིག་ལ་རེ་བ་རྣམས་སྔོན་གྱི་ཐུགས་དམ་ལས་མ་འདའ་བར་སྒྲུབ་པ་པོ་བདག་གི་སྟོང་གྲོགས་མཛོད་ལ་གཤེགས་ཤིག །ཨེ་ཨ་རལླི་ཧྲིཾ་ཧྲིཾ། ཞེས་ཐལ་མོ་ལན་གསུམ་གདབ། ཌཱ་ཀི་ནའི་ཕྱག་རྒྱས་སྤྱན་དྲངས། དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་ཁྱུང་གཤོག་གི་ཕྱག་རྒྱས་ཟིལ་གྱིས་མནན། རྟ་གདོང་གི་ཕྱག་རྒྱས་དབང་དུ་སྡུད། པདྨའི་ཕྱག་རྒྱས་གདན་དབུལ། དེ་ནས་རིགས་དབྱེ། དེ་ནས་ཁ་ཆུ་གདབ། ཅེས་གསུངས་པའི་དོན་བླ་མས་བདུད་རྩི་ཧུབ་གང་བཞེས་ཏེ་ཡ་རྐན་རིགས་ལྔ། མ་རྐན་ཡུམ་ལྔར་གསལ་བའི་སྦྱོར་མཚམས་ཀྱི་བདུད་རྩིར་བསམ་ལ་ལྷག་མ་བཤམས་པ་ལ་ཁ་ཆུ་དེ་ཉིད་བྲན་ནོ། །ཆོ་ག་དངོས་ནི། རྩ་བར། ཧཱུཾ། དཔལ་ཆེན་རཀྴ་ཧེ་རུ་ཀ །ག་རཱིའི་ཚོགས་ཀྱིས་བསྐོར་བ་ནི། །བྱང་ཆུབ་སེམས་དཔའ་བརྒྱད་རྣམས་གྱིས། །གོ་རཱི་ཁྲོ་མོ་བརྒྱད་དུ་སྤྲུལ། །སྲིན་མོ་ཆེན་མོ་བརྒྱད་རྣམས་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །བྱང་སེམས་ས་ཡི་སྙིང་པོ་ཡིས། །ཁྲོ་མོ་ཆེན་མོ་ག་རཱིར་སྤྲུལ། །སྲིན་མོ་ཆེན་མོ་གིང་ཐོད་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །རྡོ་རྗེའི་དམ་ལས་བྲོ་བསྐྱལ་ཏེ། །གཏན་གྱི་བྲན་དུ་མཆིས་ཀྱི་འཚལ། །སྔོན་གྱི་ཁས་བླངས་དམ་བཅས་བཞིན། །རྡོ་རྗེ་དམ་ལ་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོངས་ལ། །ཁས་བླངས་དམ་བཅས་ཇི་བཞིན་དུ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཕྱི་ཡི་དཀྱིལ་འཁོར་མཐའ་སྲུངས་ཤིག །བྱང་སེམས་ནམ་མཁའི་སྙིང་པོ་ཡིས། །ཁྲོ་མོ་ཆེན་མོ་ཙ་རཱིར་སྤྲུལ། །སྲིན་མོ་ཆེན་མོ་འདའ་འཕེན་བཏུལ། །ལྷག་མ་བྱིན་ནས༴ རྡོ་རྗེའི་དམ་ལས༴ གཏན་གྱི་བྲན་དུ༴ སྔོན་གྱི་ཁས་བླངས༴ རྡོ་རྗེའི་དམ་ལས༴ ལས་ཀྱི་ལྷག་མ༴ ཁས་བླངས་དམ་བཅས༴ བཅོལ་བའི་ལས་རྣམས༴ ཕྱི་ཡི་དཀྱིལ་འཁོར༴ བྱང་སེམས་སྤྱན་རས་གཟིགས་དབང་གིས། །ཁྲོ་མོ་ཆེན་མོ་ཕྲ་མོར་སྤྲུལ། །སྲིན་མོ་ཆེན་མོ་འཛིན་བྱེད་བཏུལ། །ལྷག་མ་བྱིན་ནས༴ རྡོ་རྗེའི་དམ་ལས༴ གཏན་གྱི་བྲན་དུ༴ སྔོན་གྱི་ཁས་བླངས༴ རྡོ་རྗེའི་དམ་ལས༴ ལས་ཀྱི་ལྷག་མ༴ ཁས་བླངས་དམ་བཅས༴ བཅོལ་བའི་ལས་རྣམས༴ ཕྱི་ཡི་དཀྱིལ་འཁོར༴ བྱང་སེམས་ཕྱག་ན་རྡོ་རྗེ་ཡིས༴ ཁྲོ་མོ་ཆེན་མོ་བཻཏྟར་སྤྲུལ། །སྲིན་མོ་ཆེན་མོ་ཟ་བྱེད་བཏུལ། །ལྷག་མ་བྱིན་ནས༴ རྡོ་རྗེའི་དམ་ལས༴ གཏན་གྱི་བྲན་དུ༴ སྔོན་གྱི་ཁས་བླངས༴ རྡོ་རྗེའི་དམ་ལས༴ ལས་ཀྱི་ལྷག་མ༴ ཁས་བླངས་དམ་བཅས༴ བཅོལ་བའི་ལས་རྣམས༴ ཕྱི་ཡི་དཀྱིལ་འཁོར༴ བྱང་ཆུབ་སེམས་དཔའ་བྱམས་པ་ཡིས། །ཁྲོ་མོ་ཆེན་མོ་པུཀྐར་སྤྲུལ། །སྲིན་མོ་ནང་རོལ་འདྲེན་མ་བཏུལ། །ལྷག་མ༴ རྡོ་རྗེའི༴ གཏན་གྱི༴ སྔོན་གྱི༴ རྡོ་རྗེའི༴ ལས་ཀྱི༴ ཁས་བླངས༴ བཅོལ་བའི༴ ཕྱི་ཡི༴ བྱང་སེམས་སྒྲིབ་པ་རྣམ་སེལ་གྱིས། །ཁྲོ་མོ་ཆེན་མོ་གྷསྨར་སྤྲུལ། །སྲིན་མོ་ཆེན་མོ་རབ་འཇིགས་བཏུལ། །ལྷག་མ༴ རྡོ་རྗེ༴ །གཏན་གྱི༴ སྔོན་གྱི༴ རྡོ་རྗེའི༴ ལས་ཀྱི༴ ཁས་བླངས༴ བཅོལ་བའི༴ ཕྱི་ཡི༴ བྱང་སེམས་ཀུན་ཏུ་བཟང་པོ་ཡིས། །ཁྲོ་མོ་ཆེན་མོ་སྨེ་ཤར་སྤྲུལ། །སྲིན་མོ་ཆེན་མོ་སྲོག་གཅོད་བཏུལ། །ལྷག་མ༴ རྡོ་རྗེའི༴ གཏན་གྱི༴ སྔོན་གྱི༴ རྡོ་རྗེའི༴ ལས་ཀྱི༴ ཁས་བླངས༴ བཅོལ་བའི༴ ཕྱི་ཡི༴ བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས། །ཁྲོ་མོ་ཆེན་མོ་ཙཎྜར་སྤྲུལ། །སྲིན་མོ་ཆེན་མོ་སྨྱོན་མ་བཏུལ། །ལྷག་མ༴ རྡོ་རྗེའི༴ གཏན་གྱི༴ སྔོན་གྱི༴ རྡོ་རྗེའི༴ ལས་ཀྱི༴ ཁས་བླངས༴ བཅོལ་བའི༴ ཕྱི་ཡི༴ ཧཱུཾ། དཔལ་ཆེན་རཀྴ་ཧེ་རུ་ཀ །ཕྲ་མེན་ཚོགས་ཀྱིས་བསྐོར་བ་ནི། །དཔལ་ཆེན་ཧེ་རུའི་ཞལ་བཞད་པས། །མཆོད་པའི་ལྷ་མོ་བརྒྱད་རྣམས་ཀྱིས། །སིང་ཧ་ཕྲ་མེན་བརྒྱད་དུ་སྤྲུལ། །སྲིན་མོ་མགོ་བརྙན་བརྒྱད་རྣམས་བཏུལ། །ཤར་ལྷོ་ལྷ་མོ་ལཱ་སྱེ་མས། །ཁྲོ་མོ་ཆེན་མོ་སེང་མགོར་སྤྲུལ། །སྲིན་མོ་འཇིགས་བྱེད་སེང་མགོ་བཏུལ། །ལྷག་མ༴ རྡོ་རྗེའི༴ གཏན་གྱི༴ སྔོན་གྱི༴ རྡོ་རྗེའི༴ ལས་ཀྱི༴ ཁས་བླངས༴ བཅོལ་བའི༴ ཕྱི་ཡི༴ ལྷོ་ཕྱོགས་ལྷ་མོ་མཱ་ལེ་མས། །ཕྲ་མེན་ཆེན་མོ་སྟག་མགོར་སྤྲུལ། །སྲིན་མོ་ཟ་བྱེད་སྟག་མགོ་བཏུལ། །ལྷག་མ་སོགས་འགྲེ། ནུབ་ཕྱོགས་ལྷ་མོ་གཱིརྟི་མས། །ཕྲ་མེན་ཆེན་མོ་ཝ་མགོར་སྤྲུལ། །སྲིན་མོ་ལེན་བྱེད་ཝ་མགོ་བཏུལ། །ལྷག་མ་སོགས། བྱང་ཕྱོགས་ལྷ་མོ་ནཱིརྟྱ་མས། །ཕྲ་མེན་ཆེན་མོ་སྤྱང་མགོར་སྤྲུལ། །སྲིན་མོ་ར་རོ་ཁྱི་མགོ་བཏུལ། །ལྷག་མ་སོགས། ཤར་ལྷོ་ལྷ་མོ་དྷཱུ་པེ་མས། །ཕྲ་མེན་ཆེན་མོ་རྒོད་མགོར་སྤྲུལ། །སྲིན་མོ་བྱ་རྒོད་མགོ་ཅན་བཏུལ། །ལྷག་མ་སོགས། ལྷོ་ནུབ་ལྷ་མོ་མེ་ཏོག་མས། །ཕྲ་མེན་ཀངྐའི་མགོ་རུ་སྤྲུལ། །སྲིན་མོ་ཀངྐའི་མགོ་ཅན་བཏུལ། །ལྷག་མ་སོགས། ནུབ་བྱང་ལྷ་མོ་མར་མེ་མས། །ཕྲ་མེན་བྱ་རོག་མགོ་རུ་སྤྲུལ། །སྲིན་མོ་འཇོམས་བྱེད་བྱ་རོག་བཏུལ། །ལྷག་མ་སོགས། བྱང་ཤར་ལྷ་མོ་དྲི་ཆབ་མས། །ཕྲ་མེན་ཧུ་ལུ་མུ་ཀར་སྤྲུལ། །སྲིན་པོ་བསྐུལ་བྱེད་འུག་མགོ་བཏུལ། །ལྷག་མ་སོགས། ཧཱུཾ། དཔལ་ཆེན་རཀྴ་ཧེ་རུ་ལ། །སྒོ་མའི་ཚོགས་ཀྱིས་བསྐོར་བ་ནི། །ཚད་མེད་སྒོ་མ་བཞི་རྣམས་ཀྱིས། །རྟ་གདོང་སྒོ་མ་བཞི་རུ་སྤྲུལ། །ཤར་གྱི་བྱམས་པ་ལྕགས་ཀྱུ་མས། །སྒོ་མ་རྟ་གདོང་ལྕགས་ཀྱུར་སྤྲུལ། །སྲིན་མོ་རྟ་ཡི་མགོ་ཅན་བཏུལ། །ལྷག་མ་སོགས། ལྷོ་ཡི་སྙིང་རྗེ་ཞགས་པ་མས། །སྒོ་མ་ཕག་གདོང་ཞགས་པར་སྤྲུལ། །སྲིན་མོ་ཕག་གི་མགོ་ཅན་བཏུལ། །ལྷག་མ་སོགས། ནུབ་ཀྱི་དགའ་བ་ལྕགས་སྒྲོག་མས། །སྒོ་མ་དྲེད་མགོ་ལྕགས་སྒྲོག་སྤྲུལ། །སྲིན་མོ་དྲེད་ཀྱི་མགོ་ཅན་བཏུལ། །ལྷག་མ་སོགས། བྱང་གི་བཏང་སྙོམས་previous hit དྲིལབུ next hit་མས། །སྒོ་མ་ཆེན་མོ་སྤྱང་མགོར་སྤྲུལ། །སྲིན་མོ་ཆེན་མོ་སྤྱང་མགོ་བཏུལ། །ལྷག་མ་སོགས། ཧཱུཾ། དཔལ་ཆེན་རཀྴ་ཧེ་རུ་ལ། །སྤོར་མའི་ཚོགས་ཀྱིས་བསྐོར་ནས་ཀྱང་། །དཔལ་ཆེན་ཐུགས་རྗེ་སྦྱོར་བ་ལས། །ཐུབ་དྲུག་ཡིད་ཆོས་བརྒྱད་པོ་ཡིས། །སྤོར་མ་ཆེན་མོ་བརྒྱད་དུ་སྤྲུལ། །ཕྱོགས་སྐྱོང་བརྒྱད་ཀྱི་བུ་མོ་བཏུལ། །ཀུན་ཏུ་བཟང་པོ་གནས་གྱུར་པ། །སྤོར་མ་ཉི་ཟེར་ཞགས་པར་སྤྲུལ། །འབར་མ་ཉི་ཟེར་ཞགས་པ་བཏུལ། །ལྷག་མ་སོགས། ཡི་དྭགས་ཐུབ་པ་གནས་གྱུར་པ། །སྤོར་མ་གློག་ཕྲེང་འཛིན་དུ་སྤྲུལ། །འབར་མ་ཆེན་མོ་གློག་ཕྲེང་བཏུལ། །ལྷག་མ་སོགས། མི་ཡི་ཐུབ་པ་གནས་གྱུར་པ། །སྤོར་མ་མདུང་ཐུང་འཕེན་དུ་སྤྲུལ། །འབར་མ་གཏུམ་མོ་མདུང་ཐུང་འཕེན། །ལྷག་མ་སོགས། དམྱལ་བའི་ཐུབས་པ་གནས་གྱུར་པ། །སྤོར་མ་གཤིན་རྗེ་རལ་གྲིར་སྤྲུལ། །འབར་མ་གཤིན་རྗེ་རལ་གྲི་བཏུལ། །ལྷག་མ་སོགས། ཀུན་ཏུ་བཟང་མོ་གནས་གྱུར་པ། །སྤོར་མ་དྲིལ་འཁྲོལ་མ་རུ་སྤྲུལ། །འབར་མ་རྡོ་རྗེ་དྲིལ་འཁྲོལ་བཏུལ། །ལྷག་མ་སོགས། ལྷ་མིན་ཐུབ་པ་གནས་གྱུར་པ། །སྤོར་མ་སྐར་མདའ་གདོང་དུ་སྤྲུལ། །འབར་མ་ཐོག་འབེབས་སྐར་མདའ་བཏུལ། །ལྷག་མ་སོགས། བྱོལ་སོང་ཐུབ་པ་གནས་གྱུར་པ། །སྤོར་མ་གླགྴ་སྡེབ་ཏུ་སྤྲུལ། །འབར་མ་བན་གླང་སྣ་ཚོགས་བཏུལ། །ལྷག་མ་སོགས། ལྷ་ཡི་ཐུབ་པ་གནས་གྱུར་པ། །སྤོར་མ་ཁྱུང་ཐོགས་མ་རུ་སྤྲུལ། །འབར་མ་གནོད་སྦྱིན་ཁྱུང་ཐོགས་བཏུལ། །ལྷག་མ་སོགས། ཧཱུཾ། དཔལ་ཆེན་རཀྴ་ཧེ་རུ་ལ། །གསང་བའི་ཡུམ་བཞིས་བསྐོར་བ་ནི། །དཔལ་ཆེན་ཐུགས་ཀྱི་སྦྱོར་བ་ལས། །ཡི་གེ་ཧཱུཾ་བཞི་སྤྲུལ་བྱས་ནས། །དེ་ལས་གསང་བའི་ཡུམ་བཞིར་སྤྲུལ། །དེ་བཞིས་སྲིན་མོ་བཞི་བཏུལ་ཏེ། །ཤར་གྱི་བདེ་བ་ཟ་བྱེད་མས། །སྲིན་མོ་ཟ་བྱེད་ཁྲག་འཐུང་བཏུལ། །ལྷག་མ་སོགས། ལྷོ་ཡི་བདེ་བ་རྨོངས་བྱེད་མས། །སྲིན་མོ་ཆེན་མོ་རུས་འཆའ་བཏུལ། །ལྷག་མ་སོགས། ནུབ་ཀྱི་བདེ་བ་རྒྱས་འདེབས་མས། །སྲིན་མོ་དུར་ཁྲོད་བདག་མོ་བཏུལ། །ལྷག་མ་སོགས། བྱང་གི་བདེ་བ་ཚེ་འཕེལ་མས། །སྲིན་མོ་དུར་ཁྲོད་བདག་མོ་བཏུལ། །ལྷག་མ་སོགས། ཧཱུཾ། དཔལ་ཆེན་རཀྴ་ཧེ་རུ་ལ། །དབང་ཕྱུག་ཚོགས་ཀྱིས་བསྐོར་བ་ནི། །དཔལ་ཆེན་ཐུགས་ཀྱི་སྦྱོར་བ་ལས། །ཚངས་མ་ལ་སོགས་ཡེ་ཤེས་ཀྱི། །དབང་མོ་ཉི་ཤུ་རྩ་བརྒྱད་ཀྱིས། །ལས་ཀྱི་དབང་མོ་མགོ་བརྙན་ཚོགས། །འཇིག་རྟེན་རྣམས་ཀྱི་སྲིང་མོ་སྟེ། །ལག་ན་གློ་སྙིང་ནང་ཁྲོལ་ཐོགས། །ཉི་ཤུ་རྩ་བརྒྱད་ཚོགས་སུ་སྦྲུལ། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ། །འགལ་བྱེད་གནོད་པའི་ཚོགས་རྣམས་བཏུལ། །ལྷག་མ་སོགས། ཧཱུཾ། དཔལ་ཆེན་རཀྴ་ཧེ་རུ་ལ། །མཁའ་འགྲོ་ཚོགས་ཀྱིས་བསྐོར་བ་ནི། །དཔལ་ཆེན་སྐུ་ཡི་འོད་ཟེར་ལས། །སེམས་དཔའ་སུམ་ཅུ་རྩ་གཉིས་ཀྱིས། །མཁའ་འགྲོ་སུམ་ཅུ་རྩ་གཉིས་སྤྲུལ། །སྲིན་མོ་སུམ་ཅུ་རྩ་གཉིས་བཏུལ། །སེམས་དཔའ་རྡོ་རྗེ་སེམས་དཔའ་ཡིས། །མཁའ་འགྲོ་དགའ་བྱེད་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་དགའ་བྱེད་བཏུལ། །ལྷག་མ་སོགས། སེམས་དཔའ་རྡོ་རྗེ་རྒྱལ་པོ་ཡིས། །མཁའ་འགྲོ་འདྲེན་བྱེད་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་སྤོར་མོ་བཏུལ། །ལྷག་མ་སོགས། སེམས་དཔའ་རྡོ་རྗེ་ལེགས་པ་ཡིས། །མཁའ་འགྲོ་གསོར་བྱེད་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་གསོད་བྱེད་བཏུལ། །ལྷག་མ་སོགས། སེམས་དཔའ་རྡོ་རྗེ་རིན་ཆེན་གྱིས། །མཁའ་འགྲོ་འབར་བྱེད་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་འབར་མ་བཏུལ། །ལྷག་མ་སོགས། སེམས་དཔའ་རྡོ་རྗེ་ཉི་མ་ཡིས། །མཁའ་འགྲོ་གཟི་བརྗིད་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་གཟི་བརྗིད་བཏུལ། །ལྷག་མ་སོགས། སེམས་དཔའ་རྡོ་རྗེ་རྒྱལ་མཚན་གྱིས། །མཁའ་འགྲོ་བདུད་རྩི་རྒྱལ་བྱེད་སྤྲུལ། །སྲིན་མོ་རྒྱལ་བྱེད་དབང་ལྡན་བཏུལ། །ལྷག་མ་སོགས། །སེམས་དཔའ་རྡོ་རྗེ་བཞད་པ་ཡིས། །མཁའ་འགྲོ་འཇོམས་བྱེད་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་འཇོམས་མ་བཏུལ། །ལྷག་མ་སོགས། སེམས་དཔའ་རྡོ་རྗེ་ཆོས་རབ་ཀྱིས། །མཁའ་འགྲོ་ཆགས་བྱེད་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་ཆགས་མ་བཏུལ། །ལྷག་མ་སོགས། སེམས་དཔའ་རྡོ་རྗེ་རྣོན་པོ་ཡིས། །མཁའ་འགྲོ་ཆགས་བྲལ་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་ཆགས་བྲལ་བཏུལ། །ལྷག་མ་སོགས། སེམས་དཔའ་རྡོ་རྗེ་འཁོར་ལོ་ཡིས། །མཁའ་འགྲོ་འཁོར་ལོ་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་འཁོར་ལོ་བཏུལ། །ལྷག་མ་སོགས། སེམས་དཔའ་རྡོ་རྗེ་སྨྲ་བ་ཡིས། །མཁའ་འགྲོ་རྒྱས་འདེབས་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་རྒྱས་མ་བཏུལ། །ལྷག་མ་སོགས། སེམས་དཔའ་རྡོ་རྗེ་སྣ་ཚོགས་ཀྱིས། །མཁའ་འགྲོ་སྣ་ཚོགས་གཟུགས་སུ་སྤྲུལ། །སྲིན་མོ་ཆེན་མོ་སྣ་ཚོགས་བཏུལ། །ལྷག་མ་སོགས། སེམས་དཔའ་རྡོ་རྗེ་གོ་ཆ་ཡིས། །མཁའ་འགྲོ་ཆེན་མོ་བསྲུང་མོར་སྤྲུལ། །སྲིན་མོ་ཆེན་མོ་མ་སྲིན་བཏུལ། །ལྷག་མ་སོགས། སེམས་དཔའ་རྡོ་རྗེ་མཆེ་བ་ཡིས། །མཁའ་འགྲོ་གནོད་སྦྱིན་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་གནོད་སྦྱིན་བཏུལ། །ལྷག་མ་སོགས། སེམས་དཔའ་རྡོ་རྗེ་ཁུ་ཚུར་གྱིས། །མཁའ་འགྲོ་ཡཀྵ་འཕྲོག་ཏུ་སྤྲུལ། །སྲིན་མོ་ཆེན་མོ་འཕྲོག་མ་བཏུལ། །ལྷག་མ་སོགས། སེམས་དཔའ་དཔའ་བར་འགྲོ་བ་ཡིས། །མཁའ་འགྲོ་བྱ་རོག་གདོང་དུ་སྤྲུལ། །སྲིན་མོ་ཆེན་མོ་མིག་འབྱེད་བཏུལ། །ལྷག་མ་སོགས། སེམས་དཔའ་ཀུན་ཏུ་བཟང་པོ་ཡིས། །མཁའ་འགྲོ་འཇིགས་བྱེད་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་འཇིགས་བྱེད་བཏུལ། །ལྷག་མ་སོགས། སེམས་དཔའ་ཟླ་འོད་གཞོན་ནུ་ཡིས། །མཁའ་འགྲོ་འུག་པའི་མགོ་རུ་སྤྲུལ། །སྲིན་མོ་ཆེན་མོ་མོན་ཐོང་བཏུལ། །ལྷག་མ་སོགས། བྱང་ཆུབ་སེམས་དཔའ་བཟང་སྐྱོང་གིས། །མཁའ་འགྲོ་བཞད་གདོང་མ་རུ་སྤྲུལ། །སྲིན་མོ་བཞད་ཀྱི་མགོ་ཅན་བཏུལ། །ལྷག་མ་སོགས། སེམས་དཔའ་དྲྭ་བ་ཅན་འོད་ཀྱིས། །མཁའ་འགྲོ་ཁྱི་མགོ་མ་རུ་སྤྲུལ། །སྲིན་མོ་ཁི་ཡི་མགོ་ཅན་བཏུལ། །ལྷག་མ་སོགས། སེམས་དཔའ་རྡོ་རྗེ་སྙིང་པོ་ཡིས། །མཁའ་འགྲོ་ཕག་གདོང་མ་རུ་སྤྲུལ། །སྲིན་མོ་ཕག་གི་མགོ་ཅན་བཏུལ། །ལྷག་མ་སོགས། སེམས་དཔའ་ནམ་མཁའ་མཛོད་ཀྱིས་ནི། །མཁའ་འགྲོ་རྔ་མགོ་མ་རུ་སྦྲུལ། །སྲིན་མོ་རྔ་མོའི་མགོ་ཅན་བཏུལ། །ལྷག་མ་སོགས། སེམས་དཔའ་འོད་དཔག་མེད་ཀྱིས་ནི། །མཁའ་འགྲོ་བོང་བུའི་མགོ་རུ་སྤྲུལ། །སྲིན་མོ་བོང་བུའི་མགོ་ཅན་བཏུལ། །ལྷག་མ་སོགས། སེམས་དཔའ་ངན་སོང་ཀུན་སྦྱོང་གིས། །མཁའ་འགྲོ་ར་མགོ་མ་རུ་སྤྲུལ། །སྲིན་མོ་ར་ཡི་མགོ་ཅན་བཏུལ། །ལྷག་མ་སོགས། སེམས་དཔའ་རྒྱལ་བ་ཡེ་ཤེས་ཀྱིས། །མཁའ་འགྲོ་བྱི་བའི་མགོ་ཅན་སྤྲུལ། །སྲིན་མོ་བྱི་བའི་མགོ་ཅན་བཏུལ། །ལྷག་མ་སོགས། སེམས་དཔའ་བློ་གྲོས་མི་ཟད་པས། །མཁའ་འགྲོ་ཀེང་རུས་མ་རུ་སྤྲུལ། །སྲིན་མོ་ཀེང་རུས་འཛིན་མ་བཏུལ། །ལྷག་མ་སོགས། སེམས་དཔའ་སྦོབས་པ་བརྩེགས་པ་ཡིས། །མཁའ་འགྲོ་རུས་ཕྲེང་ཅན་དུ་སྤྲུལ། །སྲིན་མོ་རུས་པའི་ཕྲེང་ཅན་བཏུལ། །ལྷག་མ་སོགས། བྱང་ཆུབ་སེམས་དཔའ་བྱམས་པ་ཡིས། །མཁའ་འགྲོ་བུམ་སྣ་མ་རུ་སྤྲུལ། །སྲིན་མོ་བུམ་སྣའི་ཆུང་མ་བཏུལ། །ལྷག་མ་སོགས། སེམས་དཔའ་ངན་སོང་ཀུན་འདྲེན་གྱིས། །མཁའ་འགྲོ་རྣམ་པར་འཇོམས་པར་སྤྲུལ། །གཤིན་རྗེ་རྣམ་འཇོམས་ཆུང་མ་བཏུལ། །ལྷག་མ་སོགས། སེམས་དཔའ་སྤོས་ཀྱི་གླང་པོ་ཡིས། །མཁའ་འགྲོ་ད་ཤ་གྲཱི་བར་སྤྲུལ། །ད་ཤ་གྲཱི་བའི་ཆུང་མ་བཏུལ། །ལྷག་མ་སོགས། བྱང་སེམས་དོན་ཡོད་གྲུབ་པ་ཡིས། །མཁའ་འགྲོ་འབོད་སྒྲོག་མ་རུ་སྤྲུལ། །གནོད་སྦྱིན་འབོད་སྒྲོག་ཆུང་མ་བཏུལ། །ལྷག་མ་སོགས། ཧཱུཾ། དཔལ་ཆེན་རཀྴ་ཧེ་རུ་ལ། །ཕོ་ཉའི་ཚོགས་ཀྱིས་བསྐོར་བ་ནི། །འོད་ཟེར་སུམ་བརྒྱ་དྲུག་ཅུ་ལ། །ཕོ་ཉ་སུམ་བརྒྱ་དྲུག་ཅུར་སྤྲུལ། །ཤར་དུ་འོད་ཟེར་དཀར་པོ་ལས། །དུང་གི་མི་མོ་དྲུག་ཅུར་སྤྲུལ། །དྲི་ཟའི་གདོན་ཚོགས་དྲུག་ཅུ་བཏུལ། །ལྷག་མ་སོགས། ལྷོ་རུ་འོད་ཟེར་སྔོན་པོ་ལས། །ལྕགས་ཀྱི་མི་མོ་དྲུག་ཅུར་སྤྲུལ། །གཤིན་རྗེའི་གདོན་ཚོགས་དྲུག་ཅུ་བཏུལ། །ལྷག་མ་སོགས། ནུབ་ཏུ་འོད་ཟེར་དམར་པོ་ལས། །ཟངས་ཀྱི་མི་མོ་དྲུག་ཅུར་སྤྲུལ། །ཀླུ་ཡི་གདོན་ཚོགས་དྲུག་ཅུ་བཏུལ། །ལྷག་མ་སོགས། བྱང་དུ་འོད་ཟེར་ལྗང་གུ་ལས། །གཡུ་ཡི་མི་མོ་དྲུག་ཅུར་སྤྲུལ། །གནོད་སྦྱིན་གདོན་ཚོགས་དྲུག་ཅུ་བཏུལ། །ལྷག་མ་སོགས། སྟེང་དུ་འོད་ཟེར་སེར་པོ་ལས། །གསེར་གྱི་མི་མོ་དྲུག་ཅུར་སྤྲུལ། །ཡ་བདུད་གདོན་ཚོགས་དྲུག་ཅུ་བཏུལ། །ལྷག་མ་སོགས། འོག་ཏུ་འོད་ཟེར་སྣ་ཚོགས་ལས། །བསེ་ཡི་མི་མོ་དྲུག་ཅུར་སྤྲུལ། །མ་མོའི་གདོན་ཚོགས་དྲུག་ཅུ་བཏུལ། །ལྷག་མ་སོགས། ཧཱུཾ། དཔལ་ཆེན་རཀྴ་ཧེ་རུ་ལ། །གིང་ཆེན་ཚོགས་ཀྱིས་བསྐོར་བ་ནི། །དཔལ་ཆེན་ཧེ་རུ་ཀ་བཞད་པས། རྡོ་རྗེ་གིང་ཆེན་བཅོ་བརྒྱད་སྤྲུལ། །གདོན་གྱི་རྒྱལ་པོ་བཅོ་བརྒྱད་བཏུལ། །ལྷག་མ་སོགས། ཧཱུཾ། དཔལ་ཆེན་རཀྴ་ཧེ་རུ་ལ། །མ་བདུན་ཚོགས་ཀྱིས་བསྐོར་བ་ནི། །དཔལ་ཆེན་ཐུགས་ཀྱི་སྦྱོར་བ་ཡིས། །ཡི་གེ་ཧཱུཾ་བདུན་སྤྲོས་པ་ལས། །གསང་བའི་མ་མོ་བདུན་དུ་སྤྲུལ། །སྲིན་མོ་ཆེན་མོ་བདུན་པོ་བཏུལ། །ལྷག་མ་སོགས། ཧཱུཾ། དཔལ་ཆེན་རཀྴ་ཧེ་རུ་ལ། །སྲིང་མོ་བཞི་ཡིས་བསྐོར་བ་ནི། །གླིང་བཞི་དབང་སྒྱུར་ཆེན་མོ་ཡིས། །སྲིན་མོ་ཆེན་མོ་བཞི་རུ་སྤྲུལ། །བགེགས་ཀྱི་རྒྱལ་པོ་བཞི་པོ་བཏུལ། །ལྷག་མ་སོགས། ཧཱུཾ། བཅོམ་ལྡན་རྡོ་རྗེ་མི་བསྐྱོད་པས། །དཔལ་ཆེན་བཛྲ་ཧེ་རུར་སྤྲུལ། །དབུས་ཀྱི་ཡི་དྭགས་དྲེགས་པ་བཏུལ། །ལྷག་མ་སོགས། བཅོམ་ལྡན་རྣམ་པར་སྣང་མཛད་ཀྱིས། །དཔལ་ཆེན་བུདྡྷ་ཧེ་རུར་སྤྲུལ། །ཤར་གྱི་དྲི་ཟའི་སྲིན་པོ་བཏུལ། །ལྷག་མ་སོགས། བཅོམ་ལྡན་རིན་ཆེན་འབྱུང་ལྡན་གྱིས། །དཔལ་ཆེན་རཏྣ་ཧེ་རུར་སྤྲུལ། །ལྷོ་ཡི་གཤིན་རྗེ་སྲིན་པོ་བཏུལ། །ལྷག་མ་སོགས། བཅོམ་ལྡན་སྣང་བ་མཐའ་ཡས་ཀྱིས། །དཔལ་ཆེན་པདྨ་ཧེ་རུར་སྤྲུལ། །ནུབ་ཀྱི་ཀླུ་ཡི་གདོན་ཚོགས་བཏུལ། །ལྷ་མ་སོགས། བཅོམ་ལྡན་དོན་ཡོད་གྲུབ་པ་ཡིས། །དཔལ་ཆེན་ཀརྨ་ཧེ་རུར་སྤྲུལ། །བྱང་གི་གནོད་སྦྱིན་སྲིན་པོ་བཏུལ། །ལྷག་མ་སོགས། རིགས་ཀྱི་ཡུམ་ཆེན་ལྔ་རྣམས་ཀྱིས། །ཁྲོ་མོོ་ཆེན་མོ་ལྔ་རུ་སྤྲུལ། །སྲིན་མོ་ཆེན་མོ་ལྔ་རྣམས་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །སྔོན་གྱི་དམ་ལས་མ་གཡེལ་བར། །བཀའ་ཡི་གཏོར་མ་འདི་བཞེས་ལ། །ཐུགས་དམ་ཆེན་པོ་ཇི་བཞིན་དུ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་མཛོད། །ཅེས་བྱའོ། །ཆོས་སྐྱོང་གི་མཆོད་གཏོར་རྣམས་ཀྱང་གཙང་སར་ཞལ་ནང་དུ་བསྟན་ཏེ་འབུལ་ལོ། །རྩ་བར། ལྷག་མ་བཏང་སྟེ་ཞེས་གསུངས་པ་གྲུབ་ནས། གཉིས་པ་བརྟན་མ་བསྐྱང་བ་ནི། ཕྱི་རོལ་ཏུ་བྱ་བར་གསུངས་པ་སྤྲོ་ན་ཕྱིར་བྱ། མི་སྤྲོ་ན་སྒྲུབ་ཁང་ནས་ཀྱང་རུང་སྟེ། སྣོད་རྣམས་ཆང་གིས་བཤལ་ཏེ་གཅིག་ཏུ་བསྡུས་པའི་ཁར་དཔལ་གྱི་གཏོར་མའི་མཐེབ་སྐྱུ་བསྡུས་ཏེ་བླུག །བདུད་རྩིས་བྲན་ལ། ༀ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས་ཏེ་བཏང་བའི་ཚུལ་ནི། རྩ་བར། བརྟན་མ་བསྐྱང་བ་ནི། ༀ་བཛྲ་མ་ཧཱ་ཀྲོ་དྷ་ཤྲཱི་རུ་ཀ་ཧཱུཾ་ཨ་ཨ་ཨ་ཧཱུཾ་ཕཊ། ཧོཿ བཅོམ་ལྡན་འདས་དཔལ་ཆེན་ཧེ་རུ་ཀ་ཡི་འཁོར། ནག་མོ་ཆེན་མོ་བཞིན་མི་སྡུག་གི་བུ་མོ་བདུད་མོ་ཆེན་མོ་བཞི། དམར་མོ་ཁྲོ་གཉེར་ཅན་གྱི་བུ་མོ་གནོད་སྦྱིན་མ་ཆེན་མོ་བཞི། དཀར་མོ་བཞིན་བཟང་མའི་བུ་མོ་སྨན་བཙུན་མ་ཆེན་མོ་བཞི། བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་འཁོར་ཞིང་གི་རྡུལ་སྙེད་དང་བཅས་པ། སྔོན་གྱི་ཐུགས་དམ་ལས་མ་འདའ་བར་དཔལ་ཆེན་པོའི་བཀའ་ཡི་ཕམ་ཕབ་བླང་བ་དང་། སྒྲུབ་པ་པོའི་སྟོང་གྲོགས་ལ་གཤེགས་ཤིག །ཌཱ་ཀི་ནི་ཧཱུཾ་ཛཿ ཨེ་ཨ་རལླི་ཧྲིཾ་ཧྲིཾཿཧཱུཾ། བཀའ་ཡི་ཚོགས་དང་བཅས་ཉིད་དུ། །ཁྲག་འཐུང་དེ་བཞིན་ནམ་མཁའ་ཡི། །ཚུར་གཤེགས་ཚུར་གཤེགས་སྐྱོང་མ་རྣམས། །འདིར་སྤྱོན་དམ་སྐོངས་མཆོད་པ་བཞེས། །བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ། །དཔལ་ལྡན་ཧ་རི་རྡོ་རྗེ་གཡའ་མ་སྐྱོང་། །གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང་། །འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ། །བདུད་མོ་ཆེན་མོ་ཁྱེད་བཞི་ཡང་། །སྔོན་གྱི་ཐུགས་དམ་རྗེས་དགོངས་ཏེ། །བྲན་གཡོག་མང་པོའི་འཁོར་དང་བཅས། །ལྷབ་ལྷུབ་མང་པོའི་རྒྱན་དང་བཅས། །སིལ་སྙན་མང་པོའི་སྒྲ་དང་བཅས། །འདིར་བྱོན་དམ་སྐོངས་མཆོད་པ་བཞེས། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །གངས་དཀར་ཤ་མེད་རྡོ་རྗེ་གཡུ་བུན་མ། །ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ། །གསེར་ཆེན་མཁའ་ལྡིང་རྡོ་རྗེ་རླུང་མོ་ཆེ། །རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ། །གནོད་སྦྱིན་ཆེན་མོ་ཁྱེད་བཞི་ཡང་། །སྔོན་གྱི་ཐུགས་དམ༴ བྲན་གཡོག་མང་པོའི༴ ལྷབ་ལྷུབ་མང་པོའི༴ སིལ་སྙན་མང་པོའི༴ འདིར་བྱོན་དམ་སྐོངས༴ བཅོལ་བའི་ཕྲིན་ལས༴ ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་། །བཙན་ལ་ལ་རོལ་རྡོ་རྗེ་སྨན་ཅིག་མ། །སྨན་བཙུན་ཨུག་ཆོས་རྡོ་རྗེ་གཡར་མོ་བསིལ། །གཡུ་ཡི་previous hit དྲིལབུ ་རྡོ་རྗེ་ཟུ་ལེ་མ། །སྨན་བཙུན་ཆེན་མོ་ཁྱེད་བཞི་ཡང་། །སྔོན་གྱི་ཐུགས་དམ༴ བྲན་གཡོག་མང་པོའི༴ ལྷབ་ལྷུབ་མང་པོའི༴ སིལ་སྙན་མང་པོའི༴ འདིར་བྱོན་དམ་སྐོངས༴ བཅོལ་བའི་ཕྲིན་ལས༴ སློབ་དཔོན་པདྨ་འབྱུང་གནས་ཀྱིས། །ཨ་སུ་ར་ཡི་བྲག་ཕུག་ཏུ། །རྣམ་ལྔ་ཞིང་གི་མཆོག་བཀྲམ་ནས། །ལག་ཏུ་རྡོ་རྗེ་གཏད་ནས་ནི། །ཞིང་ཆེན་བསྒྱེལ་བའི་གདན་སྟེང་དུ། །རྡོ་རྗེ་འཆང་གི་གྲལ་དུ་བཞག །སྒྲུབ་པ་པོ་ཡི་གྲོགས་བྱ་ཞེས། །ཐར་པ་ཐོབ་ཕྱིར་མིང་ཡང་བཏགས། །ནད་རྣམས་ཐམས་ཅད་བཟློག་པ་དང་། །དགྲ་བགེགས་ཐམས་ཅད་འདུལ་བ་དང་། །བསམ་པ་ཐམས་ཅད་སྒྲུབ་བོ་ཞེས། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །དམ་ཚིག་དག་ལ་ཁྱོད་མ་འདའ། །གལ་ཏེ་དམ་ལས་འདས་གྱུར་ན། །ཁྲོ་བོ་ཡཀྴ་མེ་དབལ་གྱིས། །སྙིང་གི་དཀྱིལ་ནས་ཁྲག་དྲངས་ནས། །འོ་དོད་འབོད་པར་གདོན་མི་ཟ། །དེ་བས་ཐུགས་དམ་རྗེས་དགོངས་ལ། །འདིར་བྱིན་དམ་སྐོངས་མཆོད་པ་བཞེས། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ལ་ལ། ལེ་ལེ། ཏ་ཏ། ཏེ་ཏེ། ཁ་རཀྨ། མ་མ་སྲིང་འགྲོ་མ་ཧཱུྃ བྷྱོ་ཧཱུྃ། བརྟན་མ་ཆེན་མོ་བཅུ་གཉིས་ཀྱི་ཞལ་དུ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་བ་ལིངྟ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། བརྟན་མ་ཆེན་མོ་བཅུ་གཉིས་ལ་ཕྲིན་ལས་སུ་གསོལ་བ་ནི། རྣལ་འབྱོར་པ་བདག་ཅག་གི་སྡང་བའི་དགྲ་ཐུལ། གནོད་པའི་བགེགས་ཆོམས། ཞིང་བཅུ་རྡུལ་དུ་རློག །བསམ་པ་ཆོས་བཞིན་བསྒྲུབས། བར་ཆད་འགལ་རྐྱེན་བཟློག །དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཡ་ཧི་གཙྪ། རྒྱལ་བ་མཆོད་པས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་སྐོངས་གྱུར་ཅིག །ཕ་མ་ལ་སོགས་འགྲོ་དྲུག་ལ། །ཚད་མེད་གཏོར་མ་འདི་བསྔོས་པས། །ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་ནས། །ཐམས་ཅད་སངས་རྒྱས་མྱུར་ཐོབ་ཤོག །གསུམ་པ་ལས་བཞིའི་བྲོ་བྱ་བ་ནི། གཏོང་གཞོང་ཁ་སྦུབས་པའི་སྟེང་དུ་རྣལ་འབྱོར་པ་རྣམས་ལག་གཡས་སྟེང་དུ་བྱས་པའི་མཛུབ་མོ་གཉིས་བསྣོལ་ཏེ་སྦྲེལ་བ་བྲོ་ར་ཟླུམ་པོར་བྱས་ལ། རྩ་བར། ཡཾ་རཾ་ཙཀྲ་ཛྭ་ལ་རཾ་བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བཛྲ་བྷནྡྷ་སཱུརྻ་ཙནྡྲ་པདྨ་མཎྜལ་ཏི་ར་བཾ། བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ཧ་ཧེ་ཕཊ་བྷྱོ་རཾ། འདིར་དམིགས་པ་རྣམས་གསལ་བར་མ་བྱུང་ཡང་། སྒྱུ་འཕྲུལ་ཁྲོ་བོའི་དབང་ཆོག་སྒྲོལ་ཆེན་སངས་རྒྱས་རིན་ཆེན་གྱིས་མཛད་པ་ལས་འདི་ལྟར་གྱིས་མཛད་པ་ལས་འདི་ལྟར་བྱུང་སྟེ། ཕྱི་སྣོད་ཀྱི་འཇིག་རྟེན་དཀར་པོ་ཟླུམ་པོ་འཁོར་ལོ་དང་། མེ་དཔུང་གིས་བརྒྱན་པ་འབྱམས་ཀླས་པར་གྱུར་པའི་ནང་དུ་བཅུད་ཀྱི་སེམས་ཅན་ཐམས་ཅད་བུདྡྷ་ཁྲག་འཐུང་གི་ལྷ་ཚོགས་ཕྱག་ན་འཁོར་ལོ་བསྣམས་པ་འོད་དང་སྤྲུལ་པ་དཀར་པོ་འཕྲོ་བ། ཕྱོགས་བཅུའི་སྟོང་ཁམས་རྡུལ་ཕྲ་མོ་སྙེད་ཐོན་པས་སྟོང་གསུམ་ཁེངས་པས་ཞི་བའི་ལས་ལ་ཐོགས་པ་མེད་པར་གྱུར། རྩ་བར། ༀ་ༀ་ༀ། གཏི་མུག་རྡོ་རྗེ་འཁོར་བཅས་ཀྱིས། །འཇིག་རྟེན་ཁམས་ཀྱི་རབ་འབྱམས་ཀུན། །ཡུད་ཙམ་གྱིས་ནི་ཞི་མཛད་པ། །ཞི་བའི་ལས་རྣམས་གྲུབ་པར་མཛོད། །ༀ་སུམྦྷ་ནི་སུམྦྷ་ཧཱུཾ། སྟྭཾ་བྷ་ནི་སྟྭཾ་བྷ་ནི་ཧཱུཾ། གྲྀ་ཧྞ་པ་ཡ་གྲྀ་ཧྞ་པ་ཡ་ཧཱུཾ། ཨ་ན་ཡ་ཧོ། བྷ་ག་ཝ ན་བིདྱཱ་རཱ་ཛ་ཧཱུཾ་ཕཊ། ཧོཿ བཅོམ་ལྡན་འདས་བུདྡྷ་ཧེ་རུ་ཀ་འཁོ་དང་བཅས་པའི་ལྷ་ཚོགས་ལ་ཕྲིན་ལས་སྙན་དུ་གསོལ་བ་ནི། བདག་ཅག་རྣམས་ཀྱི་སྡང་བའི་དགྲ་དང་གནོད་པའི་བགེགས་དང་ཡ་མ་དམ་སྲི་ལ་སོགས་པའི་ལས་དང་ཉོན་མོངས་པ་ཐམས་ཅད་ཞི་བར་མཛད་དུ་གསོལ། ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ། ཞི་བའི་གདུལ་བྱར་མ་གྱུར་པ་རྣམས་དྲག་པོའི་བྲོས་ཚར་བཅད་པ་ནི། མཐེའུ་ཆུང་སྦྲེལ་བའི་བྲོ་ར་གྲུ་གསུམ་བྱས་ཏེ། སྣོད་ཀྱི་འཇིག་རྟེན་མཐིང་ནག་གྲུ་གསུམ་མེ་དཔུང་དང་རྡོ་རྗེས་བརྒྱན་པར་གྱུར། བཅུད་ཀྱི་སེམས་ཅན་བཛྲ་ཁྲག་འཐུང་གི་ལྷ་ཚོགས་ཕྱག་ན་རྡོ་རྗེ་བསྣམས་པ་འོད་དང་སྤྲུལ་པ་མཐིང་ནག་འཕྲོ་བ་དང་། དྲག་པོའི་ལས་ལ་ཐོགས་པ་མེད་པར་གྱུར། ཨེ་ཡཾ་ཛྭ་ལ་རཾ་བྷྲཱུཾ་བི་ཤྭ་བི་ཤུདྡྷེ་བཛྲ་བྷནྡྷ་སཱུརྱ་ཙནྡྲ་རཏྣ་པདྨ་མཎྜལ་ཏི་ར་བཾ། བཛྲ་ཤྲི་ཧེ་རུ་ཀ་བཛྲ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ། ཞེ་སྡང་རྡོ་རྗེ་འཁོར་བཅས་ཀྱིས། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །ཐལ་བའི་རྡུལ་དུ་བརླག་ནས་ཀྱང་། །དྲག་པོའི་ལས་རྣམས་འགྲུབ་པར་མཛོད། །སུམྦྷ་སོགས་འགྲེ། ཧོཿ བཅོམ་ལྡན་འདས་བཛྲ་ཧེ་རུ་ཀ་འཁོར་དང་བཅས་པ་རྣམས་ལ་ཕྲིན་ལས་སུ་བཅོལ་བ་ནི། བདག་ཅག་རྣམས་ལ་སྡང་བའི་དགྲ། གནོད་པའི་བགེགས། བསམ་སྦྱོར་ངན་པ་བྱེད་པ་ཐམས་ཅད་ཐལ་བ་བཞིན་དུ་བརླག་པའི་ཕྲིན་ལས་མཛད་དུ་གསོལ། རཀྵ་མཱ་ར་ཡ་ཧཱུཾ་ཕཊ། དྲག་པོའི་གདུལ་བྱར་མ་གྱུར་པ་རྣམས་དབང་གི་བྲོས་དབང་དུ་བསྡུ་བ་ནི། སྲིན་མཛུབ་སྦྲེལ་བའི་བྲོ་ར་ཟླ་གམ་དུ་བྱས་ལ། ཕྱི་སྣོད་ཀྱི་འཇིག་རྟེན་ཟླ་གམ་དམར་པོ་དབང་གི་དཀྱིལ་འཁོར་པདྨ་དང་མེ་དཔུང་གིས་མཚན་པ། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་པདྨ་ཁྲག་འཐུང་གི་ལྷ་ཚོགས་ཕྱག་ན་པདྨ་བསྣམས་པ་འོད་དང་སྤྲུལ་པ་དམར་ནག་འཕྲོ་བ། ཐམས་ཅད་དབང་དུ་སྡུད་པའི་ལས་ལ་ཐོགས་པ་མེད་པར་གྱུར། བཾ་རཾ་པདྨ་ཛྭ་ལ་རཾ་བྷྲཱུཾ་བི་ཤྭ་བི་ཤུདྡྷེ་པདྨ་བྷནྡྷ་སཱུརྱ་ཙནྡྲ་རཏྣ་མཎྜལ་ཏི་ར་བཾ། པདྨ་ཤྲི་ཧེ་རུ་ཀ་པདྨ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ཧ་ཧེ་ཕཊ་བྷྱོ་རཾ། ཧྲཱི་ཧྲཱི་ཧྲཱིཿ འདོད་ཆགས་རྡོ་རྗེ་འཁོར་བཅས་ཀྱིས། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །ཐམས་ཅད་དབང་དུ་བསྡུས་ནས་ཀྱང་། །དབང་དུ་མ་གྱུར་གང་ཡང་མེད། །སུམྦྷ་འགྲེ། ཧོཿ བཅོམ་ལྡན་འདས་པདྨ་ཧེ་རུ་ཀ་འཁོར་དང་བཅས་པའི་ལྷ་ཚོགས་རྣམས་ལ་ཕྲིན་ལས་སུ་གསོལ་བ་ནི། བདག་ཅག་རྣམས་ལ་མི་ཕན་པ་དང་མི་མཛའ་བ་ལ་སོགས་པ་ཐམས་ཅད་དབང་དུ་འདུ་བར་མཛད་དུ་གསོལ། པཱ་ཤ་མ་ན་ཡེ་སྭཱ་ཧཱ། དེ་ལྟར་ཐམས་ཅད་དབང་དུ་བསྡུས་ནས་རྒྱས་པའི་བྲོ་བྱ་བ་ནི། གུང་མོ་གཉིས་སྦྲེལ་བའི་བྲོ་ར་གྲུ་བཞིར་བྱས་ལ། ཕྱི་སྣོད་ཀྱི་འཇིག་རྟེན་གྲུ་བཞི་སེར་ནག་རྒྱས་པའི་དཀྱིལ་འཁོར་རིན་པོ་ཆེ་དང་མེ་དཔུང་གིས་མཚན་པ། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་རཏྣ་ཁྲག་འཐུང་གི་ལྷ་ཚོགས་ཕྱག་ན་རིན་པོ་ཆེ་བསྣམས་པ་འོད་དང་སྤྲུལ་པ་སེར་ནག་འབར་བ་ཆེན་པོའི་ཡོན་ཏན་རྒྱས་པའི་ཕྲིན་ལས་ཐོགས་པ་མེད་པར་གྱུར། མཾ་རཾ་རཏྣ་ཛྭ་ལ་རཾ་བྷྲཱུཾ་བི་ཤྭ་བི་ཤུདྡྷེ་རཏྣ་བྷནྡྷ་སཱུརྱ་ཙནྡྲ་པདྨ་མཎྜལ་ཏི་ར་བཾ། རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷི་ཤྭ་རཱི་ཧཱུཾ། ཧ་ཧེ་ཕཊ་བྷྱོ་རཾ། ཏྲཾ་ཏྲཾ་ཏྲཾ། ང་རྒྱལ་རྡོ་རྗེ་འཁོར་བཅས་ཀྱིས། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །དཔལ་དང་གཟི་བརྗིད་ཆེན་པོ་རྣམས། །ཡུད་ཙམ་གྱིས་ནི་རྒྱས་འགྱུར་མཛོད། །སུམྦྷ་འགྲེ། ཧོཿ བཅོམ་ལྡན་རཏྣ་ཧེ་རུ་ཀ་འཁོར་དང་བཅས་པའི་ལྷ་ཚོགས་རྣམས་ལ་ཕྲིན་ལས་སུ་གསོལ་བ་ནི། རྣལ་འབྱོར་པ་བདག་ཅག་རྣམས་ཀྱི་ཚེ་དང་ལོངས་སྤྱོད་དཔལ་དང་གཟི་བརྗིད་ཟླ་བ་ཡར་གྱི་ངོ་བཞིན་དུ་འཕེལ་ཞིང་རྒྱས་པའི་ཕྲིན་ལས་མཛད་དུ་གསོལ། པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། རྩ་བར། དེ་ནས་ནམ་ལངས་པ་དང་དཀྱིལ་འཁོར་བསྡུས་ལ། ཞེས་གསུངས་པའི་དོན། བཞི་པ་མཆོད་བསྟོད་ལྷག་ཆད་བསྐང་ཞིང་བཟོད་པར་གསོལ་ནས་དཀྱིལ་འཁོར་བསྡུ་བ་ནི། དཀྱིལ་འཁོར་ཆེན་པོའི་མཆོད་པ་རྣམས་གསར་དུ་བཤམས་ཤིང་། ཞི་ཁྲོ་ཐུན་མོང་དུ། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱི། །ཞེས་སོགས་ནས་བཟུང་ཆུ་གཉིས་དང་། བཞི་བསྣོལ་གྱིས་གཏང་རག་གི་ཚུལ་དུ་མཆོད་ཅིང་རོལ་མོའི་སྒྲ་རྒྱ་ཆེར་བྱ། ཞི་བ་ལ། ༀ། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཞེས་སོགས་ཀྱི་ཞི་བསྟོད་དང་། ཧཱུཾ། གཏུམ་ཆེན་དུས་མཐའི་མེ་ཆེན་འབར། །ཞེས་སོགས་ཀྱི་ཁྲོ་བསྟོད་བྱ། ལྷག་ཆད་བསྐང་ཕྱིར་ཡིག་བརྒྱ་ཅི་མང་བཟླས་ཤིང་མཐར། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་རྣམས་དགོངས་སུ་གསོལ། བདག་ཅག་ལས་དང་པོ་པའི་གང་ཟག་གི་དབང་དུ་གྱུར་པས། དཀྱིལ་འཁོར་ཆེན་པོའི་མཆོད་སྒྲུབ་ཏིང་ངེ་འཛིན་དང་། དབང་བསྐུར་བའི་ལས་བགྱིས་པ་ལ་འགལ་འཁྲུལ་ནོངས་པའི་ཚོགས་ཅི་མཆིས་པ་ཐམས་ཅད་བཟོད་པར་མཛད་དེ། བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་དང་། སྤྱི་གཞུང་ལྟར། མ་འབྱོར་པ་དང་ཉམས་པ་དང་། །ཞེས་སོགས་ཚིགས་བརྒྱད་ཀྱི་སྒོ་ནས་ཀྱང་བཟོད་པར་གསོལ་ལ། དཀྱིལ་འཁོར་བསྡུ་བ་ནི་གཡུང་སྟོན་ཆེན་པོ་དང་སྒྲོལ་ཆེན་སངས་རིན་གྱིས། བཛྲ་མུཿས་གཤེགས་སུ་གསོལ་བར་གསུངས་པའི་ཕྱིར་ན། ༀ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿཞེས་བརྗོད། ལག་ལེན་དང་དམིགས་པའི་རིམ་པ་ནི། གཡུང་སྟོན་ཆེན་པོས་འདི་ལྟར། ཡེ་ཤེས་པ་གཤེགས། དམ་ཚིག་པ་བསྡུས་ཏེ། དབང་ཕྱུག་གི་རྡོ་རྗེ་བསྣམས་ཏེ་ཤར་སྒོའི་ཚངས་ཐིག་གི་ལམ་ནས་ཧཱུཾ་ཞེས་བརྗོད་ཅིང་། དབུས་ཀྱི་གཙོ་བོའི་གནས་ཀྱི་བར་དུ་བསྡུ། དེ་བཞིན་དུ་ལྷོ་དང་ནུབ་དང་བྱང་ནས་ཀྱང་སྟེ། གཞལ་ཡས་ཁང་ལྷ་ལ་བསྡུ། འཁོར་གཙོ་བོ་ལ་བསྡུ། གཙོ་བོ་ཐུགས་ཀའི་ས་བོན་ལ་བསྡུ། ས་བོན་ཡང་ནཱ་ད་ལ་བསྡུས་ཏེ། དེ་ཡང་མེ་ལོང་ལ་ཧས་བཏབ་པ་བཞིན་དུ་ཡལ་ནས་སྟོང་པ་ཉིད་ཀྱི་ངང་ལ་ཅུང་ཞིག་བཞག །རྡུལ་ཚོན་རྣམས་བསྡུས་ལ། ཆུ་བོ་ཆེན་པོའམ་རི་མཐོན་པོའི་རྩེ་ལ་བསྐྱལ། ཐིག་རྗེས་བསུབ། བུམ་ཆུ་དོན་དུ་གཉེར་བ་ཡོད་ན་སྦྱིན། མེད་ན་མིས་མི་འགོམ་པའི་སར་དབོ། རྫས་དང་ཡོ་བྱད་རྣམས་དབེན་པའི་སར་ཚགས་བྱའོ། །ཞེས་གསུངས་པའི་དོན། བཛྲ་མུཿབརྗོད་མ་ཐག་ཏུ་རྡོ་རྗེ་སློབ་དཔོན་གྱིས་རྡོ་རྗེ་བསྣམས་ཏེ་རྡུལ་ཚོན་གྱི་དཀྱིལ་འཁོར་གོང་བཞིན་བསྡུ་ལ་རྫོགས་རིམ་གྱི་དམིགས་པ་ནི། རྡུལ་ཚོན་གྱི་ཡེ་ཤེས་པ་གཤེགས། དམ་ཚིག་པ་བདག་ལ་བསྡུ། བདག་མདུན་བུམ་གསུམ་སྒྱུ་མའི་རོལ་པ་ཙམ་དུ་སྣང་བ་དེ་ཉིད་ཀྱི་གཞལ་ཡས་ཁང་རྣམས་ལྷ་ལ་བསྡུ། ལྷ་རྣམས་ཀྱང་འཁོར་གཙོ་བོ་ལ། གཙོ་བོ་ཐུགས་སྲོག་ཧཱུཾ་ལ། ཧཱུཾ་ཡང་ཞབས་ཀྱུ་ལ། ཞབས་ཀྱུ་འ་ལ། འ་ཧ་ཁོག་ལ། ཧ་མགོ་བོ་ལ། མགོ་བོ་ཟླ་ཚེས། ཟླ་ཚེས་ཐིག་ལེ། ཐིག་ལེ་ནཱ་ད། ནཱ་ད་ཡང་ཇེ་ཕྲལ་ཡལ་ཏེ་མཐར་མི་དམིགས་ཀ་དག་ཆེན་པོའི་ངང་ལ་བཞག་གོ། །གཡུང་སྟོན་ཆེན་པོའི་གསུང་གོང་གི་འཕྲོས་ལས། དེ་ལྟར་རྟག་པའི་མཐའ་བསལ་ནས། སླར་ཡང་ཆད་པའི་མཐའ་བསལ་བའི་དོན་དུ་སྐད་ཅིག་དྲན་རྫོགས་སུ་ཡི་དམ་གང་ཡིན་དུ་རང་ཉིད་གསལ་བཏབ་ལ། གོ་བགོ། ལུས་བསྲུང་། དབང་བསྣན། ཡི་དམ་གྱི་ལྷའི་ང་རྒྱལ་དང་མི་འབྲལ་བའི་ངང་ནས་མཚམས་ཕུར་སོགས་བསྡུ་བར་གསུངས་ཤིང་། སྒྲོལ་ཆེན་སངས་རིན་གྱིས། ཆད་པའི་མཐའ་བསལ་བའི་དོན་དུ་སྐད་ཅིག་དྲན་རྫོགས་སུ་ཧེ་རུ་ཀར་གསལ་བཏབ། ཅེས་གསུངས་པ་ལེགས་པར་སྣང་སྟེ། སྟོང་ཉིད་ཀྱི་ངང་ལས་ཆུ་ལས་ཉ་ལྡང་བའི་ཚུལ་གྱིས་རང་ཉིད་ཆེ་མཆོག་དབུ་ཉེར་གཅིག་ཕྱག་ཞེ་གཉིས་པའམ། དབང་མཆོག་དབུ་དགུ་ཕྱག་བཅོ་བརྒྱད་པའམ། བཛྲ་ཧེ་རུ་ཀ་ཞལ་གསུམ་ཕྱག་དྲུག་པའམ། རྒྱུའི་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའམ། འབྲས་བུའི་ཧེ་རུ་ཀ་ཞལ་གསུམ་ཕྱག་དྲུག་པ་སོགས་གང་མོས་ཀྱི་རྣམ་པར་བལྟའོ། །གོ་བགོ་ལུས་བསྲུང་སོགས་མཁས་གྲུབ་སེ་སྟོན་ཆེན་པོ་རིན་ཆེན་རྒྱལ་མཚན་གྱི་བཞེད་པ་ལྟར་ལེགས་ཏེ། དེ་ལྟར་རང་ཉིད་ཧེ་རུ་ཀར་གསལ་བའི་སྤྱི་བོར་ཟླ་བ་ལ་གནས་པའི་ཧཾ། དེ་ལས་འཕྲོས་འདུས་ལུས་རྡོ་རྗེའི་གོ་ཁྲབ་ཀྱིས་གཏམས་པར་གྱུར། ཨ་ཙནྡྲ་མཎྜ་ལ་ཧཾ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། རྡོ་རྗེ་གོ་ཆའི་རྒྱས་དཔྲལ་བར་གཏུགས་ལ། བཛྲ་ཀཱ་ཝཱ་ཙི་རཀྵ་རཀྵ། ཁྲོ་བོ་རྡོ་རྗེ་གནོད་སྦྱིན་དང་མི་འཆི་ཐལ་སྦྱོར་གཉིས་ཀྱིས་གསང་གནས་སུ་བཞེངས། ལྟེ་བ་དང་བཅུ་དྲུག་མདོར་བཅིངས། སྙིང་ཁ་དང་ཚིགས་པ་བདུན་པར་བཅིངས། མགྲིན་པར་བཞེངས། དཔྲལ་བ་དང་ལྟག་ཁུང་དུ་བཅིངས། སྤྱི་བོར་བཞེངས་པའི་ཚུལ་གྱིས་བསྲུང་བར་བྱས། རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོ་གཉིས་ཁྲོ་བོ་དེ་གཉིས་ཀྱི་རང་བཞིན་གྱིས་གནས་དེ་དག་ཏུ་བསྲུང་བར་བསམ་ལ། ༀ་ཏྲུཾ་ཞེས་ལན་དྲུག་གིས་གནས་སོ་སོར་ཕྱག་རྒྱ་བསྣོལ་ཏེ་བསྲུང་ངོ་། །དར་དཀར་པོས་གནས་དགུར་མདུད་དེ་བསྲུང་བར་བསམ་ལ་ལག་གཉིས་སྤྱི་བོར་རྩེ་སྤྲད་པ་བཤམ་བསྡབས་ཏེ་བཛྲ་ཏུ་ཥྱ་ཧོཿ དབང་བསྣན་པ་ནི། རིགས་ལྔས་དབུ་བརྒྱན་པར་བསམ་ལ་རཏྣ་མུ་ཀུ་ཊ་ཏྲཾ་ཏྲཾ་ཏྲཾ་ཏྲཾ་ཏྲཾ། ཨཱརྱ་ལཾ་བོ་དྷ་ར་བཛྲ་དྲཱི་ཤྱ་ཧོཿ དེ་ནས་ལྷའི་ང་རྒྱལ་ལ་གནས་པས་འཇུག་དོན་རྣམས་བྱ་བ་ལ། རྩ་བར། དེ་ནས་ནང་དུ་འོངས་ལ། དུག་གསུམ་གྱི་སྦྱིན་སྲེག་བྱ། ཞེས་གསུངས་པའི་དོན་ནི། སྒྱུ་འཕྲུལ་ལས། གཏོར་མ་ཚོ་གསུམ་དུ་བཅད་པའི་དང་པོ་དེ་ཆོས་ཀྱི་གཏོར་མ་ཞེས་བྱ་སྟེ་གཏེར་དུ་སྦ། བར་པ་ཡེ་ཤེས་རོལ་པའི་གཏོར་མ་ཞེས་བྱ་སྟེ་སྦྱིན་སྲེག་བྱ། མཐའ་མ་དེ་ཐུགས་རྗེ་སྤྲུལ་པའི་གཏོར་མ་ཞེས་བྱ་སྟེ་ལས་མཁན་གྱིས་མཁའ་འགྲོ་ཆོས་སྐྱོང་མཆོད། ཅེས་གསུངས་པའི་དོན་ལྟར་སྦྱིན་སྲེག་བྱ་བའི་དགོངས་པ་ཡིན་ནམ་སྙམ་མོ། །རྩ་བར། དངོས་གྲུབ་ཀྱི་གཏེར་སྦ་བ་ནི། དཔལ་གྱི་རྩར་ཞེས་གསུངས་པ་དཀྱིལ་འཁོར་གྱི་འོག་གམ་ཡང་ན་སྒྲུབ་ཁང་མཛོད་ཕུགས་གང་བདེར་དོང་ཟླ་གམ་བྲུས་ལ་དམར་པོར་བྱུག །སྨན་རཀ་གིས་ཆག་ཆག་གདབ། བྷྲཱུཾ་ལས་གཞལ་ཡས་ཁང་དུ་བསྐྱེད་ལ། དེའི་ནང་དུ་སྒྲུབ་གཏོར་གྱི་དུམ་བུ་དང་། འབྲུ་སྨན་དར་ཟབ་རིན་པོ་ཆེ་སྣ་ཚོགས་ཀྱིས་བཀང་བའི་བུམ་གཏེར་གཞུག་སྟེ། ཆོ་ག་ནི། རྩ་བར། ཧཱུཾ། ས་ཡི་ལྷ་མོའི་མཁའ་དབྱིངས་སུ། །ཁྲག་འཐུང་རིགས་ལྔའི་གཏེར་སྦེད་དོ། །བདུད་རྩི་ལྔ་ཡི་གཏེར་སྦས་པས། །ཧེ་རུ་ཀ་ཡིས་མདུན་བསུས་ནས། །ཡེ་ཤེས་ལྔ་ཡི་དོན་རྟོགས་ཤོག །ཡེ་ཤེས་ལྔ་ཡིས་རྒྱབ་གདབ་བོ། །ས་ཡི་ལྷ་མོའི་མཁའ་དབྱིངས་སུ། །དབྱིངས་ཕྱུག་ལྔ་ཡི་གཏེར་སྦེད་དོ། །ཤ་ཁྲག་རུས་པའི་གཏེར་སྦས་པས། །ཡུམ་ཆེན་ལྔ་ཡིས་མདུན་བསུས་ནས། །གསང་བའི་མཛོད་དང་འཕྲད་པར་ཤོག །སྐྱེ་མེད་དབྱིངས་ཀྱིས་རྒྱས་གདབ་བོ། །ས་ཡི་ལྷ་མོའི་མཁའ་དབྱིངས་སུ། །ཁྲོ་མོ་བརྒྱད་ཀྱི་གཏེར་སྦེད་དོ། །རྣམ་ཤེས་བརྒྱད་ཀྱི་གཏེར་སྦས་པས། །མ་མོ་བརྒྱད་ཀྱིས་མདུན་བསུས་ནས། །གསང་བའི་རྫས་དང་འཕྲད་པར་ཤོག །ས་ཡི་ལྷ་མོའི་མཁའ་དབྱིངས་སུ། །ཕྲ་མེན་བརྒྱད་ཀྱི་གཏེར་སྦེད་དོ། །གསང་བའི་དམ་རྫས་གཏེར་སྦས་པས། །མགོ་བརྙན་རྣམས་ཀྱིས་མདུན་བསུས་ནས། །འདོད་ཡོན་ལྔ་དང་འཕྲད་པར་ཤོག །རང་རིག་ཡེ་ཤེས་རྒྱས་གདབ་བོ། །ས་ཡི་ལྷ་མོའི་མཁའ་དབྱིངས་སུ། །སྒོ་མ་བཞི་ཡི་གཏེར་སྦེད་དོ། །རྣམ་ཐར་བཞི་ཡི་གཏེར་སྦས་པས། །ཁྲོ་མོ་བཞི་ཡིས་མདུན་བསུས་ནས། །བདུད་བཞིའི་འཇིགས་ལས་ཐར་བར་ཤོག །རིག་པ་ཡེ་ཤེས་རྒྱས་གདབ་བོ། །ས་ཡི་ལྷ་མོའི་མཁའ་དབྱིངས་སུ། །དབང་ཕྱུག་མ་ཡི་གཏེར་སྦེད་དོ། །དམ་རྫས་བདུད་རྩིའི་གཏེར་སྦས་པས། །དམ་ཅན་རྣམས་ཀྱིས་མདུན་བསུས་ནས། །བདུད་རྩིའི་ཟས་དང་འཕྲད་པར་ཤོག །རང་རིག་ཡེ་ཤེས་རྒྱས་གདབ་བོ། །ས་ཡི་ལྷ་མོའི་མཁའ་དབྱིངས་སུ། །ཁྲོ་བོ་བཅུ་ཡི་གཏེར་སྦེད་དོ། །དམ་རྫས་རུས་པའི་གཏེར་སྦས་པས། །ཁྲག་འཐུང་རྣམས་ཀྱི་མདུན་བསུས་ནས། །རྡོ་རྗེའི་གྲལ་དང་འཕྲད་པར་ཤོག །རང་རིག་ཡེ་ཤེས་རྒྱས་གདབ་བོ། །རྡོ་རྗེ་སློབ་དཔོན་མཆེད་ལྕམ་གྱིས། །དམ་རྫས་གཏོར་མའི་གཏེར་སྦས་པས། །ཟག་མེད་གཏེར་ལ་ལོངས་སྤྱོད་ཅིང་། །གསང་བའི་དཀྱིལ་འཁོར་དངོས་གྲུབ་རྣམས། །འདོད་ཡོན་ལྔ་ཡི་ལོངས་སྤྱོད་ཀྱིས། །འགྲོ་བའི་རེ་འདོད་སྐོང་བར་ཤོག །ཅེས་བརྗོད་ལ་སྦའོ། །དེ་ནས་ཕྱི་རོལ་རྒྱལ་ཆེན་གྱི་ཐོའི་རྩར། དཀར་གཏོར་ཆ་བཞི་བཤམ་ལ། བྱང་ནས་རིམ་པ་བཞིན་གཏོར་མ་དང་མཆོད་པ་ལྔ་མཚན་སྔགས་ཀྱི་མཐར་བཏགས་ཏེ་ཕུལ་ལ། རི་རྒྱལ་ལྷུན་པོ་མཚན་བཞིས་གོང་གི་ཐོ་འཛུགས་ཀྱི་སྐབས་ལྟར་བསྟོད་ཅིང་། ཡ་ཧི་གཙྪས་གཤེགས་སུ་གསོལ། ཐོ་བསྒྱེལ། ཕྱོགས་སྐྱོང་བཅུའི་ཐོ་ཡོད་ཀྱང་མཆོད་གཏོར་རྣམས་རང་སྔགས་ཀྱིས་ཕུལ་ལ། དབང་རྡོར་གྱིས་བསྟོད་དེ་གཤེགས་སུ་གསོལ་ཞིང་ཐོ་བསྒྱེལ་བ་འགྲེ། མཚམས་ཕུར་བཅུ་དང་ཡེ་ཤེས་ལྷའི་སྒོ་བྱང་གཉིས་ལ་སྐུ་ཁྲུས་གསོལ་ལ་དབེན་སར་བཞུགས་སོ། །བར་ཆད་བགེགས་ཀྱི་སྒོ་བྱང་དེ་ལ་མཆོག་ཕུར་དར་གྱི་ཅོད་པན་གཅིག་ཏུ་བདུད་རྩི་འཁྱིལ་བར་བསྐྱེད། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་ལ། སྒོ་བྱང་དཀྱིལ་འཁོར་གྱི་འོག་ཏུ་བཅུག་པ་ལ་ཕུར་པ་དེ་གདབ། བདུད་རྩི་ཐིགས་གཅིག་བླུག་ནས་བྱང་ཆུབ་ཀྱི་སེམས་མ་སྐྱེས་བར་དུ་མི་ཐར་བར་བསམ་མོ། །དེས་ལས་རྗེས་བཀྲ་ཤིས་པར་འགྱུར་རོ། །ཞེས་གསུངས་ཀྱང་ཐོག་མར་སྒོ་ཐེམ་དུ་འདོགས་པའི་དབང་གིས་འདི་ལྟར་བཤད་པ་ཡིན་ལ། འདིར་གོང་དུ་མནན་ཟིན་པས་འདི་ལྟར་བྱ་མི་དགོས། ལྔ་བ་བསྔོ་སྨོན་བཀྲ་ཤིས་བརྗོད་ཅིང་དགའ་སྟོན་ལ་རོལ་པ་ནི། རྩ་བར། དེ་ལས་བཀྲ་ཤིས་བརྗོད། སྟོན་མོ་བྱ། དགའ་སྟོན་ལ་རོལ་ལོ། །ཞེས་གསུངས་པས་མདོ་རྒྱུད་དྲི་མ་མེད་པ་དང་རང་གཞུང་ལས་ཇི་ལྟར་བྱུང་བའི་བསྔོ་སྨོན་དང་བཀྲ་ཤིས་ཀྱི་རིམ་པ་རྒྱ་ཆེར་བྱ་ཞིང་དགའ་སྟོན་བཟང་པོ་ལ་ཡང་ལོངས་སྤྱད་པར་བྱའོ། །རྩ་བར་གསལ་ཁ་མ་བྱུང་ཡང་། གླན་སྟོན་གྱིས་ཞག་གཅིག་གནས་བསྲུང་། ཞེས་པ་ཤིན་ཏུ་འཐད་པས་ཞག་གཅིག་གི་བར་དཔོན་སློབ་ཐམས་ཅད་གཞན་དུ་མི་འགྲོ་བར་ཞི་ཁྲོའི་ལས་བྱང་ཡང་གྱེར་བ་ནི། སླད་ནས་སྒྲུབ་པ་བྱར་རུང་བའི་དགོས་པ་ཡོད་པར་གསུང་ངོ་། །དེ་ནས་རྩ་བའི་སྦྱར་བྱང་བསྟན་པ་ནི། མདོ་དབང་རྒྱ་ཆེན་རྒྱ་མཚོ་ལྟ་བུ་ལས། །བདག་བློའི་རྣམ་དཔྱོད་ངང་མཆུ་ལྟ་བུའི་བློས། །འཐོར་ཞིང་དུ་མར་སྣང་བའི་ལས་ཁྲིགས་རྣམས། །གཅིག་ཏུ་བསྡེབས་པའི་དབང་ཆོག་རིན་ཆེན་ཕྲེང་། །བགྱིས་པའི་དགེ་བ་གང་ཐོབ་བསོད་ནམས་ཀྱིས། །ཁམས་གསུམ་འགྲོ་ཀུན་རྡོ་རྗེ་འཛིན་ཐོབ་ཤོག །ཅེས་པ་མདོའི་དབང་ཆོག་རྒྱ་ཆེ་ཞིང་དུ་མར་སྣང་ཡང་ཕྱག་ལེན་ཅུང་ཞིག་མི་འདྲ་བ་འདུག་པས་འདི་ནི་ཟུར་ཧྭཾ་ཤཱཀྱ་འབྱུང་གནས་ཀྱིས་དེ་རྣམས་ཀྱི་ནང་ནས་ཆོ་ག་དབང་བསྐུར་གྱི་ཕྱག་ལེན་མང་དུ་མཛད་པ་མཐོང་བ་དང་། ཡང་དེ་ཉིད་ཀྱིས་ཁྱོད་ཀྱིས་མདོ་དབང་ཆོག་ཁྲིགས་བདེ་བ་ཞིག་འདི་ལྟར་གྱིས་གསུངས་པའི་བཀའ་དང་། བདག་བློའི་རྣམ་དཔྱོད་ཀྱིས་གུ་རུ་ལུགས་སུ་བལྟས་པས་ཆོག་པ་དབང་ཆོག་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་འདི། ཆོས་སྨྲ་བའི་དགེ་སྦྱོང་གཉལ་པ་བདེ་ལེགས་པ་ཞེས་བྱ་བས་ཟུར་ཐམས་ཅད་མཁྱེན་པའི་ཕྱག་ལེན་ཇི་ལྟ་བ་བཞིན་དུ་གཡས་རུ་ཡང་དབེན་དུ་གྲུབ་པ་རྫོགས་སོ། །ཞེས་ཡོངས་སུ་རྫོགས་པར་བསྟན་པའི་རིམ་པའོ། །
༈ འདིར་སྨྲས་པ། དཔལ་ལྡན་ཚོགས་གཉིས་ཡོན་ཏན་སྤྲིན་ཕུང་ལས། །མཁྱེན་བརྩེ་ནུས་པའི་གྲུ་ཆར་ལེགས་ཕབ་སྟེ། །སྐལ་བཟང་གདུལ་བྱའི་ལོ་ཏོག་རྒྱས་མཛད་པའི། །རིག་འཛིན་ཀླུ་དབང་ཚོགས་ལ་སླར་ཡང་འདུད། །རྣམ་མང་མདོ་རྒྱུད་དགོངས་དོན་རྒྱ་མཚོའི་འཇིངས། །བདག་བློའི་སྐྱོགས་ཀྱིས་བཅུ་བར་ནུས་མིན་ཡང་། །ཡོངས་འཛིན་གདེངས་ཅན་ཚོགས་ཀྱི་བཀའ་དྲིན་ལས། །མདོ་དབང་ཆོས་ཀྱི་རྒྱ་མཚོའི་གཏིང་མཐའ་རྙེད། །སྔོན་ཆད་མཁས་གྲུབ་རིག་འཛིན་བགྲངས་ཡས་པས། །མདོ་དབང་སྨིན་གྲོལ་ཆུ་གཏེར་འདི་བསྟེན་ནས། །སྐལ་ལྡན་གདུལ་བྱའི་ཡིད་མཚོར་ལེགས་ཕབ་པས། །སྔ་འགྱུར་ཆོས་ཀྱི་རྒྱ་མཚོ་ཆེར་འཕེལ་མོད། །འོན་ཀྱང་མེ་ཁྱེར་ཉི་ཟླའི་གྲལ་བསྙེག་ལྟར། །མི་ཤེས་མངོན་རློམ་གྱིས་དྲེགས་སྐྱེ་བོ་འགས། །མ་རྟོགས་ལོག་པར་རྟོག་པའི་ཡུར་བ་ལས། །དྲངས་ཏེ་གཞུང་ལུགས་ཆུ་བོ་རྣམ་པར་དཀྲུགས། །དེ་ཕྱིར་ཡོངས་རྫོགས་བསྟན་པའི་སྲོལ་ཆེན་པོའི། །མདོ་དབང་ཆོས་ཀྱི་ཉི་མ་ནུབ་རིའི་རྩེར། །གཞོལ་བར་ཕྱོགས་ཀྱང་ཀུན་མཁྱེན་རྒྱལ་བའི་དབང་། །ཐུགས་རྗེའི་ནུས་པས་ཐུབ་བསྟན་མཁའ་ལ་བཟུང་། །ཁྱད་པར་གྲུབ་མཆོག་རྗེ་བཙུན་མངའ་རིས་པའི། །བརྒྱུད་སྲོལ་ངེས་པར་གྲུབ་བརྙེས་ཟུར་ལུགས་ཀྱི། །སྙན་བརྒྱུད་མ་ཉམས་དབང་གི་ཆུ་བོའི་རྒྱུན། །འཛིན་སྐྱོང་སྤེལ་བའི་བྱེད་པོར་བདག་དབང་བསྐུར། །འོན་ཏེ་སྐྱེས་སྦྱངས་བློ་གྲོས་ཆེར་ཕྲ་ཡང་། །ཁྱབ་བདག་རྡོ་རྗེ་འཆང་དངོས་སྨན་ལུང་པའི། །དྲིན་ལས་ཕྱོགས་འདིར་སྨྲ་བའི་སྤོབས་པ་ལྡན། །དེ་ཕྱིར་ཚུལ་འདིར་སྤྲོ་བ་ལྷོད་མ་གྱུར། །དེ་ལྟ་ན་ཡང་སྔོན་ལས་བླ་གཟུགས་ཀྱིས། །རྣམ་གཡེང་འདུ་འཛིའི་ཁོལ་པོར་བདག་གྱུར་པས། །ཟིན་མེད་བསྟན་པ་འཛིན་སྐྱོང་ཡིན་ནོ་ལོའི། །བྱ་མང་གཡེང་བའི་དབང་གིས་ཡུན་རིང་ལུས། །དམ་པའི་ཆོས་དང་ཚེ་འདིའི་འདུན་ཐབས་གཉིས། །ཟོང་དུ་བཀྲམ་ན་ཚེ་འདི་དོན་གཉེར་བ། །གཅིག་སེམས་སློབ་མའི་རྒྱུད་རེངས་ཐ་རྒོད་ལ། །སྨིན་གྲོལ་གདམས་པའི་ཆར་གྱིས་ཅི་ཞིག་ཕན། །འདི་བརྩམས་རང་ཉིད་ངལ་བའི་དགེ་འབྲས་ལས། །གཞན་པའི་ཉིང་དགོས་ཡོད་པར་མི་སེམས་ཀྱང་། །གྲངས་མེད་སྐྱེ་བར་རྗེས་བཟུང་ཡོངས་འཛིན་གྱིས། །བཀའ་སྩལ་གསེར་གྱི་ཅོད་པན་གུས་པས་བླངས། །མ་ངེས་སྣོད་ལྡན་སློབ་མ་ཉིན་སྐར་ཙམ། །འབྱུང་བར་སྲིད་དང་མདོ་སྔགས་ཟབ་དོན་བཅུད། །ཆོས་ཚུལ་མཆོག་འདི་ནུབ་པར་ཕངས་པའི་ཕྱིར། །སྙིང་སྟོབས་བརྩོན་པའི་ལྷག་བསམ་དག་པས་བཀོད། །འཁྲུལ་མེད་ཡོངས་འཛིན་དེད་དཔོན་མཆོག་བསྟེན་ཅིང་། །མདོ་སྒྱུ་སེམས་ཀྱི་རྒྱ་མཚོ་ཆེར་ཞུགས་ཏེ། །རྣམ་དཔྱོད་བརྩོན་པའི་གྲུ་ཆགས་རབ་ལྡན་པས། །བསམ་འཕེལ་དགོས་འབྱུང་ནོར་མཆོག་བདག་གིས་ལོན། །ལུང་རྟོགས་སྙིང་པོ་སྔ་འགྱུར་ཆོས་ཀྱི་གཞུང་། །སྨིན་གྲོལ་དགོས་འདོད་མཆོག་སྟེར་ཡིད་བཞིན་དབང་། །མི་ཟད་རེ་སྐོང་བསྟན་འགྲོར་མཆོད་སྦྱིན་སླད། །ཐུབ་བསྟན་རྒྱལ་མཚན་རྩེ་མོར་བདག་གིས་བཀོད། །འདི་ནི་སྐྱབས་མཆོག་རྣམས་ཀྱི་མཆོད་སྤྲིན་ཏེ། །བསྟན་པ་པདྨའི་གཉེན་གྱུར་ཉིན་བྱེད་འདི། །སྐལ་བཟང་མགྲོན་ལ་བདུད་རྩིའི་མཆོད་སྦྱིན་འདི། །ཐུབ་བསྟན་འཛིན་སྐྱོང་སྤེལ་བའང་འདི་ཁོ་ན། །རིག་འཛིན་གྲུབ་པའི་ཚོགས་ཀྱི་དགའ་སྟོན་འདི། །བཤེས་གཉེན་མཁས་གྲུབ་རྣམས་ཀྱི་བཟུང་བྱ་འདི། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ཡི་ལམ། །ཐུབ་བསྟན་ཡོངས་རྫོགས་ལུས་ཀྱང་འདི་ཁོ་ན། །དེ་ཕྱིར་ཡིད་བཞིན་ནོར་འདྲའི་དམ་ཆོས་འདི། །སྐྱེས་ཆེན་བསྟན་འཛིན་ཡོངས་ཀྱིས་ལེགས་བཟུང་སྟེ། །འཆད་ཉན་ཐོས་བསམ་སྒོམ་པའི་བྱི་དོར་དང་། །བསྟན་འགྲོར་དགེ་ལེགས་དགོས་འདོད་སྩོལ་བར་མཛོད། །འདི་འདྲའི་ལམ་བཟང་དྲི་མེད་མཆོག་རྙེད་ནས། །སྣ་ཚོགས་གྲུབ་མཐའི་འཇུག་སྒོ་གཞན་དག་ལ། །འགྲམ་ཆུ་མི་ལྡང་ལུགས་འདིར་རབ་འབད་ནས། །རང་གཞན་དོན་གཉིས་སྒྲུབ་ལ་འབད་པར་རིགས། །རྙེད་དཀའི་དལ་འབྱོར་ཕུན་ཚོགས་ལེགས་ཐོབ་ཅིང་། །འཁྲུལ་མེད་བསྟན་པའི་སྙིང་པོ་འདིར་ཞུགས་ནས། །མཐུ་གཏད་སེལ་དང་གྲོང་ཆོག་རྙེད་འཚོལ་ལ། །འཕྱན་རྣམས་གསེར་གླིང་སྟོང་ལོག་ཅིས་མི་མཚུངས། །དེ་ཕྱིར་རིགས་རུས་སྐྱེ་བར་སྔ་འགྱུར་གྱི། །བསྟན་འཛིན་ཆོས་ཀྱི་ཁྲིར་བཞུགས་སྐྱེས་ཆེན་རྣམས། །འདུས་པ་མདོ་ཡི་སྨིན་གྲོལ་མཛོད་འདི་ལ། །གཅེས་འཛིན་སྐྱོང་ཞིག་སྤེལ་བར་གསོལ་བ་ལགས། །སྡེ་སྣོད་གསུམ་གྱི་རྩ་བ་རབ་བརྟན་ཅིང་། །ཕྱི་རྒྱུད་སྡེ་གསུམ་ཡལ་འདབ་ཁྱོན་ཡངས་པ། །རྣམ་གསུམ་ཡོ་གའི་འབྲས་བུ་གཡུར་ཟ་བའི། །ཐུབ་བསྟན་དཔག་བསམ་ལྗོན་ཤིང་འདི་བཟུང་མཛོད། །སྨིན་གྲོལ་ནོས་པས་མདོ་སྔགས་ལམ་སྲོལ་ཤེས། །ཉམས་སུ་བླངས་པས་གྲུབ་གཉིས་འདོད་རྒུར་འཇོ། །ཉན་བཤད་བགྱིས་པས་ལུང་རྟོགས་ཆོས་ཀུན་འདུས། །དམ་ཆོས་རྒྱ་མཚོའི་གཏེར་འདི་ལོངས་སྤྱོད་མཛོད། །དགེ་བ་འདི་ཡིས་རྣམ་གསུམ་སྲིད་པར་འཁྱམས་པའི་འགྲོ། །སྡུག་བསྔལ་གསུམ་གྱིས་འཆིང་བ་ལས་གྲོལ་གདོད་མའི་མགོན། །ཁྱབ་བདག་ཀུན་བཟང་འོད་ཕུང་ཆེན་པོར་ཡོངས་གྲོལ་ཏེ། །ཕྱོགས་དུས་ཀུན་ཏུ་དགེ་ལེགས་དཔལ་གྱིས་འཚོ་བར་ཤོག །ཁྱད་པར་ས་གསུམ་འགྲོ་བའི་གཙུག་རྒྱན་ཐམས་ཅད་མཁྱེན། །ཟ་ཧོར་རིག་འཛིན་ཁྱབ་བདག་བླ་མེད་རྡོ་རྗེ་རྩལ། །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་ཞབས་པད་མཆོག །བསྐལ་པ་རྒྱ་མཚོར་རྡོ་རྗེའི་ཁྲི་ལ་བརྟན་གྱུར་ཅིག །བཀའ་དྲིན་མཉམ་མེད་ཟུར་ཆེན་ཆོས་དབྱིངས་རང་གྲོལ་རྗེ། །རྡོ་རྗེ་འཆང་དངོས་མགོན་པོ་བསོད་ནམས་མཆོག་ལྡན་ཞབས། །འཁོར་ལོའི་དབང་ཕྱུག་སྨན་ལུང་བློ་མཆོག་རྡོ་རྗེ་སོགས། །དམ་པ་རྣམས་ཀྱི་དགོངས་པ་མཆོག་ཏུ་རྫོགས་གྱུར་ཅིག །རྒྱལ་བསྟན་རིས་མེད་རྣམ་དག་མདོ་སྔགས་བསྟན་པ་ཉིད། །བཤད་དང་སྒྲུབ་པའི་སྒོ་ནས་ཡུན་དུ་གནས་པ་དང་། །དེ་འཛིན་སྐྱེས་ཆེན་མཁས་བཙུན་གྲུབ་པ་འདུས་སྡེར་བཅས། །འཕེལ་རྒྱས་རབ་བརྟན་ཆོས་དང་བཀྲ་ཤིས་འཕེལ་བར་ཤོག །ཡངས་པའི་རྒྱལ་ཁམས་ཆོས་བཞིན་སྐྱོང་བའི་མི་དབང་རྣམས། །བྱམས་པའི་སྟོབས་བཞིན་ས་འདི་རྫོགས་ལྡན་ལྟར་སྐྱོང་བས། །རྒྱལ་སྲིད་འབྱོར་རྒྱས་བདེ་ཞིང་ལོ་ལེགས་གནོད་པ་མེད། །བསྟན་ལ་གུས་མཆོད་འགྲོ་རྣམས་བདེ་ཞིང་ཆོས་སྤྱོད་ཤོག །བདག་ཀྱང་ཚེ་རབས་ཀུན་ཏུ་དལ་འབྱོར་ལུས་ཐོབ་ཅིང་། །བསྟན་ལ་རབ་བྱུང་སྡོམ་པ་གསུམ་ལྡན་ཆོས་བཞིན་སྤྱོད། །སྨིན་གྲོལ་གདམས་པས་ལེགས་སྨིན་རིམ་གཉིས་ལམ་བསྒོམས་ཏེ། །ཟུང་འཇུག་ཀུན་བཟང་གདོད་མའི་མགོན་པོའི་ས་ཐོབ་ཤོག །ཚེ་འདིའི་གྲགས་འབྱོར་རྙེད་བཀུར་ཆོས་བརྒྱད་རབ་སྤངས་ཏེ། །རྒྱལ་བས་རབ་བསྔགས་དབེན་པའི་རི་ངོགས་ཉམས་དགའ་བར། །རང་བྱུང་བྲག་རིའི་ཁང་བརྩེགས་ལོ་མའི་འདབ་གུར་ཅན། །མཐོང་ན་དགའ་བའི་དཀའ་ཐུབ་ནགས་ཚལ་བསྟེན་པར་ཤོག །དེར་ནི་མི་བསྲུན་སྐྱེ་བོ་ངན་རྣམས་མི་མཐོང་ཞིང་། །དད་གཤིན་དཀོར་རྫས་རྨི་ལམ་དུ་ཡང་མི་མྱོང་བར། །དཀའ་ཐུབ་ཟས་དང་ཏིང་འཛིན་དགའ་བདེའི་དཔལ་གྱིས་འཚོ། །གཅིག་པུར་བསམ་གཏན་སོགས་པའི་སྐལ་བཟང་དེ་ཐོབ་ཤོག །དངོས་བརྒྱུད་ཕ་མ་ལྷག་པར་བཟང་ངན་འབྲེལ་ཐོགས་བཅས། །མ་ལུས་དོན་ཡོད་འོག་མིན་ཚོགས་ཆེན་དཀྱིལ་འཁོར་དུ། །ཚོམ་བུ་གཅིག་པར་རིག་འཛིན་གྲུབ་པའི་ས་ཐོབ་ནས། །དོན་གཉིས་ལྷུན་གྲུབ་རྡོ་རྗེ་ཐེག་པའི་ལམ་བགྲོད་ཤོག །འདི་བརྩམས་ངལ་བ་ལས་བྱུང་དགེ་བ་དེ་དག་ཀྱང་། །འགྲོ་རྣམས་ཐུན་མོང་བྱང་ཆུབ་མཆོག་གི་རྒྱུར་གྱུར་ཏེ། །གཅིག་ཏུ་དཀར་བའི་དགེ་འབྲས་བསོད་ནམས་དེ་ཡི་མཐུས། །སྤྱི་དང་བྱེ་བྲག་བསྟན་འགྲོའི་སྨན་ཡོན་འདི་གྱུར་ཅིག །ཆོས་ཚུལ་འདི་ཉིད་འཛིན་སྐྱོང་སྤེལ་བའི་ཕྲིན་ལས་གང་། །དཔལ་ལྡན་ཡེ་ཤེས་མགོན་པོ་ལེགས་ལྡན་ནག་པོ་ཆེ། །ལྕམ་དྲལ་བཀའ་སྡོད་ཕོ་ཉར་བཅས་པས་གཉེར་མཛད་དེ། །བསྟན་དང་དེ་འཛིན་བསྲུང་བའི་ཕྲིན་ལས་མཆོག་སྒྲུབ་མཛོད། །ཐུབ་བསྟན་ལྷ་ལམ་ཐ་གྲུ་ཡངས་པར་སྔ་འགྱུར་གྱི། །བཀའ་གཏེར་ཉི་ཟླའི་བགྲོད་པ་མཆོག་གི་རྒྱུན་བཟང་པོའི། །འོད་སྣང་དེ་ཡིས་མཐའ་ཡས་བསྟན་འགྲོའི་བདེ་ལེགས་ཀུན། །རྨད་བྱུང་དགའ་སྟོན་བཟང་པོས་ཡོངས་སུ་ཁྱབ་གྱུར་ཅིག །ཕུན་ཚོགས་ཉིན་མོར་བྱེད་པའི་དགེ་ལེགས་རྟ་བདུན་དབང་། །སྲིད་ཞིའི་མུན་སེལ་ཕན་བདེའི་པད་ཚལ་རབ་རྒྱས་བྱེད། །སྐལ་བཟང་ཡིད་ལ་མཆོག་སྟེར་བཀྲ་ཤིས་བཟང་པོ་དེ། །རྣམ་པ་ཀུན་ཏུ་དགེ་ལེགས་དཔལ་འབར་བཀྲ་ཤིས་ཤོག །རྒྱལ་བ་སྲས་བཅས་མཁྱེན་བརྩེ་ནུས་པའི་དཔལ་ལས་རབ་འོངས་རྨད་བྱུང་དམ་ཆོས་བཀྲ་ཤིས་གཡས་སུ་འཁྱིལ་བའི་དུང་། །ལེགས་བཤད་མགྲིན་པར་རབ་འཁྱིལ་བཤེས་གཉེན་མཁས་གྲུབ་རྣམས་ཀྱིས་ལེགས་བུས་ཐེག་དགུའི་ཆོས་སྒྲ་ཟབ་ཅིང་སྙན་པ་ཡིས། །འཇིག་རྟེན་གསུམ་དུ་རབ་གྲགས་ལྷར་བཅས་སྐྱེ་རྒུའི་ཚོགས་ཀུན་ཡོངས་འདུས་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་མཆོག །རབ་བསྐོར་ཕྱོགས་དུས་གནས་སྐབས་ཀུན་ཏུ་དགེ་ལེགས་དཔལ་གྱིས་ཡོངས་ཁྱབ་བདེ་སྐྱིད་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །དེ་ལྟར་འདུས་པ་མདོའི་དབང་གི་ཆོ་ག་ཁྲིགས་སུ་བྱས་པ་དཀྱིལ་འཁོར་རྒྱ་མཚོའི་འཇུག་ངོགས་ཞེས་བྱ་བ་འདི་ཡང་། ཁམས་གསུམ་གྱི་བླ་མ་སྲིད་པ་གསུམ་གྱི་འདྲེན་མཆོག་འགྲོ་བ་ལྷ་དང་བཅས་པའི་སྐྱེ་རྒུ་མཐའ་དག་གི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ངེས་པ་དོན་གྱི་རྡོ་རྗེ་འཆང་ཀུན་མཁྱེན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་སྡེས། བཀའ་སྩལ་གསེར་གྱི་ཅོད་པན་མཆོག་གི་དབང་བསྐུར་ཞིང་ཆོག་ཁྲིགས་གསལ་བ་ཞིག་གྱིས་ཤིག་ཅེས་རང་ལོ་ཉེར་བཞི་པར་མདོ་དབང་ཐོབ་པའི་ཉེར་ལྔའི་ལོ་ལ་བཀའ་གནང་བ་དང་། རང་ལོ་ཉེར་དྲུག་པར་སླར་ཡང་ཁྱབ་བདག་སྨན་ལུང་པ་ཆེན་པོར་སྒྱུ་འཕྲུལ་ཞི་ཁྲོའི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་དང་། མདོ་དབང་གི་ཕྱག་བཞེས་རྣམས་ལ་དོགས་གཅོད་ཡིག་རྙིང་གི་ལུང་སོགས་ནོས་དུས་བཀའ་ལས། རྒྱལ་དབང་མཆོག་གི་ཞབས་དྲུང་ནས་བཀའ་གནང་བ་ལྟར་རྒན་པོ་ལྔ་པའི་ལམ་དུ་མ་གྱུར་པའི་གོང་དུ་མདོ་དབང་གི་ཆོག་ཁྲིགས་འཆད་བདེ་ཞིང་སྒྲོམས་བཟང་བ་བཀའ་མའི་བསྟན་པ་རིན་པོ་ཆེ་གསོ་ཐུབ་པ་ཞིག་ཅིས་ཀྱང་གྱིས་ཞེས་བླ་མ་དམ་པ་གཉིས་ཀྱི་བཀའ་གནང་བ་ལྟར་དེ་ལོ་ནས་མཆོད་བརྗོད་ཙམ་བྲིས་གྲུབ་ཀྱང་། དགོས་མེད་འདུ་འཛིའི་རྣམ་གཡེང་གི་མལ་དུ་བཏང་སྙོམས་ཀྱི་གཉིད་ལ་ཡུན་རིང་པོར་སོང་བ་ན་རང་ལོ་སོ་གསུམས་པ་ཆུ་གླང་གི་ལོ། བྱང་གཏེར་ཕུར་པ་རྣམ་གསུམ་གྱི་དབང་ཆོག་ཅིག་བྲིས་པ་རྒྱལ་དབང་མཆོག་གི་སྤྱན་སྔར་བསྟར་བས་ཀྱང་རྐྱེན་བྱས་ཏེ། སླར་ཡང་བཀའ་སྩལ་གྱི་མེ་ཏོག་སུ་ཝ་རྞའི་གནང་སྐྱེས་བཟང་པོ་དང་བཅས་སྤྱི་བོར་ལྷུངས་པ་གུས་པས་མཆོད་དེ། ཡོས་ལོར་འཇིག་རྟེན་ལྷ་མི་ཡན་ཆོད་ཀྱི་ཤོག་བུ་བརྒྱ་ཙམ་བྲིས་པ་ལས། སྔར་བཞིན་རྣམ་གཡེང་དང་ལོ་མཚམས་སོགས་ཀྱི་དབང་ལས་རྩོམ་འཕྲོར་ལུས་པ། རང་ལོ་སོ་དགུ་པ་ས་ལུག་དོན་གྲུབ་ཀྱི་ལོ་ས་ག་ཟླ་བའི་དུས་ཆེན་ནས་ཉན་ཐོས་ཀྱི་ཐེག་པའི་འཇུག་སྒོ་ནས་བཟུང་བྲིས་པ་ལོ་དེའི་སྟོན་ཟླ་ར་བ་ཁྲུམས་ཀྱི་ཟླ་བ་ལ་བབས་པའི་ཚེ་བཟའ་ཤིང་གི་འབྲས་བུ་དང་། འབྲུ་རྣམས་ཀྱང་སྨིན་ལ་རྩི་བཅུད་ཀྱང་རྣམ་པར་རྒྱས་པའི་དགའ་སྟོན་ལ་སྐྱེ་རྒུ་རྣམས་ལོངས་སུ་སྤྱོད་པའི་དུས། དཀར་ཕྱོགས་དགའ་བ་གསུམ་པ་རེས་གཟའ་དལ་འགྲོ་དང་རྒྱུ་སྐར་གྲོ་བཞིན་ཅན་ཏེ་ས་གཉིས་ནང་འཕྲད་དངོས་གྲུབ་ཀྱི་སྦྱོར་བའི་ཉིན་ཡོངས་སུ་རྫོགས་པར། འོག་མིན་བླ་མའི་གདན་ས་ཐུབ་བསྟན་མི་འགྱུར་རྡོ་རྗེའི་བྲག་ཨེ་ཝཾ་གྱི་ཆོས་གྲ་ཆེན་པོའི་གཙུག་ལག་ཁང་དུ་ལྷ་རིགས་ཀྱི་དགེ་སློང་རྡོ་རྗེ་འཛིན་པ་ཀུན་བཟང་པདྨ་ཕྲིན་ལས་ཀྱིས་ལེགས་པར་སྦྱར་བའི་ཡི་གེ་པ་ནི་དོལ་པ་འཚོ་བྱེད་དགེ་སློང་སྨན་མཆོག་གི་བགྱིས་པའི་དགེ་འདིས་སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །
༈ སེམས་ཅན་ཁམས་དང་བསམ་པའི་ཁྱད་པར་ནམ་ཡང་ཟད་མེད་ལྷ་ལམ་ངོས། །ཐེག་པ་རིམ་དགུའི་མཆོག་དམན་བར་མཐའ་ཉི་ཟླ་གཟའ་སྐར་རབ་ཤར་བ། །གོ་རིམ་ཇི་བཞིན་འཕྱུགས་མེད་ལེགས་བསྒྲིགས་ཁྱབ་བདག་དྲང་སྲོང་རྔ་བོ་ཆེ། །མདོ་དང་རྒྱུད་སྡེ་རྫོགས་པར་སྟོན་མཛད་ཀུན་ཏུ་བཟང་པོར་མགོས་ཕྱག་འཚལ། །དགའ་རབ་རྡོ་རྗེ་རྒྱལ་པོ་ཛཿལ་སོགས། དག་དང་མ་དག་ཞིང་གི་པཎ་གྲུབ་ཀྱི། །ཐུགས་བཅུད་ཆུ་ཀླུང་རྣམ་བཞི་གཅིག་འདུས་མཚོ། །གནུབས་ཆེན་སངས་རྒྱས་ཡེ་ཤེས་བསྔགས་བྱའི་ཡུལ། །ཁུ་ལུང་ཡབ་སྲས་ཟུར་པོ་ཆེ་ཆུང་དང་། །གསང་བདག་སྒྲོ་ཕུག་སྒྲོལ་ཆེན་ཤཱཀ་འབྱུང་གི། །ལྷ་རིགས་འཇམ་དབྱངས་རྒྱལ་མཚན་བར་བྱོན་པ། །མདོ་དབང་བླ་བརྒྱུད་ཚར་དུ་དངར་རྣམས་རྒྱལ། །ཁྱད་པར་སྔ་འགྱུར་བཀའ་གཏེར་མཐའ་དག་གི། །གདམས་པའི་བང་མཛོད་རིག་འཛིན་མངའ་རིས་པ། །ལེགས་ལྡན་མཐུ་ཡིས་བདུད་སྡེ་འཇོམས་བྱེད་མཚོན། །རྡོ་རྗེ་གདེངས་མཛད་ཁྱོད་ཞབས་གཙུག་ན་བསྟེན། །འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་ཁུ་དབོན་གྱི། །བདག་རྐྱེན་ཕྲིན་ལས་ཆོས་འདིའི་སྲོག་མཐུད་མཁན། །སྐྱི་སྟོན་ཚེ་རིང་དབང་པོ་བྲེས་པ་རྗེ། །ཆོས་རྒྱལ་རྡོ་རྗེའི་རྣམ་པར་ཐར་ལ་དད། །པཎ་ཆེན་བི་མ་ལ་ཡི་ཐུགས་རྗེའི་གཟུགས། །གདུལ་བྱའི་དོན་དུ་མཁས་གྲུབ་ཟློས་གར་ཅན། །ཉང་སྟོན་བློ་མཆོག་རྡོ་རྗེ་རིགས་ཀུན་གྱི། །ཁྱབ་བདག་དང་པོའི་མགོན་པོ་ལས་གཞན་ཅི། །སྣ་ནམ་རྒོད་ལྡེམ་ཡང་སྲིད་བག་ཆགས་མཐུས། །ཐེག་དགུའི་ཆོས་ཚུལ་སྒོ་འབྱེད་ཤིང་རྟ་ཆེ། །མཆོག་སྤྲུལ་པདྨ་ཕྲིན་ལས་རྣམ་ཐར་ལ། །གཟུར་གནས་ཕལ་ཆེར་འདུད་པར་གཅིག་ཏུ་སྤྲོ། །གཡུ་འབྲུག་རྫུན་ཟོག་ཕུག་སྟེང་གཞན་ཕན་བློས། །མང་འཁྲིད་གོམ་བཀོད་རྒྱུན་བྲལ་ཆུ་དོང་དུ། །མཐར་སྲོག་དཔྲལ་བའི་ཆོ་ག་ཡིད་སྲུབས་ཀྱི། །སྟོད་སྨད་བར་དུ་དར་དང་འདི་མི་འདྲ། །ངེས་གསང་རིང་ལུགས་མེ་ལྕེ་སྲིད་རྩེའི་བར། །བསྙེག་བཤུལ་དེང་སང་ཐལ་ཕུང་མེ་སྟག་ཙམ། །སྦར་བར་སྒོ་གསུམ་འབད་པའི་བསོད་ནམས་ཀྱི། །ཕུང་པོའི་སྣོད་དུ་སྟོང་གསུམ་འདི་ཡང་ཆུང་། །སྔོན་དུས་རྒྱལ་བློན་ལོ་པཎ་ཆོས་ཕྱིར་དུ། །དཀའ་སྤྱད་བསམ་ཚེ་གསར་རྙིང་བསྟན་འཛིན་དེང་། །ཕལ་ཆེར་ཆོས་བརྒྱད་འཁོལ་པོར་འགྲན་པའི་བང་། །ཡངས་པོའི་གོམ་སྟབས་བྲེལ་ལ་མཆི་མ་བཀུ། །ལ་ལ་མཁས་བཙུན་གྲགས་འདོད་སྒྲོ་གདུགས་བསྒིར། །འགའ་ཞིག་རྔམ་རྡིག་བཟང་རྫུའི་མངལ་ཁུར་འཛིན། །མང་དག་འཇིག་རྟེན་ཕལ་སྤྱོད་དུག་རླངས་བསྟེན། །ཀྱེ་ཧུད་སྙིགས་དུས་རྨ་བྱའི་ཚུལ་འདིས་ཅི། །ཐ་སྙད་རྟོག་གེར་སྦྱངས་པ་གཞོན་ནུའི་ལུས། །ཤེས་བྱའི་ཕ་མཐའ་གཞལ་བའི་གདོང་དྲུག་ཅན། །ངེས་གསལ་གླང་པོའི་མཆེ་བ་ཉེར་ཕྱུང་བས། །གཏན་འདུན་ལང་ཚོ་དར་ལུས་སྐལ་དམན་མང་། །གཅིག་ཏུ་མི་ཞེན་སྣ་ཚོགས་ཐེག་པའི་སྐས། །རིམ་པར་འཛེགས་མཐའ་ཡི་གེ་ཚོགས་ཆེན་གྱི། །འཁོར་ལོ་ཀུན་འདུས་རིགས་བདག་རྡོ་རྗེ་འཆང་། །གཞན་དུ་མི་སེམས་རིག་རྩལ་བླ་ན་མེད། །བགྲང་ཡས་འཁོར་ལོ་སྨིན་བྱེད་ཆོ་གའི་ཁྲིགས། །ཟུར་ལུགས་དགོངས་དོན་མཛེས་རྒྱན་རིན་ཆེན་ཕྲེང་། །རྡོ་རྗེའི་ཐེག་མཆོག་བསྟན་པ་སྲིད་མཐའི་བར། །མི་ནུབ་བཙས་སུ་པར་གྱི་མཆོད་སྦྱིན་འདིས། །ཁྲི་སྲོང་ལྡེའུ་བཙན་བཞེད་ཕུགས་གངས་ལྗོངས་སུ། །མཆོད་གནས་སྡེ་གཉིས་བཤད་སྒྲུབ་ས་བོན་ཚོགས། །བསོད་ནམས་ཞིང་སར་བསྐྱེད་བསྲིང་བདེ་སྐྱིད་འབྲས། །མངའ་འབངས་ཡོངས་ཀྱི་དགའ་སྟོན་ལ་སྤྱོད་ཤོག །དོན་དམ་དགེ་སྦྱོང་གོས་དཀར་རལ་ཡུར་ཅན། །གདུལ་བྱ་རྗེས་འཛིན་འདོད་རྣམས་སེལ་མེད་པ། །དབང་ཆུའི་རྒྱུན་འདིས་སྒྲིབ་བཀྲུས་བཞེད་སྲོལ་གྱི། །ཕྲིན་ལས་ཕྱོགས་བྲལ་རྣ་ལུང་མཛེས་པར་ཤོག །ཡིད་ལ་ཀུན་ཏུ་དགའ་བསྐྱེད་ལེགས་ལྡན་དཔྱིད། །འབོད་པའི་ཕོ་ཉས་ཉེར་བཀུག་སྡེ་བཞིའི་དབྱར། །དར་དྲག་ཕོ་བྲང་འཆི་མེད་མདུན་སའི་སྤུན། །འཇིག་རྟེན་གསུམ་གྱི་རྒྱན་དུ་འགྱུར་བར་ཤོག །ཆོས་སྲིད་འཛིན་པར་བྱེད་པའི་རྐང་སེན་ཟླ། །གནམ་ས་བར་མེད་ཡིད་ཅན་ཅོད་པན་དུ། །ཆ་འཕེལ་དུས་ཀྱི་བདག་པོའི་ཆེ་བ་ཡིས། །སྣང་བས་ཉེས་ཚོགས་སྨག་རུམ་མཐར་སྐྲོད་ཤོག །ཕྱོགས་བྲལ་ཆོས་ཀྱི་སྦྱིན་པས་སྒོ་འཕར་བརྒྱ། །འབྱེད་པར་གཏོགས་རྣམས་རང་རིག་ཀུན་ཏུ་བཟང་། །ལོགས་སུ་མི་འཚོལ་ཡེ་ནས་ལྷུན་གྲུབ་པ། །ངོ་འཕྲོད་སྐུ་གསུམ་ཞིང་དུ་གྲོལ་བར་ཤོག །ལྷ་ཆེན་ལེགས་ལྡན་ཚོགས་ཀྱི་བདག་པོ་དང་། །དཔལ་མགོན་སྟག་ཞོན་མཐུ་སྟོབས་རྫུ་འཕྲུལ་ཆེ། །རིག་འཛིན་བརྒྱུད་པའི་སྤྱན་སྔར་གཡར་དམ་ཅན། །ཆོས་སྐྱོང་སྲུང་མས་རྟག་ཏུ་གྲོགས་བྱེད་ཤོག །མཁའ་ལ་རྡོ་རྗེ་ར་བའི་གུར་མ་ཞིག །ས་ལ་དཀྱིལ་འཁོར་ཆེན་པོའི་བཀྲག་མ་ཉམས། །བར་དུ་སྨན་རཀ་མཆོད་གཏོར་ངད་མ་ཡལ། །ལྷ་སྔགས་ཡེ་ཤེས་དཔལ་འབར་བཀྲ་ཤིས་ཤོག །ཐེག་པ་རིམ་དགུ་ཡོངས་སུ་རྫོགས་པ་འདུས་པ་མདོ་དབང་ཆེན་མོ། མཁན་པོ་ཆོས་རྒྱལ་སྐྱོང་། བྲུ་ཤའི་མཁན་པོ་ཆེ་བཙན་སྐྱེས། སོག་པོ་དཔལ་གྱི་ཡེ་ཤེས་གསུམ་ལས་ཡོ་ག་གསུམ་གྱི་ཆུ་བོ་གཅིག་ཏུ་འདྲེས་པ་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེར་བཀའ་བབས་པ་དར་རྒྱས་ཤིན་ཏུ་ཆེ་ནའང་། འགོས་ཆག་དཔལ་འཛིན་སོགས་ཀྱི་འཇམས་ཡིག་སྣ་ཚོགས་ལ་བརྟེན་འགྲོ་མང་ཆོས་སྤོང་གི་འཆིང་རྒྱར་ཆུད་པ་དང་། དུས་དབང་གིས་གྲུབ་མཐའ་མཐའ་དག་གལ་ཆུང་ཆོས་ལ་བྱེད་པའི་དབང་གིས་རིམ་གྱིས་འགྲིབས་པར་མ་ཟད། གཡུ་འབྲུག་རྡོ་རྗེ་ཟེར་བ་ནས་བརྒྱུད་པ་རྒྱུན་ཡོད་མེད་ཐེ་ཚོམ་གྱི་གཞི་དང་། ཁམས་ཕྱོགས་ནས་དར་བ་ཚོར་ཡང་ཕྱག་ལེན་ཞིབ་རྩིང་གི་ཁྱད་ནས་བསྟན་པ་དྲི་བཅས་སུ་གྱུར་བ་སེལ་བའི་ཆེད་དུ། རིག་འཛིན་ཡོལ་མོ་བ་ཆེན་པོས། རྡོ་རྗེ་བདུད་འཇོམས་རྒོད་ཀྱི་ལྡེམ་འཕྲུ་ཅན། །ཁ་མཁལ་འཇམ་དབྱངས་བླ་མ་ཡེཤེས་ཁྱུང་། །སངས་རྒྱས་འབར་དང་གཡུང་སྟོན་ལེགས་ལྡན་རྗེ། །དེ་སོགས་སྐྱེ་བའི་ཐ་མ་འདི་ལྟ་སྟེ། །མཁྱེན་པའི་ཆུ་གཏེར་ཤིན་ཏུ་རྒྱ་ཆེ་ཞིང་། །བརྩེ་ཆེན་ཐུགས་རྗེའི་རིན་ཆེན་འདོད་རྒུ་འཇོ། །མཐུ་སྟོབས་ནུས་པའི་ཆུ་སྲིན་ཡོངས་འདུའི་མཚོ། །ངག་གི་དབང་པོ་དགུང་ཟླའི་མ་མར་འདུད། །ཅེས་སྐྱེས་རབས་ཀྱི་ཕྲེང་བ་ཚར་དུ་དངར་བ་རིག་འཛིན་མཆོག་གི་སྤྲུལ་སྐུར་སྒྲིག་རྩོམ་གནང་དགོས་པར་ཆེད་དུ་གསོལ་བཞིན། གླེགས་བམ་དུ་འགོད་པར་མཛད་པ་བསྟན་རྒྱུན་ལ་བསམ་དགའ་ལྡན་ཕུན་ཚོགས་གླིང་དུ་པར་དུ་བརྐོས་པའི་ཚེ། སྤར་བྱང་སྨོན་ལམ་དུ་ཟ་ཧོར་གྱི་སྔགས་སྨྱོན་ཟིལ་གནོན་བཞད་པ་རྩལ་གྱིས་ལྕགས་བྱ་ཧོར་ཟླ་བདུན་པའི་ཡར་ཚེས་ལ་སྦྱར་བའི་ཡི་གེ་ལ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་མཆོག་གིས་བགྱིས་པ་སརྦྦསྨི་དིཀྐཱ་ལོ་ད་ཡེ་བྷ་ཝནྟུ། །མངྒལཾ།། །།


previousའདུས་པ་མདོའི་དབང་གི་ཆོ་ག་ཁྲིགས་སུ་བྱས་པ་དཀྱིལ་འཁོར་རྒྱ་མཚོའི་འཇུག་ངོགས་ལས་གླེགས་བམ་གསུམ་པ། རིག་འཛིན་པདྨ་ཕྲིན་ལས།no next