Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་ཉེར་བདུན་པ།

1 occurrence of འཆར་སེམས་
[Clear Hits]


  
  
 
ཟུར་ཧམ་ཤཱཀྱ་འབྱུང་གནས་ཀྱི་ཡིག་ཆ་སྒྲུབ་ཕྲིན་དབང་ཆོག་འདུས་པ་མདོའི་དབང་ཆོག་རིན་ཆེན་ཕྲེང་བ། དམྱལ་བ་བདེ་ལེགས་པ།


1 occurrence of འཆར་སེམས་
[Clear Hits]

 
previousཟུར་ཧམ་ཤཱཀྱ་འབྱུང་གནས་ཀྱི་ཡིག་ཆ་སྒྲུབ་ཕྲིན་དབང་ཆོག་འདུས་པ་མདོའི་དབང་ཆོག་རིན་ཆེན་ཕྲེང་བ། དམྱལ་བ་བདེ་ལེགས་པ།no next

ཟུར་ཧམ་ཤཱཀྱ་འབྱུང་གནས་ཀྱི་ཡིག་ཆ་སྒྲུབ་ཕྲིན་དབང་ཆོག་འདུས་པ་མདོའི་དབང་ཆོག་རིན་ཆེན་ཕྲེང་བ། དམྱལ་བ་བདེ་ལེགས་པ།

མདོ་དབང་རྩ་བའི་དལ་དོན་བཞི་པའོ། །དངོས་གཞི། འདིར་ནུབ་ལྔ་པ་ནི། བཅུ་གཅིག་གི་གསང་སྔགས་བླ་ན་མེད་པའི་ཐེག་པ་རྩ་བའི་དཀྱིལ་འཁོར་བསྟན་པ་ནི། དོན་རྣམ་པ་བཞི་སྟེ། བསྙེན་པ་དང་། ཉེ་བའི་བསྙེན་པ་དང་། སྒྲུབ་པ་དང་། བསྒྲུབ་པ་ཆེན་པོའོ། །དང་པོ་ལ་ཕྱི་ནང་གི་བཤགས་པ་བྱ་བ་དང་། དལ་གྱི་ཆོ་གའོ། །དེ་ལ་ཕྱིའི་བཤགས་པ་ནི། སྤང་སྐོང་སོགས་སྔར་བྱས་པ་ལ་བསྡུས་ཀྱང་འགལ་བ་མེད་དོ། །ནང་གི་བཤགས་པ་ལ། ན་རག་བསྐང་བཤགས་ཀྱི་ཆོ་ག་ཅི་ཙམ་འགྲུབ་པར་བྱའོ། །གཉིས་པ་དལ་གྱི་ཆོ་ག་ལ་དོན་ལྔ་སྟེ། དལ་དང་། ལྷ་དང་། བུམ་པ་དང་། ཡོ་བྱད་དང་། སློབ་མའོ། །དང་པོ་ནི། སྟེག་བྱི་དོར་བྱས་ལ་བ་བྱུང་ལྔས་བྱུགས། དེ་ནས་ཡན་ལག་རབ་གནས་ནི། སྟེག་བུ་གྲ་གཅིག་ཏུ་མཎྜལ་པདྨ་འདབ་བརྒྱད་མཛེས་ཚོན་དུ་བྱས་པའི་མཐའ་རྡོ་རྗེ་ར་བས་བསྐོར་བ། དེའི་དབུས་སུ་རིན་པོ་ཆེའི་བུམ་པ་སྣ་ཚོགས་རྡོ་རྗེས་མཚན་པའི་ནང་དུ། ཆུ་གཙང་མར་སྙིང་པོ་ཉི་ཤུ་རྩ་ལྔ་ཚང་བ་བླུག །ཁ་རྒྱན་མགུལ་ཆིང་གཟུངས་ཐག་དང་བཅས་པ་བཤམ། ཤར་དུ་དམ་ཚིག་ཐིག་དང་གཏོར་མ། ལྷོར་རྡོར་དྲིལ། ནུབ་ཏུ་བུམ་རྫས། བྱང་དུ་བདུད་རྩི་བྷནྡྷའོ། །ཕོ་བྲང་གི་དབུས་སུ་རིན་པོ་ཆེའི་སྣོད་དུ་ཚོན་ལྔ། ཐིག་སྐུད་ལྔ། དམ་རྫས་བདུད་རྩི་རྣམ་གསུམ་བཞག །རྡོ་རྗེ་སློབ་དཔོན་གྱི་མདུན་དུ་རིགས་ཀྱི་བུམ་པ་ལ་སོ་སོའི་ཐུགས་ཕྱག་མཚན་ནི། ཕྱི་ནང་གི་མཆོད་པ་ལྔ་ཚངས་པར་བཤམ། དེ་ནས་སློབ་དཔོན་ཆས་གོས་དཀར་པོ་གོན་ལ། དང་པོ་མཚམས་བཅད་དེ། ཧཱུྃ་ཧཱུྃ་བཛྲ་དྷྲིག །མ་སུརྱ་མཎྜ་ལ་ཧཱུྃ། ༀ་བཛྲ་ཀྲོ་ཏ་ཤྲཱི་ཧེ་རུ་ཀ་ཧཱུྃ། ༀ་ཨཱཿཧཱུྃ་ཕ྄ཊ། མ་སུརྱ་མ་དྷ་ལ་ཧཱུྃ། ༀ་བཛྲ་ཀྲོ་ཏ་ཧཱུྃ་ཀ་ར་ཧཱུྃ། གརྫ་གརྫ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་ཏ་བི་ཛ་ཡ་ཧཱུྃ། ཧ་ན་ཧ་ན་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་ཏ་ནི་ལ་ཏནྟྲ་ཧཱུྃ། ད་ཧ་ད་ཧ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་ཏ་ཡ་མནྟ་ཀ་ཧཱུྃ། པ་ཙ་པ་ཙ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་ཏ་ཨརྱ་ཨ་ཙ་ལ་ཧཱུྃ། བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧཱུྃ། ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་ཏ་ཨ་པ་ར་ཙི་ཏ་ཧཱུྃ། ཏིཥྛ་ཏིཥྛ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུནྡྷ་ལི་ཧཱུྃ། ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་ཏ་ཀྲེ་ལོཀྵ་ཧཱུྃ། བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་ཏ་མ་ཧཱ་པ་ལ་ཧཱུྃ། སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ། ཅེས་པས་རོལ་མོ་སྒྲ་དང་བཅས་པས་མཚམས་བཅད་དོ། །ཧཱུྃ། ཡེ་ནས་མཉམ་ཉིད་ཆོས་སྐུ་དག་པ་ལས། །མ་རིག་དབང་གི་སྒྲོ་དང་བསྐུར་བཏབ་སྟེ། །བདེ་དང་སྡུག་བསྔལ་སྣ་ཚོགས་སོ་སོར་སྨིན། །དེ་བཟློག་དོན་ཕྱིར་རྒྱལ་བའི་དམ་མནོས་ཏེ། །བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱི། །བག་མེད་ཚུལ་གྱི་དམ་ལས་འགལ་གྱུར་ཏེ། །རྒྱལ་བ་འཁོར་བཅས་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡི། །བྱང་ཆུབ་མཆོག་ཏུ་བདག་གི་སེམས་བསྐྱེད་དེ། །དོན་དམ་ཀུན་རྫོབ་དབྱེར་མེད་བྱང་ཆུབ་སེམས། །དེང་ནས་ཚུལ་བཞིན་ཡོངས་སུ་བཟུང་བར་བགྱི། །དུས་གསུམ་སངས་རྒྱས་འཁོར་དང་བཅས། །རང་བཞིན་གནས་ནས་སྐུ་བསྐྱོད་དེ། །མཁྱེན་པས་གནས་མཆོག་འདིར་གཤེགས་ནས། །བརྩེ་བས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་བཤགས་པ་དང་། དམ་བཅའ་བྱིན་དབབ་བྱས་ལ། ཡང་དག་ཞི་ཁྲོ་ཐུང་བའི་བསྟོད་པ་ཡན་ཆད་བྱ། དེ་ནས་བགེགས་གཏོར་བཏང་། བགེགས་བསྐྲད། གུ་གུལ་གྱི་དུད་བས་བདུག་ཅིང་། ལས་ཐམས་ཅད་པའི་བུམ་པ་རཾ་ཡཾ་ཁཾ་གིས་སྦྱངས། ཤུ་ཛྙཱ་ནས་སྟོང་པར་བསམ་ལ། ཕྱི་དུར་ཁྲོད་ནང་གཞལ་ཡས་ཁང་དུ་བསམ། མ་སུརྱ་མཎྜལ་ཉི་མའི་སྟེང་དུ། ཧཱུྃ་ལྗང་ཀུ་ལས། བདུད་རྩི་འཁྱིལ་པ་ལྗང་ཀུ་གཡས་རྡོ་རྗེ་རྒྱ་གྲམ། གཡོན་དྲིལ་བུ་ཐོགས་པ་གཅིག་བསྒོམ། ཡེ་ཤེས་པ་བསྟིམ། རིགས་ལྔས་དབང་བསྐུར། ཀརྨ་ཧེ་རུ་ཀས་དབུ་བརྒྱན་པར་བསམ་ལ། ༀ་བིགྣན་ཏ་ཀྲི་ཏ་ཨ་མྲྀ་ཏ་ཀུནྡྷ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་པར་བྱའོ། །དེ་ནས། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱལ་མཚོ་ཡེ་ཤེས་ཀྱི། །སྲིད་པ་རྒྱ་མཚོ་མཐའ་ཡས་ཀྱི། །སྤྱོད་པ་རྒྱ་མཚོ་རྨད་འབྱུང་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཥེ་བྷྱ། སརྦ་ཏད་ཁང་ཨུད་ག་ཏེ་སྥ་ར་ཎ་ཧི་མཾ་ག་གྷ་ན་ཁཾ་སྭཱ་ཧཱ། ཤྲཱི་བཛྲ་ར་ག་ཨ་ལོ་ཀེ་ཧྲཱིཿ ཤྲཱི་བཛྲ་ར་ག་གྷེནྡྷེ་གྷན། ཡན་ཆད་དང་། མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧིཿ མ་ཧཱ་རཀྟ་ལ་ཁཱ་ཧི་དང་། ༀ། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཡེ་ཤེས་དཀྱིལ་འཁོར་ཐིག་ལེ་ཆེ། །བསོད་ནམས་དཀྱིལ་འཁོར་སྐུ་ཡི་ཚོགས། །སྣང་སྟོང་ཐིག་ལེ་ཀུན་རྫོགས་ཧོཿ ༀ། མི་དམིགས་སྒྱུ་འཕྲུལ་མཉམ་པའི་དབྱིངས། །མཐའ་ཡས་ཀུན་བཟང་སྣ་ཚོགས་འཕྲོ། །མཐའ་ཡས་ཀུན་ནས་ལྷུན་གྱིས་ཐིམ། །སྣ་ཚོགས་སྐུ་གསུང་ཐུགས་ཆེན་པོ་ཧོཿ ༀ། ཕྱོགས་བཅུ་འཇིག་རྟེན་རྡུལ་སྙེད་དུ། །རྒྱལ་བའི་དོན་རྣམས་རྡུལ་ཕྲན་སྙེད། །སྤྲུལ་པ་རྡུལ་ཕྲན་བསམ་ཡས་ཀྱི། །སྐད་གཅིག་ཡུན་ལ་ལྷུན་གྱིས་གྲུབ་ཧོ༔ ༀ། ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། །སྐུ་གསུང་ཐུགས་ཀྱི་ཀུན་ཏུ་ཁྱབ། །སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ་ཧོ་དང་། ཧོཿ རྒྱལ་བ་རྒྱལ་མཚོ་དགོངས་སུ་གསོལ། །མཆོད་པ་རྒྱ་མཚོ་བཞེས་སུ་གསོལ། །ཉམས་ཆག་རྒྱ་མཚོ་བསྐང་དུ་གསོལ། །དངོས་གྲུབ་རྒྱ་མཚོ་སྩལ་དུ་གསོལ། །ཕྲིན་ལས་རྒྱ་མཚོ་བསྒྲུབ་ཏུ་གསོལ། །ཞེས་བརྗོད་དོ། །དེ་ནས་མཛུབ་རྩེ་གཉིས་བུམ་པ་ལ་གཏུགས་ལ། ༀ་ཨཱཿཧཱུྃ་སྭཱ་ཧཱ། བརྒྱ་རྩ་བརྒྱད་བཟླས་པས། བདུད་རྩི་འཁྱིལ་པ་འོད་དུ་ཞུ་ནས་བདུད་རྩིའི་རྒྱ་མཚོར་བསམ། ༀ་སརྦ་བྷི་ཤུདྡྷེ་དྷརྨ་ཐ་སིདྡྷི་ཧཱུྃ། ཞེས་པས་བུམ་པའི་ཆུས་ཀུན་ལ་གཏོར་བས་ཉེས་སྐྱོན་ཐམས་ཅད་ཆོས་ཉིད་སྟོང་པ་ཉིད་དུ་བསམ། དེ་ནས་དལ་ལ་དམ་རྫས་བདུད་རྩིའི་བསམ་གྱིས་ཆག་ཆག་གདབ་སྟེ། ༀ། བདུད་རྩི་དྲི་ཆེན་ཡེ་ཤེས་ལྔ་ལྡན་པ། །དེ་བཞིན་གསང་མཆོག་དངོས་གྲུབ་དམ་པའི་མཆོག །བཀའ་གསང་བསྒྲུབ་པའི་དཀྱིལ་འཁོར་ཆེན་པོ་རུ། །དམ་རྫས་བདུད་རྩི་དྲི་ཆེན་ཆག་ཆག་འདེབས། །མ་ཧཱ་བ་སུ་མཎྜལ་ཧཱུྃ། དྲི་ཆུས། ༀ། དམ་རྫས་དམ་པའི་བདུད་རྩི་དྲི་ཆུ་འདི། །ཡེ་ཤེས་རང་བྱུང་བདུད་རྩི་བསྒྲུབ་པའི་ཕྱིར། །སྐྱེ་མེད་བྱང་ཆུབ་སེམས་སུ་རྟོགས་པ་དང་། །གསང་བའི་བདུད་རྩི་ཆེན་པོའི་ཆག་ཆག་འདེབས། མ་ཧཱ་ས་མནྟ་ཀུ་གུས་མཎྜལ་ཧཱུྃ། བྱང་སེམས། རཀྟ། ༀ། བཀའ་གསང་རྨད་བྱུང་དཀྱིལ་འཁོར་ཆེན་པོ་འདིར། །འཁོར་བ་རྒྱུན་གཅོད་བྱང་ཆུབ་སེམས་ཀྱི་ངང་། །མཁའ་དབྱིངས་རྣམ་དག་ཡུམ་གྱི་གཞལ་ཡས་སུ། །རཀྟ་གསང་བ་མཆོག་གི་ཆག་ཆག་འདེབས། །མ་ཧཱ་རཀྟ་མཎྜལ་ཧཱུྃ། དེ་ནས་ཐིག་གདབ་པ་ནི། དང་པོ། སྟོང་པའི་ངང་ལས་སུརྱ་ཙནྟྲ་རཏྣ་པདྨ། ཨེ་མཎྜལའི་གདན་ལྔ་བསམ། དེ་ནས་བདག་གི་ཐུགས་ཀ་ནས། ཧཱུཾ་ༀ་སྭ་ཨཾ་ཧཿ དམ་ཚིག་ཐིག་ལེ་ཉི་ཟླ་པདྨ་དང་། ༀ་ཨཱཿཧཱུྃ་གསུམ་བསམ། དེ་ནས། རང་གི་ཐུགས་ཀའི་འོད་ཟེར་འཕྲོས། ༀ་བཛྲ་ས་མ་ཡེ་ཛཿ ཨེ་ཧྱ་ཧི་ལན་གསུམ་བརྗོད་པས། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་ལྟ་བུ་འགྲོ་དོན་མཛད། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པ། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །ཁམས་གསུམ་ཞིང་དུ་སྦྱོར་ལ༴ མཛེས་པའི་སྐུ་མཆོག་སེམས་ཅན་བསྒྲལ་ལ་མཁས། །ངོ་མཚར་ཕོ་བྲང་དེ་བཞིན་གཤེགས་པའི་ཡུམ། །ཤེས་རབ་ཐབས་ཀྱི་གཙོ་བོ་ལ་མཉེས་མ། །རིགས་ཀྱིས་ཡུམ་གྱུར་རྣམས་ལ༴ ཐབས་མཁས་ཐུགས་རྗེ་སྤྲུལ་པའི་ངང་། །རང་རྒྱུད་རྣམ་པར་དག་པས་གྲུབ་པ་བརྙེས། །ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་མཛད་པ། །སེམས་དཔའ་སེམས་མ་རྣམས་ལ༴ བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་ཀྱི། །ཉོན་མོངས་ལོག་པར་ལྟ་བའི་དགྲ་རྣམས་འཇོམས། །གཤིན་རྗེ་གཤེད་པོ་ལ་སོགས་ཁྲོ་རྒྱལ་བཞི། །སྒོ་བ་ཡབ་ཡུམ་རྣམས་ལ་ཕྱག་འཚལ་ལོ། །ཆོས་རྣམས་ཡེ་ནས་གཉིས་མེད་ལྷུན་གྲུབ་པ། །རྟོག་པར་བྱ་བའི་ཡུལ་དང་ཆོས་བཟང་མོ། །དེ་ཉིད་དོན་རིག་བྱེད་པ་རྡོ་རྗེ་ཡིན། །གཉིས་མེད་དཀྱིལ་འཁོར་གཙོ་ལ༴ རྫོགས་པ་ཆེན་པོའི་ངང་ལས་མ་གཡོས་ཀྱང་། །རྟོག་པ་རྒྱུ་དྲུག་སོ་སོར་འཁོར་བ་ལ། །ཐབས་མཁས་ཐུགས་རྗེས་ཅི་འདུལ་དེར་སྟོན་པས། །ཐུབ་པ་ཆེན་པོ་དྲུག་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿ པྲ་ཏི་ཛ་ཧོཿ ཞེས་ཕྱག་འཚལ་ལོ། །ཧོཿ དགོངས་སུ་གསོལ་ལོ། །མི་གནས་པའི་ཡེ་ཤེས་ཆེན་པོའི་བདག་ཉིད། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ་ལོ། །བདག་རྡོ་རྗེ་སློབ་དཔོན་གྱི་སློབ་མ་རྣམས་ཀྱི་དོན་དུ་འདུས་པ་ཆེན་པོའི་དལ་སྐུ་གསུང་ཐུགས་ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོ་གསང་བ་ལས་ཀྱང་ཆེར་གསང་བ་ཐུགས་ཀྱི་དཀྱིལ་འཁོར་ལྷག་པ་གཟུགས་བརྙན་དལ་དུ་ཐིག་འདེབས་པས་དེ་བཞིན་གཤེགས་པ་ཐམས་ཅད་བདག་ལ་མཐུ་བསྟན་དུ་གསོལ། བྱིན་གྱིས་བརླབ་ཏུ་གསོལ། དབང་བསྐུར་དུ་གསོལ། རྡོ་རྗེ་ཡེ་ཤེས་ཀྱི་ཐིག་གསལ་ཏུ་གསོལ། །ༀ་བཛྲ་ཏིཥྛ་ཏིཥྛ་གྷུ་ཧྱ་ས་མ་ཡ་ཛྙཱ་ན་ཨཾ་གུ་ཤ་ཛ་ཛཿ ཞེས་ལན་གསུམ་བརྗོད་པས་སངས་རྒྱས་ཐམས་ཅད་ཀྱི་སྦྱོར་བ་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་ཡེ་ཤེས་ཁ་དོག་གི་རང་བཞིན་དུ་བྱུང་། ཐིག་སྐུད་ལྔ་ལ་ཐིམ། སྐུ་གསུང་ཐུགས་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་ནས་དམ་ཚིག་གི་ཐིག་ལ་ཐིམ་པས་སྐུ་གསུང་ཐུགས་སུ་བསམ་མོ། །དེ་ནས་སློབ་དཔོན་ཤར་དུ་བལྟ། སློབ་མ་ནུབ་ཏུ་བལྟ་ལ་ཐིག་སྣ་གཏད་དེ། དབྱངས་དང་བཅས་པས། ཡི་གེ་ཧཱུྃ་ཞེས་བྱ་བ་ནི། །རྡོ་རྗེ་རིགས་ཀྱི་དེ་བཞིན་ཏེ། །མེ་ལོང་ཡེ་ཤེས་རང་བཞིན་གྱི། །ཞེ་སྡང་དངོས་པོ་སྦྱོང་བའི་ཕྱིར། །བྱིན་རླབས་དམ་པ་མཛད་དུ་གསོལ། །ༀ་མ་ཧཱ་ཤུ་ཛྙཱ་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨདྨ་ཀོ྅ཧྃཿ ཞེས་པས་སྟོང་ཉིད་ཡེ་ཤེས་སྔོ་བྲེང་ངེ་བྱུང་བར་བསམ། དེ་ནས། ཡི་གེ་ༀ་ཞེས་བྱ་བ་ནི། །དེ་བཞིན་རིགས་ཀྱིས་དེ་བཞིན་ཏེ། །མེ་ལོང་ཡེ་ཤེས་རང་བཞིན་གྱི། །གཏི་མུག་དངོས་པོ་སྦྱོང་བའི་ཕྱིར། །བྱིན་རླབས་དམ་པ་མཛད་དུ་གསོལ། །ༀ་མ་ཧཱ་ཤུཛྙཱ་ན་ཤུཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨདྨ་ཀོ྅་ཧཾ། ཞེས་པས་སྟོང་ཉིད་ཡེ་ཤེས་སྔོ་བྲེང་ངེ་བྱུང་བར་བསམ། དེ་ནས། ཡི་གེ་ༀ་ཞེས་བྱ་བ་ནི། དེ་བཞིན་རིགས་ཀྱི་དེ་བཞིན་དེ། །མེ་ལོང་ཡེ་ཤེས་རང་བཞིན་གྱི། །གཏི་མུག་དངོས་པོ་སྦྱོང་བའི་ཕྱིར། །བྱིན་རླབས་དམ་པ་མཛད་དུ་གསོལ། །ༀ་ཨ་ད་རེ་ཤ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨདྨ་ཀོ྅ཧྃཿ མེ་ལོང་ལྟ་བུའི་ཡེ་ཤེས་དཀར་བྲེང་ངེ་བྱུང་བར་བསམ། ཡི་གེ་སྭ་ཞེས་བྱ་བ་ནི། རིན་ཆེན་རིགས་ཀྱི་དེ་བཞིན་ཏེ། །མཉམ་ཉིད་ཡེ་ཤེས༴ ང་རྒྱལ་དངོས་པོ་སྦྱོང་བའི་ཕྱིར། །བྱིན་རླབས་དམ་པ་མཛད་དུ་གསོལ། །ༀ་མ་ཧཱ་ས་མན་ཏ་ཛྙཱ་ན་བཛྲ། མཉམ་ཉིད་ཡེ་ཤེས་སེར་བྲེང་ངེ་བྱུང་བར་བསམ། །ཡི་གེ་ༀ་ཞེས་བྱ་བ་ནི། པདྨ་རིགས་ཀྱི་དེ་བཞིན་ཏེ། །སོར་རྟོགས་ཡེ་ཤེས་རང་བཞིན་གྱི། །འདོད་ཆགས་དངོས་པོ་སྦྱོང་བའི་ཕྱིར། །བྱིན་རླབས་དམ་པ་མཛད་དུ་གསོལ། །སོ་སོར་རྟོགས་པའི་ཡེ་ཤེས་དམར་བྲིང་ངེ་བྱུང་བར་བསམ། ཡི་གེ་ཧ་ཞེས་བྱ་བ་ནི། ལས་ཀྱི་རིགས་ཀྱི་དེ་བཞིན་དེ། །བྱ་བ་གྲུབ༴ ཕྲག་དོག་དངོས་པོ་སྦྱོང་བའི་ཕྱིར། །བྱིན་རླབས་དམ་པ་མཛད་དུ་གསོལ། །ༀ་མ་ཧཱ་ཀྲི་ཏྱ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨདྨ་ཀོ྅་ཧྃཿ བྱ་བ་གྲུབ་པའི་ཡེ་ཤེས་ལྗང་བྲེང་ངེ་བྱུང་བར་བསམ་མོ། །དེ་ནས་ཐིག་སྐུད་རྣམས་གཅིག་ཏུ་བསྡོམ་ལ། ཧཱུྃ། འདུས་པ་ཆེན་པོ་མདོ་ཡི་དཀྱིལ་འཁོར་དུ། །གཉིས་མེད་བྱང་ཆུབ་སེམས་ཀྱི་འཕྲོ་འདུ་ལས། །རྡོ་རྗེ་ཡེ་ཤེས་ཐིག་ཆེན་འདི་བཏབ་པས། །ཕོ་བྲང་དལ་ལ་ཡིད་བཞིན་ལྷུན་གྱིས་གྲུབ། །ༀ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་བཟླས་ཤིང་ཐིག་སྐུད་སྦྲེལ་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཉི་ཤུ་རྩ་ལྔའི་ངོ་བོར་བསམ། དེ་ནས་ལས་ཐིག་ལས། ཡི་གེ་ༀ་ཞེས་བྱ་བ་ནི། བདེ་གཤེགས་སྐུ་ཡི་རང་བཞིན་ཏེ། །ལུས་ཀྱི་དངོས་པོ་སྦྱོང་བའི་ཕྱིར། །བྱིན་རླབས་དམ་པ་མཛད་དུ་གསོལ། ། ཀ་ཡ བཛྲ་སྭ་བྷཱ་ཝ༴ ཡི་གེ་ཧཱུྃ་ཞེས་བྱ་བ་ནི། བདེ་གཤེགས་གསུང་གི་རང་བཞིན་ཏེ། །ངག་གི་དངོས་པོ་སྦྱོང་བའི་ཕྱིར། །བྱིན་རླབས་དམ་པ་མཛད་དུ་གསོལ། །ཝ་ཀ་བཛྲ་སྭ་བྷཱ་ཝ༴ ཡི་གེ་ཧཱུྃ་ཞེས་བྱ་བ་ནི། བདེ་གཤེགས་ཐུགས་ཀྱི་རང་བཞིན་ཏེ། །ཡིད་ཀྱི་དངོས་པོ་སྦྱོང་བའི་ཕྱིར། །བྱིན་རླབས༴ ཙིཏྟ་བཛྲ༴ དེ་ནས་ཐིག་རྣམས་གཅིག་ཏུ་བསྡོམ་ལ། ཧཱུྃ། མི་མཐའ་གཡོ་འགུལ་མེད་པ་ཡི། །རྣལ་འབྱོར་མཉམ་ཉིད་ཐོད་བརྒལ་དུ། །ཁྲོ་གཏུམ་རྔམས་པའི་ལས་མཛད་པའི། །གནས་འདིར་གཞལ་ཡས་བྲི་བར་བྱ། །ༀ་ཨཱཿཧཱུྃ་བཛྲ་ཛྙཱ་ན་མ་ཏི་པྲ་མ་ཧཱུྃ། ཞེས་བརྗོད་པས་རེ་རེའང་དགུ་ཕྲུགས་སུ་ལྡན་པར་བསམ་མོ། །དེ་ནས་རྡོ་རྗེ་དྲིལ་བུ་རབ་གནས་ནི། རྡོར་དྲིལ་བསང་སྦྱངས། སྟོང་པའི་ངང་ལས་ཆེ་མཆོག་ལྟེ་བར་ཡར་གྱི་ར་ལྔར་ཧཱུཾ་ལས་རིགས་ལྔ། མར་གྱི་ར་ལྔར་མུྃ་ལྃ་མྃ་པྃ་ཏྃ། ༀ་ལས་ཡུམ་ལྔར་བསྐྱེད། རྩེ་དགུ་པ་ལ་མཚམས་ཀྱི་ར་བཞིར་ལུང་གི་ཧེ་རུ་ཀ་ཡར་པད་འདབ་བརྒྱད་ལས་སེམས་དཔའ་བརྒྱད། མར་པད་འདབ་ལ་སྒོ་བ་བཞི། གསང་ཡུམ་བཞི། མཚམས་བཞིར་ལུང་ཡུམ་བཞིའོ། །རིལ་པོ་ལ་དལ་གྱི་ལྷ་ཐམས་ཅད་རྫོགས་པར་བསམ། དྲིལ་བུའི་ལྟེ་བར་ཁྲོ་མོ་གནམ་ཞལ་མ། ཞལ་ལ་ཡུམ་ཤེར་ཕྱིན་མ། ར་ལ་རིགས་ལྔ། འོག་གི་པདྨའི་དབུས་དང་ཕྱོགས་མཚམས་སུ་ཡུམ་ལྔ་གསང་ཡུམ་བཞི། གོང་རས་ལ་ཁྲོ་མོ་བརྒྱད། རྡོ་ར་ལ་ཁྲོ་མོ་ཉི་ཤུ། ལྕེ་ལས་ཁྲོ་མོ་གར་བསྒྱུར་མ། རྩེ་དགུ་པ་ལ་མཚམས་བཞིའི་ར་ལ་ལས་བཞིའི་སྙིང་པོ་བསྐྱེད་དོ། །ཡེ་ཤེས་ལྔས་དབང་བསྐུར། སྐུ་གསུང་ཐུགས་བྱིན་གྱིས་རློབས། ཀུན་བཟང་མཆོད་སྤྲིན་ནས་བསྟོད་པའི་བར་བྱའོ། །དེ་ནས་ཧཱུྃ་ཞེས་བརྗོད་པས་ལྷ་རྣམས་འོད་དུ་ཞུ། རྡོར་དྲིལ་ལ་ཐིམ་པས་ཡེ་ཤེས་ཀྱི་ངོ་བོར་བསམ་ཞིང་། ༀ་བཛྲ་དྷ་ཀ་ཛ་ལ་ཧ་ན་ད་ཧ་བཛྲ་པཉྩ་ཛྙཱ་ན་བཛྲ་ཧཱུྃ། ༀ་གྷན་དྷ་པ་ཤ་དྷརྨ་དྷ་ར་ཧཱུྃ། ཞེས་བརྗོད་པས། རྡོ་རྗེ་ལས་འབྲས་བུའི་ཆོས་ཐམས་ཅད་རྫོགས་ཏེ་འགྲོ་དོན་མཛད་པར་བསམ། དྲིལ་བུ་སྟོང་པ་ཉིད་ཀྱི་ངང་ལས་ཆོས་སྒྲོགས་པར་བསམ་ཞིང་། ལག་ཏུ་བཟུང་ནས། ཧཱུྃ། རྡོ་རྗེ་དྲིལ་བུ་རིག་པ་འཛིན། །ཐབས་དང་ཤེས་རབ་གཉིས་མེད་པས། །འཁོར་དང་མྱ་ངན་འདས་པའམ། །ཆོས་ལ་དེ་བཞིན་དབང་བསྒྱུར་ཤོག །ཅེས་བརྗོད་ཅིང་རྡོ་རྗེ་གསོར་བས་ཁམས་གསུམ་ཟིལ་གྱི་གནོན། དྲིལ་བུ་བསིལ་བས་སྲིད་གསུམ་དབང་དུ་བསྡུས་པར་བསམ་མོ། །དེ་ནས་བྷནྡྷའི་རབ་གནས་ནི། བྷནྡྷ་བསང་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་འདུས་པ་ཆེན་པོ་རྩ་བའི་དལ་བསྐྱེད་ལ། རིགས་ལྔས། དབང་བསྐུར། སྐུ་གསུང་ཐུགས་བརླབ། ས་མན་ཛས་དབབ། དྲངས། ཨེ་ཧྱ་ཧི། ཛ༔ཧཱུྃ་བྃ་ཧོཿ བསྟིམ། ཏིཥྛ་བཛྲ་བརྟན། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཀུན་བཟང་གི་མཆོད་ལ། གཏུམ་ཆེན་གླུ་དྲུག་གི་བསྟོད་ཅིང་། ༀ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷརྟུ་ཨཱཿ ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་ཅི་རིགས་བཟླས་པས་ལྷ་རྣམས་འོད་དུ་ཞུ། ཡེ་ཤེས་ཀྱི་བདུད་རྩིས་གང་བར་བསམ་མོ། །དེ་ནས་ཚོན་བྱིན་གྱིས་བརླབ་པ་ནི། ཚོན་རིགས་མཐུན་དུ་བཀོད་ལ་དཔའ་བོ་འབྲུ་ལྔ་བཀོད། སརྦ་སཾ་ཤོ་དྷ་དང་། རྃ་ཡྃ་ཁྃ་གི་སྦྱངས། སྟོང་པའི་ངང་ལས་གདན་ལྔ་བརྩེག་ཏུ་ཆོ་ག་གསུམ་གྱིས་ལྷར་བསྐྱེད། དབང་བསྐུར་བརླབ། དབབ་དྲངས་བསྟིམ་བརྟན་པ་ལ། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཀུན་བཟང་། བསྟོད་པའི་བར་བྱས་ལ་གསོལ་བ་གདབ་པ་ནི། ཀུན་མཁྱེན་ཡེ་ཤེས་དག་པ་ལ། །དུག་ལྔ་སྒྲིབ་པ་མ་མཐོང་བས། །མཚོན་ཅིང་དག་པར་བྱ་བའི་ཕྱིར། །བྱིན་བརླབས་དམ་པ་མཛད་དུ་གསོལ། །ༀ་སརྦ་པཉྩ་རཏྣ་ཡ་ན། ཞེས་པས། རིགས་ལྔ་འོད་དུ་ཞུ། ཡེ་ཤེས་རེ་རེའང་ལྔ་ལྔ་དང་ལྡན་པར་བསམ་མོ། །སྤུང་ཞིང་སྣུམ་པ་ལྟར་བྱོས་གསུངས། དེ་ལྟར་ཡན་ལག་རབ་གནས་ཟིན་ནས་རྡོ་རྗེ་སློབ་དཔོན་ཆས་གོས་ལྔས་བརྒྱན་ཏེ་ཧཱུྃ་ཞེས་རྡོ་རྗེའི་འགྲོས་ཀྱིས་དལ་བསྐོར་ལ། དལ་གྱི་དབུས་སུ་ཕྱིན་ལ་ཤར་དུ་བལྟས་ཏེ་རྣམ་རྒྱལ་གྱི་ང་རྒྱལ་གྱི་འདུག་ལ། འདུས་པ་ཆེན་པོའི་ལྷ་ཚོགས་མདུན་གྱི་ནམ་མཁར་སྤྱན་དྲངས་ཏེ་ཕྱི་ནང་གསང་བའམ། ལྷག་པ་ཏིང་ངེ་འཛིན་གྱི་མཆོད་ལ། ཡུམ་བཞི་པོ་རིག་བཞིར་བྱིན་གྱིས་བརླབ་ལ། དབང་བསྐུར། དབབ་དྲངས་བསྟིམ་བརྟན་ལ་གསང་ཡུམ་བཞིའི་ཕྱོགས་བཞི་ནས་གསོལ་བ་བཏབ་བོ། །འདུས་པ་ཆེན་པོའི་དཀྱིལ་འཁོར་དུ། །སངས་རྒྱས་ཀུན་འདུས་གྲོང་བར་ཉིད། །དེ་རིང་བཤད་པར་མཛད་དུ་གསོལ། །ཐམས་ཅད་བདག་ཉིད་དགོངས་སུ་གསོལ། །ཤར་ནས། ཞི་བའི་ཡེ་ཤེས་རང་སྣང་བ། །རྒྱན་རྣམས་ཀུན་གྱི་རབ་མཛེས་པ། །སངས་རྒྱས་ཀུན་གྱི་སྐུ་ཡི་མཆོག །དཀྱིལ་འཁོར་ཆེན་པོ་གསུང་དུ་གསོལ། །ལྷོ་ནས། ཡོན་ཏན་རིན་ཆེན་རྒྱས་པའི་གཙོ། །མ་ལུས་ཀུན་གྱི་རེ་བ་བསྐངས། །ཡང་། སངས་རྒྱས་ཀུན་གྱི་ཡོན་ཏན་མཆོག །དཀྱིལ་འཁོར་ཆེན་པོ་གསུང་དུ་གསོལ། །ནུབ་ནས། རང་བཞིན་དག་པས་གོས་པ་མེད། །སངས་རྒྱས་ཀུན་གྱི་གསུང་གི་མཆོག །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །དཀྱིལ་འཁོར་ཆེན་པོ་གསུང་དུ་གསོལ། །བྱང་ནས། བསམ་པ་ཐམས་ཅད་ཡོངས་རྫོགས་པ། །ཐམས་ཅད་སྒྲོལ་བའི་དེད་དཔོན་མཆོག །སངས་རྒྱས་ཀུན་གྱི་ཕྲིན་ལས་བདག །དཀྱིལ་འཁོར་ཆེན་པོ་གསུང་དུ་གསོལ། །ཐམས་ཅད་བསྡོང་ནས། བསོད་ནམས་ཡེ་ཤེས་ཚོགས་རྫོགས་པའི། །རང་རིག་མཐའ་དབུས་མེད་པའི་དཀྱིལ་འཁོར་དུ། །ཡེ་ཤེས་ཕོ་བྲང་འཁོར་ལོའི་ཚུལ། །དཀྱིལ་འཁོར་སྙིང་པོ་བཤད་དུ་གསོལ། །ཞེས་གསོལ་བ་བཏབ་ལ། བླ་མས། ཕྱོགས་བཅུ་མ་ལུས་ཐམས་ཅད་ཀྱི། །རྒྱལ་བ་སྲས་བཅས་གཤེགས་སུ་གསོལ། །བདག་ཅག་རྡོ་རྗེ་རྒྱལ་པོ་ཡི། །སློབ་བུ་རྣམས་ཀྱིས་དོན་ཕྱིར་དུ། །དཀྱིལ་འཁོར་ཆེན་པོ་བདག་བགྱིས་པས། །བདག་ཅག་རྗེས་སུ་བསྲུང་བའི་ཕྱིར། །ས་འདི་ཤེས་པར་བྱིན་རླབས་པར། །བདེ་བར་གཤེགས་པས་མཛད་དུ་གསོལ། །ཞེས་བརྗོད་ལ་ཐུགས་ཀའི་འོད་ཟེར་གྱི་ནམ་མཁར་བཞུགས་པའི་ལྷ་ཚོགས་རྣམས་ཧཱུྃ་བཞིས་བསྡུས་ཏེ་ཐུགས་ཀར་ཐིམ་པར་བསམ། སློབ་མ་རྣམས་ཡི་དམ་གང་ཡིན་བསྒོམ་པའི་དབང་པོ་སྒོ་ལྔ་ནས་འོད་ཟེར་སྣ་ཚོགས་འཕྲོ་བར་བསམ་མོ། །དེ་ནས་བྱང་ཤར་མཚམས་ནས་རྡོ་རྗེ་འགྲོས་ཀྱིས་བསྐོར་ཞིང་སུཾ་བྷ་ནི་དང་། ཁྲོ་བོ་བཅུའི་སྔགས་ཀྱིས་བགེགས་བསྐྲད་ལ། གྲལ་དུ་འཁོད་པ་ལ་སྐུ་གསུང་ཐུགས་བྱིན་གྱིས་བརླབ་ཅིང་གོ་བགོའོ། །དེ་ནས་ཅི་ཙམ་འོས་པའི་དལ་ཟུར་ཐིག་ནས་འདེབས་པའི་བར་ཆ་ལྔ་བགོས་པའམ། ནང་མ་ལ་འཁོར་ལོ། རྩིབ་བརྒྱད། ༼དེའི་དབུས་སུ་ཤོང་ན་ཞི་བའི་དལ་མེ་རི་ཡན་ཆད་བྲིས་པ་ཡིན། མ་ཤོང་ན་སླ་ངའམ་ཀ་ཏོ་ར་སས་བཀང་ལ་ཞི་བའི་དལ་བྲི་མན་ཛུའི་ཁར་རྩིབ་བརྒྱད་ཀྱི་དབུས་སུ་བཞག་པ་ཕྱག་ལེན་ནོ། །མཆན།༽ དེའི་ཕྱི་མའང་ཆ་ལྔ་ལྔར་བགོས་པ་བར་ཁྱམས་བཅུ། དེའི་ཕྱི་མ་ལ་གཞལ་ཡས་ཆེན་པོའི་སྣ་ཚོགས་རྟ་བབ་རྣམས་སོ། །དེའི་ཕྱི་མ་ལ་པད་རྡོར་མེ་རི་དུག་གསུམ་གྱི་མཚན་མའོ། །རྡོ་རྗེ་འཆང་གི་དལ་འདིར་གྲུ་བཞི་བྱས་ནའང་གབ་པའི་དབང་དྲུག་ནས་ཁྱམ་ཟླ་གམ་ཁ་སྤྲོད་དུ་བཤད་བས་གྲུ་ཁྱོག་ཟླུམ་པོར་རིགས་སོ། །ཁམ་པོར་དུང་ཆོས་སུ་ཕུད་ལ་ཨ་མྲྀ་ཏ་ཙན་དན་དཀར་དམར་ཛ་ཏི་ག་པུར་ཨ་ཀར། དུ་རུ་ཀ །བུ་རུམ་རྣམས་སྦྱར། འདེགས་ལྷ་གནས་དྲིའི་ཐིག་ལེ་བྱས་ཏེ། སུརྱ་ཙན་ཏྲ་མ་ཊ་ལས་གདན་བསམ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙི་ཏ་ཧེ། ཨ་ཨ་ཨ་བཛྲ་ས་མ་ཡ་ཨཿ ༀ་ཨ་ཀྲོ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ། ཀ་ཏ་མ་ཧཱ་ཀྲོ་ཏི་ཤྭ་རི་ཧཱུྃ། ༀ་རུ་ལུ་ཧུ་ལུ་ཧཱུྃ་བྷྱོ་ཧཱུཾ། ཆེ་མཆོག་ལྷ་ཡི་ངོ་བོར་བསམ། དེའི་མདུན་དུ་སུརྱ་ཙན་ཏྲ་མ་དྷ་ལ། ཧཱུྃ་བཛྲ་དྷྲིག མུཾ་ད་དུ་ཤྭ་རི། མི་བསྐྱོད་པ་ལ། སོགས་སངས་རྒྱས་བཞི་བཅུ་རྩ་གཉིས་སུ་དགོད་དོ། །འདིའི་ལྷ་ཚོགས་དལ་དུ་བྱའོ། །དེའི་དབུས་ཀྱི་འཁོར་ལོ་རྩིབ་བརྒྱད་ཀྱི་ལྟེ་བར་བཛྲ་ཧེ་རུ་ཀ །ཤར་དུ་བྷུདྡྷ་ཧེ་རུ་ཀ །ལྷོར་རཏྣ་ཧེ་རུ་ཀ །ནུབ་ཏུ་པདྨ་ཧེ་རུ་ཀ །བྱང་དུ་ཀརྨ་ཧེ་རུ་ཀ །ཤར་ལྷོར་རཀྵ་ཧེ་རུ་ཀ །ལྷོ་ནུབ་ཏུ་ས་ནུ་ཧེ༴ ནུབ་བྱང་དུ་གུ་ཧྱ་ཧེ༴ བྱང་ཤར་དུ་ཡག་ཤ་ཧེ་རུ་ཀ་བསྐྱེད། གྲྭ་བཞིར་གློ་འབུར་དུ་སུརྱ་དང་ཀོའུ་རི་བརྒྱད་ཀྱི་སྔགས། ཁྱམས་དང་པོའི་ཕྱོགས་མཚམས་སུརྱ་དང་སིངྷ་ཧ་མ་བརྒྱད་ཀྱི་སྔགས། སྒོ་བཞིར་སུརྱ་དང་སྒོ་བ་བཞིའི་སྔགས། ཁྱམས་གཉིས་པའི་ཕྱོགས་མཚམས་བཞིར་སུརྱ་དང་ཨ་རག་མོ་ཧཱུྃ། སྤོར་མ་བརྒྱད། གསང་ཡུམ་བཞི། སྒོ་བཞིར་ཤྲཱི་བཛྲ་མུད་ཀ་ར་ཤ་ར་ཡ་ན་མོ། ཤྲཱི་བཛྲ་གྷནྟ་ཏྲ་ཛ་ལ་ན་མོ། ཤྲཱི་བཛྲ་རཱ་ག་མ་ཤ་ཡ་ཡ་ན་མོ། བཛྲ་ཁ་ཏཾ་ཁ་པྲ་ཛ་ལ་ཡ་ཡ་ན་མོ། ཁྱམས་གསུམ་པའི་ཕྱོགས་བཞིར་དྲུག་དྲུག་སྒོ་བཞིར་རེ་རེ་དབང་ཕྱུག་མ་ཉེར་བརྒྱད་ཀྱི་སྔགས་དང་ཁྱམས་བཞིར་བརྒྱད་བརྒྱད་དང་། ༀ་ཨ་ར་ལ་ཧཱུྃ། མཁའ་འགྲོ་མ་སོ་གཉིས་ཁྱམས་ལྔ་ལ་ཤར་ལྷོ་ནུབ་བྱང་བཞི་རུ་གཉིས་གཉིས་མ་མོ་བདུན། བྱང་དུ་གཅིག །སྒོ་བཞིར་རེ་རེ། མ་མ་ད་དུ་ཧཱུྃ། ཁྱམས་དྲུག་པ་ལ་ཤར་ནུབ་ཏུ་བཞི་བཞི། ལྷོ་བྱང་དུ་གསུམ་གསུམ། སྒོ་བཞིར་རེ་རེ། སུརྱ་དང་། གི་ཀ་ར། ཧ་ཧ་རུ་ལུ་བྷྱོ། ཁྱམས་བདུན་བ་ལ་ནུབ་ཏུ། ཀྲོ་ཏ་ཀྲོ་ཏི་ཧཱུྃ་ཞེས། ཤར་ནུབ་ཏུ་བཅུ་གཉིས། ལྷོ་བྱང་དུ་བརྒྱད། ཤར་ནུབ་ཀྱི་སྒོར་དྲུག །ལྷོ་བྱང་གི་སྒོར་བཞིར་བཞི། ཁྲོ་བོ་ཁྲོ་མོ་དྲུག་བཅུ། གིང་བཅོ་བརྒྱད། ཁྱམས་བརྒྱད་པ་ལ་ཤར་སུརྱ་དང་། བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ དྲུག་ཅུ། ལྷོར་སུརྱ་དང་། ཧ་ལ་ཧ་ལ་པ་ཤ་ཧཱུྃ། གི་དྲུག་བཅུ། ནུབ་ཏུ་སུརྱ་གརྫ་གརྫ་སྥོ་ཊ་བྃ་གི་དྲུག་ཅུ། བྱང་དུ་སུརྱ་དང་། པ་ཙ་པ་ཙ་གྷནྡྷེ་ཧོ་དྲུག་ཅུའོ། །ཁྱམས་དགུ་པ་ལ་ཕྱོགས་བཞིར་བཅོ་ལྔ་ཕོ་ཉ་བརྒྱད། བཅོ་ལྔ། མ་མ་ཤ་རི་མ་མོ་ལས་བྱེད་དྲུག་ཅུ། བྷྱོ། ཁྱམས་བཅུ་པ་སུརྱ་ཙནྟྲ་པདྨ་མ་དྷ་ལས། བཀའ་བརྒྱད་ཐེག་པའི་ལྷ་ཚོགས་ཚང་བ། རྟ་བབ་ཀྱི་ཁྱམས་ལ་སུརྱ་ཙནྟྲ་པདྨ་མཎྜལ་མ་ཧཱ་གུ་རུ་ཤ་རི་རུཾ། ཞེས་པས་རིག་འཛིན་རྩལ་འཆང་བཀའ་བརྒྱུད་བླ་མ་རྣམས་ཚང་བའི་ཚོམ་བུ་བྱའོ། །དེ་དག་དལ་དང་རིག་འཛིན་བརྒྱུད་པ་ལ་སོགས། སྟ་གོན་ནོ། ༈ དེ་ནས་གཉིས་པ་ལྷ་སྟ་གོན་ལ་གནས་པ་ནི། ཕྱིར་ཆ་གསུམ་བཤམ། ནང་དུ་རྩ་བ་ཡན་ལག་གི་མཆོད་པ་བཤམ་མོ། །ཕྱག་བསྡུས་པ་བྱ། ཁྲོ་བཅུས་མཚམས་བཅད། ཡེ་ནས་མཉམ་ཉིད་ཀྱི་བཤམས། དམ་བཅའ་བླངས། བྱིན་ཕབ་ལ་བསྡུ། མཆོད་པ་རྣམས་བྱིན་གྱིས་བརླབས། རང་ཉིད་ཀུན་བཟང་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས། འབྱུང་བ་རིམ་བརྩེགས་དང་བཅས་པའི་ཞི་བའི་དལ་བསྐྱེད། ཡང་། བདག་ཧེ་རུ་ཀར་གནས་པའི་ཐུགས་ཀར་འབྱུང་བ་རིམ་བརྩེགས་དང་བཅས་པའི་དལ་ལ་ཁྲག་འཐུང་ཡབ་ཡུམ་བཅུ། ཀོའུ་རི་བརྒྱད། སིང་ཧ་བརྒྱད། སྤོར་མ་བརྒྱད། གསང་ཡུམ་བཞི། དབང་མོ་ཉེར་བརྒྱད། མཁའ་འགྲོ་སོ་གཉིས། མ་མོ་བདུན། སྲིན་མོ་བཞི། གིང་ཆེན་བཅྭོ་བརྒྱད། སྟེང་གི་ཁྲོ་བོ་ཁྲོ་མོ་དྲུག་ཅུ། ཤར་དུ་དུང་གི་ཕོ་ཉ་དྲུག་ཅུ། ལྷོ་ལྕགས་སམ་གསེར་གྱི་ཕོ་ཉ་དྲུག་ཅུ། ནུབ་ཏུ་བསྭེའི་ཕོ་ཉ་དྲུག་ཅུ། བྱང་དུ་གཡུའི་ཕོ་ཉ་དྲུག་ཅུ། འོག་ཏུ་མ་མོ་ལས་བྱེད་དྲུག་ཅུ། རིག་འཛིན་ལ་སོགས་པ་ཐམས་ཅད་སྔགས་ཀྱི་རྫོགས་ཚུལ་དུ་བསྐྱེད། ཞི་ཁྲོ་གཉིས་ཀ་ལ་དུས་གཅིག་ཏུ་ཡེ་ཤེས་ལྔས་དབང་བསྐུར། སྐུ་གསུང་ཐུགས་བྱིན་གྱིས་བརློབས། ས་མན་ཛས་སྙན་གསན་དབབ། ཨེ་ཧྱ་ཧི་སྤྱན་དྲངས། ཛཿཧཱུྃ་བྃ་ཧོས་གཉིས་སུ་མེད་པར་བསྟིམ། ཀུན་ཏུ་བཟང་པོ་དང་ཕྱག་དང་ཞབས་བསིལ་དང་། ལྷ་མོ་བཞི་བསྣོལ་གྱི་མཆོད། ཞི་བའི་ལྷ་ཚོགས་རྣམས་ལ་སུ་ར་ཏས་གཏོར་མ་འབུལ། ཁྲོ་བོ་ལ་ཛཿཧཱུྃ་བྃ་ཧོས་འབུལ། ༀ་ཨཱཿཧཱུྃ་སུ་ར་ཏོ། ཨརྒྷཾ་ལ་བཛྲ་ཨ་མྲྀ་ཏ་ཧ་ར་ན་པྲ་ཏི་ཛ་བྷ་ག་ཝན། ཛཿཧཱུྃ་བྃ་ཧོཿ ༀ་པ་ན་བེཾ། ཏེ་པུ་བྷ་ར་མུ། སརྦ་མ་ཧཱ་སུ་ཀ་སིདྡྷི་ཧཱུྃ། ཞི་བ་ལ་གསང་ནན་གྱི་མཆོད། ཛཿཧཱུྃ་བྃ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ཨ་དན་དྷུཥྤེ་པུ་བེ་དྷི་བ་གྷནྡྷེ། བྷ་ལིན་པྲ་ཏི་ཛ་ཧོཿ ཤྲཱི་པ་ན་ཁ་ཁ་ཁཱ་ཧི་ཁཱ་ཧི། བླ་མེད་མཆོག་གི་མཆོད་པ་དམ་པར་སྦྱར་བར་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔའི་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཁྲོ་བོ་ལ་རཀྟ་ཚར་གསུམ་འབུལ། ཕྱོགས་བཅུ་དུས་བཞི་དང་། གཏུམ་ཆེན་གྱི་བསྟོད། དེ་ནས་དྲིལ་བུ་བསིལ་ཞིང་སྤོས་བདུག་ལ། ཡང་ན་ས་མ་ཡ་ཧཱུྃ་ཧོ་བསྟིམ། ཚོམ་བུའི་ལྷ་རྣམས་སྦྱོར་བ་མཛད་ནས་འོད་དུ་ཞུ་སྟེ་ས་གཞི་ལ་ཐིམ་པས། ས་གཞི་ཡེ་ཤེས་ལྔ་རང་སྣང་དུ་བྱིན་བརླབ་གསུངས་སོ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་ཀུན་ནས་དགོངས་སུ་གསོལ། །དེང་གི་གནས་མཆོག་དམ་པ་འདིར། །སློབ་མ་རྣམས་ཀྱིས་དོན་ཕྱིར་དུ། །སང་གི་ནང་པར་བདུག་བདལ་ནས། །དཀྱིལ་འཁོར་ཆེན་པོ་བཞེངས་གསོལ་བས། །སྟ་གོན་ལ་ནི་བཞུགས་ནས་ཀྱང་། །བྱིན་རླབས་དམ་པ་མཛད་དུ་གསོལ། །ཞེས་པས་ལྷ་སྟ་གོན་ནོ། །དེ་ནས་གསུམ་པ་བུམ་པ་སྟ་གོན་ནི། བུམ་པ་ལྔ་དཀར་རྩིས་བྱུག་པ་ལ། རིགས་ལྔའི་ཕྱག་མཚན་བྲིས་པ་བླ་མའི་མདུན་དུ་རས་གཙང་མའི་ཁར་བཞག་གོ། །དེ་ནས་བདེན་པ་བརྡར་བ་ནི། ན་མོ། ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་སྤྱན་དྲངས་ནས་བཀོད་པ་མི་ཟད་པ་རྒྱན་གྱི་འཁོར་ལོའི་བཀའ་བདེན་པ་དང་། བདེན་པ་ཡང་དག་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་དང་། ཞི་ཁྲོ་གསང་བ་མཆོག་གི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། རྣལ་འབྱོར་བ་བདག་གི་སློབ་མ་འདི་རྣམས་ཀྱིས་དོན་དུ་བུམ་པ་ལྷའི་དལ་དུ་བཞེངས་པར་འཚལ་བས་བར་དུ་གཅོད་པའི། བགེགས་དང་འབྱུང་པོ་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེང་ཤིག །ཧཱུྃ་ཧཱུྃ་ཧཱུྃ། བྷི་ཤྭ་བཛྲ་ཀྲོ་ཏ་ཚང་བ། བརྗོད་ཅིང་རྡོ་རྗེ་ཐོགས་ཏེ། གཏོར་བས་བགེགས་ཐམས་ཅད་བསྐྲད་པར་བསམ་མོ། །དེའི་རྗེས་སུའང་བགེགས་ཀྱི་མི་ཚུགས་པའི་ཕྱིར་གུ་གུལ་གྱི་བདུག །བཀྲ་ཤིས་པའི་ཕྱིར་སྤོས་ཀྱི་བདུག །ཡང་རྃ་ཡྃ་ཁྃ་གི་བུམ་པ་བསངས་སྦྱངས། སྟོང་པའི་ངང་ལས་རྡོ་རྗེ་མཚོན་པའི་དབུས་ཀྱིས་བུམ་པར་བྷྲཱུྃ་གྱི་འཕྲོ་འདུ་དང་བྷྲཱུྃ་བྷི་ཤ་བྷི་ཤུདྡྷེ། ཞི་བའི་དལ། གདན་དང་བཅས་པ་བསྐྱེད་ལ། ནང་དུ་ཡུངས་དཀར་བླུག་ལ་ཀུན་བཟང་ཡབ་ཡུམ་དང་མི་བསྐྱོད་པ་ཡབ་ཡུམ་གྱིས་གཙོ་བྱས་པའོ། །ཤར་དུ་རྣམ་སྣང་གི་གཙོ་བྱས་པའི་ལྷ་བཞི་བཅུ། ལྷོར་རིན་ཆེན་འབྱུང་། ནུབ་ཏུ་སྣང་མཐའ། བྱང་དུ་དོན་གྲུབ་སྟེ། བུམ་རྫས་ཉེར་ལྔ་ཚང་བའི་ཁ་རྒྱན་གཟུངས་ཐག་རིགས་མཐུན་བྱའོ། །ཁྲོ་བོ་གསང་བའི་བུམ་པ་ནི། བྷནྡྷ་དཀར་པོ་ལྕང་ལོ་ཅན། གྲ་དར་མཐིང་དམར་གྱི་ཁུང་དུ་བཞག་ལ་དེའི་ནང་དུ་རྡོ་རྗེ་སློབ་དཔོན་གྱི་གཙོ་བྱས་པའི་མཆེད་ལྕམ་རྡོ་རྗེ་སྤུན་དུ་ཡོད་ཀྱི་གྲངས་སྨན་རིལ་བུ་བྱས་ལ་བཞག་གོ། །དེ་ནས་བུམ་པ་བསང་། སྟོང་པའི་ངང་ལས་བྷྲཱུྃ་ལས་འདུས་པ་ཆེན་པོ་གཞལ་ཡས་གདན་དང་བཅས་པ་བསྐྱེད་ལ་གཙོ་བོ་ནས་མ་བདུན་སྲིང་བཞི་ཡན་ཆད་བུམ་པའི་ནང་དུ་ཡུངས་ཀར་བླུག་ཅིང་སྔགས་ཀྱི་རྫོགས་པར་བསྐྱེད། ལྔ་ཚན་ཉེར་ལྔའི་རྫས་དང་འབྲུ་བཅུད་ཚང་བར་བླུག་པའི་ཁར་རྡོ་རྗེ་བཞག་ལ། གཟུང་ཐག་བཏག་སྟེ། ཐོད་པ་གཅིག་གི་ཁ་བཅད། དར་སྣ་ལྔས་བཀབ་ལ་བཞག་གོ། །ཡང་ན་ཞི་བའི་བུམ་པ་ལྔ་པོ་རིགས་ལྔ་དང་། ཁྲོ་བོའི་བུམ་པ་བྷནྡྷ་མཚན་ལྡན་ལ་རིགས་ལྔ་སོ་སོའི་ཐུགས་ཕྱག་མཚན་བྲིས་ལ་དབུས་སུ་ཆེ་མཆོག་གི་གཙོ་བོ་བྱས་པའི་ལྷ་ལྔ་བརྒྱ་བརྒྱད་ཅུ་རྩ་གཉིས་དང་། རིག་འཛིན་རྩལ་འཆང་ཐམས་ཅད་ཚང་བར་བསྐྱེད། རིགས་བཞིའི་བུམ་པ་ལ་རིགས་རང་རང་གི་གཙོ་བྱས་པའི་ལྷ་ལྔ་བཅུ་རྩ་བརྒྱད་པོ་བསྐྱེད་ཅིང་རྫས་ཚང་བ་བླུག །ཕྱོགས་བཞི་དབུས་སུ་དགོད་ཅིང་། མཉྫུ་ཁར་ཀ་པ་ལ་ལྔར་བདུད་རྩི་བླུག །ལྷ་ལ་ཡེ་ཤེས་ལྔས་དབང་བསྐུར། བརླབ་དབབ་དྲངས་བསྟིམ་བརྟན། ཀུན་བཟང་གི་མཆོད་པ་ལྔ་འབུལ། མ་ཧཱ་པཉྩ་ཨ་མྲྀ་ཏས་སྨན་མཆོད་འབུལ། མ་ཧཱ་བྷ་ལིངྟས་གཏོར་མ་འབུལ། མ་ཧཱ་རཀྟ་ཁཱ་ཧིཿ ཁྲག་འབུལ། ༀ། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། ཞེས་པ་ནས། དལ་ཀུན་རྒྱས་པར་འབུལ་གྱི་བར་དང་། གསལ་ལྡན་མའི་བྱིན་རླབས༴ རིམ༴ ཆོས་དབྱིངས༴ མཆོད་པའི༴ ཨ་ལ་ལ་སྟེ་མཆོད་པ་འབུལ། ཨ་ལ་ལ་སྟེ་བཞེས་སུ་གསོལ། ཧཱུྃ། རི་རབ་ཆེན་པོའི་གླིང་བཞི་ནས། །གནས་པའི་སེམས་ཅན་ཐམས་ཅད་ཀུན། །ཡེ་ཤེས་མེ་ཆེན་སྒོམ་བྱས་ཏེ། །ཐམས་ཅད་མ་ལུས་བསྲེགས་པར་བྱེད། །རྃ། སྲིད་གསུམ་བསྲེགས་པའི་མེ་ཆེན་ཏེ། །ཡིད་ཀྱི་ཡེ་ཤེས་མེ་རུ་འབར། །རྃ། ཐབས་དང་ཤེས་རབ་གཉིས་མེད་པའི། །པདྨ་ལ་ནི་རྡོ་རྗེ་ཞུགས། །འཁྲིལ་བའི་ཆོས་ཅན་མཉམ་སྦྱོར་བས། །བདག་ཉིད་མཉེས་པས་མཉེས་པར་བྱའོ། །ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཨ་ནུ་ག་ཡ་མི། ཛཿཧཱུྃ་བྃ་ཧོཿ ཧཱུྃ་ཧཱུྃ་ཧཱུྃ། བོ་དྷི་ཙིཏྟ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པུཙྪ་བཛྲ་སྭ་བྷ་ཝ་ཨདྨ་ཀོ྅་ཧྃ། ཞེས་པས་ལྷག་པའི་ཏིང་ངེ་འཛིན་དང་སྦྱོར་སྒྲོལ་གྱི་མཆོད་པ་འབུལ། ཕྱོགས་བཅུ་དུས་བཞི་དང་། གཏུམ་ཆེན་གྱི་བསྟོད། དེ་ནས་ཁྲོ་བོའི་གསང་བུམ་གྱི་གཟུངས་ཐག་གཡོན་པས་བཟུང་། གཡས་ཕྲེང་བ་བསྒྲང་ཞིང་གུ་ཧྱ་ཛྙཱན་རུ་ལུ་བརྒྱ་རྩ་བརྒྱད་བཟླས་ཞིང་། བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། རྡོ་རྗེ་ལ་ཕོག །རྡོ་རྗེ་ལས་འོད་འཕྲོས། བུམ་པ་ནང་གི་ལྷ་ལ་ཐིམ། ཐུགས་དམ་བསྐུལ། གླད་པ་དུང་ཁང་དུ་སོང་། སྒལ་ཚིག་ནས་བརྒྱུད། རྡོ་རྗེ་ནས་ཡུམ་གྱི་མཁར་བབ། སྦྱོར་བ་བྱས། ཡུམ་གྱི་ཞལ་ནས་བྱུང་། ཡབ་ཀྱི་ཞལ་དུ་ཐིམ། སྲོག་དག་པའི་ལམ་ནས་བྱུང་། སྒལ་ཚིག་ནས་བརྒྱུད་དེ་རྡོ་རྗེ་ནས་ཡུམ་གྱི་མཁར་བབ། སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་བབ་པས་བུམ་པ་གང་བར་བསམ་ཞིང་། ༀ་ཏ་པ་ལ་ཏེ་མ་མ་ཧ་ཏེ་པ་ཏ་ལ་ཧཱུྃ། ཞེས་བརྗོད་པས་ལྷ་ཚོགས་བདུད་རྩིར་ཞུ། བུམ་པ་གང་བས་ཀྱང་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་ངོ་བོར་རྫོགས་པར་བསམ་ལ། བསྟོད་པ་ནི། གསལ་ལྡན་མས་བྱིན་གྱིས་བརླབ་ལ། སྟོང་གསུམ། དབྱིངས༴ མཉེས་ནས༴ བདག་ཉིད༴ སངས་རྒྱས༴ སྲིད་གསུམ༴ དགའ་བ༴ སྒྱུ་འཕྲུལ༴ ཕྱོགས་བཅུ༴ སངས་རྒྱས༴ ད་ལ་མ་ལུས་དང་། ཁམས་གསུམ་འགྲོ་རྣམས་མངོན་དུ་གྱུར། །ཞེས་བརྗོད་ནས། ཞི་བའི་བུམ་པ་དབུས་དང་ཕྱོགས་བཞིར་བཞག །དབུས་ཀྱི་བུམ་པའི་ནང་དུ་ཐོད་པ་དུམ་བུ་གཅིག་པའི་ནང་འབྲུ་བཅུད་ཀྱི་ཕུད་བླུག་ལ། བདུད་རྩི་བཏབ་ཁར་རྡོ་རྗེ་བཞག་ལ་ཞི་བའི་དལ་བསྐྱེད། བདག་གི་ཐུགས་ཀ་ནས་འོད་འཕྲོས་ནས་བྷནྡྷ་བདུད་རྩིས་གང་བའི་བར་གོང་བཞིན་བྱས་ལ་དབུས་ཤར་ལྷོ་ནུབ་བྱང་དུ་དགོད། བསང་སྦྱངས་བསྐྱེད་པ་སོགས་བྱས་ལ་བླ་མས་ཁྲོ་བོའི་གསང་བུམ་བཟུང་ཞིང་ཞི་བའི་བུམ་པ་རྒྱལ་ཐབས་སོགས་ཀྱི་བཟུང་ལ་དལ་གྱི་མཐའ་བསྐོར་ཏེ་དབྱངས་དང་བཅས་པས། ཧཱུྃ། བུམ་པ་མ་ལགས་རྒྱལ་པོ་ལགས། །རྒྱལ་པོའི་སྔགས་ཀྱི་བཏབ་ནས་ཀྱང་། །རྒྱལ་པོ་ཆེན་པོ་མངའ་གསོལ་གྱི། །རྒྱལ་པོའི་ཚུལ་དུ་བཞུགས་སུ་གསོལ། །ཞེས་བརྗོད་ལ་བུམ་པ་རང་གི་མདུན་ནམ་ཕྱོགས་བཞི་དབུས་ལྔར་དགོད། ལས་བུམ་དུ་བདུད་རྩི་འཁྱིལ་བར་བསྐྱེད། བྱིན་གྱིས་བརླབས་ཏེ་རྒྱལ་ཐེབ་ཀྱི་མདུན་དུ་དགོད་དོ། །བུམ་པ་སྟ་གོན་ནོ། །དེ་ནས་ཡོ་བྱད་བྱིན་གྱིས་བརླབས་པ་ནི། ཡོ་བྱད་ཀྱི་ཕུད་བསགས་ལ་རྃ་ཡྃ་ཁྃ་གི་བསང་སྦྱངས་ལ། ཏྲྃ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ་གི་འཕྲོས་འདུས། ཏྲཾ་རཏྣ་ཏྲེ་ལོཀྵ་མཎྜལ་ཧཱུྃ། ཞེས་པས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་མི་བཟད་པའི་གཏེར་གྱི་ཕུང་པོའི་རྩེར་ༀ་ཨཱཿཧཱུྃ་གི་འོད་ལས་ཕྱི་ནང་གསང་བའི་ལོངས་སྤྱོད་བསམ་གྱི་མི་ཁྱབ་པ་འབྱུང་བར་བསམ་མོ། །བྱེ་བྲག་ཏུ་བྱིན་གྱིས་བརླབ་པ་ནི། ཡོ་བྱད་ཚོ་གསུམ་དུ་བཅད་ལ། ཚོ་གཅིག་བྃ་སེར་པོའི་འཕྲོ་འདུ་ལས། དཔའ་བོ་འབྲུ་ལྔར་བསྐྱེད་ལ་ཚོགས་དང་མཆོད་པ་བྱ། ཚོ་གཅིག་ཨ་དང་མའི་འཕྲོ་འདུ་ལས་འདོད་ཡོན་དུ་བྱིན་གྱིས་བརླབས་ལ། བསྒྲུབ་པ་པོ་རྣམས་ཀྱིས་རོལ། ཚོ་གཅིག་ནམ་མཁའ་མཛོད་ཀྱི་སྔགས་ཀྱི་མང་པོ་རྒྱ་ཆེར་སྤེལ་ལ་མཆོད་མགྲོན་ལ་འགྱེད། དེར་ཚོགས་ཐམས་ཅད་ལྷ་དང་ལྷ་མོར་བསམ། ཡོ་བྱད་སྟ་གོན་ནོ། །ལྔ་པ་སློབ་མ་སྟ་གོན་ནི་ཉེར་གཉིས་དལ་གྱི་ལྷ་ཚོགས་པདྨ་འདབ་བརྒྱད་སོ་ཤིང་སོགས་དང་སྤྱི་དང་ཁྱད་པར་གྱི་མཆོད་པ་བཤམས། མཚམས་ནས་འཛབ་བསྟོད་ཀྱི་བར་བྱའོ། །དེ་ནས་སློབ་མ་རྣམས་ཁྲུས་བྱ། ཐལ་མོ་སྦྱར་ཏེ། ཧོཿ མི་གནས་པའི་ཡེ་ཤེས་ཆེན་པོའི་བདག་ཉིད་འདུས་པ་ཆེན་པོའི་དལ་གྱི་ལྷ་ཚོགས་འཁོར་རྒྱལ་བ་རྒྱ་མཚོ་ཞིང་གི་རྡུལ་རྙེད་དང་བཅས་པ་རྣམས་གསན་ཅིང་དགོངས་སུ་གསོལ་ལོ། །བདག་མིང་འདི་ཞེས་བགྱི་བ་འཁོར་བ་ལ་ངེས་པར་འབྱུང་ནས་འགྲོ་བ་སེམས་ཅན་རྣམས་ཀྱི་དོན་གྱི་སླད་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་མཐར་ཕྱིན་པར་འཚལ་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞལ་སྟོན་ཞིང་བྱིན་གྱིས་བརླབ་པ་དང་། དབང་བསྐུར་དུ་གསོལ། ཞེས་ཞུ་བ་ཕུལ་ལ། དེ་ནས་ཀུན་རྫོབ་སེམས་བསྐྱེད་ནི། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་མོད་ཀྱང་། །རྟོགས་པའི་དབང་གི་འཁོར་བ་ལ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །དོན་དམ་སེམས་བསྐྱེད། ཨེ་མ་ངོ་མཚར་རྨད་གྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལ་ཐམས་ཅད་སྐྱེ། །སྐྱེས་པ་ཉིད་ནའང་སྐྱེ་བ་མེད། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགག་པ་མེད་ལ་ཐམས་ཅད་འགགས། །འགག་པ་ཉིད་ནའང་འགག་པ་མེད། །ཨེ་མ་ངོ་མཚར༴ རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །གནས་པ་མེད་ལ་ཐམས་ཅད་གནས། །གནས་པ་ཉིད་ནའང་གནས་པ་མེད། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི༴ དམིགས་པ་མེད་ལ་ཐམས་ཅད་དམིགས། །དམིགས་པ་ཉིད་ནའང༴ ཨེ་མ་ངོ་མཚར་རྨད༴ རྫོགས་པའི་སངས་རྒྱས༴ འགྲོ་འོང་མེད་ལ་འགྲོ་དང་འོང་། །འགྲོ་འོང་ཉིད་ནའང་འགྲོ་འོང་མེད། །ཅེས་སེམས་བསྐྱེད་དོ། །དེ་ནས་བླ་མ་བཛྲ་ཧེ་རུ་ཀར་སྒོམ་ལ། ཨེ་མ། བདེར་གཤེགས་སྙིང་པོའི་དོན། ཐེག་ཆེན་གསང་སྔགས་སྙིང་པོའི་མཆོག །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཁྱོད་ལ་རབ་ཏུ་བརྟན་པར་བྱ། །ཞེས་གནང་བ་བྱིན། འདིར་ནི་རང་བཞིན་དལ་དང་། གཟུགས་བརྙན་ལྷག །ཏིང་འཛིན་ལྷག༴ བྱང་ཆུབ་སེམས་དང་ཚོགས་མཆོག་བསྟན། ཅེས་བྲོད་པ་བསྐྱེད། དེ་ནས་གསོལ་བ་གདབ་པ་ནི། བཅོམ་ལྡན་ཀུན་བཟང་ཧེ་རུ་ཀ །ད་ལ་གཙོ་བོ་ཁྱེད་ལ་འདུད། །ཐར་པ་ཆེན་པོ་བདག་འདོད་དེ། །དེའི་དབང་དང་དམ་ཚིག་དང་། །མགོན་པོ་དཔའ་བོ་སྐྱབས་སོང་ཞིང་། །ཐེག་ཆེན་ཁང་པར་གཞུག་པ་དང་། །མཁྱེན་རབ་ཡེ་ཤེས་བདག་ལ་གསོལ། །ཞེས་ལན་གསུམ་བྱ། བླ་མས། བུ་འདིར་ཤོག་ཅིག་ཅི་བདེར་བའི། །ལས་སྤྱོད་རིམ་པར་འགྲོ་བ་དང་། །སྐུ་གསུང་ཐུགས་ཀྱིས་རྡོ་རྗེ་ཟུངས། །འདུས་པ་ཆེན་པོའི་དབང་རྫོགས་སྦྱིན། །ཞེས་བརྗོད་ལ། སློབ་མ་རྣམས་ཀྱིས་གླད་པ་དུང་ཁང་དུ་མ་ལས་ཉི་མའི་འཕྲོ་འདུ་འོད་ཀྱི་ལུས་གང་མགོ་བཞུགས། ཨ་ཡུ་ཧཱུྃ་ཛཿ ཞེས་པའི་ཚེའི་རང་བཞིན་མུ་ཏིག་ལྟར་དཀར་པོ་དྲི་མ་མེད་པར་བསམ། ཡང་དུང་ཁཾ་དུ་བྷྲཱུྃ་གྱི་འཕྲོ་འདུ་ལས་ཟླ་གམ་དམར་པོ་སྒོ་གཅིག་པའི་ནང་དུ་བཛྲ་ཀྲོ་ཏ་ཧཱུྃ། ཀ་ར་ཧཱུྃ་གི་ཧཱུྃ་ཀ་ར་བསྐྱེད། ༀ་བཛྲ་ཀྲོ་ཏ་ཨརྱ་ཨ་ཙ་ཧཱུྃ་གི་མི་གཡོ་བས་སྒོ་བསྲུང་བར་བསམ། རང་དཔལ་ཆེན་དུ་གསལ་བའི་སོར་མོ་བཅུར་ཉི་མའི་གདན་འབྲུ་ལྔ་ལ་རིགས་ལྔ་ཡབ་ཡུམ་གྱི་འཕྲོ་འདུས་སློབ་མ་རྣམས་ཀྱི་སྡིག་སྒྲིབ་རལ་བར་བསམ་ཞིང་། ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེན་པ་ཆེན་པོའི་བྱིན་རླབས་ཀྱི། གང་དག་འདི་རྣམས་ཀྱིས་རྒྱུད་ལ་གནས་པའི་ལས་དང་ཉོན་མོངས་པའི་སྒྲིབ་པ་དང་། ལྟ་བ་དམན་ཞིང་ཤེས་རབ་ཞེན་པའི་སྒྲིབ་པ་དང་། ཁྱད་པར་གསང་སྔགས་ཀྱིས་སྒོར་ཞུགས་ནས་གསང་བ་ཟབ་མོའི་དབང་ནོད་པ་ལ་སྒྲིབ་པ་གོང་གི་རིམ་པ་བཞིན་གནས་པ་ཐམས་ཅད་སྐད་ཅིག་གཅིག་ལ་བྱང་ཞིང་དག་པར་གྱུར་ཅིག །བཛྲ་བྷནྡྷ་ཏྲ་ཐཱ། ཞེས་བརྗོད་པས། སྒྲིབ་པ་མ་ལུས་པ་དག་ནས་སེམས་ཤེལ་སྒོང་ལྟར་གྱུར་པར་བསམ། བཛྲ་ཨ་ཝེ་ཤ་ཡ་ཨ་ཨཱཿ ཞེས་པས། ཁྲོ་བོ་འོད་དུ་ཞུ། ལུས་བཀྲག་མདངས་དང་ལྡན་པར་བསམ་ལ། རང་ཉིད་ཡི་དམ་དུ་བསྒོམ། ལུས་བསྲུང་། གོ་བགོའོ། །དེ་ནས་སློབ་མ་རྣམས་ཀྱིས་ཕྱག་འཚལ། ཐལ་མོ་སྦྱར་ཏེ། དཔའ་བོ་རྡོ་རྗེ་འཛིན་པ་ཁྱོད། །འཁོར་བ་འདྲེན་པའི་དེད་དཔོན་ཆེ། །སྡུག་བསྔལ་ཆུ་བོ་རྒྱུན་བཟློག་པ། །དོན་གཉིས་བདག་གི་བསྟན་བྱིན་ཕྱིར། །ཐབས་ཀྱི་ལས་མཐའ་གང་ལགས་པ། །རིམ་པ་ཡན་ལག་བསྟེན་བྱིན་ཕྱིར། །ཐུགས་རྗེས་ཉེ་བར་བསྟན་མཛད་དེ། །དེ་རིང་གནས་པར་མཛད་དུ་གསོལ། །ཞེས་ལན་གསུམ་བརྗོད་ལ། བླ་མས་བདུད་རྩི་ཐོགས་ཏེ། དཔལ་ལྡན་རྡོ་རྗེ་སྐུ་གསུང་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་སྐུ་གསུང་ཐུགས་དང་ལྡན། །དེང་ནས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །རྡོ་རྗེ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྦྱིན། །ཅེས། ༀ་ཨཱཿཧཱུྃ་ཀ་ཡ་སིདྡྷི་ༀ། ཝཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། ཞེས་གནས་གསུམ་དུ་བཞག །ལྕེས་མྱོང་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་ཝཀ་ཙིཏྟ་བཛྲ་སྭ་བྷཱ་ཨདྨ་ཀོ྅་ཧྃ། ཞེས་ལན་གསུམ་རྡོ་རྗེས་རེག་གོ། །དེ་ནས་བླ་མས་རྡོ་རྗེ་ཕྱེད་ལ་འཛིན་དུ་བཅུག་ལ། བདག་ནི་ལྷ་མཆོག་སྐལ་བར་ལྡན། །དེང་ནི་ཐེག་པ་ཆེན་པོ་ལ། །བརྟན་པར་བྱ་ཕྱིར་བདག་ལ་ནི། །ཡེ་ཤེས་བསྲུང་པ་མཛད་དུ་གསོལ། །ཞེས་བརྗོད། བླ་མས། ༀ་ཨཱཿབིགྣན་ཏ་ཀྲིཏ་ཨ་མྲྀ་ཏ་ཀུནྡྷ་ལི་ཧཱུྃ་ཕཊ། ཅེས་པ་དྲི་ཆབ་བྱིན། ཁ་བཤལ་ཁང་དུ་ཡང་བསྟན། ལྷག་མ་རྒྱབ་ཏུ་བོར། དེ་ནས། བཛྲ་ཛི་ཧ་སཾ་བྷ་ར་པྲ་ཏི་ནི་ཧཱུྃ་ཕཊ། ཀྱིས་སོར་ཤིང་སྦོམ་པས་བཞར། ཕྲ་མོས་སོ་བྲུས་ལ་མཎྜལ་དུ་མཁའ་དབྱིངས་མའི་ཕྱག་རྒྱས་དོར་རོ། །ཕྱོགས་བཞིར་རྩེ་མོ་བསྟན་ན་རིགས་བཞི་འགྲུབ། བྱང་ཤར་དུ་བྱུང་ན་བསྐྱར་རོ། །དེ་ནས། ༀ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ། ཅེས་པས་བསྲུང་སྐུད་ཕོའི་གཡོན་དུ་བཅིང་། མོའི་གཡས་སུ་བཅིང་། ༀ་བཛྲ་ཏིཥྛ་ཏིཥྛ་ཧཱུྃ་སྭཱ་ཧཱ། རྩ་ཀུ་ཤ་ཆེ་ཆུང་སྔས་སྟན་དུ་བྱིན། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཕུར་བས་སྲས་མཆོག་ཏུ་བྱིན་རླབས་ལ་སྦྱིན། དེ་ནས་བླ་མ་ལ་ཕྱག་བྱས་ཏེ། སེམས་རྩེ་གཅིག་ཏུ་འདུག་གོ། །དེ་ནས་བླ་མས་བྱང་ཤར་ནས་རེག་མཛུབ་གང་དྲངས་ཏེ། ཟངས་གཞོང་ཏིང་ཕུར་གྱི་བཀབ་པ་རྡོ་རྗེས་མནན་ལ་བཞག་གོ། །སྐབས་འདིར་དབང་གི་སྔོན་འགྲོ་ལ་གླིང་བཞི་དང་འགག་བརྒྱད་བཤད་དོ། །ནུབ་མོད་ཕྲིན་ལས་གཞུང་བསྲང་། ཚོགས་ལས་བྱའོ། །གྲུབ་ན་གླིང་བཞི་སྲིད་པའི་སྤྱི་མདོས་བྱ། དེ་ནས་ཀུ་ཤས་སྔས་སྟན་བྱས་ཏེ། ཕོའི་གཡས། མོའི་གཡོན་འོག་ཏུ་བཅུག་ལ་རྨི་ལམ་ཐུན་གསུམ་དུ་བཅད་དེ། ཐོ་རངས་རྨི་ལམ་བཟང་ངན་བརྟག་གོ། །དེའང་གང་བྱུང་དྲང་པོར་སྨྲོས་ཤིག་བྱའོ། །དེ་ཡང་གསང་བ་སྤྱི་རྒྱུད་ལས། རྨི་ལམ་སངས་རྒྱས་མཐོང་བ་ནི། །ཡོན་ཏན་རྒྱ་མཚོ་མངོན་སུམ་བཞིན། །མཆོད་རྟེན་དང་ནི་སྐུ་གཟུགས་མཐོང་། །དེ་ནས་མཆོད་པ་ལ་སོགས་དང་། །དགེ་སློང་དག་ལ་ཆོས་ཉན་དང་། །ཡང་ན་མ་ཉན་ནའང་རུང་། །ཆོས་ཀྱི་རྣམ་པར་སྤྱོད་པ་དང་། །དེ་བཞིན་མདོ་སྡེ་ཀླག་པ་དང་། །རྨི་ལམ་དགེ་འདུན་མཐོང་བ་དང་། །ཡང་ན་དགེ་སློང་གཅིག་པུ་མཐོང་། །དེ་དང་འགྲོགས་ཤིང་གཏམ་ཟེར་དང་། །ཡང་ན་དགེ་སློང་དངོས་པོར་གྱུར། །གཙུག་ལག་ཁང་དག་མཐོང་བ་དང་། །དེ་བཞིན་དགེ་སློང་མ་དག་མཐོང་། །རྒྱལ་པོའི་སྲས་དག་མཐོང་བ་དང་། །དེ་བཞིན་ཕ་མ་བླ་མ་དང་། །མཛའ་བོ་རྣམ་པ་སྣ་ཚོགས་དང་། །རྨི་ལམ་དུ་ནི་མཐོང་ན་ཤེས། །རིག་འཛིན་སྔགས་དང་དངོས་གྲུབ་ཀུན། །རྒྱལ་པོར་བཀུར་དང་སློབ་མ་འཛིན། །ཀུན་དགའ་རྣམ་པ་སྣ་ཚོགས་དང་། །འབབ་ཆུ་རྣམས་དང་རྒྱ་མཚོ་དང་། །རི་དང་གླང་པོ་ཆེ་དག་དང་། །མཐོང་ན་ཡང་ནི་བཟང་བར་གྲགས། །གཞོན་པ་བཟང་པོ་ཞོན་པ་དང་། །ནོར་བུ་འབྲུ་དང་ཟས་མཆོག་ཤེས། །ཞེས་སོ། །རྒྱ་ཀག་རི་ལ་འཛེག་པ་དང་། །ཀ་ར་བི་རིའི་མེ་ཏོག་ཐུ། །མཆོད་སྡོང་བྱེ་མ་ཐལ་ཕུང་ལ། །འཛེག་དང་བོང་བུ་ལ་ཞོན་དང་། །ལོངས་སྤྱོད་སོང་ནས་མ་ལོག་དང་། །དེ་བཞིན་སྤྲེའུ་ཞོན་པ་དང་། །ལྷོའམ་ཤར་དུ་འགྲོ་བ་དང་། །བུད་མེད་ནག་མོ་ཁྲོས་མ་ནི། །དེ་ལ་འདོད་ཆགས་སྤྱད་པ་དང་། །གཡང་མ་ཤིང་ལ་ལྷུང་བ་དང་། །ལྗོན་ཤིང་འབྲས་མེད་སྐམ་པོ་དང་། །ཁྱི་དང་ཁྲ་དང་སྲིན་པོ་དང་། །དེ་ལས་ཞོན་པས་ཟོས་པ་དང་། །ཕག་དང་རྔ་མོང་མ་ཧེ་དང་། །ཞོན་ནས་དབྱུག་པ་ཐོགས་པ་དང་། །མི་ནག་པོའི་སྡིག་པ་དང་། །ཏིལ་མར་བྱུག་པ་ཕྲེང་བ་ཐོགས། །སྐྲ་བྲེག་ཕྲེང་བ་དམར་པོ་བཅིང་། །དེ་རྣམས་ངན་པའི་རྨི་བལྟས་ཡིན། །ཞེས་པ་དང་། བཟང་ངན་བརྟག་ལ། ངན་ན་སློབ་མ་བདུད་རྩི་འཁྱིལ་བར་བསྐྱེད་ལ། དེའི་སྔགས་ཀྱི་བསྲུངས། ཞི་བའི་སྦྱིན་སྲེག་བྱའོ། །དེ་ནས་ཟངས་གཞུང་བསལ་ཏེ། རེག་འདྲེས་ན་ཉམས་པ་ཡོད་པས་བཤགས་པ་བྱ། མ་འདྲེས་གསལ་ན་ཤེས་པའོ། །དེ་ནས་ཆས་གོས་སེར་པོ་མཛུབ་མོ་སྨིན་མཚམས་སུ་བསྣོལ་ལ། ཧ་ཧ་ཧི་ཧི་ཞེས་པས་ཚོམ་བུའི་ལྷ་ཚོགས་དང་ཐིག་ནམ་མཁར་བཏེག་ལ་དབུས་ཀྱིས་ལྟེ་བ་སློབ་དཔོན་གྱི་བྲི། དེ་ནས་སློབ་མ་ལ་བྲིས་ཞེས་གནང་བ་བྱིན་ལ་བྲིར་གཞུག་གོ། །བྲི་ཟིན་ནས་ནམ་མཁར་བཏེག་པའི་ལྷ་ཚོགས་དལ་ལ་བསྟིམ་མོ། །དེ་ནས་དགོང་མོ་ཆ་གསུམ་བཏང་སྟེ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ལ། གཏོར་མ་བཏང་ལ་ཕྱིའི་མཚམས་བཅད། ཕྱིའི་བར་མཚམས་རྒྱལ་ཆེན་བཞི་ལ་ཐོའི་ཕྲིན་ལས་བཅོལ་བ་ནི། ཆ་གསུམ་གྱི་གཏོར་མ་དང་པོ་དེ་ལས་ཆེ་བ་བཞི། གཞན་བཅུ་བྱས་ལ་བར་པ་ཐ་མ་བྱའོ། །ཤ་ཁྲག་གི་བརྒྱན་པའི་གཏོར་མ་དང་། ཛ་གད་དང་། མཆོད་པ་རྣམ་པ་ལྔ་ཡོན་ཆབ་དང་བཅས་པ་དང་། བསྒྲུབ་ཁང་གི་ཕྱིའི་ས་བདེ་བར་ཕྱོགས་མཚམས་སུ་མཎྜལ་པདྨ་འདབ་བརྒྱད་ཀྱི་ལྟེ་བ་ཕྱོགས་མདོག་བྱ། ཐོ་ཡང་ཤར་ནས་བཟུང་སྟེ་དཀར་སེར་དམར་ལྗང་བརྩིག །དེ་ལ་འབྲས་བུ་དང་བཅས་པའི་ཤིང་དང་རྒྱལ་ཆེན་བཞིའི་གཟུགས་བྲིས་བ་ཅོད་པན་དང་བཅས་པ་གཟུགས་གོ། །དེ་ནས་རྣལ་འབྱོར་པས་ལྕགས་ཀྱུའི་ཕྱག་རྒྱས་ཏྲི་བཛྲ་ཨཾ་ཀུ་ཤ་ཛ་ལན་གསུམ་གྱི་བདག་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་རྣམ་པར་འཕྲོས། བགེགས་རྣམས་མདུན་དུ་བཀུག་ལ་སྔགས་དྲུག་ཕྱག་དྲུག་གཏོར་མ་བྱིན་ལ། བདག་གི་བསོད་ནམས་དང་ལ་སོགས་ཀྱི་བསྔོས་ལ་བཏང་ངོ་། །ཐམས་ཅད་ཀྱི་བསྔོ་ཞིང་ཆང་ཕུད་རྒྱས་པར་གཏོར་ལ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དཀོན་མཆོག་གསུམ་གྱིས་བདེན་པ་དང་། བདེན་པ་ཡང་དག་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱི། གསང་སྔགས་ཚོགས་ཆེན་འདུས་པའི་དལ་གསང་བ་བས་ཀྱང་ཆེས་གསང་བ་ཡང་གསང་རྨད་དུ་བྱུང་བའི་དལ་ཆེན་པོའི་བདག་རྣལ་འབྱོར་པ་ཚོགས་ཤིང་འདུས་པ་རྣམས་ལ་བར་དུ་གཅོད་པའི་གདོན་བགེགས་འབྱུང་པོའི་རིགས་སུ་གཏོགས་པ་གནས་འདིར་མ་གནས་པར་དཔག་ཚད་རྒྱང་གྲགས་སུ་མ་ཉེ་བར་ཕྱིར་དེང་ཤིག །ཅེས་མཚམས་གཅོད་ཀྱི་སྔགས་ཀྱི་རང་གི་ཐུགས་ཀ་ནས་རྡོ་རྗེ་གནོད་སྦྱིན་དཔག་ཏུ་མེད་པ་འཕྲོས་པས། ཐམས་ཅད་གླིང་གཞན་དུ་བསྐྲད་པར་བསམ་མོ། །དེ་ནས་བྱང་གི་ཐོའི་རྩར་ཕྱིན་ལ་རང་ཀརྨ་ཧེ་རུ་ཀར་བསྐྱེད་པའི་ཐུགས་ཀ་ནས་བྷྲཱུྃ་འཕྲོ་འདུ་ལས། ཐོ་གཞལ་ཡས་ཁང་དུ་གྱུར་པའི་ནང་དུ་ཉི་ཟླ་ལས། ༀ་བྷེ་ཤ་ར་མ་ནེ་ཡེ་ཡག་ཀྵ་ཨ་ཏི་པ་ཏ་ཡེ་ཧཱུྃ་ཛཿ ཞེས་པས། རྣམ་ཐོས་སྲས་གཡས་རིན་པོ་ཆེས་མཚན་པའི་རྒྱལ་མཚན་གཡོན་ནེའུ་ལེའི་རྐྱལ་པ། བསྭེ་ཁྲབ་བསྭེ་རྨོག་ཅན་དོན་གྲུབ་ཀྱི་དབུ་བརྒྱན་པར་བསྐྱེད། སྐུ་གསུང་ཐུགས་བྱིན་གྱིས་རླབ་བོ། །དེ་ནས་རང་རྟ་མགྲིན་དུ་བསྐྱེད་ནས། ༀ་པདྨ་ཏ་ཀྲིཏ་བཛྲ་ཀྲོ་ཏ་ཧྱ་གྲཱི་ཝ་ཧཱུྃ། ཞེས་སྤྱན་དྲངས་ཏེ། ཧཱུྃ། རི་རབ་ལྷུན་པོའི་བྱང་ཕྱོགས་ནས། །ལྕང་ལོ་ཅན་གྱི་ཕོ་བྲང་ནས། །དད་པ་དང་ནི་དམ་ཚིག་གི། །ཚུར་གཤེགས་ཚུར་བྱོན་རྣམ་ཐོས་སྲས། །བཙུན་མོ་སྲས་དང་བློན་པོར་བཅས། །གཡོག་འཁོར་བྱེ་བ་སྟོང་ལྡན་རྣམས། །འདིར་བྱོན་མཆོད་པ་དམ་པ་བཞེས། །ཕྲིན་ལས་བསྒྲུབ་ཕྱིར་གཤེགས་སུ་གསོལ། །ༀ་བྷེ་ཤ་ར་མ་ན་ཡེ་ཡཀྵ་ཨ་ཏི་པ་ཏ་ཡེ། ཛཿ་ཧཱུྃ་བཾ་ཧོས་དགུག་བསྟིམས། ཀ་ཡ་ཝཀྐ་ཙིཏྟ་བཛྲ་ཏིཥྛས་བརྟན་པ་བཞུགས་སུ་གསོལ། ཧཱུྃ། ནགས་ཚལ་བཅུད་ནི་ཡིད་དགར་འོང་། །དྲི་ཞིམ་རྒྱས་པ་ལྷ་ཡི་རྫས། །ལྷ་རྫས་དམ་པའི་བདུག་སྤོས་འདི། །རྒྱལ་ཆེན་འཁོར་དང་བཅས་རྣམས་ལ། །བདག་ཅག་དད་པས་འབུལ་ལགས་ཀྱིས། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། ༀ་བཛྲ་དྷུཥྤེ་པུཙྪ་མེ༴ ཧཱུྃ། གཙང་ཞིང་གཙང་མར་སྐྱེས་པ་ཡི། །ལྷ་རྫས་དམ་པའི་མེ་ཏོག་འདི། །རྒྱལ་ཆེན་འཁོར༴ བདག་ཅག༴ ཐུགས་རྗེས་དགོངས་ལ༴ ༀ་བཛྲ་པུསྤེ༴ ཧཱུྃ། སྡུག་བསྔལ་འཇོམ་ཤིང་བཀྲ་ཤིས་པའི། །དགྱེས་ཤིང་མུན་སེལ་མར་མེ་འདི། །རྒྱལ་ཆེན་འཁོར་དང་བཅས་རྣམས་ལ། །བདག་ཅག་དད་པས་འབུལ་ལགས་ན། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །ༀ་བཛྲ་ཨ་ལོ་ཀེ་པུཙྪ་མེ༴ ཧཱུྃ། གཙང་ཞིང་གཙང་མར་སྐྱེས་པ་ཡི། །ལྷ་རྫས་དམ་པའི་དྲི་ཆབ་འདི། །རྒྱལ་ཆེན་འཁོར་དང་༴ བདག་ཅག༴ ཐུགས་རྗེས་དགོངས༴ ༀ་བཛྲ་གནྡྷེ༴ སྨན་རྣམས་བཅུད་ནི་ཡིད་དགར་འོང་། །སྔགས་ཀྱི་ཞལ་ཟས་བཅུད་འདི་ལ། །རྒྱལ་ཆེན་འཁོར་དང་བཅས་རྣམས་ལ། །བདག་ཅག་དད་པས་འབུལ་ལགས་ན། །ཐུགས་རྗེས༴ ༀ་བཛྲ་ནཻ་ཝི་ཏྱ་པུ་ཙ་མེ་མ་ཧཱ་པཉྩ་ཨ་མྲྀ་ཏས་སྨན་འབུལ། མ་ཧཱ་བྷ་ལིངྟས་གཏོར་མ་འབུལ། ཧཱུྃ། རི་རྒྱལ་ལྷུན་པོའི་བྱང་ཕྱོགས་ནས། །ཕོ་བྲང་ཆེན་པོ་ལྕང་ལོ་ཅན། །ཟབ་ཅིང་རྒྱལ་ཆེན་གཟིགས་པ་པོ། །ཆོས་སྐྱོང་རྒྱལ་པོ་རྣམ་ཐོས་སྲས། །བཙུན་མོ་སྲས་དང་བློན་པོར་བཅས། །གཡོག་འཁོར་བྱེ་བ་སྟོང་ལྡན་རྣམས། །བླ་མེད་མཆོད་པ་འདི་འབུལ་གྱི། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །གནས་འདིར་བརྩེ་ཞིང་གཤེགས་ནས་ཀྱང་། །མཆོད་པ་དམ་པ་འདི་བཞེས་ལ། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །བར་ཆད་ཐམས་ཅད་ཞི་བ་དང་། །བསམ་པ་ཆོས་བཞིན་འགྲུབ་པར་མཛོད། །ༀ་བྷེ་ཤར་མ་ན་ཡེ་སྭཱ་ཧཱ། ཕྱག་རྒྱ་ཁུ་ཚུར་གཉིས་བཅིང་མཐིལ་གཉིས་གདེངས་ལ་ཕྲིན་ལས་བཅོལ་བ་ནི། ཧོཿ བྱང་ཕྱོགས་སྐྱོང་བའི་རྒྱལ་པོ་ཆེན་པོ་ཕྱི་རྣམ་ཐོས་སྲས། ནང་ཀརྨ་ཧེ་རུ་ཀ །གསང་བ་དོན་ཡོད་གྲུབ་པ་ཁྱོད་ཀྱི་སྟོན་པའི་སྤྱན་སྔར་བསྟན་པ་སྐྱོང་བར་དམ་བཅས་ཏེ་མགོན་པོ་མི་འགྱུར་བའི་གདན་ལ་བཞུགས་ནས་ཁས་བླངས་པ་བཞིན་དུ་རྣལ་འབྱོར་པ་དང་བདག་ཅག་བསྒྲུབ་པ་ལ་ཞུགས་པ་རྣམས་ལ་བྱང་ཕྱོགས་གནོད་སྦྱིན་གྱི་བར་ཆད་ཞི་བ་དང་བསྒྲུབ་པ་མ་ཐོན་གྱི་བར་དུ་ཕྱིའི་དགྲ་བགེགས་ནང་དུ་མ་བཏང་། ནང་གི་དངོས་གྲུབ་ཕྱིར་མ་བཏང་། ཕྱི་མཚམས་བསྲུང་བ་དང་། སྐྱོང་བ་དང་། ནང་མཚམས་སྐྱོང་བ་དང་། བར་ཆད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་བརྗོད་གཏོར་མ་འབུལ་ལོ། །དེ་ནས་ཤར་དུ་ཕྱིན་ལ། རང་བྷུདྡྷ་ཧེ་རུ་ཀར་བསྒོམས། བྷྲཱུྃ་གྱི་འཕྲོ་འདུ་ལས་ཐོ་གཞལ་ཡས་ཁང་གི་ནང་དུ་ཟླ་བ་ལས། ༀ་ཏི་སྟ་ར་སྟ་ཡེ་གྷན་དྷ་ཨ་ཏི་པ་ཏ་ཡེ་ཧཱུྃ་ཛ་ལས། ཡུལ་འཁོར་སྲུང་དཀར་པོ་གཡས་པི་ཝཾ་གཡོན་ནེའུ་ལེ་དུང་ཁྲབ་དུང་རྨོག་ཅན། རྣམ་སྣང་གི་དབུ་བརྒྱན་པར་བསྐྱེད། སྐུ་གསུང་ཐུགས་བྱིན་རླབས་ཀྱི། རང་རྟ་མགྲིན་དུ༴ ཧཱུྃ། རི་རྒྱལ་ལྷུན་པོའི་ཤར་ཕྱོགས་ནས། །སྤོས་ངད་ལྡན་པའི་ཕོ་བྲང་ནས། །དད་པ་དང་ནི་དམ་ཚིག་གིས། །ཚུར་བྱོན་རྒྱལ་ཆེན་ཡུལ་འཁོར་བསྲུངས། །བཙུན་མོ་སྲས་དང་བློན་པོར་བཅས། །གཡོག་འཁོར་བྱེ་བ་སྟོང་སྡེ་རྣམས། །འདིར་བྱོན་མཆོད་པ་དམ་པ་བཞེས། །ཕྲིན་ལས་བསྒྲུབ་ཕྱིར་གཤེགས་སུ་གསོལ། ༀ་ཏིཥྛ་ར་སྟ་ཡེ་གྷན་དྷ་ཨ་ཏི་པ་ཏ་ཡེ་ཛཿཧཱུྃ་བྃ་ཧོཿ གཞན་གོང་བཞིན། ཧཱུྃ། རི་རྒྱལ་ལྷུན་པོའི་ཤར་ཕྱོགས་ནས། །ཕོ་བྲང་ཆེན་པོ་སྤོས་ངད་ལྡན། །ཟབ་ཅིང་རྒྱལ་ཆེན་གཟིགས་པ་པོ། །ཆོས་སྐྱོངས་རྒྱལ་པོ་ཡུལ་འཁོར་བསྲུངས། །བཙུན་མོ་སྲས་དང་བློན་འཁོར་བཅས། །གཡོག་འཁོར་བྱེ་བ་སྟོང་སྡེ་རྣམས། །བླ་མེད་མཆོད་པ་འདི་འབུལ་གྱི། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །གནས་འདིར་བརྩེ་ཞིང་གཤེགས་ནས་ཀྱང་། །མཆོད་པ་དམ་པ་འདི་བཞེས་ལ། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །བར་ཆད་ཐམས་ཅད་ཞི་བ་དང་། །བསམ་པ་ཆོས་བཞིན་འགྲུབ་པར་མཛོད། །ༀ་ཏི་སྟ་ར་སྟ་ཡེ་སྭཱ་ཧཱ། ཕྱག་རྒྱ་ཁུ་ཚུར་གཉིས་བཅང་། མཐིང་གཉིས་གདངས་ལ། ཕྲིན་ལས་བཅོལ་བ་ནི། ཧོ། ཤར་ཕྱོགས་སྐྱོང་བའི་རྒྱལ་པོ་ཕྱི་ཡུལ་འཁོར་བསྲུངས། ནང་བྷུདྡྷ་ཧེ་རུ་ཀ །གསང་བ་རྣམ་པར་སྣང་མཛད་ཁྱོད་ཀྱི་སྟོན་པའི་སྤྱན་སྔར། བསྟན་པ་སྐྱོང་བར་དམ་བཅས་ཏེ་ཤར་དྲི་ཟའི་བར་ཆད་ཞི་བ་སོགས་འགྲེས་སོ། །དེ་ནས་ལྷོར་ཕྱིན་ཏེ། རང་རཏྣ་ཧེ་རུ་ཀར་བསྐྱེད་ལ། བྷྲཱུྃ་གྱི་འཕྲོ་འདུ་ལས་གཞལ་ཡས་ཁང་དུ་ཟླ་བ་ལ། ༀ་བྷེ་རུ་ཏ་ཀ་ཀུར་བྷན་གྷན་དྷ་ཨ་ཏི་པ་ཏ་ཡེ་ཧཱུྃ་ཛཿལས་འཕགས་སྐྱེས་པོ་སྔོན་པོ་གཡས་རལ་གྲི། ལྕགས་ཁྲབ་ལྕགས་རྨོག་ཅན། རིན་འབྱུང་གི་དབུ་རྒྱན་ཅན་བསྐྱེད། བྱིན་གྱིས་བརླབས་དང་། རང་རྟ་མགྲིན། ཧཱུྃ། རི་རྒྱལ་ལྷུན་པོའི་ལྷོ་ཕྱོགས་ནས། །བཻཌཱུརྱ་ཡི་ཕོ་བྲང་ནས། །དད་པ་དང་ནི༴ ཚུར་བྱོན་རྒྱལ་ཆེན་འཕགས་སྐྱེས་པོ། །བཙུན་མོ་སྲས་དང་བློན་པོར་བཅས། །གཡོག་འཁོར་བྱེ་བ་སྟོང་སྡེ་རྣམས། །འདིར་བྱོན་མཆོད་པ་དམ་པ་བཞེས། བླ་མེད༴ ༀ་བཻ་རུ་ཏ་ཀ་ཡེ་ཀུར་བན་དྷ། ཨ་ཏི་པ་ཏ་ཡེ་ཧཱུྃ་ཛཿ ཛཿཧཱུྃ་བཾ་ཧོཿ ཧཱུྃ། རི་རྒྱལ་ལྷུན་པོའི་ལྷོ་ཕྱོགས་ནས། །ཕོ་བྲང་ཆེན་པོ་བཻཌཱུརྱ། །ཟབ་ཅིང་རྒྱ་ཆེ་གཟིགས་པ་པོ། །ཕྱོགས་སྐྱོང་རྒྱལ་པོ་འཕགས་སྐྱེས་པོ། །བཙུན་མོར་སྲས་དང་བློན་པོར་བཅས། །གཡོག་འཁོར་བྱེ་བ་སྟོང་༴ བླ་མེད་མཆོད་པ་འདི་འབུལ་གྱི། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །གནས་འདིར་བརྩེ་ཞིང་གཤེགས་ནས་ཀྱང་། །མཆོད་པ་དམ་པ་འདི་བཞེས་ལ། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །བར་ཆད་ཐམས་ཅད་ཞི་བ་དང་། །བསམ་པ་ཆོས་བཞིན་འགྲུབ་པར་མཛོད། །ༀ་བྷེ་རུ་ཏ་ཀ་ཡེ་སྭཱ་ཧཱ། ཕྱག་རྒྱ་འགྲེས། ལྷོ་ཕྱོགས་རྒྱལ་པོ་ཆེན་པོ་ཕྱི་འཕགས་སྐྱེས་པོ། ནང་རཏྣ་ཧེ་རུ་ཀ །གསང་བ་རིན་འབྱུང་ཁྱོད་ཀྱི་སོགས་དང་། གྲུལ་བུམ་བར་ཆད་ཞི་བ་འགྲེས་སོ། །དེ་ནས་ནུབ་ཏུ་ཕྱིན་ཏེ། པདྨ་ཧེ་རུ་ཀར་བསྐྱེད། བྷྲཱུྃ་གྱི་འཕྲོ་འདུ་ལས་ཐོ་གཞལ་ཡས་ཁང་གི་ནང་དུ་ཟླ་བ་ལས། ༀ་བྷེ་རུ་བག་ཤ་ཡེ་ན་ག་ཨ་ཏི་ག་པ་ཏ་ཡེ་ཧཱུྃ་ཛཿལས་སྤྱན་མི་བཟང་དམར་པོ་གཡས་སྦྲུལ་ཞགས་གཡོན་པུ་རི་ཟངས་ཁྲབ་ཟངས་རྨོག་ཅན་འོད་དཔག་མེད་ཀྱི་དབུ་བརྒྱན་པར་བསྐྱེད་ལ། རྟ་མགྲིན་དུ་འགྲེས་སོ། །ཧཱུྃ། རི་རྒྱལ་ལྷུན་པོའི་ནུབ་ཕྱོགས་ནས། །རྒྱ་མཚོ་ཆུ་ཡི་ཕོ་བྲང་ནས། །དད་པ་དང་ནི་དམ་ཚིག་གི། །ཚུར་བྱོན་རྒྱལ་པོ་སྤྱན་མི་བཟང་། །བཙུན་མོ་སྲས་དང་བློན་པོར་བཅས། །གཡོག་འཁོར་བྱེ་བ་སྟོང་སྡེ་རྣམས། །འདིར་བྱོན་མཆོད་པ་དམ་པ་བཞེས། །ༀ་བྷེ་རུ་བག་ཤ་ཡེ་སྭཱ་ཧཱ། ཨ་ཏི་པ་ཏ་ཡེ་ཧཱུྃ་ཛཿ ཛཿཧཱུྃ་བྃ་ཧོཿ འགྲེས། ཧཱུྃ། རི་རྒྱལ་ལྷུན་པོའི་ནུབ་ཕྱོགས་ནས། །རྒྱ་མཚོ་ཆུ་ཡི་ཕོ་བྲང་ནས། །ཟབ་ཅིང་རྒྱ་ཆེ་གཟིགས་པ་པོ། །ཕྱོགས་སྐྱོང་རྒྱལ་པོ་སྤྱན་མི་བཟང་། །བཙུན་མོ༴ གཡོག་འཁོར༴ བླ་མེད་མཆོད་པ་འདི་འབུལ་གྱི། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །གནས་འདིར་བརྩེ་ཞིང་གཤེགས་ནས་ཀྱང་། །མཆོད་པ་དམ་པ་འདི་བཞེས་ལ། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱིས། །བར་ཆད་ཐམས་ཅད་ཞི་བ་དང་། །བསམ་པ་ཆོས་བཞིན་འགྲུབ་པར་མཛོད། །ༀ་བྷེ་རུ་བག་ཤ་ཡེ་སྭཱ་ཧཱ། ཕྱག་རྒྱ་ཁུ་ཚུར་བཅིང་མཐིལ་གཉིས་འདེངས་ལ། ཕྲིན་ལས་བཅོལ་བ་ནི། ཧོ། ནུབ་ཕྱོགས་སྐྱོང་བའི་རྒྱལ་པོ་ཆེན་པོ་ཕྱི་སྤྱན་མི་བཟང་། ནང་པདྨ་ཧེ་རུ་ཀ །གསང་བ་སྣང་བ་མཐའ་ཡས་ཁྱོད་ཀྱི༴ ཀླུའི་བར་ཆད་ཞི་བ་སོགས་འགྲེས་སོ། །དེ་ནས་ཕྱོགས་སྐྱོང་བཅུ་ལའང་སྤྲོ་ན་ཐོ་བརྩེགས། མཆོད་པ་གཏོར་མ་སོགས་ཀྱི་འབུལ། སོ་སོའི་བསྟོད་པ་དབང་པོ་རྡོ་རྗེ་འཆང་བ་ལ་སོགས་པའོ། །དེ་ནས་ནང་དུ་འདུས་པ་ལ་གྲལ་ཕྱག་ཚུལ་ཕྱག་བྱའོ། །ཐུན་མོང་བསྲུངས་བའི་འཁོར་ལོས་མཚམས་བཅད། ཕྱིའི་ནང་མཚམས་དམ་སྲི་མནན། བར་ཆད་བགེགས་དང་ཡེ་ཤེས་ལྷ་གཉིས་ལས། དང་པོ་རང་ཡེ་ཤེས་པ་ཡ་མན་ཏ་ཀར་བསྐྱེད་ལ། ཧཱུྃ། རང་བཞིན་དག་པའི་ངོ་བོ་ལས། །སངས་རྒྱས་སེམས་ཅན་གཉིས་མེད་པའི། །མ་རྟོག་པ་དང་ལོག་པར་རྟོག །སོར་རྟོག་ཡང་དོག་ཉིད་མ་རྟོག །སྒྲིབ་པས་སེམས་སྤངས་དམའ་བ་དང་། །སེམས་ཀྱི་རྟོག་པས་བཅིངས་པ་ཡི། །གཞི་སྟོང་ཅི་ལ་བར་ཆད་བྱེད། །རང་གི་དམ་ཚིག་རང་མ་འདའ། །འཛམ་བུ་གླིང་གི་ལྷོ་ཕྱོགས་ནས། །འདི་ནས་དཔག་ཚད་བརྒྱད་ཁྲི་ནས། །གཤིན་རྗེའི་རྒྱལ་པོ་ཆོས་སྟོན་གྱི། །ཁྱོད་ཀྱི་ཆོས་སྐལ་དེ་རུ་ཉོན། །མ་འདའ་རང་རང་གནས་སུ་དེངས། །ས་མ་ཡ་ཀ་པ་ཙམ་རཀྵ་རཀྵ་ཧཱུྃ། དེ་ཡང་བགེགས་བསྐྲད། ལིངྒའི་སྐེ་ནས་ཐག་པ་ནག་པོ་བཏགས་ལ་འགུག་འདྲེན་བྱས་ལ་མགོ་མཐུར་དུ་བསྟེན་ལ་མནན། དེའི་སྟེང་དུ་ཁྲོ་བོའི་གཟུགས་ལུག་གསོག་ལ་བྲིས། སྒོ་གླད་དུ་བཏག །རྃ་ཡྃ་ཁྃ་གི་སྦྱངས། ༀ་ཤྲཱི་ཡ་མན་ཏ་ཀ་ཧཱུྃ། ས་མན་ཛས་སྙན་གསན་དབབ། ཧཱུྃ། རྒྱལ་པོ་གཤིན་རྗེ་གཤེད་པོ་ཁྱོད། །དམ་ཚིག་གནས་མཆོག་དམ་པ་འདིར། །དམ་སྲི་མ་ལུས་འདུལ་བའི་ཕྱིར། །ཐུགས་རྗེས་དབང་གི་གཤེགས་སུ་གསོལ། །ༀ་ཨེ་ཧྱ་ཧིས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོས་བསྟིམ་བརྟན། བདེ་བར་གཤེགས་སོ་ནས་ལྷ་མོ་བཞི་བསྣོལ་གྱི་མཆོད་ལ། ཧཱུྃ། སུམ་ཅུ་རྩ་གསུམ་ལྷ་ཡི་གནས་མཆོག་ནས། །བཅོམ་ལྡན་ཆོས་རྗེ་འོད་ཀྱི་བཀའ་རྩལ་པ། །ལྷ་སྲིན་སྡེ་བརྒྱད་འབྱུང་པོའི་དཔོན་རྣམས་ཀུན། །བསྒྲུབ་པ་མཆོག་ལ་དེང་འདིར་བདག་འཇུག་གི། །བླ་མེད་བྱང་ཆུབ་འབྲས་བུ་མ་ཐོབ་པར། །སྒོ་འདིར་བསྐྲད་ལ་སུ་ཡང་མ་འདའ་ཅིག །ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་ལ་ཕྲིན་ལས་གསོལ་བ་ནི། བདག་ལ་དངོས་གྲུབ་ཀྱི་སྡོང་གྲོགས་དང་། ཕྱི་མཚམས་བསྲུང་ཞིང་ནང་མཚམས་སྐྱོང་བ་དང་། །ཁྱད་པར་བསྒྲུབ་པ་མ་ཚང་གྱི་བར་དུ་ཕྱིའི་དགྲ་བགེགས་ནང་དུ་མ་བཏང་། ནང་གི་དངོས་གྲུབ་ཕྱིར་མ་བཏང་། ཡ་མ་དམ་སྲི་ལ་སོགས་པའི་བར་ཆད་ཐམས་ཅད་བསྲུང་དུ་གསོལ། ཀྲོ་ཏི་ཨ་མྲྀ་ཀུནྡ་ལི། ཞེས་བརྗོད། དེ་ནས་གསང་མཚམས་བཅད་པ་ནི། ཀུན་ལང་ལ་རྡོ་རྗེ་ཐུགས་ཀར་བཟུང་ལ། མི་རྟོགས་པའི་ངང་ལས་ཐུགས་ཀར་ཧཱུྃ་བསམ་ལ་འཕྲོ་འདུ་ལས་རྡོ་རྗེ་རྩེ་ལྔ་པ་ཡང་འཕྲོ་འདུས་ལས། ༀ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུནྡྷ་ལི་ཧཱུྃ་ཕཊ། ཅེས་པས་བདག་ཉིད་བདུད་རྩི་འཁྱིལ་པ་ལྗང་ཀུ་རྡོ་རྗེ་རྩེ་གསུམ་ཐོགས་པ་བསྐྱེད། ཧཱུྃ། ཡང་དག་གསང་བའི་དཀྱིལ་འཁོར་འདིར། །གསང་བའི་དམ་ཅན་སོ་སོ་ནས། །འདུ་བ་ལྷ་ནི་མ་གཏོག་པ། །ཐུགས་དམ་ཐུགས་རྗེས་བསྐང་ཟིན་གྱི། །ད་ལྟ་ཉིད་དུ་སོ་སོ་དེངས། །ཅི་སྟེ་བཀའ་ལས་འདས་གྱུར་ན། །རྡོ་རྗེ་འཛིན་རྒྱལ་ཁྲོས་ནས་ཀྱང་། །རྡོ་རྗེ་མཚོན་ཆ་འབར་བ་ཡི། །དེ་མ་ཐག་ཏུ་བཀས་ནས་གཤེགས། །བདུན་རྒྱུད་རིགས་ཀྱང་བརླག་པར་བྱ། །ཕཊ། ན་མོ་རཏྣ་ཏྲ་ཡ་ཡ། ན་མཿཙནྟྲ་པ་ན་ཡེ། མ་ཧཱ་ཡཀྵ་སེན་པ་ཏ་ཡེ། ཏདྱ་ཐཱ། ༀ་ཧ་ར་ཧ་ར་བཛྲ། ཞེས་པ་ནས་ཨ་མྲྀ་ཏ་ཧཱུྃ་ཕཊ། ཅེས་པས་བགེགས་བསྐྲད། ཧཱུྃ་ཞེས་པས་ཁྲོ་བོའི་གུར་དུ་གྱུར་ན་བསྐལ་པའི་རླུང་མི་ཐར་བར་བསམ་མོ། །དེ་ནས་གཟུགས་བརྙན་གྱི་དལ་རྫས་དགོད་པ་ནི། ཞི་བའི་གཞལ་ཡས་ཁང་དུ་བདག་ཉིད་ཀུན་ཏུ་བཟང་པོ་ཡབ་ཡུམ་དུ་བསྐྱེད་ལ་མཁའ་གསང་བྱིན་གྱིས་རློབས། སྦྱོར་བ་མཛད་པའི་བྱང་ཆུབ་སེམས་ཀྱི་འོད་ཟེར་ལས་ཀུན་བཟང་ཡབ་ཡུམ་བཏོན་ན་ཙཀླི་ལ་བསྟིམ་ཞིང་སྙིང་པོ་མི་བསྐྱོད་པ་ཡབ་ཡུམ་བཏོན་ལ་ཧཱུྃ་བཛྲ་དྷྲིཀ་ཀྱི་ཀུན་བཟང་གི་མདུན་དུ་དགོད་དོ། །དེ་བཞིན་དུ་ཐུབ་དྲུག་ཡན་ཆད་རང་རང་གི་གནས་སུ་སོ་སོའི་སྔགས་བརྗོད་ཅིང་དགོད་དོ། །དེ་ནས་དབང་ཆེན་ཁྲོ་བོ་དབུས་སུ་བཛྲ་ཧེ་རུ་ཀ་ཕྱུང་ལ་སྔགས་ཀྱི་དགོད། ཕྱོགས་ཀྱི་རྩིབས་བཞི་ལ་རིགས་བཞི་ཧེ་རུ་ཀ །མཚམས་བཞིར་ལུང་གི་ཧེ་རུ་ཀའི་རྩ་སྔགས་ཀྱི་དགོད། གྲྭ་བཞིར་གློ་འབུར་ལ་ཀོའུ་རི་བརྒྱད། རྩ་སྔགས་ཀྱི་དགོད། ཁྱམས་དང་པོ་སེར་པོ་ལ་ཧེ་བརྒྱད་ཀྱི་སེང་ཧ་བརྒྱད། སྒོ་བཞིར་ཕཊ་བཞི་སྒོ་མ་བཞི། ཁྱམས་གཉིས་དཀར་པོ་ལ་ཨ་བརྒྱད་ལས་སྤྲོས་པར་མ་བརྒྱད། ཡཀྵ་རག་མོ་ཧཾ་གི་དགོད། སྒོ་བཞིར། ཛཿཧཱུྃ་བྃ་ཧོཿ ཤྲཱི་བཛྲ་མུད་ཀ་ར་ཡ་ན་མ་ཤྲཱི་བཛྲ་གྷནྡྷེ་པྲ་ཛ་ལ་ན་མཿ ཤྲཱི་བཛྲ་ར་ག་ས་མ་ཡ་ན་མཿ ཤྲཱི་བཛྲ་ལ་ཊཾ་ག་ཡ་ན་མ་ས་དགོད། ཁྱམས་གསུམ་པ་དམར་པོ་བྷྱོ་ཉེར་བརྒྱད་ལ་དབང་མོ་ཉེར་བརྒྱད། ཁྱམས་བཞི་པ་སེར་པོ་ལ་ཨེ་བཾ་ལས་མཁའ་འགྲོ་སོ་གཉིས་ཨེ་ཨ་ར་ལི་ཧཱུྃ་གི་དགོད། ཁྱམ་ལྔ་པ། དམར་པོ་ལ་ཧཱུྃ་བདུན། བཞི་ལ་སྒོ་མ་སྲིང་བཞི། བདུན་མ་མ་དྷ་དང་། བཛྲ་དུན་ཏིང་བྷྱོ་དགོད། ཁྱམས་དྲུག་པ་དཀར་པོ་ལ་ཧཱུྃ་བཅོ་བརྒྱད་ལ་གིང་བཅོ་བརྒྱད། གིང་ཀ་ར་ཧ་ཧ་རུ་ལུ་རུ་ལུ་བྷྱོ། ཁྱམས་བདུན་པ་ནག་པོ་ལ། ཧཱུྃ་དྲུག་ཅུ་ལ་ཁྲོ་བོ་དྲུག་ཅུ་ཀྲོ་ཏ་ཀྲོ་ཏི་ཧཱུྃ་གི་དགོད། ཁྱམས་བརྒྱད་པ་ཕྱོགས་མདོག་ལ་ཤར་དུ་ཛ་དྲུག་ཅུ་ལ། བྷ་ན་བྷ་ན་ཨཾ་ཀུ་ཤ་ཛས་དུང་གི་ཕོ་ཉ་དྲུག་ཅུ་དགོད། ལྷོ་ཕྱོགས་སུ། ཧ་ལ་ཧ་ལ་པ་ཤཾ་ཧཱུྃ། ནུབ་ཕྱོགས་སུ་གརྫ་གརྫ་སྥོ་ཊ་བཾ། བྱང་དུ། པ་ཙ་པ་ཙ་གྷནྡྷེ་ཧོས་དགོད། ཁྱམས་དགུ་པ་ལྗང་ཀུ་ལ་མ་དྲུག་ཅུ་ལ་འོག་གི་མ་མོ་དྲུག་ཅུ་མ་མ་ཤ་ཧཱུྃ་གི་དགོད། ཁྱམས་བཅུ་སྣ་ཚོགས་མདོག་ལ་ཐེག་དགུའི་ལྷ་ཚོགས་ཚངས་བ་དགོད། རྟ་བབ་ཀྱི་ཁྱམས་རྡོ་རྗེ་འཆང་གི་དལ་ལ་ཤར་སྟོད་ནས་མ་ཧཱ་གུ་རུ་ཤ་རི་རཾ་གྱི་རིག་འཛིན་རྩལ་འཆང་རྣམས་རིམ་པ་བཞིན་དུ་དགོད་པར་བྱའོ། །དེ་ནས་ཁྲོ་བོ་གསང་བའི་བུམ་པ་དང་། རྟགས་གསུམ་བླ་མའི་དྲུང་དུ་དགོད། ཞི་བའི་བུམ་པ་ཕྱོགས་བཞིར་དབུས་སམ་དལ་གྱི་མཐར་དགོད། ལས་བུམ་ལས་མཁན་གྱི་མདུན་དུའོ། །གཞན་ཡང་མདའ་བརྒྱད་དར་སྣ་དང་བཅས་པ། གྲི་བརྒྱད་མེ་ལོང་དང་བཅས་པ། ཕུར་པ་བརྒྱད་བྲུ་ཁུང་དང་བཅས་པ། འཕན་བརྒྱད་བླ་རེ་དང་ཡོལ་བས་བརྒྱན་པར་བྱའོ། །དེ་ནས་བྱིན་དབབ་པ་ནི། ཐམས་ཅད་གོས་བཟང་པོ་གོན། སྤོས་དུད་དང་རོལ་མོ་བྱ། ཕོ་རྣམས་ཀྱི་ཧསྟི་དང་། མོ་རྣམས་ཀྱིས་ཕྲེང་བས་གཡབ་ཅིང་། ཧཱུྃ། ནམ་མཁའ་མཐའ་དང་མཉམ་པའི་དཀྱིལ་འཁོར་ནས། །རྣམ་འབྱོར་དབང་ཕྱུག་རིགས་ཀྱིས་ཡུམ་དང་བཅས། །རྒྱལ་བའི་བསྲུང་མར་གྱུར་པའི་དམ་ཚིག་ཅན། །མཆོད་དོ་བླ་མ་རྣམས་ལ་སྐྱབས་སུ་མཆི། །ཧཱུྃ། མི་གནས་ཡེ་ཤེས་ཐུགས་ཀྱིས་དཀྱིལ་འཁོར་ནས། །བཅོམ་ལྡན་ཆེ་མཆོག་ཁྲོ་རྒྱལ་འཁོར་དང་བཅས། །སྔགས་ཀྱི་བཤུག་པའི་བརྡའི་སྤྱན་འདྲེན་གྱི། །ཕྱག་རྒྱ་གར་གྱི་བརྡའ་ཡི་གཡབ་དོར་ན། །དཔལ་ཆེན་ཡབ་ཡུམ་ཐུགས་དམ་རྗེས་དགོངས་ལ། །ཐམས་ཅད་བརྡའ་ལ་དགོངས་ཏེ་གཤེགས་སུ་གསོལ། །ཧཱུྃ། ཆོས་ཉིད་བདེ་བ་ཆེན་པོའི་སྐུ་བྱུང་བ། །བཅོམ་ལྡན་ཆེ་མཆོག་ཡབ་ཡུམ་གཤེགས་སུ་གསོལ། །དུར་ཁྲོད་རེག་པའི་ཚོགས་རྣམས་འཇོམས་མཛད་པ། །རྒྱུད་ལུང་ཁྲོ་རྒྱལ་ཡབ་ཡུམ་གཤེགས་སུ་གསོལ། །ཡེ་ཤེས་འབར་མ་བརྒྱད་ཀྱི་དཀྱིལ་འཁོར་ནས། །ཀོ་རི་ཁྲོ་མོ་བརྒྱད་པོ་གཤེགས་སུ་གསོལ། །ཆོས་ཉིད་མཁའ་ལྟར་དག་པའི༴ སེང་ཧ་ཕྲ་མེན་བརྒྱད་པོ་གཤེགས་སུ་གསོལ། །འབར་བའི་བར་ཁྱམས་དུར་ཁྲོད་ནང་ཤེད་ནས། །སྤོར་མ་གསང་ཡུམ་ཚོགས་རྣམས༴ ཚད་མེད་བཞི་རྫོགས་གསང་བའི་དཀྱིལ་འཁོར་ནས། །རྟ་གདོང་སྒོ་མ་འཁོར་བཅས༴ དམ་ཚིག་ལྷུན་གྱིས་གྲུབ་པའི་ཕོ་བྲང་ནས། །དབང་ཕྱུག་མིང་སྲིང་འཁོར་བཅས༴ ཞེ་སྡང་འབར་བ་ཐུགས་ཀྱི་ཕོ་བྲང་ནས། །ཁྲོ་རྒྱལ་སྲིན་པོ༴ དུར་ཁྲོད་འབར་བ་ཆེན་པོའི་དཀྱིལ་འཁོར་ནས། །མཁའ་འགྲོ་སུམ་ཅུ་རྩ་གཉིས༴ སྒྲོལ་བྱེད་འབར་བ་ལས་ཀྱི་དཀྱིལ༴ རྡོ་རྗེ་གིང་ཆེན་འཁོར་བཅས༴ གང་གི་བཀའ་ཉན་ལས་བྱེད་དཀྱིལ༴ ཕོ་ཉ་སྡེར་མོ་འཁོར༴ ལས་རྣམས་ཡོངས་སུ་གྲུབ་པའི༴ ཡེ་ཤེས་མ་མོའི་ཚོགས་རྣམས༴ སྡོམ་པ་གསུམ་ལ་གནས་པའི་དཀྱིལ༴ རིག་འཛིན་རྩལ་འཆང་འཁོར་བཅས༴ དེང་གི་གནས་མཆོག་དུར་ཁྲོད་ཚོགས་རི་འདྲ། །བྷནྡྷ་གསར་རྙིང་ཚོགས་ནི་རྫས་ལྟར་ལྷགས། །ཀེང་རུས་གསར་རྙིང་ཚོགས་ནི་རི་ལྟར་སྤུངས། །རཀྟ་གསར་རྙིང་ཚོགས་ནི་མཚོ་ལྟར་བསྐྱིལ། །མང་ས་གསར་རྙིང་ཚོགས་ནི་ཐར་མར་བདལ། །ཞིང་ཆེན་གསར་རྙིང་ཚོགས་ནི་བྱེ་ལྟར་བཀྲམ། །ཙིཏྟ་གསར་རྙིང་ཚོགས་ནི་རླུང་ལྟར་སྤུངས། །བྱང་ཆུབ་སེམས་ཀྱི་ཚོགས་ནི་གངས་ལྟར་ཆགས། །རྒྱན་ཆ་གསར་རྙིང་ཚོགས་ནི་སྤྲིན་ལྟར་གཏིབ། །ཏ་ན་གྷ་ནའི་ཚོགས་ནི་དབྱིངས་ནས་རོལ། །རྡོ་རྗེ་མཆེད་ལྕམ་ལྷ་དང་ལྷ་མོར་རོལ། །མ་མོ་མཁའ་འགྲོའི་ཚོགས་ནི་མཁའ་ལྟར་གཏིབ། །རྣལ་འབྱོར་ལོངས་སྤྱོད་ཆེ་ལ་སྤྱན་འདྲེན་ན། །ཐུགས་དམ་བརྡའ་ལ་དགོངས་ཏེ་གཤེགས་ནས་ཀྱང་། །དཀྱིལ་འཁོར་ཆེན་པོ་འདི་ལ་བྱིན་ཕོབ་ལ། །བསྒྲུབ་པའི་རྟགས་དང་མཚན་མ་བསྟན་ནས་ཀྱང་། །བླ་མེད་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། ༀ་བཛྲ་ས་མ་ཡ་སིདྡྷི་ཕོབ་ཕོབ། བཛྲ་ས། མ་ཡ་ཛཿ ཡོ་གི་ནི། ས་མ་ཡ་ཛཿ བཛྲ་ཨ་ཝེ་ཤ་ཡ་ཨ་ཨཱཿ ཞེས་བརྗོད་པས་ལྷ་ཚོགས་བྱོན་བྱོན། པྲ་ཝེ་ཤས་སྒོ་ཕྱེ། ཨ་ཝེ་ཤ་ཡས་གཉིས་སུ་མེད་པར་བསྟིམ་པས། དཀྱིལ་འཁོར་གྱི་ལྷ་རྣམས་གཟི་བརྗིད་དང་ལྡན་པར་བསམ་མོ། །དེ་ནས་བར་མཚམས་བཅད་པ་ནི། མི་རྟོགས་པའི་ངང་ལས། བྷེ་རོ་ཙ་ན་ༀ། ཞེས་པས། བདག་ཉིད་རྣམ་པར་སྣང་མཛད་དཀར་པོ་ཞལ་གསུམ་ཕྱག་དྲུག་པ། ཞལ་དབུས་དཀར་གཡས་སྔོ་གཡོན་དམར་བ། ཕྱག་དང་པོ་གཉིས་འཁོར་ལོ་དང་པདྨ། བར་མ་གཉིས་རྡོ་རྗེ་དང་དྲིལ་བུ། མཐའ་མ་གཉིས་རིན་ཆེན་རལ་གྲི་བསྣམས་པ། ཉི་ཟླ་པདྨའི་གདན་ལ་བཞུགས་པར་བསམ། དེའི་ཐུགས་ཀ་ནས་ༀ་བཛྲ་ཀྲོ་ཏ་ཨརྱ་ཨ་ཙ་ལ་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ། ཅེས་པས། མི་གཡོ་བ་སྔོ་སྐྱ་གཡས་དཀར་གཡོན་དམར་བ། གཡས་རྡོ་རྗེ་རལ་གྲི་མདའ། གཡོན་དགྲ་སྟྭ་ཞགས་པ་གཞུ་བསྣམས་པ་གཅིག་བྱུང་ནས་མདུན་དུ་བཀའ་ནོན་དུ་བསམ། མེ་དཔུང་དང་། ཕཊ་ན་མཿས་མན་ཏའི་སྔགས་བརྗོད་ཅིང་རལ་གྲི་ཕྱག་རྒྱ་གཡས་ནས་གླད་ལ་བསྐོར་བས་བགེགས་བསྐྲད། གཡོན་ནས་བསྐོར་བས་རལ་གྲིའི་གུར་དུ་བསམ། དེ་ནས་བསྙེན་པར་གནང་བའི་དབང་བཞི་བསྐུར་བ་ནི། ཧཱུྃ་དང་ཨ་ཡི་འཕྲོ་འདུ་ལས། ཡེ་ཤེས་ཀྱི་རྡོ་རྗེ་དྲིལ་བུར་བསམ་ཏེ། ཧཱུྃ། ཐབས་དང་ཤེས་རབ་དབང་ཆེན་ཏེ། །རྡོ་རྗེ་དྲིལ་བུ་རིག་པ་འཛིན། །མྱ་ངན་འདས་དང་འཁོར་བ་ཡི། །ཆོས་ལ་འདོད་ཅིང་དབང་བསྐུར་རོ། །ཧོ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཞིང་ཁམས་དག་པ་ཟད་མི་ཤེས་པ་རྒྱན་གྱི་འཁོར་ལོའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱི། རིགས་ཀྱི་བུ་སྐལ་ལྡན་རྒྱལ་བའི་སྲས་རྣམས་ལ། རྡོ་རྗེ་དྲིལ་བུས་དབང་བསྐུར་བས། གསང་བའི་དལ་ཆེན་པོར་བཞུགས་ཏེ། བསྙེན་སྒྲུབ་རྣམས་པ་བཞིའི་སྒོ་ནས་ཕྲིན་ལས་རྣམ་པ་བཞི་ལ་ལོངས་སྤྱོད་པ་ལ། ཐབས་དང་ཤེས་རབ་གཉིས་སུ་མེད་པ་འབྲེལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་བཛྲ་གྷནྡྷེ་ཏིཥྛ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་པས་རྡོ་རྗེ་བསོར། དྲིལ་བུ་བསིལ་ཞིང་སྙིང་ཁར་གཏུག །ལག་ཏུ་གཏད་དོ། །དེ་ནས་ཕུར་པ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཀྱི་སྲས་མཆོག་ཏུ་བསྐྱེད། སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས། ཧཱུྃ། མི་གཡོ་ཆོས་སྐུ་ཡོན་ཏན་མཆོག་མངའ་བ། །སྡུག་བསྔལ་ལོག་པར་འཁྱམ་པའི་སེམས་ཅན་རྣམས། །ཐུགས་རྗེ་གཉིས་མེད་དབྱིངས་སུ་སྒྲོལ་མཛད་པ། །ཁྲོ་རྒྱལ་འབར་བའི་དབང་འདི་ཁྱོད་ལ་སྦྱིན། །ཅེས་དང་། སྨོན་ལམ་གོང་བཞིན་བྱས་ཏེ། ཕུར་པས་དབང་བསྐུར་བས། བར་དུ་གཅོད་པའི་བགེགས་དང་ལོག་འདྲེན་ཡ་མ་དམ་སྲི་ཐམས་ཅད་འདུལ་བའི་དབང་དམ་པ༴ ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྣན་བཾ་ཧཱུྃ་ཕཊ། ཨ་བྷི་ཥིཉྩ་ཧཱུྃ། ཞེས་པས་ཕུར་པ་སྙིང་ཁར་གཏུག །བགེགས་ལ་བསྒྲིལ་ལོ། །དེ་ནས་ཕྲེང་བ་ལ། ཨ་ཙནྟྲ་ལས་ཟླ་བ་ལ་ཏྲཾ་བཅུའི་འཕྲོ་འདུ་ལས་ཕྱོགས་བཅུའི་སངས་རྒྱས་ཀྱི་བྱིན་རླབས་ཕྲེང་བ་ལ་ཐིམ་པར་བསམ་ལ། ཧཱུྃ། རུ་ཏྲ་བསྒྲལ་བ་བཞད་པ་ཆེ། །ཁུར་བ་དབུགས་ཀྱི་རླུང་འབྱིན་པ། །འབྲུག་གི་སྒྲ་ལྟར་ཟབ་པ་ཡི། །རུ་ལུ་རུ་ལུ་སྒྲ་སྒྲོགས་བཞད། །ཕྱག་རྒྱ་འདི་ཡི་དབང་བསྐུར་རོ། །ན་མོ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཞིང་ཁམས་དག་པ་མཛད་པ་མི་ཤེས་པ་རྒྱན་གྱི་འཁོར་ལོའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབ་ཀྱིས། རིགས་ཀྱི་བུ་སྐལ་ལྡན་རྒྱལ་བའི་སྲས་རྣམས་ལ་ཕྲེང་བས་དབང་བསྐུར་བས། རུ་ལུ་འབྲུ་བརྒྱད་ཀྱི་འཛབ་ཀྱི་དབང་དང་། སངས་རྒྱས་གསུང་གི་དངོས་གྲུབ་ཀྱི་སྒྲ་དབྱངས་ཀྱིས་མི་འཛད་པ་དབང་དམ་པ༴ ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཨ་བྷི༴ གི་ཕྲེང་བ་སྙིང་ཁར་གཏུག་ཅིང་འཛབ་ཀྱི་རིགས་བགྲང་ངོ་། །དེ་ནས་རྔ་ཉི་མའི་སྟེང་དུ། ཧཱུྃ་གི་འཕྲོ་འདུ་ལས་བཛྲ་ཙ་མ་ར་ཛ་མ་ར་ཡ་ཧཱུྃ་གི་ཡེ་ཤེས་ཀྱི་ལྷར་བསམ། ཧཱུྃ། ཆོས་སྐུ་མཆོག་མངའ་ཡེ་ཤེས་ཚུལ་ཁྲིམས་ལྡན། །དཔལ་གྱི་ཕྱག་རྒྱ་ཡེ་ཤེས་ཙ་མ་ར། །རིགས་ཀྱི་བུ་མཆོག་ཁྱོད་ལ་དབང་བསྐུར་བ། །མ་མོ་མཁའ་འགྲོ་ཐམས་ཅད་དབང་བསྡུད་ཅིང་། །ཐུགས་དམ་གནས་ནས་འཁོལ་ནས་བྲན་བཞིན་དུ། །ཁོལ་བའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག །བཛྲ་ཙ་མ་ར་ཡ་ཨ་བྷི༴ ཞེས་པས་སྙིང་ཁར་གཏུག་ལ་བརྡུང་ངོ་། །དེ་ནས་བརྡའ་སྒོ་དབྱེ་བ་ནི། ཧཱུྃ། ཡེ་ནས་མཉམ་ཉིད་མི་འདའི་ཕྱིར། །གཟུང་འཛིན་བསྣོལ་བའི་སྒོ་བཅད་དེ། །བདག་མེད་མི་གནས་ཡེ་ཤེས་ཀྱི། །ཡུལ་ལས་འདས་པའི་སྒོ་ཕྱེས་ཤིག །མཎྜལ་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ། བརྡའ་ཕྱག་འཚལ་བ་ནི། ཧཱུྃ། ཤར་ལྷོ་ནུབ་བྱང་སྒོ་བཞི་ནས། །ཡེ་ཤེས་བཞི་ཡི་སྒོ་ཕྱེས་ཏེ། །ཞི་ཁྲོ་གསང་བའི་དཀྱིལ་འཁོར་ལོ། །རྣལ་འབྱོར་བདག་གི་ལས་བགྱིད་དོ། །ཕྱག་འཚལ་བས་ལྷ་དང་དབྱེར་མེད་ཏུ་བསམ། དེ་ཡན་ཆད་བསྙེན་པའི་ཆོ་གའོ། །སྤྱི་དོན་གཉིས་པ་ཉེ་བའི་བསྙེན་པ་ནི། བཤགས་པ་དམ་བཅའ། བྱིན་འབེབ་གོང་བཞིན་བྱ་སྟེ། མ་ཊཾ་མནན་པ་ནི་བྱང་ཤར་དུ་ཕྱིན་ཏེ། བཛྲ་ཧེ་རུ་ཀ་ཧཱུྃ་གི་རང་ཧེ་རུ་ཀར་བསྐྱེད་ལ། ལྕགས་ཀྱུའི་ཕྱག་རྒྱས་མ་ཊཾ་ཁ་རུ་ཨཾ་གུ་ཤ་ཛཿ ཞེས་ལན་གསུམ་བདུན་དུ་བཀུག་ལ། ༀ་བཛྲ་གུ་ཧྱ་ཏྲི་ཤ་ས་མ་ཡ་སྟྭཾ། ཞེས་ཐོད་པའི་ཕྱག་རྒྱ་ལན་གསུམ་བསྟན་ལ། སྔོན་གྱི་དམ་བཅའ་ལས་མ་འདས་བར་བསམ་ལ་ཁ་ཊཾ་གི་ཕྱག་རྒྱ་བཅས་ཏེ། ཧཱུྃ། མ་ཊཾ་བྱ་བའི་སྡིག་ཅན་ཁྱོད། །སྔོན་ཡང་དཔལ་ཆེན་ཧེ་རུ་ཀས། །བསྒྲལ་ནས་དུར་ཁྲོད་གནས་སུ་བྱས། །ཤེས་པ་བླ་མེད་གནས་སུ་སྤར། །ད་ཡང་རྣལ་འབྱོར་དབང་ཕྱུག་གིས། །བསྒྲལ་ནས་བསྒྲུབ་པའི་གནས་སུ་བྱ། །ཕུང་པོ་ཁམས་སོགས་གནས་སྦྱངས་ནས། །རང་བྱུང་མཆོད་རྟེན་བརྒྱད་བྱས་ཏེ། །མ་མོ་བརྒྱད་ཀྱི་བསྲུང་བར་བྱེད། །ཐུགས་དམ་ཆེན་པོ་ཅི་བཞིན་དུ། །བྱིན་ཆེན་རྣམས་ཀྱི་བྱིན་ཕོབ་ལ། །དངོས་གྲུབ་ཆེན་པོ་སྡོང་གྲོགས་མཛོད། །ༀ་བཛྲ་ཤྲཱི་ཧེ་རུ་ཀ་མ་ཧཱ་ས་མ་ཡ་མུ་ཊ་མ་ཊཾ་པྲ་བན་ཙཀྲ་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་ཁ་ཏྲང་གི་ཕྱག་རྒྱ་བསྟུན་བས་མགོ་ལྷོ་ནུབ། རྐང་པ་བྱང་ཤར་དུ་བསྟན་ནས་བསྐྱིལ། བདག་གི་ཞབས་གཡས་ཀྱི་ཐེའུང་ཛ་ལས་ལྕགས་ཀྱུར་བསམ་ལ། གནས་ཀྱི་སྒོ་འདི་སུ་ཡི་བཅད། །སེམས་ཀྱི་བདག་པོས་བཅད་དམ་བཅིང་། །གཟུང་འཛིན་རྐང་པ་བསྣོལ་བ་ཡི། །ཡུལ་ལས་འདས་པ་སྒོ་ཕྱེས་ཤིག །ཧཱུྃ་ཧཱུྃ་ཕཊ་ཕཊ་མ་ཏང་ཀ་རུ་ཧཱུྃ་ཕཊ། སརྦ་ཕྱེ་ཏཾ་ཙ་བྱ་ཕྱེ་ཏང་ཙ་བྱ། ཞེས་པས་རྐང་པ་ཕྲལ། རལ་གྲིའི་ཕྱག་རྒྱས་ཁ་ཏྲཾ་ཁ་པྲ་ཝེ་ཤ་ཡ་ཕཊ་ཀྱི་ཁོག་པ་དྲལ། ཧྲཱིཿཧཱུྃ་གི་ཁོའི་ཤེས་པ། ཧཱུྃ་དཀར་པོ་བདག་གི་ཐུགས་ཀར་ཐིམ་པས་ཐུགས་ཡེ་ཤེས་དབྱེར་མེད་དུ་བསམ། བྷྲཱུྃ་བི་ཤྭ་བྷི་ཤུདྡྷེ་བྷནྡྷ་ཛྙཱ་ན་རཾ། ཞེས་པས་ཁོག་པ་ཟླ་གམ་སྨུག་ནག་གཅིག་ཏུ་བསམ། བྷྲུྃ་ཁཾ་པྲ་ཝེ་ཤ་ཡ་ཕཊ། ཀྱི་སྒོ་ཕྱེས་པའི་ནང་དུ་ཧཱུྃ་ཧཱུྃ་གི་ཕྱིན། ཧ་ཧ་ཧཱུྃ་སྥ་ར་ན་ཕཊ། སཾ་ཧ་ར་ཎ་ཧཱུྃ་གི་སྒོ་བཅད་ལ། ཧཱུྃ། སྟེང་ཡང་རྡོ་རྗེའི་བླ་རེ་ལ། །འོག་ཀྱང་རྡོ་རྗེའི་ས་གཞི་ལ། །ཕྱོགས་མཚམས་རྡོ་རྗེའི་གཏམ་པ་ལ། །རྡོ་རྗེའི་མཚམས་ལས་མ་འདས་ཤིག །ༀ་བཛྲ་ཡཀྵ་ཀྲོ་ཏ་ཧཱུྃ་ཕཊ། བཛྲ་བཛྲ་བཛྲ། རྃ་ཡྃ་ཁྃ་ཞེས་པས་རྡོ་རྗེའི་གུར་དུ་གྱུར་ནས་བསྐལ་པའི་རླུང་གི་མི་ཐར་བར། ཁྲོ་བོ་བཅུའི་སྟང་སྟབས་བྱ། དམ་སྲི་མནན་ལ། སྐྲ་མཚམས་སུ་ཞག་གི་ཟོ་རིས། དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ། སྨིན་མཚམས་ན་ཁྲག་གི་ཐིག་ལེ་བྱ། རྩ་བ་དང་ཡན་ལག་གི་མཆོད་པ་བྱིན་གྱིས་རློབས། ཞི་ཁྲོའི་གཞལ་ཡས་ཁང་དུ་གསུང་ངོ་། །དེ་ནས་འཛབ་ཞི་ཁྲོ་རིག་འཛིན་གསུམ་ལས། དང་པོ་ཞི་བའི་འཛབ་ཁང་དབྱེ་བ་ནི། རྡོ་རྗེ་དབྱིངས་ཀྱི་དལ་གསལ་གདབ་ལ་སྤྱིར་འབྱུང་བ་རིམ་བརྩེགས་ཀྱི་སྟེང་དུ་བྷྲཱུྃ་གྱི་འཕྲོ་འདུ་ལས། བྷྲཱུྃ་བི་ཤྭ་བྷི་ཤུདྡྷེ་བཛྲ་ཛྙཱ་ན་ཙཀྲ་རཏྣ་པདྨ་ཀརྨ་གྷ་ན་དྷ་སུརྱ་ཙནྟྲ་པདྨ་མཎྜལ་ཞེས་པས། ལྷའི་གཞལ་ཡས་ཁང་ལྟེ་བ་ཟླུམ་པོ་མུ་ཁྱུད་གློ་འབུར་གྲུ་ཆད་དང་། ལྷ་རྣམས་སྒོ་ཁྱུད་རྟ་བབ་འདོད་སྣམས་ཕ་གུ་དྲྭ་ཕྱེད་པདྨ་རྡོ་ར་མེ་རི་དང་བཅས་པའི་དབུས་སུ་ཧཱུྃ་ཧཱུྃ་ཧཱུྃ། བཛྲ་ཙིཏྟ་ཧཱུྃ་ཨ་ཨ་ཨཱཿ བཛྲ་བྷ་ཏྲ་ས་མན་ཏ་ཨ་ཀུན་བཟང་བསྐྱེད། དེ་ནས་མི་བསྐྱོད་པ་ལ་སོགས་ཞི་བའི་ལྷ་ཚོགས་ཐམས་ཅད་བསྐྱེད་ནས་དབང་བསྐུར། བརླབས། དྲངས། སྟིམ་བརྟན་པར་བཞུགས་སུ་གསོལ་ནས་ལྷག་པའི། ཏིང་འཛིན་བསྡུས་པས་མཆོད་ལ། ༀ་ཨཱཿཧཱུྃ། མི་བསྐྱོད་ཡེ་ཤེས་མཆོག་དང་ལྡན་པའི་རལ་སྣལ་དུ་གསོལ། །ཨ་ལ་ལ་ཧོཿ སེམས་དཔའ་བདེ་མཆོག་དེ་ཉིད་འགོག་པ་རྣམས་ལ་སློང་བའི་ཕྱིར། ཆགས་པ་མེད་པའི་བདེ་མཆོག་ཀུན་ཏུ་མྱོང་མཛད་ཤེས་བཞིན་དུ་སྣམ་དུ་གསོལ། །མཆོག་ཏུ་གསང་བའི་བདེ་ལ་རོལ་ཞིང་དམ་བཅས་འཇིག་རྟེན་སྒྲོལ། བྱང་ཆུབ་སྐྱེ་གནས་བདེ་མཆོག་དབྱིངས་ལས་མི་ཉམས་དགའ་བའི་གར་མཛོད་ཅིག །ཨ་ལ་ལ་ཧོ། ཞེན་པའི་མཐའ་དང་ཉོན་མོངས་སྔོ་སྐམ་གཟིར་བའི་རྨོང་བྱེད་བདེ་མཆོག་རྒྱན་དང་ལྡན་པས་ཐབས་ཀྱིས་བསྐུལ་ཏེ་གོ་བར་མཛོད། འགྲོ་ཀུན་མཚུངས་པར་སྤྱོད་པས་བྱང་ཆུབ་སྒོ་མོར་ལམ་སྟོན་ཅིང་བདེ་མཆོག་བདུད་རྩི་ཁྱད་པར་མེད་པས་འདུས་པའི་བཀའ་སྩོལ་ཅིག །ཨ་ལ་ལ་ཧོཿ ཞེས་བརྗོད་དེ། འཛབ་ཁང་དབྱེ་བའོ། །གཉིས་པ་འཛབ་དངོས་ལ་ལྷ་བསྐུལ་བ། རྟོག་པ་གནས་གསལ་གདབ་ཅིང་འཛབ་བྱ་བ། བསྟོད་པ་དང་གསུམ་ལས། ལྷ་བསྐུལ་བ་ནི། ཀུན་བཟང་གོང་ལྟར་བསྐྱེད་ལ། རང་གི་ཐུགས་ཀ་ནས་འོད་གཙོ་བོའི་ཐུགས་ཀར་འཕྲོས་པས་མཉེས་ཏེ་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་རང་ལ་ཕོག །རང་གི་བག་ཆགས་དྲི་མ་དག །གཙོ་བོ་མཉེས་པའི་ཞལ་འཛུམ་དང་བཅས་པས་རང་ལ་ཐིམ། མཆོག་ཐུན་མོང་གི་དངོས་གྲུབ་སྟེར་བར་བསམ་ལ། ཧཱུྃ། རིག་པ་གསུང་གི་བྱིན་རླབས་ཀྱི། །ལྗགས་ཀྱི་རྩེ་ལ་བཀྲམ་ནས་ནི། །དུ་མ་ཉིད་དུ་སོ་སོར་གོ། །འཁོར་ལོ་འབར་བའི་ལྟེ་དབུས་ན། །སེང་ཆེན་བསྣོལ་བའི་ཁྲི་སྟེང་ནས། །རིན་ཆེན་ཉི་ཟླ་པདྨའི་གདན། །ཨེ་མ་ཀུན་བཟང་རྡོ་རྗེ་ཉིད། །རིག་པའི་ཚུལ་སྣང་སངས་རྒྱས་པ། །སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡབ། །ཞལ་གསུམ་ཕྱག་དྲུག་འགྲོ་བ་འདུལ། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །དང་པོ་བྱང་ཆུབ་མཆོག་གི་རྒྱ། །བར་པ་རྡོ་རྗེ་དྲིལ་བུ་འཛིན། །ཐ་མ་མཉམ་བཞག་ཡེ་ཤེས་འཕྲོ། །ཡུམ་གྱི་དམ་པར་མཚན་གསོལ་བ། །ཕྱི་ཡི་ཡུལ་ལ་སངས་རྒྱས་པ། །སྣང་སྲིད་ཐམས་ཅད་ཆོས་ཀྱི་དབྱིངས། །ཐབས་དང་ཤེས་རབ་འབྲེལ་བའི་ཡུམ། །བྱ་བ་མོ་དང་གཉིས་སུ་མེད། །བདག་གི་ཡི་དམ་ལྷ་ལགས་ཀྱི། །ཐམས་ཅད་ལྷ་ལ་མཆོད་པར་འབུལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། ཧཱུྃ། ཡེ་ཤེས་རང་རིག་མ་སྐྱེས་སེམས། །ཀུན་བཟང་ཡབ་ཀྱི་རང་བཞིན་ལ། །ཏིང་འཛིན་བྱེད་པར་དབང་བསྐུར་ནས། །མ་ལུས་ཀུན་གྱི་བྱེད་པོར་ཤོག །ཆོས་ཀྱི་སྐྱེ་མཆེད་མ་སྐྱེས་སེམས། །ཀུན་བཟང་ཡུམ་གྱི་རང་བཞིན་ལ། །ཏིང་འཛིན་བྱ་བར་དབང་བསྐུར་ནས། །ཆོས་རྣམས་ཀུན་གྱི་བྱ་བར་ཤོག །ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ཧཱུྃ། ཨ་ཨ་ཨཱ་བཛྲ་ས་མན་ཏ་ཨཱ། ཧཱུྃ། བྱང་ཆུབ་སེམས་མཆོག་ཡེ་ཤེས་རྡོ་རྗེའི་ཐུགས། །སྲིད་གསུམ་དབང་སྡུད་ཐམས་ཅད་མཁྱེན་པའི་དཔལ། །བསྙེལ་བ་མི་མངའ་འགྲོ་བའི་སྐྱབས་མཛད་པ། །ཀུན་བཟང་རྡོ་རྗེ་ཡིད་ལ་ཕྱག་འཚལ་བསྟོད། །ཧཱུྃ། གདོད་ནས་མ་བྱུང་མ་སྐྱེས་ཆོས་ཀྱིས་དབྱིངས། །མ་སྐྱེས་མི་འགག་དངོས་པོར་འཛིན་དང་བྲལ། །འབྱུང་བྱེད་ཐམས་ཅད་བསྐྱེད་པ་ཡུམ་གྱི་ཚུལ། །བཟང་མོ་བྱ་བ་མ་ལུས་ཕྱག་འཚལ་བསྟོད། །དེའི་མདུན། ཧཱུྃ་བཛྲ་དྷྲིག །མུཾ་དྷ་དུ་ཤྭ་རི་མི་བསྐྱོད་པ་ཡབ་ཡུམ་བསྐྱེད་ལ། ཧཱུྃ། རིག་པ་གསུང་གི་བྱིན་གྱིས་རློབས། །ལྗགས་ཀྱི་རྩེ་ལ་བཀྲམ་ནས་ནི། །དུ་མ་ཉིད་དུ་སོ་སོར་གོ། །འཁོར་ལོ་འབར་བའི་ལྟེ་དབུས་ནས། །སེང་ཆེན་བསྣོལ་བའི་ཁྲི་སྟེངས་སུ། རིན་ཆེན་ཉི་ཟླ་པདྨའི་གདན། །སྟོན་པ་རྡོ་རྗེ་སེམས་དཔའ་གཙོ། །སྐུ་མདོག་མཐིང་ཀ་འོད་དུ་འབར། །ཞལ་གསུམ་ཕྱག་དྲུག་འགྲོ་བ་འདུལ། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །རྡོ་རྗེ་འཁོར་ལོ་རིན་ཆེན་གཡས། །དྲིལ་བུ་པདྨ་རལ་གྲི་གཡོན། །ཡུམ་གྱི་དམ་པར་མཚན་གསོལ་བ། །ཀུན་ཏུ་བཟང་དང་གཉིས་སུ་མེད། །བདག་གི་ཡི་དམ་ལྷ་ལགས་ཀྱི། །ཡི་དམ་ལྷ་ལ་མཆོད་པར་འབུལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཧཱུྃ། རྣམ་ཤེས་ནམ་མཁའི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པས། །ཐམས་ཅད་འདིའི་མ་འདྲེས་རེད། །མི་བསྐྱོད་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་ཐུགས་ཀྱིས་དབང་བསྐུར་ནས། །དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །ཧཱུྃ་བཛྲ་དྷྲིག །མུཾ་ད་དུ་ཤྭ་རི། ༀ། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་སྟོང་པ་ཉིད་ཀྱི་ཚུལ་འཛིན་ཅིང་། །ཡོན་ཏན་ཡེ་ཤེས་ལྔ་དོན་ཐུགས་ཆུད་པ། །རྒྱལ་མཆོག་མི་བསྐྱོད་པ་ལ་ཕྱག་འཚལ་བསྟོད། །དོན་དམ་གཉིས་མེད་དབྱིངས་སུ་གསལ། །དབང་ཕྱུག་ཡུམ་མཆོག་ཚུལ་འཛིན་ཅིང་། །ཡོན་ཏན་རྣམ་རྟོག་མི་མངའ་བའི། །རྒྱལ་ཡུམ་ཀུན་ཏུ་བཟང་མོ་ལའོ། །ཤར་དུ་འཁོར་ལོའི་རྩིབས་ལ་རྣམ་སྣང་བསྐྱེད་ལ། ཧཱུྃ། ཤར་ཕྱོགས་འཁོར་ལོའི་རྩིབས་སྟེངས་ནས། །གླང་ཆེན་བསྣོལ་བའི་ཁྲི་སྟེང་ནས། །རིན་ཆེན་ཉི་ཟླ་པདྨའི་གདན། །བཅོམ་ལྡན་རྣམ་པར་སྣང་མཛད་གཙོ། །སྐུ་མདོག་དཀར་པོ་འོད་དུ་འབར། །ཞལ་གསུམ་ཕྱག་དྲུག་འགྲོ་བ་འདུལ། །གཡས་སྔོ་གཡོན་དམར་དབུས་དཀར་ཞལ། །འཁོར་ལོ་རྡོ་རྗེ་རིན་ཆེན་གཡས། །དྲིལ་བུ་པདྨ་རྒྱ་གྲམ་གཡོན། །ཡུམ་གྱི་དམ་པར་མཚན་གསོལ་བ། །སངས་རྒྱས་སྤྱན་དང་གཉིས་སུ་མེད། །བདག་གི་ཡི་དམ་ལྷ་ལགས་ཀྱི། །ཡི་དམ་ལྷ་ལ་མཆོད་པ་འབུལ། །བླ་མེད༴ གཟུགས་ཕུང་ས་ཡི་ངོ་བོ་ཉིད། །སེམས་ཕྱིར༴ རྣམ་སྣང་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་སྐུ་རུ་དབང་བསྐུར་ནས། །དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །ༀ་ཛི་ན་ཛིག་ལཾ་ཏེ་ཤ་ར་ཏི། ༀ། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་མེ་ལོང་ཡེ་ཤེས་ཚུལ་འཛིན་ཅིང་། །ཡོན་ཏན་ཆོས་ཀྱིས་འཁོར་ལོ་མཛད་པ་ཡི། །རྒྱལ་མཆོག་རྣམ་སྣང་མཛད་ལ་ཕྱག་འཚལ་བསྟོད། །དོན་དམ་གཉིས་མེད་དབྱིངས་སུ་གསལ། །དེ་དབྱིངས་དབྱིངས་ཕྱུག་ཚུལ་འཛིན་ཅིང་། །ཡོན་ཏན་འབྲས་བུ་ཡོད་དེ་སྟོང་པའི་མཆོག །སངས་རྒྱས་སྤྱན་ལ་ཕྱག་འཚལ་བསྟོད། །ལྷོར་རིན་འབྱུང་བསྐྱེད་ལ། ཧཱུྃ། ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས། །རྟ་མཆོག་བསྣོལ་བའི་ཁྲི་སྟེང་ནས། །རིན་ཆེན་པདྨ་ཉི་ཟླའི་གདན། །བཅོམ་ལྡན་རིན་ཆེན་འབྱུང་ལྡན་གྱི། །སྐུ་མདོག་སེར་པོ་འོད་དུ་འབར། །གཡས་སྔོ་གཡོན་དམར་དབུས་སེར་ཞལ། །རིན་ཆེན་རྡོ་རྗེ་འཁོར་ལོ་གཡས། །དྲིལ་བུ་པདྨ་རྒྱ་གྲམ་གཡོན། །ཡུམ་གྱི་དམ་པར་མཚན་གསོལ་བ། །མ་མ་ཀི་དང་གཉིས་སུ་མེད། །བདག་གི་ཡི་དམ་ལྷ་ལགས་ཀྱི། །ཡི་དམ་ལྷ་ལ་མཆོད་པ་འབུལ། །བླ་མེད༴ ཚོར་བ་ཆུ་ཡི་ངོ་བོ་ཉིད། །སེམས་ཕྱིར༴ རིན་འབྱུང་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་ཡོན་ཏན་དབང་བསྐུར་ནས། །དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །སྭ་རཏྣ་དྷྲིག །མཾ་མོ་ཧ་ར་ཏི་སྟྭཾ། ༀ། ཆོས་སྐུ༴ གཟུགས་སྐུ་མཉམ་པ་ཉིད་ཀྱི་ཚུལ་འཛིན་ཅིང་། །ཡོན་ཏན་ཡིད་བཞིན་རེ་བ་བཀང་མཛད་པ། །རྒྱལ་མཆོག་རིན་ཆེན་འབྱུང་ལ་ཕྱག་འཚལ་བསྟོད། །དོན་དམ༴ རིན་ཆེན་དབྱིངས་ཕྱུག་ཚུལ་འཛིན་ཅིང་། །ཡོན་ཏན་རེ་འདོད༴ མ་མཱ་ཀི་ལ་ཕྱག་འཚལ་བསྟོད། །ནུབ་ཏུ་སྣང་བ་མཐའ་ཡས་བསྐྱེད་ལ། ཧཱུྃ། ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེངས་སུ། །རྨ་བྱ་བསྣོལ་བའི་གདན་སྟེང་ནས། །རིན་ཆེན་པདྨ་ཉི་ཟླའི་གདན། །བཅོམ་ལྡན་སྣང་བ་མཐའ་ཡས་ཆེ། །སྐུ་མདོག་དམར་པོ་འོད་དུ་འབར། །ཞལ་གསུམ་ཕྱག་དྲུག་འགྲོ་བ་འདུལ། །གཡས་སེར་གཡོན་ལྗང་དབུས་དམར་ཞལ། །པདྨ་རྡོ་རྗེ་འཁོར་ལོ་གཡས། །དྲིལ་བུ་རིན་ཆེན་རལ་གྲི་གཡོན། །ཡུམ་གྱི་དམ་པར་མཚན་གསོལ་བ། །ན་བཟའ་དཀར་དང་གཉིས་སུ་མེད། །བདག་གི་ཡི་དམ་ལྷ་ལགས་ཀྱི། །འདུ་ཤེས་མེ་ཡི་ངོ་བོ་ཉིད། །སེམས་ཕྱིར༴ སྣང་མཐའ་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་གསུང་གི་དབང་བསྐུར་ནས། །དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །ༀ་ཨ་རོ་ལིག །པྱཾ་ར་ག་ར་ཏི། ༀ། ཆོས་སྐུ་ནམ་མཁའ༴ གཟུགས་སྐུ་སོ་སོར་རྟོགས་པའི༴ མཐའ་གཉིས་སྐྱོན་རྣམས་དག་མཛད་པ། །རྒྱལ་མཆོག་སྣང་བ་མཐའ་ཡས་ལ། །དོན་དམ་གཉིས་མེད་དབྱིངས་སུ་གསོལ། །པདྨ་དབྱིངས་ཕྱུག་ཚུལ་འཛིན་ཅིང་། །སྤྱི་དང་རང་གི་ཆ་འཛིན་མ། །ན་བཟའ་དཀར་ལ༴ བྱང་དུ་དོན་ཡོད་གྲུབ་པ་ཡབ་ཡུམ་བསྐྱེད་ལ། ཧཱུྃ། བྱང་ཕྱོགས་འཁོར་ལོའི་རྩིབས་སྟེངས་སུ། །ཤང་ཤང་བསྣོལ་བའི་གདན་སྟེང་ནས། །རིན་ཆེན་པདྨ་ཉི་ཟླའི་གདན། །བཅོམ་ལྡན་དོན་ཡོད་གྲུབ་པ་ནི། །སྐུ་མདོག་ལྗང་ཀུ་འོད་དུ་འབར། །ཞལ་གསུམ་ཕྱག་དྲུག་འགྲོ་བ་འདུལ། །གཡས་དཀར་གཡོན་དམར་དབུས་ལྗང་ཞལ། །རལ་གྲི་རྡོ་རྗེ་འཁོར་ལོ་གཡས། །དྲིལ་བུ་རིན་ཆེན་པདྨ་གཡོན། །ཡུམ་གྱི་དམ་པར་མཚན་གསོལ་བ། །དམ་ཚིག་སྒྲོལ་དང་གཉིས་སུ་མེད། །བདག་གི༴ བླ་མེད༴ འདུ་བྱེད་རླུང་གི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པ། །དོན་གྲུབ་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་ཕྲིན་ལས་དབང་བསྐུར་ནས། །དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །ཧ་པྲ་ཛྙཱ་དྷྲིག །ཏཾ་བཛྲ་ར་ཏི། ༀ། ཆོས་སྐུ༴ གཟུགས་སྐུ་བྱ་བ་གྲུབ་པའི་ཚུལ་འཛིན་ཅིང་། །ཕྲིན་ལས་སྣ་ཚོགས་དོན་མཛད་པའི། །རྒྱལ་མཆོག་དོན་ཡོད་གྲུབ་ལ་ཕྱག་འཚལ་བསྟོད། །དོན་དམ་གཉིས་མེད་དབྱིངས་སུ་གསལ། །ལས་ཀྱི་དབྱིངས་ཕྱུག་ཚུལ་འཛིན་ཅིང་། །བདག་གཞན་དོན་གྲུབ་ཆ་འཛིན་མ། །དམ་ཚིག་སྒྲོལ་ལ་ཕྱག་འཚལ་བསྟོད། །དེ་ནས་སེམས་དཔའི་འཛབ་ནི། ཤར་ལྷོའི་གོང་རས་ལ་ས་སྙིང་ཡབ་ཡུམ་བསྐྱེད་ལ། ཤར་ལྷོ་འཁོར་ལོའི་གོང་རས་ལ། །ཉི་ཟླ་པདྨའི་གདན་སྟེང་ན། །བྱང་སེམས་ས་ཡི་སྙིང་པོ་དང་། །ཡུམ་ཆེན་ལྷ་མོ་ལཱ་སེ་མ། །གཉིས་མེད་རོལ་པའི་བྱིན་རླབས་ལས། །ལས་ཉོན་བག་ཆགས་སྦྱང་དུ་གསོལ། །མིག་གཟུགས་སེམས་སུ་མ་སྐྱེས་པ། །ས་སྙིང་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སེམས་དཔར་དབང་བསྐུར་ནས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །ཀྵི་ཧི་ར་ཛ་ཡ། ཧཱུྃ་ལཱ་སྱེ་ས་མ་ཡ་སྟྭཾ། ཧཱུྃ། མེ་ལོང་ཡེ་ཤེས་ཁྱད་པར་ལས། །མཚན་དཔེ་སེམས་དཔའི་སྐུ་སྟོན་ཅིང་། །ཆེ་བའི་ཡོན་ཏན་བསྐྱེད་མཛད་པ། །ས་ཡི་སྙིང་པོ་ཕྱག་འཚལ་བསྟོད། །གཉིས་མེད་ཆོས་དབྱིངས་ཁྱད་པར་ལས། །མཚན་དཔེ་ལྷ་མོའི་སྐུར་སྟོན་ཅིང་། །རྣམ་དག་ཟིལ་གྱི་གནོན་མཛད་མ། །ལཱ་སྱེ་མ་ལ་ཕྱག་འཚལ་བསྟོད། །ལྷོ་ནུབ་ཀྱི་གོང་རས་ལ་ནམ་སྙིང་ཡབ་ཡུམ་བསྐྱེད་ལ། ཧཱུྃ། ལྷོ་ནུབ་འཁོར་ལོའི་གོང་རས་ལ། །ཉི་ཟླ་པདྨའི་གདན་སྟེང་ནས། །བྱང་སེམས་ནམ་མཁའི་སྙིང་པོ་དང་། །ཡུམ་ཆེན་ལྷ་མོ་མ་ལེ་གཉིས། །གཉིས་མེད་རོལ་པའི་བྱིན་རླབས་ལས། །ལས་ཉོན་བག་ཆགས་སྦྱངས་དུ་གསོལ། །སྣ་དྲི་སེམས་ཕྱིར་མ་སྐྱེས་པ། །ནམ་སྙིང་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སེམས་དཔར་དབང་བསྐུར་ནས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །ཏྲཾ་ཨ་ཀར་བྷ་ཡ། ཏྲྃ་མ་ལེ་མ་ཡ་སྟྭཾ། ཧཱུྃ། མཉམ་ཉིད་ཡེ་ཤེས་ཁྱད་པར་ལས། །མཚན་དཔེ་སེམས་དཔའི་སྐུར་སྟོན་ཅིང་། །རྣམ་རྟོག་དྲྭ་བ་གཅོད་མཛད་པ། །ནམ་མཁའི་སྙིང་པོ་ཕྱག་འཚལ་བསྟོད། །གཉིས་མེད་ཆོས་དབྱིངས་ཁྱད་པར་ལས། །མཚན་དཔེ་ལྷ་མོའི་སྐུར་སྟོན་ཅིང་། །འཁོར་བ་ཟིལ་གྱི་གནོན་མཛད་མ། །མ་ལེ་མ་ལ་ཕྱག་འཚལ་བསྟོད། །ནུབ་བྱང་གི་གོང་རས་ལ་སྤྱན་གཟིགས་ཡབ་ཡུམ་བསྐྱེད་ལ། ཧཱུྃ། ནུབ་བྱང་འཁོར་ལོའི་གོང་རས་ལ། །ཉི་ཟླ་པདྨའི༴ བྱང་སེམས་སྤྱན་རས་གཟིགས་དབང་དང་། །ཡུམ་ཆེན་ལྷ་མོ་གིརྟི་གཉིས། །གཉིས་མེད་རོལ་པའི་བྱིན་རླབས་ལས། །ལས་ཉོན་བག་ཆགས་སྦྱངས་དུ་གསོལ། །ལྕེ་རོ་སེམས་ཕྱིར་མ་སྐྱེས་པ། །སྤྱན་གཟིགས་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་སེམས་དཔར་དབང་བསྐུར་ནས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །ཧྲཱིཿཧ་ཧཱུྃ་པདྨ་བྷ་དྷ་མ། ཧྲཱིཿ གྷིརྟི་ར་ག་ཡ་ཧོཿ ཧཱུྃ། སོར་རྟོགས་ཡེ་ཤེས་ཁྱད་པར་ལས། །མཚན་དཔེ་སེམས་དཔའི་སྐུར་སྟོན་ཅིང་། །མཐའ་འམ་དྲི་མས་མ་གོས་པ། །སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །མཚན་དཔེ་ལྷ་མོའི་སྐུར་སྟོན་ཅིང་། །གཉིས་མེད་དོན་གྱི་ཚིམ་མཛད་མ། །གྷིརྟི་མ་ལ་ཕྱག་འཚལ་བསྟོད། །བྱང་ཤར་གྱི་གོང་རས་ལ་ཕྱག་རྡོར་ཡབ་ཡུམ་བསྐྱེད་ལ། ཧཱུྃ། བྱང་ཤར་འཁོར་ལོའི་གོང་རས་ལ། །ཉི་ཟླ༴ བྱང་སེམས་ཕྱག་ན་རྡོ་རྗེ་དང་། །ཡུམ་ཆེན་ལྷ་མོ་ནིརྟི་གཉིས། །གཉིས་མེད་རོལ་པའི་བྱིན་རླབས་ལས། །ལས་ཉོན་བག་ཆགས་སྦྱང་དུ་གསོལ། །ལུས་རིགས་སེམས་ཕྱིར་མ་སྐྱེས་པ། །ཕྱག་རྡོར་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སེམས་དཔར་དབང་བསྐུར་ནས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །ཛིཾ་ཀུ་རུ་པ་ནི་ཧྲཱིཿ ཨ་ནིརྟི་ར་ག་ཡ་མི། ཧཱུྃ། བྱ་གྲུབ་ཡེ་ཤེས་ཁྱད་པར་ལས། །མཚན་དཔེ་སེམས་དཔའ་སྐུར་སྟོན་ཅིང་། །རྣམ་རྟོག་མ་ལུས་འཇོམས་མཛད་པ། །ཕྱག་ན་རྡོ་རྗེ་ཕྱག་འཚལ་བསྟོད། །གཉིས་མེད་ཆོས་དབྱིངས་ཁྱད་པར་ལས། །མཚན་དཔེ་ལྷ་མོའི་སྐུར་སྟོན་ཅིང་། །ཕྲིན་ལས་སྣ་ཚོགས་རྫོགས་མཛད་མ། །ནིརྟི་མ་ལ༴ ཕྱིའི་སེམས་དཔའི་འཛབ་ནི། ཤར་ལྷོར་བྱམས་པ་ཡབ་ཡུམ་བསྐྱེད་ལ། ཧཱུྃ། དཀྱིལ་འཁོར་ཤར་ལྷོའི་གྲུ་ཆད་ལ། །ཉི་ཟླ༴ བྱང་ཆུབ་སེམས་དཔའ་བྱམས་པ་དང་། །ཡུམ་ཆེན་ལྷ་མོ་དྷུཥྤེ་མ། །གཉིས་མེད་རོལ་པ༴ ལས་ཉོན་བག་ཆགས༴ མི་དབང་འདུས་དུས་མ་སྐྱེས་པ། །བྱམས་པ་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སེམས་དཔས་དབང་བསྐུར་ནས། །སྤྱོད་ཡུལ་ཡོངས་སུ༴ མེ་ཏྲི་ད་ར་ནི་སྭཱ་ཧཱ། ཛ་དྷུཥྤེ་པྲ་ཝེ་ཤ་ཡ་ཕཊ་ཛཿ ཧཱུྃ། རིག་པ་ཐུགས་ཀྱི་ཁྱད་པར་ལས། །མཚན་དཔེ་སེམས་དཔའི་སྐུ་སྟོན་ཅིང་། །རྒྱལ་བའི་ཡོན་ཏན་རྒྱས་མཛད་པ། །བྱམས་པ་དེ་ལ༴ སྐྱེ་མ་ཆོས་ཀྱི་བྱིན་རླབས་ལས། །མཚན་དཔེ་ལྷ་མོའི༴ སྐྱེ་མེད་དོན་དམ་སྟོན་མཛད་མ། །དྷུཥྤེ་མཱ་ལ༴ ལྷོ་ནུབ་ཀྱི་གྲར་སྒྲིབ་སེལ་ཡབ་ཡུམ་བསྐྱེད་ལ། ཧཱུྃ། དཀྱིལ་འཁོར་ལྷོ་ནུབ་གྲུ་ཆད་ལ། །ཉི་ཟླའི་པདྨའི༴ བྱང་སེམས་སྒྲིབ་པ་རྣམ་སེལ་དང་། །ཡུམ་ཆེན་ལྷ་མོ་པུཥྤེ་གཉིས། །གཉིས་མེད་རོལ༴ ལས་ཉོན༴ རྣ་དབང་ད་ལྟ་མ་སྐྱེས་སེམས། །སྒྲིབ་སེལ་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སེམས་དཔའི་དབང་བསྐུར་ནས། །སྤྱོད་ཡུལ༴ ༀ་ཐི་ཊཾ་ནི་ས་རཾ་ཡེ་སྭཱ་ཧཱ། ཧཱུྃ་པུཥྤེ་ཨ་ཝེ་ཤ་ཡ་ཕཊ་ཛཿ ཧཱུྃ། ཡེ་ཤེས་རིག་པའི་ཁྱད་པར་ལས། །མཚན་དཔེ་སེམས་དཔའི༴ སྐྱེ་མེད་ཆོས་སྐུ་སྟོན་མཛད་པ། །སྒྲིབ་པ་རྣམ་སེལ་ཕྱག་འཚལ་བསྟོད། །ཧཱུྃ། སྐྱེ་མེད་ཆོས་དབྱིངས་ཁྱད་པར་ལས། །མཚན་དཔེ་ལྷ་མོའི་སྐུར༴ རིག་པ་ཉིད་ལས་ཆར་མཛད་མ། །མེ་ཏོག་མ་ལ་ཕྱག་འཚལ་བསྟོད། །ནུབ་བྱང་དུ་ཀུན་བཟང་ཡབ་ཡུམ་བསྐྱེད་ལ། ཧཱུྃ། དཀྱིལ་འཁོར་ནུབ་ཀྱི་གྲུ་ཆད་ལ། །ཉི་ཟླ༴ བྱང་སེམས་ཀུན་ཏུ་བཟང་པོ་དང་། །ཡུམ་ཆེན་ལྷ་མོ་ཨ་ལོ་ཀེ །གཉིས་མེད༴ ལས་ཉོན༴ རྣ་དབང་མ་འོངས་མ་སྐྱེས་སེམས། །ཀུན་བཟང་ཡབ་ཡུམ་རང་བཞིན་ལས། ཏིང་འཛིན༴ སྤྱོད་ཡུལ༴ ཧཱུྃ་སྭ་ར་ཙ་ཡ་སྭཱ་ཧཱ། བཾ་དྷི་པ་སུ་ཀི་ནི། ཧཱུྃ། ཡེ་ཤེས་རོལ་པའི་ཁྱད་པར་ལས། །མཚན་དཔེ༴ འབྲས་བུའི་ཆོས་རྣམས་རྫོགས་མཛད་པ། །ཀུན་ཏུ་བཟང་པོ་ཕྱག་འཚལ་བསྟོད། །ཧཱུྃ། སྐྱེ་མེད་ཆོས་དབྱིངས་བྱིན་རླབས་ལས། །མཚན་དཔེ༴ རིག་པ་ཉིད་ལ་གསལ་མཛད་མ། །ཨ་ལོ་ཀེ་ལ༴ བྱང་ཤར་གྲར་འཇམ་དཔལ་ཡབ་ཡུམ་བསྐྱེད་ལ། ཧཱུྃ། དཀྱིལ་འཁོར་བྱང་ཤར་གྲུ་ཆད་ལ། །ཉི་ཟླ༴ བྱང་ཆུབ་སེམས་དཔའ་འཇམ་དཔལ་དང་། །ཡུམ་ཆེན་ལྷ་མོ་གྷནྡྷེ་མ། །གཉིས་མེད༴ ལས་ཉོན༴ ལྕེ་དབང་མ་འོངས་མ་སྐྱེས་སེམས། །འཇམ་དཔལ་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན༴ སྤྱོད་ཡུལ་ཡོངས་སུ༴ མུཾ་ཤྲཱི་ཨ་རཾ་ག་ཡ་ཧོ། གྷནྡྷེ་ཙིཏྟ་ཕཊ་ཛཿ ཧཱུྃ། ཡེ་ཤེས་རིག་པའི་ཁྱད་པར་ལས། །མཚན་དཔེ་སེམས་དཔའི༴ འཁོར་བའི་མཚན་ཉིད་རྟོགས་མཛད་པ། །འཇམ་པའི་དཔལ་ལ༴ ཧཱུྃ། སྐྱེ་མེད་ཆོས་དབྱིངས་བྱིན༴ མཚན་དཔེ་ལྷ་མོའི༴ མཐའ་ཡི་སྐྱོན་རྣམས་དག་མཛད་པ། །གྷནྡྷེ་མ་ལ༴ དེ་ནས་ལྷ་རྣམས་ལ་ཐུབ་པ་བསྐྱེད་དེ། ཧཱུྃ། གཞལ་ཡས་སྣམ་བུའི་ཤར་ལྷོ་ནས། །རྣམ་དག་པདྨའི་གདན་སྟེང་ནས། །ཐུབ་ཆེན་བརྒྱ་བྱིན་པི་ཝང་བསྣམས། །སྐུ་མདོག་དཀར་པོ་ལྷ་རྣམས་འདྲེན། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱི། །འཆི་འཕོའི་སྡུག་བསྔལ་སྦྱང་དུ་གསོལ། །ཉོན་མོངས་དྲེག་པ་མ་སྐྱེས་སེམས། །ལྷ་ཡི་ཐུབ་པའི་རང་བཞིན་ལས། །རང་བཞིན་ཐུབ་པར་དབང་བསྒྱུར་ནས། །གདུལ་བྱ་མ་ལུས་འདྲེན་བྱེད་ཤོག །ༀ་མུ་ནེཀྲེཾ་སྭཱ་ཧཱ། ཧཱུྃ། མཉམ་ཉིད་ཐུགས་རྗེའི་ངང་ལས་མ་གཡོས་ཀྱང་། །ང་རྒྱལ་འཇོམས་ཕྱིར་ལྷ་ཡི་ཐུབ་པར་སྤྲུལ། །ཐུགས་རྗེས་ལྟུང་བའི་སྡུག་བསྔལ་ཞི་མཛད་པ། །བཅོམ་ལྡན་ལྷའི་ཐུབ་པར་ཕྱག་འཚལ་ལོ། །བྱང་དུ་ལྷ་མིན་ཐུབ་པ་བསྐྱེད་ལ། ཧཱུྃ། གཞལ་ཡས་སྣམ་བུའི་བྱང་ཕྱོགས་ནས། །རྣམ་དག་པདྨའི༴ ཐུབ་པ་ཐག་བཟང་གོ་ཆ་འཛིན། །སྐུ་མདོག་མཐིང་ཀ་ལྷ་མིན་འདྲེན། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱི། །འཐབ་རྩོད་སྡུག་བསྔལ༴ ལས་ཉོན་ཁོང་ཁྲོ་མ་སྐྱེས་སེམས། །ལྷ་མིན་ཐུབ་པའི་རང་བཞིན་ལས། །ཏིང་འཛིན་ཐུབ་པར་དབང་བསྒྱུར་ནས། །གདུལ་བྱ་མ་ལུས་འདྲེན་བྱེད་ཤོག །ༀ་མུ་ནེ་སྲུྃ་སྭཱ་ཧཱ། ཧཱུྃ། མཉམ་ཉིད་ཐུགས་ཀྱིས་ངང་ལས་མ་གཡོས་ཀྱང་། །ཕྲག་དོག་འདུལ་ཕྱིར་ལྷ་མིན་ཐུབ་པར་སྤྲུལ། །ཐུགས་རྗེས་ཁོང་ཁྲོའི་སྡུག་བསྔལ་ཞི་མཛད་པ། །བཅོལ་ལྡན་ལྷ་མིན་ཐུབ་པ་ལ་ཕྱག་འཚལ། །ལྷོར་མིའི་ཐུབ་པ་བསྐྱེད་ལ། ཧཱུྃ། གཞལ་ཡས་སྣམ་བུའི་ལྷོ་ཕྱོགས་ནས། །རྣམ་དག་པདྨའི་གདན་སྟེངས་སུ། །ཐུབ་པ་བཅོམ་ལྡན་ཤཱཀྱ་ཐུབ། །བསྲེག་ཤིང་པར་བུའི་ཚུལ་འཛིན་ཅིང་། །སྐུ་མདོག་སེར་པོ་མི་རྣམས་འདྲེན། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱི། །འབྱོར་བའི་སྡུག་བསྔལ་སྦྱང་དུ་གསོལ། །ཉོན་མོངས་འདོད་ཆགས་མ་སྐྱེས་སེམས། །མིའི་ཐུབ་པའི༴ ཏིང་འཛིན་ཐུབ་པར་དབང་བསྐུར་ནས། །གདུལ་བྱ་མ་ལུས་འདྲེན་བྱེད་ཤོག །ༀ་མུ་ནེ་བྷྲཱུྃ་སྭཱ་ཧཱ། ཧཱུྃ། མཉམ་ཉིད་ཐུགས་ཀྱིས་ངང༴ འདོད་ཆགས་འདུལ་ཕྱིར་མིའི་ཐུབ་པར་སྤྲུལ། །ཐུགས་རྗེ་ཆེན་པོས་འཆི་འཕོའི་སྡུག་བསྔལ་སྦྱངས་མཛད་པ། །བཅོམ་ལྡན་མིའི་ཐུབ་པ་ལ༴ ནུབ་བྱང་དུ་བྱོལ་སོང་གི་ཐུབ་པ་བསྐྱེད་ལ། ཧཱུྃ། གཞལ་ཡས་སྣམ་བུའི་ནུབ་བྱང་ནས། །རྣམ་དག་པདྨའི༴ ཐུབ་པ་རབ་བརྟན་པོ་ཏི་འཛིན། །སྐུ་མདོག་སེར་ནག་བྱོལ་སོང་འདྲེན། །ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས། །བཀོལ་སྤྱོད་སྡུག་བསྔལ་སྦྱང་དུ་གསོལ། །ཉོན་མོངས་གཏི་མུག་མ་སྐྱེས་སེམས། །བྱོལ་སོང་ཐུབ་པའི་རང་བཞིན་ལས། །ཏིང་འཛིན་ཐུབ་པར་དབང་བསྐུར་ནས། །གདུལ་བྱ་མ་ལུས་འདྲེན་བྱེད་ཤོག །ༀ་མུ་ནེ་པྲེཾ་སྭཱ་ཧཱ། ཧཱུྃ། མཉམ་ཉིད་ཐུགས་ཀྱིས་ངང་༴ གཏི་མུག་འཇོམས་མཛད་བྱོལ་སོང་ཐུབ་པར་སྤྲུལ། །ཐུགས་རྗེས་གླེན་ལྐུག་སྡུག་བསྔལ་ཞི་མཛད་པ། །བཅོམ་ལྡན་བྱོལ་སོང་ཐུབ་པ་ལ་ཕྱག་འཚལ། །ལྷོ་ནུབ་ཏུ་ཡི་དྭགས་ཀྱི་ཐུབ་པ་བསྐྱེད་ལ། ཧཱུྃ། གཞལ་ཡས་སྣམ་བུའི་ལྷོ་ནུབ་ནས། །རྣམ་དག་པདྨའི་གདན་སྟེང་ནས། །ཐུབ་པའི་ཁ་འབར་སྒྲོམ་བུ་འཛིན། །སྐུ་མདོག་དམར་ནག་ཡི་དྭགས་འདྲེན། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །བཀྲེས་སྐོམ་སྡུག་བསྔལ་སྦྱངས་དུ་གསོལ། །ཉོན་མོངས་སེར་སྣ་མ་སྐྱེས་སེམས། །ཡི་དྭགས་ཐུབ་པའི་རང་བཞིན་ལས། །ཏིང་འཛིན་ཐུབ་པར་དབང་བསྒྱུར་ནས། །གདུལ་བྱ་མ་ལུས་འདྲེན་པར་ཤོག །ༀ་མུ་ནེ་ཀྵེཾ་སྭཱ་ཧཱ། ཧཱུྃ། མཉམ་ཉིད་ཐུགས་ཀྱིས་ངང་ལས་མ་གཡོས་ཀྱང་། །སེར་སྣ་འཇོམས་ཕྱིར་ཡི་དྭགས་ཐུབ་པར་སྤྲུལ། །ཐུགས་རྗེས་བཀྲེས་སྐོམ་སྡུག་བསྔལ་ཞི་མཛད་པ། །བཅོམ་ལྡན་ཡི་དྭགས་ཐུབ་པ་ལ་ཕྱག་འཚལ། །བྱང་ཤར་དུ་དམྱལ་བའི་ཐུབ་པ་བསྐྱེད་ལ། ཧཱུྃ། གཞལ་ཡས་སྣམ་བུའི་བྱང་ཤར་ནས། །རྣམ་དག་པདྨའི༴ ཐུབ་པ་གཤིན་རྗེ་ཆོས་ཀྱི་རྒྱལ། །སྐུ་མདོག་དུད་ཁ་དམྱལ་བ་འདྲེན། །ཐུགས་རྗེ་ཆེན་པོའི༴ ཚ་གྲང་སྡུག་བསྔལ་སྦྱངས་དུ་གསོལ། །ཉོན་མོངས་ཞེ་སྡང་མ་སྐྱེས་སེམས། །དམྱལ་བའི་ཐུབ་པའི་རང་བཞིན་ལས། །ཏིང་འཛིན་ཐུབ་པར་དབང་བསྐུར་ནས། །ཐུགས་རྗེས་ཚ་གྲང་སྡུག་བསྔལ་ཞི་མཛད་པ། །བཅོམ་ལྡན་དམྱལ་བ་ཐུབ་ལ་ཕྱག་འཚལ་བསྟོད། །དེ་ནས་ཤར་སྒོར་གཤིན་རྗེ་གཤེད་ཡབ་ཡུམ་བསྐྱེད་ལ། ཧཱུྃ། གཞལ་ཡས་ཁང་གི་ཤར་སྒོ་རུ། །རྡོ་རྗེ་བྲག་གི་གདན་སྟེངས་སུ། །ཉི་མ་གསལ་བའི་གདན་སྟེང་ནས། །འཇོམས་པའི་ཁྲོ་རྒྱལ་གཤིན་རྗེ་གཤེད། །འགུགས་པའི་ལྷ་མོ་ལྕགས་ཀྱུ་གཉིས། །གཉིས་མེད་རོལ་པའི་བྱིན་རླབས་ཀྱིས། །དྲི་ཟའི་གདོན་རྣམས་བསལ་དུ་གསོལ། །རེག་ཤེས་རྟོགས་པ་མ་སྐྱེས་སེམས། །གཤེད་པོ་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་འཇམ་དཔལ་དབང་བསྐུར་ནས། །གདུལ་བྱ་མ་ལུས་མཐར་བྱེད་ཤོག །ཧཱུྃ་ཡ་མན་ཏ་ཀྲིཏ་ཕཊ། ༀ་བཛྲ་དྷ་ར་ཀྲོ་ཏི་ཤ་རི་ནི་ཛྭ་ལ་ནི་ཧཱུྃ་ཕཊ་ཛཿ ཧཱུྃ། མེ་ལོང་ལྟ་བུའི་ཡེ་ཤེས་བྱིན་བརླབ་ཀྱིས། །དྲི་ཟ་འདུལ་བའི་ཁྲོ་བོར་སྐུར་སྟོན་ཅིང་། །ཐབས་ཀྱིས་ལྷའི་བདུད་འཇོམས་པ། །ཁྲོ་རྒྱལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་བསྟོད། །ཧཱུྃ། གཉིས་མེད་ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་ལས། །འགྲོ་བ་འདུལ་ཕྱིར་ཁྲོ་མོར་སྐུར་སྟོན་ཅིང་། །ཐབས་ཀྱིས་འཁོར་བའི་གནས་ནས་འདྲེན་མཛད་མ། །རྡོ་རྗེ་ལྕགས་ཀྱུ་མ་ལ་ཕྱག་འཚལ་ལོ། །ལྷོ་སྒོར་སྟོབས་པོ་ཆེ་ཡབ་ཡུམ་བསྐྱེད་ལ། ཧཱུྃ། གཞལ་ཡས་ཁང་གི་ལྷོ་སྒོ་རུ། །རྡོ་རྗེ་བྲག་གི་ཁྲི་སྟེང་ནས། །ཉི་མ་གསལ་བའི་གདན་སྟེང་ནས། འཇོམས་པའི་ཁྲོ་རྒྱལ་སྟོབས་པོ་ཆེ། །འཆིང་བའི་ལྷ་མོ་ཞགས་པ་གཉིས། །གཉིས་མེད་རོལ་པའི་བྱིན་རླབས་ཀྱིས། །གཤིན་རྗེའི་གདོན་རྣམས་བསལ་དུ་གསོལ། །རེག་བྱ་ཆད་པ་མ་སྐྱེས་སེམས། །སྟོབས་ཆེན་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སྟོབས་ཆེན་དབང་བསྐུར་ནས། །གདུལ་བྱ་མ་ལུས་མཐར་བྱེད་ཤོག །ཧཱུྃ་བིག་ནན་ཏ་ཀྲིཏ་ཕཊ། ༀ་རཏྣ་ར་ཀྲོ་ཏི་ཤ་རི་ནི༴ ཧཱུྃ། མཉམ་ཉིད་ཡེ་ཤེས་བྱིན་རླབས་ཀྱིས། །གཤིན་རྗེ་འདུལ་བའི་ཁྲོ་བོར་སྐུ་སྟོན་ཅིང་། །ཐབས་ཀྱིས་འཆི་བདག་བདུད་རྣམས་འཇོམས་མཛད་པ། །ཁྲོ་རྒྱལ་སྟོབས་པོ་ཆེ་ལ་ཕྱག་འཚལ་བསྟོད། །ཧཱུྃ། གཉིས་མེད་ཆོས་ཀྱི༴ འགྲོ་བ་འདུལ་ཕྱིར་ཞགས་པ་མ་རུང་སྤྲུལ། །ཐབས་ཀྱིས་བླ་མེད་གནས་སུ་འདྲེན་མཛད་མ། །རྡོ་རྗེ་ཞགས་པ་མ་ལ་ཕྱག་འཚལ་བསྟོད། །ནུབ་སྒོ་རྟ་མགྲིན་ཡབ་ཡུམ་བསྐྱེད་ལ། ཧཱུྃ། གཞལ་ཡས་ཁང་གི་ནུབ་སྒོ་རུ། །རྡོ་རྗེ་བྲག་གི་ཁྲི་སྟེངས་སུ། །ཉི་མ་གསལ་བའི་གདན་སྟེང་ནས། །འཇོམས་པའི་ཁྲོ་རྒྱལ་རྟ་མགྲིན་དང་། །བསྡམས་བྱེད་ལྷ་མོ་ལྕགས་སྒྲོག་གཉིས། །གཉིས་མེད་རོལ་པའི༴ ཀླུའི་གདོན་རྣམས་བསལ་དུ་གསོལ། །རེག་དབང་རྟག་འཛིན་མ་སྐྱེས་སམ། །རྟ་མགྲིན་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་རྟ་མགྲིན་དབང་བསྐུར་ནས། །གདུལ་བྱ་མ་ལུས་མཐར་བྱེད་ཤོག །ཧཱུྃ་པདྨ་ཏ་ཀྲི་ཏ་ཕཊ། ༀ་པདྨ་ད་ར་ཀྲོ་ཏི་ཤྭ་རི་ཛྭ་ལ་ནི་ཧཱུྃ་ཕཊ་ཛཿ ཧཱུྃ། སོར་རྟོགས་ཡེ་ཤེས་བྱིན་རླབས་ཀྱི། །ཀླུ་ཆེན་ཁྲོ་བོར་སྐུར་སྟོན་ཅིང་། །ཐབས་ཀྱིས་ཉོན་མོངས་བདུད་རྣམས་འཇོམས་མཛད་པ། །ཁྲོ་རྒྱལ་རྟ་མཆོག་དཔལ་ལ་ཕྱག་འཚལ་བསྟོད། །ཧཱུྃ། གཉིས་མེད་ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་ལས། །འགྲོ་བ་འདུལ་ཕྱིར་ལྕགས་སྒྲོག་མ་རུ་སྤྲུལ། །ཐབས་ཀྱི་ཉོན་མོངས་གནས་ནས་འདྲེན་མཛད་པ། །ཉི་ཟླ་ལྕགས་སྒྲོག་མ་ལ་ཕྱག་འཚལ་བསྟོད། །བྱང་སྒོ་བདུད་རྩི་འཁྱིལ་པ་ཡབ་ཡུམ་བསྐྱེད་ལ། ཧཱུྃ། གཞལ་ཡས་ཁང་གི་བྱང་སྒོ་རུ། །རྡོ་རྗེ་བྲག་གི་ཁྲི་སྟེངས་སུ། །ཉི་མ་གསལ་བའི་གདན༴ འཇོམས་པའི་ཁྲོ་བོ་བདུད་རྩི་འཁྱིལ། །འབེབས་པའི་ལྷ་མོ་དྲིལ་བུ་མ། །གཉིས་མེད་རོལ་པའི་བྱིན་རླབས་ཀྱི། །གནོད་སྦྱིན་གདོན་རྣམས་བསལ་དུ་གསོལ། །རིགས་འདུས་མཚན་མ་མ་སྐྱེས་སེམས། །བདུད་རྩི་འཁྱིལ་པ་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་བདུད་རྩི༴ གདུལ་བྱ་མ་ལུས༴ ཧཱུྃ་པྲད་ཛྙཱ་ཏ་ཀྲིཏ་ཕཊ། ༀ་ཀརྨ་ད་ར་ཀྲོ་ཏི་ཤ་རི་ཛྭ་ལ་ནི་ཧཱུྃ་ཕཊ། ཛཿ ཧཱུྃ། བྱ་བ་གྲུབ་པའི་ཡེ་ཤེས་བྱིན་བརླབས་ལས། །གནོད་སྦྱིན་འདུལ་ཕྱིར་ཁྲོ་བོར་སྐུར་སྟོན་པ། །ཐབས་ཀྱི་ཉོན་མོངས་བདུད་རྣམས་འཇོམས་མཛད་པ། །ཁྲོ་རྒྱལ་བདུད་རྩི་འཁྱིལ་ལ་ཕྱག༴ ཧཱུྃ། གཉིས་མེད་ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་ལས། །འགྲོ་བ་འདུལ་ཕྱིར་ཐལ་བྱེད་མ་རུ་སྤྲུལ། །ཐབས་ཀྱིས་འགྲོ་བ་མ་ལུས་འདྲེན་མཛད་མ། །རྡོ་རྗེ་དྲིལ་བུ་མ་ལ་ཕྱག་འཚལ་བསྟོད། །དེ་ནས། ༀ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷ་ཏུ་ཨཱཿ བཟླས། ཕྱོགས་བཅུའི་དུས་བཞིའི་བསྟོད། ཡེ་ནས་མཉམ་ཉིད་ཀྱི་བཤགས། ༀ། ཡེ་ཤེས་རྒྱལ་པོའི་སྐུ་གསུང་ཐུགས། །ཡོན་ཏན༴ ད་ལྟ༴ ཕྱག་རྒྱ༴ ༀ་བཛྲ་ས་མ་ཡ་སྟྭཾ། ༀ་བཛྲ་ས་མ་ཡ་ཧོཿ ཛཿཧཱུྃ་བྃ་ཧོས། དངོས་གྲུབ་བསྐུལ། དེ་ནས་ཚོགས་འབུལ་ཞིང་རོལ་མོ་བྱའོ། །དེ་ནས་ཁྲོ་བོའི་འཛབ་ཁང་དབྱེ་བ་ནི། བྷྲཱུྃ་ཕཊ། སཾ། བྷྲཱུྃ་བྷི་ཤ་བྷི་ཤུདྡྷེ་བྷནྡྷ་ཛྙཱ་ན་ཙཀྲ་སུརྱ་ཙན་ཏྲ་པདྨ་ཨེ་མཎྜལ། དེ་བ་ཏིཥྛ་ནན། དུ་ཏེ་ཙཀྲ་ནན། རུ་ཏྲ་ཀྲོ་ཏི་སྟི་ར་བཾ། ༀ་ཨ་ཀྲོ་མ་ཧཱ་ཀྲོ་ཏ་ཤྲཱི་ཧེ་རུ་ཀ །ཀ་ཏ་མ་ཧཱ་ཀྲོ་ཏི་ཤྭ་རི་ཧཱུྃ། སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ །ཀ་ཏ་མ་ཧཱ་ཀྲོ་ཏི་ཤྭ་རི་ཧཱུྃ། སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ །སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ །སརྦ་ཏ་ཐཱ་ག་ཏ་ཀྲོ་ཏི་ཤྭ་རི་ཧཱུྃ། རགྴ་ཤྲཱི་ཧེ་རུ་ཀ །རཀྴ་ཀྲོ་ཏི། བྷུདྡྷ་ཤྲཱི། བྷུདྡྷ་ཀྲོ་ཏི་པདྨ་ཤྲཱི། པདྨ་ཀྲོ་ཏི། ཡག་ཤ་ཤྲཱི། ཡཀྵ་ཀྲོ་ཏི། ས་ནུ་ཡབ་ཡུམ། ཀེའུ་རི་ཁྲོ་མོ་བརྒྱད། སེདྷ་ཕྲ་མེན་བརྒྱད། སྒོ་མ་བཞི། སྤོར་མ་བརྒྱད། གསང་ཡུམ་བཞི། དབང་མོ་ཉེར་བརྒྱད། མཁའ་འགྲོ་སོ་གཉིས། མ་མོ་བདུན། སྲིང་མོ་བཞི། གིང་བཅྭོ་བརྒྱད། སྟེང་གི་ཁྲོ་བོ་ཁྲོ་མོ་དྲུག་ཅུ། ཕོ་ཉ་གཉིས་བརྒྱ་བཅུ། མ་མོ་དྲུག་ཅུ། རིག་འཛིན་རྩལ་འཆང་རྣམས་རིམ་པས་རྩ་སྔགས་ཀྱི་བསྐྱེད། ཡེ་ཤེས་དབང་བསྐུར། བརླབ་དབབ་དྲང་བསྟིམ། ཀ་ཡ་ཝཀ་ཙི་ཏས་བརྟན་པར་བཞུགས་སུ་གསོལ། ཧཱུྃ། ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་རུ། །བསྒྲུབ་དང་གདུག་པ་འདུལ་བ་ཡི། །འབར་བ་ཁྲོ་བོའི་ལྷ་ཚོགས་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །འདི་ནི་རྒྱལ་བ་དང་། ལྷ་མོ་བཞི་བསྣོལ། སྨན་རཀ་གཏོར་གསུམ། ལྷག་པ་ཏིང་འཛིན། སྦྱོར་སྒྲོལ། དམ་ཚིག འདོད་ཡོན། གླུ་ཡེ་ཤེས་རྣམས་དབྱངས་དང་བཅས་འབུལ། རྒྱ་མཚོ་ལྔའི་སྨོན་ལམ་གདབ་པའོ། །དེ་ནས། ཨ་ཀྲ་མ་མ་ཧཱ་ཀྲོ་ཏ་ཤྲཱི་ཧེ་རུ་ཀ་ཧཱུྃ། ཀ་ཏ་མ་ཧཱ་ཀྲོ་ཏི་ཤྭ་རི་ཧཱུྃ། ཕཊ་ཛཿ ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཧཱུྃ། ཚོགས་ཆེན་འདུས་པའི་དབང་གི་དཀྱིལ་འཁོར་གྱི། །འཁོར་ལོ་འབར་བ་དབུས་ཀྱི་ལྟེ་བ་ལ། །བཅོམ་ལྡན་ཆེ་མཆོག་དཔལ་ཆེན་ཧེ་རུ་ཀ །སྟོན་པ་ཀུན་ཏུ་བཟང་པོ་གནས་གྱུར་བ། །རྒྱལ་བ་ཁྲོ་རྒྱལ་ཀུན་གྱི་རྗེ་བཙུན་ཡབ། །ཆེ་བའི་ནང་ནས་ཆེ་མཆོག་འདྲན་ཟླ་མེད། །ཆེ་བཙན་འདྲན་ཟླ་བྲལ་བ་ཀུན་གྱི་མཆོག །སྐུ་གསུང་ཐུགས་ཀྱི་བདག་ལ་ཕྱག་འཚལ་བསྟོད། །འབར་བའི་དབུ་ནི་ཉི་ཤུ་རྩ་གཅིག་གི། །ས་ནི་ཉི་ཤུ་རྩ་གཅིག་རིམ་པས་མནན། །གཡས་གཡོན་ཕྱག་ནི་བཞི་བཅུ་རྩ་གཉིས་ན། །རྒྱལ་བ་སངས་རྒྱས་བཞི་ཅུ་རྩ་གཉིས་བཞུགས། །ཞབས་བརྒྱད་བསྒྲད་པས་ཁྲོ་བོའི་དབུ་རྒྱན་བརྫིས། །ཉི་མ་སྟོང་གི་འོད་ཟེར་སྐུ་ལ་བརྗིད། །དཔལ་གྱི་ཆས་རྒྱད་དུར་ཁྲོད་རྒྱན་རྣམས་རྫོགས། །ཆེ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །ཀུན་ཏུ་བཟང་མོའི་ཆོས་ཉིད་གནས་གྱུར་པ། །དཔལ་འབར་ཁྲོ་མོ་ཀུན་གྱི་རྗེ་བཙུན་ཡུམ། །ཤེས་རབ་དབྱིངས་ནས་སྐུ་བསྐྱེད་ཐུགས་རྗེ་ལྡན། །ཁྲོ་མོ་གནམ་ཞལ་མ་ལ་ཕྱག་འཚལ་བསྟོད། །ༀ་ཨ་ཀྲ༴ ཀ་ཏ༴ ༀ་རུ་ལུ་ཞེས་བཟླས་སོ། །བཅོམ་ལྡན་དབང་མཆོག་ཧེ་རུ་ཀ །མཐིང་ནག་འཇིགས་སྐུ་གདུག་པ་འདུལ། །དབུ་གསུམ་དང་པོར་བྱུང་བ་ནི། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །སྐུ་གསུང་ཐུགས་དང་ལྡན་པའི་དབུ། །ཁམས་གསུམ་མྱ་ངན་འདས་པའི་ཞལ། །དབུ་གསུམ་རབ་ཏུ་རྔམ་པ་ནི། །གཡས་སྔོ་གཡོན་དམར་དབུས་མཐིང་ཞལ། །ཐབས་དང་ཤེས་རབ་སེམས་ཀྱི་དབུ། །སྲིད་གསུམ་དབྱིངས་སུ་རྫོགས་པའི་ཞལ། །དབུ་གསུམ་ཐོག་མར་རྔམ་པ་ནི། །གཡས་གཡོན་དབུ་གསུམ་མཐིང་བའི་ཞལ། །ལུང་དང་མན་ངག་སེམས་ཀྱི་དབུ། །ཁམས་གསུམ་རེ་བ་བསྐང་བའི་ཞལ། །བཅོ་བརྒྱད་ཕྱག་རྒྱ་རོལ་བ་ནི། །སྟོང་པ་བཅོ་བརྒྱད་དབྱིངས་སུ་ཐིམ། །རྡོ་རྗེ་གློ་སྙིང་ཞིང་ཆུང་གཡས། །བྷནྡྷ་ཞིང་ཆུང་སྟི་ར་གཡོན། །ཞིང་ཞགས་ཉི་མ་ཁྱུང་ཆེན་གཡས། །ཞིང་ཆེན་ཟླ་བ་འུག་པ་གཡོན། །མེ་དང་རྒྱ་མཚོ་ལྦུ་བ་གཡས། །ཀླུ་དང་རིན་ཆེན་རི་རབ་གཡོན། །ཡོན་ཏན་བཅྭོ་བརྒྱད་དབྱིངས་སུ་རྫོགས། །ཁྲོ་རྒྱལ་རྒྱན་རྣམས་སྐུ་ལ་བརྗོད། །ཀླུ་རྒྱལ་ཆེ་མཆོག་ཧེ་རུ་ཀ །དབང་མཆོག་སྐུ་ལ་ཕྱག་འཚལ་བསྟོད། །ༀ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ །ༀ་སརྦ་ཏ་ཐཱ་ག་ཏ། ༀ་རུ་ལུ་རུ་ལུ༴ ཧཱུྃ། དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །འཁོར་ལོ་འབར་བའི་ལྟེ་དབུས་ན། །དྲེག་པ་བསྣོལ་བའི་ཁྲི་སྟེངས་སུ། །རྡོ་རྗེ་མི་བསྐྱོད་གནས་གྱུར་པ། །ཁྲག་འཐུང་ཞེ་སྡང་འཇོམས་པའི་ལྷ། །འཇིགས་བྱེད་ཆེན་པོའི་སྐུ་བསྐྱོད་པ། །མཆོད་ཅིང་བྱིན་རླབས་བསྒྲུབ་པ་ནི། །བཛྲ་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །ནམ་མཁའ་ཀུན་བཟང་གནས་གྱུར་པ། །ཁྲོ་མོ་དབྱིངས་ཕྱུག་སྐུར་གསལ་བ། །ཐབས་དང་ཤེས་རབ་གཉིས་སུ་མེད། །ཀྲོ་ཏི་ཤྭ་རིའི་སྐུ་ལ་བསྟོད། །བཛྲ་ཤྲཱི༴ བཛྲ་ཀྲོ་ཏི༴ ༀ་རུ་ལུ་རུ་ལུ༴ ཧཱུྃ། དབང་གི་ད་ལ་ཆེན་པོ་ཡི། །ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །དྲི་ཟ་བསྣོལ་བའི་ཁྲི་སྟེངས་སུ། །རྣམ་པར་སྣང་མཛད་གནས་གྱུར་པ། །ཁྲག་འཐུང་གཏི་མུག་འཇོམས་པའི་སྐུ། །འཇིགས་བྱེད་སྨུག་ནག་འབར་བ་ཡི། །མཆོད་ཅིང་བསྒྲུབ་སྟེ་བྱིན་རླབས་ལས། །བྷུདྡྷ་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །སངས་རྒྱས་སྤྱན་མ་གནས་གྱུར་པ། །ཁྲོ་མོ་དབང་ཕྱུག་སྐུར་གསལ་བ། །ཐབས་དང་ཤེས་རབ་བྱང་ཆུབ་སེམས། །སྤྱན་འདྲེན་མཆོད་ཅིང་བསྒྲུབ་པ་ནི། །བྷུདྡྷ་ཀྲོ་ཏི་ཤྭ་རིའི་སྐུ་ལ༴ བུདྡྷ་ཤྲཱི༴ བུདྡྷ་ཀྲོ་ཏི༴ ༀ་རུ་ལུ་རུ་ལུ༴ ཧཱུྃ། དབང་གི་དཀྱིལ་འཁོར༴ ལྷོ་ཕྱོགས༴ གཤིན་རྗེ་བསྣོལ༴ རིན་ཆེན་འབྱུང་ལྡན་གནས་གྱུར་པ། །ཁྲག་འཐུང་ཆེན་པོས་ང་རྒྱལ་འཇོམས། །འཇིགས་བྱེད་སེར་ནག་སྐུར་བསྐྱེད་པ། །སྤྱན་འདྲེན་མཆོད་ཅིང་བསྒྲུབ་པ་ཡི། །རཏྣ་ཧེ་རུ་ཀ་ལ་བསྟོད། །ཧཱུྃ། མ་མ་ཀི་ནི་གནས་གྱུར་པ། །འཇིགས་བྱེད་ཁྲོ་མོའི་སྐུར་གསལ་བ། །ཡབ་ཡུམ་ཐབས་དང་ཤེས་རབ་ལས། །སྤྱན་འདྲེན༴ རཏྣ་ཀྲོ་ཏི་ཤྭ་རིའི་སྐུ་ལ༴ རཏྣ་ཤྲཱི༴ རཏྣ་ཀྲོ་ཏ༴ ༀ༴ ཧཱུྃ། དབང་གི་དཀྱིལ་འཁོར་ཆེན་པོའི་ནུབ་ཕྱོགས་འཁོར་ལོའི༴ ཀླུ་དབང་བསྣོལ་བའི༴ སྣང་བ་མཐའ་ཡས་གནས་གྱུར་པ། །དབང་ཆེན་ཁྲག་འཐུང་འདོད་ཆགས་འཇོམས། །འཇིགས་བྱེད་དམར་ནག་རལ་པ་ཅན། །སྒོམ་ཞིང་མཆོད་དོ་བསྒྲུབ་པའི་ལྷ། །པདྨ་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །ན་བཟའ་དཀར་མོ་གནས་གྱུར་པ། །འཇིགས་བྱེད་ཁྲོ་མོའི་སྐུར་གསལ་བ། །ཡབ་ཡུམ་ཐབས་དང་ཤེས་རབ་ལས། །གཉིས་མེད་བྱང་ཆུབ་སེམས་བསྒྲུབ་པ། པདྨ་ཀྲོ་ཏིའི་སྐུ་ལ་བསྟོད། པདྨ༴ ༀ་རུ་ལུ་རུ་ལུ༴ ཧཱུྃ། དབང་གི་དཀྱིལ་འཁོར༴ བྱང་ཕྱོགས་འཁོར་ལོའི༴ གནོད་སྦྱིན་བསྣོལ༴ དོན་ཡོད་གྲུབ་པ་གནས་གྱུར་བ། །འཇིགས་བྱེད་ཁྲག་འཐུང་ཕྲག་དོག་འཇོམས། །ལྗང་ནག་མེ་འབར་འཇིགས་པའི་སྐུ། །གསལ་བར་བསྐྱེད་ཅིང་མཆོད་བསྒྲུབ་པ། །ཀརྨ་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །དམ་ཚིག་སྒྲོལ་མ་གནས་གྱུར་བ། །འཇིགས་བྱེད་ཁྲོ་མོའི་སྐུར་གསལ་བ། །ལྷག་པའི་བྱང་ཆུབ་སེམས་འཕྲོས་པ། །ཡབ་ཡུམ་ཐབས་དང་ཤེས་རབ་ལས། །ཀརྨ་ཀྲོ་ཏི་ཤྭ་རི་སྐུ་ལ་བསྟོད། །ཀརྨ་ཤྲཱི༴ ཀརྨ་ཀྲོ་ཏ༴ ༀ་རུ་ལུ་རུ་ལུ༴ ཧཱུྃ། དབང་གི་དཀྱིལ་འཁོར༴ ཤར་ལྷོའི་འཁོར་ལོའི༴ མཐུ་སྟོབས་མངའ་བདག་གནས་གྱུར་པ། །སྒྲོལ་བྱེད་ཆེན་པོའི་བདུད་རྣམས་འཇོམས། །བདུད་དང་སྲིན་པོའི་སྒྲོལ་ལ་བརྩོན། །མཐིང་ནག་འཇིགས་པའི་ཆ་ལུགས་ཅན། །རཀྵ་ཧེ་རུ་ཀ་ལ༴ ལྷ་མོ་རལ་གཅིག་གནས་གྱུར་བ། །ཁྲོ་མོ་ཡབ་ཀྱི་ཆ་ལུགས་ཅན། །ཡབ་ཡུམ་ཐབས་དང་ཤེས་རབ་ལས། །རཀྴ་ཀྲོ་ཏིའི་སྐུ་ལ་བསྟོད། །རཀྴ༴ རཀྴ་ཀྲོ་ཏི༴ ༀ་རུ་ལུ༴ ཧཱུྃ། དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །ལྷོ་ནུབ༴ དམ་ཚིག་ཆེན་པོ་གནས་གྱུར་པ། །དཔལ་ཆེན་དམ་ཚིག་མངའ་མཛད་པ། །སེར་ནག་འཇིགས་པའི་ཆ་ལུགས་ཅན། །བསྐལ་པ་བརྒྱར་ཡང་དམ་ཚིག་ལྷག །ས་ནུ་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །ཡུམ་ཆེན་དམ་ཚིག་གནས་གྱུར་བ། །ཁྲོ་མོ་དབྱིངས་ཕྱུག་བྱ་ར་མཁན། །སངས་རྒྱས་སེམས་ཅན་འདས་མི་བྱེད། །དམ་ཚིག་དབྱིངས་སུ་བསྐུལ་བྱེད་མ། །ས་ནུ་ཀྲོ་ཏི་སྐུ་ལ༴ ས་ནུ་ཤྲཱི༴ ས་ནུ་ཀྲོ་ཏི༴ ༀ་རུ་ལུ༴ ཧཱུྃ། དབང་གི༴ ནུབ་བྱང་འཁོར་ལོའི༴ མཁྱེན་རབ་མངའ་བདག་གནས་གྱུར་པ། །སྒྲོལ་བྱེད་ཆེན་པོའི་དྲེག་པ་འདུལ། །ལྗང་ནག་འཇིགས་པའི་ཆ་ལུགས་ཅན། །དུས་རྣམས་རྟག་ཏུ་གསང་བའི་ལྷ། །ཞེ་སྡང་འཁོར་བ་སྒྲོལ་ལ་བརྩོན། །གྷུ་ཧྱེ་རུ་ཀ་ལ་བསྟོད། །བརྫུས་སྐྱེས་འཇོམས་མ་གནས་གྱུར་པ། །ཁྲོ་མོ་ཡབ་ཀྱི་ཆ་ལུགས་ཅན། །ཡབ་ཡུམ་ཐབས་དང་ཤེས་རབ་ལས། །གྷུ་ཧྱ་ཀྲོ་ཏིའི༴ གྷུ་ཧྱེ་ཤྲཱི༴ གྷུ་ཧྱེ་ཀྲོ་ཏི༴ ༀ་རུ་ལུ༴ ཧཱུྃ། དབང་གི་དཀྱིལ་འཁོར༴ བྱང་ཤར་འཁོར་ལོའི༴ ཐུགས་རྗེས་མངའ་བདག་གནས་གྱུར་པ། །སྒྲོལ་བྱེད་མ་མོ་མཁའ་འགྲོ་འདུལ། །ཐལ་ནག་མདོག་འདྲ་འཇིགས་པའི་གཟུགས། །གང་བསྒྲུབ་མཐུ་དང་དབང་བསྩོལ་བ། །ཡཀྴ་ཧེ་རུ་ཀ་ལ༴ འཇིག་རྟེན་མ་མོ་གནས༴ ཁྲོ་རྒྱལ་དབང་ཕྱུག་ཀུན་གྱི་རྗེ། །སྤྲུལ་པ་ཀུན་གྱི་ཡང་སྤྲུལ་པ། །ཐབས་དང་ཤེས་རབ་དབྱེར་མེད་པ། །ཡཀྴ་ཀྲོ་ཏིའི༴ ཡཀྴ ཤྲཱི། ཡཀྴ་ཀྲོ་ཏི༴ ༀ་རུ་ལུ་རུ་ལུ༴ ཧཱུྃ། ཚོགས་ཆེན་འདུས་པའི་དབང་གི་དཀྱིལ་འཁོར་ནས། །འབར་བའི་གློ་འབུར་གྲུ་ཆད་བཞི་པོ་ལས། །ཀོའུ་རི་ལ་སོགས་ཁྲོ་མོ་བརྒྱད་རྣམས་ནི། གདུགས་པ་ཐབས་ཀྱི་འདུལ་བའི་དྲག་ཤུལ་ཅན། །སྐུ་མདོག་ཕྱག་མཚན་སྣ་ཚོགས་ཅིར་ཡང་སྟོན། །ཡེ་ཤེས་མ་མོ་བརྒྱད་ལ་ཕྱག༴ བཛྲ་ཀོའུ་རི་ཧ། བཛྲ་ཙ་རི་ཧ། ༀ་རུ་ལུ་རུ་ལུ༴ ཞེས་ཁྲོ་མོ་བརྒྱད་ཀྱི་སྔགས་དང་། རུ་ལུ་སྤེལ་མ་བཟླས ། ཧཱུྃ། ཚོགས་ཆེན་འདུས་པའི་བར་ཁྱམས་གསེར་མདོག་ན། །སེང་ཧ་ལ་སོགས་ཕྲ་མེན་བརྒྱད་རྣམས་ནི། །ཡེ་ཤེས་ལས་ལ་འགྱེད་པའི་ཕྲ་མེན་མ། །རྣམ་འཕྲུལ་ལས་ཀྱི་འགྲོ་བའི་དོན་མཛད་མ། །སེང་ཧ་ཕྲ་མེན་བརྒྱད༴ བཛྲ་སེང་ཧ་མུ་ཁ་མུ་ཁ་ཧེ་བརྒྱད་དང་། རུ་ལུ་སྤེལ་མ་བཟླས། ཧཱུྃ། ཚོགས་ཆེན་འདུས་པའི༴ བར་ཁྱམས་ཤར་ལྷོ་ནུབ་བྱང་སྒོ་བཞི་རུ། །ཚད་མེད་བཞི་ཡི་འགྲོ་བའི་དོན་མཛད་མ། །རྟ་གདོང་ཕག་གདོང་སེང་གདོང་སྤྱང་གདོང་བཞི། །ཞི་རྒྱས་དབང་དྲག་ལས་ལ་ཐོགས་མེད་བརྩོན། །རྟག་ཆད་བདག་འཛིན་མཚན་མར་ལྟ་ལས་གྲོལ། །ཡེ་ཤེས་སྒོ་མ་བཞི་ལ་ཕྱག་འཚལ་བསྟོད། །བཛྲ་ཨརྱ་ཏེ་ཙ་ཏིང་ཛ་སོགས། རུ་ལུ༴ ཧཱུྃ། ཚོགས་ཆེན་འདུས་པ༴ འབར་བའི་བར་ཁྱམས་གཉིས་པ་དཀར་པོ་ན། །ཆོས་ཉིད་རྣམ་དག་ངང་ལས་རང་སྣང་བའི། །སྣ་ཚོགས་ཅིར་ཡང་འགྱུར་བའི་སྐུ་མངའ་བ། །སྲིད་གསུམ་ཞིང་དུ་སྦྱོར་བའི་གཡང་གཞི་གསོལ། །སྤོར་མ་ཆེན་མོ་བརྒྱད་ལ་ཕྱག་འཚལ་བསྟོད། །ༀ་བཛྲ་ཨ་པྲ་ཏི་ཧ་ཨ རྱ་ནི་ཙ་ཏུར་ཏ་ར་ཕཊ། ཨ་ར་མོ་ཧཱུྃ། རུ་ལུ༴ ཧཱུྃ། ཚོགས་ཆེན༴ བར་ཁྱམས་ཤར་ལྷོ་ནུབ་བྱང་སྒོ་བཞི་རུ། །དགྱེས་པ་བསྐྱེད་པ་གསང་བའི་ཡུམ་ཆེན་བཞི། །གཉིས་མེད་རོལ་པའི་བྱིན་རླབས་སྣ་ཚོགས་འཕྲོ། །ཤེས་རབ་ཡུམ་ཆེན་བཞི་ལ་ཕྱག་འཚལ་བསྟོད། །ༀ་ཤྲཱི་བཛྲ་མུད་ཁ་ར་མུ་ཁ། ཤ་ར་ཡ་ན་མོ། ༀ་རུ་ༀ་བཛྲ་ཤྲཱི་ཁ་ཏྲཾ༴ ༀ་བཛྲ་གྷནྡྷེ༴ རུ་ལུ༴ ཧཱུྃ། ཚོགས་ཆེན། འབར་བའི་བར་ཁྱམས་དམར་པོ་གསུམ་པ་ནི། མ་སྲིང་ལ་སོགས་དབང་ཕྱུག་ཉི་ཤུ་བརྒྱད། །དྲེགས་པ་ལྷ་ཆེན་རྣམས་ཀྱི་ཆུང་མ་སྟེ། །དབང་དྲག་ལས་ལ་ཐོགས་པ་མེད་པར་སྤྱོད། །དབང་ཕྱུག་ཉི་ཤུ་བརྒྱད་ལ༴ མ་ནུ་རཀྴ་སི་བྷྱོ། ཞེས་པ་ལ་སོགས་བ་དབང་ཕྱུག་ཉི་ཤུ་བརྒྱད་ཀྱི་སྔགས་དང་རུ་ལུ་སྤེལ་མ་བཟླ། ཧཱུྃ། ཚོགས་ཆེན༴ འབར་བའི་བར་ཁྱམས་བཞི་པ་གསེར་མདོག་ན། །ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་དགུ་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །མ་སྲིང་བྱམས་པའི་ཚུལ་གྱི་གྲོགས་མཛད་མ། །མཁའ་འགྲོ་སུམ་ཅུ་གཉིས་ལ་ཕྱག་འཚལ་བསྟོད། །ༀ་ཨ་ར་ལི་ཧཱུྃ། རུ་ལུ༴ ཧཱུྃ། ཚོགས་ཆེན༴ འབར་བའི་བར་ཁྱམས་ལྔ་པ་དམར་པོ་ན། འཇིག་རྟེན་དྲེག་པ་འདུལ་བ་མ་མོའི་ཚོགས། །ཕྱི་འཁོར་འདུས་ཞིང་ནང་འཁོར་སྐྱོང་མཛད་པ། །དུར་ཁྲོད་མ་བདུན་ལས་ཀྱི་སྲིང་མོ་བཞི། །བགེགས་བསྲུང་མ་མོ་རྣམས་ལ་ཕྱག་འཚལ་བསྟོད། །མ་མ་དྷ་དུ་ཧཱུྃ། ཞེས་པ་བདུན་དང་རུ་ལུ་སྤེལ། ཧཱུྃ། ཚོགས་ཆེན་འདུས་པའི་དབང་གི་དཀྱིལ་འཁོར་ནས། །འབར་བའི་བར་ཁྱམས་དྲུག་པ་དཀར་པོ་ནི། །ཁམས་གསུམ་སྒྲོལ་བའི་གིང་ཆེན་བཅོ་བརྒྱད་ནི། །སྲིད་གསུམ་ལས་ལ་ཐོགས་མེད་སྒྲོལ་ལ་བརྩོན། །བསྒྲལ་བའི་ཞིང་བཅུ་གཏན་ནས་བརླག་པར་བྱེད། །གིང་ཆེན་བཅོ་བརྒྱད་རྣམས་ལ་ཕྱག་འཚལ་བསྟོད། །ཀ་ར་ཧ་ཧ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། རུ་ལུ༴ ཧཱུྃ། ཚོགས་ཆེན༴ འབར་བའི་བར་ཁྱམས་བདུན་པ་ནག་པོ་ན། །བཅོམ་ལྡན་ཧཱུྃ་མཛད་ས་གསུམ་བརྗིད་ཀྱི་གནོན། །ཁམས་གསུམ་འདུལ་མཛད་ཡེ་ཤེས་ལྷ་ཡི་ལྷ། །འཇིགས་བྱེད་འབར་བས་གདུགས་པའི་ཚོགས་རྣམས་འཇོམས། །ཁྲོ་བོ་ཁྲོ་མོ་རྣམས་ལ༴ ཀྲོ་ཏ་ཀྲོ་ཏི་ཧཱུྃ། ༀ་རུ་ལུ༴ ཧཱུྃ། ཚོགས་ཆེན༴ འབར་བའི་བར་ཁྱམས་བརྒྱད་ཀྱི་ཕྱོགས་མདོག་ན། །ཡེ་ཤེས་ཐུགས་རྗེས༴ ཕྱོགས་བཅུར་ཁྱབ་པ་ཡི། །གདོན་ཚོགས་འདུལ་བའི་ལས་ལ་ཐོགས་མེད་པ། །ཅི་བགྱི་བཀའ་ཉན་ལས་རྣམས་མྱུར་མཛད་པའི། །ཕྱོགས་བཞི་ཕོ་ཉའི་ཚོགས་ལ་ཕྱག་འཚལ་བསྟོད། །བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ རུ་ལུ༴ ཧ་ལ་ཧ་ལ་པ་ཤ་ཧཱུྃ། རུ་ལུ༴ གརྫ་གརྫ་ཕོ་ཊ་བཾ། རུ་ལུ༴ པ་ཙ་པ་ཙ་གྷནྡྷེ་ཧོཿ རུ་ལུ༴ ཧཱུྃ། ཚོགས་ཆེན༴ འབར་བའི་བར་ཁྱམས་དགུ་པ་ལྗང་ཀུ་ན། །སྟོང་ཁམས་ཡོངས་སུ་ལས་ལ་དབང་བྱེད་པའི། །མ་ཆེན་རྒྱལ་མོ་སྲིད་པ་གསུམ་གྱིས་བདག །ཡུམ་ཆེན་ལས་ལ་དབང་བའི་དབང་མོ་ཆེ། །མ་མོ་དྲུག་ཅུའི་ཚོགས་ལ༴ མ་མ་ཤ་ར་ཧཱུྃ། རུ་ལུ་རུ་ལུ༴ ཧཱུྃ། ཚོགས་ཆེན་འདུས༴ འབར་བའི་བར་ཁྱམས་བཅུ་པ་མཛེས་ཚོན་ནས། །ཐེག་དགུའི་ལྷ་ཚོགས་རྒྱལ་བ་ཞི་ཁྲོ་རྣམས། །དབྱིངས་ནས་ཡེ་ཤེས་དབྱེར་མེད་གདུལ་བྱ་ལ། །ཆུ་དང་ཆུ་ཟླ་བཞིན་དུ་སྟོན་མཛད་པའི། །འགྲོ་བའི་དོན་རྣམས་བསྒྲུབ་ལ་ཕྱག་འཚལ་བསྟོད། །བྷོ་དྷི་ཙིཏྟ་དང་༴ རུ་ལུ༴ ཧཱུྃ། གཞལ་ཡས་ཁང་ཆེན་རྟ་བབས་ཁྱམས་ཟེར་སྒོ་བཞི་ན། །རིག་འཛིན་བླ་མ་བྱིན་རླབས་མཐུ་རྩལ་ཅན། །ལྷུན་གྲུབ་ཕྱག་ཆེན་ཚེ་དབང་རྣམ་སྨིན་བཞི། །རྒྱ་བོད་མཁས་གྲུབ་རྩ་རྒྱུད་བླ་མ་རྣམས། །བསྐྱེད་རྫོགས་གསུམ་གྱིས་དངོས་གྲུབ་འདིར་སྩོལ་ལ། །དོན་གཉིས་གྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ༀ་མ་ཧཱ་གུ་རུ་ཤ་རི་རཾ་གི་ལི་ཧཱུྃ། ༀ་རུ་ལུ་རུ་ལུ་སྤེལ་ཞིང་བཟླས། དེ་ནས་ནམ་ལང་བ་དང་། རབ་ཏུ་གནས་པ་བྱ་བ་ལ་དོན་བརྒྱད་དོ། །སྔོན་དུ་འགྲོ་བའི་ཆོ་ག་དང་། ཏིང་ངེ་འཛིན་གྱི་དལ་བསྐྱེད་པ་དང་། རང་བཞིན་སྤྱན་དྲངས་ཤིང་བསྟིམ་པ་དང་། དབང་པོ་སྐྱོན་བསལ་གྱི་ཆོས་བདུན་བྱ་བས། མེ་ལོང་ཕུལ་ཏེ་ཆུ་བདུན་གྱི་ཁྲུས་གསོལ་བ། ཕྱི་མ་དང་ཆེ་བའི་ཡོན་ཏན་རྒྱན་ཆས་རྣམས་ཀྱིས་དབང་བསྐུར་ཞིང་མངའ་གསོལ་བ་དང་། ཕྱི་ནང་གསང་བའི་མཆོད་པ་འབུལ་བ་དང་། བརྟན་པར་བཞུགས་སུ་གསོལ་ཞིང་སྨོན་ལམ་གདབ་པའོ། །དང་པོ་སྔོན་དུ་བྱ་བ་ནི། དལ་གྱི་ཤར་དུ་མཎྜལ་འདབ་བརྒྱད་མཛེས་ཚོན་བྱ། དབུས་སུ་མནྫུ་ཁར་རིན་པོ་ཆེའི་སྣོད་དུ། བཟེད་ཞལ་གྱི་མེ་ལོང་བཞག །ཤར་དུ་དབང་པོའི་སྐྱོན་བསལ་གྱི་ཐུར་མ་ལ་སོགས་པ་བཤམས། ལྷོར་རྒྱས་པའི་སྦྱིན་བསྲེག་བྱ། ནུབ་ཏུ་ཆ་གསུམ་གཏོར་མ་བཏང་། བྱང་དུ་ཚོགས་ལས་བྱ། དགེ་བའི་དཔུང་བསྐྱེད། མཁར་བའི་སྣོད་དུ་རྣམ་ལྔ་སོགས་སྦྱར་བའི་ཆུས། ༀ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་བྷི་ཤོ་དྷ་ནི་ཧཱུྃ། ཞེས་པས་མེ་ལོང་ལ་སྐུ་གཟུགས་འཆར་བ་ལ་ཁྲུས་གསོལ་བས་དངོས་འཛིན་གྱི་དྲི་མ་ཐམས་ཅད་དག་པར་བསམ། ཏིལ་མར་ལ་ཨ་ཧཱུྃ་ཧྲཱིཿཋཱ། ཞེས་བྱུག་པས་ཐུགས་བྱང་ཆུབ་ཀྱི་གཟུངས་དང་ལྡན་པར་བསམ། ཤིང་ཤུན་ལྔའི་ཕྱི་མ་དང་། བ་བྱུང་གི་ཆུ་དང་། གོང་གི་སྔགས་ཀྱི་ཁྲུས་གསོལ་ས་ཁམས་ལྔའི་རྟོག་པ་དག་ནས་ཆེ་བའི་ཡོན་ཏན་ཕུན་སུམ་ཚོགས་པར་བསམ། རས་ཁ་ཚར་གྱི་ཕྱིས་ཏེ། ༀ་རཏྣ་པྲ་བྷན་ཛ་ཙ་ར་སྭཱ་ཧཱས་ལྟས་ངན་དང་ཤེས་སྒྲིབ་དག་པར་བསམ། དེ་ནས་སྤོས་དྲི་བཟང་པོ་ཕུལ་བས་སངས་རྒྱས་ཀྱི་མཛད་པའི་ཕྲིན་ལས་ཡོངས་སུ་རྫོགས་པར་བསམ། དེ་ནས་ནང་གི་ཞི་ཁྲོ་བྱ་བ་ནི། རང་ལུས་ཀྱི་ཕྱོགས་མཚམས་སྟེང་འོག་ཕྱོགས་སྐྱོང་བཅུའི་གདན་ལ་ཁྲོ་བཅུ་བསམ་ལ། གླེན་གྱི་གཞེད་དེ། ཧཱུྃ། གདོད་ནས་མ་སྐྱེས་རྣམ་དག་ཆོས་ཀྱི་སྐུ། །ཆོས་ཉིད་བྱང་ཆུབ་སེམས་སུ་དབྱེར་མེད་ཀྱང་། །སྲིད་པ་སྲོག་གི་བསྡུས་པའི་སེམས་ཅན་རྣམས། །ལོག་རྟོག་དངོས་པོར་གོལ་བའི་དབང་གི་ན། །སྡུག་བསྔལ་བརྒྱད་ཁྲི་བཞི་སྟོང་རང་ལས་བྱུང་། །སྡུག་བསྔལ་བརྒྱད་དང་གསུམ་གྱིས་འགྲོ་བ་རྣམས། །རྒྱུ་འབྲས་ཐེག་པ་གཞན་གྱི་མི་འདུལ་ཏེ། །གསང་སྔགས་གསང་ཆེན་ངེས་པའི་དུས་ལ་བབས། ན་མོ་ཧཱུྃ། སྲིད་གསུམ་ཕྱི་ནང་སྣོད་བཅུད་ཐམས་ཅད་ན། །སྙིགས་མ་ལྔ་དང་སྐྱེ་འགྲོ་མ་ལུས་ཀུན། །ཐམས་ཅད་སངས་རྒྱས་ཉིད་ཀྱི་རང་བཞིན་ལས། །ཐབས་ལ་མཁས་པ་འདི་ལྟར་བཏགས་ཤིང་སྒོམ། །ཞི་ཁྲོའི་མཚམས་གཅོད་བྱ། ན་མོ་ཧཱུྃ། སྟེང་འོག་ཕྱོགས་མཚམས་དངོས་པོར་ཅིར་སྣང་ཡང་། །ཁྲོ་བཅུ་ཡབ་ཡུམ་བསྒོམས་པའི་བྱིན་རླབས་ཀྱིས། །ཕྱོགས་བཅུར་གནས་པའི་བགེགས་རྣམས་ཀུན་བསལ་ནས། །བར་ཆད་མེད་ཅིང་དངོས་གྲུབ་ཐོབ་པར་ཤོག །ན་མོ་ཧཱུྃ། ཡེ་ཤེས་སྐུ་མཆོག་མ་བྱ། སྒྲིབ་པ་རྣམ་གཉིས་དངོས་པོར་ཅིར་སྣང་ཡང་། །ཡིད་ཀྱི་མངོན་དུ་བཤགས་པའི་བྱིན་རླབས་ཀྱི། །སྒྲིབ་པ་ཡེ་ནས་དག་པའི་དོན་རྟོགས་ནས། །སེམས་ཉིད་རང་བཞིན་མེད་པའི་དོན་རྟོགས་ཤོག །ཞི་ཁྲོ་བྱིན་་དབབ་བྱ། ན་མོ་ཧཱུྃ། མཐུ་དང་བྲལ་བའི་སྡུག་བསྔལ་ཅིར་སྣང་ཡང་། །བདེར་གཤེགས་བྱིན་རླབས་གསལ་བར་རྫོགས་པའི་མཐུས། །རྒྱས་བའི་སྐུ་རུ་ལྷུན་གྱིས་གྲུབ་ནས་ཀྱང་། །ཐམས་ཅད་བྱིན་རླབས་མཐུ་ཉིད་ལྷུན་གྲུབ་ཤོག །ན་མོ་ཧཱུྃ། མཆོད་རྫས་བྱིན་རླབས་བྱ། བཞི་བརྒྱ་རྩ་བཞིའི་ནད་རྣམས་ཅིར་སྣང་ཡང་། །བདུད་རྩི་སྨན་མཆོག་བསྒྲུབ་ཅིང་མཆོད་པའི་མཐུས། །ཡུན་དུ་གླག་ལྟའི་གནོད་པ་ཀུན་བསལ་ནས། །སྐྱེ་ཤི་མེད་པ་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུྃ། བརྒྱད་ཁྲི་བཞི་སྟོང་གདོན་རྣམས་ཅིར་སྣང་ཡང་། །ཚོགས་དང་གཏོར་མས་མཆོད་པའི་བྱིན་རླབས་ཀྱིས། །འཕྲལ་དུ་སྐབས་ཚུལ་གནོད་པ་ཀུན་བསལ་ནས། འཕོ་འགྱུར་མེད་པ་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུྃ། ཐུན་མོང་རྫས་ཀྱི་དངོས་པོ་ཅིར་སྣང་ཡང་། །མཆོད་པ་བྱིན་གྱིས་རློབས་པའི་ནུས་མཐུ་ཡི། །འདོད་པའི་ཡོན་ཏན་མངོན་དུ་རྫོགས་གྱུར་ནས། དུས་གསུམ་བདེར་གཤེགས་མ་ལུས་མཆོད་པར་ཤོག །འདི་ནི་སོ་སོར་གྱེས་ཏེ། བླ་མས་རྒྱུད་ལུང་ཞི་བ་དང་། སློབ་མ་གཅིག་གི་རྒྱུད་ལུང་ཁྲོ་བོ་བྱ། ཞི་བའི་སེམས་བསྐྱེད་ཏིང་འཛིན་གསུམ་བྱ། ན་མོ་ཧཱུྃ། གནམ་ས་སོ་སོའི་རི་བྲག་ཅིར་སྣང་ཡང་། །དེ་བཞིན་ཉིད་ཀྱི་ཏིང་འཛིན་བསྒོམ་པའི་མཐུས། །ཆོས་ཉིད་རྟོག་པ་ཉིད་དུ་རྟོགས་པ་དང་། །སྤྲོས་པ་མེད་པ་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུྃ། མ་རྟོགས་སེམས་ཅན་སྡུག་བསྔལ་ཅིར་སྣང་ཡང་། །ཀུན་ཏུ་སྣང་བའི་ཏིང་འཛིན་བསྒོམ་པའི་མཐུས། །ཆོས་ཉིད་སྐྱེ་བ་མེད་པའི་དོན་རྟོགས་ནས། །གཉིས་སུ་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུྃ། མ་རིག་སེམས་ཀྱི་དངོས་པོ་ཅིར་སྣང་ཡང་། །རྒྱུ་ཡི་ཏིང་འཛིན་རྩེ་གཅིག་བསྒོམ་པའི་མཐུས། །ཆོས་ཉིད་བྱང་ཆུབ་སེམས་ཀྱི་དོན་རྟོགས་ནས། །རང་བྱུང་ཡེ་ཤེས་ལྷུན༴ ན་མོ་ཧཱུྃ། སྣོད་ཀྱི་འཇིག་རྟེན་འབྱུང་བ་ཅིར་སྣང་ཡང་། །གཞལ་ཡས་ཁང་ཆེན་བསྒོམ་པའི་བྱིན་རླབས་ཀྱིས། །ཆོས་ཉིད་མཐའ་དབུས་མེད་པའི་དོན་རྟོགས་ནས། །འོག་མིན་གནས་སུ་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུྃ། ཕུང་པོ་ལྔ་དང་འབྱུང་བ་ཅིར་སྣང་ཡང་། །རིགས་ལྔ་ཡབ་ཡུམ་བསྒོམས་པའི་བྱིན་རླབས་ཀྱིས། །ཡབ་ཡུམ་གཉིས་སུ་མེད་པའི་དོན་རྟོགས་ནས། །ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་ཤོག །ན་མོ་ཧཱུྃ། དཔའ་བོའི་ཡུལ་དུ་རྣམ་ཤེས་ཅིར་སྣང་ཡང་། །སེམས་དཔའ་སེམས་མ་བསྒོམ་པའི་བྱིན་རླབས་ཀྱིས། །ཐམས་ཅད་ལྷ་དང་ལྷ་མོའི་དོན་རྟོགས་ནས། །རྒྱལ་བའི་སྲས་སུ་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུྃ། ཡན་ལག་བཞིའི་དངོས་པོར་ཅིར་སྣང་ཡང་། །སྒོ་བ་ཡབ་ཡུམ་བསྒོམ་པའི་བྱིན་རླབས་ཀྱིས། །ཡབ་ཡུམ་འདུ་འབྲལ་མེད་པའི་དོན་རྟོགས་ནས། །ཕྲིན་ལས་རྣམ་བཞི༴ ན་མོ་ཧཱུྃ། ཡིད་དང་ཆོས་ཀྱི་དངོས་པོར་ཅིར་སྣང་ཡང་། །ཀུན་བཟང་ཡབ་ཡུམ་བསྒོམ་པའི་བྱིན་རླབས་ཀྱིས། །དབྱིངས་དང་ཡེ་ཤེས་གཉིས་མེད་དོན་རྟོགས་ནས། །ཆོས་སྐུ་འགྱུར་མེད་ལྷུན༴ ན་མོ་ཧཱུྃ། འགྲོ་བ་རིགས་དྲུག་དངོས་པོར་ཅིར་སྣང་ཡང་། །ཐུབ་པ་དྲུག་ཏུ་བསྒོམ་པའི་བྱིན་རླབས་ཀྱིས། །རོལ་པ་ཅིར་ཡང་སྣང་བའི་དོན་རྟོགས་ནས། །སངས་རྒྱས་མཛད་པ༴ ན་མོ་ཧཱུྃ། ལུས་ངག་ཡིད་གསུམ་དངོས་པོ༴ རིག་པའི་དབང་བསྐུར་བྱིན་གྱིས་རློབས་པ་ཡི། །ལས་དང་ཉོན་མོངས་མ་ལུས་ཀུན་བྱང་ནས། སྐུ་དང་ཡེ་ཤེས༴ ན་མོ་ཧཱུྃ། སངས་རྒྱས་སེམས་ཅན༴ བདེ་གཤེགས་སྤྱན་དྲངས་བསྟིམ་པའི་བྱིན་རླབས་ཀྱིས། །ཡེ་ནས་གཉིས་སུ་མེད་པའི་དོན་རྟོགས་ནས། །གཉིས་སུ་མེད་པར༴ ན་མོ་ཧཱུྃ། བདག་དང་གཞན་དུ༴ ཡེ་ནས་འདྲེས་པ་ཆེན་པོའི་བྱིན་རླབས་ཀྱི། །གཉིས་སུ་མེད་པར་ལྷུན༴ ན་མོ་ཧཱུྃ། འགྲོ་དྲུག་སེམས་ཅན་སྡུག་བསྔལ་ཅིར་སྣང་ཡང་། །དམ་བཅའ་རྣམ་གསུམ་བྱས་པའི་བྱིན་སྒྱུ་འཕྲུལ་དྲྭ་བའི་མངོན་རྫོགས་སོགས། རླབས་ཀྱིས། །བསམ་པ་མཐའ་རུ་ཕྱིན་པའི་དོན་རྟོགས་ནས། །བདག་གཞན་བདེ་བར་གཤེགས་པ་ཁྱེད་ཅི་འདྲ། གཉིས་ཀྱི་དོན་ནི་མཐར་ཕྱིན་ཤོག །ན་མོ་ཧཱུྃ། གཟུང་འཛིན་རྣམ་རྟོག་དངོས་པོ༴ ཕྱག་རྒྱའི་མཆོད་པ་ཕུལ་བའི་བྱིན་རླབས་ཀྱིས། །ཕྱག་རྒྱ་རྣམ་བཞི་ལྷུན་གྱིས་གྲུབ་ནས་ཀྱང་། །ཐམས་ཅད་ཕྱག་རྒྱ་ཆེན་པོ་ལྷུན་གྲུབ་ཤོག །ན་མོ་ཧཱུྃ། ཕྱི་ནང་གསང་བའི་དངོས་པོ་ཅིར་སྣང་ཡང་། །ཀུན་ཏུ་བདེ་བར་གཤེགས་པ་བཅོམ་ལྡན་འདས། འགྲེས། བཟང་པོའི་མཆོད་པ་ཕུལ་བ་ཡི། །དངོས་པོ་ཐམས་ཅད་མཆོད་པར་གྱུར་ནས་ཀྱང་། །སྤྱོད་ཡུལ་ཐམས་ཅད་ཡོངས་སུ་དག་པར་ཤོག །ན་མོ་ཧཱུྃ། བདག་གཞན་དངོས་པོར་ཁྱད་པར་ཅིར་སྣང་ཡང་། །མཆོད་པ་རྣམས་ལྔ་ཕུལ་བ་ཡི། །ཐམས་ཅད་འགག་པ་མེད་པའི་དོན་རྟོགས་ནས། །འཁོར་གསུམ་མ་ལུས་ཡོངས་སུ་དག་པར་ཤོག །ན་མོ་ཧཱུྃ། བཞི་བརྒྱ་རྩ་བཞིའི་ནད་རྣམས་དངོས་པོ་ཅིར་སྣང་ཡང་། །བདུད་རྩི་སྨན་མཆོད་འབུལ་བའི་བྱིན་རླབས་ཀྱིས། །འཕྲལ་དུ་སྐབས་ཚུལ་དངོས་པོ་ཀུན་བསལ་ནས། །སྐྱེ་ཤི་མེད་པར་ལྷུན་གྱིས༴ ན་མོ་ཧཱུྃ། སྟོང་ཕྲག་ལང་པུར་ཏོས་པ་ཀ་མ་ཡཾ་ཞེས་སོགས་འགྲེས། བརྒྱད་ཅུའི་བགེགས་རྣམས་དངོས་པོར་ཅིར་སྣང་ཡང་། །དམ་རྫས་གཏོར་མས་མཆོད༴ ཡུན་དུ་གླག་ལྟ་གནོད་པ་ཀུན་བསལ་ནས། །འཕོ་འགྱུར་མེད་པར་ལྷུན༴ ན་མོ་ཧཱུྃ། སེམས་ཀྱི་མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། རྟོག་པའི་དངོས་པོར༴ དངོས་པོ་ཡོ་བྱད་ལྔ་རུ་གྲུབ་ནས་ཀྱང་། །རིག་པ་ཅིར་ཡང་སྣང་བ་ལྷུན་གྲུབ་ཤོག །ན་མོ་ཧཱུྃ། རི་རབ་ཆེན་པོའི་གླིང་བཞི་སོགས། ཆགས་སྣང་རྣམ་གཉིས་དངོས་པོར་ཅིར་སྣང་ཡང་། །སྟ་ན་གྷ་ན་རྣམ་གཉིས་མཆོད་པའི་བྱིན་རླབས་ཀྱིས། །སྤྱོད་ཡུལ་ཡོངས་སུ་དག་པའི་དོན་རྟོགས་ནས། །བདག་གཞན་དོན་གཉིས་ལྷུན་གྱིས་གྲུབ༴ ན་མོ་ཧཱུྃ། ཡུལ་དང་དབང་པོའི་དངོས་པོ་ཅིར་སྣང་ཡང་། །འདོད་ཡོན་ལྔ་ཡི་མཆོད་པ་འབུལ་བའི་མཐུས། །ཡུལ་སེམས་གཉིས་སུ་མེད་པའི་དོན་རྟོགས་ན། །སྤྱོད་ཡུལ་མ་ལུས་ཡོངས་སུ་དག་པར་ཤོག །ཧཱུྃ། དབང་པོའི་སྤྱོད་ཡུལ་ཅེས་སོགས། ཉོན་མོངས་སྡུག་བསྔལ་དངོས་པོར་ཅིར་སྣང་ཡང་། །གླུ་དང་རོལ་མོའི་སྒྲ་སྙན་འབུལ་བ་ནི། །ཐམས་ཅད་ཐེག་པ་ཆེན་པོའི་སྒྲར་གྱུར་ནས། །གསང་སྔགས་དོན་གཉིས་ཀུན་གྱི་རྟོགས་པར་ཤོག །ན་མོ་ཧཱུྃ། ན་མོ། ཕྱོགས་བཅུ་དུས་བཞིའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི། བདག་ཉིད་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རིགས་ལྔ་རྒྱལ་བ་རྒྱ་མཚོའི་འཁོར་བསམ་གྱི་མི་ཁྱབ་པ་དང་བཅས་པ་ཐམས་ཅད་གསན་ཅིང་དགོངས་སུ་གསོལ། བདག་ཅག་རྣལ་འབྱོར་གྱི་མཆོད་པ་དམ་པ་རིག་པའི་ཁྱད་པར་ཕྱི་ནང་གསང་གསུམ་སྦྱར་ཏེ་ཕུལ་བས། སྐུ་གསུང་ཐུགས་ཀྱི་རྒྱུད་མཉེས་པ་ཆེན་པོར་གྱུར་ཅིག །དེའི་བྱིན་གྱིས་རློབས་ཀྱིས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་རྡོ་རྗེ་འཆང་གི་གྲལ་ཐོབ་པར་གྱུར་ཅིག །བདག་གི་ཉམས་པ་བསྐངས་ཏེ་དངོས་གྲུབ་ཀྱི་སྣོད་དམ་པར་གྱུར་ཅིག །ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སར་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག །ཨ་ལ་ལ་ཧོཿ དམ་ཚིག་གང་འདོད་ཞུ། ཡིད་ལ་བསམ་པའི་དངོས་གྲུབ་ཅིར་སྣང་ཡང་། །སྨོན་ལམ་སྔོན་དུ་བཏབ་པའི་བྱིན་རླབས་ཀྱིས། །གང་ལ་ཅི་བསམ་ལྷུན་གྱིས་གྲུབ་པར་ཤོག །འགྲོ་དོན་རྩོལ་བའི་སྡུག་བསྔལ་ཅིར་སྣང་ཡང་། །བསྙེན་བསྒྲུབ་རྣམ་བཞིའི་འཛབ་བསྙེན་བྱས་པའི་མཐུས། །ཐམས་མདོར་ན་ཞི་བའི་ལས་བྱང་། ཅད་ཀུན་ཏུ་བཟང་མོའི་དོན་རྟོགས་སྔོན་འགྲོ་ཞི་བ་དང་མཐུན། ནས། །དངོས་གྲུབ་རྣམ་གཉིས་ལྷུན་གྱིས་གྲུབ་པར་ཤོག །ཅེས་ཁམས་གསུམ་ལྷའི་དལ་དུ་བྱས་ལ་བྷོ་དྷི་ཙིཏྟའི་འཛབ་བྱའོ། །སེམས་བསྐྱེད་ཏིང་ངེ་འཛིན་རྣམ་གསུམ་མཐུན། འབྱུང་བ་རིམ་བརྩེགས་ནས། ན་མོ་ཧཱུྃ། དུར་ཁྲོད་རྫས་ཀྱི་དངོས་པོ་ཅིར་སྣང་ཡང་། །འབར་བའི་གཞལ་ཡས་བསྒོམ་པའི་བྱིན་རླབས་ཀྱིས། །རྫས་སུ་ལྟ་བའི་རྟོག་པ་ཀུན་བསལ་ནས། །གནས་མཆོག་རབ་འབྱམས་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུྃ། འདོད་པའི་ཡོན་ཏན་ཚོགས་ཀྱིས་མཆོད་པར་སྦྱར། །མཐའ་ལ་ཞེན་པའི་གདུང་བ་ཀུན་བྲལ་ནས། །བདེ་བ་ཆེན་པོ་ལྷུན་གྱིས༴ ན་མོ་ཧཱུྃ། རུ་ཏྲ་རྣམས་གསུམ་དངོས་པོར་ཅིར་སྣང་ཡང་། །ཧེ་རུ་དགུ་རུ་བསྒོམ་པའི་བྱིན་རླབས་ཀྱིས། །བདུད་དང་སྲིན་པོའི་བར་ཆད་ཀུན་བྲལ་ནས། །ཡེ་ཤེས་དགུ་རུ་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུྃ། ཁམས་གསུམ་ས་དགུའི་དངོས་པོ༴ ཡུམ་ཆེན་དགུ་རུ་སྒོམ་པའི་བྱིན་རླབས་ཀྱིས། །མ་བདུན་སྲིང་བཞིའི་བར་ཆད་ཀུན་བྲལ་ནས། །ཐིག་ལེ་དགུ་རུ་ལྷུན་གྱིས་གྲུབ་པར་ཤོག །བསྐལ་པའི་མེ་དཔུང་ན་བཞུགས་པ་ཡན་ཆད། ན་མོ་ཧཱུྃ། རྣམ་ཤེས་བརྒྱད་ཀྱི་དངོས་པོ༴ ཀོའུ་རི་བརྒྱད་དུ་སྒོམ་པའི་བྱིན་རླབས་ཀྱིས། །ཧཱུྃ་དེ་དབབ་ལ་དུར་ཁྲོད་ཆས་བརྒྱད་ཡུལ་ལ་མངོན་པར་རྟོག་པ་ཀུན་བཅོམ་ནས། །རྣམ་པར་རྟོག་པའི་འདུ་ཤེས་མེད་པར་ཤོག །ན་མོ་ཧཱུྃ། དུར་ཁྲོད་བརྒྱད་ཀྱི་དངོས༴ ཕྲ་མེན་བརྒྱད་དུ་སྒོམ་པའི་བྱིན་རླབས་ཀྱིས། །མཚན་མར་སྣང་བའི་དངོས་པོ་ལྷ་རྣམས་དང་པོ་ཕྱོགས་བཞི་མཚམས་བརྒྱད་དུ་སྔགས་བརྗོད། སྔགས་བརྗོད་པ་གོང་རིམ་བཞིན་གྲུ་ཆད་བཞི། ཀུན་བྲལ་ནས། །རྣམ་པར་དག་པའི་བག་ཆགས་མེད་པར་ཤོག །ན་མོ་ཧཱུྃ། ཆུ་བོ་ནང་སྒོ་བཞི། བཞི་པོའི་དངོས་པོ༴ སྒོ་མ་བཞི་རུ་སྒོམ་པའི་བྱིན་རླབས་ཀྱིས། །ཚད་མེད་བཞི་རུ་རྫོགས་པའི་དོན་རྟོགས་ནས། །ཕྲིན་ལས་རྣམ་བཞི་འདུ་འབྲལ་མེད་པར་ཤོག །ན་མོ་ཧཱུྃ། ཕྱོགས་མཚམས་བརྒྱད་ཀྱི་དངོས་པོ་ཅི༴ སྤོར་མ་བརྒྱད་དུ་སྒོམ་པའི༴ སྣང་སྲིད་སྡེ་བརྒྱད་བར་ཆད་ཀུན་བྲལ་ནས། །འཇིག་རྟེན་བར་ཆད་གང་ཡང་མེད་པར་ལྷ་རྣམས་གཉིས། ཤོག །ན་མོ་ཧཱུྃ། འབྱུང་བ་བཞིའི་དངོས༴ གསང་བའི་ཡུམ་བཞི་སྒོམ༴ ཆོས་ཉིད་སྙིང་རྗེ་མེད་པའི་དོན་རྟོགས་ནས། །ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་ཤོག །ན་མོ་ཧཱུྃ། ལྷ་རྣམས་གསུམ་པ་སྔགས། སྒལ་ཚིག་རྣམས་ཀྱི༴ དབང་ཕྱུག་ཉེར་བརྒྱད་སྒོམ༴ རྣམ་པར་དག་པའི་བར་ཆད་ཀུན་བསལ་ནས། །བར་ཆད་རྐྱེན་གྱི་སྡུག་བསྔལ་མེད་པར་ཤོག །ན་མོ་ཧཱུྃ། རུས་གྷོའི་ཚིག་གི་དངོས་པོ་ཅི་སྣང་ཡང་། །ཁྲོ་བོ་ཁྲོ་མོ་སྒོམ་པའི་བྱིན་རླབས་ཀྱིས། །ཁམས་གསུམ་གདུག་པ་མ་ལུས་ཀུན་བསྒྲལ་ནས། །སངས་རྒྱས་ཕྲིན་ལས་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུྃ། སོ་དང་རུས་པའི་དངོས་པོ༴ མཁའ་འགྲོ་སོ་གཉིས་བསྒོམ་པའི༴ ལྷ་རྣམས་བཞི་པར། བར་དུ་གཅོད་པ་ཐམས་ཅད་ཀུན་བསལ་ནས། །བསྒྲུབ་པའི་བར་དུ་གཅོད་པ་མེད་པར་ཤོག །ན་མོ་ཧཱུྃ། ལྷ་རྣམས་ལྔ་ལ། ལྷུ་ཚིག་བཅྭོ་བརྒྱད་དངོས་པོ༴ གིང་ཆེན་བཅོ་བརྒྱད༴ བསྒྲལ་བའི་ཞིང་བཅུ་མ་ལུས་ཀུན་བསྒྲལ་ནས། །སངས་རྒྱས་ཞིང་ཁམས་མ་ལུས་དག་པར་ཤོག །ན་མོ་ཧཱུྃ། རྩ་བྲན་མང་པོའི་དངོས་པོ་ཅིར་སྣང་ཡང་། །ཕོ་ཉ་སུམ་བརྒྱ་དྲུག་ཅུ་བསྒོམ་པ་ཡི། །དམ་ཚིག་ཉམས་དང་དགྲ་བགེགས་ཀུན་བསྒྲལ་ནས། །གནོད་པའི་བར་ཆད་ཅི་ཡང་མེད་པར་ཤོག །ན་མོ་ཧཱུྃ། ཤ་ཁྲག་རྩ་ཡི་དངོས་པོ༴ མ་བདུན་སྲིང་བཞི༴ ཚེ་སྲོག་གནོད་པའི་བར་ཆད་ཀུན་བསལ་ནས། །ཉིན་མཚན་རྟག་ཏུ་ཐམས་ཅད་སྐྱོབས་པར་ཤོག །ན་མོ་ཧཱུྃ། སྐྲ་དང་བ་སྤུའི་དངོས་པོ༴ རིག་འཛིན་ཁྲོ་ཚོགས་ཡང་སྤྲུལ་ཁྲོས་པའི་མཐུས། །སྐྲ་རྩེ་བ་སྤུ་ཐིག་ལེས་ཁྱབ་གྱུར་ཏེ། །སྤྲུལ་པ་འཕྲོ་ཞིང་རྟོག་པ་གར་སྐྱེས་པ། །དེར་ཡུད་རང་བྱུང་དཀྱིལ་འཁོར་ཐོབ་པར་ཤོག །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས། དབུ་རྒྱན། སྙན་གསན་དབབ། སྤྱན་དྲངས། ན་མོ་ཧཱུྃ། ལུས་ངག་ཡིད་གསུམ་དངོས་པོ་ཅིར་སྣང་ཡང་། །བདེ་གཤེགས་ལྷ་ལ་ཕྱག་འཚལ་བྱིན་རླབས་ཀྱིས། །ཡེ་ནས་འདྲེས་པ་ཆེན་པོའི་དོན་རྟོགས་ནས། །གཉིས་སུ་མེད་པར་ལྷུན་གྱིས་གྲུབ་པར་ཤོག །སྨན་མཆོད་བྱའོ། །སྲིན་མོའི་ཆ་ལུགས་ཤིན་ཏུ་འཇིགས་པར་སྟོན། །ཕྱོགས་མཚམས་འཛིན་པའི་སྤོར་མ་བརྒྱད་རྣམས་ལ། །རྣམ་དག་བདུད་རྩི་དམ་རྫས་དངོས་མཆོད་འབུལ། །དཔལ་ཆེན་སྐུ་ལ་འདུ་འབྲལ་མེད་པ་ཡི། །ཡེ་ཤེས་ཐུགས་ཀྱིས་དགྱེས་སྡེ་རྣམ་བཞི་ལ། །རྣམ་དག༴ འབར་བའི་དཀྱིལ་འཁོར་ཆེན་པོའི་མཐར་བསྲུང་བའི། །དམ་ཅན་དབང་ཕྱུག་ཉི་ཤུ་རྩ་བརྒྱད་ལ། །རྣམ་དག༴ ཁམས་གསུམ་གདུག་པ་མ་ལུས་འདུལ་མཛད་པ། །ཁྲོ་བོ་ཁྲོ་མོ་རོལ་བའི་ཚོགས་རྣམས་ལ། །རྣམ༴ ཕྲིན་ལས་མ་ལུས་མྱུར་དུ་འགྲུབ་བྱེད་པའི། །རྡོ་རྗེ་མཁའ་འགྲོ་སུམ་ཅུ་རྩ་གཉིས་ལ། །རྣམ་དག༴ ཞིང་བཅུ་མ་ལུས་གནས་འདྲེན་བྱེད་པ་ཡི། །རྡོ་རྗེ་འདའ་ཀར་གིང་ཆེན་བཅོ་བརྒྱད་ལ། །རྣམ་དག༴ ཡེ་ཤེས་རོལ་བའི་ཕྱག་རྒྱ་ཅིར་སྣང་བའི། །མགྱོགས་མ་ཕོ་ཉ་སུམ་བརྒྱ་དྲུག་ཅུ་ལ། །རྣམ་དག༴ ཕྱི་འཁོར་བསྲུང་ཞིང་ནང་འཁོར་སྐྱོང་མཛད་པ། །དམ་ཅན་རྒྱ་མཚོ་མ་མོའི་ཚོགས་རྣམས་ལ། །རྣམ་དག༴ རྡོ་རྗེ་གྲལ་འཆང་རིམ་པར་གནོན་མཛད་པའི། །རྣལ་འབྱོར་དབང་ཕྱུག་རིག་འཛིན་ཚོགས་རྣམས་ལ། །རྣམ་དག༴ ཐུགས་རྗེས་བརྩེ་དགོངས་དབང་དང་དངོས་གྲུབ་སྩོལ། །བཞི་བརྒྱ་རྩ་བཞིའི་ནད་རྣམས་ཅིར་སྣང་ཡང་། །བདུད་རྩི་སྨན་གྱི་མཆོད་པའི་བྱིན་རླབས་ཀྱི། །འཕྲལ་དུ་སྐབས་ཚོལ་གནོད་པ་ཀུན་བྲལ་ནས། །སྐྱེ་ཤི་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུྃ། སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས་ཅིར་སྣང་ཡང་། །དམ་རྫས་གཏོར་མ་འབུལ་བའི་བྱིན་རླབས་ཀྱིས། །ཡུན་དུ་གླག་ལྟའི་གནོད་པ་ཀུན་ཞི་ནས། །འཕོ་འགྱུར་མེད་པ་ལྷུན་གྱིས་གྲུབ་པར་ཤོག །བདག་གི་ཐུགས་ཀ་ནས་ཧྲཱིཿལས་འོད་ཟེར་འཕྲོས། ཞེས་མཆོད་པ་ཡན་ཆད་བརྗོད། ན་མོ་ཧཱུྃ། ཆགས་སྡང་རྣམ་གསུམ་དངོས་པོ་ཅིར་སྣང་ཡང་། །ཁམས་གསུམ་ཁྲག་གི་རྒྱ་མཚོ་ཕུལ་བའི་མཐུས། །ཉོན་མོངས་སེམས་སུ་གསལ་བའི་དོན་རྟོགས་ནས། །སེམས་ཉིད་དབྱེ་བ་མེད་པའི་དོན་རྟོགས་ཤོག །ཕྱི་སྣོད་བྷནྡྷ་ཞེས་པ་ནས། བསྐལ་བཟང་རྨད་བྱུང་སོགས། ན་མོ་ཧཱུྃ། ཞེན་ཅིང་ཆགས་པའི་དངོས་པོ་ཅིར་སྣང་ཡང་། །ཁམས་གསུམ་ཁྲག་གི་རྒྱ་མཚོར་ཕུལ་བའི་མཐུས། །དུག་ལྔ་མ་ལུས་རྩད་ནས་དག་གྱུར་ནས། །གཉིས་མེད་མཆོད་པ་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུྃ། ཕྱོགས་བཅུ་དུས་བཞི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་བཅོམ་ལྡན་འདས་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་སོགས་པ། ཧེ་རུ་ཀ་དགུ་ཀློང་འབར་བའི་འཁོར་ཁྲོ་བོ་ཁྲོ་མོ་བསམ་གྱིས་མི་ཁྱབ་པ་ཐམས་ཅད་གསན་ཅིང་བདག་ལ་དགོངས་སུ་གསོལ། བདག་ཅག་རྣལ་འབྱོར་མཆོད་པ་དམ་པ་རིག་པའི་ཁྱད་པར་ཕྱི་ནང་གསང་བ་གསུམ་དུ་ཕུལ་བས། སྐུ་གསུང་ཐུགས་ཀྱི་རྒྱུད་མཉེས་པ་ཆེན་པོའི་ཁྱབ་པར་གྱུར་ཅིག །དེའི་བྱིན་རླབས་ཀྱི་མཐའ་ཡས་སེམས་ཅན་ཐམས་ཅད་རྡོ་རྗེ་འཆང་གི་གྲལ་ཐོབ་པར་གྱུར་ཅིག །བདག་གི་དམ་ཚིག་ཉམས་པ་ཐམས་ཅད་བསྐངས་ནས་དངོས་གྲུབ་ཀྱི་སྣོད་དུ་གྱུར་ཏེ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱིས་སར་མངོན་པར་རྫོགས་པར་སངས་རྒྱས་ནས་འཁོར་བ་ཀ་ནས་དག་པར་གྱུར་ཅིག །ཨ་ལ་ལ་ཧོ། དམ་ཚིག་ཏུ་ཁམས་གསུམ་ལྷའི་དལ་དུ་བསམ་འཛབ་བྱའོ། །ཁྲོ་བོ་ལ་ལྷ་མང་ཉུང་ངེས་པ་མེད། གང་མོས་བྱའོ། །ༀ་གུ་ཧྱ་ཛྙཱ་ན་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཀ་ཧཱུྃ་ཧཱུྃ་ཧཱུྃ། ཞེས་བཟླས་སོ། །ན་མོ་ཧཱུྃ། རྒྱུ་འབྲས་རྩོལ་བའི་སྡུག་བསྔལ་ཅིར་སྣང་ཡང་། །བསྙེན་བསྒྲུབ་རྣམ་བཞི་འཛབ་བསྙེན་བྱས་པའི་མཐུས། །ཐམས་ཅད་ཀུན་ཏུ་བཟང་མོའི་དོན་རྟོགས་ནས། །དངོས་གྲུབ་རྣམ་གསུམ་ལྷུན་གྱིས་གྲུབ༴ ན་མོ་ཧཱུྃ། འདོད་ཡོན་ལྔ་ཡི་དངོས་པོ་ཅིར༴ ཚོགས་ཀྱི་མཆོད་པ་བྱས་པའི་བྱིན་རླབས་ཀྱིས། །མཐའ་ལ་ཞེན་པའི་གདུང་བ་ཀུན་བྲལ་ནས། །བདེ་བ་ཆེན་པོ་ལོངས་སྤྱོད་རྫོགས་པར་ཤོག །ན་མོ་ཧཱུྃ། ལོ་ཟུར་ཟླ་སྐེག་གནོད་པའི་དངོས་པོ༴ མཁའ་འགྲོ་དབང་ཞི་ཁྲོ་གཉིས་ཀྱི་ལྷག་མ་བྱ། ཕྱུག་ལྷག་མའི་ཕུད་ཀྱི་མཆོད་པ་ཡི། །མོ་ངན་རྨི་ལམ་ངན་པ་ཀུན་བསལ་ནས། །བར་ཆད་རྐྱེན་གྱི་སྡུག་བསྔལ་མེད་པར་ཤོག །ན་མོ་ཧཱུྃ། འཇིག་རྟེན་སྲིན་མོ་འགྲོ་དྲུག་ཅིར་སྣང་ཡང་། །གཏོར་མ་དབྲིལ་བཀོལ་མེད་པར་བསྔོས་པ་ཡི། །བརྟན་སྐྱོངས་བྱས་ལ། འཇིག་རྟེན་སྲིན་མོ་འགྲོ་དྲུག་ཀུན་ཚིམ་ནས། །ཞིང་བཅུ་སྒྲོལ་ཞིང་འགྲོ་དོན་རྫོགས་པར་ཤོག །ན་མོ་ཧཱུྃ། གཟུང་འཛིན་གཉིས་སུ་དངོས་པོ་ཅིར༴ ལྷ་དང་གཞལ་ཡས་ཁང་དུ་བསྡུས་པ་ཡི། །རྟག་ཆད་གཉིས་སུ་འཛིན་པའི་མཐའ་བྲལ་ནས། །སྣང་སྲིད་ཆོས་ཀྱི་སྐུ་རུ་རྟོགས་པར་ཤོག །ན་མོ་ཧཱུྃ། རྣམ་ཞི་ཁྲོ་གཉིས་ཀྱི་རྗེས་མཆོད་བྱས། དལ་བསྡུ། དག་ཆོས་ཀྱི༴ ལུས་བསྲུང་གོ་བསྒོ་བྱ། སྤྱོད་ལམ་རྒྱུན་གྱི་ཏིང་ངེ་འཛིན་བསྒོམ་པའི། །བདག་ཉིད་ཡི་དམ་ལྷ་རུ་གྱུར་ནས་ཀྱང་། །འགྲོ་དོན་མ་ལུས་རྫོགས་པར་བྱེད་པར་ཤོག །ཅེས་བརྗོད་དོ། །དེ་ནས་ལྷག་མ་བསྡུས་ཏེ། སྣོད་ཏྲེ་ཆུས་བཤལ། མར་མེ་བཙུག་ལ་དལ་ནས་གོམ་པ་བདུན་འཕགས་པའི་སར་ཕྲིན་ལས་རྣམ་བཞི་གང་བྱེད་པའི་མཎྜལ་བྱ། བླ་མས་རྩ་བའི་དལ་དང་། ལས་མཁན་སྒོ་མ་བཞི་ཡན་ཆད་གསལ་གདབ། དེ་ནས། བཛྲ་ས་མན་ཛས་ལྷག་མའི་སྙན་གསན་དབབ། སེམས་དཔའི་ཕྱག་རྒྱ་བཅས་ལ་ལྷ་དང་ཁ་ཆུས་དམ་ཚིག་ལ་ཐིམས་པ་རྣམས། སྔོན་གྱི་ཐུགས་དམ་ལ་མ་འདའ་བར་བསྒྲུབ་པ་པོ་བདག་གི་སྡོང་གྲོགས་མཛོད་ལ་གཤེགས་ཤིག །ཨེ་ཨ་ར་ལི་ཧྲིང་ཧྲིང་། ཞེས་ཐལ་མོ་ལན་གསུམ་གདབ། ཌཱཀྐི་ནིའི་ཕྱག་རྒྱས་སྤྱན་དྲངས། དལ་ཕྱི་རོལ་དུ་ཁྱུང་གཤོག་གི་ཕྱག་རྒྱས་ཟིལ་གྱི་ནན། རྟ་གདོང་གི་ཕྱག་རྒྱས་དབང་དུ་བསྡུ། པདྨའི་ཕྱག་རྒྱས་གདན་འབུལ། དེ་ནས་རིགས་དབྱེ། དེ་ནས་ཁ་ཆུས་གདབ། ཧཱུྃ། དཔལ་ཆེན་རཀྴ་ཧེ་རུ་ཀ །ཀོའུ་རིའི་ཚོགས་ཀྱིས་བསྐོར་བ་ནི། །བྱང་ཆུབ་སེམས་དཔའ་བརྒྱད་རྣམས་ཀྱིས། །ཀོའུ་རི་ཁྲོ་མོ་བརྒྱད་དུ་སྤྲུལ། །སྲིན་མོ་ཆེན་མོ་བརྒྱད་རྣམས་བཏུལ། །ལྷག་མ་བྱིན་རླབས་དམ་ལ་བཏག །བྱང་སེམས་ས་ཡི་སྙིང་པོ་ཡིན། །ཁྲོ་མོ་ཆེན་མོ་ཀོའུ་རིར་སྤྲུལ། །སྲིན་མོ་ཆེན་མོ་གིང་ཐོད་བཏུལ། །ལྷག་མ་བྱིན་རླབས་དམ་ལ༴ རྡོ་རྗེའི་དམ་ལ་བྲོ་བསྐྱལ་ཏེ། །གཏན་གྱི་བྲན་དུ་མཆིས་ཀྱི་འཚལ། །སྔོན་གྱི་ཁས་བླངས་དམ་བཅས་བཞིན། །རྡོ་རྗེའི་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོང་ལ། །ཁས་བླང་དམ་བཅས་ཅི་བཞིན་དུ། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཕྱི་ཡི་དཀྱིལ་འཁོར་མཐའ་བསྲུངས་ཤིག །བྱང་སེམས་ནམ་མཁའི་སྙིང་པོ་ཡི། །ཁྲོ་མོ་ཆེན་མོ་ཙིའུ་རིག་སྤྲུལ། །སྲིན་མོ་ཆེན་མོ་མདའ་འཕེན་བཏུལ། །ལྷག་མ་བྱིན་རླབས་དམ་ལ་བཏགས། །རྡོ་རྗེའི་དམ་ལ་བྲོ་བསྐྱལ་ཏེ། །གཏན་གྱི་བྲན་དུ་མཆིས་ཀྱི་འཚལ། །སྔོན་གྱི་ཁས་བླངས་དམ་བཅའ་བཞིན། །རྡོ་རྗེའི་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ༴ ཁས་བླང་༴ བཅོལ་བའི་ཕྲིན་ལས༴ ཕྱི་ཡི་དཀྱིལ་འཁོར༴ བྱང་སེམས་སྤྱན་རས་གཟིགས་དབང་ནི། །ཁྲོ་མོ་ཆེན་མོ་སྲ་མོར་སྤྲུལ། །སྲིན་མོ་ཆེན་མོ་འཛིན་བྱེད་སྤྲུལ། །ལྷག་མ༴ རྡོ་རྗེའི་དམ་ལ༴ གཏན་གྱི༴ སྔོན་གྱི་ཁས་བླང་༴ རྡོ་རྗེའི་དམ་ལས༴ ལས་ཀྱི༴ བཅོལ་བའི༴ ཕྱི་ཡི༴ བྱང་སེམས་ཕྱག་ན་རྡོ་རྗེ་ཡི། །ཁྲོ་མོ་ཆེན་མོ་བེ་ལྟར་སྤྲུལ། །སྲིན་མོ་ཆེན་མོ་ཟ་བྱེད་བཏུལ། །ལྷག་མ༴ རྡོ་རྗེའི༴ གཏན་གྱི༴ སྔོན་གྱི་ཁས་བླང་༴ རྡོ་རྗེའི་དམ་ལས༴ ལས་ཀྱིས༴ ཁས་བླང༴ བཅོལ་བའི་ཕྲིན་ལས༴ ཕྱི་ཡི༴ བྱང་ཆུབ་སེམས་དཔའ༴ ཁྲོ་མོ་ཆེན་མོ་པུས་ཀར་སྤྲུལ། །སྲིན་མོ་ནང་གྲོལ་དྲེག་མ་བཏུལ། །ལྷག་མ༴ རྡོ་རྗེའི༴ གཏན་གྱི༴ སྔོན་གྱི་ཁས་བླང་༴ རྡོ་རྗེའི་དམ་ལས༴ ལས་ཀྱིས་ལྷག་མ༴ ཁས་བླང་དམ་བཅའ༴ བཅོལ་བའི༴ ཕྱི་ཡི༴ བྱང་སེམས་སྒྲིབ་པ་རྣམ་སེལ་གྱི། །ཁྲོ་མོ་ཆེན་མོ་ཀས་མར་སྤྲུལ། །སྲིན་མོ་ཆེན་མོ་རབ་འཛིན་བཏུལ། །ལྷག་མ༴ རྡོ་རྗེའི༴ གཏན་གྱི༴ སྔོན་གྱི་ཁས་བླང༴ རྡོ་རྗེའི་དམ་ལ༴ ལས་ཀྱིས་ལྷག༴ ཁས་བླངས་དམ༴ བཅོལ་བའི༴ ཕྱི་ཡི༴ བྱང་སེམས་ཀུན་ཏུ་བཟང་མོ་ཡི། །ཁྲོ་མོ་ཆེན་མོ་རྨེ་ཤར་སྤྲུལ། །སྲིན་མོ་ཆེན་མོ་སྲོག་གཅོད་བཏུལ། །ལྷག་མ་བྱིན་རླབས༴ རྡོ་རྗེའི་དམ་ལ༴ གཏན་གྱི༴ སྔོན་གྱི་ཁས༴ རྡོ་རྗེའི་དམ་ལས་མ་འདའ་བར། །ལས་ཀྱི་ལྷག༴ ཁས་བླང་༴ བཅོལ་བའི༴ ཕྱི་ཡི་དཀྱིལ་འཁོར༴ བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱི། །ཁྲོ་མོ་ཆེན་མོ་ཙན་དྷར་སྤྲུལ། །སྲིན་མོ་ཆེན་མོ་བསྙེན་མ་བཏུལ། །ལྷག་མ༴ རྡོ་རྗེའི་དམ་ལས༴ གཏན་གྱི༴ སྔོན་གྱི་ཁས་བླང་། རྡོ་རྗེའི་དམ་ལས་མ༴ ལས་ཀྱི་ལྷག་མ༴ བཅོལ་བའི་ཕྲིན་ལས༴ ཕྱི་ཡི་དཀྱིལ་འཁོར༴ ཧཱུྃ། དཔལ་ཆེན་རཀྴ་ཧེ་རུ་ཀ །ཕྲ་མེན་ཚོགས་ཀྱི་བསྐོར་བ་ནི། །དཔལ་ཆེན་ཧེ་རུ་ཞལ་བཞེས་པའི། །མཆོད་པའི་ལྷ་མོ་བརྒྱད་རྣམས་ཀྱི། །སིདྷ་ཕྲ་མེན་བརྒྱད་དུ་སྤྲུལ། །སྲིན་མོ་ཆེན་མོ་བརྒྱད་རྣམས་བཏུལ། །ལྷག་མ་བྱིན༴ རྡོ་རྗེའི་དམ་ལ༴ གཏན་གྱི་བྲན་དུ༴ སྔོན་གྱི་ཁས་བླངས༴ རྡོ་རྗེའི་དམ་ལས༴ ལས་ཀྱི་ལྷག་མ༴ ཁས་བླང་དམ་བཅས༴ བཅོལ༴ ཕྱི་ཡི་དཀྱིལ་འཁོར༴ ཤར་ལྷོའི་ལྷ་མོ་ལཱ་སྱེ་མ། །ཕྲ་མེན་ཆེན་མོ་སེང་ཧ་སྤྲུལ། །སྲིན་མོ་འཇིགས་བྱེད་སེང་མགོ་བཏུལ། །ལྷག་མ་བྱིན་རླབས༴ རྡོ་རྗེའི༴ གཏན་གྱི་བྲན་ཏེ༴ སྔོན་གྱི་ཁས་བླང༴ རྡོ་རྗེའི་དམ་ལས༴ ལས་ཀྱི་ལྷག་མ༴ ཁས་བླང་དམ་བཅས༴ བཅོལ་བའི་ཕྲིན་ལས་གྲུབ༴ ཕྱི་ཡི་དཀྱིལ་འཁོར༴ ལྷོ་ཕྱོགས་ལྷ་མོ་ལཱ་སྱེ་མས། །ཕྲ་མེན་ཆེན་མོ་སྟག་མགོར་སྤྲུལ། །སྲིན་མོ་བྱ་བྱེད་སྟག་མགོ་བཏུལ། །ལྷག་མ་བྱིན་རླབས༴ རྡོ་རྗེའི་དམ་ལ༴ གཏན་གྱི་བྲན་དུ་མཆིས་ཀྱི་འཚལ། །འགྲེས་ཕྱུང་། ནུབ་ཕྱོགས་ལྷ་མོ་གྷིརྟི་མས། །ཕྲ་མེན་ཆེན་མོ་ཝ་མགོར་སྤྲུལ། །སྲིན་མོ་ལེགས་བྱེད་ཝ་མགོ་བཏུལ། །ལྷག་མ་འགྲེས་སོ། །བྱང་ཕྱོགས་ལྷ་མོ་ནིརྟི་མས། །ཁྲོ་མོ་ཆེན་མོ་ར་མགོར་སྤྲུལ། །སྲིན་མོ་ར་རོ་ཁྱི་མགོ་བཏུལ། །ལྷག་མ་བྱིན་རླབས༴ རྡོ་རྗེའི་དམ་ལ༴ གཏན་གྱི་བྲན་དུ༴ སྔོན་གྱི་ཁས་བླང་༴ རྡོ་རྗེའི་དམ་ལ༴ ལས་ཀྱི་ལྷག་མ༴ ཁས་བླང་དམ༴ བཅོལ་བའི༴ ཕྱི་ཡི་དཀྱིལ་འཁོར༴ ཤར་ལྷོ་ལྷ་མོ་དྷུཥྤེ་མས། །ཕྲ་མེན་ཆེན་མོ་རྒོད་མགོར་སྤྲུལ། །སྲིན་མོ་བྱ་རྒོད་མགོ་ཅན་བཏུལ། །ལྷག་མ༴ ལྷོ་ནུབ་ལྷ་མོ་མེ་ཏོག་མས། །ཕྲ་མེ ན་ཀང་ཀའི་མགོ་རུ་སྤྲུལ། །སྲིན་མོ་ཀང་ཀའི་མགོ་ཅན་བཏུལ། །ལྷག་མ༴ ནུབ་བྱང་ལྷ་མོ་མར་མེ་མས། །ཕྲ་མེན་བྱ་རོག་མགོ་རུ་སྤྲུལ། །སྲིན་མོ་འཇིགས་བྱེད་བྱ་རོག་བཏུལ། །ལྷག་མ༴ བྱང་ཤར་ལྷ་མོ་དྲི་ཆབ་མས། །ཕྲ་མེན་ཧུ་ལུ་མུ་ཁར་སྤྲུལ། །སྲིན་མོ་བསྐུལ་བྱེད་འུག་མགོ་བཏུལ། །ལྷག་མ༴ ཧཱུྃ། དཔལ་ཆེན་རཀྴ་ཧེ་རུ་ལ། །སྒོ་མའི་ཚོགས་ཀྱི་བསྐོར་བ་ནི། །ཚད་མེད་སྒོ་མ་བཞི་རྣམས་ཀྱིས། །རྟ་གདོང་སྒོ་མ་བཞི་རུ་སྤྲུལ། །ཤར་གྱི་བྱམས་པ་ལྕགས་ཀྱུ་མས། །སྒོ་མ་རྟ་གདོང་ལྕགས་ཀྱུ་མས། །སྲིན་མོ་རྟ་ཡི་མགོ་ཅན་བཏུལ། །ལྷག་མ༴ ལྷོ་ཡི་སྙིང་རྗེ་ཞགས་པ་མ། །སྒོ་མ་ཕག་གདོང་ཞགས་པ་སྤྲུལ། །སྲིན་མོ་ཕག་གི་མགོ་ཅན་བཏུལ། །ལྷག་མ་བྱིན༴ ནུབ་ཀྱི་དགའ་བ་ལྕགས་སྒྲོག་མས། །སྒོ་མ་དྲེད་མགོ་ལྕགས་སྒྲོགས་སྤྲུལ། །སྲིན་མོ་དྲེད་ཀྱི་མགོ་ཅན༴ ལྷག་མ་བྱིན་རླབས༴ རྡོ་རྗེའི་དམ་ལ་བྲོ༴ གཏན་གྱི་བྲན་ཏེ༴ སྔོན་གྱི་ཁས་བླངས༴ རྡོ་རྗེ་དམ་ལ༴ ལས་ཀྱི་ལྷག་མ༴ ཁས་བླངས་དམ་བཅས༴ བཅོལ་བའི༴ ཕྱི་ཡི་དཀྱིལ་འཁོར༴ བྱང་གི་བཏང་སྙོམས་དྲིལ་བུ་མས། །སྒོ་མ་ཆེན་མོ་སྤྱང་མགོར་སྤྲུལ། །སྲིན་མོ་ཆེན་མོ་སྤྱང་མགོར་བཏུལ། །ལྷག་མ༴ སོགས། ཧཱུྃ། དཔལ་ཆེན་རཀྴ་ཧེ་རུ་ལ། །སྤོར་མའི་ཚོགས་ཀྱི་བསྐོར་ནས་ཀྱང་། །དཔལ་ཆེན་ཐུགས་ཀྱིས་སྦྱོར་བ་ལས། །ཐུབ་དྲུག་ཡིད་ཆེས་བརྒྱད་པོ་ཡི། །སྤོར་མ་ཆེན་མོ་བརྒྱད་དུ་སྤྲུལ། །ཕྱོགས་སྐྱོང་བརྒྱད་ཀྱི་བུ་མོ་བཏུལ། །ལྷག་མ༴ སོགས། ཀུན་ཏུ་བཟང་མོ་གནས་གྱུར་པ། །འབར་མ་ཉི་ཟེར་ཞགས་པར་སྤྲུལ། །སྤོར་མ་ཉི་ཟེར་ཞགས་པ་བཏུལ། །ལྷག་མ་སོགས། ཡི་དྭགས་ཐུབ་པ་གནས་གྱུར་བ། །འབར་བ་གློག་ཕྲེང་འཛིན་དུ་སྤྲུལ། །སྤོར་མ་ཆེན་མོ་གློག་ཕྲེང་བཏུལ། །ལྷག་མ༴ སོགས། མི་ཡི་ཐུབ་པ་གནས་གྱུར་བ། །སྤོར་མ་མདུང་ཐུང་འཕེན་དུ་སྤྲུལ། །སྤོར་མ་གཏུམ་མོ་གདུང་ཐུང་བཏུལ། །ལྷག་མ༴ སོགས། དམྱལ་བའི་ཐུབ་པ་གནས་གྱུར་པ། །སྤོར་མ་གཤིན་རྗེ་རལ་གྲིར་སྤྲུལ། །སྤོར་མ་ཆེན་མོ་རལ་གྲི་བཏུལ། །ལྷག་མ༴ སོགས། ཀུན་ཏུ་བཟང་མོ་གནས་གྱུར་བ། །སྤོར་མ་དྲིལ་འཁྲོལ་མ་རུ་སྤྲུལ། །སྤོར་མ་རྡོ་རྗེ་དྲིལ་འཁྲོལ་བཏུལ། །ལྷག་མ༴ སོགས། ལྷ་མིན་ཐུབ་པ་གནས་གྱུར་བ། །སྤོར་མ་སྐར་མདའ་གདེང་དུ་སྤྲུལ། །སྤོར་མ་ཐོག་འབེབ་སྐུར་མདའ་བཏུལ། ལྷག་མ་བྱིན་རླབས༴ རྡོ་རྗེའི་དམ་ལ༴ གཏན་གྱི་བྲན་ཏེ༴ སྔོན་གྱི་ཁས་བླང་༴ ལས་ཀྱི་ལྷག་མ༴ ཁས་བླངས་དམ༴ བཅོལ་བའི༴ ཕྱི་ཡི༴ བྱོལ་སོང་ཐུབ་པ་གནས་གྱུར་བ། །སྤོར་མ་གློག་ཤ་འདེབས་སུ་སྤྲུལ། །སྤོར་མ་བན་གླང་སྣ་ཚོགས་བཏུལ། །ལྷག་མ༴ སོགས། ལྷ་ཡི་ཐུབ་པ་གནས་གྱུར་བ། །སྤོར་མ་ཁྱུང་ཐོག་མ་རུ་སྤྲུལ། །སྤོར་མ་གནོད་སྦྱིན་ཁྱུང་ཐོག་བཏུལ། །ལྷག་མ༴ འགྲེས་སོ། །ཧཱུྃ། དཔལ་ཆེན་རཀྴ་ཧེ་རུ་ལ། །གསང་བའི་ཡུམ་བཞི་བསྐོར་བ་ནི། །དཔལ་ཆེན་ཐུགས་ཀྱིས་སྦྱོར་བ་ལས། །ཡི་གེ་ཧཱུྃ་བཞིས་སྤྲུལ་བྱས་ནས། །དེ་ལས་གསང་བའི་ཡུམ་བཞིར་སྤྲུལ། །དེ་བཞིན་སྲིན་མོ་བཞི་བཏུལ་ཏེ། །ཤར་གྱི་བདེ་བ་ཟ་བྱེད་མས། །སྲིན་མོ་བྱ་བྱེད་ཁྲག་འཐུང་བཏུལ། ལྷག་མ༴ སོགས། ལྷོའི་བདེ་བ་རྨོང་བྱེད་མས། །སྲིན་མོ་ཆེན་མོ་རུས་འཆང་བཏུལ། ལྷག་མ༴ སོགས། ནུབ་ཀྱི་བདེ་བ་རྒྱས་འདེབས་མས། །སྲིན་མོ་དུར་ཁྲོད་རོ་ཀུན་བཏུལ། །ལྷག་མ༴ སོགས། བྱང་གི་བདེ་བ་ཚེ་འཕེལ་མས། །སྲིན་མོ་དུར་ཁྲོད་བདག་མོ་བཏུལ། ལྷག་མ༴ སོགས། ཧཱུྃ། དཔལ་ཆེན་དབང་ཕྱུག་ཚོགས་ཀྱི་བསྐོར་བ་ནི། །དཔལ་ཆེན་ཐུགས་ཀྱིས་སྦྱོར་བ་ལས། །ཚངས་མ་ལ་སོགས་ཡེ་ཤེས་ཀྱི། །དབང་མོ་ཉི་ཤུ་རྩ་བརྒྱད་ཀྱི། །ལས་ཀྱི་དབང་མོ་མགོ་བརྙན་ཚོགས། །འཇིག་རྟེན་རྣམས་ཀྱིས་སྲིང་མོ་སྟེ། །ལག་ན་གློ་སྙིང་ནང་རོལ་ཐོགས། །ཉི་ཤུ་རྩ་བརྒྱད་ཚོགས་སུ་སྤྲུལ། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ། །འགལ་བྱེད་གནོད་པའི་ཚོགས་རྣམས་བཏུལ། །ལྷག་མ་བྱིན་རླབས་དམ་ལ་བཏགས། །རྡོ་རྗེའི་དམ་ལས༴ གཏན་གྱི་བྲན་དུ༴ སྔོན་གྱི་ཁས་བླང་༴ ལས་ཀྱི་ལྷག་མ༴ ཁས་བླངས་དམ་བཅས༴ བཅོལ་བའི༴ ཕྱིའིི་དཀྱིལ་འཁོར་མཐའ་སྲུང་ཅིག །ཧཱུྃ། དཔལ་ཆེན་རཀྴ་ཧེ་རུ་ལ། །མཁའ་འགྲོའི་ཚོགས་ཀྱིས༴ དཔལ་ཆེན་སྐུ་ཡི་འོད་ཟེར་ལས། །སེམས་དཔའ་སུམ་ཅུ་རྩ་གཉིས་ཀྱི། །མཁའ་འགྲོ་སུམ་ཅུ་རྩ་གཉིས་སྤྲུལ། །སྲིན་མོ་སུམ་ཅུ་རྩ་གཉིས་བཏུལ། །ལྷག་མ༴ སོགས། སེམས་དཔའ་རྡོ་རྗེ་སེམས་དཔའ་ཡི། །མཁའ་འགྲོ་དགའ་བྱེད་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་དགའ་བྱེད་བཏུལ། །ལྷག་མ༴ སོགས། རྡོ་རྗེ་སེམས་དཔའ་རྡོ་རྗེ་རྒྱལ་པོ་ཡི། །མཁའ་འགྲོ་འགྲན་བྱེད་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་སྤོར་མ་བཏུལ། །ལྷག་མ༴ སོགས། སེམས་དཔའ་རྡོ་རྗེ་ལེགས་པ་ཡི། །མཁའ་འགྲོ་གསོད་བྱེད་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་གསོད་བྱེད་བཏུལ། །ལྷག་མའི༴ སོགས། སེམས་དཔའ་རྡོ་རྗེ་རིན་ཆེན་གྱི། །མཁའ་འགྲོ་འབར་བྱེད་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་འབར་མ་བཏུལ། །ལྷག་མའི༴ སོགས། སེམས་དཔའ་རྡོ་རྗེ་ཉི་མ་ཡི། །མཁའ་འགྲོ་གཟི་བརྗིད་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་གཟི་བརྗིད་བཏུལ། །ལྷག་མའི༴ སོགས། སེམས་དཔའ་རྡོ་རྗེ་རྒྱལ་མཚན་གྱི། །མཁའ་འགྲོ་བདུད་རྩི་རྒྱལ་བྱེད་སྤྲུལ། །སྲིན་མོ་རྒྱལ་བྱེད་དབང་ལྡན་བཏུལ། །ལྷག་མའི༴ སོགས། སེམས་དཔའ་རྡོ་རྗེ་བཞེད་པ་ཡི། །མཁའ་འགྲོ་འཇོམས་བྱེད་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་འཇོམས་བྱེད་བཏུལ། །ལྷག་མ་བྱིན་རླབས༴ རྡོ་རྗེའི་དམ་ལ༴ གཏན་གྱི༴ སྔོན་གྱི༴ ལས་ཀྱིས༴ ཁས་བླངས་དམ་བཅས་ཇི༴ བཅོལ་བའི༴ ཕྱིའི་དཀྱིལ་འཁོར༴ སེམས་དཔའ་རྡོ་རྗེ་ཆོས་རབ་ཀྱི། །མཁའ་འགྲོ་ཆགས་བྱེད་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་ཆག་མ་བཏུལ། །ལྷག་མ༴ སེམས་དཔའ་རྡོ་རྗེ་རྣོན་པོ་ཡི། །མཁའ་འགྲོ་ཆགས་བྲལ་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་ཆགས་བྲལ་བཏུལ། །ལྷག་མ༴ སེམས་དཔའ་རྡོ་རྗེ་འཁོར་ལོ་ཡི། །མཁའ་འགྲོ་འཁོར་ལོ་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་འཁོར་ལོ་བཏུལ། །ལྷག་མ༴ སོགས། སེམས་དཔའ་རྡོ་རྗེ་སྨྲ་བ་ཡི། །མཁའ་འགྲོ་རྒྱས་འདེབས་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་རྒྱས་མ་བཏུལ། །ལྷག་མ༴ སོགས། སེམས་དཔའ་རྡོ་རྗེ་སྣ་ཚོགས་ཀྱི། །མཁའ་འགྲོ་སྣ་ཚོགས་གཟུགས་སུ་སྤྲུལ། །སྲིན་མོ་ཆེན་མོ་སྣ་ཚོགས་བཏུལ། །ལྷག་མ༴ སོགས། སེམས་དཔའ་རྡོ་རྗེ་གོ་ཆ་ཡི། །མཁའ་འགྲོ་ཆེན་མོ་སྲིན་མོར་སྤྲུལ། །སྲིན་མོ་ཆེན་མོ་མ་སྲིན་བཏུལ། །ལྷག་མ༴ སོགས། སེམས་དཔའ་རྡོ་རྗེ་མཆེ་བ་ཡི། །མཁའ་འགྲོ་གནོད་སྦྱིན་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་གནོད་སྦྱིན་བཏུལ། ལྷག་མ༴ སོགས། སེམས་དཔའ་རྡོ་རྗེ་ཁུ་ཚུར་གྱི། །མཁའ་འགྲོ་ཡཀྴ་ཕྲོག་ཏུ་སྤྲུལ། །སྲིན་མོ་ཆེན་མོ་ཕྲོག་མ་བཏུལ། །ལྷག་མ༴ སོགས་། སེམས་དཔའ་དཔའ་འབར་འགྲོ་བ་ཡི། །མཁའ་འགྲོ་བྱ་རོག་གདོང་དུ་སྤྲུལ། །སྲིན་མོ་ཆེན་མོ་མིག་འབྱེད་བཏུལ། །ལྷག་མ༴ སོགས། སེམས་དཔའ་ཀུན་ཏུ་བཟང་མོ་ཡི། །མཁའ་འགྲོ་འཇིགས་བྱེད་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་འཇིགས་བྱེད་བཏུལ། །ལྷག་མ་བྱིན་རླབས༴ རྡོ་རྗེའི་དམ་ལ༴ གཏན་གྱི་བྲན་དུ་མཆིས་ཀྱི་འཚལ། །སྔོན་གྱི་ཁས་བླང༴ ལས་ཀྱི་ལྷག་མ༴ ཁས་བླངས་དམ་བཅས༴ བཅོལ་བའི༴ ཕྱིའི་དཀྱིལ་འཁོར་མཐའ་བསྲུང་ཞིང་། །སེམས་དཔའ་ཟླ་འོད་གཞོན་ནུ་ཡི། །མཁའ་འགྲོ་འུག་པའི་མགོ་རུ་སྤྲུལ། །སྲིན་མོ་ཆེན་མོ་མོན་ཐང་བཏུལ། །ལྷག་མ༴ སོགས། བྱང་ཆུབ་སེམས་དཔའ་བཟང་སྐྱོང་གི། །མཁའ་འགྲོ་བཟང་སྐྱོང་མ་རུ་སྤྲུལ། །སྲིན་མོ་བཞད་ཀྱི་མགོ་ཅན༴ ལྷག་མ༴ སོགས། སེམས་དཔའ་ཏྲ་བའི་འོད་ཅན་གྱིས། །མཁའ་འགྲོ་ཁྱི་མགོ་མ་རུ་སྤྲུལ། །སྲིན་མོ་ཁྱིའི་མགོ་ཅན་བཏུལ། །ལྷག་མ༴ སོགས། སེམས་དཔའ་རྡོ་རྗེ་སྙིང་པོ་ཡི། །མཁའ་འགྲོ་ཕག་གདོང་མ་རུ་སྤྲུལ། སྲིན་མོ་ཕག་གི་མགོ་ཅན་བཏུལ། །ལྷག་མ༴ སོགས། སེམས་དཔའ་ནམ་མཁའི་མཛོད་ཀྱི་ནི། །མཁའ་འགྲོ་རྔ་མོང་མགོ་རུ་སྤྲུལ། །སྲིན་མོ་རྔ་མོང་མགོ་ཅན་བཏུལ། །ལྷག་མ༴ སོགས། སེམས་དཔའ་འོད་དཔག་མེད་ཀྱི་ནི། །མཁའ་འགྲོ་བོང་བུའི་མགོ་ཅན་སྤྲུལ། །སྲིན་མོ་བོང་བུའི་མགོ་ཅན་བཏུལ། །ལྷག་མ༴ སོགས། སེམས་དཔའ་ངན་སོང་ཀུན་འབྱུང་གི། །མཁའ་འགྲོ་ར་མགོ་མ་རུ་སྤྲུལ། །སྲིན་མོ་རའི་མགོ་ཅན་བཏུལ། །ལྷག་མ༴ སོགས། སེམས་དཔའ་རྒྱལ་བའི་ཡེ་ཤེས་ཀྱི། །མཁའ་འགྲོ་བྱི་བའི་མགོ་རུ་སྤྲུལ། །སྲིན་མོ་བྱི་བའི་མགོ་ཅན་བཏུལ། །ལྷག་མ༴ སོགས། སེམས་དཔའ་བློ་གྲོས་མི་བཟད་པས། །མཁའ་འགྲོ་ཀེང་རུས་མ་རུ་སྤྲུལ། །སྲིན་མོ་ཀེང་རུས་འཛིན་མ་བཏུལ། །ལྷག་མ་བྱིན་རླབས༴ རྡོ་རྗེའི་དམ་ལ་བྲོ་བསྐྱལ་ཏེ། །གཏན་གྱི་བྲན་དུ་མཆིས་ཀྱི་འཚལ། །སྔོན་གྱི་ཁས་བླངས་དམ༴ ལས་ཀྱི་ལྷག་མ་འདི་ལོང་ལ། །ཁས་བླང་དམ་བཅའ་ཅི་བཞིན་དུ། །བཅོལ་བའི༴ ཕྱིའི་དཀྱིལ༴ སེམས་མ་སྤོབས་པ་བརྩེགས་པ་ཡི། །མཁའ་འགྲོ་རུས་ཕྲེང་ཅན་དུ་སྤྲུལ། །སྲིན་མོ་རུས་པའི་ཕྲེང་ཅན་བཏུལ། །ལྷག་མ༴ སོགས། བྱང་ཆུབ་སེམས་དཔའ་བྱམས་པ་ཡི། །མཁའ་འགྲོ་པུརྞ་མ་རུ་སྤྲུལ། །སྲིན་མོ་པུརྞའི་ཆུང་མ་བཏུལ། །ལྷག་མ༴ སོགས། སེམས་དཔའ་ངན་སོང་ཀུན་འདྲེན་གྱི། །མཁའ་འགྲོ་རྣམ་པར་འཇོམ་མར་སྤྲུལ། །གཤིན་རྗེ་རྣམ་འཇོམས་ཆུང་མ་བཏུལ། །ལྷག་མ༴ སོགས། སེམས་དཔའ་སྤོས་ཀྱི་གླང་པོ་ཡི། །མཁའ་འགྲོ་དྷ་ཤ་གྷྲཾ་བར་སྤྲུལ། །དྷ་ཤ་གྷྲི་བའི་ཆུང་མ་བཏུལ། །ལྷག་མ༴ སོགས། བྱང་སེམས་དོན་ཡོད་གྲུབ་པ་ཡི། །མཁའ་འགྲོ་འབོད་སྲོག་མ་རུ་སྤྲུལ། །གནོད་སྦྱིན་འབོད་སྲོག་ཆུང་མ་བཏུལ། །ལྷག་མ༴ སོགས། ཧཱུྃ། དཔལ་ཆེན་རཀྴ་ཧེ་རུ་ལ། །ཕོ་ཉའི་ཚོགས་ཀྱི་བསྐོར་བ་ནི། །འོད་ཟེར་སུམ་བརྒྱ་དྲུག་ཅུ་ལས། །ཕོ་ཉ་སུམ་བརྒྱ་དྲུག་ཅུ་སྤྲུལ། །ཤར་དུ་འོད་ཟེར་དཀར་པོ་ལས། །དུང་གི་མི་མོ་དྲུག་ཅུར་སྤྲུལ། །དྲི་ཟའི་གདོན་ཚོགས་དྲུག་ཅུར་བཏུལ། །ལྷག་མ༴ ལྷོ་རུ་འོད་ཟེར་སྔོན་པོ་ལ། །ལྕག་གི་མི་མོ་དྲུག་ཅུར་སྤྲུལ། །གཤིན་རྗེའི་གདོན་ཚོགས་དྲུག་ཅུར་བཏུལ། ལྷག་མ་བྱིན་རླབས༴ རྡོ་རྗེའི༴ གཏན་གྱི་བྲན་དུ་མཆིས་ཀྱི་འཚལ། །སྔོན་གྱི་ཁས་བླང་༴ ལས་ཀྱི་ལྷག་མ༴ ཁས་བླང་དམ་བཅས༴ བཅོལ་བའི༴ ཕྱིའི་དཀྱིལ་འཁོར་མཐའ་སྲུངས་ཤིག །ཧཱུྃ། ནུབ་ཏུ་འོད་ཟེར་དམར་པོ་ལས། །ཟང་གི་མི་མོ་དྲུག་ཅུར་སྤྲུལ། །ཀླུ་ཡི་གདོན་ཚོགས་དྲུག་ཅུ་བཏུལ། །ལྷག་མ༴ སོགས། བྱང་ཏུ་འོད་ཟེར་ལྗང་ཀུ་ལས། །གཡུ་ཡི་མི་མོ་དྲུག་ཅུ་སྤྲུལ། །གནོད་སྦྱིན་གདོན་ཚོགས་དྲུག་ཅུ་བཏུལ། །ལྷག་མ༴ སོགས། སྟེང་དུ་འོད་ཟེར་སྔོན་པོ་ལས། །གསེར་གྱི་མི་མོ་དྲུག་ཅུར་སྤྲུལ། །ཡ་བདུད་གདོན་ཚོགས་དྲུག་ཅུ་བཏུལ། །ལྷག་མ༴ སོགས། འོག་ཏུ་འོད་ཟེར་སྣ་ཚོགས་ལས། །བསེའི་མི་མོ་དྲུག་ཅུ་སྤྲུལ། །མ་མོའི་གདོན་ཚོགས་དྲུག༴ ལྷག་མ༴ སོགས༴ ཧཱུྃ། དཔལ་ཆེན་རཀྴ་ཧེ་རུ་ལ། །གིང་ཆེན་ཚོགས་ཀྱིས་བསྐོར་བ་ནི། །དཔལ་ཆེན་ཧེ་རུ་ཀ་བཞད་པས། །རྡོ་རྗེ་གིང་ཆེན་བཅོ་བརྒྱད་སྤྲུལ། །གདོན་གྱི་རྒྱལ་པོ་བཅོ་བརྒྱད་བཏུལ། །ལྷག་མ་བྱིན༴ སོགས། ཧཱུྃ། དཔལ་ཆེན་རཀྴ ཧེ་རུ་ལ། །མ་བདུན་ཚོགས་ཀྱི་བསྐོར་བ་ནི། །དཔལ་ཆེན་ཐུགས་ཀྱིས་སྦྱོར་བ་ལས། །ཡི་གེ་ཧཱུྃ་བདུན་སྤྲོས་པ་ལས། །གསང་བའི་མ་མོ་བདུན་དུ་སྤྲུལ། །སྲིན་མོ་ཆེན་མོ་བདུན་པོ་བཏུལ། །ལྷག་མ༴ སོགས། ཧཱུྃ། དཔལ་ཆེན་རཀྴ་ཧེ་རུ་ལ། །སྲིང་མོ་བཞི་ཡི་བསྐོར་བ་ནི། །གླིང་བཞི་དབང་བསྒྱུར་ཆེན་མོ་ཡི། །སྲིང་མོ་ཆེན་མོ་བཞི་རུ་སྤྲུལ། །བགེགས་ཀྱི་རྒྱལ་པོ་བཞི་པོ་བཏུལ། །ལྷག་མ་བྱིན་རླབས་དམ་ལ་བཏགས། །རྡོ་རྗེའི་དམ་ལ་བྲོ་བསྐྱལ་ཏེ། །གཏན་གྱི་བྲན་དུ་མཆིས་ཀྱི་འཚལ། །སྔོན་གྱི་ཁས་བླང་༴ ལས་ཀྱིས་ལྷག་མ༴ ཁས་བླང་དམ་བཅས་ཅི་བཞིན་དུ། །བཅོལ་བའི༴ ཕྱིའི་དཀྱིལ་འཁོར་མཐའ་སྲུངས་ཤིག །ཧཱུྃ། བཅོམ་ལྡན་རྡོ་རྗེ་མི་བསྐྱོད་པས། །དཔལ་ཆེན་བཛྲ་ཧེ་རུ་སྤྲུལ། །དབུས་ཀྱི་ཡི་དྭགས་དྲེག་པ་བཏུལ། །ལྷག་མ༴ སོགས། བཅོམ་ལྡན་རྣམ་པར་སྣང་མཛད་ཀྱི། །དཔལ་ཆེན་བྷུདྡྷ་ཧེ་རུ་སྤྲུལ། །ཤར་གྱི་དྲི་ཟ་སྲིན་མོ་བཏུལ། །ལྷག་མ༴ སོགས། བཅོམ་ལྡན་རིན་ཆེན་འབྱུང་ལྡན་གྱི། །དཔལ་ཆེན་རཏྣ་ཧེ་རུ་སྤྲུལ། །ལྷོའི་གཤིན་རྗེ་སྲིན་པོ་བཏུལ། །ལྷག་མ༴ སོགས། བཅོམ་ལྡན་སྣང་བ་མཐའ་ཡས་ཀྱི། །དཔལ་ཆེན་པདྨ་ཧེ་རུ་སྤྲུལ། །ནུབ་ཀྱི་ཀླུའི་གདོན༴ ལྷག་མ༴ སོགས། བཅོམ་ལྡན་དོན་ཡོད་གྲུབ་པ་ཡི། །དཔལ་ཆེན་ཀརྨ་ཧེ་རུ་སྤྲུལ། །བྱང་གི་གནོད་སྦྱིན་སྲིན་པོ་བཏུལ། །ལྷག་མ༴ སོགས། རིགས་ཀྱིས་ཡུམ་ཆེན་ལྔ་རྣམས་ཀྱི། །ཁྲོ་མོ་ཆེན་མོ་ལྔ་རུ་སྤྲུལ། །སྲིན་མོ་ཆེན་མོ་ལྔ་རྣམས་བཏུལ། །ལྷག་མ་བྱིན་རླབས་དམ་ལ་བཏགས། །སྔོན་གྱི་དམ་ལ་མ་གཡེལ་བར། །བཀའ་ཡི་གཏོར་མ་འདི་བཞེས་ལ། །ཐུགས་དམ་ཆེན་པོ་ཅི་བཞིན་དུ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་མཛོད། །ཅེས་བྱའོ། །དེ་ནས་ཕྱག་རྒྱས་པར་འཚལ། ཁྲོ་བཅུའི་མཚམས་བཅད། ཡེ་ནས་མཉམ་ཉིད་ཀྱི་བཤགས། ཀུན་བཟང་གི་དམ་བཅས། བྱིན་དབབ། མཆོད་པ་བྱིན་གྱིས་རློབས་སོ། །དེ་ནས་བུམ་པ་བསྐྱེད་པ་ནི། ༀ་ཤུ་ནྱེ་ཏ་ཛྙཱ་ན་དྷརྨ་དྷརྟུ་སྭ་བྷཱ་ཝ་ཨདྨ་ཀོ྅་ཧྃ། ཨེ་ཡཾ་བཾ་སུཾ། མེ་རཾ་སྥ་ར་ཎ། སཾ་ཧ་ར་ཎ། ཨེ་ཨ་ཀྵ་མཎྜལ། ཡཾ་ས་ཡུ་ཏ་མཎྜལ། བྃ་ཨ་མྲྀ་ཏ་མཎྜལ་ལ། པཾ་ཀུནྡྷ་ལི་མཎྜལ། སུ་པ་པ་ཏ་མཎྜལ་ལཾ་རཏྣ་བྷ་ཝ་མཎྜལ། རྃ་བཛྲ་ཛྭ་ལ་མཎྜལ། བྷྲཱུྃ་སྥ་ར་ཎ། སཾ་ཧ་ར་ཎ། བྷྲཱུྃ་བི་ཤུདྡྷེ་ཨ་ཀར་ཤུདྡྷེ་དུ་ཏི་རཏྣ་སུརྱ་ཙན་ཏྲ་པདྨ་མཎྜལ་ཧཱུྃ་ༀ་ཏྲཾ་ཧྲཱིཿཨཱཿ སྤྲོ་བསྡུ། བཛྲ་ཙཀྲ་རཏྣ། པདྨ། ཁརྒ་གྷེནྡྷེ་སྥ་ར་ན། པྃ༴ ཧཱུྃ་བཛྲ་དྷིག །མུྃ་དྷ་དུ་ཤྭ་རི་ནས། ཏྃ་བཛྲ་ར་ཏི་སྟྭྃ། ༀ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷརྟུ་ཨཱཿ ཧཱུྃ་ༀ་སྭ་ཨཾ་ཧ། ༀ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་ཏ་ན༴ ཨ་ད་རི་ཤ་ས་མན་ཏ་པྲ་ཝེ་ཤ༴ ཀྲི་སྟ་ཨ་ནུ་སྟ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨདྨ་ཀ྅་ཧཾ། ༀ་ཨཱཿཧཱུྃ་སྭཱ་ཧཱ། སྤྲོ་བསྡུ། ༀ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་ཝཀ་ཙིཏྟ་ཨ་ནུ་ར་ག །པུཙྪ་བཛྲ་སྭ་བྷ་ཝ་ཨདྨ་ཀོ྅་ཧྃ། ཞེས་བརྗོད། བུམ་རྫས་ཚང་བ་བླུག །ཁ་རྒྱན་མགུལ་ཆིང་གཟུངས་ཐག་ཅན་དུ་དབང་བསྐུར། བརླབས། དྲངས། བསྟིམ། བརྟན། ཨ་ཏི་པུ་ཧོཿ པྲ་ཏི་ཛ་ཧོས་ཕྱག་བྱ། འདི་ནི་རྒྱལ་བས་མཆོད། སྨན་མཆོད་སྔགས་ཀྱི་སངས་རྒྱས་བཞི་བཅུ་རྩ་གཉིས་ལ་འབུལ། བྷ་ལིདྟས་གཏོར་མ་ལྷག་པ་ཏིང་འཛིན་དང་། སྦྱོར་སྒྲོལ་འདོད་ཡོན་གླུ། ཡེ་ཤེས་དང་རྒྱལ་བ་རྒྱ་མཚོ་ལྔའི་སྨོན་ལམ་བཏབ་ལ། བུམ་པ་ནུབ་ཏུ་འགོད། དེ་ནས་ཆུ་བདུན་ཚན་གཉིས་པ་བརྟག་པ་གསུམ་གྱིས་བྱིན་བརླབ་བྱས་ལ། བྱང་དུ་འགོད། དེ་ནས་རྒྱལ་ཐེབ་ཀྱི་རྩ་བ་ལས་ཀྱི་ཞི་ཁྲོའི་གཞུང་བསྲང་། ཞི་ཁྲོའི་དལ་བསྐྱེད། ཡེ་ཤེས་ལྔས་དབང་བསྐུར། རང་བཞིན་གྱི་དལ་སྤྱན་དྲངས། འདོད་པའི་དོན་ལ་གསོལ་བ་གདབ་པ་ཡན་ཆད་བྱ། རྒྱས་པའི་སྦྱིན་སྲེག་བྱ། ཚོགས་འབུལ། སྔོན་འགྲོའི་ཚོགས་བསགས། གཉིས་པ་ཏིང་འཛིན་གྱི་དལ་བསྐྱེད་པ་ནི། རང་རྡོ་རྗེ་གཞོན་ནུར་བསྐྱེད་ལ། མ་སུརྱ་མཎྜལ་ཞེས་པས་ཕྱོགས་བཅུར་ཉི་མའི། སུམ་བྷ་ནི་ལྷ་བཅུ་ཕྱོགས་བཅུའི་གདན་ལ་ཁྲོ་བོ་བཅུ་བསྒོམ། བསྐུལ་བ་ནི། ཧཱུྃ། དབང་མཆོག་བསྒྲུབ་པའི་དཀྱིལ་འཁོར་དུ། །ང་ནི་དཀྱིལ་འཁོར་ལས་བྱེད་ཀྱི། །ཕྱོགས་སྐྱོང་བཅུ་པོའི་མནན་པ་དང་། །འཁོར་གྱི་གདོན་ཚོགས་མ་ལུས་ཀུན། །དུས་གསུམ་སངས་རྒྱས་བཀའ་བྱུང་གི། །འདི་རུ་མ་འདུག་གཞན་དུ་དེངས། །ༀ་བཛྲ་ཀྲོ་ཏ་ཤྲཱི་ཧེ་རུ་ཀ་ཧཱུྃ། ཨ་ཨ་ཨ་ཧཱུྃ་ཕཊ། རང་བཛྲ་ཧེ་རུ་ཀར་བསྐྱེད་ལ། ༀ་བཛྲ་ཀྲོ་ཏ་ཧཱུྃ་ཀ་ར་ཧཱུྃ་གརྫ་གརྫ་ཧཱུྃ་ཕཊ། སོགས་བརྗོད་ལ། ཕུར་པ་ཕྱོགས་བཅུར་གདབ་བོ། །དེ་ནས་གསང་བའི་དྲི་སྦྱངས་བདག་ཉིད་ཀུན་བཟང་ཡབ་ཡུམ་སྦྱོར་བའི་མཁའ་ནས་རྡོ་རྗེ་སེམས་དཔའ་མདུན་དུ་ཕྱུང་ལ། རྡོ་རྗེ་སེམས་དཔའ་ཐུགས་ཀའི་ཧཱུྃ་ལ་རྃཡྃ་ཁྃ་གི་དཀྱིལ་འཁོར་གྱི་དངོས་མཚན་སྦྱངས་ལ་སྨོན་ལམ་གདབ་པ་ནི། ན་མོ། མི་གནས་པའི་ཡེ་ཤེས་ཆེན་པོའི་བདག་ཉིད་ཕྱག་རྒྱའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་བདག་ལ་གསན་ཅིང་དགོངས་སུ་གསོལ། ད་ལྟ་ཡང་བདག་ཅག་གི་མཐའ་ཡས་པའི་སེམས་ཅན་ཐམས་ཅད་འཁོར་བ་ལས་བསྒྲལ་བའི་ལྷ་ཚོགས་རྣམས་ལ་རབ་ཏུ་གནས་པའི་ཕྲིན་ལས་བགྱི་བར་འཚལ་བས། དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། བདག་ལ་མཐུ་བསྟན་དུ་གསོལ། བྱིན་གྱིས་བརླབ་ཏུ་གསོལ། དབང་བསྐུར་དུ་གསོལ། རབ་གནས་ཡེ་ཤེས་ཀྱི་སྣང་བ་ཐོབ་པར་མཛད་དུ་གསོལ། ཅེས་པས་ཕྲེང་བ་དལ་དུ་དོར། རཏྣ་མ་ལེ་ཨ་བྷི་ཥིཉྩ་ཧཱུྃ། དམ་ཚིག་གི་ཕྱག་རྒྱས་བླང་སྟེ་མ་གོར་བཅིང་། ཐལ་མོ་ཁོག་སྟོང་དུ་བསྒྱུར། ཤུཛྙཱ་ན་བདུན་བརྗོད་པས་གཟུགས་བརྙན་གྱི་དལ་ཆོས་ཉིད་རྣམ་པར་དག་པའི་ཀློང་སྟོང་པ་ཉིད་ཀྱི་སེམས་སུ་བསྒོམས། ཡང་རྡོར་སེམས་ཀྱི་ཐུགས་ཀ་ནས་འབྱུང་བ་རིམ་བརྩེགས་ལ་བྷྲཱུྃ་སྨུག་ནག་ལས་འདུས་པ་ཆེན་པོའི་དལ་བསྐྱེད། ཡང་ཐུགས་ཀ་ནས་ཧཱུྃ་བཅོ་བརྒྱད་ཕྱུང་ལ་ཧེ་རུ་ཀ་དགུ །ཧ་བརྒྱད་ལས་ཀོའུ་རི་བརྒྱད། ཧེ་བརྒྱད་ལས་སེང་ཧ་བརྒྱད། ཕཊ་བཞི་ལ་སྒོ་མ་བཞི། མ་བརྒྱད་ལས་སྤོར་མ་བརྒྱད། ཛཿཧཱུྃ་བྃ་ཧོ་ལས། གསང་ཡུམ་བཞི། བྷྱོ་ཉེར་བརྒྱད་ལས་དབང་ཕྱུག་མ་སྟེ་ཁྲག་འཐུང་རྩ་བའི་དལ་བསྐྱེད། ཨེ་སོ་གཉིས་ལས་ཕྲིན་ལས་མྱུར་མགྱོག་གི་དལ་བསྐྱེད། ཧཱུྃ་དྲུག་ཅུ་ལས་ཁྲོ་བོ་རོལ་པའི། ཛཿཧཱུྃ་བྃ་ཧོ། ལས་མྱུར་མགྱོག་འགྲོ་ཡིད་ཀྱི་དལ་བསྐྱེད། མ་དྲུག་ཅུ་ལས་དམ་ཚིག་རྒྱ་མཚོའི་དལ། ཛ་བརྒྱད་ལས་སྒྲོལ་གིང་གི་དཀྱིལ་འཁོར། བྷྱོ་བཅུ་གཅིག་ལས་མ་བདུན་སྲིང་བཞི་དམ་ཚིག་གི་དལ་བསྐྱེད་དོ། །དེའི་སྟེང་དུ་ཡང་རྡོར་སེམས་ཀྱི་ཐུགས་ཀ་ནས་ཞི་བའི་དལ་བསྐྱེད། ཞི་ཁྲོ་གཉིས་ཀ་དུས་གཅིག་ཏུ་དབང་བསྐུར་ལ། ༀ། རིན་ཆེན་བུམ་པས་དབང་བསྐུར་བས། །དབང་ཆེན་རྡོ་རྗེའི་སྐུ་བསྒོམ་སྟེ། །ཡེ་ཤེས་ལྔ་ཡི་རང་བཞིན་གྱི། །དབང་བསྐུར་ཆོས་དབྱིངས་གསལ་བར་ཤོག །ༀ་མ་ཧཱ་ཤུ་ཛྙཱ་ན་ཨ་དྷ་རི་ཤ །ས་མནྟ་པྲ་ཏ་པྲ་ཝེ་ཤ་ཡ་ཏྲི་ཏ། ཨ་ནུ་ཏ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨདྨ་ཀོ྅ཧྃ། ན་མོ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཞིང་ཁམས་དག་པ་མི་བཟད་པ་རྒྱན་གྱི་འཁོར་ལོའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱི། འདུས་པ་ཆེན་པོའི་ལྷ་རྣམས་ལ་ཡེ་ཤེས་ལྔས་དབང་བསྐུར་བས། རྣམ་པར་ཤེས་པ་བརྒྱད་ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་ནས། ཕྱོགས་བཅུའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམས་དང་། ཡོན་ཏན་གྱི་བདག་པོ་རང་སྲིད་པ་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་ཐོབ་པར་གྱུར་ཅིག །ཅེས་པ་ཡན་ཆད་ཏིང་ངེ་འཛིན་གྱི་དལ་བསྐྱེད་པའོ། །དེ་ནས་གསུམ་པ་ཡེ་ཤེས་ཀྱི་དལ་སྤྱན་དྲངས་པ་ནི། སྤོས་ཆེན་གྱི་དུད་པ་བཏང་། རོལ་མོ་སྒྲ་བྱས་ལ། ༀ། ཆོས་ཀུན་རིག་པ་རང་སྣང་བའི། །རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་དང་། །ཁམས་གསུམ་མ་ལུས་བདལ་བའི་ཕྱིར། །ཁྲག་འཐུང་དཀྱིལ་འཁོར་དངོས་དང་བཅས། །རྡོ་རྗེ་འཆང་གྲལ་རིམ་བགྲོད་པའི། །རྣལ་འབྱོར་ཆེན་པོ་རིག་འཛིན་རྣམས། །སྨོན་ལམ་དམ་ཚིག་ལུང་བཞིན་དུ། །གནས་འདིར་མ་ལུས་གཤེགས་སུ་གསོལ། །ༀ། ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ནས། །སྤྲིན་དཔུང་བཞིན་དུ་གཤེགས་སུ་གསོལ། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །གཞལ་ཡས་ཆེན་པོའི་གནས་མཆོག་ནས། །རྒྱལ་བ་འཁོར་བཅས་མ་ལུས་ཀུན། །ཐུགས་རྗེས་དབང་གི་གཤེགས་སུ་གསོལ། །ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ན། །རྒྱལ་བ་གང་བཞུགས་འཁོར་དང་བཅས། །རྡོ་རྗེ་དམ་ཅན་ཅི་སྙེད་པ། །ཐམས་ཅད་ཀུན་ནས་དགོངས་སུ་གསོལ། །རྒྱལ་བའི་ཐུགས་དམ་བསྐང་བ་དང་། །འཁོར་བ་ཡོངས་སུ་སྦྱོར་བའི་ཕྱིར། །འདུས་པ་ཆེན་པོའི་དཀྱིལ་འཁོར་འདིར། །ཐུགས་དམ་དབང་གི་གཤེགས་སུ་གསོལ། །ༀ་བཛྲ་ས་མ་ཡ་ཧཱུྃ་ཛཿ ཞེས་སྙན་གསན་དབབ། ཐུགས་རྗེའི་ལྕགས་ཀྱུས་ཐུགས་རྗེས་རྒྱུད་བསྐུལ་ཞིང་། བྱམས་པའི་ཞགས་པས་གནས་ནས་སྤྱན་ཡང་འདྲེན། ལྕགས་སྒྲོག་བཀའ་ཡི་ཕོ་ཉའི་གནས་བསྐྱེད་ལ། བདེར་གཤེགས་བཞུགས་ཤིང་རྣམ་གྲོལ་དགྱེས་པ་བསྐྱེད། ཨེ་ཧྱ་ཧིས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོས་བསྟིམ། སེམས་ཅན་དོན་ཕྱིར་དང་། ཀ་ཡ་ཝ་གི་བར་བཞུགས་སུ་གསོལ་ནས། བཛྲ་ས་ཏྭ་ཧཱུྃ། ཞེས་པས་རྡོ་རྗེ་སེམས་དཔའ་རང་ལ་བསྟིམ་པས་དལ་མངའ་གསོལ་བའི་གཟི་བརྗིད་དང་ལྡན་པར་བསམ་མོ། །དེ་ནས་མེ་ལོང་འབུལ་བ་ནི། ཧཱུྃ། མེ་ལོང་དག་ལ་གཟུགས་བརྙན་སྣང་བ་ལྟར། །ཆོས་རྣམས་རང་བཞིན་གདོད་ནས་དག་པ་ལ། །ཆེ་བའི་ཡོན་ཏན་མང་པོ་འབྱུང་གྱུར་ཞིང་། །རྣམ་པར་བྱང་བའི་ཆོས་ཉིད་གསལ་བར་ཤོག །བདེ་བར་གཤེགས་པའི་སྐུ་ལ་མེ་ལོང་ཕུལ་བས། ཀུན་གཞིའི་བག་ཆགས་ཀྱི་གཡའ་དང་བྲལ་ནས་ཆོས་སྐུ་བརྗོད་དུ་མེད་པའི་དོན་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཐོབ་པར་གྱུར་ཅིག །ཅེས་བརྗོད་ལ་གོང་བཞིན་དུ་ཁྲུས་བྱའོ། །དེ་ནས་དབང་པོའི་སྐྱོན་བསལ་བའི་ཆོས་བདུན་བྱ་བ་ནི། གསེར་གྱི་ཐུར་མ་ཐོགས་ལ། ཧཱུྃ། ཁྱད་པར་རྒྱུ་ལས་བྱུང་བ་ཡི། །རིན་པོ་ཆེ་ཡི་ཐུར་མ་ཡི། །སྤྱན་གྱི་དབང་པོའི་སྐྱོན་བསལ་ནས། །སྤྱན་ལྔ་ཡོངས་སུ་རྫོགས་པར་ཤོག །བདེ་བར་གཤེགས་པ་སྐུ་ལ་གསེར་གྱི་ཐུར་མས་སྤྱན་མས་སྤྱན་ཕྱེས་པས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྤྱན་དམ་པ་ཐོབ་པར་གྱུར་ཅིག །སྙན་སྤབ་བསལ་བ་ནི། ཧཱུྃ། རིན་པོ་ཆེ་ཡི་ཐུར་མ་ཡི། །དབང་པོ་སྙན་གྱི་སྐྱོན་བསལ་བས། །སྙན་ལྔ་ཡོངས་སུ་རྫོགས་ཐོབ་སྟེ། །མ་འགགས་སྙན་པ་ཐོབ་པར་ཤོག །བདེ་བར་གཤེགས་པའི་སྐུ་ལ་རིན་པོ་ཆེའི་སྙན་བསལ་བས། སངས་རྒྱས་ཀྱི་སྙན་ཡོངས་སུ་གསན་པ་མ་འགག་པ་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཐོབ་པར་གྱུར་ཅིག །རྨོང་གཟེར་ཐོགས་ལ། རིན་པོ་ཆེན་པོའི་རྨོང་གཟེར་གྱི། །ཤང་གི་དབང་པོའི་སྐྱོན་བསལ་བས། །སེམས་ཀྱི་རྣམ་གྲངས་ཤེས་པར་ཤོག །བདེ་བར་གཤེགས་པའི་སྐུ་ལ་རིན་པོ་ཆེ་རྨོང་གཟེར་གྱི་ཞལ་ཤང་གི་སྤུ་བཏོག་པས། གཞན་སེམས་ཀྱི་རྣམ་གྲངས་ཤེས་པའི་དོན་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཐོབ་པར་གྱུར་ཅིག །ལྗག་བཞར་ཐོགས་ལ། རིན་པོ་ཆེ་ཡི་ལྗག་བཞར་གྱི། །ལྗགས་ཀྱི་དབང་པོའི་སྐྱོན་བསལ་བས། །གསུང་རབ་མ་ལུས་འཆད་པར་ཤོག །བདེ་བར་གཤེགས་པའི་སྐུ་ལ་རིན་པོ་ཆེའི་ལྗག་བཞར་གྱི་དྲི་མ་བསལ་བས། གསུང་རབ་མ་ལུས་པ་འཆད་པའི་དོན་བདག་དང་མཐའ་ཡས་པའི་སོགས། ཚེམས་ཤིང་ཐོགས་ལ། རིན་པོ་ཆེ་ཡི་ཚེམས་ཤིང་གི། །ཚེམས་ཀྱི་དྲི་མ་རབ་གསལ་བས། །མཉམ་པར་བཞག་པ་ཐོབ་པར་ཤོག །བདེ་བར་གཤེགས་པའི་སྐུ་རིན་པོ་ཆེའི་ཚེམས་ཤིང་གི་དྲི་མ་བསལ་བས། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཐོབ་པར་གྱུར་ཅིག །སོ་མང་ཐོགས་ལ། རིན་ཆེན་དུང་གི་སོ་མང་གི། །དབུ་སྐྲ་དྲི་མའི་སྐྱོན་བསལ་བས། །ཚོགས་བརྒྱད་མ་འདྲེས་མཁྱེན་པར་ཤོག །བདེ་བར་གཤེགས་པའི་སྐུ་ལ་དུང་གི་སོ་མང་གི་དབུ་སྐྲ་བཤད་པས་དུག་གསུམ་རྩད་ནས་བཅད་དེ། ཉོན་མོངས་པའི་ཟུང་ངུ་དང་བྲལ་བ་བདག་དང་མཐའ་ཡས༴ སོགས། སེམས་ཆག་ཐོགས་ལ། ཁྱད་པར་རྒྱུ་ལས་བྱུང་བ་ཡི། །རིན་པོ་ཆེ་ཡི་སྤུ་གྲི་ཡི། །དབུ་སྐྲའི་སྐྱོན་རྣམས་བསལ་བྱེད་པས། །ཉོན་མོངས་རྩད་ནས་གཅོད་པར་ཤོག །སྤུ་གྲིས་སྤྲུལ་སྐུ་དབུ་སྐྲ་བཞར་བས། དུག་གསུམ་རྩད་ནས་གཅོད་དེ། ཉོན་མོངས་པའི་ཟུག་རྔུ་དང་བྲལ་ཏེ། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཐོབ་པར་གྱུར་ཅིག །དོན་ལྔ་པ་དངོས་པོ་སྐྱོན་སྦྱང་གི་ཆོས་ལ། མེ་ལོང་གང་ལྟར་འབུལ། ཆུ་བདུན་ཚན་གཉིས་ཀྱི། དང་པོ་ཆུ་གཙང་ལ། རྒྱལ་བའི་སྐུ་ལ་ཉོན་མོངས་མི་མངའ་ཡང་། །སེམས་ཅན་ཉོན་མོངས་བག་ཆགས་སྦྱང་སླད་དུ། །རྒྱལ་བའི་སྐུ་ལ་ཆུ་གཙང་ཁྲུས་གསོལ་བས། །ལས་དང་ཉོན་མོངས་བག་ཆགས་དག་པར་ཤོག །བདེ་བར་གཤེགས་པའི་སྐུ་ལ་ཆུ་གཙང་གི་སྐུ་ཁྲུས་གསོལ་བས། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི། ལས་དང་ཉོན་མོངས་པའི་དྲི་མ་དག་པར་གྱུར་ཅིག །ༀ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་བྷི་ཤྭོ་དྷ་ནི་ཡེ་སྭཱ་ཧཱ། སྤྲུལ་ཆབ་ལ། པུལ་ཏོག་ཆུས། རྒྱལ་བའི་སྐུ་ལ་རབ་རིབ་མི་མངའ་ཡང་། །སེམས་ཅན་མ་རིག་མུན་པ་བསལ་སླད་དུ། །རྒྱལ་བའི་སྐུ་ལ་སྤྲུལ་ཆབ་ཁྲུས་གསོལ་བས། །རྨོང་པའི་རབ་རིབ་མ་ལུས་དག་པར་ཤོག །བདེ་བར་གཤེགས་པ་ལ་སྤྲུལ་ཆབ་ཁྲུས་གསོལ་བས། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཤེས་བྱའི་དྲི་མ་དག་པར་གྱུར་ཅིག །ༀ་སརྦ་ཏ་ཐཱ་ག་ཏ་ཀ་ཡ༴ སོགས། འདག་ཆལ་ལ། ཤུན་ལྔའི་ཆུ། རྒྱལ་བའི་སྐུ་ལ་དྲི་མ་མི་མངའ་ཡང་། །སེམས་ཅན་སྡུག་བསྔལ་མ་ལུས་བསལ་སླད་དུ། །རྒྱལ་བའི་སྐུ་ལ་འདག་ཆལ་ཁྲུས་གསོལ་བས། །ཚུལ་ཁྲིམས་རྣམ་དག་བྱང་ཆུབ་སྐུ་ཐོབ་ཤོག །བདེ་གཤེགས་སྐུ་ལ་འདག་ཆབ་ཀྱི་ཁྲུས་གསོལ་བས། ཚུལ་ཁྲིམས་ཀྱི་ཕུང་པོ་མངོན་པར་བྱང་ཆུབ་པའི་སྐུ་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པའི་དྲི་མ་དག་པར་གྱུར་ཅིག །སརྦ་ཏ་ཐཱ་ག་ཏ་ཀ་ཡ་བྷི་ཤོ་དྷ་ནི་སྭཱ་ཧཱ། འབྲུ་ཆབ་དང་། འབྲུ་ལྔའི་ཆུ། ཧཱུྃ། རྒྱལ་བའི་སྐུ་ལ་བསྙེལ་བ་མི་མངའ་ཡང་། །སེམས་ཅན་མུ་གེའི་སྡུག་བསྔལ་བསལ་བའི་སླད་དུ་རྒྱལ་བའི་སྐུ་ལ་འབྲུ་ཆབ་ཁྲུས་གསོལ་བས། ཏིང་འཛིན་ཕུང་པོ་ཆོས་སྐུ་ཐོབ་པར་ཤོག །བདེ་བར་གཤེགས་པའི་སྐུ་ལ་འབྲུ་ཆབ་ཀྱི་ཁྲུས་གསོལ་བས། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཆོས་སྐུ་བདག་དང་། འགྲེས་སོ། །སརྦ་ཏ་ཐཱ༴ ཅེས་སོ། །སྤོས་ལྔའི་ཆུ། སྤོས་ཆབ་ལ། ཕྲིན་ལས་ལྷུན་རྫོགས་སངས་རྒྱས་སྐུ་གཟུགས་ལ། །སྤོས་ཆེན་དྲི་ཡི་སྐུ་ཁྲུས་འདི་གསོལ་བས། །དྲི་མཆོག་སྟོང་གསུམ་ཀུན་དུ་འབྱུང་བ་དང་། །ཤེས་རབ་ཕུང་པོ་སྤྲུལ་སྐུ་ཐོབ་པར་ཤོག །བདེ་བར་གཤེགས་པའི་སྐུ་ལ་སྤོས་ཆབ་ཀྱི་ཁྲུས་གསོལ་བས། ཤེས་རབ་ཀྱི་ཕུང་པོ་སྤྲུལ་པའི་སྐུ་བདག་དང༴ སརྦ་ཏ་ཐཱ༴ སྨན་ལྔའི་ཆུ། སྨན་ཆབ་ལ། རྡོ་རྗེའི་སྐུ་མཆོག་ནམ་མཁའི་རང་བཞིན་ལ། །དྲི་མེད་སྨན་ཆབ་སྐུ་ཁྲུས་འདི་གསོལ་གྱི། །ཉོན་མོངས་སྡུག་བསྔལ་ནད་འཇོམས་རྒྱལ་པོ་འདི། །རྣམ་གྲོལ་ཕུང་པོའི་རྡོ་རྗེའི་སྐུ་ཐོབ་ཤོག །བདེ་བར་གཤེགས་པའི་སྐུ་ལ། སྨན་ཆབ་འདི་གསོལ་བས། བྲམ་ཟེའི་སྐུ་རྣམ་པར་གྲོལ་བའི་ཕུང་པོ་དང་། རྡོ་རྗེའི་སྐུ་བདག་དང་མཐའ་ཡས་པའི༴ འགྲེས་སོ། །སརྦ་ཏ་ཐཱ༴ རིན་པོ་ཆེའི་ཆབ་ལ། རིན་པོ་ཆེའི་ཆུ། ཆོས་རྣམས་ཡོངས་སུ་རྫོགས་པའི་སྐུ་མཆོག་ལ། །རིན་ཆེན་ཆབ་ཀྱི་སྐུ་ཁྲུས་འདི་གསོལ་བས། །ཡིད་བཞིན་ནོར་ལྟར་མ་ལུས་རེ་བསྐང་བས། །ཡེ་ཤེས་ཕུང་པོ་ལོངས་སྤྱོད་རྫོགས་པར་ཤོག །བདེ་བར་གཤེགས་པའི་སྐུ་ལ། རིན་པོ་ཆེའི་ཆབ་ཀྱི་སྐུ་ཁྲུས་གསོལ་བས། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ལོངས་སྤྱོད་རྫོགས་པའི་སྐུ་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི། ལས་དང་ཉོན་མོངས་པའི་དྲི་མ་དག་པར་གྱུར་ཅིག །དེ་དག་ནི་ཆུ་བདུན་གྱི་སྐུ་ཁྲུས་གསོལ་བའོ། །སྐུ་ཕྱི་བ་ནི། ཧཱུྃ། ཐུགས་རྗེ་ལྷུན་རྫོགས་སངས་རྒྱས་སྐུ་གཟུགས་ལ། །སྲིད་ཞུ་གུས་ཕྱིར་རས་ཀྱི་སྐུ་ཕྱིས་པས། །ལས་དང་ཉོན་མོངས་བག་ཆགས་ཀུན་བྱང་ནས། །ལོངས་སྤྱོད་རྣམ་པར་དག་པའི་སྐུ་ཐོབ་ཤོག །བདེ་བར་གཤེགས་པའི་སྐུ་ལ། རས་ཁ་ཚར་མ་ཉམས་པར་སྐུ་ཕྱིས་པས། །གཟུགས་བརྙན་ལས་བྱུང་བའི་དྲི་མ་ཐམས་ཅད་དང་བྲལ་ནས། ལོངས་སྤྱོད་རྣམ་པར་དག་པའི་སྒོ་བདག་དང་མཐའ་ཡས་པའི༴ སོགས། སརྦ་ཏ་ཐཱ༴ དེ་ནས་ཁྲོ་བོའི་དབང་པོའི་སྐྱོན་བསལ་གྱི་ཆོས་བདུན་ཏེ། ཐུར་མ་ཐོགས་ཏེ། ཧཱུྃ། ཁྲག་འཐུང་སྤྱན་མ་སྒྲིབ་པ་མི་མངའ་ཡང་། །རྣལ་འབྱོར་འགྲོ་དྲུག་བག་ཆགས་བསལ་བྱའི་ཕྱིར། །གསེར་གྱི་ཐུར་མས་སྤྱན་གྱི་སྐྱོན་བསལ་ཏེ། །སྲིད་གསུམ་ཡེ་ཤེས་སྤྱན་དུ་གསལ་གྱུར་ཅིག །ༀ་བཛྲ་ཙཀྵུ་ས་མན་ཏ་བྷི་ཏ་ཡ་སྭཱ་ཧཱ། ཁྲག་འཐུང་རོལ་བའི་དཀྱིལ་འཁོར་དུ། ལྷ་ཚོགས་ཀྱི་སྤྱན་གྱི་ཉེས་པ་བསལ་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི། སྤྱན་བདག་དང་མཐའ་ཡས༴ འགྲེས་སྙན་བྲུད་ལ། ཧཱུྃ། ཁྲག་འཐུང་སྙན་ལ་འགགས་པ་མི་མངའ་ཡང་། །རྣལ་འབྱོར་འགྲོ་དྲུག་བག་ཆགས་བསལ་བའི་ཕྱིར། །དངུལ་གྱི་ཐུར་མས་སྙན་གྱི་སྐྱོན་བསལ་ཏེ། །ཁམས་གསུམ་སྒྲ་རྣམས་དུས་གཅིག་གསལ་གྱུར་ཅིག །ༀ་སྲོག་སྲུང་པྲ་ཝེ་ཤ་ཡ་སྭཱ་ཧཱ། སྙན་གྱི་ཉེས་པ་བསལ་ནས་སྲིད་གསུམ་སེམས་ཅན་ཐམས་ཅད་ཆོས་སྒྲ་ཆེན་པོ་ཐོས་ནས། ཤེས་རྒྱུད་གྲོལ་བ་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཐོབ་པར་གྱུར་ཅིག །སྨད་གཟེར་ལ། ཁྲག་འཐུང་ཤང་ལ་ཉེས་སྐྱོན་མི་མངའ་ཡང་། །རྣལ་འབྱོར་འགྲོ་དྲུག་བག་ཆགས་བསལ་བའི་ཕྱིར། །ལྕགས་ཀྱི་སྨད་གཟེར་ཤང་གི་སྐྱོན་བསལ་བས། །ཁམས་གསུམ་དྲི་རྣམས་དུས་གཅིག་གསལ་གྱུར་ཅིག །ༀ་ཤྲཱི་ཡཾ་སྲུང་སྭཱ་ཧཱ། སྨད་གཟེར་གྱི་ཤིང་གི་སྤུ་བཏོག་པས་དུག་ལྔ་ཡེ་ཤེས་སུ་གྲོལ་ནས། ཆོས་ཉིད་ཀྱིས་དྲིས། བདག་དང་མཐའ་ཡས༴ སོགས། ལྗགས་བཞར་ལ། ཁྲག་འཐུང་ལྗགས་ལ་ཉེས་སྐྱོན་མི་མངའ་ཡང་། །རྣལ་འབྱོར་འགྲོ་དྲུག་བག་ཆགས་བསལ་བའི་ཕྱིར། །གསེར་གྱི་ལྗགས་བཞར་ལྗགས་ཀྱི་སྐྱོན་བསལ་བས། ཁམས་གསུམ་སེམས་ཅན་ཆོས་ཀྱི་རོ་ཚོར་ཤོག །ལྗགས་ཀྱི་ཉེས་སྐྱོན་བསལ་བས་ཆོས་ཉིད་ཀྱི་རོ་ཚོར་ཏེ་རང་སར་གྲོལ་བས། བདག་དང་མཐའ་པའི༴ རུས་པའི་ཚེམས་ཤིང་ལ། ཁྲག་འཐུང་ཚེམས་ལ་ཉོན་མོངས་མི་མངའ་ཡང་། །རྣལ་འབྱོར་འགྲོ་དྲུག་བག་ཆགས་བསལ་བའི་ཕྱིར། །རུས་པའི་ཐུར་མས་ཚེམས་ཀྱི་ཉེས་བསལ་བས། །འཁོར་བའི་དུག་གསུམ་རྩད་ནས་ཆོད་གྱུར་ཅིག །ༀ་ད་ཧ་ཏ་སྭཱ་ཧཱ། ཚེམས་ཀྱི་ཉེས་སྐྱོན་བསལ་བས་དུག་གསུམ་རྩད་ནས་ཆོད་པ་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཐོབ་པར་གྱུར་ཅིག །དུང་གི་སོ་མང་ལ། ཁྲག་འཐུང་སྐུ་ལ་ཉེས་སྐྱོན་མི་མངའ་ཡང་། །རྣལ་འབྱོར་འགྲོ་དྲུག་བག་ཆགས་བསལ་བའི་ཕྱིར། །དུང་གི་སོ་མང་གི་དབུ་བཤད་པས། སྲིད་གསུམ་ལོངས་སྤྱོད་རྫོགས་སྐུ་ཐོབ་པར་ཤོག །ༀ་མ་ནུ་སཾ་སྭཱ་ཧཱ། དབུ་སྐྲ་བཤད་པས། ཐབས་ཤེས་མ་འདྲེས་པས་འགྲོ་བའི་དོན་བྱེད་པ་བདག་དང་མཐའ་ཡས༴ སོགས། ཆན་པ་ཐོགས་ལ། ཁྲག་འཐུང་སྐུ་ལ༴ རྣལ་འབྱོར་འགྲོ་དྲུག༴ གསེར་གྱི་ཆན་པས་ཞལ་གྱི་སྤུ་བྲེག་པས། །སྤྲུལ་པ་སྐུ་ཡི་དབང་པོ་ཐོབ་གྱུར་ཅིག །ༀ་ནིར་མ་ཀ་ཡ་སྭཱ་ཧཱ། ཞལ་གྱི་སྤུ་བྲེག་པས་བག་ཆགས་རྩད་ནས་ཆོད་དེ། རང་བྱུང་ཡེ་ཤེས་བདག་དང༴ སོགས། དེ་དག་གི་དབང་པོ་སྐྱོན་བསལ་ལོ། །དངོས་པོའི་སྐྱོན་སྦྱངས་བ་ནི། ཆོས་བདུན་གྱི་བཀྲུ་ལ། དང་པོ་ཞུན་ཆེན་གྱི་ཆུ་ལ། དོན་དམ་བཅུད་ཀྱི་ཐིག་ལེ་ཆེན་པོ་འདི། །འཇིགས་བྱེད་ཆེན་པོའི་སྐུ་ལ་ཁྲུས་གསོལ་བས། །ལྷན་གཅིག་སྐྱེས་པའི་དྲི་མ་ཀུན་དག་ནས། །བྱང་ཆུབ་སེམས་ཀྱི་རླན་དང་ལྡན་པར་ཤོག །ༀ་བྷོ་དྷི་ཙིཏྟ་ཛྙཱ་ན་བྷི་ཤུདྡྷེ་ཧཱུྃ། འཇིགས་བྱེད་ཆེན་པོའི་སྐུ་ལ་ཞུན་ཆེན་གྱི་ཁྲུས་གསོལ་བས། ལྷན་གཅིག་སྐྱེས་པའི་དྲི་མ་དག་ནས། བདེ་ཆེན་བྱང་ཆུབ་ཀྱི་སེམས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཐོབ་པར་གྱུར་ཅིག །ཐལ་ཆེན་གྱི་ཆུ་ལ། ཧཱུྃ། ལྷག་པའི་ཐལ་བ་ཕྲིན་ལས་རྫོགས་པའི་ཆུས། །འཇིགས་བྱེད་ཆེན་པོའི་སྐུ་ལ་ཁྲུས་གསོལ་བས། །བདག་གཞན་གཉིས་འཛིན་དྲི་མ་ཀུན་སྤང་ནས། །གཉིས་སུ་མེད་པའི་དོན་དང་ལྡན་པར་ཤོག །ༀ་བཛྲ་བི་ས་སྨྲི་ཏི་ཛྙཱ་ན་བྷི་ཤུདྡྷེ་ཧཱུྃ། ཐལ་ཆེན་ཆུས་ཁྲུས་གསོལ་བས། ཀུན་བརྟགས་ཀྱི་དྲི་མ་བསལ་ནས། གཉིས་མེད་ཀྱི་དྲི་མ་བསལ་ནས་གཉིས་མེད་ཀྱི་དོན་བདག༴ བྱང་ཆུབ་སེམས་ཀྱི་ཆུ་ལ། ཧཱུྃ། སྐྱེ་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་འདི། །དཀར་ལ་དག་པ་གཉིས་མེད་ཡེ་ཤེས་ཆེ། །འཇིགས་བྱེད་ཆེན་པོའི་སྐུ་ལ་ཁྲུས་གསོལ་བས། །རྡོ་རྗེ་རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག །ༀ་བཛྲ་བྷོ་དྷི་ཙིཏྟ་ཛྙཱ་ན་བྷི་ཤུདྡྷེ་ཧྃ། བྱང་ཆུབ་སེམས་ཀྱི་ཁྲུས་གསོལ་བས། རྡོ་རྗེ་རིགས་ཀྱིས་དངོས་གྲུབ་དང་མེ་ལོང་ལྟ་བུའི་ཡེ་ཤེས་བདག་དང་མཐའ་ཡས༴ དྲི་ཆེན་གྱི་ཆུ་ལ། ཧཱུྃ། དྲི་ཆེན་གསང་བའི་རྫས་ཆེན་དམ་རྫས་མཆོག །སྐྱེ་འཆི་མེད་པ་རྡོ་རྗེའི་ཆུ། །འཇིགས་བྱེད་ཆེན་པོའི་སྐུ་ལ་ཁྲུས་གསོལ་བས། །དེ་བཞིན་རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག །ༀ་བཛྲ་ཨ་ཡུ་ཛྙཱ་ན་བྷི་ཤུདྡྷེ་ཧཱུྃ། དྲི་ཆེན་ཆུས་ཁྲུས་གསོལ་བས། དེ་བཞིན་གཤེགས་པའི་དངོས་གྲུབ་དང་ཡོད་མེད་ལས་འདས་པ་སྟོང་པ་ཉིད་ཀྱི་ཡེ་ཤེས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཐོབ་པར་གྱུར་ཅིག །མང་སའི་ཆུ་ལ། ཧཱུྃ། ཁམས་གསུམ་རྒྱུ་དྲུག་འཁོར་བའི་སེམས་ཅན་རྣམས། །དུག་གསུམ་བསྒྲལ་བ་ཆེན་པོ་བཅུད་ཀྱི་ཆུ། །འཇིགས་བྱེད་ཆེན་པོའི་སྐུ་ལ་ཁྲུས་གསོལ་བས། །རིན་ཆེན་རིགས་ཀྱིས་དངོས་གྲུབ་ཐོབ་པར་ཤོག །ༀ་བཛྲ་མ་ཧཱ་མཾ་ས་བྷི་ཤུདྡྷེ་ཧཱུྃ། ཤ་ཆེན་གྱིས་ཁྲུས་གསོལ་བས། རིན་ཆེན་རིགས་ཀྱི་དངོས་གྲུབ་དང་མཉམ་པ་ཉིད་ཡེ་ཤེས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཀྱི༴ སོགས། པདྨ་རཀྟའི་ཆུ། པདྨ་རཀྟ་གསང་བའི་དབང་གི་རྫས། །ཆགས་པར་བྱེད་པ་དམར་ལ་དྭངས་པའི་ཆུས། །འཇིགས་བྱེད་ཆེན་པོའི་སྐུ་ལ་ཁྲུས་གསོལ་བས། །པདྨ་རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག །ༀ་པདྨ་རཀྴ་ཏི་ལ་ཀ་བྷི་ཤུདྡྷེ་ཧཱུྃ། པདྨ་རཀྟ་ཁྲུས་གསོལ་བས། །པདྨ་རིགས་ཀྱིས་དངོས་གྲུབ་དང་། །སོ་སོར་རྟོགས་པའི་ཡེ་ཤེས་བདག་དང་མཐའ་ཡས༴ དྲི་ཆུ་ལ། ཧཱུྃ། དྲི་ཆུ་ཀུན་གྱི་སེམས་བྱེད་ལས་ཀྱི་རིགས། །ཐམས་ཅད་དག་བྱེད་བདུད་རྩི་ཆེན་པོའི་ཆུས། །འཇིགས་བྱེད་ཆེན་པོའི་སྐུ་ལ་ཁྲུས་གསོལ་བས། །ལས་ཀྱི་རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག །ༀ་མ་ཧཱ་མ་མ་ཀུ་ཀུ་ཛྙཱ་ན་བྷི་ཤུདྡྷེ་ཧཱུྃ། དྲི་ཆས་ཁྲུས་གསོལ་བས། ལས་ཀྱི་རིགས་ཀྱིས་དངོས་གྲུབ་དང་བྱ་བ་གྲུབ་པའི་ཡེ་ཤེས་བདག༴ རོ་རས་ཀྱི་སྐུ་ཕྱི་བ་ནི། ཧཱུྃ། ཐུགས་རྗེ་ལྷུན་རྫོགས་ཁྲག་འཐུང་དཀྱིལ་འཁོར་ལ། །དུར་ཁྲོད་ཆེན་པོའི་རས་ཀྱི་སྐུ་ཕྱེས་བས། ཤེས་བྱའི་ལས་དང་ཉོན་མོངས་སྒྲིབ་བྱང་ནས། །སྤྱོད་ལམ་རྣམ་པར་དག་པའི་སྐུ་ཐོབ་ཤོག །ༀ་བཛྲ་ཏ་ཐཱ་ག་ཏ་ཛྙཱ་ན་བྷི་ཤུདྡྷེ་ཧྃ། རོ་རས་ཀྱི་སྐུ་ཕྱི་བས། ཤེས་བྱའི་སྒྲིབ་པ་དག་ནས། སྤྱོད་ལམ་རྣམ་པར་དག་པ། །བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཐོབ་པར་གྱུར་ཅིག །དེ་ནི་དངོས་པོ་སྐྱོན་སྦྱོང་ངོ་། །དོན་དྲུག་པ་ཆེ་བའི་ཡོན་ཏན་དང་རྒྱན་ཆས་ཀྱི་མངའ་གསོལ་བ་དང་། བདུན་པ་ཕྱི་ནང་གསང་བ་གསུམ་གྱིས་མཆོད་པ་འབུལ་བ་དྲིལ་བ་ལ་དོན་བཞི་སྟེ། གཟུགས་བྱེ་བྲག་ཏུ་མངའ་གསོལ་བ་དང་། མཛེས་པ་རྒྱན་དུ་མངའ་གསོལ་བ་དང་། ཆེ་བའི་ཡོན་ཏན་ཕུན་སུམ་ཚོགས་པར་མངའ་གསོལ་བ་དང་། མཉེས་མཆོད་བཞེས་པར་མངའ་གསོལ་བའོ། །དང་པོ་གཟུགས་བྱེ་བྲག་ཏུ་མངའ་གསོལ་བ། དབུ། ཞབས། དབུ་སྐྲ། སྨིན་མ། སྐན། ལྗགས། ཚེམས། སྐུ་མདོག །ཕྱག་མཚན་ནོ། །དང་པོ་དབུ་ལ། ༀ་ཨཱཿཧཱུྃ་གསུམ་གྱིས་འཕྲོ་འདུ་ལས། ཧཱུྃ། ལྷག་པའི་གཟུགས་བརྙན་དཀྱིལ་འཁོར་ཆེན་པོ་ནི། །བདེ་གཤེགས་སྐུ་ལ་དབུ་ཡི་མངའ་གསོལ་བས། །རྣམ་པར་ཐར་པའི་དབུ་གསུམ་ཐོབ་ནས་ནི། །ཁམས་གསུམ་ཡོངས་སུ་དག་པར་མཛད་གྱུར་ཅིག །བདེ་བར་གཤེགས་པའི་སྐུ་ལ། དབུ་གསུམ་གྱི་མངའ་གསོལ་བས། ཁམས་གསུམ་དབང་དུ་བསྒྱུར་ཞིང་རྣམ་པར་དག་པའི་དབུ་གསུམ་བདག་དང་༴ ཕྱག་ལ། ༀ་ཨཱཿཧཱུྃ་སྭཱ་ཧཱའི་འཕྲོ་འདུས་ལས། ཧཱུྃ། ལྷག་པའི་གཟུགས་བརྙན་དཀྱིལ་འཁོར་ཆེན་པོ་ཡི། །བདེ་གཤེགས་སྐུ་ལ་ཕྱག་གི་མངའ་གསོལ་བས། །ཡེ་ཤེས་དྲུག་གི་འགྲོ་བའི་དོན་མཛད་ནས། །ཁམས་གསུམ་འགྲོ་དྲུག་རྩད་ནས་གཅོད་པར་ཤོག །བདེ་བར་གཤེགས་པའི་སྐུ་ལ་ཕྱག་གི་མངའ་གསོལ་བས། ཡེ་ཤེས་དྲུག་གི་དོན་རྟོགས་པ་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཐོབ་པར་གྱུར་ཅིག །ཞབས་ལ་ཛ་བཞིའི་འཕྲོ་འདུས་ལས། ཧཱུྃ། ལྷག་པའི་གཟུགས་བརྙན་དཀྱིལ་འཁོར༴ བདེ་གཤེགས་སྐུ་ལ་ཞབས་ཀྱི་མངའ་གསོལ་བས། །རྫུ་འཕྲུལ་རྐང་བཞིའི་འགྲོ་དོན་མཐར་ཕྱིན་ནས། །བདུད་བཞི་མ་ལུས་ཟིལ་གྱི་གནོན་གྱུར་ཅིག །བདེ་བར་གཤེགས་པའི་སྐུ་ལ་ཞབས་ཀྱི་མངའ་གསོལ་བས། རྫུ་འཕྲུལ་རྐང་པ་བཞིའི་བདུད་བཞི་ཟིལ་གྱི་གནོན་པ་བདག་དང་༴ དབུ་སྐྲ་ལ་ཛའི་འཕྲོ་འདུ་ལས། ཧཱུྃ། ལྷག་པའི་གཟུགས་བརྙན་དཀྱིལ་འཁོར་ཆེན་པོ་ཡི། །བདེ་གཤེགས་སྐུ་ལ་སྐྲའི་མངའ་གསོལ་བས། །ཁྱབ་པ་ཐུགས་རྗེ་ཆེན་པོའི་ཕྲིན་ལས་ཀྱི། །ལྟ་བ་མཐར་མི་ལྟུང་དང་ལྡན་པར་ཤོག །བདེ་བར་གཤེགས་པའི་སྐུ་ལ་དབུ་སྐྲ་སྤྱང་ལོ་མཐོན་མཐིང་གི་མངའ་གསོལ་བས། ཁྱབ་བྱེད་ཆེན་པོའི་ཕྲིན་ལས་དང་། མཐའ་བྲལ་གྱི་ལྟ་བ་བདག་དང་༴ སྨིན་མ་ལ་རའི་འཕྲོ་འདུ་ལས། ཧཱུྃ། ལྷག་པའི་གཟུགས་བརྙན༴ བདེ་གཤེགས་སྐུ་ལ་སྨིན་མས་མངའ་གསོལ་བས། །ཐབས་ཆེན་གཡང་བཞི་མཁས་པའི་བྱིན་རླབས་ཀྱི། །གདུལ་བྱའི་འགྲོ་བ་ཆུད་མི་གསན་པར་ཤོག །བདེ་བར་གཤེགས་པའི་སྐུ་ལ་སྨིན་མའི་མངའ་གསོལ་བས། ཐབས་མཁས་ཆེ་བ་གདུལ་བྱ་འདྲེན་པ་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཐོབ་པར་གྱུར་ཅིག །སྤྱན་ལ་ཨ་ཨ་ཧྲཱིཿའི་འཕྲོ་འདུ་ལས། ཧཱུྃ། ལྷག་པའི༴ བདེ་གཤེགས་སྐུ་ལ་སྤྱན་གྱི་མངའ་གསོལ་བས། །སྤྱན་ལྔ་མ་ལུས་ཡོངས་སུ་རྫོགས་ནས་ནི། །རྨོངས་པའི་རབ་རིབ་ཐམས་ཅད་དག་པར་ཤོག །བདེ་བར་གཤེགས་པའི་སྐུ་ལ་སྤྱན་གྱི་མངའ་གསོལ་བས། །ཐམས་ཅད་གསལ་ཞིང་རིག་པ་མ་འགག་པར་མཐོང་བ་བདག་དང་༴ ལྗགས་ལ་ཨའི་འཕྲོ་འདུ་ལས། ཧཱུྃ། ལྷག་པའི་གཟུགས་བརྙན༴ བདེ་གཤེགས་སྐུ་ལ་ལྗག་གི་མངའ་གསོལ་བས། །སྒྲ་སྐད་བསམ་གྱིས་མི་ཁྱབ་བྱེ་བྲག་གི། །གདུལ་བྱ་སེམས་ཅན་ཐམས་ཅད་སྨིན་གྲོལ་ཤོག །བདེ་བར་གཤེགས་པའི་སྐུ་ལ་ཁྱབ་བྱེད་ལྗགས་ཀྱི་མངའ་གསོལ་བས། སྒྲའི་བྱེ་བྲག་གི་སྣ་ཚོགས་པས། གདུལ་བྱ་ཐམས་ཅད་དུས་གཅིག་ལས་སྨིན་པར་མཛད་པས། བདག་དང་མཐའ་ཡས༴ ཚེམས་མཆེ་བ་ལ་ཀླའི་འཕྲོ་འདུ་ལས། ཧཱུྃ། ལྷག་པའི་གཟུགས་བརྙན་དཀྱིལ་འཁོར་ཆེན་པོ་ཡི། །བདེ་གཤེགས་སྐུ་ལ་མཆེ་བས་མངའ༴ སྐྱེ་ཤིའི་སྡུག་བསྔལ་རྩད་ནས་གཅོད་མཛད་ཅིང་། །སྒྲིབ་པ་ཐམས་ཅད་མ་ལུས་ཟད་བྱེད་ཤོག །བདེ་བར་གཤེགས་པའི་སྐུ་ལ་ཚེམས་མཆེ་བས་མངའ་གསོལ་བས། སྐྱེ་ཤིའི་སྡུག་བསྔལ་རྩད་ནས་གཅོད་མཛད་ཅིང་། །སྐུ་མདོག་ལས། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ༀ་ཨཱཿཧཱུྃ་སྭཱ་ཧཱའི་འཕྲོ་འདུ་ལས། ཧཱུྃ། ལྷག་པའི་གཟུགས་བརྙན༴ བདེ་གཤེགས་སྐུ་ལ་སྐུ་མདོག་རྒྱན་གསལ་བས། །མི་འགྱུར་ཆོས་ཉིད་སྐྱོན་གྱི་མ་གོས་དང་། །ཆེ་བའི་ཡོན་ཏན་སྤྱོད་བཞིན་མ་འགག་པ། །སྣ་ཚོགས་རོལ་པའི་རྒྱན་དུ་ཤར་ནས་ནི། །ཕྲིན་ལས་ལྔ་པོ་ཡོངས་སུ་རྫོགས་པར་ཤོག །བདེ་གཤེགས་སྐུ་ལ། སྐུ་མདོག་གི་མངའ་གསོལ་བས། མི་འགྱུར་ཆོས་ཉིད་སྐྱོན་གྱི་མ་གོས་པར་སྤྱོད་ཅིང་། སྣ་ཚོགས་རོལ་པའི་ཕྲིན་ལས་ལྔ་ཡོངས་སུ་རྫོགས་པ་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཐོབ་པར་གྱུར་ཅིག །ཕྱག་མཚན་ལ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། འཕྲོ་འདུ་ལས། ཧཱུྃ། ལྷག་པའི་གཟུགས་བརྙན་དཀྱིལ་འཁོར༴ བདེ་གཤེགས་སྐུ་ལ་ཕྱག་མཚན་དྲུག་ཕུལ་བས། །ཡེ་ཤེས་དྲུག་གི་འགྲོ་དོན་ཡོངས་རྫོགས་ནས། །ཕྲིན་ལས་ཆེན་པོའི་འགྲོ་དོན་མཐར་ཕྱིན་ཤོག །བདེ་བར་གཤེགས་པའི་སྐུ་ལ་ཕྱག་མཚན་དྲུག་གི་མངའ་གསོལ་བས། ཡེ་ཤེས་དྲུག་རྫོགས་ཏེ་ཕྲིན་ལས་མཐར་ཕྱིན་པ། བདག་དང་མཐའ་ཡས་པའི་སེམས་ཅན༴ བཅུ་པ་གཟུགས་གི་བྱེ་བྲག་གོ། །གཉིས་པ་མཛེས་པའི་རྒྱན་ལ། དབུ་རྒྱན་དང་ཧཱུྃ་ༀ་སྭཱ་ཧཱ། ཨཾ་ཧ་ཨཾ། ཧའི་འཕྲོ་འདུ་ལས། ཧཱུྃ། ལྷག་པའི༴ བདེ་གཤེགས་སྐུ་ལ་དབུ་རྒྱན་མངའ་གསོལ་བས། །སེམས་རྒྱུད་རྣམ་ཤེས་ཚོགས་བརྒྱད་གནས་དག་ནས། །ཡེ་ཤེས་ལྔ་ཡི་འགྲོ་དོན་མཐར་ཕྱིན་ཤོག །བདེ་བར་གཤེགས་པའི་སྐུ་ལ་རིན་པོ་ཆེའི་དབུ་རྒྱན་གྱི་མངའ་གསོལ་བས། རྣམ་ཤེས་ཚོགས་བརྒྱད་གནས་དག་ནས། ཡེ་ཤེས་ལྔ་བདག་དང་མཐའ་ཡས༴ ཅོད་པཎ་ལ་ཧཱུྃ་ཧྲཱིཿའི་འཕྲོ་འདུ་ལ། ཧཱུྃ། ལྷག་པའི་གཟུགས་བརྙན༴ བདེ་གཤེགས་སྐུ་ལ་ཅོད་པན་མངའ༴ ཁམས་གསུམ་གདུག་པ་མ་ལུས་ཀུན་འདུལ་ཞིང་། །སྲིད་གསུམ་ཆོས་ཀྱི་རྒྱལ་པོ་བྱེད་པར་ཤོག །བདེ་བར་གཤེགས་པའི་སྐུ་ལ་ཅོད་པན་གྱི་མངའ་གསོལ་བས། ཁམས་གསུམ་གྱི་གདུག་པ་མ་ལུས་པ་འདུལ་ཞིང་། སྲིད་གསུམ་ཆོས་ཀྱི་རྒྱལ་པོར་བདག་དང་མཐའ་ཡས༴ སྙན་ཆ་དང་མགུལ་ཆུ། ཧེའི་འཕྲོ་འདུ་འདུ་ལས། ཧཱུྃ། ལྷག་པའི་གཟུགས་བརྙན༴ བདེ་བར་གཤེགས་པའི་སྐུ་ལ་སྙན་ཆ་དང་། །མགུལ་ཆུ་ལ་སོགས་རྒྱན་གྱི་མངའ་གསོལ་བས། །རྫུ་འཕྲུལ་སྙན་གྱི་མངའ་གསོལ་ལྡན་པར་ཤོག །བདེ་བར་གཤེགས་པའི་སྐུ་ལ་རིན་ཆེན་རྒྱན་ཆ་མགུལ་ཆུས་མངའ་གསོལ་བས། རྫུ་འཕྲུལ་གྱི་སྙན་གྱི་རང་རིག་པ་མངའ་བརྙེས་པ། བདག་དང་༴ དོ་ཤལ་ལ་ཨ་ཏྲཾ་གི་འཕྲོ་འདུ་ལ། ཧཱུྃ། ལྷག་པའི་གཟུགས་བརྙན༴ བདེ་གཤེགས་སྐུ་ལ་དོ་ཤལ་མངའ༴ དོན་རྣམས་ཐམས་ཅད་རིག་པས་རྟོགས་ནས་ནི། །མི་བརྗེད་གཟུངས་དང་རྟག་ཏུ་ལྡན་པར་ཤོག །བདེ་བར་གཤེགས་པའི་སྐུ་ལ། རིན་པོ་ཆེའི་དོ་ཤལ་གྱི་མངའ་གསོལ་བས། དོན་ཐམས་ཅད་མ་ལུས་པར་རིག་ཅིང་མི་བརྗེད་པའི་གཟུངས་བདག་དང་། སེ་མོ་དོ་ལ་ཏྲཾ་གྱི་འཕྲོ་འདུ་ལས། ལྷག་པའི་གཟུགས་བརྙན༴ བདེ་གཤེགས་སྐུ་ལ་སེ་མོ་དོ་ཡི་ནི། །མངའ་གསོལ་ཕུལ་བས། མི་བརྗེད་གཟུངས་ཀྱི་སྒོ་འབུམ་ཕྲག་རྫོགས་ནས། བརྒྱ་ཕྲག་འཕྲད་གྱུར་ཅིག །བདེ་བར་གཤེགས་པའི་སྐུ་ལ་སེ་མོ་དོ་ཡི་མངའ་གསོལ་བས། གཟུངས་ཀྱི་སྒོ་འབུམ་ཕྲག་རྫོགས་ཤིང་། བརྒྱ་ཕྲག་འཕྲད་པ་བདག༴ དཔུང་རྒྱན་ལ་སའི་འཕྲོ་འདུ་ལས། ཧཱུྃ། ལྷག་པའི་གཟུགས་བརྙན་དཀྱིལ༴ བདེ་གཤེགས་སྐུ་ལ་དཔུང་རྒྱན་མངའ་གསོལ་བས། །མི་འཇིགས་པ་བཞི་ཏིང་ངེ་འཛིན་ཐོབ་ནས། །རེ་དོགས་ཀུན་གྱི་མཐའ་དང་བྲལ་གྱུར་ཅིག །བདེ་བར་གཤེགས་པའི་སྐུ་ལ། དཔུང་རྒྱན་གྱི་མངའ་གསོལ་བས། མི་འཇིགས་པ་བཞི་ཏིང་ངེ་འཛིན་གྱི་རེ་དོགས་ཐམས་ཅད་ཀྱི་མཐའ་དང་བྲལ་བ། བདག་དང་མཐའ་ཡས་པའི༴ ཕྱག་ཞབས་ཀྱི་གདུག་གུའི་འཕྲོ་འདུ་ལས། ཧཱུྃ། ལྷག་པའི༴ བདེ་གཤེགས་སྐུ་ལ་གདུ་གུས་མངའ་གསོལ་བས། །ཚུལ་ཁྲིམས་རྣམ་དག་བཅུ་ལྷུན་གྲུབ་ནས། །མཚན་མ་ཐམས་ཅད་ཟིལ་གྱི་གནོན་པར་ཤོག །བདེ་བར་གཤེགས་པའི་སྐུ་ལ་རིན་པོ་ཆེའི་གདུ་གུ་མངའ་གསོལ་བས། ཚུལ་ཁྲིམས་རྣམ་པར་དག་པའི་སྟོབས་བཅུའི་ལྷུན་གྱིས་གྲུབ་ནས། མཚན་མ་ཐམས་ཅད་ཟིལ་གྱི་གནོན་པ། བདག་དང་མཐའ་ཡས༴ གདན་ཁྲི་ལས་སེམས་ཅན་ཆེན་པོ་ལྔའི་གདན་ལ་སའི་འཕྲོ་འདུ་ལས། ཧཱུྃ། ལྷག་པའི་གཟུགས་བརྙན༴ བདེ་གཤེགས་སྐུ་ལ་སེམས་ཅན་ལྔ་ཡི་ནི། གདན་ཁྲི་བརྗིད་བག་ལྡན་པས་མངའ༴ ཆེ་བའི་ཡོན་ཏན་ལྔ་པོ་ལྷུན་གྲུབ་ནས། །ཀུན་གྱི་བསྐུར་གནས་སངས་རྒྱས་སར་བཀོད་ཤོག །བདེ་བར་གཤེགས་པའི་སྐུ་ལ། སེམས་ཅན་ཆེན་པོ་ལྔའི་གདན་ཁྲིས་མངའ་གསོལ་བས། ཆེ་བའི་ཡོན་ཏན་ལྔ་པོ་ལྷུན་གྱིས་གྲུབ་ནས། སངས་རྒྱས་གོ་འཕང་བདག་དང་མཐའ་ཡས་པའི༴ ཉི་ཟླ་པདྨའི་གདན་ལ་ཨ་མ་སའི་འཕྲོ་འདུ་ལས། ཧཱུྃ། ལྷག་པའི་གཟུགས་བརྙན་དཀྱིལ་འཁོར་ཆེན་པོ་ཡི། །བདེ་གཤེགས་སྐུ་ལ་ཉི་ཟླའི་གདན་ཁྲི་ཡི། །མངའ་གསོལ་མཛད་པ་དེའི་བྱིན་རླབས་ཀྱིས། །ཐུགས་རྗེ་ཆེན་པོས་ཀུན་ལ་ཁྱབ་པར་ཤོག །བདེ་བར་གཤེགས་པའི་སྐུ་ལ་ཉི་ཟླ་པདྨའི་གདན་གྱི་མངའ་གསོལ་བས། ཐུགས་རྗེ་ཆེན་པོའི་ཀུན་ལ་ཁྱབ་ཅིང་ཤེས་རབ་ཆེན་པོ་ལྟས་ངན་སེལ་བས་གང་ལ་ཡང་སྤྱོད་ཅིང་མ་ཆགས་པ། བདག་དང་༴ རིན་པོ་ཆེའི་ཁྲི་རྐང་ལ་ཏྲཾ་གི་འཕྲོ་འདུ་ལས། ཧཱུྃ། ལྷག་པའི་གཟུགས་བརྙན༴ བདེ་གཤེགས་སྐུ་ལ་རིན་ཆེན་ཁྲི་རྐང་གི། གདན་ཁྲིའི་མངའ་གསོལ་བྱས་པའི་བྱིན་རླབས་ཀྱིས། །འགྲོ་བའི་རེ་འདོད་ཡིད་བཞིན་བསྐང་གྱུར་ཅིག །བདེ་བར་གཤེགས་པའི་སྐུ་ལ་རིན་ཆེན་ཁྲི་རྐང་གི་མངའ་གསོལ་བས། འགྲོ་བ་མ་ལུས་པའི་རེ་བ་ཡིད་བཞིན་དུ་བསྐངས་པ། བདག་དང་༴ འོད་ཟེར་ལས་རའི་འཕྲོ་འདུ་ལས། ཧཱུྃ། ལྷག་པའི་གཟུགས༴ བདེ་གཤེགས་སྐུ་ལ་འོད་ཟེར་མངའ༴ བྱིན་རླབས་འོད་ཟེར་རང་ལ་གསལ་ནས་ཀྱང་། །སྤྲོས་པའི་མཐའ་རྣམས་ཡོངས་སུ་བྲལ་གྱུར་ཅིག །བདེ་བར་གཤེགས་པའི་སྐུ་ལ་འོད་ཟེར་གྱི་མངའ་གསོལ་བས། ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་ཅིང་། ཡེ་ཤེས་རང་གསལ་ཞིང་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་རྟོགས་པས་བདག་དང་མཐའ་ཡས༴ སྟོད་གཡོག་ལ་སའི་འཕྲོ་འདུ་ལས། ཧཱུྃ། ལྷག་པའི་གཟུགས་བརྙན༴ བདེ་གཤེགས་སྐུ་ལ་ན་བཟའ་སྟོད་གཡོག་གི། །མངའ་གསོལ་བྱས་པས་གདུལ་བྱའི་འགྲོ་བ་ཀུན། །ཡོངས་སུ་སྨིན་པས་ཐམས་ཅད་སྐྱོབ་པར་ཤོག །བདེ་བར་གཤེགས་པའི་སྐུ་ལ། ན་བཟའ་སྟོད་གཡོག་གི་མངའ་གསོལ་བས། གདུལ་བྱ་ཡོངས་སུ་སྐྱོབ་པ་བདག་དང་། ཤམ་ཐབས་ལ་སའི་འཕྲོ་འདུ་ལས། ཧཱུྃ། ལྷག་པའི༴ བདེ་གཤེགས་སྐུ་ལ་ཤམ་ཐབས་མངའ་གསོལ་བས། །སྤྱོད་ལམ་རྣམ་པར་དག་པའི་སྐུ་རྫོགས་ནས། །མཛད་པ་མཐར་མི་འགག་པ་ཐོབ་པར་ཤོག །བདེ་བར་གཤེགས་པའི་སྐུ་ལ། ཤམ་ཐབས་ཀྱི་མངའ་གསོལ་བས། གདུལ་བྱ་ཡོངས་སུ་རྫོགས་པ་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཐོབ་པར་གྱུར་ཅིག །གསང་ཕོད་ལ་སའི་འཕྲོ་འདུ་ལས། ཧཱུྃ། ལྷག་པའི༴ བདེ་གཤེགས་སྐུ་ལ་གསང་ཕོད་མངའ་གསོལ་བས། །གདུལ་བྱའི་རེ་བ་ཡིད་བཞིན་བསྐང་ནས་ནི། །ཡོན་ཏན་མཛད་པ་ཅིར་ཡང་འཆར་བར་ཤོག །བདེ་བར་གཤེགས་པའི་སྐུ་ལ། གསང་ཕོད་ཀྱི་མངའ་གསོལ་བས། གདུལ་བྱ་མ་ལུས་པའི་རེ་བ་ཡིད་བཞིན་དུ་བསྐང་ཤིང་། ཡོན་ཏན་མཛད་པ་ཅིར་ཡང་འཆར་བ་དང་། བདག་དང་མཐའ་ཡས༴ ཟི་ལྡར་ལ་སའི་འཕྲོ་འདུ་ལས། ཧཱུྃ། ལྷག་པའི་གཟུགས་བརྙན༴ བདེ་གཤེགས་སྐུ་ལ་ཟི་ལྡར་མངའ་གསོལ་བས། །སངས་རྒྱས་དགོངས་པ་མ་ལུས་ཐུགས་ཆུད་ནས། །ཐུགས་ཀྱིས་མཛད་པ་མཐར་མི་འགག་པར་ཤོག །བདེ་བར་གཤེགས་པའི་སྐུ་ལ་ཟི་ལྡར༴ སངས་རྒྱས་མ་ལུས་པའི་དགོངས་པ་ཐུགས་སུ་ཆུད་ནས། །ཐུགས་མི་མཛད་པ་ལ། ལོངས་སྤྱོད་པ་བདག་དང་༴ ཕྱག་རྒྱ་གར་གྱི་ཕུལ་དུ་སའི་འཕྲོ་འདུ་ལས། ཧཱུྃ། ལྷག་པའི་གཟུགས་བརྙན་དཀྱིལ་འཁོར་ཆེན་པོ་ཡི། །བདེ་གཤེགས་སྐུ་ལ་ཕྱག་རྒྱ་གར་ཕུལ་བས། །སྣ་ཚོགས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱི། །ཕྲིན་ལས་ཐོགས་མེད་ཀུན་ལ་སྤྱོད་པར་ཤོག །བདེ་བར་གཤེགས་པའི་སྐུ་ལ་ཕྱག་རྒྱ་གར་གྱི་མངའ་གསོལ་བས། སྣ་ཚོགས་ཕྲིན་ལས་ལྷུན་གྱིས་གྲུབ་པ་བདག་དང་མཐའ༴ དེ་ནས་ཁྲོ་བོའི་མངའ་གསོལ་བ་ནི། དང་པོ་དབུ་ལ་ༀ་ཨཱཿཧཱུྃ་གི་འཕྲོ་འདུ་ལས། དབུ་གསུམ་གསལ་བར་བསྐྱེད་ལ། ཧཱུྃ། དབུ་གསུམ་སྐུ་གསུམ་རང་ཆས་ངོ་བོ་སྟེ། །རྣམ་པར་ཐར་པའི་སྒོ་གསུམ་ཐོབ་ནས་ཀྱང་། །ཉོན་མོངས་དུག་གསུམ་མ་ལུས་རྩད་བཅད་ནས། །འབྲས་བུ་སྐུ་གསུམ་ལྷུན་གྱིས་གྲུབ་པར་ཤོག །བདེ་གཤེགས་འཇིགས་བྱེད་ཆེན་པོ་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ། དབུ་གསུམ་གྱི་མངའ་གསོལ་བས། དུག་གསུམ་རང་སར་གྲོལ་ཏེ། ཁམས་གསུམ་ཟད་པར་སྟོང་པའི་དོན་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །ཕྱག་རྒྱ་ལ། ༀ་ཨཱཿཧཱུྃ་སྭཱ་ཧཱ། མུཾ་དྲུག་ལས། ཧཱུྃ། ཕྱག་དྲུག་ཡེ་ཤེས་དྲུག་གི་ངོ་བོ་སྟེ། །ཕ་རོལ་ཕྱིན་པ་དྲུག་གི་དོན་ཉིད་ཤར། །རྒྱུ་དྲུག་ཡེ་ཤེས་དྲུག་གི་དོན་རྟོགས་ནས། །སངས་རྒྱས་ས་ལ་རབ་ཏུ་གནས་པར་ཤོག །བདེ་གཤེགས་འཇིགས་བྱེད་ཆེན་པོ་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ། ཕྱག་རྒྱ་དྲུག་གི་མངའ་གསོལ་བས། ཡེ་ཤེས་དྲུག་གི་དོན་རྟོགས་ཏེ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་དོན་ཁོང་དུ་ཆུད་པ་བདག་དང་། ཕྱག་མཚན་ཧཱུྃ་དྲུག་ལས། སོ་སོར་གསལ་བར་བསྒོམ་ལ། ཧཱུྃ། དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་ངང་། །དུག་གསུམ་སྐུ་གསུང་ཐུགས་སུ་དབང་བསྡུས་ཏེ། །རིག་པའི་གསུང་དང་ཐུགས་རྗེས་འགྲོ་བ་འདྲེན། །འཁོར་བ་མ་སྤངས་ཀུན་ནས་བརྡའ་སྤྲོད་ཤོག །བདེ་གཤེགས་འཇིགས་བྱེད༴ འགྲེས་སོ། །ཕྱག་མཚན་གྱི་མངའ་གསོལ་བས། དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་ཅིང་། དུག་གསུམ་དབང་དུ་བསྡུས་ཤིང་། འགྲོ་བ་ཐུགས་རྗེས་འདྲེན་ཅིང་། འཁོར་བ་མ་སྤང་སྤྱོད་པའི་དོན༴ ཞབས་བཞི་ཛ་བཞི་གསལ་བར་བསྒོམ། ཧཱུྃ། ཞབས་བཞིའི་བདུད་བཞི་མ་ལུས་ཟིལ་གྱི་གནོན། །སངས་རྒྱས་ས་ལ་བགྲོད་པར་ཕྱིན་ནས་ནི། །རྫུ་འཕྲུལ་རྐང་པའི་ཞབས་བཞི་ལྷུན་གྲུབ་ནས། །ཚད་མེད་བཞི་ཡི་འགྲོ་དོན་བྱེད་པར་ཤོག །བདེ་གཤེགས་འཇིགས་བྱེད་ཆེན་པོ་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ། ཞབས་ཀྱི་མངའ་གསོལ་བས༴ ཞབས་བཞིས་རྫུ་འཕྲུལ་གྱི་རྐང་པ་བཞི་ལྷུན་གྱིས་གྲུབ་ནས། བདུད་བཞི་ཟིལ་གྱི་མནན་པའི་འབྲས་བུ་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཐོབ་པར་གྱུར་ཅིག །སྐུ་མདོག་ལ་ཧཱུྃ་ལྔ། ཧཱུྃ། བདེ་བ་ཆེན་པོའི་ཆོས་ཉིད་ལ། །སྔོ་ནག་སྨུག་ནག་སེར་ནག་དང་། །དམར་ནག་ལྗང་ནག་སྣ་ཚོགས་མདོག་ཅིར་ཡང་འགྱུར་བའི་དོན་རྟོགས་ཤོག །བདེར་གཤེགས༴ འཇིགས་བྱེད་ཆེན་པོ༴ སོགས། ཆོས་ཉིད་སྐུ་མདོག་མངའ་གསོལ་བས། །ཆོས་ཉིད་གཅིག་པུར་རང་སར་གྲོལ་བའི་དོན་བདག༴ སྨ་ར་ཀའི་འཕྲོ་འདུ་ལས། སྨ་ར་དམར་སེར་མེ་ལྟར་འཕྲོས་པ་ལས། སྨ་ར་དམར་སེར་ཡེ་ཤེས་རབ་ཏུ་འཕྲོ། །ཁྲོ་བོ་ཁྲོ་མོའི་སྤྲུལ་པ་ཕྲ་མེན་འགྱེད། །ཐུགས་རྗེས་ཁྱབ་པར་འགྲོ་བ་འདྲེན་པར་མཛད། །རིག་པའི་ཡེ་ཤེས་ཆེན་པོ་རྟོགས་པར་ཤོག །འཇིགས་བྱེད་ཆེན་པོ་ཁྲག་འཐུང་༴ ཡེ་ཤེས་ཀྱི་སྨ་རས་མངའ་གསོལ་བས། ཁྲོ་བོ་ཁྲོ་མོའི་སྤྲུལ་པ་དང་། ཕྲ་མེན་མང་པོས་དོན་མཛད་པ་བདག༴ སྨིན་སྨ་རའི་འཕྲོ་འདུ་ལས། དམར་སེར་འཁྲུག་པར། ཧཱུྃ། སྨིན་མ་ཡེ་ཤེས་འཕྲོ་བའི་རང་བཞིན་ལས། །དུག་ལྔ་ཐམས་ཅད་མ་སྤང་རང་སར་གྲོལ། །གསང་སྔགས་སྤྱོད་པ་ཐབས་ཆེན་མངའ་བ་དང་། །ཐབས་མཁས་ཐུགས་རྗེས་འགྲོ་བ་འདྲེན་པར་ཤོག །འཇིགས་བྱེད༴ ཡེ་ཤེས་ཀྱི་སྨིན་མས་མངའ་གསོལ་བས། ཡེ་ཤེས་སྨིན་མས་ཐབས་མཁས་པ་དང་། མང་བ། ཡངས་པ་དང་། རྒྱས་པ་དང་། བསམ་གྱིས་མི་ཁྱབ་པའི་གདུལ་བྱ་ཐམས་ཅད་ཆུད་མི་གསན་པའི་དོན་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཐོབ་པར་གྱུར་ཅིག །སྤྱན་ལ་མའི་འཕྲོ་འདུ་ལས། སྤྱན་མེ་འབར་བར་བསྐྱེད་ལ། ཧཱུྃ། སྤྱན་གསུམ་ཡེ་ཤེས་མེ་ལྟར་འབར་བའི་འོད། །ཆོས་ཀྱིས་སྤྱན་དང་ཡེ་ཤེས་མེ་གོས་སྤྱན། །ཁྱབ་པ་ཐུགས་རྗེའི་སྤྱན་གྱི་དོན་མཛད་པའི། །བདག་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །འཇིགས་བྱེད་ཆེན་པོ་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ། ཡེ་ཤེས་ཀྱི་སྤྱན་འབར་བ་གསུམ་ཀྱིས་མངའ་གསོལ་བས། ཆོས་ཉིད་འགྱུར་བ་མེད་པའི་སྤྱན་ཁྱབ། ཐུགས་རྗེའི་སྤྱན་གྱི་སྐྱོན་མ་གོས་པའི་ཡེ་ཤེས་ཀྱི་སྤྱན་དང་གསུམ་གྱིས། བདག་གཞན་གྱི་དོན་ཐམས་ཅད་ལྷུན་གྱིས་གྲུབ་པའི་དོན་བདག །འགྲེས་སོ། །རལ་བ་ཛའི་འཕྲོ་འདུ་ལས། ཧཱུྃ། རལ་པ་ཁམ་ནག་སྲིད་པའི་རྩེ་མོར་འབར། །ཁྱབ་པའི་ཐུགས་རྗེས་འགྲོ་དྲུག་འདྲེན་པར་མཛོད། །ཐུགས་ཀྱིས་སྤྲུལ་པ་ཕྱོགས་བཅུར་བཀྱེས་ནས་ཀྱང་། །མཐའ་རུ་མ་ལྷུང་དོན་གཉིས་རྟོགས་པར་ཤོག །འཇིགས་བྱེད་ཆེན་པོ༴ ཡེ་ཤེས་རལ་པས་ཁྱབ་པའི་ཐུགས་རྗེ་དང་། དབང་དྲག་མཐར་ཕྱིན་པའི་ཕྲིན་ལས། མཐར་མ་ལྷུང་བ་ལྟ་བ་རྟོགས་པའི་དོན་བདག་དང་༴ སྙན་ཆ་ཧྲཱིའི་འཕྲོ་འདུ་ལས། གསེར་རག་གདུ་གུ་ཁ་དོག་སྟེང་། ཧཱུྃ། སྒྲའི་བྱེ་བྲག་བསམ་མི་ཁྱབ། །རང་གི་རིག་པ་ཉིད་ལས་མི་གཞན་པ། །གསན་ཅིང་ཐོས་པས་གདུལ་བྱ་ཐམས་ཅད་ཀྱི། །གང་ཡང་མ་འགགས་སྤྱོད་ལ་དབང་རྫོགས་ཤོག །འཇིགས་བྱེད་ཆེན་པོ་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ། རིན་པོ་ཆེའི་སྙན་ཆས་མངའ་གསོལ་བས། སྒྲ་ཐམས་ཅད་རིག་པ་ལས་མི་གཞན་པར། གང་དུ་ཡང་མ་འགགས་པར་ལོངས་སྤྱོད་པའི་དོན་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཐོབ་པར་གྱུར་ཅིག །ཤངས་ལ་ཛའི་འཕྲོ་འདུ་ལས། ཆོས་ཉིད་བདེ་བའི་དྲི་ཚེམས་པས། ཧཱུྃ་དྲིའི་བྱེ་བྲག་བསམ་མི་ཁྱབ། །དབང་པོ་དྭངས་པས་ཚིམ་བྱེད་ཆོས་ཀྱི་དྲི། །རྡོ་རྗེ་ཧཱུྃ་རིང་དྲི་ལས་བྱུང་བ་ལས། །ཀུན་ཏུ་མ་འགགས་ཆགས་མེད་དོན་རྟོགས་ཤོག །འཇིགས་བྱེད་ཆེན་པོ་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ། དྲིའི་བྱེ་བྲག་བསམ་གྱིས་མི་ཁྱབ་པས་མངའ་གསོལ་བས། ཐམས་ཅད་བཟང་ངན་མེད་པ་མཉམ་པ་ཉིད་དུ་ལོངས་སྤྱོད་པའི་དོན་རྟོགས་ཏེ། འཁོར་བའི་ཆོས་ལ་ལོངས་སྤྱོད་ཀྱང་། ཉེས་པའི་སྐྱོན་གྱི་མ་གོས་དོན་བདག་དང་། ལྗགས་ལ་ཡམ་གྱིས་འཕྲོ་འདུ་ལས། དམར་ལ་སྲས་པ་གློག་བཞིན་འགྱུ། ཧཱུྃ། ཁྱབ་བྱེད་ལྗགས་སྒྲའི་ངོ་བོ་སྟེ། །ཆོས་ཀྱི་སྒྲ་ཆེན་བསམ་ལས་སྒྲོགས་པ་ཡི། །འགྲོ་དྲུག་སེམས་ཅན་མ་ལུས་ཚིམ་མཛད་ནས། །རྒྱུད་རྣམས་གྲོལ་ནས་གདུལ་བྱ་སྨིན་པར་ཤོག །འཇིགས་བྱེད་ཆེན་པོ་ཁྲག་འཐུང་༴ ཁྱབ་བྱེད་ལྗགས་ཀྱི་མངའ་གསོལ་བས། སྒྲའི་ཡན་ལག་བསམ་མི་ཁྱབ་པའི། ཆོས་ཀྱི། གདུལ་བྱ་ཐམས་ཅད་དུས་གཅིག་ཏུ་སྨིན་པར་མཛད་པའི་དོན་བདག་འགྲེས་སོ། །ཚེམས་ཀླའི་འཕྲོ་འདུ་ལས་མཆེ་བ་དཀར་པོ་རབ་ཏུ་རྣམ་པར་གྱུར་ཅིག །ཧཱུྃ། ཡེ་ཤེས་མཆེ་བས་སྐྱེ་འཆི་རྩད་ནས་གཅོད། །འགྲོ་དྲུག་སྡུག་བསྔལ་ནད་ཀྱི་གདུང་བ་ལ། །ཡེ་ཤེས་མཆེ་བས་སྡུག་བསྔལ་རབ་གྲོལ་ནས། །ཁམས་གསུམ་འཁོར་བ་ཐམས་ཅད་སྟོང་པར་ཤོག །འཇིགས་བྱེད་ཆེན་པོ་ཁྲག་འཐུང་རོལ་བའི་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ། ཡེ་ཤེས་ཀྱི་མཆེ་བས་མངའ་གསོལ་བས། སེམས་ཅན་ཐམས་ཅད་ཀྱི་སྐྱེ་འཆི་རྩད་ནས་གཅོད་ཅིང་། རང་བྱུང་གི་ཡེ་ཤེས་རྟོགས་ཏེ། འཁོར་བ་ཐམས་ཅད་སྟོང་པའི་དོན་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཐོབ་པར་གྱུར་ཅིག །དེ་ནས་རོལ་པ་ཉི་ཤུ་ལས། ཧཱུྃ་ཉི་ཤུའི་འཕྲོ་འདུ་ལས། རོལ་པ་ཉི་ཤུ། ཧཱུྃ། རོལ་པ་ཉི་ཤུ་དཔལ་ཆེན་ཐུགས་ཀྱིས་བདག །ཆོས་ཀྱི་འབྲུག་ཆར་རྔ་དང་དུང་ལ་སོགས། །མཆོད་གཟུངས་རྫས་དང་ཡེ་ཤེས་ཏིང་འཛིན་གྱི། །སྤྲུལ་པའི་ཆོས་ཀྱི་རོ་དང་ལྡན་པར་ཤོག །འཇིགས་བྱེད༴ སོགས། རོལ་པ་ཉི་ཤུས་མངའ་གསོལ་བས། རོལ་པ་ཆེན་པོ་ཆོས་ཀྱི་འབྲུག་སྒྲ་དང་། རོལ་པ་སྣ་ཚོགས་ཀྱི་ཆར་དང་། གློག་དང་། གླུ་དང་། གར་དང་། རྔ་སྒྲ་དང་། དུང་དང་། ཀར་ཀོ་ཏ་དང་། གླིང་བུ་དང་། རྒྱན་དང་རྔམ་པ་ཚེམ་དང་། གསོལ་བ་དང་། མཆོད་པ་དང་། གཟུངས་དང་། ཏིང་འཛིན་དང་། སྤྲུལ་པ་དང་། སྣང་སྲིད་ཕྱག་རྒྱར་གསལ་བའི་བདེན་པ་དང་། ཆོས་ཀྱི་དཀྱིལ་འཁོར་དང་། སྣང་སྟོང་ཟུང་འཇུག་དང་། ཁྲོ་བོ་རོལ་པ་ཉི་ཤུའི་དོན་བདག༴ ཡོན་ཏན་གྱི་ཆེ་བ་གཉིས་ལས། ཏྲཾ་གཉིས་པའི་འཕྲོ་འདུ་ལས། ཧཱུྃ། ཆེ་བ་ཉི་ཤུ་དཔལ་ཆེན་ཉིད་ལ་ལྡན། །འགྲན་ཟླ་མེད་པས་ཆེ་བཙན་ཉིད་ལས་བྱུང་། །མི་ནུབ་གོ་བས་ཡོན་ཏན་ཐམས་ཅད་རྫོགས། །ཀུན་དུ་མཛད་པས་འགྲོ་དྲུག་འདྲེན་པར་ཤོག །འཇིགས་བྱེད་ཆེན་པོ་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ། ཆེ་བ་ཉི་ཤུས་མངའ་གསོལ་བས། གཉེན་པོ་མེད་པའི་ཆེ་བ་དང་། འགྲན་ཟླ་མེད་པའི་ཆེ་བ་དང་། ཁྱད་པར་འཕགས་པའི་ཆེ་བ༴ ཆེ་བཙན་གཅིག་པུའི་ཆེ་བ་དང་། ཚོགས་གཉིས་བརླབ་ཀྱི་མྱུར་དུ་བྱུང་བའི་ཚེ། ཐམས་ཅད་མ་ཕམ་པའི་ཆེ་བ་དང་། མངའ་དབང་རྫོགས་པའི་ཆེ་བ་དང་། ཀུན་ལས་རྒྱལ་བའི༴ ཡོངས་སུ་མི་ནུབ་པའི༴ ཐམས་ཅད་གོ་བའི༴ ཡེ་ཤེས་གསལ་བའི༴ འདོད་པ་རྫོགས་པའི༴ ཀུན་ལས་རྒྱལ་བའི༴ ཡོངས་སུ་མི་ནུབ་པའི༴ ཐམས་ཅད་གོ་བའི༴ ཡེ་ཤེས་གསལ་བའི༴ འདོད་པ་རྫོགས་པའི༴ ཀུན་ཏུ་མཛད་པའི་ཆེ་བ་དང་། ཐམས་ཅད་སྒྲོལ་བའི༴ མྱུར་དུ་བསྲེག་པའི༴ དབུའི་མཛེས་པའི༴ རྒྱན་གྱི་བརྒྱན་པའི༴ སྣ་ཚོགས་འཛིན་པའི༴ ཆེ་བ་མནན་པའི་ཆེ་བ་དང་། དེ་ལྟར་ཧེ་རུ་ཀའི་ཆེ་བ་ཉི་ཤུའི་དོན་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཐོབ་པར་གྱུར་ཅིག །བརྗིད་ཉི་ཤུ་ལ་སའི་འཕྲོ་འདུ་ལས། སྐུ་གཟི་བརྗིད་ཉི་ཤུ་ལྡན་པར་བསམ། ཧཱུྃ། བརྗིད་ཆེན་ཉི་ཤུ་དཔལ་ཆེན་ཉིད་ལ་ལྡན། །སྐུ་ཆེ་བརྒྱན་ལྡན་བཀུར་འོས་ཡིད་དང་འཐད། །མདངས་ཆེ་ཀུན་ལ་སྟོན་པའི་མཐའ་དང་བྲལ། །ཐུགས་རྗེ་ཐབས་ཀྱིས་འགྲོ་བ་འདྲེན་པར་ཤོག །འཇིགས་བྱེད༴ སོགས། བརྗིད་ཉི་ཤུས་མངའ་གསོལ་བས། སྐུ་ཆེ་ཡན་ལག་རག་པའི་བརྗིད་དང་། གྲངས་མང་རྒྱན་དུ་འཚེ་བའི་བརྗིད་དང་། བཀུར་འོས་གཙོ་ཆེར་མཐོང་བའི་བརྗིད༴ ཁྱད་དུ་ཞུག་ཡིད་འཐད་པའི་བརྗིད། །མདངས་ཆེ་སྟོང་གསུམ་གང་བའི་བརྗིད། །ཚིག་མྱུར་ཐེམ་ཆོད་པའི༴ བདག་ལ་ཉེར་སྟོན་པ་བརྗིད་དང་། །ཁྱད་པར་ཡོན་ཏན་མཐོང་བ་བརྗིད། །ཡངས་པའི་རེ་དོགས་བྲལ་བ་བརྗིད། །མི་བསྙིལ་ཉམས་ཆག་རོལ་པའི་བརྗིད། །ཐུགས་རྗེས་ཐུགས་དམ་རྫོགས་པའི་བརྗིད། །མ་རྨོངས་ཐབས་ཀྱི་འདུལ་བའི༴ ཀུན་ལ་འདོད་དགུར་བསྒྱུར་བའི༴ གནོད་སྦྱོར་ཕན་པར་མཛད་པའི༴ ཐབས་མཁས་སྐྱོན་གྱི་མ་གོས་པའི། །གསལ་བ་མཐའ་གཉིས་སྤངས་པའི༴ འཁོར་བ་མི་སྙིལ་བར་གཟིགས་པས༴ མགོན་སྐྱབས་རྒྱུན་དུ་མཛད་པའི༴ འདོད་དགུ་ལྷུན་གྱིས་གྲུབ་པའི་བརྗིད། །དེ་ལྟར་བརྗིད་ཉི་ཤུའི་དོན་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཐོབ་པར་གྱུར་ཅིག །རྔམ་པ་ཉི་ཤུ་ལ་ཤ་ཉི་ཤུ་ཐིམ་པས་རྔམ་ཉི་ཤུ་ལྡན་པར་བསྒོམ། ཧཱུྃ། རྔམ་ཆེན་ཉི་ཤུ་དཔལ་ཆེན་ཉིད་རྫོགས་པ། །སྐུ་གསུང་ཐུགས་དང་ལྡན་པའི་ཡོན་ཏན་ལ། །ཞལ་ལྗགས་ཚེམས་དང་དབྱིངས་དང་ཏིང་འཛིན་དང་། །འཕྲིན་ལས་ལ་སོགས་ཐམས་ཅད་འགྲུབ་པར་ཤོག །འཇིགས་བྱེད་ཆེན་པོ་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ། རྔམ་པ་ཉི་ཤུའི་མངའ་གསོལ་བས། །སྐུ་ཆེ་ཡན་ལག་རག་པས་རྔམ་པ་དང་། །གསུང་ཆེ་བསྟན་པ་རྒྱ་མཚོ་རྔམ། །ཐུགས་ཆོས་ཉིད་ནམ་མཁའ་འདྲ་བའི༴ མཐུ་ནམ་མཁའ་ལྟར་རྔམ་པ་དང་། སྣང་བ་ཐམས་ཅད་རི་མོ་ལྟར། །ཅིར་ཡང་འགྱུར་བ་གང་ཐབ་ལྟར། །ཟིལ་གྱི་གནོན་པར༴ ཁྱད་དུ་འབྱུང་བར་རྔམ་པ༴ ཚེམས་རྔམ་སྟབས་སུ་འགྱིང་བར༴ ཟ་བར་རྔོ་བ་ཞལ་གྱི་རྔམ་པ་དང་། ཅིར་ཡང་འགྱུར་བ་ལྗག་གི༴ སྐྱེ་ཤི་གཅོད་པ་ཚེམས་ཀྱི་རྔམ་པ་དང་། གོ་བར་སྒྲོག་པ་དབྱངས་ཀྱི་རྔམ་པ་དང་། ཏིང་འཛིན་ནམ་མཁའི་སྐད་ཚོགས་ལྟར། །ཕྲིན་ལས་རྒྱ་མཚོའི་རྦ་རླབས་ལྟར། །ཡོན་ཏན་ས་གཞིའི་སྐྱེ་འབྲུ་ལྟར། །ཐུགས་རྗེ་གར་གྱི་ཕྲེང་བ་ལྟར༴ གནས་ཀྱི་འཕྲོ་འདུ་དུར་ཁྲོད་ལྟར། །གནོད་པ་དཔའ་བོ་བསྐུམ་པར་རྔམ་པ༴ ཞིང་གི་ཁྱད་པར་བླ་ན་མེད་པར༴ སྤྱོད་པའི་ཁྱད་པར་ལ་རྔམ༴ ཐམས་ཅད་མི་འགྱུར་བར་རྔམ་པ་དང་། དེ་ལྟར་རྔམ་པ་ཉི་ཤུའི་དོན་མཛད་པ་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཐོབ་པར་གྱུར་ཅིག །ཆོ་འཕྲུལ་ཉི་ཤུ་ཨེ་ཉི་ཤུ་རྟེན་གྱི་སྐུ་དང་ཡན་ལག་ལ་ཞུགས་པས། ཆོ་འཕྲུལ་ཉི་ཤུ་དང་ལྡན་པར་བསམ། ཧཱུྃ། ཆོ་འཕྲུལ་ཉི་ཤུ་དཔལ་ཆེན་ཉིད་དང་ལྡན། །ཆོས་ཉིད་ཐུགས་རྗེས་ཆོས་ལ་ཀུན་སྣང་བའི། །ཀུན་ཏུ་སྤྱོད་པ་ཅིར་ཡང་སྣང་བའི་ཕྱིར། །གང་ལྟར་འཚོ་བས་འགྲོ་དྲུག་འདྲེན་པར་ཤོག །འཇིགས་བྱེད་ཆེན་པོ་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་རྣམས་ལ། ཆོ་འཕྲུལ་ཉི་ཤུའི་མངའ་གསོལ་བས། ལས་ཀྱིས་རྫུ་འཕྲུལ་སྐྱེ་བའི་ཆོ་འཕྲུལ། བསམ་གཏན་གྱི་ཆོ་འཕྲུལ༴ ཆོས་ཉིད་ཀྱི༴ ཤེས་བྱའི༴ རང་བཞིན་གྱི༴ རྫུ་འཕྲུལ་གྱི༴ ཆོ་འཕྲུལ༴ ཆོས་སྣང་བའི༴ ཀུན་རྫོབ་ཀྱི༴ རྗེས་སུ་བསྟན་པའི༴ ཅིར་ཡང་སྣང་བའི༴ རྣམ་པར་བསྒྱུར་བའི༴ ཆོས་ཉིད་ཀྱི༴ ཐུགས་རྗེས་སྤྲུལ་པའི༴ ཡེ་ཤེས་ཀྱི༴ གང་ལྟར་འཚོ་བ་འདུལ་བའི༴ གང་གིས་འཚམ་པས་འདུལ་བའི༴ བསྒྱུར་བའི་འདུལ་བའི༴ གང་ཐེག་པ་ལ་འདུལ་བའི༴ གང་ལྟར་མཛད་པས་འདུལ་བའི་ཆོ་འཕྲུལ་དང་། དེ་ལྟར་ཧེ་རུ་ཀའི་ཆོ་འཕྲུལ་ཉི་ཤུའི་དོན༴ བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཐོབ་པར་གྱུར་ཅིག །དཔལ་གྱི་ཆས་བརྒྱད་ལ་ཧཱུྃ་བརྒྱད་ལས། ཧཱུྃ། དཔལ་ཆེན་སྐུ་ཡི་ཆས་བརྒྱད་ཀྱི། །དྲེག་པ་ཟིལ་གྱི་གནོན་པ་དང་། །ཐུགས་རྗེས་བྱིན་རླབས་ཅིར་ཡང་འཆར། །ཅིས་ཀྱང་མི་ཚུགས་དབང་ཐོབ་ཤོག །འཇིགས་བྱེད་ཆེན་པོ་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ། དཔལ་ཆེན་པོ་ཆས་བརྒྱད་ཀྱི་མངའ༴ དྲེག་པ་ཅན་འདུལ་བ་དང་། ཅིས་ཀྱང་མི་ཚུགས་པའི་དོན་བདག་དང་༴ ནས། གླང་ཆེན་ཀོ་རློན་ལ་ཧཱུྃ་གི་འཕྲོ་འདུ་ལས། ཧཱུྃ། གླང་ཆེན་ཀོ་རློན་ཐེག་ཆེན་དོན་དང་ལྡན། །གཏི་མུག་མ་སྤང་རང་སར་གྲོལ་ནས་ནི། །དེ་བཞིན་གཤེགས་པའི་སྟོབས་བཅུ་མངའ་བ་ཡི། །སྡུག་བསྔལ་ཐམས་ཅད་ཟིལ་གྱི་གནོན་པར་ཤོག །འཇིགས་བྱེད༴ སོགས། གླང་ཆེན་ཀོ་རློན་གྱི་མངའ་གསོལ་བས། གཏི་མུག་མ་སྤང་རང་སར་གྲོལ་ནས་ནི། དེ་བཞིན་གཤེགས་པའི་སྟོབས་བཅུས་སྡུག་བསྔལ་ཐམས་ཅད་ཟིལ་གྱི་གནོན། དུར་ཁྲོད་ཆས་བརྒྱད་ཞིང་གི་གཡང་གཞི་ཐོགས་ལ། ཧཱུྃ་གི་འཕྲོ་འདུ་ལས། ཧཱུྃ། ཐུགས་རྗེས་ཀུན་ལ་ཁྱབ་པའི་དོན་མཛད་པ། །ཐབས་ལ་མཁས་པས་ཐུགས་རྗེ་ཅིར་ཡང་སྣང་། །འགྲོ་བའི་སྡུག་བསྔལ་ཐམས་ཅད་བསལ་ནས་ཀྱང་། །འདོད་ཆགས་མ་སྤང་རང་སར་གྲོལ་བར་ཤོག །འཇིགས་བྱེད༴ སོགས། ཞིང་གི་གཡང་གཞིས་མངའ་གསོལ་བས། ཁྱབ་པའི་ཐུགས་རྗེ་དང་། ཐབས་ལ་མཁས་པའི་འཕྲིན་ལས་ཀྱི་འགྲོ་བ་ཅི་ལྟར་འདུལ་བའི་དོན་བདག་དང་མཐའ་ཡས་པའི༴ སྟག་གི་ཤམ་ཐབས་ལ། ཧཱུྃ་གི་འཕྲོ་འདུ་ལས། ཧཱུྃ། སྟག་གི་ཤེས་རབ་དོན་དང་ལྡན། །ཞེ་སྡང་མ་སྤང་རང་གྲོལ་ནས། །འགྲོ་བའི་སྡུག་བསྔལ་བསལ་ནས་ཀྱང་། །བདུད་བཞི་ཟིལ་གྱི་གནོན་པར་ཤོག །འཇིགས་བྱེད་ཆེན་པོ་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ། སྟག་གི་ཤམ་ཐབས་ཀྱིས་མངའ་གསོལ་བས། ཞེ་སྡང་མ་སྤང་བདུད་བཞི་ཟིལ་གྱི་གནོན་པའི་དོན་བདག་དང་༴ ཞག་གི་ཐིག་ལེ། ཧཱུྃ་གི་འཕྲོ་འདུ་ལས། ཧཱུྃ། ཆོས་རྣམས་རང་བཞིན་གཉིས་མེད་ཅིང་། །བྱང་ཆུབ་སེམས་སུ་དག་བྱའི་ཕྱིར། །ཞག་གི་ཐིག་ལེས་མཚན་པ་འདི། །གིང་ཆེན་ཀུན་དང་གཅིག་པར་ཤོག །འཇིགས་བྱེད་ཆེན་པོ༴སོགས། ཞག་གི་ཐིག་ལེའི་མངའ༴ ཞེ་སྡང་མ་སྤང་རང་སར་དག་ནས། ལོངས་སྤྱོད་རྫོགས་སྐུས་འགྲོ་བའི་དོན་མཛད་པས་བདག་དང་༴ སོགས། ཐལ་ཆེན་ལ་ཧཱུྃ་གི་འཕྲོ་འདུ་ལས། ཧཱུྃ། ཆོས་རྣམས་རང་བཞིན་གཉིས་མེད་ཅིང་། །བྱང་ཆུབ་སེམས་སུ་དག་བྱའི་ཕྱིར། །ཐལ་བའི་ཚོམ་བུ་མཚན་པ་འདི། །མཁའ་འགྲོ་ཀུན་དང་གཅིག་པར་ཤོག །འཇིགས་བྱེད་ཆེན་པོ༴ སོགས། ཐལ་ཆེན་གྱི་ཚོམ་བུའི་མངའ་གསོལ་བས། ལོངས་སྤྱོད་རྫོགས་སྐུའི་འགྲོ་བའི་དོན་མཛད་པ་བདག༴ སོགས། རཀྟའི་ཐིག་ལེ་ཧཱུྃ་གི་འཕྲོ་འདུ་ལས། ཧཱུྃ། ཆོས་རྣམས་བྱང་ཆུབ་སེམས་སུ་དག་བྱའི་ཕྱིར། །རཀྟའི་ཐིག་ལེས་མཚན་པ་འདི། །གིང་ཆེན་ཀུན་དང་མཐུན་པར་ཤོག །འཇིགས་བྱེད་ཆེན་པོ༴ རཀྟའི་ཐིག་ལེས་མངའ་གསོལ་བས། འདོད་ཆགས་སྤྲུལ་སྐུའི་འགྲོ་དོན་མཛད་པས། བདག་དང་མཐའ་ཡས་པའི༴ ཐོད་པ་ཚར་གསུམ་ལ། ཧཱུྃ་གི་འཕྲོ་འདུ་ལས། ཧཱུྃ། ཐོད་པ་ཚར་གསུམ་དུག་གསུམ་ངོ་བོ་སྟེ། །ལུས་ངག་ཡིད་གསུམ་རྟོག་པ་མི་མངའ་བའི། །སངས་རྒྱས་སྐུ་གསུམ་ངོ་བོ་གྲོལ་བར་ཤོག །འཇིགས་བྱེད་ཆེན་པོ་ཁྲག་འཐུང་རོལ་བའི་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ། ཐོད་པ་ཚར་གསུམ་གྱིས་མངའ་གསོལ་བས། ཉོན་མོངས་པ་དུག་གསུམ་མ་སྤང་བར་སངས་རྒྱས་པའི་དོན་བདག༴ སྤྲུལ་ཆུན་ལ། ཧཱུྃ་གི་འཕྲོ་འདུ་ལས། ཧཱུྃ། རིགས་བཞི་སྦྲུལ་གྱི་རྒྱན་ཆས་འདི། །ཞེ་སྡང་མ་སྤང་གནས་དག་ནས། །གདུག་པ་ཐམས་ཅད་ཐུགས་རྗེས་འདུལ། །ཡེ་ཤེས་བརྒྱད་ཀྱི་དོན་རྟོགས་ཤོག །འཇིགས་བྱེད༴ ནས། སྦྲུལ་ཆེན་རིགས་བཞིའི་མངའ་གསོལ་བས། གདུག་པ་ཅན་བཏུལ་ནས། ཞེ་སྡང་མ་སྤང་རང་སར་གྲོལ་བའི༴ དེ་དག་གི་ཁྲོ་བོ་མཛེས་པའི་རྒྱན་ཆ་དྲུག་གི་ཆས་བརྒྱད་གཅིག་ཏུ་བསྒྲང་བས། དབུ་མ་མན་ཆད་ལ་མངའ་གསོལ་བ་ཉི་ཤུ་རྩ་གཅིག་གོ། །དེ་ནས་ལྷ་དེ་དག་ཆེ་བའི་ཡོན་ཏན་བསྐྱེད་པའི་ཕྱིར། གདན་ནས་འབུལ་བ་ནི། ལྷ་ཆེན་ཕོ་མོ་འཕྲོ་འདུ་ལས། རུ་ཏྲ་བྷེཾ་ལ། ཧཱུྃ། རུ་ཏྲ་དྲེག་པ་ཆེན་པོ་བཏུལ་བ་དང་། །ཞིང་ཆེན་སྐམ་རློན་ཕྱི་ནང་མཁའ་འགྲོའི་གདན། །ཐུགས་རྗེས་ཀུན་ལ་ཁྱབ་པར་དོན་མཛད་པ། །ཉོན་མོངས་གདུག་པ་ཟིལ་གྱི་གནོན་པར་ཤོག །འཇིགས་བྱེད་ཆེན་པོ་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ། དྲེག་པ་རུ་ཏྲ་དང་། ཞིང་སྐམ་རློན་གྱི་གདན་གྱི་མངའ་གསོལ་བས། ཁམས་གསུམ་གྱི་དྲེག་པ་ཅན་ཐམས་ཅད་བཏུལ་བ་དང་། ཉོན་མོངས་པ་ཐམས་ཅད་ཟིལ་གྱི་མནན་པའི༴ མཾ་གི་འཕྲོ་འདུ་ལས། སེམས་ཅན་ལྷར་བསྒོམ་ལ། ཧཱུྃ། སེང་གེ་གླང་ཆེན་མ་ཧེ་གཟིག་སྟག་དོམ། །སེམས་ཅན་ཆེན་པོ་ལྔའི་གདན་ཁྲི་འདི། །ཆེ་བའི་ཡོན་ཏན་ལྷུན་གྱིས་གྲུབ་ནས་ཀྱང་། །ས་རྣམས་ཐམས་ཅད་དུས་གཅིག་གནོན་པར་ཤོག །འཇིགས་བྱེད་ཆེན་པོ་ཁྲག་འཐུང་༴ སེམས་ཅན་ཆེན་པོ་ལྔའི་གདན་ཁྲིའི་མངའ་གསོལ་བས། ཆེ་བའི་ཡོན་ཏན་ལྷུན་གྱིས་གྲུབ་པ་སྟེ། ས་རྣམས་མཐར་ཕྱིན་པའི་དོན་བདག་དང་༴ མ་ལས་ཉི་མའི་གདན་བསམ། ཧཱུྃ། སྡུག་བསྔལ་རྒྱ་མཚོ་གཏིང་སྐམ་ཉི་མའི་གདན། །ཡེ་ཤེས་ཐུགས་རྗེ་ཆེན་པོ་བདལ་བ་ཡི། །ཀུན་ལ་ཁྱབ་པར་འགྲོ་དོན་མཛད་ནས་ནི། །ལས་དང་ཉོན་མོངས་ཐམས་ཅད་བསྲེགས་པར་ཤོག །འཇིགས་བྱེད་ཆེན་པོ༴ ཤེས་རབ་ཉི་མའི་གདན་གྱི་མངའ་གསོལ་བས། ཡེ་ཤེས་ཀྱི་ཐུགས་རྗེ་ཆེན་པོས་ལས་དང་ཉོན་མོངས་པའི་བག་ཆགས་ཐམས་ཅད་བསྲེགས་པའི༴ ནས། རམ་ལས་ཡེ་ཤེས་ཀྱི་ཁ་དོག་ལྔ་འཕྲོ་བར་བསྒོམ། ཧཱུྃ། སྐུའི་རྒྱབ་ཡོལ་མེ་རི་ཆེན་པོ་ལས། །ཡེ་ཤེས་ལྔའི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ཐམས་ཅད་རྫོགས་གྱུར་ནས། །མཐའ་ཡི་ལྟས་ངན་ཐམས་ཅད་འཇོམས་པར་ཤོག །འཇིགས་བྱེད་ཆེན་པོ༴ རྒྱབ་ཡོལ་མེ་རི་འབར་བས་མངའ་གསོལ་བས། ཤེས་རབ་ཡེ་ཤེས་ཀྱི་མེ་ཆེན་པོས། མཐའ་ལྟས་ངན་ཐམས་ཅད་བསྲེག་ཀྱི་འདོད་པའི་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པའི་དོན་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཐོབ་པར་གྱུར་ཅིག །དེ་ནས་ཞི་ཁྲོ་ཐུན་མོང་དུ་གདུགས་ལ་སོགས་པ་འདྲ། གསུམ་པ་ཆེ་བའི་ལོངས་སྤྱོད་ཕུན་སུམ་ཚོགས་པས་མངའ་གསོལ་ལ། གདུགས་པ་སའི་འཕྲོ་འདུ་ལས། ཧཱུྃ། གཟི་བརྗིད་ཁྱད་པར་འཕགས་པ་ཡི། །བདེ་གཤེགས་སྐུ་ལ་རིན་ཆེན་གདུག་ཕུལ་བས། །ལོག་པར་ལྟ་བ་ཐ་དག་ཡོངས་སྤངས་ནས། །འབར་བའི་རྒྱལ་པོ་ཐུབ་མེད་གྲུབ་པར་ཤོག །རྒྱལ་བ་ཞི་ཁྲོའི་ལྷག་པ་གཟུགས་བརྙན་གྱི་དལ་ཕྱིའི་ལྷ་ཚོགས་ལ་རིན་པོ་ཆེའི་གདུགས་ཀྱི་མངའ་གསོལ་བས། ཐུགས་རྗེ་ཆེན་པོས་གདུལ་བྱ་ཡོངས་སུ་སྐྱོབ་ཅིང་། ཚ་བའི་གདུང་བ་སེལ་བ་བདག༴ རྒྱལ་མཚན་ལ་ཧཱུྃ་གི་འཕྲོ་འདུ་ལས། ཧཱུྃ། གཟི་བརྗིད་ཁྱད་པར་འཕགས་པ་ཡི། །བདེ་གཤེགས་སྐུ་ལ་རྒྱལ་མཚན་འདི་ཕུལ་བས། །ལོག་པར་ལྟ་བ་ཐ་དག་ཡོངས་སྤང་ནས། །འབར་བའི་རྒྱལ་པོ་ཐུབ་མེད་འགྲུབ་པར་ཤོག །རྒྱལ་མཚན་གྱི་མངའ་གསོལ་བས། ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་བཅད་ཅིང་མཚན་མར་ལྟ་བ་ཟིལ་གྱི་གནོན་པ་བདག༴ སོགས། བླ་རེ་ལ་སའི་འཕྲོ་འདུ་ལས། ཧཱུྃ། གཟི་བརྗིད་ཁྱད་པར་འཕགས་པ་ཡི། །བདེར་གཤེགས་སྐུ་ལ་བླ་རེ་འདི་ཕུལ་བས། །ལོག་པར་ལྟ་བ་ཐ་དག་ཡོངས་སྤང་ནས། །འབར་བའི་རྒྱལ་པོ་ཐུབ་མེད་འགྲུབ་པར་ཤོག །བླ་རེས་མངའ་གསོལ་བས། ཆོས་ཉིད་བདལ་བ་ཆེན་པོ༴ ཡོལ་བ་ལ་ཧཱུྃ་གི་འཕྲོ་འདུ་ལས། ཧཱུྃ། གཟི་བརྗིད་ཁྱད་པར་འཕགས་པ་ཡི། །བདེ་གཤེགས་སྐུ་ལ་ཡོལ་བ་འདི་ཕུལ་བས། །ལོག་པར་ལྟ་བ་ཐ་དག་ཡོངས་སྤང་ནས། །འབར་བའི་རྒྱལ་པོ་ཐུབ་མེད་འགྲུབ་པར་ཤོག །རྒྱལ་བ་ཞི་ཁྲོ་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ཕྱིའི་ལྷ་ཚོགས་ལ། ཡོལ་བའི་མངའ་གསོལ་བས། སེམས་ཀྱི་དྲྭ་བ་ཡོངས་སུ་གསལ་བ་སྐྱོན་དང་བྲལ་ནས། བདག་ཉིད་ཆེན་པོ་སྐྱོབ་པ་བདག་དང་མཐའ་ཡས་པའི༴ འཕན་ལ་ཧཾ་གྱི་འཕྲོ་འདུ་ལས། ཧཱུྃ། གཟི་བརྗིད་ཁྱད་པར་འཕགས་པ་ཡི། །བདེ་གཤེགས་སྐུ་ལ་འཕན་འདི་ཕུལ་བ་ཡི། །ལོག་པར་ལྟ་བ་མཐའ་དག་ཡོངས་སྤངས་ནས། །འབར་བའི་རྒྱལ་པོ་ཐུབ་མེད་འགྲུབ་པར་ཤོག །འཕན་ཆེན་པོའི་མངའ་གསོལ་བས། ཐམས་ཅད་བདག་ཉིད་ཆེན་པོ་རྟོགས་ཤིང་ཐོགས་པ་མེད་པའི་ཤེས་རབ་བདག༴ མཎྜལ་ལ་སའི་འཕྲོ་འདུ་ལས། ཧཱུྃ། འབྲས་བུ་མཐའ་ཡས་ཀུན་ལ་མངའ་བརྙེས་པའི། །བདེ་གཤེགས་སྐུ་ལ་མཎྜལ་འདི་ཕུལ་བས། །འཕགས་པའི་ནོར་གྱི་དབུལ་བ་ཀུན་བྲལ་ནས། །ཏིང་འཛིན་འབུམ་ཕྲག་ཡོངས་སུ་རྫོགས་པར་ཤོག །གླིང་བཞིའི་མཎྜལ་རིན་ཆེན་སྤྲས་པ་ཕུལ་བས། འཕགས་པའི་ནོར་བདུན་དང་། ཏིང་འཛིན་གྱི་སྒོ་འབུམ་ཕྲག་ལ་མངའ་བརྙེས་པ་བདག༴ སོགས། ཡུལ་མཁར་ལ་སའི་འཕྲོ་འདུ་ལས། ཧཱུྃ། འབྲས་བུ་མཐའ་ཡས་ཀུན་ལ་མངའ་བརྙེས་པའི། །བདེ་གཤེགས་སྐུ་ཡུལ་མཁར་འདི་ཕུལ་བས་ན། །འཕགས་པའི་ཞིང་ཁམས་སྣ་ཚོགས་ཐོབ་པར་ཤོག །རྣལ་འབྱོར་པ་བདག་གི་རྒྱལ་བ་ཞི་ཁྲོ་ལྷག་པ་གཟུགས་བརྙན་གྱི་དལ་ཕྱིའི་ལྷ་ཚོགས་ལ། ཡུལ་མཁར་ཕུལ་བས། དབུལ་བ་སྡུག་བསྔལ་ཞི་ནས། གཞལ་ཡས་ཆེན་པོ་མངའ་བརྙེས་པ་གསུམ་དང་༴ བྲན་ཕོ་མོ་ཧྲིའི་འཕྲོ་འདུ་ལས། ཧཱུྃ། གཟི་བརྗིད་ཁྱད་པར་འཕགས་པ་ཡི། །བདེ་གཤེགས་སྐུ་ལ་ཕོ་མོའི་བྲན་ཕུལ་བས། །ལོག་པར་ལྟ་བ་ཐ་དག་ཡོངས་སྤང་ནས། །འཁོར་རྣམས་ཡོངས་སྨིན་ཚོགས་ལ་དབང་བྱེད་ཤོག །བྲན་ཕོ་མོ་ཕུལ་བས། འཁོར་བ་ཡོངས་སུ་སྨིན་པ་ཕུན་སུམ་ཚོགས་པ་ལ། དབང་བསྒྱུར་བ་བདག་དང་མཐའ་ཡས་པའི༴ བུ་ཕོ་མོ་ལ་ཧྲིའི་འཕྲོ་འདུ་ལས། ཧཱུྃ། གཟི་བརྗིད་ཁྱད་པར་འཕགས་པ་ཡི། །བདེ་གཤེགས་སྐུ་ལ་ལྕམ་སྲིང་འདི་ཕུལ་བས། །ལོག་པར་ལྟ་བ་མཐའ་དག༴ སྤྲུལ་པས་འདུལ་བྱ་དོན་ལ་དབང་བྱེད་ཤོག །བུ་དང་བུ་མོ་ཕུལ་བས། ཐབས་ལ་མཁས་པའི་སྤྲུལ་པ་མང་པོས་གདུལ་བྱ་ཁ་ལོ་བསྒྱུར་བ་དང་༴ གར་མཁན་ལ་ཡཾ་གི་འཕྲོ་འདུས་ཀྱི། ཧཱུྃ། གཟིགས་བརྗིད་ཁྱད་པར་འཕགས་པ་ཡི། །བདེ་གཤེགས་རྣམས་ལ་གར་མཁན་འདི་ཕུལ་བས། །ལོག་པར་ལྟ་བ༴ སྒྱུ་རྩལ་རྣམ་རོལ་མ་འགགས་སྤྱོད་པར་ཤོག །རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས། གར་སྟབས་སྣ་ཚོགས་ཕུལ་བས། མ་འགགས་སྒྱུ་མའི་རྣམ་རོལ། འགྲོ་ཀུན། གྲོལ་བ་བདག་གཞན་ཐམས་ཅད་བྱེད་པར་གྱུར་ཅིག །གཟུངས་མ་ལ་ཧྲིའི་འཕྲོ་འདུ་ལས། ཧཱུྃ། གཟི་བརྗིད་ཁྱད༴ བདེ་གཤེགས་སྐུ་ལ་གཟུངས་མ་འདི་ཕུལ་བས། །ལོག་པར་ལྟ་བ་མཐའ་དག༴ གསང་སྤྱོད་ཡོངས་སུ་དག་པ་ཐོབ་པར་ཤོག །རིག་མ་ཕུལ་བས། གསང་སྤྱོད་ཡོངས་སུ་དག་པ་སྙོམས་པར་འཇུག་པ༴ བཞི་པ་མཉེས་མཆོད་ཕུལ་བར་མངའ་གསོལ་བ་ལ་གསུམ་ལས། མ་སྐྱེས་རྡོ་རྗེ་དང་། བདག་དང་ཕྱོགས་བྲལ་གྱི་ནང་གི་ཕྱག་འཚལ། ཧཱུྃ། ཆོས་སྐུ་མུ་མཐའ་དཔག་མེད་རིགས། །ཐབས་མཁས་ཕྱག་རྒྱ་རྒྱུ་འབྲས་རྫོགས། །རང་བྱུང་རོལ་པ་རང་སྣང་བའི། །རང་བཞིན་སྐུ་ལ་ཕྱག་འཚལ་ལོ། །ཧཱུྃ། ལྷག་པའི་གཟུགས་བརྙན་དཀྱིལ་འཁོར་ཆེན་པོ་ཡི། །བདེར་གཤེགས་སྐུ་ལ་ཕྱག་གི་མཆོད་འབུལ་བས། །ལྷ་དང་བདུད་རྩི་གཉིས་སུ་མེད་པ་ཡི། །དོན་ལ་འགྱུར་བའི་འབྲས་བུ་ཐོབ་པར་ཤོག །རྣལ་འབྱོར་བདག་གི་རྒྱལ་བ་ཞི་ཁྲོ་ཡི། །གཟུགས་བརྙན་གྱི་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ། གུས་པའི་ཕྱག་ཕུལ་བས། དཀྱིལ་འཁོར་གྱི་ལྷ་དང་གཉིས་མེད་དུ་མཇལ་བ་དང་། མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཐོབ་པར་གྱུར་ཅིག །ཕྱག་རྒྱ་ལས། ཧཱུྃ་བཛྲ་དྷྲིག །མུཾ་ད་དུ་ཤྭ་རི། ཧཱུྃ་ཧཱུྃ་ཏྲཾ་ཏྲཾ་ཧཱུྃ་ཨ་ༀ། ༀ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཀ་ཛྙཱ་ན་དྷརྟུ་ཨཱ། བཛྲ་ཧེ་རུ་ཀ །བཛྲ་ཀྲོ་ཏི་ཤྭ་རི། ཧཱུྃ་ཧ་ཧེ། ཕཊ་བྷྱོ་རཾ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། འདི་ནི་རྒྱལ་བ་དང་། ཧཱུྃ། ལྷག་པའི་གཟུགས་བརྙན་དཀྱིལ་འཁོར་ཆེན་པོ་རུ། །བདེར་གཤེགས་སྐུ་ལ་ཕྱག་རྒྱ་གར་འབུལ་བས། །མི་འདའ་དམ་ཚིག་ཕྲིན་ལས་རོལ་པ་ཡི། །ཕྱག་རྒྱ་བཞི་དོན་ཡོངས་སུ་རྫོགས་པར་ཤོག །ཕྱག་རྒྱའི་མཆོད་པ་མི་འདའ་བའི་དམ་ཚིག་སྒོ་ནས་བདག༴ སྣང་སྲིད་ཀུན་བཟང་ནམ་མཁའ་མཛོད་སྔགས་དང་། ཧཱུྃ། ལྷག་པའི་གཟུགས་བརྙན་དཀྱིལ་འཁོར་ཆེན་པོ་རུ། །སྣང་སྲིད་མཆོད་པ་ཕུལ་བ་ཡི། །སྤྱོད་ཡུལ་ཡང་དག་ལྷ་དང་དབྱེར་མེད་པའི། །ཕྱག་རྒྱ་དོན་རྟོགས་ཀུན་ནས་ཀུན་བཟང་ཤོག །སྤྱོད་ཡུལ་ཡོངས་སུ་དག་པ་སྣང་སྲིད་ཀྱི་མཆོད་པ་ཕུལ་བས། དཀྱིལ་འཁོར་ཀུན་དང་དབྱེར་མེད་ཀུན་ཏུ་བཟང་པོ་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི༴ ཨརྒྷཾ། ཡང་དག་དོན་དུ་དང་། ཨ་ཧ་ར་དང་། རང་བཞིན་སྤྲོས་བྲལ་ཆོས་སྐུ་རྣམ་དག་ཅིང་། །སྲིད་ཞུ་གུས་པས་ཨརྒྷཾ་འདི་ཕུལ་བས། །ཕྱི་ནང་བྱང་ཆུབ་སེམས་སུ་རྣམ་དག་ཅིང་། །བསོད་ནམས་མི་འཛད་གཏེར་གྱི་ཕུལ་གྱུར་ཅིག །ན་མོ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ། ཨརྒྷཾ་གྱི་མཆོད་པ་ཕུལ་བས། སྤྱོད་ལམ་སྒོ་ཡོངས་སུ་དག་ནས། བསོད་ནམས་མི་འཛད་པའི་གཏེར་བདག་དང་། སྤོས། ༀ་པ་ན་པེ། ༀ་ཤྲཱི་བཛྲ་དྷུཥྤེ་དྷུ། མཆོད་པ་རྣམ་པར་དག་པའི་རྟགས་མངའ་བ། །བདེ་གཤེགས་སྐུ་ལ་བདུག་སྤོས་འདི་ཕུལ་བས། །དམ་ཚིག་སྡོམ་པའི་ཉེས་པ་ཀུན་བྲལ་ནས། །ཡེ་ཤེས་ཐུགས་རྗེས་མ་ལུས་འཛིན་པར་ཤོག །དཀྱིལ་འཁོར་གྱི་ལྷ་ཚོགས་ལ། སྤོས་ཕུལ་བས། ཐེག་པ་སོ་སོའི་དམ་ཚིག་སྡོམ་པའི་ཉེས་ལྟུང་ལས་གྲོལ་ཏེ། ཐུགས་རྗེའི་ངང་གི་ཕྱོགས་བཅུའི་འགྲོ་བ་འཛིན་པའི་དོན་བདག༴ མེ་ཏོག་ༀ་ཤྲཱི་བཛྲ་པུཥྤེ་ཊཾ། ཡོན་ཏན་ལྷུན་རྫོགས་སངས་རྒྱས་སྐུ་གཟུགས་ལ། །རིན་ཆེན་མཛེས་པའི་མེ་ཏོག་འདི་ཕུལ་བས། །ལོག་ལྟའི་ཉོན་མོངས་ཐལ་བ་ཀུན་བྲལ་ནས། །ལྟ་བའི་ཡི་དམ་མཆོག་གི་སྐུ་ཐོབ་ཤོག །རྣལ་འབྱོར་པ་བདག་གི་རྒྱལ་བ་ཞི་ཁྲོའི་གཟུགས་བརྙན་གྱི་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ། མེ་ཏོག་ཕུལ་བས། ལོག་ལྟ་ཉོན་མོངས་ཀྱི་ཐ་བ་དང་བྲལ་ཏེ། བསོད་ནམས་ཡེ་ཤེས་ཀྱི་སྐུ་བདག་དང་མཐའ་ཡས༴ ༀ་བཛྲ་ཨ་ལོ་ཀེ་ཧྲཱིཿ ཐམས་ཅད་མཁྱེན་པའི་སྐུ་གཟུགས་སངས་རྒྱས་ལ། །མུན་པ་སེལ་བྱེད་མར་མེ་འདི་འབུལ་བས། །མ་རིག་འཐིབ་པའི་མུན་པ་ཀུན་བྲལ་ནས། །སྤྱན་ལྔ་ཡོངས་སུ་དག་པ་ཐོབ་པར་ཤོག །དཀྱིལ་འཁོར་གྱི་ལྷ་ཚོགས་ལ། མར་མེ་ཕུལ་བས། ལྷན་གཅིག་སྐྱེས་པའི་མ་རིག་པའི་མུན་པ་རབ་ཏུ་བསལ་ཏེ། སངས་རྒྱས་ཀྱི་སྤྱན་ལྔ་བདག་དང་མཐའ༴ དྲི་ཆབ། ༀ་ཤྲཱི་བཛྲ་གྷེནྡྷེ། སྙིགས་མ་ལྔ་དང་འབྲས་བུ་ཡོངས་རྫོགས་པའི། །བདེ་གཤེགས་སྐུ་ལ་དྲི་ཆབ་འདི་ཕུལ་བས། །ཉོན་མོངས་གདུང་བའི་ཟུག་རྔུ་ཀུན་བྲལ་ནས། །འོད་ཟེར་མཐའ་ཡས་འགྱེད་པའི་སྐུ་ཐོབ་ཤོག །ན་མོ། ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་བདེན་པའི་བྱིན་རླབས་ཀྱིས། རྣལ་འབྱོར་པ་བདག་གི་རྒྱལ་བ་ཞི་ཁྲོའི་གཟུགས་བརྙན་གྱི་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་དྲི་ཆབ་ཕུལ་བས། ཉོན་མོངས་པའི་ཟུག་རྔུ་ཞི་ནས། །འོད་ཟེར་མཐའ་ཡས་འགྱེད་པའི་སྐུ་བདག་དང་༴ སྨན་ཕྱི་ནང་གི་ཞི་ཁྲོའི་སྔགས་ཚར་བ་དང་། མ་ཧཱ་པཉྩ་ཨ་མྲྀ་ཏ་དང་། ཡེ་ཤེས་སྐུ་ལྔ་ལྷུན་གྱིས་གྲུབ་པ་ཡི། །རྒྱལ་བའི་སྐུ་ལ་བདུད་རྩི་ལྔ་ཕུལ་བས། །སྐུ་ལྔ་གདོད་ནས་ཡེ་ཤེས་ལྔར་དག་པའི། །སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ་པར་ཤོག །བདུད་རྩི་སྨན་གྱི་མཆོད་པ་ཕུལ་བ་ཡིས། །དུག་ལྔ་མ་སྤང་ཡེ་ཤེས་ལྔར་དག་ནས། །སྐུ་ལྔ་བདག་དང༴ གཏོར་མ། ༀ་ཨཱཿཧཱུྃ་གི་འཕྲོ་འདུ་ལས། མ་ཧཱ་བྷ་ལིདྷ་དང་། ཧཱུྃ། ཆོས་རྣམས་ལོངས་སྤྱོད་ཡོངས་སུ་དག་པ་ཡི། །བདེར་གཤེགས་སྐུ་ལ་གཏོར་མ་འདི་ཕུལ་བས། །རྫས་དང་སྤྱོད་པའི་གདུང་བ་ཀུན་བྲལ་ནས། །གསང་བའི་ལོངས་སྤྱོད་ཡོངས་སུ་རྫོགས་པར་ཤོག །རྣལ་འབྱོར་པ་བདག་གི་རྒྱལ་བ་ཞི་ཁྲོའི་གཟུགས་བརྙན་གྱི་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ། གཏོར་མ་ཕུལ་བས། དངོས་པོ་རྫས་ཀྱི་གདུང་བ་ཡེ་ཤེས་སུ་གྲོལ་ནས། དམ་རྫས་གསང་བའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་བདག་དང་། ནང་གི་ཏིང་འཛིན་དང་། ཧཱུྃ། ལྷག་པའི་གཟུགས་བརྙན་དཀྱིལ་འཁོར་ཆེན་པོ་རུ། །བདེ་གཤེགས་སྐུ་ལ་ལྷག་པའི་ཏིང་འཛིན་གྱི། །མཆོད་པའི་བྱེ་བྲག་བསམ་ཡས་ཕུལ་བ་ཡི། །ཕྱི་ནང་གསང་དོན་མ་ལུས་ཀུན་རྫོགས་ཏེ། །རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྒྱུད་བརྙེས་ནས། །འབྲས་བུ་མཐའ་ཡས་ཀུན་ལ་ལོངས་སྤྱོད་ཤོག །ལྷག་པའི་ཏིང་འཛིན་གྱི་མཆོད་པ་ཕུལ་བས། རྒྱལ་བའི་སྐུ་གསུང་ཐུགས་བརྙེས་པ་བདག་དང་མཐའ་ཡས་པའི༴ སྒྲོལ་བ། ཡེ་ཤེས་སྤྱོད་ཡུལ་ཡོངས་སུ་དག་པ་ཡི། །བདེ་གཤེགས་སྐུ་ལ་སྟ་ན་འདི་ཕུལ་བས། །ཁམས་གསུམ་དུག་གསུམ་རྩད་ནས་དག་གྱུར་ཏེ། །སྐུ་གསུམ་ལྷུན་གྱིས་གྲུབ་པ་ཐོབ་པར་ཤོག །དལ་གྱི་ལྷ་ཚོགས་ལ། སྒྲོལ་བའི་མཆོད་པ་ཕུལ་བས། དུག་གསུམ་རྩད་ནས་གཅོད་དེ། སྐུ་གསུམ་ལྷུན་གྱིས་གྲུབ་པ་བདག་དང་། སྦྱོར་བ། ཐབས་དང་ཤེས་རབ་འདུ་འབྲལ་མེད་པ་ཡི། །བདེ་གཤེགས་སྐུ་ལ་གྷ་ན་འདི་ཕུལ་བས། །སྣོད་བཅུད་བྱང་ཆུབ་སེམས་སུ་རྣམ་དག་ནས། །མཐའ་ཡས་སྙོམས་པར་འཇུག་པ་ཐོབ་པར་ཤོག །དལ་གྱི་ལྷ་ཚོགས་ལ། སྦྱོར་བའི་མཆོད་པ་ཕུལ་བས། ཐབས་ཤེས་ཀྱི་སྤྱོད་པས། སྣོད་བཅུད་ཐེག་པ་ཆེན་པོའི་དབྱིངས་སུ་དག་སྟེ། བསམ་ཡས་ལྷུན་གྲུབ་ཀྱི་ཏིང་འཛིན་བདག་དང་མཐའ་ཡས༴ འདོད་ལྔ། བདག་དང་མཐའ་ཡས་འབྲལ་བ་མེད་པའི་རྒྱལ་བའི་སྐུ་ལ་འདོད་ཡོན་ཕུལ་བ་ཡི། མཐའ་ལ་ཞེན་པའི་གདུང་བ་ཀུན་བྲལ་ནས། །བདེ་བ་ཆེན་པོ་དོན་རྣམས་རྫོགས་པར་ཤོག །རྣལ་འབྱོར་པ་བདག་གི་རྒྱལ་བ་ཞི་ཁྲོའི་གཟུགས་བརྙན་གྱི་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ། འདོད་ཡོན་ཕུལ་བས། མཐར་འཛིན་གྱི་ཞེན་པ་བྲལ་ནས། བདག་དང་༴ རཀྟ། ཧཱུྃ། འཁོར་བའི་རྩ་བ་འདོད་ཆགས་ཞེ་སྡང་དང་། །གཏི་མུག་མ་སྤང་རང་སར་གྲོལ་བ་ཡི། །ཁམས་གསུམ་བག་ཆགས་གཏིང་ནས་ཟང་ཕྱུང་སྟེ། །སྤྲུལ་པ་སྐུ་ཡི་འཁོར་བ་སྒྲོལ་བར་ཤོག །རཀྟ་ཚ ར་གསུམ་ཕུལ་ལ། རྒྱལ་བའི་ཐུགས་རྗེས་ཁམས་གསུམ་གྱི་དུག་ཐམས་ཅད་མ་སྤང་བར་རང་སར་གྲོལ་བ་བདག༴ གར་མཆོད། རང་བཞིན་རྣམ་པར་དག་པ་རྒྱལ་བའི་སྐུ་གཟུགས་ཕྱག་རྒྱ་གར་གྱི་མཆོད་པ་ཕུལ་བས། སྐུ་ལ་སྤྱོད་རོལ་པ་ཆེན་པོའི་ཕྲིན་ལས་ཀྱི་རྫུ་འཕྲུལ་ཐབས་ཀྱི་འགྲོ་བའི་དོན་བྱེད་ཤོག །ན་མོ། ཕྱོགས་བཅུའི༴ གར་ཡེ་ཤེས་ཀྱི་མཆོད་པ་ཕུལ་བས། ཐབས་མཁས་རྫུ་འཕྲུལ་གྱི་ཐམས་ཅད་ལྷུན་གྱིས་གྲུབ་ནས། བདག་དང་༴ རོལ་མོ། ཡེ་ཤེས་སྤྱོད་ཡུལ་ཡོངས་སུ་དག་པའི་བདེ་བར་གཤེགས་པའི་སྐུ་ལ་རོལ་མོ་འདི་ཕུལ་བས། བདག་དང་འགྲོ་བ་སེམས་ཅན་མ་ལུས་ཀུན། །སྐྱེ་འགགས་མེད་པའི་དོན་དང་འཕྲོད་པར་ཤོག །རོལ་མོ་ཡེ་ཤེས་ཀྱི་མཆོད་པ་ཕུལ་བས། སྒྲའི་བྱེ་བྲག་སྣ་ཚོགས་དོན་མཐུན་དུ་བརྡའ་འཕྲོད་ཅིང་། སྐྱེ་འགགས་མེད་པར་བདག་དང་༴ ཞི་ཁྲོའི་ལྷ་ལ་ཚོགས་མཆོད་སོ་སོར་འབུལ། ཡོངས་སུ་སྨིན་པ་ཕུན་སུམ་ཚོགས་པ་ཡི། །བདེ་གཤེགས་སྐུ་ལ་ཚོགས་མཆོད་འདི་ཕུལ་བས། །རྫས་སུ་སྤྱོད་པའི་གདུང་བ་ཀུན་བྲལ་ནས། །གསང་བའི་ལོངས་སྤྱོད་ཡོངས་སུ་རྫོགས་པར་ཤོག །རྣལ་འབྱོར་པ་བདག་གི་རྒྱལ་བ་ཞི་ཁྲོའི་གཟུགས་བརྙན་གྱི་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ། ལོངས་སྤྱོད་ཚོགས་ཀྱི་མཆོད་པ་ཕུལ་བས། ཚོགས་རྣམ་པ་གཉིས་ཡོངས་སུ་རྫོགས་པ་བདག་དང་མཐའ༴ དབྱིངས་ཀྱི༴ དེ་ནས་བསྟོད་པ་ནི། ཨེ་མ་ཧོཿ མི་འཇིགས་ཁྲི་ལ་མཐིང་ཀ་རྡོ་རྗེ་བསྣམས། །ཞེ་སྡང་རྣམ་དག་རྒྱལ་བ་བཛྲ་དྷྲིཀ །སྟོང་ཉིད་ཡེ་ཤེས་མཐར་ཕྱིན་ཆོས་ཀྱི་སྐུ། །མངོན་སྤྱོད་ཐུགས་རྗེ་དཔལ་ལ་ཕྱག་འཚལ་བསྟོད། །སྟོབས་ལྡན་ཁྲི་ལ་དུང་མདོག་འཁོར་ལོ་བསྣམས། །གཏི་མུག་རྣམ་དག་རྒྱལ་བ་ཛི་ན་ཛིག །ཆོས་དབྱིངས་ཡེ་ཤེས་མཐར་ཕྱིན་རྫོགས་པའི་སྐུ། །ཐུགས་རྗེ་ཞི་བའི་དཔལ་ལ་ཕྱག་འཚལ་བསྟོད། །རྫུ་འཕྲུལ་ཁྲི་ལ་གསེར་མདོག་ནོར་བུ་བསྣམས། །ང་རྒྱལ་རྣམ་དག་རྒྱལ་བ་རཏྣ་དྷྲིཀ །མཉམ་ཉིད་ཡེ་ཤེས་མཐར་ཕྱིན་རྡོ་རྗེའི་སྐུ། །ཡོན་ཏན་རྒྱས་པའི་དཔལ་ལ་ཕྱག་འཚལ་བསྟོད། །མདངས་ལྡན་ཁྲི་ལ་ལེ་བརྒན་པདྨ་བསྣམས། །འདོད་ཆགས་རྣམ་དག་རྒྱལ་བ་ཨ་རོ་ལིག །སོར་རྟོགས་ཡེ་ཤེས་མཐར་ཕྱིན་བྱང་ཆུབ་སྐུ། །དབང་བསྒྱུར་ཐུགས་རྗེ་དཔལ་ལ་ཕྱག་འཚལ་བསྟོད། །ཐོགས་མེད་ཁྲི་ལ་ལྗང་ཀུ་རྒྱ་གྲམ་བསྣམས། །ཕྲག་དོག་རྣམ་དག་རྒྱལ་བ་པྲ་ཛྙཱ་དྷྲིཀ །ནན་ཏན་ཡེ་ཤེས་མཐར་ཕྱིན་སྤྲུལ་པའི་སྐུ། །ལས་རབ་གྲུབ་པའི་དཔལ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་པ་དང་དེ་དང་ཀུན་གྱི་ཕྱག་ཏུ་མེ་ཏོག་ཐོགས་ཏེ་བསྐོར་བ་བྱེད་ཅིང་། དུས་ཀྱི་འཁྲུག་པ་ཞི་བར་གྱུར་ཅིག །མཚོན་གྱི་བསྐལ་པ་ཉམས་པར་གྱུར་ཅིག །མི་ནད་ཕྱུག་ནད་རྒྱུན་ཆད་པར་གྱུར་ཅིག །ཆར་ཆུ་དུས་སུ་འབབ་པར་གྱུར་ཅིག །ལོ་ཕྱུག་རྟག་ཏུ་ལེགས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བདེ་སྐྱིད་ཕུན་སུམ་ཚོགས་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །བླ་ན་མེད་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པར་གྱུར་ཅིག །བྱའོ། །དེ་དག་ནི་རབ་གནས་ཀྱི་ཆོ་ག་བསྙེན་བསྒྲུབ་བཞི་ལ་ཉེ་བསྙེན་ཞག་དྲུག་ཡན་ཆད་ཀྱི་ཆོ་ག་ཡན་ཆད་དོ། །སྤྱི་དོན་གསུམ་པ་དཀྱིལ་འཁོར་བསྒྲུབ་ཅིང་ཆོ་ག་ལ། ཞག་བདུན་པ། བརྒྱད་པ། དགུ་པ། ཁྲི་སྟན་ཏོ། དགུང་མོ་ཆ་གསུམ་བཏང་། ཐོ་གསོའོ། །ཞལ་ཟས་ལ་རོལ་ལ་རྩ་བ་དང་ཡན་ལག་གི་མཆོད་པ་རྣམས་སོ་མར་བཤམས། ཚུལ་ཕྱག་བྱ། དེ་ནས། གདོད་ནས་མ་སྐྱེས་དང་། སྲིད་པ་ཕྱི་ནང་བཅུད་ཅེས་པས་བསྲུང་བའི་ཁྲོ་བོའི་མཚམས་བཅད། སྟེང་འོག་ཕྱོགས་མཚམས་ཀྱི་གསལ་གདབ། བཤགས་པ་བྱས་ལ། སྒྲིབ་པ་རྣམ་གཉིས་ཀྱི་གསལ་གདབ། དམ་བཅའ་བྱིན་དབབ། རྫས་བྱིན་རླབས་ལ། མཐུ་དང་བྲལ་ཞེས་པས་གསལ་གདབ། མ་ཏྲཾ་མནན་ཞིང་གསང་མཚམས་བཅད། ཁྲོ་བོ་བཅུའི་སྟང་སྟབས་ཀྱི་དམ་སྲི་བརྟུལ། རྟགས་དབབ། ཧཱུྃ། ཆོས་རྣམས་ཡེ་ནས་གཉིས་སུ་མེད་པ་ཡི། །བྱང་ཆུབ་སེམས་སུ་གཅིག་པའི་ཕྱིར། །ཞག་གི་ཟོ་རིས་མཚན་པ་ནི། །ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་དང་། །སངས་རྒྱས་ཀུན་དང་གཅིག་པ་འདི། །འདི་ཡང་སྔོན་གྱི་དམ་ཚིག་གོ། །འདི་ཡང་རྟགས་ཀྱི་ཕྱག་རྒྱའོ། །ༀ་མ་ཧཱ་མྲྀ་ཏ་མཎྜལ་ཧཱུྃ། ཧཱུྃ། ཆོས་རྣམས་ཡེ་ནས་གཉིས་སུ་མེད་པ་ཡི། །བྱང་ཆུབ་སེམས་སུ་གཅིག་པའི་ཕྱིར། །ཐལ་ཆེན་ཚོམ་བུ་མཚན་པ་ནི། །ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་དང་། །གིང་ཆེན་ཀུན་དང་གཅིག་པའི་ཕྱིར། །འདི་ཡང་སྔོན་གྱི་དམ་ཚིག་གོ། །འདི་ཡང་རྟགས་ཀྱི་ཕྱག་རྒྱའོ། །ༀ་མ་ཧཱ་ཀིང་ནི་རི་ཏི་ཛྭ་ལ་མཎྜལ་ཧཱུྃ། ཧཱུྃ། ཆོས་རྣམས༴ བྱང་ཆུབ་སེམས་སུ༴ རཀྟའི་ཐིག་ལེས་མཚན་པ་ནི། ཧེ་རུ་ཀ་ཡི༴ དུར་ཁྲོད་ཆེན་པོའི་གནས་བརྒྱད་དང་། །མཁའ་འགྲོ་ཀུན་དང་གཅིག་པའི་ཕྱིར། །འདི་ཡང་སྔོན་གྱི་དམ་ཚིག་གོ། །འདི་ཡང་རྟགས་ཀྱི་ཕྱག་རྒྱའོ། །ༀ་མ་ཧཱ་རཀྟ་ལ་ཀ་ལ་མཎྜལ་ཧཱུྃ། དེ་ནས་མཆོད་པ་བྱིན་གྱིས་རློབས་ལ། ཐུན་མོང་རྫས་ཞེས་པས་གསལ་གདབ། ལས་མཁན་གྱི་ཁྲོ་བོ་རྒྱུད་ལྟར་བསྐྱེད་ལ་ལུང་གི་གསལ་གདབ། གཞུང་གི་སྐབས་སུ་ལྷ་ཀུན་བཟང་ཡབ་ཡུམ་གྱི་གཙོ་བྱས་ལ་འདོད་དོན་གསལ་གདབ་ཡན་ཆད་བྱ། དེ་ནས་འཛབ་ཁང་ཕྱེ་ལ། ལྷའི་གཙོ་བོ། ཀུན་བཟང་ལ། རིགས་གསུམ་གྱིས་བྱིན་གྱིས་བརླབས་ཀྱི་འཛབ་བྱ། ཆོས་སྐུ་ནམ་མཁའི༴ བསྟོད་པ་དང་། སེམས་དཔའ་དང་། ཐུབ་པ་དང་། སྒོ་བ་ཡན་ཆད་ཀྱི་བསྟོད་པ་བྱ། དེ་ནས་ཆེ་མཆོག་གི་ཞལ་བྱང་བྱས་ལ། ཧཱུྃ། རང་བྱུང་ཁྲོ་བོ་ཆེན་པོ་བཅུ། །བགེགས་རྣམས་ཐམས་ཅད་གཟིར་བའི་ཕྱིར། །ཕྱོགས་མཚམས་ཕུར་པས་བཏབ་ནས་ནི། །བསྲུང་དང་མཚམས་ཀྱི་ལས་མཛོད་ཅིག །གརྫ་གརྫ་ཧཱུྃ་ཕཊ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། བྷནྡྷ་བྷནྡྷ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། ཚིནྡྷ་ཚིནྡྷ། བྷིནྡྷ་བྷནྡྷ། སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ། སུཾ་བྷ་ནིས་གཟིར་མནན་བཅད་དོ། །བཤགས་པ་ནི། དང་པོ་བྱང་ཆུབ་མཆོག་དང་། དང་པོ་སྐྱེ་བ་ཐོག་མ་མེད་པ་ནས། །རྣལ་འབྱོར་སྨིན་པའི་ལུས་འདི་ཡན་ཆད་དུ། །མི་དགེ་ལས་ཀྱི་འགྲོ་བའི་རྒྱུ་བསགས་པ། །བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། །དམ་བཅའ། བྱིན་དབབ། བདུད་རྩི་འཐུང་། གསང་གཏོར་བྱ་བ། ཧཱུྃ། བདུད་རྩི་རང་བྱུང་ཆེན་པོ་འདིས། །ཡེ་ཤེས་ལྷ་ལ་གཏོར་བྱས་པས། །བདག་དང་གཉིས་སུ་མེད་པར་འགྲུབ། །དམ་ལྡན་མཆེད་ལ་གཏོར་བྱས་པས། །ཐུགས་དམ་གཉན་པོ་བསྐངས་བར་གྱུར། །རྣལ་འབྱོར་པ་ལ་གཏོར་བྱས་ནས། །རྟོག་སྒྲིབ་བག་ཆགས་བྱང་བར་གྱུར། །མི་མཐུན་ཕྱོགས་ལ་གཏོར་བྱས་པས། །དྲག་པོ་གཏུམ་པོ་ཚོགས་པར་འགྱུར། །བདག་གར་ཅི་བཞིན་བཞག་པས་ན། །བྱང་ཆུབ་དེ་ཉིད་ལྷུང་གནས་མེད། །བྱང་ཆུབ་སེམས་ནི་ཀུན་ཏུ་གྲགས། །ཐིག་ལེ་ཆོས་སྐུ་ཁྱབ་པའི་ཕྱིར། །ཡེ་ནས་དབྱེར་མེད་བྱར་མི་དགོས། །དབྱིངས་སུ་གྱུར་ན་མཉམ་གནས་པའོ། །རྒྱུ་ཡི་ཏིང་འཛིན་འབྲས་བུ་ལ། །དེ་ཉིད་བྱང་ཆུབ་སེམས་སུ་འགྱུར། །འབྱུང་ལྔ་ཡུམ་གྱི་དཀྱིལ་འཁོར་དང་། །བྱང་ཆུབ་སེམས་དཔའ་རང་བཞིན་བསྐྱེད། །ཨེ། ཀུན་ཏུ་བཟང་མོའི་མཁའ་ཀློང་དུ། །དམ་ཚིག་སྒྲོལ་མ་རླུང་གི་རྒྱ་གྲམ་གཏམས། །མ་མ་ཀི་ནི་རཀྟའི་རྒྱ་མཚོ་འཁྲུགས། །སངས་རྒྱས་སྤྱན་ནི་ཀེང་རུས་རི་རབ་བསྟིམ། །ན་བཟའ་དཀར་མོ་ཀུན་ཏུ་དྲོད་འབེབས་མ། །འབྱུང་ལྔ་ཡུམ་ལྔ་མཐའ་ཡས་ལྷུན་གྱིས་གྲུབ། །བྷྲཱུྃ་ལས་བསྐྱེད་པའི་གཞལ་ཡས་ཁང་། །ནམ་མཁའི་དབྱིངས་དང་མཉམ་པ་ཡི། །ཚུལ་བཞིན་བྱིན་གྱིས་བརླབ་ཏུ་གསོལ། །གཞལ་ཡས་ཁང་པར་གྱུར་པར་བསམ། ཧཱུྃ་ཧཱུྃ་ཧཱུྃ། བྷི་ཤ་ཞེས་པ་ནས། ཕཊ་ཀྱི་བར། ཨི་ཧཾ་སཾ་ཨཾ་ཧ། བྷུདྡྷ་ཤྲཱི་ཧེ་རུ་ཀ །བྷུདྡྷ་ཀྲོ་ཏི་ཤྭ་རི་ཧཱུྃ་ཕཊ། ཨ་ཙ་ཊ་མཎྜལ། ཧཱུྃ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ཨ་ཀྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། མ་སུརྱ་མཎྜལ། ཨ་ཀྲ་མ་ཧཱ་ཀྲོ་ཏི་ཤྭ་རི་ཧཱུྃ་ཕཊ། མ་ཧཱ་མུ་ཏྲ་ཤྲཱི་ཤ་པྲ་ཏ་བྷི་ཤྭ་ཀྲི་ཏ་ཨ་ནུ་ཏ་ན་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨདྨ་ཀོ྅་ཧྃ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀ་ཡ་ཝཀྐ་ཙིཏྟ་བཛྲ་སྭ་བྷ་ཝ་ཨདྨ་ཀོ྅་ཧྃ། ཞེས་པས་བྱིན་གྱིས་བརླབ་བོ། །ཨེ་མ་ཆེ་མཆོག་ཧེ་རུ་ཀ །ཉི་ཤུ་རྩ་གཅིག་དབུ་ནི་རྣམ་པ་ལྷུན་གྱིས་གྲུབ། །སྒྲིབ་སྦྱངས་ཡེ་ཤེས་དབུ་ནི་ཁྲོ་ཆེན་སྟོབས་པོ་ཆེ། །དང་པོ་རབ་ཏུ་དགའ་བའི་ས་གནོན་པའོ། །སྐྱོན་མེད་ཡེ་ཤེས་དབུ་ནི་ཁམས་གསུམ་རྒྱལ། །གཉིས་པ་དྲི་མ་མེད་པའི་ས་ནི་མནན་པའོ། །བདུད་འཇོམས་ཡེ་ཤེས་དབུ་ནི་བདུད་རྩི་འཁྱིལ། །གསུམ་པ་འོད་འཕྲོས་ས་ནི་གནོན་པའོ། །རྟོག་འཇོམས་ཡེ་ཤེས་དབུ་ནི་འདོད་པའི་རྒྱལ། །བཞི་པ་འོད་བྱེད་ས་ནི་གནོན་པའོ། །ཟིལ་གནོན་ཡེ་ཤེས་དབུ་ནི་རྟ་མཆོག་དཔལ། །ལྔ་པ་སྦྱངས་དཀའི་ས་ནི་གནོན་པའོ། །རྣམ་རྟོག་ཡེ་ཤེས་དབུ་ནི་མི་གཡོ་མགོན། །དྲུག་པ་མངོན་གྱུར་ས་ནི་གནོན་པ་ཡི། །ཐབས་མཁས་ཡེ་ཤེས་དབུ་ནི་གཤིན་རྗེ་གཤེད། །བདུན་པ་རིང་དུ་སོང་བའི་ས་ནི་གནོན་པའོ། །སྟོབས་ལྡན་ཡེ་ཤེས་དབུ་ནི་དབྱུག་སྔོན་ཅན། །བརྒྱད་པ་མི་གཡོ་ས་ནི་གནོན་པའོ། །མཁྱེན་རབ་ཡེ་ཤེས་དབུ་ནི་རྣམ་པར་རྒྱལ། །དགུ་པ་ལེགས་པ་བློ་གྲོས༴ བརྗིད་གནོན་ཡེ་ཤེས་དབུ་ནི་ཧཱུྃ་ཀ་ར། །བཅུ་པ་ཆོས་ཀྱིས་སྤྲིན་གྱིས༴ མངོན་སོང་དབུ་ནི་ཡཀྴ་ཧེ་རུ་ཀ །བཅུ་གཅིག་ཀུན་ཏུ་འོད་ཀྱི༴ ཀུན་མཁྱེན་དབུ་ནི་གུ་ཧྱ་ཧེ་རུ་ཀ །བཅུ་གཉིས་རྡོ་རྗེ་འཛིན་པའི༴ བྱམས་མགོན་དབུ་ནི་ས་ནུ་ཧེ་རུ་ཀ །བཅུ་གསུམ་རྡོ་རྗེ་འཆང་བའི༴ རྔམ་བརྗིད་དབུ་ནི་རཀྴ་ཧེ་རུ་ཀ །བཅུ་བཞི་སྟུག་པོ་བཀོད་པའི་ས༴ སྤྲུལ་པའི་དབུ་ནི་ཀརྨ་ཧེ་རུ་ཀ །བཅྭོ་ལྔ་པདྨ་སྤྱན་གྱི༴ ཆགས་མེད་དབུ་ནི་པདྨ་ཧེ་རུ་ཀ །བཅུ་དྲུག་འཁོར་ལོ་ཚོགས་ཆེན་ས༴ ཡིད་བཞིན་དབུ་ནི་རཏྣ་ཧེ་རུ་ཀ །བཅུ་བདུན་དྷེ་ཝ་ཀོ་ས༴ འབར་འཕྲོ་དབུ་ནི་བྷུདྡྷ་ཧེ་རུ་ཀ །བཅྭོ་བརྒྱད་ཀུན་ནས་དབྱེ་བ་མེད་པའི༴ སྟོབས་ལྡན་དབུ་ནི་བཛྲ་ཧེ་རུ་ཀ །བཅུ་དགུ་རྫོགས་པ་བླ་མའི༴ ཁྱབ་བདལ་དབུ་ནི་ཆེ་མཆོག་ཉིད་ཀྱི་དབུ། །ཉི་ཤུ་སྲིད་གསུམ་ངང་རྫོགས་ས་གནོན་པའོ། །བྱང་ཆུབ་དབུ་ནི་རྟ་སྐད་ནམ་མཁར་སྒྲོགས། །རྩ་གཅིག་ཡེ་ཤེས་བླ་མའི་ས་གནོན་པའོ། །གཡས་ཀྱི་དབུ་བདུན་ཞལ་གདངས་མཆེ་གཙིགས་པས། །འཁོར་བ་སྐྱེ་འཆི་རྩད་ནས་གཅོད་པར་མཛད། །གཡོན་གྱི་དབུ་བདུན་ཞལ་གདངས་མཆེ་གཙིགས་པས། །འཁོར་བའི་ཉོན་མོངས་སྡུག་བསྔལ་ཟད་པར་བྱེད། །དབུས་ཀྱི་དབུ་བདུན་ཞལ་གདངས་མཆེ་གཙིགས་པས། །ཆོས་ཉིད་ཀློང་དུ་ཐམས་ཅད་རུབ་པར་བྱེད། །གཡས་ཀྱི་སྤྱན་བཟློག་ཉི་ཤུ་རྩ་གཅིག་གི། །བདུད་དང་བགེགས་རིགས་ཐམས་ཅད་ཐལ་བར་རློག །གཡོན་གྱི་སྤྱན་བཟློག་ཉི་ཤུ་རྩ་གཅིག་གི། །ངན་སོང་འཁོར་བའི་སྡུག་བསྔལ་ཕྱག་མས་འདེབས། །དབུས་ཀྱི་སྤྱན་བཟློག་ཉི་ཤུ་རྩ་གཅིག་གི། །མི་འགྱུར་ཆོས་ཉིད་དབྱིངས་སུ་ཇེ་རེ་གཟིགས། །མཆེ་བ་དཀར་པོ་ཟངས་ཡག་གཙིགས་པ་ཡི། །འཁོར་བའི་བག་ཆགས་སྐྱེ་འཆི་རྩ་བ་གཅོད། །རལ་པ་དམར་སེར་གྱེན་དུ་བརྫེས་པ་ཡི། །ཆོས་དབྱིངས་ཡེ་ཤེས་མཐར་ཐུག་འགྲན་ཟླ་མེད། །བཞི་བཅུ་རྩ་གཉིས་ཕྱག་ནི་མངོན་སངས་རྒྱས། །བཞི་བཅུ་རྩ་གཉིས་གཡས་ཀྱིས་དང་པོ་ན། །ཀུན་ཏུ་བཟང་མོ་མཉམ་པའི་ཕྱག་རྒྱ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་དང་པོ་ན། །ཀུན་ཏུ་བཟང་མོ་ཐལ་མོ་མཉམ་སྦྱར་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་གཉིས་པ་ན། །རྣམ་པར་སྣང་མཛད་གསེར་གྱི་འཁོར་ལོ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་གཉིས་པ་ན། །སངས་རྒྱས་སྤྱན་མ་གསེར་གྱི་དྲིལ་བུ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་གསུམ་པ་ན། །རྡོ་རྗེ་སེམས་དཔའ་རྡོ་རྗེ་རྩེ་ལྔ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་གསུམ་པ་ན། །རྡོ་རྗེ་དབྱིངས་ཕྱུག་ཤེལ་གྱི་དྲིལ་བུ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཞི་པ་ན། །རིན་ཆེན་འབྱུང་ལྡན་རིན་ཆེན་ཟུར་བརྒྱད་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཞི་པ་ན། །མ་མཱ་ཀི་ནི་གཡུ་ཡི་དྲིལ་བུ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་ལྔ་པ་ན། །སྣང་བ་མཐའ་ཡས་པདྨ་འདབ་བརྒྱད་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་ལྔ་པ་ན། །ན་བཟའ་དཀར་མོ་བྱི་རུའི་དྲིལ་བུ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་དྲུག་པ་ན། །དོན་ཡོད་གྲུབ་པ་རྡོ་རྗེ་རྒྱ་གྲམ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་དྲུག་པ་ན། །དམ་ཚིག་སྒྲོལ་མ་མཐིང་གི་དྲིལ་བུ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བདུན་པ་ན། །ས་ཡི་སྙིང་པོ་རིན་ཆེན་མྱུ་གུ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བདུན་པ་ན། །ལཱ་སྱེ་དཀར་མོ་མེ་ལོང་དྲིལ་བུ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བརྒྱད་པ་ན། །ནམ་མཁའི་སྙིང་པོ་གཅོད་བྱེད་རལ་གྲི་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བརྒྱད་པ་ན། །མ་ལེ་སྔོན་མོ་རིན་ཆེན་ཕྲེང་བ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་དགུ་པ་ནི། །སྤྱན་རས་གཟིགས་དབང་པདྨ་དཀར་པོ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་དགུ་པ་ནི། །གྷིརྟི་དམར་མོ་ལྕགས་སྒྲོག་པི་ཝཾ་ཅན། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཅུ་པ་ན། །ཕྱག་ན་རྡོ་རྗེ་རྡོ་རྗེ་རྩེ་ལྔ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཅུ་པ་ན། །ནིརྟི་ལྗང་ཀུ་དར་གྱི་ཅོད་པན་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཅུ་བཞི་ན། །མགོན་པོ་བྱམས་པ་ཀུ་ཤིང་གྷནྡྷེ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཅུ་བཞི་ན། །ལྷ་མོ་དྷུཥྤེ་མས་ནི་བདུག་སྤོས་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཅུ་གཉིས་ན། །སྒྲིབ་པ་རྣམས་སེལ་གསུང་རབ་པོ་ཏི་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཅུ་གཉིས་ན། །ལྷ་མོ་པུ ཥྤེ་མས་ནི་མེ་ཏོག་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཅུ་གསུམ་ན། །ཀུན་ཏུ་བཟང་མོ་རིན་ཆེན་སྙེ་མ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཅུ་གསུམ་ན། །ལྷ་མོ་ཨ་ལོ་ཀེ་ནི་མར་མེ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཅུ་བཞི་ན། །འཇམ་དཔལ་གཞོན་ནུ་མེ་ཏོག་ཨུཏྤལ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཅུ་བཞི་ན། །ལྷ་མོ་གྷནྡྷེ་མས་ནི་དྲི་ཆབ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཅྭོ་ལྔ་ན། །གཤིན་རྗེ་གཤེད་པོ་ཐོད་དབྱུག་དཀར་པོ་གདེངས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཅྭོ་ལྔ་ན། །འགུགས་བྱེད་རྟ་གདོང་མ་ནི་ལྕགས་ཀྱུ་འཛིན། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཅུ་དྲུག་ན། །བགེགས་རྣམས་མཐར་བྱེད་རྡོ་རྗེ་རྩེ་ལྔ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཅུ་དྲུག་ན། །འཆིང་བྱེད་ཞགས་པ་མས་ནི་ཞགས་པ་འཛིན། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཅུ་བདུན་ན། །པདྨ་མཐར་ཕྱིན་ཐོད་པ་སྦྲུལ་གྱི་དཀྲིས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཅུ་བདུན་ན། །བསྡམས་བྱེད་ཉི་ཟླ་མས་ནི་ལྕགས་སྒྲོག་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཅྭོ་བརྒྱད་ན། །ཤེས་རབ་མཐར་བྱེད་རྡོ་རྗེ་རྒྱ་གྲམ་འཛིན། །བཞི་བཅུ་རྩ་གཉིས་གཡོན་གྱི་བཅོ་བརྒྱད་ན། །ཐལ་བྱེད་དྲིལ་བུ་མས་ནི་དྲིལ་བུ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཅུ་དགུ་ན། །ལྷ་དབང་བརྒྱ་བྱིན་སྒྲ་སྙན་དྲིལ་བུ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཅུ་དགུ་ན། །ལྷ་མིན་ཐག་ཟངས་རིས་ནི་གོ་ཆ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་ཉི་ཤུ་ན། །ཤཱཀྱ་ཐུབ་པ་བསྲེག་ཤིང་པར་བུ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་ཉི་ཤུ་ན། །པརྣ་ཤ་ཝ་རིའི་པོ་ཏི་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་ཉེར་གཅིག་པས། །ཁ་འབར་མ་ནི་རིན་ཆེན་སྒྲོམ་བུ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་ཐ་མ་ན། །ཨ་ཝ་གླང་མགོ་མེ་ཆུ་གྲང་དྲོ་བསྣམས། །ཞབས་བརྒྱད་བསྒྲད་པས་ཁྲོ་བོའི་དབུ་བརྒྱད་བརྫིས། །ཞབས་བརྒྱད་གཡས་ཀྱི་དང་པོ་བསྒྲད་པས་ན། །ཐིག་ལེ་ཆེན་པོའི་ཏིང་འཛིན་ཆེན་པོ་དང་། །སྤང་བ་མེད་པར་ཆོས་ཀྱི་དབྱིངས་སུ་སྦྱོར། །ཞབས་བརྒྱད་གཡས་ཀྱི་གཉིས་པ་བསྒྲད་པས་ནི། །བདེན་པ་ཆེན་པོ་ཏིང་ངེ་འཛིན་ལ་ནི། །ཀློང་དུ་གྱུར་བའི་ཆོས་ཀྱི་དབྱིངས་སུ་སྦྱོར། །ཞབས་བརྒྱད་གཡས་ཀྱི་གསུམ་པ་བསྒྲད་པས་ནི། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་ནི། །སྐྱེ་འཆི་མེད་པ་ཆོས་ཀྱི་དབྱིངས་སུ་སྦྱོར། །ཞབས་བརྒྱད་གཡས་ཀྱི་ཐ་མ་བསྒྲད་པས་ནི། །ཐམས་ཅད་འབྱུང་གནས་ཏིང་ངེ་འཛིན་ལ་ནི། །ཟག་པ་མེད་པ་ཆོས་ཀྱི་དབྱིངས་སུ་སྦྱོར། །ཞབས་བརྒྱད་གཡོན་གྱི་དང་པོ་བསྒྲད་པས་ནི། །ཆགས་པ་མེད་པ་ཏིང་ངེ་འཛིན་ལ་ནི། །ཡེ་ནས་དག་པ་ཆོས་ཀྱི་དབྱིངས་སུ་སྦྱོར། །ཞབས་བརྒྱད་གཡོན་གྱི་གཉིས་པ་བསྒྲད་པས་ནི། །འདའ་བར་དགའ་བའི་ཏིང་ངེ་འཛིན་ལ་ནི། །མཐོང་བ་མེད་པ་ཆོས་ཀྱིས་དབྱིངས་སུ་སྦྱོར། །ཞབས་བརྒྱད་གཡོན་གྱི་གསུམ་པ་བསྒྲད་པ་ཡི། །དམིགས་སུ་མེད་པའི་ཏིང་ངེ་འཛིན་ལ་ནི། །རང་བཞིན་མེད་པ་ཆོས་ཀྱི་དབྱིངས་སུ་སྦྱོར། །ཞབས་བརྒྱད་གཡོན་གྱི་ཐ་མ་བསྒྲད་པ་ཡི། །སྐྱེ་འཆི་མེད་པ་ཏིང་ངེ༴ འདུ་འབྲལ་མེད་པ་ཆོས༴ དབུ་སྐྲ་ཁམས་ནག་གྱེན་དུ་འཁྱིལ་བ་ནི། །སྲིད་པ་གསུམ་ལས་རྣམ་པར་རྒྱལ་བའི་རྒྱན། །རྟ་མགོ་ལྗང་ནག་རྟ་སྐད་སྒྲོགས་པ་ནི། །སྣང་སྲིད་ཐམས་ཅད་དབང་དུ་འདུ་བའི་རྟགས། །སྨིན་མ་ཁྲོ་གཉེར་གློག་ལྟར་འགྱུ་བ་ནི། །མ་རིག་རྨོངས་པའི་མུན་པ་སེལ་བའི་རྟགས། །ཚངས་པའི་གཡང་གཞིའི་ན་བཟའ་གསོལ་བ་ནི། །ལོངས་སྤྱོད་རྫོགས་སྐུ་མངོན་དུ་བསྟན་པའི་རྟགས། །སྐུ་མདོག་མཐིང་ནག་འཇིགས་པར་བསྟན་པ་ནི། །ཆོས་ཀྱི་སྐུ་ལ་འཇིགས་པ་མེད་པའི་རྟགས། །སྐུ་སྨད་སྟག་གི་ཤམ་ཐབས་མནབ་པ་ནི། །སྤྲུལ་པའི་སྐུ་ཡི་ཅིར་ཡང་སྟོན་མཛད་རྟགས། །སྐུ་སྟོད་གླང་ཆེན་ཀོ་རློན་གསོལ་བ་ནི། །ཐེག་པ་རིམ་དགུས་འགྲོ་དོན་མཛད༴ ཞིང་ཆེན་གཡང་གཞི་སྐུ་ལ་གསོལ་བ་ནི། །ཐུགས་རྗེ་ཚད་མེད་བཞི་དང་ལྡན་པའི་རྟགས། །ཐོད་པ་སྐམ་པོས་དབུ་ལ་བརྒྱན་པ་ནི། །དུས་གསུམ་རྒྱལ་བས་བསྙེན་བསྐུར་མཛད་པའི་རྟགས། །སྦྲུལ་ནག་སྟོང་གི་གདེང་ཀས་བརྒྱན་པ་ནི། །ཀླུ་རྒྱལ་རིགས་བཞི་དབང་དུ་བསྡུ༴ ཁྲག་དང་ཞག་གི་ཐིག་ལེས་བརྒྱན་པ་ནི། །མ་མོ་མཁའ་འགྲོ་དབང་དུ་བསྡུ་བའི་རྟགས༴ བསྐལ་པའི་མེ་དཔུང་ཀློང་ན་བཞུགས་པ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ་བའི་རྟགས། །རྡོ་རྗེའི་གཤོག་པ་མཁའ་ལྟར་ལྡིང་བ་ནི། །སྟོང་གསུམ་འཇིག་རྟེན་ཟིལ་གྱི་གནོན་པའི་རྟགས། །འབར་བ་ཆེན་པོའི་གར་དགུའི་འགྱིང་བག་ནི། །ཆེ་བཙན་དཔེ་མེད་ཀུན་ལས་རྒྱལ་བའི་རྟགས། །ཁྲོ་རྒྱལ་ཆེ་བཙན་འབར་བའི་ཞབས་འོག་ནས། །ཤིན་ཏུ་རྔམ་པའི་ཁྲོ་མོ་གནམ་ཞལ་མ། །སྐུ་མདོག་དུད་ཀ་སྣ་ཚོགས་ཅིར་ཡང་སྟོན། །དབུ་དགུ་ཕྱག་ནི་བཅོ་བརྒྱད་ཞབས་བཞི་བསྒྲད། །རྣམ་ཐར་དབུ་བརྒྱད་གྱེན་དུ་འབྱུང་བ་ནི། །གསང་བའི་ཐུགས་རྗེ་ཐབས་དང་ཤེས་རབ་ལྡན། །བྱང་ཆུབ་སེམས་ནི་བདུད་རྩི་གའུར་བསྐྱིལ། །འཇམ་དཔལ་གཞོན་ནུས་བདུད་རྩིའི་ཕོ་བྲང་བསྣམས། །རྟ་མགྲིན་ཡབ་ཡུམ་བདུད་རྩིའི་ཕོ་བྲང་བསྐྱིལ། །སྟོང་པ་བཅྭོ་བརྒྱད་ཕྱག་ནི་མྱ་ངན་འདས། །བཅོ་བརྒྱད་ཕྱག་གི་གཡས་གཡོན་དང་པོ་གཉིས། །བྷནྡྷ་རཀྟས་བཀང་བ་རྡོ་རྗེ་བཀྲུག །བཅོ་བརྒྱད་ཕྱག་ནི་གཡས་ཀྱི་གཉིས་པ་ནི། །ཀོའུ་རི་བྷན་དམར་ཞིང་གི་དབྱུག་ཏོ་ཕྱར། །བཅོ་བརྒྱད་ཕྱག་གི་གཡོན་གྱི་གཉིས་པ་ན། །སེང་ཧ་ཁ་རོ་སེང་མགོ་ཅན། །བཅོ་བརྒྱད་ཕྱག་གི་གཡས་ཀྱིས་གསུམ་པ་ན། །ཙོའུ་རི་སེར་མོ་མདའ་གཞུ་འགེགས་པ་བསྣམས། །བཅོ་བརྒྱད་ཕྱག་ནི་གཡོན་གྱི་གསུམ་པ་ན། །བྱ་ཀྲི་རྣ་སྟག་སྟག་གི་མགོ་ཅན་བསྣམས། །བཅོ་བརྒྱད་ཕྱག་གི་གཡས་ཀྱི་བཞི་པ་ན། །པྲ་མོ་དམར་མོ་ཆུ་སྲིན་རྒྱལ་མཚན་ཕྱར། །བཅོ་བརྒྱད་ཕྱག་གི་གཡོན་གྱི་བཞི་པ་ན། །སྲི་ལ་བྱི་ལྡག་ཝ་ཡི་མགོ་ཅན་བསྣམས། །བཅོ་བརྒྱད་ཕྱག་གི་གཡས་ཀྱི་ལྔ་པ་ན། །བེ་ཏ་བྱི་ཟ་རྡོ་རྗེ་རྩེ་དགུ་ཕྱར། །བཅོ་བརྒྱད་ཕྱག་གི་གཡོན་གྱི་ལྔ་པ་ན། །ཤོ་ན་འདྲད་ལྟ་སྤྱང་ཀིའི་མགོ་ཅན་བསྣམས། །བཅོ་བརྒྱད་ཕྱག་གི་གཡས་ཀྱི་དྲུག་པ་ན། །པུསྐ་དམར་སེར་བྱིས་རུ་འདྲན་པ་བསྣམས། །བཅོ་བརྒྱད་ཕྱག་གི་གཡོན་གྱི་དྲུག་པ་ན། །ཀྲི་ཏ་མགྲིན་དམར་བྱ་རྒོད་མགོ་ཅན་བསྣམས། །བཅོ་བརྒྱད་ཕྱག་གི་གཡས་ཀྱི་བདུན་པ་ན། །ཀརྨ་དུང་དམར་རྡོ་རྗེ་དུང་ཁྲག་འཐུང་། །བཅོ་བརྒྱད་ཕྱག་གི་གཡོན་གྱི་བདུན་པ་ན། །ཀརྨ་དུང་དམར་རྡོ་རྗེ་དུང་ཁྲག་འཐུང་། །བཅོ་བརྒྱད་ཕྱག་གི་གཡོན་གྱི་བདུན་པ་ན། །ཀང་ཀ་ཀང་ཕྲག་དུར་བྱའི་མགོ་ཅན་བསྣམས། །བཅོ་བརྒྱད་ཕྱག་གི་གཡས་ཀྱི་བརྒྱད་པ་ན། །སྨེ་ཤ་མཐིང་ནག་བྱི་སྙིང་ཟ་བ་བསྣམས། །བཅོ་བརྒྱད་ཕྱག་གི་གཡོན་གྱི་བརྒྱད་པ་ན། །ཁ་ལྟ་ཁ་རོ་བྱ་རོག་མགོ་ཅན༴ བཅོ་བརྒྱད་ཕྱག་གི་གཡས་ཀྱི་མཐའ་མ་ན། །ཙན་དྷ་སེར་སྐྱ་མགོ་ལུས་ཕྲལ་བ་བསྣམས། །བཅོ་བརྒྱད་ཕྱག་གི་གཡོན་གྱི་མཐའ་མ་ན། །ཧུ་ལུ་ལྕགས་ཀྱུ་འུག་པའི་མགོ་ཅན་བསྣམས། །ཞབས་བཞི་བསྒྲད་པས་རིགས་བཞིའི་དབུ་ན་བརྫིས། །ཞབས་བཞི་གཡས་ཀྱི་དང་པོ་བསྒྲད་པ་ཡི། །ཀློང་དུ་གྱུར་པ་གསང་བའི་བ་ག་དང་། །བདེ་བ་ཆེན་པོ་བྱང་ཆུབ་སེམས་སུ་སྦྱོར། །ཞབས་བཞི་གཡོན་གྱི་དང་པོ་བསྒྲད་པ་ནི། །ཟད་སྟོང་མེད་པ་གསང་བའི་བ་ག་དང་། །ཐམས་ཅད་འབྱུང་བའི་བྱང་ཆུབ་སེམས་སུ་སྦྱོར། །ཞབས་བཞི་གཡས་ཀྱི་གཉིས་པ་བསྒྲད་པ་ནི། །འདུ་འབྲལ་མེད་པར་གསང་བའི་བ་ག་དང་། །སྐྱེ་ཤི་མེད་པར་བྱང་ཆུབ་སེམས་སུ་སྦྱོར། །ཞབས་བཞི་གཡོན་གྱི་གཉིས་པ་བསྒྲད་པ་ནི། །གདོད་ནས་དག་པ་གསང་བའི་བ་ག་དང་། །རྡོ་རྗེའི་ལྟ་བུའི་བྱང་ཆུབ་སེམས་སུ་སྦྱོར། །ཁྲོ་མོ་གནམ་ཞལ་འབར་མའི་ཞབས་འོག་ན། །སྐུ་གདུང་འབར་བའི་དཔལ་ཆེན་ཡབ་ཡུམ་བཅུ། །སྔོ་ནག་སྨུག་ནག་སེར་ནག་དམར་ནག་ལྗང་། །ཞལ་གསུམ་ཕྱག་དྲུག་ཞབས་བཞི་རབ་ཏུ་བསྒྲད། །རྡོ་རྗེ་འཁོར་ཡུག་དུང་ཆེན་གང་བ་དང་། །རལ་གྲི་ཐོང་གཤོལ་དགྲ་སྟྭ་སྣ་ཚོགས་བསྣམས། །སྦྲུལ་དང་ཐོད་རློན་གླང་ཆེན་ཀོ་རློན་དང་། །ཞིང་ཆེན་གཡང་གཞི་སྟག་གི་ཤམ་ཐབས་དང་། །ཁྲག་དང་ཞག་དང་རཀྟའི་ཐིག་ལེས་བརྒྱན། །བསྐལ་པའི་མེ་རི་འབར་བའི་ཀློང་ན་བཞུགས། །གནས་ཡུལ་ཁྲོ་མོ་བཅུ་དྲུག་བརྗིད་པས་བཞུགས། །ཕྱག་རྒྱ་ཁྲོ་མོ་བཞིས་ནི་སྒོ་བཞི་བསྲུངས། །དབང་ཕྱུག་ཆེན་མོ་ཉི་ཤུ་རྩ་བརྒྱད་ནི། །རང་རང་རྟག་དང་ལག་ཆ་སྣ་ཚོགས་དང་། །ཅི་བགྱི་ཞེས་གསོལ་ནས་ནི་ཆས་ཏེ་གནས། །དེ་ལྟར་རྩ་བའི་དཀྱིལ་འཁོར་གསལ་བཀོད་ནས། །སྣང་སྲིད་ཐམས་ཅད་འབར་བའི་དཀྱིལ་འཁོར་གསལ། །ཕྱོགས་བཅུ་རྒྱལ་བའི་དཀྱིལ་འཁོར་སྤྱན་འདྲེན་ལ། །འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་བཞུགས་སུ་གསོལ། །སྐད་ཅིག་གཅིག་ལ་བདེར་གཤེགས་སྐུར་སྟོན་ནས། །བྱིན་རླབས་མཆོག་དང་ལྡན་པར་མཛད་དུ་གསོལ། །ཆོས་ཉིད་མཉམ་པའི་ངང་ལས་མ་གཡོས་ཀྱང་། །སྐུ་དང་ཡེ་ཤེས་དཀྱིལ་འཁོར་རང་སྣང་བ། །སྣང་སྲིད་ཐམས་ཅད་ཡུམ་གྱི་སྐུ་ལ་རྫོགས། །ཆེ་མཆོག་ཡབ་ཡུམ་རྣམས་ལ་ཕྱག་འཚལ་ལོ། །དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །ཁམས་གསུམ་སེམས་ཅན་ཐམས་ཅད་འདྲེན་པའི་དཔལ། །འགྲོ་དྲུག་སེམས་ཅན་ཀུན་གྱི་སྒྲིབ་སྦྱངས་པ། །བདུད་རྩི་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་ལོ། །དུས་གསུམ་འབར་བས་སྐུར་ལྔར་སྦྱོར། །ལེན་པ་མེད་ཅིང་སྟོན་པ་མེད། །རིགས་ལྔ་དཔལ་ཆེན་ཡབ་ཡུམ་བཅུ། །སྐུ་གདུང་འབར་ལ་ཕྱག་འཚལ་ལོ། །ཆུ་ཟླ་ལྟ་བུར་སྙོག་བྲལ་ཞིང་། །ཐམས་ཅད་རྟོགས་པ་ཡོངས་ཀྱི་སྤངས། །ཀོའུ་རི་སིང་ཧ་མ་ཡི་ཚོགས། །བདུད་རྩི་སྦྱོར་ལ་ཕྱག་འཚལ་ལོ། །བདག་ཏུ་འཛིན་མེད་རྣམ་པར་དག །བདུད་དང་ངན་སོང་གསུམ་ལས་ཐར། །དབང་ཕྱུག་མ་དང་གིང་གི་ཚོགས། །བདུད་ཀྱི་བདུད་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ མ་ཧཱ་པུ་རུ་ཧོཿ བདེ་བར་གཤེགས་པས། དམ་བཅའ། ཀུན་བཟང་གི་མཆོད་པ་འབུལ། པཱུ་ཙ་ལྔ་གཞུང་ལྟར། དབུ་རུ། རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །གཉིས་མེད་བདེ་ཆེན་ལས་བྱུང་བའི། །ཟས་མཆོག་ཚེ་ཡི་དྲི་ཆེན་པོ། །ཤ་ཆེན་མཆོད་པ་རིན་པོ་ཆེ། །པདྨ་མེ་ཏོག་ཡང་དག་ལྡན། །རྡོ་རྗེ་ཆུ་སྟེ་བདུད་རྩི་མཆོག །ག་པུར་ཤེལ་གྱི་སྤོས་ཕོར་དྲི། །རིན་ཆེན་མེ་ལྟར་འབར་བའི་ཚོགས། །ཡོན་ཏན་འབུམ་ཕྲག་ཡངས་པའི་བཅུད། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔ་སེམས་ཅན་ཀུན་གྲོལ་བའི། །དུག་ལྔ་སེལ་བའི་ཐབས་མཆོག་སྟེ། །ཐམས་ཅད་བདུད་རྩིའི་རྣལ་འབྱོར་ཆེ། །མ་ལུས་འདུས་པའི་ཐིག་ལེ་ཆེ། །སངས་རྒྱས་ཀུན་དང་མཉམ་སྦྱོར་བ། །གཅིག་ཏུ་དཔའ་བོ་རོ་མཆོག་དང་། །གཉིས་སུ་མེད་པར་མཉམ་སྦྱོར་ནས། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །རྒྱལ་བ་རྒྱ་མཚོ་ཐམས་ཅད་ལ། །རྣམ་དག་བདུད་རྩི་དམ་པས་མཉེས་མཆོད་འབུལ། །ཐུགས་རྗེ་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ཡེ་ནས་སངས་རྒྱས་ཆེ་མཆོག་ཧེ་རུ་ཀ །སྐུ་དང་ཡེ་ཤེས་ཉིད་ལ་དཀྱིལ་འཁོར་རྫོགས། །རྣམ་དག་བདུད་རྩི་དམ་པས་མཉེས་མཆོད་འབུལ། །སྒྱུ་འཕྲུལ་དཀྱིལ་འཁོར་ཡེ་ཤེས་རང་སྣང་བ། །བཞི་བཅུ་རྩ་གཉིས་སངས་རྒྱས་རང་སྣང་ལ། །རྣམ་དག༴ འཇམ་དཔལ་གཞོན་ནུ་རྟ་མགྲིན་ཡབ་ཡུམ་དང་། །སྲིད་འཛིན་ཡབ་ཡུམ་མངའ་བདག་ལྷ་ཚོགས་ལ། །རྣམ་དག༴ ཁྲོ་མོ་གནམ་ཞལ་ཀོའུ་སེང་བཅུ་དྲུག་དང་། །ཡུམ་ཆེན་མཁའ་མཉམ་ཀློང་གི་དཀྱིལ་འཁོར་ལ། །རྣམ་དག༴ ཚོགས་རྗེ་ཚོགས་བདག་དཔལ་ཆེན་ཧེ་རུ་ཀ །སྐུ་གདུང་འབར་བའི་དཀྱིལ་འཁོར་ལྷ་ཚོགས་ལ། །རྣམ་དག༴ སྒོ་མ་དབང་ཕྱུག་དམ་ཅན་གིང་གི་ཚོགས། །དབང་ཆེན་དཀྱིལ་འཁོར་ཀུན་འདུས་ལྷ་ཚོགས་ལ། །རྣམ་དག༴ བསྲུང་དང་བསྐྲད་དང་བསད་ཀྱི་ལས་མཛད་མ། །རང་བྱུང་བདུད་འདུལ་ཁྲོ་བོ་བཅུ་རྣམས་ལ། །རྣམ་དག༴ ཐུགས་ཀྱི་དངོས་གྲུབ་དམ་པ་འདི། །དངོས་གྲུབ་མེད་ལ་དངོས་གྲུབ་བླངས། །བྱང་ཆུབ་སེམས་ཀྱི་སྤྱན་འདྲེན་ལ། ཇི་ལྟར་དམིགས་པ་བཞིན་དུ་འགྲུབ། །ཨ་ཧོ་སུ་ཀ་དྷརྨ་ཀ་ཡ་ༀ་ཨཱཿཧཱུྃ། སིདྡྷི་ཧྲཱིཿ མ་ཧཱ་བྷ་ལིདྟ་ཁཱ་ཧིཿ ཡེ་ནས་རྒྱུད་ཉིད་དག་པ་ལ། །ང་དང་བདག་ཏུ་རྟོགས་པ་ཡི། །ཁམས་གསུམ་འཁོར་བའི་རྒྱུ་རུ་གྱུར། །ཁམས་གསུམ་ཐམས་ཅད་བསྒྲལ་བའི་ཞིང་། །ཨ་ཙ་མ་ས་མཱ་ཡ་དྷརྨཱ་དྷརྟུ་སྭ་བྷཱ་ཝ་ཨདྨ་ཀོ྅་ཧྃ། ལུས་ཀུན་ཡོངས་སུ་འཁྱུད་པ་ཡི། །རྡོ་རྗེ་པདྨར་ལྡན་བྱས་ནས། །རང་བྱུང་རྣམས་ཀྱི་བདེ་མཆོག་སེམས། །ཕུལ་བས་མྱུར་དུ་འཛིན་པ་ཡིན། །ར་ག་པུ་ཙ་ཧོཿ རྒྱུ་དྲུག་འཁོར་བ་སྟོང་པར་བསྒྲལ་སླད་དུ། །དུག་གསུམ་རྩད་བཅད་ཤ་ཁྲག་རུས་པའི་ཚོགས། །གཟུང་འཛིན་རྣམ་རྟོག་ཀུན་དང་བྲལ་བ་ཡི། །མཉམ་པ་ཆེན་པོའི་མཆོད་པ་བཞེས་སུ་གསོལ། །མ་ཧཱ་མཾ་ས་ལ་ཁཱ་ཧིཿ རཀྟ་ཀིང་ནི་རི་ཏི་ཛྭ་ལ་ཁཱ་ཧིཿ ལྷ་མོ་རོལ་མོ་བྲོ་གར་གླུ་ཡི་ཚིག །མཛེས་ལྡན་སྒྱུ་མའི་གར་དང་ཚངས་པའི་དབྱིངས། །རྒྱལ་བའི་དཀྱིལ་འཁོར་རྣམས་ལ་འབུལ་ལགས་ན། །ཀུན་ཏུ་བཟང་མོའི་མཆོད་པ་བཞེས་སུ་གསོལ། །མ་ཧཱ་པུ་ཙ་ཧོཿ ཧོཿ སྤྲོས་པ་མེད་པའི་དབྱིངས། རྣམ་པར་དག་པའི་ངང་། ཡེ་ནས་ལྷུན་གྱིས་གྲུབ་པའི་རང་བྱུང་རང་སྣང་གི་དཀྱིལ་འཁོར་ཆེན་པོ་བཅོམ་ལྡན་འདས་ཁྲོ་བོ་ཐམས་ཅད་ཀྱི་མཆོག །ཆེ་མཆོག་ཧེ་རུ་ཀ་དང་། ཁྲོ་མོ་གནམ་ཞལ་མ་དང་། སྐུ་གདུང་འབར་བའི་དཀྱིལ་འཁོར་ལ་སོགས་པ་རྣམས་མཁྱེན་པའི་བྱིན་རླབས་དམ་པ་མཛད་དུ་གསོལ། ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མེད་པ་ལས་སྤྲུལ་པའི་སྐུ་ཕྱག་ན་བཞུགས་པའི་སངས་རྒྱས་བཞི་བཅུ་རྩ་གཉིས་དཀྱིལ་འཁོར་གྱི་ལྷ་མོ་ཉི་ཤུ་དང་བཅས་པ་མཁྱེན་པས། དབང་མོ་གིང་དང་བཅས་པ་ཡེ་ཤེས་དང་ལས་ལ་གྲུབ་པ་བསམ་གྱིས་མི་ཁྱབ་པ་རྣམས་མཁྱེན་པས༴ ཧོཿ རྣལ་འབྱོར་གྱི་མཆོད་པ་ལོངས་སྤྱོད་རྫོགས་པའི་ཚུལ་དུ་སྦྱོར་བ་ཚོགས་དེ་ལ་ཆོས་ཉིད་ལས་བྱུང་འཕགས་པ་ཀུན་ཏུ་བཟང་མོའི་མཆོད་པའི་སྤྲིན་བསམ་གྱིས་མི་ཁྱབ་པར་སྤྲུལ་ནས་བདག་ཉིད་ཆེན་པོ་འཁོར་དང་བཅས་པ་ལ་ཕུད་དང་གཙང་མ་སྤག་སྟེ་ཕུལ་བས། ཡེ་ཤེས་ལ་ཡེ་ཤེས་རོལ། ཆོས་ཉིད་ལ་ཆོས་ཉིད་རོལ་བའི་ཚུལ་དུ་བཞེས་ཤིང་ལོངས་སྤྱོད་དུ་གསོལ། བཤགས་པ་བྱ། ༀ། རྫོགས་པའི་ཡེ་ཤེས་རྨད་པོ་ཆེ། །ཟླ་གམ་དཀྱིལ་འཁོར་རིན་ཆེན་དབང་། །ཤར་གྱི་ཕྱོགས་སུ་ཁ་བལྟས་ནས། །འདས་པའི་སངས་རྒྱས་སྤྱན་འདྲེན་གྱི། །མཆོད་ཁང་ཡིད་བཞིན་རིན་པོ་ཆེ། །རུ་ལུ་འབྲུ་བརྒྱད་ཡེ་ཤེས་འཕྲོ། །ཕར་འཕྲོས་པ་ནི་ཐུགས་དམ་བསྐུལ། །སླར་འདུས་པས་ནི་དངོས་གྲུབ་སྩོལ། །འདི་ཡང་གཉན་པའི་མཆོག་ཡིན་ཏེ། །ནམ་ཡང་ཉམས་པའི་དུས་མཐའ་མེད། །དུག་གསུམ་དབྱིངས་སུ་སྦྱོར་བར་མཛད། །ཅེས་པས་བསྟོད་པ་དལ་གང་བྱེད་ཀྱི་འཛབ་བྱ། དེ་ནས་མཆོད་པ་བྱིན་རླབས་དམིགས་མེད་ཀྱི་སྤྱན་དྲངས་ལ། གཟུགས་ན་ལག་གཉིས་མེ་ལོང་བསྣམས། །གཟུགས་མཛེས་ཀུན་ནས་ཕྱོགས་བཅུར་སྤྲུལ། །ཅེས་སོགས་ནས། རེག་ནི་ལག་ནས་གཡོན་འཁྱུད་མ། །ཐུགས་ཀ་ངག་ཏུ་ལོངས་སུ་སྦྱོར། །ཀུན་ཏུ་སྦྱོར་བ་བདེ་བ་ཆེ། །རེག་ནི་ལྷ་མོ་སྐུ་ལ་འཁྲིལ་གྱི་བར་བརྗོད། དེ་ནས་ཚོགས་གསུམ་དུ་བཅད་དེ་དང་པོ་མཆོདཔ་འབུལ། རྡོ་རྗེའི་ཚོགས་དང་མོ་ཀྵིའི་ཚོགས་ལ་སོགས། །སྨིན་མ་ཨ་འབྲས་རྒུན་འབྲུམ་པ་ན་པེ། །ན་རི་གེ་སར་ཨ་རི་ཀ་ལ་སོགས། །དེ་ཡི་ཚིམ་བྱེད་སྣ་ཚོགས་རྣམས་དང་ནི། །ཟླ་རྫོགས་ཡང་དག་ལྡན་པ་ཡི། །དམ་རྫས་བདུད་རྩི་མཆོག་ཏུ་སྦྱར་བ་འདི། །བསྣམ་ཞིང་རོལ་ཏེ་དགོངས་པས་དགོངས་ནས་ཀྱང་། །དབང་དང་དངོས་གྲུབ་བདག་ལ་སྩལ་དུ་གསོལ། །བར་པས་བཤགས་པ་འབུལ་ལ། ཧཱུྃ། མ་རིག་འཁྲུལ་པས་གནོད་ཤིང་འགྱོད་པ་ནི། །སྙོམས་ལས་དབང་གི་ཡི་དམ་ལྷ་སྤང་ཞིང་། །བསླུ་བྱེད་རྐྱེན་གྱི་སློབ་དཔོན་སྙིང་ནས་སྨད། །ང་རྒྱལ་དྲེག་པས་མཆེད་དང་ལྕམ་དྲལ་འཁྲུགས། །ལྕམ་ལ་ཕྱར་བས་གསང་ཚིག་གཞན་ལ་སྤེལ། །སེར་སྣས་བཅངས་པས་མཆོད་པ་ལོ་ཟླར་འགྱང་། །ཁྲེལ་འཛེམ་སྤངས་པས་ཆེ་བས་ཡོན་ཏན་སྨད། །དྲག་ཤུལ་ཆུང་བས་ལོག་འདྲེན་ཚར་མ་ཆོད། །དད་འདུན་ཆུང་བས་ཕྲིན་ལས་ཟབ་མོ་བསྲང་། །མཚན་ངན་དྲི་མས་གསང་བའི་བུ་ཙ་ཚག །རྔམ་པས་ཐུབ་ཐུབ་ཕུད་དང་ལྷག་མ་ཉམས། །མཐོང་སེམས་བརྔན་ཆག་བླང་དོར་གཉིས་སུ་གྱུར། །བཀའ་ཆད་རྣམ་གྲངས་གྱུར་པ་ཅི་མཆིས་པ། །བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། །བདག་ཅག་མཆོད་པ་ཆགས་དང་དམ་ཚིག་ཉམས། །མཆོད་པ་ཆགས་པ་ལོངས་སྤྱོད་ཚོགས་ཀྱི་བསྐངས། །རྩ་བ་ཡན་ལག་ཉམས་འཁྲུལ་ཅི་མཆིས་པ། །ཐམས་ཅད་ཚོགས་འདིས་ཉམས་ཆགས་བསྐངས་གྱུར་ཅིག །ཐ་མ་བསྟབ་པ། རྡོ་རྗེ་དམ་ཅན་མ་ལུས་དགོངས་སུ་གསོལ། །རྒྱལ་བ་ཞི་ཁྲོའི་རྗེས་འབྲང་མཁའ་འགྲོའི་ཚོགས། །མཆོད་སྤྲིན་བླ་མེད་ནམ་མཁའི་མཐའ་ཐུག་པ། །ཕུལ་བས་འདི་བཞེས་བདག་ལ་སྐྱབ་མཛོད་ཅིག །དུས་ངན་ཐ་མར་སྐྱེས་པའི་རྣལ་འབྱོར་པ། །རང་རིག་མངོན་ཤེས་མཐུ་དང་མི་ལྡན་པས། །སྣོད་དང་སྐལ་བར་མི་ལྡན་སློབ་མ་བཙུད། །མི་འཚམ་པ་ལ་དབང་བསྐུར་གསང་བ་བཤད། །གསང་སྔགས་བཅོས་ཀྱི་ངན་པའི་རྒྱུ་བསགས་པ། །རྗེས་སུ་འབྲང་བ་ཁྱེད་ལ་བཟོད་པར་གསོལ། །ཁྱེད་ནི་རང་རིག་མཐུ་དང་ལྡན་པ་ཡི། །འགྲོ་བའི་སྐྱབས་མགོན་ཅི་བཞིན་བསྐུལ་བ་བཞིན། །ཐུགས་རྗེ་བྱམས་མགོན་ལྡན་པའི་གྲོགས་མཛོད་ཅིག །དད་པས་རང་རིག་འཕགས་མཆོག་ཁྱེད་ལ་མོས། །རྣལ་འབྱོར་སྐུ་གསུམ་མ་ཐོབ་བར་དུ་ནི། །ལུས་དང་གྲིབ་མ་བཞིན་དུ་འགྲོགས་བྱ་ཞིང་། །རྣལ་ལྔའི་མཆོད་པ་དམ་པ་འདི་བཞེས་ལ། །བདག་གི་བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །དེ་ནས་བརྟན་མ་སྐྱོངས། དེ་ནས་ཁྲོ་བོའི་འཛབ་ཁང་ཕྱེ་ལ། ༀ་གུ་ཧྱ་ཛྙཱ་ན། བྷོ་དྷི་ཙིཏྟ་མ་ཧཱ་སུ་ཀ་ཧཱུྃ་ཧཱུྃ་ཧཱུྃ་དང་རྡོ་རྗེ་སེམས་དཔའ་གནས་གྱུར་པ་སོགས་ཀྱི་རིགས་ལྔའི་འཛབ་བྱ། དེ་ནས་ཆེ་མཆོག་དབང་གི་ཆོ་གའི་འཛབ་བྱ། དེ་ནས་ལུང་གི་ཧེ་རུ་ཀའི་འཛབ་བྱ། རུ་ལུ་བཟླའོ། །དེ་ནས་རིག་འཛིན་གྱི་འཛབ་བྱ། དེ་ནས་གསལ་གདབ་ལ། ཕྱོགས་བཅུ་དུས་བཞི་དང་། གཏུམ་ཆེན་གྱི་བསྟོད། ཚོགས་ཀྱི་མཆོད་པ་འབུལ། ཚོགས་འཁོར་བྱ། ལུང་གསལ་བཏབ་སྟེ་ནུབ་མདོའི་ཆོ་ག་བྱ། ནམ་ལངས་མ་ཐག་ལུང་གི་ལྷག་མ་དང་། དེ་ནས་སྔ་དྲོ་ཆོ་ག་འབྲིང་པོ་བྱ་ལ། ཕྱག་མཚམས་བཅད། གསལ་གདབ། བཤགས་པ་དམ་བཅའ། བྱིན་དབབ། རྟགས་གདབ། མཆོད་པ་བྱིན་བརླབ། ཞི་ཁྲོ་རྒྱུད་ལྟར་བསྐྱེད། ལུང་གི་གསལ་གདབ། འཛབ་རིགས་ལྔ་ཡན་ཆད་བྱ། བྷོ་དྷི་ཙིཏྟ་བཟླ། ཕྱོགས་བཅུ་དུས་བཞིའི་བསྟོད། ཁྲོ་བོའི་རུ་ལུ་བཟླ། ཡང་ན་ཁམས་གསུམ་ལྟར་གསལ་གདབ། གསང་བ་ཐུགས་ཀྱིས་སྙིང་པོ་ནུས་ཚད་བཟླ། ཐ་མ་གཟུང་ཐག་བཟུང་ལ་གུ་ཧྱ་དང་རུ་ལུ་བཟླ། ཀུན་གྱི་འཛབ་སྐོར་བྱ། གསལ་གདབ། ཚོགས་འབུལ་འབྲིང་པོའི་ཁྲག་གི་གོ། །གུང་དང་དགོང་མོ་ཁྲོ་བོ་བཅུའི་མཚམས་བཅད། ཡེ་ནས་མཉམ་ཉིད་ཀྱི་བཤགས། དམ་བཅའ་བྱིན་དབབ། མཆོད་པ་བྱིན་གྱིས་བརླབས། ཞི་ཁྲོའི་ལྷ་སྔགས་ཀྱི་གསལ་གདབ། ཀུན་བཟང་གི་མཆོད་པ་ལྔ་འབུལ། སྔགས་མཚན་བསྡུས་པས་ཞི་ཁྲོ་ལ། བདུད་རྩི། གཏོར་མ། སྦྱོར་སྒྲོལ། ཏིང་འཛིན་འབུལ། ཁྲོ་བོ་ལ་སྔགས་ཀྱི་རཀྟ་འབུལ། ༀ་བཛྲ་ཨེ་པ་ཧཱུྃ་དང་། རྒྱ་མཚོ་ལྔ་བྱ། འདོད་དོན་ལ་གསོལ་བ་བཏབ། བྷོ་དྷི་ཙིཏྟ་དང་རུ་ལུའི་འཛབ་བྱ། བསྟོད། དེ་དག་དལ་ཞག་གི་ཆོ་ག་སྟེ། བསྒྲུབ་པ་ཞག་ཏུ་གྲངས་སུ་བྱེད་ཀྱང་དེ་ལྟར་བྱའོ། །བཞི་པ་བསྒྲུབ་པ་ཆེན་པོ་ནི། ཞག་བཅུ་བཞི་དབང་དུ་བྱས་ན་བཅུར་འགྲོ་བའི་དགོང་མོ། ཕྲིན་ལས་ཐུང་བ་དང་སྦྲེལ་མ་དབང་གི་སྦྱིན་བསྲེག་བྱ། ཚར་བ་དང་དཀྱིལ་འཁོར་མཐའ་མར་ཕྱིའི་རྡོ་རྗེ་རྒྱ་གྲམ་བྲི། དངོས་གྲུབ་ཀྱི་ཞལ་ཟས་དང་། ཤ་མར་ཁུར་བ་སོགས་མཆེད་ལྕམ་དུ་ཡོད་ཀྱི་གྲངས་བས་ལྔ་འགྱུར་གྱི་ལྷག་པ་བྱ་ལ་མར་འགོད། ཤར་དུ་དཔལ་བཤོས། ནུབ་ཏུ་དབང་བཤོས། རྡོ་རྗེ་ཚེ་ཟླ་ཁམས་བཀྲ་ཤིས་ཀྱི་བྱ་ལ་སྤྲོད། གསོལ་སྦྱོང་བདུད་རྩི་རློན་སྦྱོར། ཛ་གད་ཀྱི་བཀང་བ། ཁུར་བས་བཀབ་པ་བཤམ་མོ། །དེའི་ནུབ་མོ་སྔོན་འགྲོ་བསྒྲུབ་པའི་ཕྲིན་ལས་རྒྱས་པར་བྱ། མཆོད་པ་བྱིན་རླབས་དུས་ཀྱི་དཔལ་བཤོས་ལ། བདག་གི་ཐུགས་ཀ་ནས་ཧཱུྃ་དཀར་པོའི་འཕྲོ་འདུ་འོད་དུ་ཞུ་བ་ལས་དཔལ་བཤོས་བྱང་ཆུབ་ཀྱི་སེམས་དཀར་དམར་གྱི་ངོ་བོ་ལོངས་སྤྱོད་སྣ་ཚོགས་འབྱུང་བར་བསམ། དབང་བཤོས། ཐུགས་ཀའི་ཏྲཾ་འཕྲོ་འདུ་ལས། ཏྲཾ་རཏྣ་ཏྲེ་ལོཀྱ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ་གི་རཏྣས་མཆོད། སྟོང་ཕྱི་ནང་གསང་བའི་མཆོད་པ་ཐམས་ཅད་འབྱུང་བར་བསམ་མོ། །འབྲང་རྒྱས་དང་ཚེ་ལྕམ་ལུང་ལྟར་བྱིན་གྱིས་བརླབ་བོ། །གསོལ་སྦྱངས་ལས་ཐུགས་ཀའི་ཧཱུྃ་གི་འཕྲོ་འདུ་ལས་བྷྲཱུྃ་བི་ཤྭ་བྷི་ཤུདྡྷེ་བཛྲ་ན་ཙཀྲ་སུརྱ་ཙནྟྲ་རཏྣ་པདྨ་མཎྜལ་ཅེས་པས། འཁོར་ལོ་རྩིབ་བཞི་མུ་ཁྱུད་ཅན་དུ་དཔལ་ཆེན་པོ་ལ་ཀོའུ་རི་བརྒྱད་ཀྱི་བསྐོར་བར་བསྐྱེད་ལ། ༀ་ཨཱཿཧཱུྃ་ལས་དལ་ལྷའི་འོད་ཟེར་ཐམས་ཅད་ལ། ཕོག་པས་སྐུ་གསུང་ཐུགས་ཀྱི་ངོ་བོ་འབྲུ་གསུམ་དུ་བསམ། དེ་ནས་ཆེ་མཆོག་གླང་པོའི་དཀྱིལ་འཁོར་གཞུངས་བསྲངས། འཛབ་བྱ། ཚོགས་བསྐངས་སོ། །རོལ་ནས་སློབ་མ་ཕྱིར་ཁྲུས་བྱ། རྒྱལ་ཐབས་ཀྱི་ཁྲི་བརྩེགས། སློབ་དཔོན་རང་ཉིད་དཀྱིལ་འཁོར་དུ་ཞུགས་པའི་ཕྱིར། ཁྲུས་བྱ། གོས་གསར་པ་གྱོན། ཤར་སྒོར་འདུག་སྟེ། མེ་ཏོག་ཐོག་ལ། ཡེ་ཤེས་རྒྱལ་པོའི་གསོལ་བ་བཏབ་ལ་མེ་ཏོག་དོར། བཛྲ་ཀྲོ་ཏ་ས་མཱ་ཡ་ༀ། སོགས་ཀྱི་དངོས་གྲུབ་བསྐུལ། དེ་ནས། རང་གི་སྒོ་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། ལྷའི་སྐུ་གསུང་ཐུགས་ལ་ཕོག །མཆོད་པ་ཆེན་པོས་མཉེས། དཀྱིལ་འཁོར་གྱི་སྟེང་ན་གང་མོས་བླ་མ་བཞུགས་པ་དེ་ལྷག་པར་མཉེས་པར་བསམ་ནས་ཐལ་མོ་སྦྱར་ཏེ། བླ་མ་རྡོ་རྗེ་འཛིན་པ་སྟེང་རྩ་བའི་དལ་གྱི་ལྷ་ཚོགས་རྣམས་དང་། མཁའ་འགྲོ་རིག་པ་འཛིན་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གི་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བ་དང་། སློབ་མ་འདི་རྣམས་འཁོར་བ་ལས་ཡོངས་སུ་བསྒྲལ་བའི་སླད་དུ། འདུས་པ་ཆེན་པོའི་དབང་བསྐུར་འཚལ་གྱི་བདག་ངག་ནུས་པ་དང་ལྡན་པར་བྱིན་གྱིས་བརླབས་པར་མཛད་དུ་གསོལ། ཞེས་ལན་གསུམ་བྱས་པས། བླ་མ་དང་དཀྱིལ་འཁོར་ལྷ་ཚོགས་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་དཀར་དམར་མཐིང་གསུམ་བྱུང་ནས་བདག་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས་སྒོ་གསུམ་གྱི་རྟོགས་པ་རང་རྒྱུད་པ་དག །ལྷ་རྣམས་དང་རང་བཞིན་གཉིས་སུ་མེད་པར་བསམ། དེ་ནས་ལྷ་རྣམས་ཀྱིས། ཞལ་འཛུམ་པ་དང་བཅས་པས་རིགས་ཀྱི་བུ་ཕྲིན་ལས་ཅི་དགའ་བར་སྤྱོད་ཅིང་། ཞེས་གནང་བ་ཐོབ་པར་བསམ་མོ། །དེ་ནས་ལྷ་ལ་དབང་རྣམས་རང་གི་བླང་སྟེ་ཞུས་པས། རང་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་གཟི་བརྗིད་དང་ལྡན་པར་བསམ་ལ་དབང་ཁྲིའི་སྟེང་དུ་འཛེག་གོ། །དེ་ནས་སློབ་དཔོན་གྱི་བདག་འཇུག་གོ །དེ་ནས་རྒྱལ་ཐབས་ཀྱི་གུ་གུལ་དང་། བདུད་རྩི་འཁྱིལ་བའི་སྔགས་རིང་གིས་བགེགས་བསྐྲད། སློབ་མ་རྣམས་ལས་མཁན་གྱི་སྣ་དྲངས་ལ་རུ་ལུ་གར་གྱི་བྱིང་དང་བཅས་པས། དཀྱིལ་འཁོར་གྱི་བླ་མ་ལན་གསུམ་བསྐོར་བ་བྱས་ཏེ། གྲལ་རིམ་དུ་འདུག་གོ། །དེ་ནས་སློབ་མ་དལ་དུ་འཇུག་པའི་ཆོ་ག་བྱ་སྟེ། འདི་ལ་དང་པོ་བདག་ཉིད་འཇུག་པ་དང་། གཉིས་པ་སློབ་མ་ཁྲུས་དང་། གསུམ་པ་མིག་དགབ་པ་སོང་ནས། བཞི་པ་སློབ་མ་དལ་དུ་འཇུག་པ་བཟོད་པར་གསོལ་བ་ནི། བླ་མས་ཐལ་མོ་སྦྱར་ཏེ། རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕོ་བྲང་སྙིང་རྗེའི་དཀྱིལ་འཁོར་འདིར། །བདག་གི་སློབ་མར་ཞུགས་པར་བགྱི། །བཟོད་པར་མཛད་དེ་དགོངས་སུ་གསོལ། །ཞེས་གསོལ་བ་བཏབ་ལ། ལྷ་རྣམས་དགྱེས་པས་ཆུག་ཅིག །ཅེས་པས་བཀའ་གནང་བར་བསམ་མོ། །ལྔ་པ་བྲི་བ་ནི། བུ་ཁྱོད་དགའ་བ་ཅི་ལ་དགའ། །བུ་ཁྱོད་དད་པ་ཅི་ལ་དད། །ཁྱོད་ཀྱི་དགོས་པ་ཅི་ལྟ་བུ། །ད་ལྟ་ཉིད་དུ་འདིར་སྨྲོས་ཅིག །ཅེས་སྨྲ། སློབ་མས། བདག་ནི་སྐལ་ལྡན་བདེ་ཆེན་ཏེ། །རབ་དགྱེས་འཁྲུལ་ལ་བདག་དགའ་འོ། །བྱང་ཆུབ་སེམས་ལ་བདག་དད་དེ། །ཐེག་ཆེན་ཆོས་ལ་བདག་མོས་སོ། །ཞེས་ཡན་ལག་གསུམ་པ་བྱས་ལ། གསོལ་བ་བཏབ་པ་ནི། ཨེ་མ་བདེ་ཆེན་སྙིང་པོའི་དོན། །ཡེ་ནས་ལྷུན་གྲུབ་སངས་རྒྱས་ཆོས། །ཁྱེད་ཀྱི་རབ་ཏུ་བསྟན་དུ་གསོལ། །ཡེ་ཤེས་རྡོ་རྗེས་བྱིན་རླབས་ཀྱི། །རྡོ་རྗེའི་ལམ་ནས་དྲང་ནས་ཀྱང་། །འདུས་པ་ཆེན་པོའི་དཀྱིལ་འཁོར་དུ། །བྱིན་རླབས་དབང་ཆོག་བླངས་བར་གྱིས། །ཞེས་བྱའོ། །དྲུག་པ་ལུས་འབུལ་བ་ནི། ཧཱུྃ། རང་བྱུང་གདོས་པས་བཅིང་བ་ཕུང་པོ་འདི། །བདག་མེད་རྒྱལ་བའི་ཞིང་དུ་སྦྱོར་བའི་ཕྱིར། །ལུས་སོགས་རྫས་ཀྱི་མཆོད་པ་དམ་པ་འདི། །བླ་མེད་སྨན་གྱི་མཆོད་པར་འབུལ་ལགས་ན། །གཉིས་སུ་མེད་པའི་ཚུལ་གྱི་དགོངས་ནས་སུ། །བླང་དོར་མེད་པའི་ཚུལ་གྱི་བཞེས་སུ་གསོལ། །ཞེས་བྱའོ། །བདུན་པ་བྷི་ཤྭ་བཛྲས། བགེགས་བསྐྲད་ལ། སློབ་མའི་གླད་པ་རུང་ཁང་ནང་དུ་ཉི་མའི་འོད་ཀྱི་ལུས་ཐམས་ཅད་ཁྱབ། ཨ་ཡུ་ཧཱུྃ་ཛས་ཚེའི་ངོ་བོ་མུ་ཏིག་དཀར་པོ་ལྟ་བུ། བྷྲཱུྃ་ལས་ཟླ་གམ་སྒོ་བཞི་གཅིག་པའི་ནང་དུ། ༀ་བཛྲ་ཀྲོ་ཏ་ཧཱུྃ་གི་ཧཱུྃ་ཀ་ར་བསྐྱེད། མཐིང་ནག་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་ཁུར་ཚུར་ཅན། ༀ་བཛྲ་ཀྲོ་ཏ་ཨརྱ་ཨ་ཙ་ལེ་མི་གཡོ་བས་སྒོ་བསྲུངས་བར་བསམ། རང་དཔལ་གྱི་སོར་མོ་བཅུར་ཉི་ཟླ་ལས་ཡིག་འབྲུ་བཅུ་ལས་རིགས་ལྔ་ཡབ་ཡུམ་གྱི་འཕྲོ་འདུ་བྱས་ཏེ། ན་མོ། ཕྱོགས་བཅུ་དུས་གསུམ་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེན་པའི་བྱིན་རླབས་ཀྱི། གང་ཟག་འདི་དག་གི་རྒྱུད་ལ་ཡོད་པའི་ལས་དང་ཉོན་མོངས་པའི་སྒྲིབ་པ་དང་། ལྟ་བ་དམན་ཞིང་། ཤེས་རབ་ཞན་པའི་སྒྲིབ་པ་དང་། ཁྱད་པར་དུ་གསང་སྔགས་ཟབ་མོའི་དབང་ནོད་པའི་སྒྲིབ་པ་གང་ཡོད་པ་ཐམས་ཅད་སྐད་ཅིག་ཉིད་ལ་བྱང་ཞིང་དག་པར་གྱུར་ཅིག །བཛྲ་བྷནྡྷ་ཀྲ་ཐས། སྒྲིབ་པ་མ་ལུས་པ་སྦྱངས་པས་ཤེས་རྒྱུད་ཤེལ་སྒོང་ལྟར་དག་པར་བསམ། བཛྲ་ཨ་ཝེ་ཤ་ཡ་ཨ་ཨ་ཨས། ཁྲོ་བོ་གཉིས། འོད་དུ་ཞུ་ནས་ལུས་བཀྲག་མདངས་ལྡན་པར་བསམ། དེ་ནས་རང་གང་མོས་ཀྱི་ལྷར་བསྐྱེད་ལ་གོ་བསྒོ། ལུས་བསྲུང་ངོ་། །བརྒྱད་པ་སྐྱབས་སུ་འགྲོ་བ་ནི། རྡོ་རྗེ་རྣལ་འབྱོར་མཆོག་གི་ལྷ། །འགྲོ་དྲུག་འདྲེན་པའི་དཔལ་མཛད་པ། །རྡོ་རྗེ་ཅན་ལ་ཕྱག་འཚལ་ཏེ། །བྱམས་མགོན་ཁྱེད་ལ་སྐྱབས་སུ་མཆི། །ཞེས་བརྗོད་དེ། །བླ་མས། སངས་རྒྱས་བདག་ནི་ཐམས་ཅད་ཀྱི། །གསང་བ་རྡོ་རྗེ་གསུམ་ལས་བྱུང་། །ཁམས་གསུམ་ཀུན་གྱི་ཕྱག་བྱས་པས། །དབང་བསྐུར་གནང་བ་ཆེན་པོ་སྦྱིན། །ཅེས། དགུ་པ་དམ་ཚིག་སྦྱིན་པ་ཞུ་བ་ནི། སློབ་མས། ཧཱུྃ། ཨ་ལ་ལ་སྟེ་མཆོད་པ་འབུལ། །གསང་བ་རྡོ་རྗེ་གསུམ་ལས་བྱུང་། །ཨ་ལ་ལ་སྟེ་དགྱེས་པར་མཛོད། །ཨ་ལ་ལ་སྟེ་དམ་ཚིག་བསྐངས། །ཨ་ལ་ལ་སྟེ་དངོས་གྲུབ་སྩོལ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཅིང་ཅི་ལྟར་མཛད་པ་ལྟར། །བདག་ཀྱང་རབ་ཏུ་བསྒྲལ་སླད་དུ། །ནམ་མཁའ་རྡོ་རྗེ་བདག་ལ་སྩོལ། །ཞེས་བརྗོད། བླ་མས། ༀ་བཛྲ་ཨ་མྲྀ་ཏ་མ་ཏི་ཏིར་མཎྜལ། ༀ་ཨཱཿཧཱུྃ་ཧྲཱིཿཐཱ། དང་། རྡོ་རྗེ་ལྕེ་ཐོག་ཏུ་བཞག་ལ། དམ་ཚིག་སྣོད་དུ་ལྡན་པར་བསམ་མོ། །བཅུ་པ ། དེ་ནས་དམ་ཚིག་པ་ནི། དཔལ་ལྡན་རྡོ་རྗེ་སྐུ་གསུང་ཐུགས་འཆང་བ། རྡོ་རྗེ་མི་ཕྱེད་སྐུ་གསུང་ཐུགས་དང་ལྡན། །དེང་བདག་སངས་རྒྱས་སྐུ་གསུང་ཐུགས་འཛིན་པ། །རྡོ་རྗེ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྦྱིན། །ༀ་ཨཱཿཧཱུྃ་ས་མ་ཡ་ཛཿ དམ་ཚིག་སྡོམ་པ་ཆེན་པོ་ནི། །སྔོན་གྱི་རྒྱལ་བ་རྣམས་ཀྱི་ཐུགས། །ད་ལྟ་ང་ཡི་སྙིང་ལ་གནས། །ད་ནི་མཆེད་ལྕམ་རྣམས་ཀྱི་སྲོག །ༀ་ཨཱཿཧཱུྃ། དང་། རྡོ་རྗེ་སྙིང་ཁར་བཞག་ལ། སངས་རྒྱས་ཀུན་གྱི་གསང་བ་འདི། །དམ་ཉམས་མ་འདྲེས་གང་ལ་ནི། །ནམ་ཡང་སྨྲ་བར་མ་བྱེད་ཅིག །ཐེག་པ་ཆེན་པོ་སྟོན་བྱེད་པ། །ང་ལ་བརྙས་དང་སྨད་མི་རུང་། །སྐུ་གསུང་ཐུགས་ལ་རྟེན་གནས་ཏེ། །མ་ལུས་སེམས་ཅན་དོན་གྱིས་ཤིག །བཅུ་གཅིག་པ་མནའ་ཆུ་ནི། ཙནྡན་དཀར་དམར་སྦྱར་བའི་ཆུ་རྡོ་རྗེ་གནོད་སྦྱིན་དུ་བསྐྱེད་ལ། དམ་ཚིག་མ་བསྲུང་བའི་ཉེས་དམིགས་བརྗོད་པ་ནི། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ནས་བསྲེག་པར་བྱེད། །རྡོ་རྗེ་ཁྲོ་བོ་ཆེན་པོར་གྱུར། །རྡོ་རྗེའི་ཆུ་ནི་བཏུང་བར་གྱིས། །བཛྲ་ཡཀྴ་ཧཱུྃ་གི་ལན་གསུམ་དང་། བསྲུང་བའི་ཡོན་ཏན་ནི། དེ་ལྟ་བས་ན་བུ་ཁྱོད་ཀྱི། །དམ་ཚིག་འདི་དག་བསྲུང་བར་གྱིས། །དམ་ཚིག་བསྲུང་ན་དངོས་གྲུབ་འབྱུང་། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཅིག །ༀ་བཛྲ་ཨུ་ཏ་ཀ་ཐས་སྦྱིན། དེ་ནས་དམ་བསྒྲག་སྟེ། རྒྱལ་བས་གསུང་པའི་ཡེ་ཤེས་གང་། །དེ་རིང་དངོས་གྲུབ་མཆོག་ཏུ་གསུངས། །དམ་ཚིག་ཆེ་བའི་ཆེན་མོ་མཆོག །བྱེ་བྲག་མེད་པར་ཁྱེད་ཀྱི་སྤྱོད། །དགེ་དང་མི་དགེའི་ཆོས་རྣམས་ལ། །ལྷག་པར་བསྙན་པར་མི་བྱ་སྟེ། །མཉམ་ཉིད་རིན་ཆེན་ཀློང་བཞུགས་ནས། །ཅི་ལའང་ཐོག་པ་མེད་པར་སྤྱོད། ཀྱཻ། ཀྱེ་མ་རྒྱལ་བའི་རིགས་སུ་གྱུར་པའི་བུ་ཁྱོད་རྣམས། རྡོ་རྗེ་སློབ་དཔོན་སྙིང་ལྟར་ཁུར། །རྡོ་རྗེ་མཆེད་ལ་མིག་བཞིན་གྱིས། །ཡི་དམ་ལྷ་ནི་སྙིང་ལྟར་ཁུར། །གསང་བའི་དམ་ཚིག་རང་མཚང་ལྟར། །ནམ་ཡང་དེ་བཞིན་སེམས་པར་གྱིས། །སེམས་ཅན་ཐམས་ཅད་བུ་ལྟར་ཟུང་། །རྒྱལ་བའི་བཀའ་ལས་མ་འདའ་ཞིག །བཅུ་གཉིས་མནའ་དགག་པ་ནི། སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །དམ་ཚིག་སྡོམ་པ་ཆེན་པོ་ནི། །ལྷ་རྣམས་དང་ནི་མི་རྣམས་དང་། །བསྒྲུབ་པ་པོ་དང་རྣལ་འབྱོར་པ། །དེ་དག་ཉམས་ན་ཁྲག་ཆེན་པོ། །ཉམས་པའི་སྙིང་ནས་དྲག་སྟེ་འཐུང་། །ཨེ་དན་ཏེ་ན་ར་ཀན། བཅུ་གསུམ་པ་རིན་པོ་ཆེའི་མེ་ཏོག་དོར་བ་ནི། མེ་ཏོག་ལ་སོགས་རིན་ཆེན་ཕྲེང་། །སྔོན་ཚེ་ཡེ་ཤེས་བསྙེན་པའི་ལྷ། །ཐུགས་རྗེས་བཟུང་བར་དགོངས་ནས་ཀྱང་། །གང་ཡིན་དེ་ལ་བབ་གྱུར་ཅིག །ༀ་པྲ་ཏི་ཛ་བཛྲ་ཧོཿ རིགས་གང་ལ་ཕོག་བརྟགས། བཅུ་བཞི་པ་ལྷ་དབབ་སྟེ། ལྷ་གང་ལ་ཕོག་པ་དེ་དག་གི་ཕྱག་རྒྱས་སྙིང་གི་དཀྱིལ་དུ་བསྟིམ། བཅོ་ལྔ་པ་ལྷ་ཡི་སྤང་བ་ནི། ལྷ་མ་བྷཻ་ན། དད་མེད་ཉམས་ན་ཕུང་བར་འགྱུར། ཞེས་པས། གང་ཞིག་གི་ཕྱག་རྒྱ་འདི་སྤང་ན། ལྷ་སྤང་དགེ་སྤྱོད་དོན་མེད་འགྱུར། ཞེས་སོ། །སྒོམ་པའི་ཡོན་ཏན་ནི། བདག་ཉིད་ལྷ་དང་མཉམ་སྦྱོར་ནི། །ཡོན་ཏན་ཆུང་ཡང་འགྲུབ་པར་འགྱུར། །ལྷ་ཡི་སྐུ་ཉིད་གསལ་བསྒོམ་ན། །བསོད་ནམས་ཚོགས་ཆེན་འགྲུབ་པར་འགྱུར། །དེ་ཉིད་ཆུ་ཟླའི་ཚུལ་ཤེས་ན། །ཡེ་ཤེས་ཚོགས་ཆེན་རྫོགས་པར་འགྱུར། །ཞེས་སོ། །བཅུ་དྲུག་པ་མིག་དབྱེ་བ་ནི། བླ་མས་རྡོ་རྗེ་དང་། དེ་རིང་དད་པའི་ཤུགས་ཀྱི་ནི། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །སངས་རྒྱས་གསུང་གི་རིགས་སུ་འཁྲུངས། །སངས་རྒྱས་དངོས་གྲུབ་ཐམས་ཅད་ནི། །རྟེན་ནས་ཐོབ་པར་གྱུར་བ་ཡིན། །བཛྲ་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ། ཅེས་མིག་རས་བསལ་ནས། མ་རིག་པའི་མུན་པ་བསལ་ནས། ཡེ་ནས་རང་ལ་གསལ་བའི་དཀྱིལ་འཁོར་མཐོང་བ་བསམ། བཅུ་བདུན་པ་དཀྱིལ་འཁོར་ལྷའི་དོན་རྟགས་བཤད་པ་ནི། ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བའི་རྟགས་སུ་ལྟེ་བ་ཟླུམ་པོ། ཡེ་ཤེས་ལྔ་དང་ལྡན་པའི་རྟགས་སུ་འཁོར་ལོ་རྩིབ་བཞི་ལྟེ་བ་དང་ལྔ། ཡེ་ནས་རྒྱུ་འབྲས་དབྱེར་མེད་པས་རྡོ་རྗེའི་ར་བ། ཚད་མེད་བཞི་དང་ལྡན་པས་གྲུ་ཆད་བཞི། ལྷག་པའི་ཡེ་ཤེས་ཕྲིན་ལས་བཞི་དང་ལྡན་པའི་གློ་འབུར་བཞི། ཆེ་བའི་ཡོན་ཏན་ཕྱོགས་མེད་དུ་རྒྱས་པས་གྲུ་བཞི་དང་ལྡན་པ། ཏིང་ངེ་འཛིན་བཞི་དང་ལྡན་པས་སྒོ་བཞི། སྐུ་ལྔ་ལྷུན་གྱིས་གྲུབ་པའི་དུར་ཁྲོད་ཀྱི་ཐོད་པ་སྐམ་རློན་གནམ་ལྕགས་འཛེར་ཆེན་གྱི་བསྡམ་པ། འཁོར་བ་མ་སྤངས་གནས་སུ་དག་པས་ཞིང་ལྤགས་ཁ་སྦྱོར་གྱི་སྒོ། སྐར་མའི་སྒོ་རྟེན། རུས་སྦལ་གྱི་མ་ཐེམ། ཆུ་སྲིན་གྱི་ཡ་ཐེམ། ཞིང་སྐམ་གྱི་སྒོ་སྐྱེས། ཞིང་སྨུག་གི་ཀ་བ། གཟའ་ཆེན་བརྒྱད་ཀྱི་གདུང་མ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་ལྕམ། སྤྲུལ་ནག་འབར་བའི་དྲལ་མའོ། །དེ་དག་གི་དུར་ཁྲོད་འབར་བའི་རྟགས་སོ། །ཡེ་ཤེས་ལྔ་དང་ལྡན་པའི་རྩིག་པ་ལྔ་རིན་པོ་ཆེའི་ཀ་བ། རིན་ཆེན་གདུང་བརྒྱད་བསྣོལ་མ། རིན་ཆེན་སྣ་ཚོགས་ཀྱི་དྲལ་ཕྱམ་མོ། །དམིགས་པའི་མུན་པ་སེལ་བས་ཟླ་ཕྱེད་རྡོ་རྗེའི་གདུང་སྒོ་གཞིག་པར་མི་ནུས་པའི་བཅུ་གཞི་རྡོ་རྗེའི་བསྡོམ་པ། ཆེ་བའི་ཡོན་ཏན་ཡོངས་སུ་མ་འགགས་པའི་མདའ་ཡབ་དཀར་པོ། ཆོས་རྣམས་ལྷུན་གྱིས་གྲུབ་ཅིང་། ཐེག་པ་བརྒྱད་ནས་བསྒྲོད་པའི་རྟ་བབ་བརྒྱད། འཁོར་འདས་གཉིས་སུ་མེད་ཅིང་། མཚན་རྟོག་དང་བྲལ་བའི་འཁོར་ལོ། གདུགས། འཕེན་ལྟར། དར་འཕྱར། དཔག་བསམ་གྱི་ཤིང་ཐམས་ཅད་ལ་དབང་བསྒྱུར་བའི་མེ་རིའི་ཕྲེང་བའོ། །ལྷའི་དེ་ཉིད་ནི་མེ་ཏོག་ཕོག་པ་ལ་སོགས་པ་ལྷའི་སྙིང་པོ་མཚན་རིགས་སྐུ་མདོག་ཕྱག་མཚན་རྣམས་བསྟན་ཏེ་ངེས་པར་བྱས་པའོ། །ཆོ་ག་དེ་དག་ཚར་བ་དང་། དེ་ནས་འབྲས་བུ་དངོས་གྲུབ་བླངས་པའི་རིམ་པ་ནས། ཐོག་མར་འབྱུང་པོ་ལྟ་ཉན་ཚར་བཅད་པའི་ཕྱིར། ཁྲོ་བཅུའི་མཚམས་དྲག་ཏུ་བཅད། ལྷ་དང་མཁོན་སྦྱང་བའི་ཕྱིར་བཤགས་པ་བྱ། འགྲོ་དོན་མཐར་འབྱུང་བའི་ཕྱིར་དམ་བཅའ་བླངས། རང་ཉིད་གཟི་བརྗིད་བསྐྱེད་པའི་ཕྱིར་འདི་བྱིན་དབབ། རིགས་ལྔའི་དངོས་གྲུབ་བླངས་པའི་ཕྱིར། འདི་སྐད་བརྗོད། ཧཱུྃ། ང་ནི་དཔལ་ལྡན་རྡོ་རྗེ་འཆང་། །ཐུགས་ཀྱི་དཀྱིལ་འཁོར་རྡོ་རྗེ་འཆང་། །བཛྲ་ཁྲག་འཐུང་འཁོར་དང་བཅས། །ཉིད་ཀྱི་བཀའ་བཞིན་སྤྱན་འདྲེན་ན། །དམ་ཚིག་ཚུལ་བཞིན་གཤེགས་སུ་གསོལ། །དམ་ཚིག་ཚུལ་བཞིན་མ་གཤེགས་ཅིང་། །བསྒྲུབ་མཆོག་དངོས་གྲུབ་མ་སྩལ་ན། །སྐུ་གསུང་ཐུགས་དང་འགལ་བར་འགྱུར། །དམ་ཚིག་མཆོག་ལ་དགོངས་ནས་ཀྱང་། །ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཧཱུྃ། ང་ནི་དཔལ་ལྡན་འཁོར་ལོ་འཆང་། །སྐུ་ཡི་དཀྱིལ་འཁོར་འཁོར་ལོ་འཆང་། །བྷུདྡྷ་ཁྲག་འཐུང་འཁོར་དང་བཅས། །ཉིད་ཀྱི་བཀའ་བཞིན་སྤྱན་འདྲེན་ན། །དམ་ཚིག་ཚུལ་བཞིན་གཤེགས་སུ་གསོལ། །དམ་ཚིག་ཚུལ་བཞིན་མ་གཤེགས་ཀྱང་། །བསྒྲུབ་མཆོག་དངོས་གྲུབ་མ་སྩོལ་ན། །སྐུ་གསུང་ཐུགས་དང་འགལ་བར་འགྱུར། །དམ་ཚིག་མཆོག་ལ་དགོངས་ནས་ཀྱང་། །སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ། །ཧཱུྃ། ང་ནི་དཔལ་ལྡན་རིན་ཆེན་འབྱུང་། །ཡོན་ཏན་དཀྱིལ་འཁོར་རིན་ཆེན་འཆང་། །རཏྣ་ཁྲག་འཐུང་འཁོར་དང་བཅས། །ཉིད་ཀྱི་བཀའ་བཞིན་སྤྱན་འདྲེན་ན། །དམ་ཚིག་ཚུལ་བཞིན་གཤེགས་སུ་གསོལ། །དམ་ཚིག་ཚུལ་བཞིན་མ་གཤེགས་ཀྱང་། །བསྒྲུབ་མཆོག་དངོས་གྲུབ༴ སྐུ་གསུང་ཐུགས་དང་༴ དམ་ཚིག་མཆོག་ལ་དགོངས་ནས་ཀྱང་། །ཡོན་ཏན་དངོས་གྲུབ་སྩལ་དུ་གསོལ། །ཧཱུྃ། ང་ནི་དཔལ་ལྡན་པདྨ་འབྱུང་། །གསུང་གི་དཀྱིལ་འཁོར་པདྨ་འབྱུང་། །པདྨ་ཁྲག་འཐུང་འཁོར་དང་བཅས། །ཉིད་ཀྱི་བཀའ་བཞིན་སྤྱན་འདྲེན་ན། །དམ་ཚིག་ཚུལ་བཞིན་གཤེགས་སུ་གསོལ། །དམ་ཚིག་ཚུལ་བཞིན་མ་གཤེགས་ཅིང་། །བསྒྲུབ་མཆོག༴ སྐུ་གསུང་ཐུགས་དང་༴ དམ་ཚིག་མཆོག་ལ་དགོངས་སུ༴ གསུང་གི་དངོས་གྲུབ༴ ཧཱུྃ། ང་ནི་དཔལ་ལྡན་ཀརྨ༴ ཕྲིན་ལས་དཀྱིལ་འཁོར་ཀརྨ་འཆང་༴ ཀརྨ་ཁྲག་འཐུང་༴ ཉིད་ཀྱི་བཀའ༴ དམ་ཚིག་ཚུལ་བཞིན་གཤེགས་སུ་གསོལ། །དམ་ཚིག་ཚུལ་བཞིན༴ བསྒྲུབ་མཆོག་དངོས་གྲུབ་མ་སྩལ་ན། །སྐུ་གསུང་ཐུགས་དང་༴ དམ་ཚིག་མཆོག་ལ་དགོངས་ནས་ཀྱང་། །ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཞེས་བརྗོད། དངོས་གྲུབ་ཀྱི་སྣོད་དུ་རུང་བར་བྱ་བའི་ཕྱིར། ནམ་མཁའ་མཐའ་ཀླས་ཆོས་ཀྱི་དབྱིངས་ཀྱི་ཁྱབ། །མ་ཆགས་སྤྱན་མངའ་མ་བསྒྲུབ་ཡེ་ཤེས་གསལ། །ཀུན་ནས་ཀུན་ཏུ་དངོས་གྲུབ་སྩལ་དུ་གསོལ། །རྡོ་རྗེའི་ཞགས་ཀྱང་ཚངས་ལགས་སོ། །བཟླས་བརྗོད་གྲངས་ཀྱང་ཚངས་ལགས་སོ། །དངོས་གྲུབ་སྩོལ་བའི་དུས་འདི་ལགས། །འགྲོ་བ་མང་པོ་བདག་གི་བསྒྲལ། །བླ་མེད་བྱང་ཆུབ་བདག་གི་བསྒྲུབ། །མཐུ་ཆེན་མཐུ་སྩོལ་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ༀ་ཁྲོ་ལ་ཁྲོས་པ་ཞི་མཛད་པ། ཐུགས་རྗེས༴ འབར༴ ད་ལྟར༴ ༀ་རུ་ལུ༴ མཉམ་པའི་དོན་ལ་མ་སྐྱེས་གཉིས་མེད་ཕྱིར། །དངོས་གྲུབ་སྩལ་དང་རྩོལ་བར་མི་དམིགས་ཀྱང་། །རིག་དང་མ་རིག་སྒྱུ་མའི་ཁྱད་པར་གྱིས། །སྒྱུ་མའི་སྤྱོད་ཚུལ་མཉམ་པར་མ་གྲུབ་ཅིང་། །རྒྱལ་བའི་དགོངས་སྤྱོད་ཀློང་དུ་མ་གྱུར་བས། །ལོག་རྟོག་སྲིན་པོའི་ཞེན་པ་མ་བཟློག་ན། །མཁྱེན་རབ་ཏིང་འཛིན་དངོས་གྲུབ་སྩལ་དུ་གསོལ། །ཆགས་པའི་ནད་ཀྱི་གདུང་བའི་སྡུག་བསྔལ་ལས། །བདུད་དང་སྲིན་པོ་ཞེ་སྡང་གློ་བུར་གྱི། །སྒྱུ་མའི་ལུས་སྲོག་ཚེ་ལ་བར་ཆོད་ན། །ཁྲོ་རྒྱལ་མཐུ་ཡི་ཟིལ་གྱི་མནན་པའི་ཕྱིར། །རྫུ་འཕྲུལ་ལམ་མཆོག་དངོས་གྲུབ་སྩལ་དུ་གསོལ། །གསུང་རབ་རྒྱ་མཚོ་བདུད་རྩིའི་ཆར་ཕབ་ན། །བག་ཆགས་སྐྱོན་གྱི་དྲི་མས་རྨོངས་པ་ལ། །ཤེས་ཤིང་རྟོགས་པའི་ཤེས་རབ་མི་ལྡན་ན། །ཤེས་བྱ་ཐོག་མེད་དངོས་གྲུབ་སྩལ་དུ་གསོལ། །འབད་པས་བརྩལ་བའི་དུས་གསུམ་དགེ་བཤེས་ཏེ། །སྲིད་ལ་ཕན་འདོག་སྟོན་པའི་དཔལ་མགོན་ལགས། །དྲིན་ལ་ལན་ལོག་གང་ལགས་མ་འཚལ་ན། །སེམས་ཀྱི་མངོན་ཤེས་དངོས་གྲུབ༴ རྣམ་རྟོག་ཞན་པའི་བག་ཆགས་འཐུག་པོ་ཡི། །དུས་གསུམ་ཆོས་རྣམས་མུན་པའི་རྫས་ལྟར་སྒྲིབ། །དུས་གསུམ་དགེ་བཤེས་དྲིན་ལ་ལན་བླན་ཕྱིར། །དུས་ལ་རྨོངས་པས་སེམས་ཅན་དོན་བསྐྱིད་ནི། །མངོན་ཤེས་དྲུག་གི༴ རྒྱུ་དྲུག་རིམ་གྱི་གྲངས་མེད་དོན་སླད་དུ། །ཁམས་གསུམ་མ་ལུས་ཁྱབ་པར་འགྲོ་བའི་ཚེ། །སེམས་ཀྱི་གདོས་སུ་བདག་གི་ལུས་མཆིས་ན། །ཐོགས་མེད་རྐང་མགྱོགས་དངོས་གྲུབ༴ ལོག་རྟོག་མང་པོས་ཤེས་རྒྱུད་གཡེང་བ་ཡི། །སྟོན་པའི་གསུངས་པའི་བཀའ་བརྒྱུད་ཅི་སྙེད་པ། །དོན་དང་ཡི་གེ་བརྗོད་མེད་མ་བསམ་ན། །མི་བརྗེད་གཟུངས་ཀྱི་དངོས་གྲུབ༴ རང་ཉིད་རྣམ་རྟོག་ལས་ཀྱི་དབང་གྱུར་ཅིང་། །སྡུག་བསྔལ་མང་པོའི་བཅིང་བའི་འགྲོ་བ་རྣམས། །འདུལ་ཐབས་མང་པོས་འགྲོ་བའི་དོན་བགྱིད་ཀྱི། །རྣམ་བཞི་ལས་ཀྱི་དངོས༴ རང་གི་རྣམ་རྟོག་ལས་ཀྱི་དབང་གྱུར་ཞིང་། །བླང་དོར་མེད་པའི་དོན་ལ་ཐུགས་བརྩེའི་ཕྱིར། །སོ་སོའི་བློ་ལ་ཅི་ལྟར་འཐད་པ་བཞིན། །མཐུན་འཇུག་ཐབས་ཀྱི་འགྲོ་བ་འདུལ་བྱས་ཀྱི། །ས་ན་ཡོ་ག་པྲའི་དངོས༴ དུས་གསུམ་ཞན་པ་འགྲོ་བའི་གཅུང་སྙིང་ནས། །འཚོ་བྱེད་སྨན་པའི་རྒྱལ་པོ་བཅོས་སུ་གསོལ། །སྐུ་གསུང་ཐུགས་ཀྱིས་དངོས་གྲུབ་དམ་པ་སྟེ། །དུར་ཁྲོད་རྫས་ལ་བརྟེན་ནས་བདག་ལ་སྩོལ། །སྐྱ་རེངས་དང་པོ་དངོས་གྲུབ་དུས་ལ་བབ། །ཁྲག་འཐུང་འཁོར་བཅས་དངོས་གྲུབ་སྩལ་དུ་གསོལ། །ཁམས་གསུམ་དྲེག་པ་མ་ལུས་འཚལ་བར་གྱིས། །བཅོམ་ལྡན་དཔལ་ཆེན་དངོས་གྲུབ༴ ཡེ་ཤེས་ཐབས་ཀྱིས་འགྲོ་དོན་ཀུན་གྱིས་ཀྱི། །ཁྲོ་མོ་བརྒྱད་ཀྱི་དངོས་གྲུབ༴ དུར་ཁྲོད་རོལ་པའི་ཁམས་གསུམ་དབང་བསྡུད་ཀྱི། །ཕྲ་མེན་བརྒྱད་ཀྱི་དངོས༴ ཕྲིན་ལས་རྣམ་བཞིས་འགྲོ་དོན་སྡུད་ལགས་ཀྱིས། །ཁྲོ་བོ་བཅུའི་དངོས་གྲུབ༴ སྤྲུལ་པ་མང་པོས་སེམས་ཅན་ཀུན་འདུལ་ཕྱིར། །ཡང་སྤྲུལ་སྙིང་སྤྲུལ་དངོས་གྲུབ༴ རུ་ལུ་བཟླའོ། །དེ་ནས་རིག་འཛིན་གྱི་དངོས་གྲུབ་བླང་ན་ནི། ཧཱུྃ། ཆོས་ཉིད་བདེ་བ་ཆེན་པོའི་སྐུ་བྱུང་བ། །བཅོམ་ལྡན་ཆེ་མཆོག་ཡབ་ཡུམ་དངོས༴ དུར་ཁྲོད་དྲེག་པའི་ཚོགས་རྣམས་འཇོམས་མཛད་པ། །སྒྱུ་ལུས་ཁྲོ་རྒྱལ་ཡབ་ཡུམ་དངོས༴ ཡེ་ཤེས་འབར་མ་བརྒྱད་ཀྱི་དཀྱིལ་འཁོར་ནས། །ཀོའུ་རི་ཁྲོ་མོ་བརྒྱད་ཀྱི༴ ཆོས་ཉིད་མཁའ་ལྟར་དག་པའི་དཀྱིལ་འཁོར་ནས། །སེང་ཧ་ཕྲ་མེན་བརྒྱད་ཀྱི༴ ཚད་མེད་བཞི་རྟོགས་གསང་བའི་དཀྱིལ་འཁོར་ནས། །རྟ་གདོང་སྒོ་མ་བཞི་ཡི༴ འབར་བའི་བར་ཁྱམས་དུར་ཁྲོད་རོལ་པ་ནས་། །སྤོར་མ་གསང་ཡུམ་ཚོགས་བཅས༴ དམ་ཚིག་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས། །དབང་ཕྱུག་མ་སྲིང་ཚོགས་ཀྱིས༴ དུར་ཁྲོད་འབར་མ་ཆེན་མོའི་དཀྱིལ་འཁོར་ནས། །མཁའ་འགྲོ་སུམ་ཅུ་རྩ་གཉིས་དངོས་གྲུབ་སྩོལ། །ཕྲིན་ལས་མྱུར་མགྱོགས་ཆེན་མོའི་དཀྱིལ་འཁོར་ནས། །མ་བདུན་སྲིང་བཞིའི༴ སྒྲོལ་བྱེད་རབ་ཏུ་འབར་བའི་དཀྱིལ་འཁོར་ནས། །སྒྲོལ་བྱེད་གིང་ཆེན་བཅོ་བརྒྱད༴ ཞེ་སྡང་འབར་བ་ཐུགས་ཀྱི་དཀྱིལ་འཁོར་ནས། །ཁྲོ་རྒྱལ་སྲིན་པོ་ཅི་བགྱིས་བཀའ་ཉན་གྱི། །ཕོ་ཉ་སྡེར་མོའི་ཚོགས་ཀྱི་དངོས༴ ལས་རྣམས་ཡོངས་སུ་གྲུབ་པའི་དཀྱིལ་འཁོར་ནས། །ཡེ་ཤེས་མ་མོའི་ཚོགས་ཀྱིས༴ རྡོ་རྗེ་བསྡམ་པའི་ས་ལ་གནས་པ་ཡི། །རིག་འཛིན་རྩལ་འཆང་ཚོགས་ཀྱི༴ གནས་མཆོག་ཡན་ལག་དོན་གྱི་འཇིག་རྟེན་ནས། །རྒྱལ་བ་ཀུན་བཟང་དངོས་གྲུབ་སྩལ་དུ་གསོལ། །འོག་མིན་དབང་ཕྱུག་ཆེན་པོའི་གནས་མཆོག་ནས། །གསང་སྔགས་རྡོ་རྗེ་ཐེག་པ་འབྱུང་བའི་གནས། །རྡོ་རྗེ་སེམས་དཔའ་རིགས་ལྔ་ཡབ་ཡུམ་བཅས། །ལོངས་སྤྱོད་རྫོགས་པ་སྐུ་ཡི་དངོས་གྲུབ་སྩོལ། །ལྷ་ཀླུ་གནོད་སྦྱིན་སོ་སོའི་གནས་མཆོག་ནས། །བཅོམ་ལྡན་རིགས་གསུམ་མགོན་པོའི༴ ཨོ་རྒྱན་དྷ་ན་ཀོ་ཤའི་གླིང་ཕུག་ཏུ། །རྡོར་སེམས་སྤྲུལ་པ་དགའ་རབ་རྡོ་རྗེ་དང་། །རྒྱལ་པོའི་བུ་མོ་རིན་ཆེན་གསལ་སྒྲོན་ལ། །རྡོར་སེམས་གསང་བའི་བདག་པོ་མངོན་བྱོན་ནས། །དབང་བཞི་རྫོགས་བསྐུར་རྟོགས་ཚོགས་ལྷ་ངོ་འཕྲོད། །དབང་རྟགས་ཆགས་ཞིང་མེ་ལོང་རྣམས་གཉིས་བྱོན། །རིག་འཛིན་ཁྲི་ཕྲག་དུ་མ་སངས་རྒྱས་པ། །དེ་ཡི་དངོས་གྲུབ་དེང་འདིར་སྩལ་དུ་གསོལ། །རྒྱ་བོད་གཉིས་ཀྱི་སོ་མཚམས་སུ། །མ་ག་ཏ་ཡི་བྲག་ཕུག་ཏུ། །ཨུ་རྒྱན་རྒྱལ་པོ་དྷརྨ་ཀ་ཡ་ནི། །ཀླུ་ཡི་རྒྱལ་པོའི་བུ་མོ་ཡི། །དགའ་རབ་རྡོ་རྗེ་སྤྱན་དྲངས་ནས། །ཚོམ་བུ་སྟོང་གི་དཀྱིལ་འཁོར་བསྒྲུབ། །ཁྲི་ཕྲག་དུ་མ་སངས་རྒྱས་པ། །དེ་ཡི་དངོས་གྲུབ་དེང་འདིར༴ རྒྱ་གར་ཟ་ཧོར་ཡུལ་གྱི་མཚམས། །རྡོ་རྗེ་འོད་འཕྲོ་གླིང་ཚལ་དུ། །རྒྱལ་པོ་ཨིནྡྲ་བོ་དྷི་དང་། །སྲས་མོ་ནི་ལན་དྷ་ར་གཉིས། །ཚོམ་བུ་ལྔ་ཡི་དཀྱིལ་འཁོར་བསྒྲུབ། །ཁྲི་ཕྲག་དུ་མ་སངས་རྒྱས་པ། །དེ་ཡི་དངོས་གྲུབ་དེང༴ རྒྱ་གར་སིདྷ་གཉིས་ཀྱི་མཚམས། །གཡུ་མཚོ་གླིང་དགུའི་བྲག་ཕུག་ཏུ། །སིང་ཧ་ཨུ་པ་ར་ཙ་དང་། །སྲས་མོ་གྷོ་མ་དེ་ཝ་གཉིས། །ཚོམ་བུ་ལྔ་བཅུའི་དཀྱིལ་འཁོར་བསྒྲུབ། །བརྒྱ་ཕྲག་དུ་མ་སངས་རྒྱས་པ། དེ་ཡི་དངོས་གྲུབ་དེང་༴ རྒྱ་གར་ཡུལ་དབུས་མ་ག་ཏ། །བར་ན་སའི་གནས་རབ་ཏུ། །དགེ་སློང་མི་ཕྱེད་སེང་གེ་དང་། །སྲིན་པོའི་བུ་མོ་ན་ཤི་གཉིས། །ཚོམ་བུ་གསུམ་པའི་དཀྱིལ་འཁོར་བསྒྲུབ། །འཁོར་ནི་ལྔ་བརྒྱ་སངས་རྒྱས་ཏེ། །དེ་ཡི༴ རྒྱ་གར་བལ་པོ་སོ་མཚམས་སུ། །དགེ་སློང་སོ་སྐྱ་དེ་ཝ་དང་། །ལྷ་མོ་བཀྲ་ཤིས་དངོས་གྲུབ་གཉིས། །ཚོམ་བུ་བཅུ་པའི་དཀྱིལ་འཁོར་བསྒྲུབ། །དེ་ཡི་དངོས༴ རྒྱ་དང་བལ་པོ་ཡུལ་གྱི་མཚམས། །ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ། །དགེ་སློང་པདྨ་འབྱུང་གནས་དང་། །བལ་མོ་གཟའ་ཡི་ཤཱཀྱ་གཉིས། །ཚོམ་བུ་ལྔ་ཡི་དཀྱིལ་འཁོར་བསྒྲུབ། །དེ་ཡི༴ རྒྱ་གར་སྟག་གཟིགས་ཡུལ་གྱི་མཚམས། །ཡང་ལེ་ཨེ་རིའི་བྲག་ཕུག་ཏུ། །སློབ་དཔོན་སྟི་ར་མ་ཏི་དང་། །བུ་མོ་གྷ་ག་སིདྡྷི་གཉིས༴ ཇི་ལྟར་བསྒྲུབ་ཅིང་རྟེན་པ་ཡི། །དེ་ཡི༴ བོད་དང་ཞང་ཞུང་ཡུལ་གྱི་མཚམས། །གངས་དཀར་ཏི་སེའི་བྲག་ཕུག་ཏུ། །སློབ་དཔོན་སངས་རྒྱས་གསང་བ་དང་། །ལྷ་མོ་དམར་མོ་ཆོས་མཚོ་གཉིས། །ཇི་ལྟར་བསྒྲུབ་ཅིང་རྟེན་པའི་ཚེ། །དེ་ཡི་དངོས༴ མོན་བོད་གཉིས་ཀྱི་སོ་མཚམས་སུ། །སྤ་གྲོ་སྟག་ཚང་སེང་གེ་ཕུག །སློབ་དཔོན་ནམ་མཁའི་སྙིང་པོ་དང་། །མཁར་ཆེན་གཟའི་མཚོ་རྒྱལ་གཉིས། །ཇི་ལྟར་བསྒྲུབ༴ དེ་ཡི༴ བོད་ཁམས་གཏན་རིའི་བྲག་ཕུག་ཏུ། །སློབ་དཔོན་རྒྱལ་བ་བློ་གྲོས་དང་། །ལྷ་མོ་སུམ་ཟ་སེར་མོ་གཉིས། །ཇི་ལྟར༴ དེའི༴ བོད་ཡུལ་གཙང་གི་གཡས་རུའི་ཕྱོགས། །ཉུག་གི་རྡོ་རྗེ་སྒྲོམ་བུ་རུ། །གནུབ་བན་སངས་རྒྱས་ཡེ་ཤེས་ཀྱི། །རང་བྱུང་ཐིག་ལེ་ཉག་གཅིག་དོན། །ཟླ་བ་དགུ་པའི་སེམས་ཉིད་དོན། །དངོས་པོའི་གནས་ལུགས་གཏན་ལ་ཕབ། །ཅི་ལྟར་བསྒྲུབ་ཅིང་༴ དེ་ཡི་དངོས་གྲུབ་དེང་འདིར་སྩོལ། །ཁུང་ལུང་ཡོན་ཏན་རྒྱ་མཚོ་ནི། །ཐུགས་སྲས་ནང་ནས་མཆོག་ཏུ་གྱུར། །སྤྲུལ་པ་མང་པོ་ཞལ་གཟིགས་པ། །མཆོག་དང་ཐུན་མོང་དངོས་གྲུབ་བརྙེས། །དེ་ཡི༴ བསྒྲུབ་གནས་ཕྱར་ཤམ་དགོན་པ་རུ། །སོ་ནི་ཡེ་ཤེས་དབང་ཕྱུག་གིས། །ཆོས་ཉིད་དོན་དམ་ཐུགས་སུ་ཆུད། །རྫོགས་ཆེན་ལྟ་བའི་བཀའ་ཡང་ཕབ། །དེ་ཡི་དངོས་༴ ཤོལ་ཡག་གདིང་གི་གནས་མཆོག་ཏུ། །དབང་བཞི་ཆུ་བོའི་བཀའ་བབ་པ། །སྲུ་ནི་ལེགས་པའི་སྒྲོན་མ་ནི། །དགེ་བྱེད་བཅོ་ལྔའི་སློབ་བུ་སྨིན། །དེ༴ དེ་དག་ནང་ནས་ཞུའི་རུས། །བསོད་ནམས་ཤཱཀྱ་ཞེས་སུ་གྲགས། །དེ་ཡི༴ བོད་ཡུལ་གཙང་གི་རུ་ལགས་ཕྱོགས། །འུག་པ་ལུང་གི་ཡང་དབེན་དུ། །ཟུར་ཆེན་ཤཱཀྱ་འབྱུང་གནས་ཀྱི། །བཀའ་ལུང་བརྒྱུད་པ་མན་ངག་ལ། །ཕུལ་བྱུང་ཤེས་བྱ་མ་ལུས་མཁྱེན། །དེ་ཡི༴ གཡས་རུ་རྒྱ་བོ་དགེ་གནས་སུ། །ཟུར་ཆུང་ཤེས་རབ་གྲགས་པ་ནི། །ལྟ་དགོངས་རྩེ་མོ་ཕུལ་དུ་གྱུར། །སྣང་བྲག་སྒྱུ་མར་མཁྱེན་པ་ཡི། །སྐལ་ལྡན་གདུལ་བྱ་སྨིན་གྲོལ་མཛད། །དེའི༴ གཡས་རུ་ཆུ་བར་ལི་ཐུང་དུ། །གླན་སྟོན་ཤཱཀྱ་བཟང་པོ་ནི། །སྣང་སྲིད་ལྷ་འདྲེ་བྲན་དུ་ཁོལ། །ཕྲིན་ལས་སྤྱོད་པ་ཐོགས་པ་མེད། །དེའི་༴ ཤང་གི་ཉ་ཚལ་ཁང་སྟོད་དུ། །ལྷ་རྗེ་ཤཱཀྱ་བྱང་ཆུབ་ནི། །རྫོགས་ཆེན་ལྟ་བ་ཕུལ་དུ་ཕྱིན། །ཤེས་བྱ་ཐོགས་མེད་མ་ལུས་མཁྱེན། །དེའི༴ འོག་གདུང་ལྷ་རྗེ་འགར་ཞེས་གྲགས། །ཡེ་ཤེས་མཁའ་འགྲོའི་བྱིན་བརླབ་པས། །ཟག་མེད་བདེ་བའི་ཉམས་དང་ལྡན། །དེའི༴ འཆུམ་གྱི་འཆད་དགོན་གནས་མཆོག་ཏུ། །སྲེག་སྟོན་རྡོ་རྗེ་རྒྱལ་མཚན་ནི། །ཡོན་ཏན་བསམ་གྱིས་མི་ཁྱབ་མངའ། །དབང་གི་ཆུ་བོའི་བཀའ་རྣམས་རྫོགས། །དེའི༴ ཤ་རི་རྒྱ་གར་གླིང་ཆུང་དུ། །མཁས་པ་ཀླན་བན་རྡོ་རྗེ་འོད། །གསང་བདག་ཞལ་གཟིགས་དུས་གསུམ་མཁྱེན། །ཤམ་པ་ལར་གཤེགས་གདུལ་བྱ་འདྲེན། །དེའི༴ དམ་ཆོས་འབྱུང་གནས་ཤ་རི་མོར། །གླན་སྟོན་བརྩོན་འགྲུས་ཡེ་ཤེས་ནི། །གདུལ་བྱ་ཡང་དག་ས་ལ་འགོད། །སྤྲུལ་པས་འགྲོ་བ་མ་ལུས་འདྲེན། །དེ་ཡི༴ གུང་ཐང་དཔལ་གྱི་དགོན་པ་རུ། །མཁས་པ་བསོད་ནམས་རྒྱལ་པོ་ཡི། །དབང་གི་འགྲོ་བ་དུ་མ་སྨིན། །དེ་ཡི༴ སྤྲུལ་སྐུ་ལྷ་རྗེས་ལྷ་འབུམ་གྱི། །དྲག་པོའི་གདུལ་བྱ་མང་པོ་སྨིན། །དེ་ཡི༴ གླན་སྟོན་ཆོས་ཀྱི་སེང་གེ་ནི། །ཏིང་འཛིན་དགོངས་པ་དྲོད་དང་ལྡན། །དེ་ཡི༴ རྫ་ལུང་དཔལ་གྱི་དགོན་པ་རུ། །དབང་བཞི་རྫོགས་པ་སངས་རྒྱས་དཔལ། །སྙིགས་མའི་དུས་ཀྱི་འགྲོ་བ་འདྲེན། །དེ་ཡི༴ གནས་མཆོག་གུང་ཐང་ཡང་དབེན་དུ། །གླང་ཆེན་བསོད་ནམས་མགོན་པོ་ནི། །བསྐྱེད་རྫོགས་གསུམ་གྱིིས་དབང་བཀའ་བབ། །དབང་མཆོག་ཆུ་བོའི་སྨིན་གྲོལ་མཛད། །དེ་ཡི༴ དབེན་གནས་བྱེ་མ་སེང་གེ་རུ། །ཆོས་བདག་འབྲམ་སྟོན་རྡོ་རྗེ་ནི། །རྒྱུད་ལུང་མན་ངག་ཀུན་ལ་མཁས། །དེ་ཡི་དངོས་གྲུབ་དེང་འདིར་སྩོལ། །བདུད་རྩིའི་ཆུ་རྒྱུན་ཡང་དབེན་དུ། །མཁས་གྲུབ་ཤཱཀྱ་འབྱུང་གནས་ནི། །ཀུན་མཁྱེན་འཇིག་རྟེན་གསུམ་གྱིིས་མགོན། །དེ་ཡི་དངོས་གྲུབ་དེང་འདིར་སྩོལ། །ཞེས་གསོལ་བ་བཏབ་ལ། ཡེ་ཤེས་ལྷའི་དངོས་གྲུབ་བླངས་བའི་ཕྱིར། གསལ་ཤིང་གི་རི་མོ་ལ། སྤྱན་དྲང་མཆོད་དང་བཟླས་པ་དང་། །བསྟོད་དང་སྨོན་ལམ་མཇུག་བསྡུ་དྲུག །ཅེས་པས། དང་པོ་འབྲང་རྒྱས་ལ་གསལ་ཤིང་མཐོ་དམན་རིམ་པ་བཅུ་བཞི་བྱ། དེ་ནས་ཕོ་བྲང་དཔལ་གྱི་མར་མེ་བཀོད་པ་དེ། འདུས་པའི་ལྷ་ཚོགས་སུ་བསྐྱེད། དབང་བསྐུར་བྱིན་རླབས་ཀྱི་སྙན་གསན་དབབ། དལ་གྱི་ལྷ་ཚོགས་ཉིད་སྤྱན་དྲངས། བསྟིམ་བསྟན་ལ་སྤྱན་དྲངས་པ་ནི། ལྕགས་ཀྱུའི་ཕྱག་རྒྱ་དང་། ༀ་ཨ་ཀྲ་མ་ཧཱ་ཀྲོ་ཏི་ཤྭ་རི་ཧཱུྃ། སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ། སརྦ་ཏ་ཐཱ་ག་ཏ་ཀྲོ་ཏི་ཤྭ་རི་ཧཱུྃ། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ། བཛྲ་ཀྲོ་ཏི་ཤྭ་རི་ཧཱུྃ། བཛྲ་ཨཾ་གུ་ཤ་ཛཿ ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་པས་གསལ་ཤིང་མེ་སྦར་བས་འོད་དང་སྤྲུལ་བར་བཅད་ནས་སེ་མོར་བྱོན་པར་བསམ་ལ། གཉིས་པ་མཆོད་པ་ནི། བདུད་རྩི་གཏོར་མ། རཀྟ་གསུམ། རྩ་སྔགས་ཀྱི་འབུལ། གསུམ་པ་བཟླས་པ་ནི། དང་པོ་བསྐུལ་བ་ནི། བཅོམ་ལྡན་འདས་ཆེ་མཆོག་ཡབ་ཡུམ་དང་། དབང་མཆོག་ཧེ་རུ་ཀ་ཡབ་ཡུམ་དང་། བཛྲ་ཧེ་རུ་ཀ་ཡབ་ཡུམ་དང་། གཙོ་བོ་རྣམས་ཀྱི་ཐུགས་ཀ་ནས་ཟུར་བརྒྱད་དཀྱིལ་འཁོར་ནས་འབྲུ་བརྒྱད་ཤར། སྙིང་པོ་རུ་ལུ་འབྲུ་བརྒྱད་དང་། གྷུ་ཧྱ་ཛྙཱ་ནའི་འོད་འཕྲོ་བས། ཕར་འཕྲོས་དཔལ་ཆེན་ཐུགས་དམ་བསྐུལ། །ཚུར་འདུས་བདག་ལ་དངོས་གྲུབ་སྩོལ། །དེ་ནས་བཛྲ་གོང་གི་སྔགས་རྣམས་བཟླས། བཞི་པ་བསྟོད་པ་ནི། ཧཱུྃ། བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ །བླ་མེད་ཡུམ་ཆེན་ཁྲོ་མོའི་རྒྱལ། །མཐིང་ནག་སྐུ་ཡི་བདུད་བཞི་འདུལ། །ཉི་ཤུ་རྩ་གཅིག་ས་རྣམས་གནོན། །བཞི་བཅུ་རྩ་གཉིས་སངས་རྒྱས་པ། །ཞབས་བརྒྱད་ཏིང་འཛིན་དབྱིངས་སུ་སྤོར། །རྒྱན་རྣམས་མ་ལུས་སྐུ་ལ་རྫོགས། །ཁྲོ་རྒྱལ་སྐུ་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་དབང་ཆེན་ཧེ་རུ་ཀ །དབུ་དགུ་ཕྱག་ནི་བཅོ་བརྒྱད་ཡོངས་སུ་རྫོགས། །མཐིང་ནག་དགྱེས་པ་ཆེན་པོའི་སྐུ། །ཞབས་བརྒྱད་རུ་ཏྲ་ཕོ་མོ་མནན། །འཇིགས་བྱེད་སྐུ་ལ་ཕྱག་འཚལ་བསྟོད། །ཧཱུྃ། རྡོ་རྗེ་རིགས་མཆོག་བདུད་འདུལ་རྩལ། །གདུག་པ་ཐབས་ཀྱི་བཏུལ་ནས་ནི། །བདུད་རིགས་རྡུལ་དུ་བརླག་མཛད་པའི། །དཔལ་ཆེན་སྐུ་ལ་ཕྱག་འཚལ་བསྟོད། །ༀ་རུ་ལུ༴ གྷུ་ཧྱ། ལྔ་པ་སྨོན་ལམ། ཧཱུྃཿ བཅོམ་ལྡན་ཆེ་མཆོག་ཡབ་ཡུམ་དང་། དབང་མཆོག་ཡབ་ཡུམ་དང་། དཔལ་ཆེན་ཡབ་ཡུམ་ལ་སོགས་པ་རྣམས་ལ་དངོས་གྲུབ་ཏུ་གསོལ་བ་ནི། བདག་ཅག་རྣལ་འབྱོར་པ་དཀྱིལ་འཁོར་ཆེན་པོའི་འདིར་ཚོགས་པ་རྣམས་ལ། ཤེས་བྱ་ལ་ཐོགས་པ་མེད་པའི་ཤེས་རབ་མི་བརྗེད་པའི་གཟུང་རྒྱུན་གྱི་ཏིང་འཛིན་མངོན་ཤེས་དྲུག །རྡོ་རྗེ་ལྟ་བུའི་ལུས། གཡུང་དྲུང་ལྟ་བུའི་ཚེ། སྣང་བ་དང་མི་སྣང་བ་དང་། རྡོ་རྗེའི་སྤྱན། དཔལ་དང་འབྱོར་པ་འཁོར་དང་ལོངས་སྤྱོད་ལ་སོགས་པ་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་དངོས་གྲུབ་སྩལ་དུ་གསོལ། མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པར་མཛད་དུ་གསོལ། དྲུག་པ་བསྡུ་བ་ནི། བཛྲ་ཨཾ་གུ་ཤ་ཛཿ གསུམ་གྱིས་དང་པོ་འོད་དང་སྤྲུལ་པ། གཉིས་པ་ཡིག་འབྲུ། གསུམ་པ་ལྷ་འོད་དུ་ཞུ་ནས་རང་ལ་ཐིམ་པས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གཟི་བརྗིད་དང་ལྡན་པར་བསམ་མོ། །དེ་ནས་རིམ་པ་གཉིས་ལ་རྒྱུད་ཀྱི་ཧེ་རུ་ཀ་བཞིའི་བླངས་པ་ནི། ཕོ་བྲང་གི་མར་མེ་ནས་རིགས་བཞིའི་ལྕགས་ཀྱུའི་ཕྱག་རྒྱས་སྤྱན་དྲངས། བྷུདྡྷ་ཀྲོ་ཏི་ཤྭ་རི་ཧཱུྃ། ༀ་རཏྣ། ༀ་པདྨ། ༀ་ཀརྨ། ཨྃ་གུ་ཤ་ཛཿ ༀ་རུ་ལུ༴ ཞེས་པས་གཉིས་པ་མེ་སྤར་བས་རྩེར་བྱོན་པར། བླ་མས་མཆོད་པ་ནི། བདུད་རྩི་གཏོར་མ་རཀྟ་འབུལ། བསྐུལ། རིགས་བཞི། ཧེ་རུ་ཀའི་ཐུགས། ཟུར་བརྒྱད། དཀྱིལ་འཁོར་ནས་འབྲུ་བརྒྱད་ཤར། སྙིང་པོ་རུ་ལུ། གྷུ་ཧྱ། ཕར། ཚུར། འཛབ་ནི། བྷུདྡྷ། རཏྣ། པདྨ། ཀརྨ་ཡབ་ཡུམ་ལ་རུ་ལུ། རེ་རེ་དང་། གྱུ་ཧྱ་ཛྙཱ་ན། རེ་རེ་གདགས་སོ། །བཞི་པ་བསྟོད་པ་ནི། ཧཱུྃ། ཆོས་དབྱིངས་དག་པ་སངས་རྒྱས་ཡུལ་ནས་བཞེངས། །ཉོན་མོངས་གནས་པའི་སེམས་ཅན་དོན་ཀུན་མཛད། །ཐུགས་རྗེས་བྱང་ཆུབ་གནས་སུ་འགོད་མཛད་པ། །བཅོམ་ལྡན་སློབ་དཔོན་བྷུདྡྷ་ཧེ་རུ་ཀ །ཀྲོ་ཏི་ཤྭ་རི་བཅས་ལ་ཕྱག་འཚལ་བསྟོད། །ཕུན་སུམ་ཚོགས་འཛིན་ཡོན་ཏན་མཆོག་གི་སྐུ། །ལྷ་མོ་ཚོགས་ཀྱི་ཀུན་ནས་རྣམ་བསྟོད་ཅིང་། །རྔམ་པའི་ཞལ་དུ་དུག་གསུམ་འདྲེན་མཛད་པའི། །བཅོམ་ལྡན་འདས་དཔལ་ཛྙཱ་ན་ཧེ་རུ་ཀ །ཀྲོ་ཏི་ཤྭ་རིར་བཅས་ལ་ཕྱག་འཚལ་བསྟོད། །གསུང་མཆོག་ཆོས་ཀྱི་སྐུ་ནི་ཀུན་ཁྱབ་ཅིང་། །ས་དང་བར་སྣང་ཁམས་ལ་གནས་པ་དག །བྱང་ཆུབ་སེམས་ལ་རབ་ཏུ་འགོད་མཛད་པ། །བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀ །ཀྲོ་ཏི་ཤྭ་རིར་བཅས་ལ༴ ནན་ཏན་དྲག་ཤུལ་སྤྱོད་པའི་ཚུལ་འཛིན་ཅིང་། །ཐབས་མཁས་ཐུགས་རྗེས་ཆེན་པོའི་དྲག་ཤུལ་གྱི། །རྒྱུ་དྲུག་སེམས་ཅན་མ་ལུས་ཀུན་སྒྲོལ་བ། །བཅོམ་ལྡན་དཔལ་ཆེན་ཀརྨ་ཧེ་རུ་ཀ །ཀྲོ་ཏི་ཤྭ་རིར་བཅས་ལ་ཕྱག་འཚལ་བསྟོད། །ལྔ་པ་སྨོན་ལམ་ནི། ཧོཿ བཅོམ་ལྡན་འདས་རིགས་ལྔ་ཧེ་རུ་ཀ་ཡབ་ཡུམ་ལ་དངོས་གྲུབ་གསོལ་བ། སོགས། དྲུག་པ་བསྡུ་བ་ནི་གོང་བཞིན་ནོ། །གསུམ་པ་ལུང་གི་ཧེ་རུ་ཀ་བཞི་ལྕགས་ཀྱུའི་ཕྱག་རྒྱ་དང་། རཀྴ་ཧེ་རུ་ཀ་ཀྲོ་ཏི་ཤྭ་རི་ཧཱུྃ། རུ་ལུ༴ གྷུ་ཧྱ། ས་ནུ། གྷུ་ཧྱ། ཡཀྴ། རུ་ལུ། གྷུ་ཧྱས། མེ་སྦར་བས་རྩེ་མོར་བྱོན། གཉིས་པ་མཆོད་པ་བདུད་རྩི་གཏོར་མ་རཀྟ་འབུལ། བསྐུལ། ༀ། ལུང་གི་ཧེ་རུ་ཀའི་ཐུགས་ཟུར་བརྒྱད། སྙིང་པོ། གྷུ་ཧྱ། ཕར། ཚུར། གསུམ་པ་འཛབ་ནི་གོང་གི་སྙིང་པོ་བཟླས་པ། བཞི་པ་བསྟོད་པ། ཧཱུྃ། སྦྱོར་བ༴ དམ་ཚིག༴ དམ་ཚིག་གསང་བ༴ སྒྲོལ་བའི་དབྱིངས༴ ལོག་ལྟ་འཇོམས་བྱེད་སྐྱབས་གནས་རེག་བྱ་འཇོམས། །གྷ་ན་ཉམས་པ་ལྟ་ན་མཚན་མ་སྒྲོལ། །ལུང་གི་ཁྲོ་རྒྱལ་ཚོགས་ལ་ཕྱག་འཚལ་བསྟོད། །ལྔ་པ་སྨོན་ལམ་ནི། ཧོཿ བཅོམ་ལྡན་འདས་ལུང་གི་ཧེ་རུ་ཀ་ཡབ་ཡུམ་ཚོགས་ལ་དངོས་གྲུབ་སྩལ་དུ་གསོལ་བ་ནི། སོགས་འགྲེས། དྲུག་པ་བསྡུ་བ་གོང་བཞིན། བཞི་པ་ཁྲོ་བོ་བརྒྱད། ལྕགས་ཀྱུའི་ཕྱག་རྒྱ་དང་། ཀའུ་རི་བརྒྱད་ཀྱི་སྔགས་དང་། བཛྲ་ཨཾ་ཀུ་ཤ་ཛཿ རུ་ལུ་གྷུ་ཧྱས་མེ་སྦར། བདུད་རྩི་གཏོར་མ་རཀྟ་འབུལ། ཀོའུ་རི་བརྒྱད་ཀྱི་ཐུགས་ཀ །སྙིང་པོ། གྷུ་ཧྱ། ཕར༴ ཚུར༴ བཟླས་པ་བསྟོད་པ། ཀོའུ་རི་ལ་སོགས་ཁྲོ་མོ་བརྒྱད་རྣམས་ནི། གདུག་པ་ཐབས་ཀྱི་འདུལ་བའི་དྲག་ཤུལ་ཅན། །སྐུ་མདོག་ཕྱག་ཆ་སྣ་ཚོགས་ཅིར་ཡང་སྟོན། །ཡེ་ཤེས་ཁྲོ་མོ་བརྒྱད་ལ༴ ཁྲོ་མོ་བརྒྱད་ལ་དངོས་གྲུབ་ཏུ་གསོལ་བ་ནི། བསྡུས་པ་བཞིན་ནོ། །ལྔ་པ་ཕྲ་མེན་བརྒྱད་དང་སྒོ་མ་བཞི་སྤྱན་དྲངས་བ་ནི། སོ་སོའི་སྔགས་དང་ཕྱག་རྒྱ། བཛྲ་ཨཾ་གུ་ཤ་ཛཿ རུ་ལུ། བཛྲ་ཏེ་ཛ་སྟེ་ང་ཛཿ མཆོད་པ་གསུམ་འབུལ། སྔགས་རུ་ལུ་གྷུ་ཧྱ་བཟླས། བསྟོད་པ། ཧཱུྃ། སེང་ཧ་ལ་སོགས་ཕྲ་མེན་བརྒྱད་རྣམས་ནི། །ཡེ་ཤེས་ལས་ལ་འགྱེད་པའི་ཕྲ་མེན་མ། །རྣམ་འཕྲུལ་ལས་ཀྱི་འགྲོ་བའི་དོན་མཛད་མ། །སེང་ཧ་ཕྲ་མེན་བརྒྱད་ལ་ཕྱག་འཚལ་བསྟོད། །རྟ་གདོང་ལ་སོགས་སྒོ་མ་བཞི་རྣམས་ནི། །ཚད་མེད་བཞི་ཡི་འགྲོ་བའི་དོན་མཛད་མ། །ཤར་ལྷོ་ནུབ་བྱང་སྒོ་བཞི་ཐུབ་པར་བསྲུངས། །སྒོ་སྐྱོང་ཁྲོ་མོ་བཞི་ལ་ཕྱག་འཚལ་བསྟོད། །སྨོན་ལམ་ནི། ཕྲ་མེན་བརྒྱད་དང་སྒོ་མ་བཞི་ལ་དངོས་གྲུབ་ཏུ་གསོལ་བ་ནི། སོགས། བསྡུ་བ་གོང་བཞིན་ནོ། །དྲུག་པ་སྤོར་མ་བརྒྱད་དང་། གསང་ཡུམ་བཞི་ལྕགས་ཀྱུའི་ཕྱག་རྒྱ་དང་། ༀ་བཛྲ་ཨ་ཏྲ་ཏི་ཨརྱ་ཙ་ཏུད་ཏ་ར་ཕཊ། རག་མོ་ཧཱུྃ། ཤྲཱི་བཛྲ་མུད་ཀ་ར། ཤྲཱི་བཛྲ་ར་ག །ཤྲཱི་ཤ་ར་ཡ་ན་མཿ ཤྲཱི་བཛྲ་གྷནྡྷ་བུ་ཛ་ཡ། ཨཾ་གུ་ཤ་ཛཿ མཆོད་པ་གསུམ་འབུལ། བསྐུལ་བ། ༀ། སྤོར་བྱེད་ཆེན་མོ་བརྒྱད་རྣམས་དང་། །གསང་ཡུམ་བཞི་ཡི་ཐུགས་ཀ་ནས། །སྙིང་པོ། གྷུ་ཧྱ། ཕར་ཚུར། ཨ་རག་མོ་ཧཱུྃ། རེ་དང་། རུ་ལུ། གྷུ་ཧྱ། སྤེལ་མ་བཟླ། བསྟོད་པ་ནི། ཧཱུྃ། ཆོས་དབྱིངས་རྣམ་དག་ངང་ལས་རང་སྣང་བའི། །སྣ་ཚོགས་ཅིར་ཡང་འགྱུར་བའི་སྐུ་མངའ་ཞིང་། །སྲིད་གསུམ་ཞིང་དུ་སྦྱོར་བའི་གཡང་གཞི་གསོལ། །སྤོར་བྱེད་ཆེན་མོ་བརྒྱད་ལ་ཕྱག་འཚལ་བསྟོད། །བར་ཁྱམས་དེ་ཡི་ཤར་ལྷོ་ནུབ་བྱང་སྒོར། །དགྱེས་པ་བསྐྱེད་པ་གསང་བའི་ཡུམ་ཆེན་བཞི། །གཉིས་མེད་རོལ་བའི་བྱིན་རླབས་སྣ་ཚོགས་འཕྲོ། །ཤེས་རབ་ཡུམ་ཆེན་བཞི་ལ་ཕྱག་འཚལ་བསྟོད། །སྨོན་ལམ་ནི། ཧོཿ སྤོར་མ་ཆེན་མོ་བརྒྱད། གསང་བའི་ཡུམ་ཆེན་བཞི་ལ་དངོས་གྲུབ་ཏུ་གསོལ་བ་ནི། སོགས་དང་། བསྡུ་བ་གོང་བཞིན་ནོ། །བདུན་པ་ལ་དབང་ཕྱུག་མ་ཉེར་བརྒྱད་དང་ཕྱག་རྒྱ་དང་། བྷྱོ་མ་ནུ་རཀྴ་སོ་བྷྱོ། རུ་ལུ༴ བཛྲ་ཨཾ་གུ་ཤ་ཛཿ མཆོད་པ་གསུམ་པ་འབུལ། བསྐུལ་ལ། ༀ་དབང་ཕྱུག་ཉེར་བརྒྱད་ཀྱི་ཐུགས་ཀ་ནས། སྙིང་པོ། རུ་ལུ༴ གྷུ་ཧྱ། ཕར། ཚུར། རྩ་སྔགས་ཉེར་བརྒྱད་སྤེལ་ཏེ་བཟླས། བསྟོད་པ། ཧཱུྃ། མ་སྲིང་ལ་སོགས་དབང་ཕྱུག་ཉི་ཤུ་བརྒྱད། །དྲེག་པ་ལྷ་ཆེན་རྣམས་ཀྱི་ཆུང་མ་སྟེ། །དབང་དྲག་ལས་ལ་ཐོག་པ་མེད་པ་སྟེ། །ཉི་ཤུ་རྩ་བརྒྱད་ཚོགས་ལ་ཕྱག་འཚལ་བསྟོད། །སྨོན་ལམ་ནི། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ལ་དངོས་གྲུབ་ཏུ་གསོལ་བ་སོགས། བསྡུ་བ་གོང་བཞིན་ནོ། །བརྒྱད་པ་མཁའ་འགྲོ་སོ་གཉིས་ཕྱག་རྒྱ་དང་། ༀ་ཨེ་ར་ལི། ཧཱུྃ། བཛྲ་ཨཾ་གུ་ཤ་ཛཿ མེ་སྦར། མཆོད་པ་གསུམ་འབུལ། བསྐུལ་བ། ༀ། མཁའ་འགྲོ་སོ་གཉིས་ཐུགས་ཀ་ནས། སྙིང་པོ། གྷུ་ཧྱ། ཕར་ཚུར་ཨེ་ཨ་ར་ལི་ཧཱུྃ། རུ་ལུ༴ གྷུ་ཧྱ། རྣམས་སྤེལ་ལོ། །བསྟོད་པ་ནི། ཧཱུྃ། ནམ་མཁའི་ལུས་ཅན་གང་ཡང་ཐོགས་མེད་ཅིང་། །འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །མ་སྲིང་བྱམས་པའི་ཚུལ་དུ་གྲོགས་མཛད་མ། །མཁའ་འགྲོ་སུམ་ཅུ་གཉིས་ལ་ཕྱག་འཚལ་བསྟོད། །སྨོན་ལམ་ནི། མཁའ་འགྲོ་སུམ་ཅུ་རྩ་གཉིས་ལ་དངོས་གྲུབ་ཏུ་གསོལ་བ་ནི། བསྡུ་བ་གོང་བཞིན་ནོ། །དགུ་པ་མ་བདུན་སྲིང་མོ་བཞིའི་ཕྱག་རྒྱ་དང་། བཛྲ་དུན་ཏི་བྷྱོ་བཞི། རུ་ལུ། བཛྲ་ཨཾ་གུ་ཤ་ཛཿ མེ་སྤར། མཆོད་པ་གསུམ་འབུལ། བསྐུལ་བ། ༀ། མ་བདུན་སྲིང་བཞིའི་ཐུགས་ཀ་ནས། སྙིང་པོ། གུ་ཧྱ། ཕར། ཚུར། མ་ཧཱ་དྷརྟུ་ཧཱུྃ། བཛྲ་དུན་ཏི་བྷྱོ། རུ་ལུ་སྤེལ། བསྟོད་པ་ནི། ཧཱུྃ། འཇིག་རྟེན་དྲེག་པ་འདུལ་བ་མ་མོའི་ཚོགས། །ཕྱི་འཁོར་བསྲུང་ཞིང་ནང་སྐོར་སྐྱོང་བར་མཛད། །དུར་ཁྲོད་མ་བདུན་ལས་ཀྱི་སྲིང་མོ་བཞི། །བགེགས་བསྲུང་མ་མོ་རྣམས་ལ་ཕྱག་འཚལ་བསྟོད། །ལྔ་པ་སྨོན་ལམ་ནི། མ་བདུན་སྲིང་མོ་བཞི་ལ་དངོས་གྲུབ་ཏུ་གསོལ་བ། སོགས། བསྡུ་བ་གོང་བཞིན་ནོ། །བཅུ་པ་ལ་གིང་ཆེན་བཅོ་བརྒྱད་ཕྱག་རྒྱ་དང་། གིང་ཀ་ར་ཧ་ཧ་རུ་ལུ་རུ་ལུ་བྷྱོ། རུ་ལུ་བཛྲ་ཨཾ་གུ་ཤ་ཛཿ མེ་སྤར། མཆོད་པ་གསུམ་འབུལ། གིང་ཀ་ར་དང་རུ་ལུ་སྤེལ། བསྟོད་པ་ནི། ཧཱུྃ། ཁམས་གསུམ་སྒྲོལ་བའི་གིང་ཆེན་བཅོ་བརྒྱད་ནི། །སྲིད་གསུམ་ལས་ལ་ཐོགས་མེད་སྒྲོལ་ལ་བརྩོན། །བསྒྲལ་བའི་ཞིང་བཅུ་གཏན་ནས་བརླག་པར་བྱེད། །གིང་ཆེན་གིང་ལྕམ་ཚོགས་ལ་ཕྱག་འཚལ་བསྟོད། །སྨོན་ལམ་ནི། གིང་ཆེན་བཅོ་བརྒྱད་ལ་དངོས་གྲུབ་ཏུ་གསོལ་བ་ནི། སོགས། བསྡུ་བ་གོང་བཞིན་ནོ། །བཅུ་གཅིག་པ་ལ་སྟེང་གི་ཁྲོ་བོ་ཁྲོ་མོ་དྲུག་ཅུ་ཕྱག་རྒྱ་དང་། ཀྲོ་ཏ་ཀྲོ་ཏི་ཧཱུྃ། རུ་ལུ། བཛྲ་ཨཾ་གུ་ཤ་ཛཿ མེ་སྦར། མཆོད་པ་གསུམ་འབུལ། བསྐུལ་བ། ༀ། ཁྲོ་བོ་ཁྲོ་མོ་དྲུག་ཅུའི་ཐུགས༴ སྙིང་པོ། གྷུ་ཧྱ། ཕར། ཚུར། ཀྲོ་ཏ་ཀྲོ་ཏི་ཧཱུྃ། རུ་ལུ། གྷུ་ཧྱ། སྤེལ་ལོ། །བསྟོད་པ་ནི། ཧཱུྃ། བཅོམ་ལྡན་འདས་ཧཱུྃ་མཛད་ས་གསུམ་བརྗིད་ཀྱི་གནོན། །ཁམས་གསུམ་འདུལ་མཛད་ཡེ་ཤེས་ལྷ་ཡི་ལྷ། །འཇིགས་བྱེད་འབར་བ་གདུག་པའི་ཚོགས་རྣམས་འཇོམས། །ཁྲོ་བོ་ཁྲོ་མོ་རྣམས་ལ་ཕྱག་འཚལ་བསྟོད། །སྨོན་ལམ་ནི། ཁྲོ་བོ་ཁྲོ་མོ་དྲུག་ཅུ་ལ་དངོས་གྲུབ་ཏུ་གསོལ་བ་སོགས། བསྡུ་བ་གོང་བཞིན་ནོ། །བཅུ་གཉིས་པ་ཕྱོགས་བཞིའི་ཕོ་ན་ཉིས་བརྒྱའི་ཕྱག་རྒྱ་དང་། བྷནྡྷ་བྷནྡྷ། ཧ་ལ་ཧ་ལ། གརྫ་གརྫ། པ་ཙ་པ་ཙ། ཨཾ་གུ་ཤ་ཛཿ མེ་སྦར། མཆོད་པ་གསུམ་འབུལ། བསྐུལ་བ། ༀ། ཕོ་ཉ་ཉིས་བརྒྱ་བཞི་བཅུའི་ཐུགས། སྙིང་པོ། གྷུ་ཧྱ། ཕར། ཚུར། སྔགས་དེ་དག་རུ་ལུ་གྱུ་ཧྱ་སྤེལ་ལོ། །བསྟོད་པ། ཧཱུྃ། ཡེ་ཤེས་ཐུགས་རྗེས་ཕྱོགས་བཅུར་ཁྱབ་པ་ཡི། །གདོན་བགེགས་འདུལ་བའི་ལས་ལ་ཐོགས་མེད་པའི། །ཅི་བགྱིས་བཀའ་ཉན་ལས་རྣམས་མྱུར་མཛད་པ། །ཕྱོགས་བཞི་ཕོ་ཉའི་ཚོགས་ལ་ཕྱག་འཚལ་བསྟོད། །སྨོན་ལམ་ནི། ཕྱོགས་བཞི་ཕོ་ཉ་ཉིས་བརྒྱ་བཞི་བཅུ་ཚོགས་ལ་དངོས་གྲུབ་ཏུ་གསོལ་བ་སོགས། བསྡུ་བ་གོང་བཞིན་ནོ། །བཅུ་གསུམ་པ་འོག་གི་མ་མོ་དྲུག་ཅུ་ཕྱག་རྒྱ་དང་། མ་མ་ཤར་དང་། བཛྲ་ཨཾ་གུ་ཤ་ཛཿ མེ་སྤར། མཆོད་པ་འབུལ། བསྐུལ། ༀ། མ་མོ་དྲུག་ཅུའི་ཐུགས་ཀ་ནས། སྙིང་པོ། གྷུ་ཧྱ། ཕར། ཚུར། མ་མ་ཤ་ར་ཧཱུྃ། རུ་ལུ་རུ་ལུ། གྷུ་ཧྱ་སྤེལ་ལོ། །བསྟོད་པ་ནི། ཧཱུྃ། སྟོང་ཁམས་ཡོངས་སུ་ལས་ལ་དབང་བ་ཡི། །མ་ཆེན་རྒྱལ་མོ་སྲིད་པ་གསུམ་གྱི་བདག །ཡུམ་ཆེན་ལས་ལ་དབང་བའི་མ་མོ་ཆེ། །མ་མོ་དྲུག་ཅུའི་ཚོགས་ལ་ཕྱག་འཚལ་བསྟོད། །སྨོན་ལམ་ནི། འོག་ཕྱོགས་ཀྱི་མ་མོ་དྲུག་ཅུ་ལ་དངོས་གྲུབ་ཏུ་གསོལ་བ་སོགས། བསྡུ་བ་གོང་བཞིན་ནོ། །དེ་ནས་རིམ་པ་བཅུ་བཞི་པ་ལ། ཁྲོ་བོ་ཁྲོ་མོ་རིག་འཛིན་རྩལ་འཆང་ཕྱག་རྒྱ་དང་། ༀ་མ་ཧཱ་གྷུ་རུ་ཤྭ་རི་རཾ་གི་ལི་ཧཱུྃ། བཛྲ་ཡོ་གི་ནི་གྷུ་རུ་ས་མཱ་ཡ་ཛཿ མེ་སྦར། འོད་དང་བཅས་ཏེ་གསལ་ཤིང་གི་རྩེ་ལ་བྱོན་པར་བསམ། གཉིས་པ་མཆོད་པ་ནི། མ་ཧཱ་ས་གསུམ། ཨ་མྲྀ་ཏ་ཧཱུྃ། བྷ་ལིངྟ། རཀྟ་གཏོར་མ་འབུལ། བསྐུལ་བ། ༀ། མན་ངག་མདོ་ལུང་རྒྱུད་དང་བཅས་པའི༴ རིག་འཛིན་བླ་མ་རྣམས་ཀྱིས་ཐུགས་ཀ་ནས། །སྙིང་པོ་རུ་ལ་འབྲུ་བརྒྱད༴ གྷུ་ཧྱ་ཛྙཱ་ནའི་འོད་འཕྲོས་པ། །ཕར་འཕྲོས་པས་ནི་མཆོད་པ་འབུལ། །ཚུར་འདུས་བདག་ལ་དངོས་གྲུབ་སྩོལ། །ༀ་མ་ཧཱ་གྷུ་རུ་ཤ་རི་རཾ་ཤི་ཀི་ཏི་ལི། བཛྲ་ཡོ་ག་གུ་རུ་ས་མཱ་ཡ་ཛཿ ༀ་རུ་ལུ༴ ༀ་གྷུ་ཧྱ༴ ཞེས་བཟླས་སོ། །ཧཱུྃ། རིག་འཛིན་བླ་མའི་བྱིན་རླབས་ལྡན་པའི་ཚོགས། །ལྷུན་གྲུབ་ཕྱག་ཆེན་ཚེ་དབང་རྣམ་སྨིན་གྱི། །རྒྱ་གར་བོད་ཀྱི་གྲུབ་ཐོབ་དུ་མའི་ཚོགས། །བསྐྱེད་རྫོགས་གསུམ་གྱི་དངོས་གྲུབ་འདིར་སྩོལ་ཅིག །ལྔ་པ། སྨོན་ལམ་ནི། རིག་འཛིན་རྩལ་འཆང་གི་བླ་མ་རྣམས་ལ་དངོས་གྲུབ་ཏུ་གསོལ་བ་སོགས། དྲུག་པ་བསྡུ་བ་ནི། བཛྲ་ཨཾ་འགུ་ཤ་ཛ། ལན་གསུམ་གྱི་དང་པོ་འོད་དང་སྤྲུལ་པ། གཉིས་པ་ཡིག་འབྲུ་གསུམ་པ་སྐུ་འོད་དུ་ཞུ་ནས་བདག་ལ་ཐིམ། བདག་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གཟི་བརྗིད་དང་ལྡན་པར་བསམ་མོ། །དེ་ནས་འབྲང་རྒྱས་དྲང་སྟེ། སློབ་མ་རྣམས་ཕྱིར་ཁྲུས་བྱས། ནང་དུ་སླེབ་པ་དང་། འབྲང་རྒྱས་རེ། འཇམ་དེས་རེ། ཛ་གད་རེ་དྲངས་ཏེ་རོལ་ལོ། །དེ་ནས་དབང་བསྐུར་བར་བྱས་ཏེ། དབང་དོན་བསྡུས་པ་ལས། ཡོ་ག་ལ་སོགས་ཐེག་དྲུག་ལ། ཕྱི་དབང་རྒྱུད་ཀྱི་ཆུ་བོ་བྱ། བསྐྱེད་པ་མ་ཧཱ་ཡོ་ག་ལ། ནང་དབང་འབྱུང་བའི་ཆུ་བོ་བྱ། །རྫོགས་ཆེན་ཨ་ནུ་ཡོ་ག་ལ། །བསྒྲུབ་དབང་གྲགས་པའི་ཆུ་བོ་བྱ། །རྫོགས་ཆེན་ཨ་ཏི་ཡོ་ག་ནི། །གསང་དབང་རྫོགས་པའི་ཆུ་བོ་བྱ། །ཞེས་གསུངས་པས། ཡོ་ག་ལ་སོགས་པ་དྲུག་གི་དབང་ཚར་ནས། ད་གསང་སྔགས་ནང་གི་དབང་བསྐུར་བ་ལ། ཆོ་ག་སུམ་ཅུ་རྩ་དྲུག་སྟེ། ཀུན་འདུས་ལས། ཕྱི་དང་ནང་དང་གསང་བཅུ་དང་། །བཅུ་གཅིག་པ་དང་བཅུ་གསུམ་དང་། །རྣམ་པ་གཉིས་ཀྱི་ཁྱད་པར་གྱི། །དབང་མཆོག་སུམ་ཅུ་རྩ་དྲུག་རྫོགས། །ཞེས་གསུངས་པས། ཕྱི་དབང་བཅུ། ནང་དབང་བཅུ་གཅིག །བསྒྲུབ་དབང་བཅུ་གསུམ། ཟབ་མོའི་དབང་གཉིས་སུ་བསྟན་པ་ལ། ཕྱི་དབང་ནང་དབང་མ་ཧཱ། བསྒྲུབ་དབང་གསང་དབང་ཨ་ནུ་གཙོ་ཆེ་ཡང་། ཐུན་མོང་དུ་དབང་གང་རུང་ལ་བསྐུར་བ་ལ། སློབ་དཔོན་རྣམས་གོས་བཟང་པོ་དང་། རྒྱན་དང་། ཐོར་གཙུག་དབུ་རྒྱན་ལ་སོགས་པ་བརྗིད་བག་དང་ལྡན་པས་ཁྲི་ལ་འདུག་སྟེ། ཁ་གཡུ་ཁ་གསེར་ལ་སོགས་པ་ཐོགས་པས་རྒྱལ་པོ་ལྟ་བུར་དབང་བསྐུར་བའོ། །ཡང་ཐམས་ཅད་ཁྲུས་དང་གཙང་སྦྲ་བྱས་ཏེ་གོས་གཙང་མ་གོན། དཔལ་རྟ་མགྲིན་སྙིང་ཁར་དྲི་བཟང་པོས་ཐིག་ལེ་དང་བཅས་པ་ནི། བྲམ་ཟེ་ལྟར་དབང་བསྐུར་བའོ། །ཡང་ན་ཐམས་ཅད་ཡེ་ཤེས་ལྔའི་ངང་ལས་ཉམས་ང་བག་ཚ་དང་གཙང་སྨེའི་རྟོག་པ་མེད་པར་བརྟུལ་ཞུགས་ཆེན་པོའི་ངར་དང་ལྡན་པ་ནི། གདོལ་བ་ལྟར་དབང་བསྐུར་བ་སྟེ། དེ་དག་ཀྱང་ལྡོག་པ་ཐ་དད་དུ་སྣང་ཡང་ངོ་བོ་གཅིག་པས། དབང་སྟེགས་ལ་ཡི་དམ་ཆེ་མཆོག་གི་ང་རྒྱལ་གྱི་འདུག་པར་བྱའོ། །དེ་ནས་བླ་མས་སྤྱི་བོར་ནས་རྟའི་མགུར་གླུ་ཕྱོགས་བཅུར་མཚེར་ཞིང་བསྒྲག་པས་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་གྱི་ནམ་མཁར་བྱོན། བདག་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས་དབང་བསྐུར་བས་ནུས་པ་དང་ལྡན་པར་བྱ། བརྒྱུད་པའི་བླ་མ་རྣམས་ཀྱང་བྱོན། རྟའི་རྣ་བ་དང་། ཕུང་ཕུང་གི་རྣམ་པའི་འོད་ཀྱི་ཕུང་པོ་ཡི། དེའི་འོད་ཟེར་གྱི་སློབ་མ་རྣམས་ཀྱི་བག་ཆགས་དང་སྣོད་ངན་པའི་དྲི་མ་དག་པར་བསམ། དེ་ནས་སེམས་ཅན་འདི་དག་འཁོར་བ་ལས་བསྒྲལ་ཏེ་བླ་ན་མེད་པའི། བྱང་ཆུབ་ལ་འགོད་སྙམས་པའི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལྟར་བསྒོམ། དེ་ནས་སློབ་མ་རྣམས། ཐུགས་མ་ཡེངས་བར་གསན་མཛོད། དེའང་དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་ཆེན་དབང་གི་རྒྱལ་པོ། དེ་དགོས་འདོད་ཐམས་ཅད་ཀྱི་འབྱུང་གནས་ཡིན་ཏེ། རང་གི་ཅི་ལྟར་གསོལ་བ་བཏབ་པ་བཞིན་དུ་འདོད་པའི་དོན་འགྲུབ་པ་ལྟར། བླ་མ་འདི་ཡང་དགོས་འདོད་ཐམས་ཅད་ཀྱི་གནས་ཡིན་པས། མཆོག་ཐུན་མོང་གི་གསོལ་བ་གང་བཏབ་འགྲུབ་པས་བླ་མ་སངས་རྒྱས་བསྒོམ་ལ་མོས་གུས་གདུང་སེམས་ཀྱིས་ལ་གསོལ་བ་ཐོབ་བྱ། སློབ་མ་ཐལ་མོ་སྦྱར་ལ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ས་མཐའ་སེམས་དཔའ་ཆེན་པོ་ཡི། །ལྕི་ལྟར་མཆོད་ཅིང་ཞུགས་པ་ལྟར། །དེ་བཞིན་སྐལ་ལྡན་བདག་ཅག་ལ། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡི། །དབང་རྣམས་རིམ་པར་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ། བླ་མས། སངས་རྒྱས་དག་ནི་ཐམས་ཅད་ཀྱི། །གསང་བ་རྡོ་རྗེ་གསུམ་ལས་བྱུང་། །ཁམས་གསུམ་ཀུན་གྱི་ཕྱག་བྱས་པས། །དབང་བསྐུར་གནང་བ་ཆེན་པོ་སྦྱིན། །ཞེས་བྱ། དེ་ནས་དབྱངས་དང་བཅས་པས། ཧཱུྃ། འདུས་པ་ཆེན་པོའི་དཀྱིལ་འཁོར་དུ། །སློབ་བུ་རྣམས་ལ་དབང་བསྐུར་བས། །སེམས་ཅན་དོན་ལ་བདག་བརྩོན་ན། །བཟོད་པར་མཛད་དེ་དགོངས་སུ་གསོལ། །ༀ་བཛྲ་ས་མཱ་ཡ་ཧཱུྃ་ཛཿ ཞེས་ལན་གསུམ་བརྗོད་པས། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་མདུན་གྱི་ནམ་མཁའ་བྱོན་ནས་དབང་བསྐུར་གཅིག་པར་སྩལ་བར་བསམ་ལ། རྒྱལ་བ་སངས་རྒྱས་ཐམས་ཅད་ཀུན། །འདུས་པ་ཆེན་པོའི་དཀྱིལ་འཁོར་དུ། །དང་བའི་ཡིད་ཀྱི་བཞུགས་ནས་ཀྱང་། །བྱིན་རླབས་དབང་མཆོག་ནོད་པར་མཛོད། །ཅེས་བརྗོད་ལ་དག་བཞི་ཡོངས་སུ་རྫོགས་པར་བསྐུར་རོ། །ཐོག་མར་ཕྱི་ཕན་པའི་དབང་བཅུ་ལས། དང་པོ་ཞི་བའི་ཕྱག་རྒྱའི་དབང་། གཉིས་པ་ཕྱག་མཚན། གསུམ་པ་རིག་མ། བཞི་པ་བུམ་པ། ལྔ་པ་བཀྲ་ཤིས་རྫས་བརྒྱད། དྲུག་པ་རིན་ཆེན་སྣ་བདུན། བདུན་པ་གདན་ཁྲི་བརྒྱད་པ་རྒྱན་རྟགས། དགུ་པ་མིང་། བཅུ་པ་འཁོར་ལོ། དེ་ལ་དང་པོ་ཞི་བའི་ཕྱག་རྒྱའི་དབང་སྔར་ཡོ་ག་ལྟར་སྤྲོས་ན་འདིར་ལེན། འདིར་ཡང་། ཧཱུྃ། རྒྱལ་པོའི་ཕྱག་རྒྱ་མཆོག་གི་རྒྱ། །ཕྱག་རྒྱའི་རྩ་མཆོག་མི་འདུས་པ། །ཡེ་ཤེས་ལྔ་དང་རིགས་ལྔའི་དབང་། །ཡི་དམ་ཕྱག་རྒྱ་རྫོགས་པར་ཤོག །བདེན་པ་ཕྱག་རྒྱ་ལྔ་ཡི་དབང་། །བསྐུར་བས་རིགས་ལྔ་ཡེ་ཤེས་ལྔ། །སྐལ་ལྡན་རིགས་ཀྱི་བུ་རྣམས་ཀྱིས། །དབང་མཆོག་དམ་པ་ཐོབ་པར་འགྱུར། །ༀ་ཧཱུྃ་ཏྲྃ་ཧྲཱིཿཨཱཿ ཨ་བྷི་ཥིཉྩ་ཧཱུྃ། ཞེས་བསྐུར་རོ། །དབང་རིན་ཆེན་ཕྲེང་བ་ལས། གཉིས་པ་ཕྱག་མཚན་གྱི་དབང་རྫས་རྡོ་རྗེ་སོགས་རིམ་པ་བཞིའི་ཐོགས་ཏེ་འདི་སྐད་དུ། ཧཱུྃ། མེ་ལོང་ལྟ་བུའི་ཡེ་ཤེས་རང་བཞིན་རྙེད། །འཇོམས་བྱེད་རྡོ་རྗེ་རང་སྣང་སྟེ། །རྡོ་རྗེ་སེམས་དཔའ་དམ་ཚིག་ཆེ། །མི་ཕྱེད་རྡོ་རྗེའི་དབང་ཐོབ་ཤོག །སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ་རྡོ་རྗེའི་རིགས། །རྡོ་རྗེ་སེམས་དཔའི་ཕྱག་མཚན་གྱི་དབང་བསྐུར་བས། མེ་ལོང་ལྟ་བུའི་ཡེ་ཤེས་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་མ་ཧཱ་ཤུ་ད་རི་ཤ་ཉ། ཨ་བྷི་ཥིཉྩ་ཧཱུྃ། འཁོར་ལོ་ཐོགས་ཏེ། སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་འཁོར་ལོ་རིན་ཆེན་རང་སྣང་བ། རྣམ་པར་སྣང་མཛད་བདག་ཉིད་ཆེ། །ཆོས་ཀྱི་འཁོར་ལོའི་དབང་ཐོབ་ཤོག །སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། དེ་བཞིན་གཤེགས་པའི་རིགས་རྣམ་པར་སྣང་མཛད་ཀྱི་ཕྱག་མཚན་འཁོར་ལོས་དབང་བསྐུར་བས། སྟོང་ཉིད་ཀྱི་ཡེ་ཤེས་རྣམ་པར་སྣང་མཛད་ཀྱི་སྐུ་གསུང་ཐུགས་ཀྱི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་མ་ཧཱ་ཤུ་ནྱ་ཏ། ཨ་བྷི་ཥིཉྩ་ཧཱུྃ། རིན་པོ་ཆེ་ཐོགས་ཏེ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཉིད། །ཡིད་བཞིན་ནོར་བུ་རང་སྣང་བས། །རིན་ཆེན་འབྱུང་ལྡན་བདག་ཉིད་དེ། །དགོས་འདོད་འབྱུང་བའི་དབང་ཐོབ་ཤོག །རིན་པོ་ཆེའི་རིགས་རིན་ཆེན་འབྱུང་ལྡན་གྱི་ཕྱག་མཚན་རིན་པོ་ཆེས་དབང་བསྐུར་བས། མཉམ་པ་ཉིད་ཀྱི་ཡེ་ཤེས་རིན་ཆེན་འབྱུང་ལྡན་གྱི་སྐུ་གསུང་ཐུགས་ཀྱི་དབང་དམ་པ༴ ༀ་མ་ཧཱ་ས་མནྟ་ཛྙཱ་ན༴ ཨ་བྷི༴ པདྨ་ཐོགས་ཏེ། སོ་སོར་རྟོག་པའི་ཡེ་ཤེས་ཉིད། །བག་ཆགས་མེད་པར་རང་སྣང་བས། །སྣང་བ་མཐའ་ཡས་བདག་ཉིད་དེ། །སྤྱོད་བཞི་མ་ཆགས་དབང་ཐོབ་ཤོག །པདྨའི་རིགས་སྣང་བ་མཐའ་ཡས་ཀྱི་ཕྱག་མཚན་པདྨས་དབང་བསྐུར་བས། སོ་སོར་རྟོགས་པའི་ཡེ་ཤེས་སྣང་བ་མཐའ་ཡས་ཀྱི་སྐུ་གསུང་ཐུགས་ཀྱི་དབང་དམ་པ༴ ༀ་མ་ཧཱ་པྲ་ཏ་ཝ་ཤ །ཨ་བྷི༴ རལ་གྲི་ཐོགས་ཏེ། བྱ་བ་གྲུབ་པའི་ཡེ་ཤེས་ཉིད། །རལ་གྲིའི་དངོས་པོར་རང་སྣང་བས། །དོན་ཡོད་གྲུབ་པའི་ངོ་བོ་སྟེ། །སྒྲིབ་པ་གཅོད་པའི་དབང་ཐོབ་ཤོག །ལས་ཀྱི་རིགས་དོན་ཡོད་གྲུབ་པའི་ཕྱག་མཚན་རལ་གྲིས་དབང་བསྐུར་བས། ཕྲིན་ལས་ཡེ་ཤེས་དོན་ཡོད་གྲུབ་པའི་སྐུ་གསུང་ཐུགས་ཀྱི་དབང་དམ་པ༴ ༀ་མ་ཧཱ་ཀྲི་ཏྱ་ཨ་ནུ་སྟ་ཛྙཱ་ན། ཨ་བྷི༴ གསུམ་པ་རིགས་མ་ཐོགས་ཏེ། ཤེས་རབ་གཟུངས་ཀྱི་དབང་མཆོག་ནི། །རྟོགས་དང་ལྡན་པར་གྱུར་བ་ཡི། །མཐའ་གཉིས་དོན་དུ་མི་གཏོང་བའི། །རྒྱལ་ཡུམ་ཤེས་རབ་ཕ་རོལ་ཕྱིན། །གཟུངས་ཀྱི་དབང་མཆོག་ཁྱོད་ལ་སྦྱིན། །དོན་དམ་རང་བཞིན་སྤྲོས་དང་བྲལ། །དྲི་མེད་རྣམ་དག་བྱང་ཆུབ་སེམས། །ཅིས་ཀྱང་གསོ་མེད་རིགས་པའི་དབང་། །སྐལ་ལྡན་རྣལ་འབྱོར་ཁྱོད་ལ་སྦྱིན། །གཉིས་མེད་ཡོངས་སུ་རྫོགས་པས་ན། །ཐམས་ཅད་བདེ་བ་ཆེན་པོའི་དབང་། །བྱང་ཆུབ་སེམས་དང་དོན་དུ་འབྲེལ། །ཤེས་རབ་ཆེན་པོའི་རྫོགས་དབང་སྦྱིན། །ༀ་མ་ཧཱ་མུ་ཏྲ་ཨ་བྷི༴ དྲིལ་བུའམ་རིགས་མའི་གཟུགས་གཏད། བཞི་པ་བུམ་པ་ཐོགས་ཏེ། བཀྲ་ཤིས་ཆེན་པོའི་བུམ་དབང་འདི། །བདེ་གཤེགས་བཞུགས་པའི་ཕོ་བྲང་སྟེ། །དཀྱིལ་འཁོར་རྫོགས་པར་གྱུར་པ་ཡི། །དབང་མཆོག་དེ་ཡི་སྦྱིན་པར་བྱ། །ༀ་བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ། ༀ་བྷུདྡྷ་ཀ༴ ༀ། ༀ་རཏྣ་ཀ༴ ཏྲཾ། ༀ་པདྨ་ཀ༴ ཧྲཱིཿ ༀ་པདྨ་ཀ༴ ༀ་ཀརྨ་ཀ་ཡ་ཨ་བྷི་ཥིཉྩ་ཨཱཿ བུམ་པའི་དབང་བསྐུར་བས། ནང་གི་སྒྲིབ་པ་མ་ལུས་པ་དག་ནས། དཀྱིལ་འཁོར་ཡོངས་སུ་རྫོགས་པར་གྱུར་ཅིག །བཀྲ་ཤིས། སྤྲོས་མེད་སྤྲོས་བྲལ་ཆོས་ཀྱི་དབྱིངས། །བུམ་པ་ཟླུམ་པོ་ཆོས་ཀྱི་གཏེར། །ཕན་བྱེད་སྨིན་པའི་མཆོག་ཡིན་ཏེ། །འགྲོ་བའི་ནད་སེལ་བཀྲ་ཤིས་ཤོག །ལྔ་པ་བཀྲ་ཤིས་རྫས་བརྒྱད་ལས། དང་པོ་དུར་ཝ་ཐོགས་ཏེ། གསང་བའི་བསྟན་པ་རྒྱས་ནས་ནི། །ཡུན་རིང་གནས་པར་གྱུར་པ་ཡི། །བཀྲ་ཤིས་རྫས་ཀྱི་དབང་མཆོག་ཀྱང་། །གནང་བ་ཆེན་པོ་སྦྱིན་པར་བྱ། །ཏིང་འཛིན་དུར་ཝས་བསོད་ནམས་ཀུན་ཏུ་འཕེལ། །ཇི་ལྟར་དྲང་སྲོང་ཆེན་པོ་ཨ་ཏ་ཀས། །བྱིན་གྱིས་བརླབས་པའི་རྩ་མཆོག་དུར་ཝ་འདི། །རེག་པས་ནད་རྣམས་ཐམས་ཅད་བསལ་གྱུར་ཏེ། །ནད་ཀྱི་གདུང་བ་ཀུན་ལས་ཐར་བར་ཤོག །དུར་ཝས་དགེ་བའི་རྩ་བ་འགག་མེད་པའི། །དབང་ཐོབ་ནས་ནི་ཀུན་ཏུ་བཀྲ་ཤིས་ཤོག །དུར་ཝས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའ་ཚེ་ནི་རབ་གྲུབ་ནས། །ཉོན་མོངས་སྐྱེ་ཤིའི་སྡུག་བསྔལ་རྒྱུན་བཅད་དེ། །བཀྲ་ཤིས་དེས་ཀྱང་ཚེ་ནི་རྟེན་གྱུར་ཅིག །ལི་ཁྲི་ཐོགས་ཏེ། གསང་སྔགས་ལས་མཐའ་ཆགས་ཤིང་རལ་གྲི་འཛིན། །རྡོ་རྗེ་དང་ནི་རིན་ཆེན་ཆུ་སྐྱེས་དང་། །དེ་བཞིན་ལས་ཀྱི་རིགས་ཀྱི་དབང་བསྐུར་བས། །ཁ་དོག་བཟང་པོ་མདོག་མཛེས་ལི་ཁྲི་འདིས། །ལྷ་མའི་འདོད་དོན་དབང་དུ་འདུལ་བར་ཤོག །ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ལུས་དབང་དུ་གྱུར་པ་སྟེ། །ཆོས་ཀྱིས་རྒྱལ་སྲིད་རབ་ཏུ་རྟེན་གྱུར་པ། །ལི་ཁྲིའི་བཀྲ་ཤིས་མཆོག་ཏུ་བརྟན་གྱུར་ཅིག །མེ་ལོང་ཐོགས་ཏེ། ཡང་དག་ལྟ་བ་བདེན་གཉིས་མེ་ལོང་སྟོན། །དེ་གྲུབ་དེར་ཐོབ་དམ་ལ་འདའ་མི་མཛད། །ཆོས་རྣམས་ཐམས་ཅད་སྒྱུ་མ་ལྟ་བུ་སྟེ། །རང་བཞིན་དག་པ་སྒྱུ་མ་ལྟར་ཤེས་ནས། །གཏི་མུག་མུན་སེལ་བག་ཆགས་བསྲེག་སྦྱངས་ཏེ། །མེ་ལོང་ལྟ་བུའི་ཡེ་ཤེས་ཐོབ་པར་ཤོག །མེ་ལོང་ཡེ་ཤེས་ཆེན་པོའི་གཟུགས་བརྙན་ཏེ། །ཡེ་ཤེས་རྒྱལ་པོའི་བདུད་རྩི་མཆོག་བརྙེས་ནས། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པ། །བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག །དུང་ཐོག་སྟེ། ཡང་དག་ངག་གི་སྒྲ་སྐད་ཚངས་པ་ཡི། །ཅི་ལྟར་མ་ར་ཡ་ནར་ལྷ་ཆེན་གྱི། །དུང་སྒྲ་སྒྲོགས་ནས་རིམས་ནད་བསལ་བ་ལྟར། །དམ་ཆོས་བདུད་རྩི་དུང་གི་སྒྲ་གྲགས་པས། །ནད་ཀྱི་གདུང་བ་ཀུན་ལས་རྒྱལ་བར་ཤོག །དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོགས་པའི་ཚུལ། །ཡོན་ཏན་རྒྱ་མཚོ་མཆོག་ཏུ་བདག་གྱུར་ནས། །རྣམ་དག་ཆོས་ལ་ཐོག་མེད་ལོངས་སྤྱོད་པ། །བཀྲ་ཤིས་དེས་ནི་ཚེ་ལ་ལོངས་སྤྱོད་ཤོག །གྷི་ཝང་ཐོགས་ཏེ། ཤེས་བཅུ་སྲོག་གི་དབང་པོ་ཐོབ་ནས་ནི། །ཡང་དག་དྲན་པ་གྷི་ཝང་ནད་གསོ་མཛད། །ཇི་ལྟར་གྷི་ཝང་ཁྱུ་མཆོག་དབང་པོ་ཡི། །སྲོག་གི་དབང་པོ་གཉེན་དུ་གྱུར་ནས་ནི། །རྣམ་པར་དཀར་བའི་དམ་ཆོས་འཛིན་པ་ལྟར། །ཤེས་བཅུ་སྲོག་གི་དབང་པོ་ཐོབ་པར་ཤོག །གྷི་ཝང་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོག་གྱུར་ཏེ། །ཉོན་མོངས་ཟུག་རྔུ་མེད་པའི་དོན་རྟོགས་ནས། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་མེད་པར་ཤོག །བིལ་པ་ཐོགས་ཏེ། ཡང་དག་དོན་དམ་རྟོགས་པ་བིལ་བའི་དབང་། །དེ་ཐོབ་དེ་གྲུབ་དེ་ལས་མི་འདས་མཛད། །ཇི་ལྟར་རྒྱུ་དང་ས་བོན་ཟུག་རྔུ་ལས། །འབྲས་བུ་ཆེར་སྨིན་ཤེས་མཆོག་བིལ་བ་ལྟར། །དེ་བཞིན་དགེ་བའི་རྒྱུ་མཆོག་ཆུང་ངུ་ལས། །འབྲས་བུ་རྒྱ་ཆེ་དཔག་མེད་ཐོབ་པར་ཤོག །བིལ་ཝ་རྒྱུ་རྐྱེན་འབྲས་བུ་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཡི། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེས་ནི་འཇིག་རྟེན་འགྲུབ་པར་ཤོག །ཞོ་ཐོགས་ཏེ། ཡང་དག་འཚོ་བ་རྣམས་ནི་འདོད་ཞོ་ཡི། །ལྷ་དབང་བརྒྱ་བྱིན་བདག་ཉིད་ཆེན་པོ་ཡི། །བྱིན་གྱིས་བརླབས་ཤིང་གྲུབ་པའི་རྫས་མཆོག་གི། །ནད་རྣམས་མ་ལུས་འཇོམས་པའི་བདུད་རྩི་སྟེ། །རྣམ་པར་རྒྱལ་བའི་རོ་མཆོག་ཆེན་པོ་འདིས། །བསམ་གཏན་ཏིང་འཛིན་བཅུད་དང་ལྡན་པར་ཤོག །ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་བྱང་ཆུབ་སེམས་རྟོགས་ནས། །ཡོན་ཏན་ཀུན་གྱི་སྙིང་པོར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་ནད་རྣམས༴ ཉུངས་ཀར་ཐོགས་ལ། ཡང་དག་རྩོལ་བས་ཉུངས་ཀར་བདུད་བཞི་འཇོམས། །བདེ་བར་གཤེགས་པས་བྱིན་གྱིས་བརླབས་པ་ཡི། །བགེགས་རྣམས་འཇོམས་པ་གྲུབ་པའི་རྒྱལ་པོ་འདི། །བར་དུ་གཅོད་པའི་བགེགས་ཀྱི་ཚོགས་བཅོམ་ནས། །དེང་འདིར་བཀྲ་ཤིས་མཆོག་ཉིད་ཐོབ་པར་ཤོག །ཉུངས་ཀར་རྡོ་རྗེའི་རིགས་ཏེ་བགེགས་རྣམས་འཇོམས། །ཡོན་ཏན་མཐུ་སྟོབས་ཆེན་པོར་གྱུར་པ་ཡི། །བདུད་བཞི་བར་དུ་གཅོད་པ་ཀུན་བཅོམ་ནས། །མི་མཐུན་ཕྱོགས་ལས་རབ་ཏུ་རྒྱལ་བར་ཤོག །དྲུག་པ་རྒྱལ་སྲིད་སྣ་བདུན་ལས། དང་པོ་འཁོར་ལོ་ཐོགས་ཏེ། དམ་ཆོས་རྣམ་པར་འབྱེད་པའི་འཁོར་ལོ་འདི། །དེ་ཐོབ་དེ་གྲུབ་དེ་ལས་མི་འདའ་མཛད། །འཁོར་ལོ་རིན་ཆེན་རྟེན་པ་ནི། །ས་བཅུ་དག་ལ་དབང་བསྐུར་ཞིང་། །ཐེག་པ་རྣམ་གསུམ་རྟོགས་པ་དང་། །ཆོས་ཀྱིས་རྒྱལ་པོ་ཆེར་སྟོན་ཤོག །འཁོར་ལོའི་དབང་བསྐུར་བས། ཐེག་པ་རྣམ་གསུམ་རྟོགས་ནས། ས་བཅུ་དག་ལ་དབང་བསྒྱུར་བའི་ཆོས་ཀྱི་རྒྱལ་པོའི་དབང་དམ་པ༴ གླང་པོ་ཐོགས་ཏེ། ཏིང་འཛིན་མི་འགྱུར་སྟོབས་ཀྱི་གླང་པོ་ཆེ། །དེ་ཐོབ་དེ་གྲུབ་དེ་ལས་མི་འདའ་མཛད། །གླང་པོ་རིན་ཆེན་རྟེན་པ་ཡིན། །ས་བཅུ་དག་ལ་དབང་བསྒྲུབ་ཅིང་། །ཐེག་པ་རྣམ་གསུམ་རྟོགས་པ་དང་། །བྱང་ཆུབ་སྙིང་པོར་གནས་པར་ཤོག །གླང་པོའི་དབང་བསྐུར་བས། ཐེག་པ་རྣམ་གསུམ་རྟོགས་ནས། སྟོབས་བཅུ་ལ་དབང་བསྒྱུར་ཞིང་། དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག །རྟ་མཆོག་ཐོགས་ཏེ། རྫུ་འཕྲུལ་མྱུར་མགྱོགས་ཤུགས་འཆང་རྫུ་འཕྲུལ་རྟ། །དེ་ཐོབ་དེ་གྲུབ་དེ་ལས་མི་འདའ་མཛད། །རྟ་མཆོག་རིན་ཆེན་རྟེན་པ་ཡི། །རྫུ་འཕྲུལ་རྐང་བཞིའི་དབང་ཐོབ་ནས། །འཁོར་བའི་རྒྱ་མཚོ་སྒྲོལ་བ་དང་། །ཐར་པའི་འབྲས་བུ་ཐོབ་པར་ཤོག །རྟ་མཆོག་གི་དབང་བསྐུར་ནས། རྫུ་འཕྲུལ་རྐང་པ་བཞི་ཡིས་འཁོར་བའི་སེམས་ཅན་ཐམས་ཅད་ཐར་བ་ལ་སྒྲོལ་བའི་དབང་༴ དམག་དཔོན་ཐོགས། དྲན་པ་རང་གི་ཕྱག་མཚན་གཞན་འཇོམས་དམག །དེ་ཐོབ་དེ་གྲུབ་དེ་ལས་མི་འདའ་མཛད། །དམག་དཔོན་རིན་ཆེན་རྟེན་པ་ཡི། །མི་འཇིགས་བཞི་ཡི་དབང་ཐོབ་ནས། །ཕས་ཀྱི་རྒོལ་བ་ཚར་གཅོད་དེ། །གོ་ཆ་ཆེན་པོ་བགོ་བར་ཤོག །དམག་མིའི་དབང་བསྐུར་བས། མི་འཇིགས་པ་བཞིས་རྒོལ་བ་ཐམས་ཅད་ཚར་བཅད་ནས། གོ་ཆ་ཆེན་པོ་བགོས་པའི་དབང་དམ་པ༴ བཙུན་མོ། ལུས་སེམས་ཤིན་ཏུ་སྦྱངས་པ་བཙུན་མོ་སྟེ། །དེ་ཐོབ་དེ་གྲུབ་དེ་ལས་མི་འདའ་མཛད། །བཙུན་མོ་རིན་ཆེན་རྟེན་པ་ཡི། །ཤེས་རབ་དབྱིངས་ཀྱིས་མཆོག་ཐོབ་ནས། །སྐྱེ་འགག་མེད་པའི་དོན་རྟོགས་ཏེ། །བྱང་ཆུབ་སྙིང་པོར་གནས་པར་ཤོག །བཙུན་མོའི་དབང་བསྐུར་བས། ཤེས་རབ་ཀྱི་དབྱིངས་ཀྱི་འགག་པ་མེད་པའི་དོན་རྟོགས་ཤིང་། དབང་དམ་པ༴ བློན་པོ་ཐོགས། གདུལ་དཀའ་འདུལ་མཁས་ཁྱིམ་བདག་དགའ་བ་ཡི། །དེ་ཐོབ་དེ་གྲུབ་དེ་ལ་མི་འདའ་མཛད། །བློན་པོ་རིན་ཆེན་རྟེན་པ་ཡི། །སུམ་ཅུ་རྩ་གསུམ་དབང་ཕྱུག་རྗེ། །རྫུ་འཕྲུལ་ཆེན་པོ་བརྒྱ་སྦྱིན་ལྟར། །ལྷ་ཡི་རྒྱལ་པོ་ཆེར་སྟོན་ཤོག །བློན་པོའི་དབང་བསྐུར་བས། རྫུ་འཕྲུལ་ཆེན་པོ་ལྷ་ཡི་རྒྱལ་པོའི་དབང་དམ་པ་ཐོབ༴ ནོར་བུ་ཐོགས་ཏེ། བཏང་སྙོམས་ཡང་དག་དོན་མཛད་རིན་ཆེན་ཡིན། །དེ་ཐོབ་དེ་གྲུབ་དེ་ལས་མི་འདའ་མཛད། །འཇིག་རྟེན་དབང་ཕྱུག་དེ་བཞིན་གཤེགས། །དཔེ་བྱད་མཚན་གྱི་བརྒྱན་པ་སྟེང་། །གསེར་གྱི་ཁ་དོག་ཐོབ་པར་ཤོག །ནོར་བུའི་དབང་བསྐུར་བས། མཚན་དཔེ་བྱད་དང་ལྡན་ཞིང་། གསེར་གྱི་ཁ་དོག་སྐུའི་སྐུ་ཐོབ་པར་གྱུར་ཅིག །རྒྱལ་སྲིད་སྣ་བདུན་གྱི་དབང་བསྐུར་བས། འཕགས་པའི་ནོར་བདུན་གྱི་འགྲོ་བའི་འཕོང་པ་རྒྱུན་གཅོད། མི་གནས་པའི་ཡེ་ཤེས་ལ་སྤྱོད་པའི༴ བདུན་པ་གདན་ཁྲི་ལྔ་ལས། དང་པོ་སེང་ཁྲི་ཐོགས་ཏེ། ཉོན་མོངས་རང་རིག་རྟོགས་པས་ཡེ་ཤེས་ལ། །ཞེས་ཀྱང་མ་གོས་ཐམས་ཅད་འཇོམས། །སོ་སོའི་གཟུགས་ཀྱིས་དབང་བསྐུར་བས། །མི་འཇིགས་པ་ཡི་དབང་ཐོབ་ཤོག །གཉིས་པ་གླང་ཁྲི། སེམས་ཉིད་རྟོགས་པའི་རིགས་པ་ཡི། །མཚན་མ་ཐམས་ཅད་ཟིལ་གྱི་གནོན། །གླང་ཆེན་ཐེག་པའི་དབང་བསྐུར་བས། །སངས་རྒྱས་སྟོབས་བཅུའི་དབང་ཐོབ་ཤོག །གསུམ་པ་རྟ་ཁྲི། ཐམས་ཅད་སེམས་སུ་རྟོགས་གྱུར་ནས། །གར་མ་བསྒྲོད་པར་ཀུན་ཏུ་ཕྱིན། །མྱུར་མགྱོགས་རྟའི་དབང་བསྐུར་བས། །རྫུ་འཕྲུལ་རྐང་པའི་དབང་ཐོབ་ཤོག །བཞི་པ་རྨ་བྱའི་ཁྲི། ཉོན་མོངས་སེམས་སུ་གང་ཤེས་པ། །སྤྱོད་བཞིན་མི་གོས་དབང་དུ་བྱེད། །མཛེས་བྱེད་རྨ་བྱའི་དབང་བསྐུར་བས། །རྒྱལ་བའི་དབང་བཅུ་ཐོབ་པར་ཤོག །ལྔ་པ་མཁའ་ལྡིང་གི་ཁྲི། ཤེས་བྱ་གང་དང་གང་རྟོགས་པ། །ལྟས་པ་མེད་པར་ཐམས་ཅད་གསལ། །མཁའ་ལྡིང་ཤང་ཤང་དབང་བསྐུར་བས། །ཤེས་བྱ་ཐོགས་མེད་དབང་ཐོབ་ཤོག །སེམས་ཅན་ཆེན་པོ་ལྔའི་དབང་བསྐུར་བས། ཡོན་ཏན་ལྔ་ལྷུན་གྱིས་གྲུབ་པའི་དབང་ཐོབ་པར་ཤོག་ཅིག །དེ་ནས་རིན་པོ་ཆེ་ཁྲི་སྟེ། སེམས་ཉིད་དགོས་འདོད་ལྷུན་གྱིས་གྲུབ་པ་ཡི། །རྟོག་པས་མ་བཙལ་རང་ལ་སྣང་། །རིན་ཆེན་ཁྲི་ཡི་དབང་བསྐུར་བས། །ཡོན་ཏན་རྟེན་པའི་དབང་ཐོབ་ཤོག །རིན་ཆེན་པདྨ་སེང་གེའི་ཁྲི། །བླ་མར་གྱུར་པའི་བདག་མཆོག་སྟེ། །ཁྱད་པར་ཆེན་པོ་གྱུར་པའི་དབང་། །ཁྲི་ཆེན་དག་ལ་བཞུགས་པར་བྱའོ། །རིན་པོ་ཆེའི་དབང་བསྐུར་བས། འགྲོ་བ་ལྷ་དང་བཅས་པའི་བླ་མར་གྱུར་ཅིག །བརྒྱད་པ་རྒྱན་ཆའི་རྟགས་ལས། དང་པོ་ཅོད་པཎ་ཐོགས་ཏེ། དར་གྱི་ཅོད་པན་ཕྲེང་ལ་སོགས། །དབང་མཆོག་བརྗིད་པའི་རྒྱན་གྱི་ལྷུབ། །འགུལ་རྒྱན་དོ་ཤལ་སེ་མོ་དོ། །དཔུང་རྒྱན་ལག་གདུབ་རྐང་གདུབ་རྣམས། །དབང་མཆོག་རྒྱལ་པོ་དེ་ལ་སྦྱིན། །ཆོས་ཉིད་ཅིར་ཡང་སྣང་བ་ལོངས་སྤྱོད་རྒྱན། །རིགས་ལྔའི་རིན་ཆེན་དབུ་རྒྱན་འདི་བཅིང་པས། །ཡེ་ཤེས་ལྔ་དང་རིགས་ལྔ་དབྱེར་མེད་པ། །རིགས་ལྔའི་དབུ་རྒྱན་དབང་མཆོག་ཐོབ་པར་ཤོག །རྡོ་རྗེ་ཐོགས། ཞེ་སྡང་ཆེན་པོ་རང་གི་སེམས། །གཟུངས་དང་ཏིང་འཛིན་རྒྱུ་འབྲས་ཆོས། །བྱང་ཆུབ་ཕྱོགས་རྣམས་རྟོགས་པའི་རྒྱན། །མཚན་དང་དཔེ་བྱད་ལ་སོགས་པའི། །འབྲས་བུའི་ཆོས་ལ་དབང་ཐོབ་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་གྷུ་ཧྱ། བྷུདྡྷ། བཛྲ། རཏྣ། པདྨ། ཀརྨ། སཏྭ་སྭ་བྷཱ་ཝ་ཨདྨ་ཀོ྅་ཧྃ། དགུ་པ་མིང་ནི་རྡོ་རྗེ་ཐོགས་ཏེ། དབང་ཐོབ་མཛེས་པ་བརྗིད་པའི་རྒྱལ་པོ་སྟེ། །དབང་ཕྱུག་ཡིན་པས་དེ་ལ་ཀུན་ཕྱག་འཚལ། །རྡོ་རྗེ་དབང་ཕྱུག་ཞེས་པ་མཚན་ནས་ནི། །ཀུན་གྱི་སྒྲ་ཆེན་འབོད་ཅིང་བསྒྲག་པར་བྱ། །སྟོན་པའི་ཐུགས་རྗེ་ངེས་པར་མིང་བཏགས་པའི། །ཐུགས་རྗེས་ངང་ནས་ངེས་པའི་སྲས་སུ་མཛད། །རྡོ་རྗེ་མིང་གི་དབང་བསྐུར་བས། །རྒྱལ་བའི་ཞིང་ཁམས་ཐམས་ཅད་དུ། །དབང་ཕྱུག་གྲུབ་པའི་སྙན་པས་ཁྱབ་པར་ཤོག །བཅུ་པ་ནི་འཁོར་ལོ་ཐོགས་ཏེ། གསེར་གྱི་འཁོར་ལོ་རྩིབས་སྟོང་ལྡན་པ་ཞིག །སྐལ་ལྡན་རིགས་ཀྱི་བུ་ལ་སྦྱིན་བྱས་པས། །བཞི་ནི་ཀུན་ལ་ཁ་ལོ་བསྒྱུར་བ་ཡི། །དབང་མཆོག་རྒྱལ་པོ་འདི་ནི་ཐོབ་པར་ཤོག །ཡོངས་ལ་དབང་བསྒྱུར་དབང་གི་མཆོག །གང་ལའང་མ་ཆགས་འདོད་དགུར་བསྒྱུར། །གཉིས་སུ་མེད་པའི་ཕོ་བྲང་དུ། །སྤང་ལེན་མེད་པར་དབང་བསྐུར་རོ། །འཁོར་ལོ། འོག་ཏུ་གསེར་གྱི་འཁོར་ལོ་དག །བརྗིད་པའི་དོན་དུ་འབྲས་བུ་བཀོད་ནས་ནི། །གཞན་དོན་འདི་ལ་ཕྱིན་པའི་ཕྱིར། །རྒྱལ་བའི་འཁོར་ལོ་བསྐོར་བར་མཛད། །འཁོར་ལོའི་དབང་བསྐུར་བས། འཁོར་ལོ་བསྒྱུར་བའི་རྒྱལ་ཐབས་ཀྱི་འཇིག་རྟེན་གྱི་ཁ་ལོ་གྱེན་དུ་བསྒྱུར་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །བཛྲ་ཙཀྲ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་པས་དབང་བསྐུར་ཏེ། དེ་ཡན་ཆད་ཀྱི་ཕྱི་དབང་བཅུ་ཚར་བའོ། །དེ་ནས་ནང་དབང་བཅུ་གཅིག་ལས། དང་པོ་གསང་སྔགས་གསང་བའི་ཉན་པའི་དབང་། གཉིས་པ་ལས་བཞི། གསུམ་པ་འཆད་བའི། བཞི་པ་རྡོ་རྗེ་རྒྱལ་པོའི། ལྔ་པ་གདན་ཁྲིའི། དྲུག་པ་ཁྱད་པར་གྱི་རིན་ཆེན་བདུན། བདུན་པ་ཁྲོ་བོའི་ཕྱག་རྒྱ་ཆེན་པོ། བརྒྱད་པ་སྐུ་གསུང་ཐུགས། དགུ་པ་མིང་། བཅུ་པ་བཀྲ་ཤིས་རྟགས་ཀྱི། བཅུ་གཅིག་པ་ཐིག་ལེ་མིང་གི་དབང་ངོ་། །དེ་ལ་དང་པོ་པོ་ཏི་ཐོགས་ཏེ། གསང་བའི་སྒོ་རུ་འདི་ཞུགས་ནས། །གླེགས་བམ་ལག་ཏུ་གཏད་པ་ཡིན། །དམ་ཆོས་མཛོད་ཆེན་ཐེག་པ་གསུམ། །མ་ལུས་ཉན་པའི་དབང་ཐོབ་ཤོག །གསང་བ་གསང་ཆེན་གསང་བ་རྣམས། །སྟོན་པས་ངེས་པར་གསུང་པའི་དོན། །ཉན་ཅིང་ཡིད་ལ་འཛིན་པ་ཡི། །མ་འདྲེས་འཛིན་པའི་དབང་ཐོབ་ཤོག །ཆོས་ཐམས་ཅད་ཉན་པའི་དབང་བསྐུར་བས། གསང་བས་བཀའ་མཐའ་དག་ཉན་པའི་དབང་ཐོབ་པར་གྱུར་ཅིག །སློབ་མའི་ལྕེ་ལ་སྣང་བ་མཐའ་ཡས་བསྐྱེད། ༀ་སརྦ་ཏ་ཐཱ་ག་ཏ་དྷརྨ་སིདྡྷི་ཧཱུྃ། གཉིས་པ་ལས་ཀྱི་དབང་ལས། སྣ་ཚོགས་རྡོ་རྗེ་ཐུགས་ཏེ། ཞི་རྒྱས་དབང་དང་དྲག་པོ་ཡི། །རིགས་སུ་གྱུར་པ་མ་ལུས་པ། །དགོས་པ་ཐམས་ཅད་བྱེད་པར་འགྱུར། །ལས་རྣམས་རྒྱ་མཚོ་ཐམས་ཅད་ཀུན། །གྲུབ་རྟགས་རྡོ་རྗེ་རྒྱ་གྲམ་རྫས། །ཐབས་མཆོག་དབང་ནི་སྦྱིན་པར་བྱ། །ཞི་རྒྱས་དབང་དྲག་མངོན་སྤྱོད་དང་། །མནན་བསྐྲད་རྨོང་རྔོ་འགུག་པ་དང་། །གང་བྱེད་ལས་རྣམས་འགྲུབ་པར་ཤོག །བྱ་བ་ཕྲིན་ལས་ཀྱི་དབང་བསྐུར་བས། འགྲོ་དོན་ཐོགས་པ་མེད་པའི་དབང་དམ་པ༴ གསུམ་པ་འཆད་པ་ཆོས་ཀྱི་འཁོར་ལོ་ཐོགས་ཏེ། གསེར་གྱི་འཁོར་ལོ་རྩིབ་སྟོང་མུ་ཁྱུད་ལྡན། །འཇིག་རྟེན་ཀུན་ལ་ཁ་ལོ་བསྒྱུར་བའི་དབང་། །དབང་བསྐུར་འཁོར་ལོའི་དབང་མཆོག་ཐོབ་པར་ཤོག །གཞན་གྱི་རེ་བ་བསྐང་བའི་བུ་མཆོག་འདི། །རྒྱལ་པོ་རྒྱལ་རིགས་རྨད་དུ་བྱུང་བ་བཞིན། །རྒྱལ་ཚབ་ཆོས་ཀྱི་རྒྱལ་བུ་བྱུང་བས་ན། །གསུང་རབ་དམ་པའི་མཛད་གསུམ་སྦྱིན་པར་བྱ། །བདུད་རྩིས་སློབ་མའི་ཚོགས་ཀུན་སྐྱོང་བ་དང་། །བསྟན་པ་སྒྲོགས་པའི་ས་ལ་གནས་པའི་ཕྱིར། །རྡོ་རྗེ་རྒྱལ་པོར་མངའ་གསོལ་དབང་མཆོག་འདི། །ཐེག་པ་དགུ་ཡི་རྟགས་བཅས་སྦྱིན་པར་བྱ། །ཆོས་འཆད་པའི་བཀའ་གསུང་རབ་མཐའ་དག་བཤད་པའི་དབང་དམ་པ༴ དྷརྨཱ་ཙཀྲ་ཨ་བྷི་ཥིཉྩ་ཧཱུྃ། བཞི་པ་རྡོ་རྗེ་རྒྱལ་པོའི་དབང་ལ། པོ་ཏི་དང་དྲིལ་བུ་ཐོགས་ཏེ། བསྟན་པ་སྒྲོགས་པའི་ས་ལ་གནས་བྱས་ནས། །རྡོ་རྗེ་རྒྱལ་པོ་དཔལ་གྱི་དབང་མཆོག་འདི། །ཐེག་པ་དགུ་ཡི་རྟགས་དང་བཅས་པས་སྦྱིན། །གླེགས་བམ་ཐོགས་ཏེ་རྡོ་རྗེ་རྩེ་དགུའོ། །རྡོ་རྗེ་རྒྱལ་པོ་འགྲོ་བ་འདྲེན་པའི་དཔལ། །ཀུན་ལ་བུ་བཞིན་བརྩེ་བའི་ངང་ཚུལ་ཅན། །རྒྱལ་བའི་གདུང་ཚབ་བསྟན་པ་རིན་ཆེན་འཛིན། །ཆོས་ལ་དབང་འབྱོར་རྒྱལ་ཐབས་ཐོབ་པར་ཤོག །རྡོ་རྗེ་རྒྱལ་པོ་ཐབས་མཁས་ཐུགས་རྗེ་ཡི། །བརླབས་ཀྱི་འགྲོ་བ་འདྲེན་པའི་དབང་ཐོབ་ཤོག །ལྔ་པ་གདན་ཁྲི་ལས། དང་པོ་དོམ་དྲེད་ཀྱི་གདན་ཐོགས་ཏེ། དབང་ཕྱུག་ལ་སོགས་དྲེགས་པའི་ཚོགས། །སྨོན་ལམ་ཆེན་པོ་བརྟེན་བྱེད་པའི། །དྲེག་པ་སྒྲོལ་བ་དབང་གི་གདན། །བསྟན་པ་ཟིལ་གནོན་དབང་ཐོབ་ཤོག །གསུམ་པ་བརྟུལ་ཞུགས་དོམ་གྱི་གདན། མཉམ་རྫོགས་བརྟུལ་ཞུགས་ཆེན་པོ་ཡི། །ཐམས་ཅད་དུ་ནི་ཐོགས་མེད་ཕྱིར། །ཟིལ་གནོན་དོམ་གྱི་དབང་བསྐུར་བས། །བརྟུལ་ཞུགས་གསུམ་གྱིས་དབང་ཐོབ་ཤོག །བཞི་པ་ལྷ་ཆེན་གདན། མ་ཧཱ་དྷེ་ཝ། ལྷ་ཆེན་གདན་གྱི་དབང་བསྐུར་བས། །ཁམས་གསུམ་དྲེག་པ་ཟིལ་གནོན་པའི། །དབང་དམ་པ༴ ལྔ་པ་ཁྱུ་མཆོག་གི་གདན་ཁྲི་ཐོགས་ཏེ། རང་སྣང་ཡོན་ཏན་མང་པོ་བརྗིད། །རྩོལ་བ་ཟིལ་གྱི་གནོན་བྱེད་ཕྱིར། །ཁྱུ་མཆོག་གཟུགས་ཀྱི་དབང་བསྐུར་བས། །ཐམས་ཅད་ཟིལ་གནོན་དབང་ཐོག་ཤོག །དྲུག་པ་མ་ཧཱའི་གདན་ཁྲི། ཕུང་པོ་ཁམས་སོགས་དོན་རིག་པས། །ཡོན་ཏན་མང་པོ་བརྗིད་སྣང་ཕྱིར། །མ་ཧེ་གཟུགས་ཀྱི་དབང་བསྐུར་བས། །ཀུན་ལས་མཛེས་པའི་དབང་ཐོབ་ཤོག །བདུན་པ་གཟིག་གི་ཁྲི། ཐབས་ལ་རོལ་པ་སྣ་ཚོགས་ཀྱིས། །གདུལ་བྱ་ཀུན་ལ་མཐུན་འཇུག་ཕྱིར། །དད་པ་གཟིག་གི་དབང་བསྐུར་བས། །ཐབས་ལ་མཁས་པའི་དབང་ཐོབ་ཤོག །བརྒྱད་པ་སྟག་གི་ཁྲི། རྒྱུ་འབྲས་གཉིས་མེད་སེམས་ཉིད་ལ། །ས་ལམ་དང་པོའི་རིམས་བྲལ་ཕྱིར། །མཁྱེན་པ་སྟག་གི་དབང་བསྐུར་བས། །ཁྱད་པར་འཕགས་པའི་དབང་ཐོབ་ཤོག །ཁྲི་ཡོངས་རྫོགས། ས་རྣམས་ནོན་པའི་རྟགས་མཆོག་གདན་ཁྲིའི་དབང་། །ལྷ་ཆེན་ལ་སོགས་ཞིང་ཆེན་ཉི་ཟླ་བཅས། །ཆེ་མཆོག་མ་ཧེ་སྟག་གཟིག་དོམ་གྱི་ཁྲི། །ཡོན་ཏན་རྫོགས་པའི་གདན་དུ་སྦྱིན་པར་བྱ། །དྲུག་པ་ཁྱད་པར་གྱི་རིན་པོ་ཆེ་སྣ་བདུན་ལས། དང་པོ་འཁོར་ལོ་ཐོགས་ཏེ། འཁོར་ལོ་བསྐོར་ཞིང་གཅོད་པའི་རྟགས། །སྐྱེ་བ་རྣམ་བཞི་རྒྱུན་ཆད་པ། །དེ་རིང་ཁྱོད་ལ་སྦྱིན་པ་ཡི། །སྐྱེ་བཞི་བསྒྲོད་པའི་དབང་ཐོབ་ཤོག །འཁོར་ལོའི་དབང་དམ་པ་བསྐུར་བས་སྐྱེ་བ་རྣམ་བཞི་ལས་སྒྲོལ་བའི་དབང་༴ ལྷ་ཡུམ་ཐོགས་ཏེ། དབང་ཕྱུག་ལ་སོགས་བདེ་བའི་ཡུམ། །ཐུགས་རྗེས་གཟུངས་ཀྱི་རིག་མ་སྟེ། །དེ་རིང་ཁྱོད་ལ་སྦྱིན་པ་ཡི། །ཐབས་ལ་སྤྱོད་པའི་དབང་ཐོབ་ཤོག །ལྷ་ཡུམ་གྱི་དབང་བསྐུར་བས། ཐབས་ཀྱི་སྤྱོད་པ་འཇུག་པའི༴ རྡོ་རྗེ་ཐོགས་ཏེ། ཆོས་རྣམས་ཀུན་ལ་ཐོག་མེད་པའི། །བློན་པོ་ཀུན་ལྡན་རྡོ་རྗེ་སེམས། །དེ་རིང་ཁྱོད་ལ་བསྐུར་བ་ཡི། །ཤེས་བྱ་མཁྱེན་པའི་དབང་ཐོབ་ཤོག །རྡོ་རྗེའི་དབང་བསྐུར་བས། རྡོ་རྗེ་སེམས་དཔའི་བློ་གྲོས་ཕུན་སུམ་ཚོགས་པའི་དབང་༴ སྟོབས་པོ་ཆེ་ཐོགས་ཏེ། ཁམས་གསུམ་བསྡམ་པ་ཀུན་འདུལ་བ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་སྟེ། །དེ་རིང་ཁྱོད་ལ་བསྐུར་བ་ཡི། །བདུད་དཔུང་འདུལ་བའི་དབང་ཐོབ་ཤོག །སྟོབས་པོ་ཆེའི་དབང་བསྐུར་བས། །བདུད་མཆོག་མཐའ་དག་འདུལ་ཞིང་དབང་དམ་པ༴ གླང་པོ་ཆེ་ཐོགས་ཏེ། ཐེག་པའི་མཐའ་ལ་གནས་པ་རྣམས། །ཟིལ་གནོན་ཐེག་ཆེན་གླང་གི་གཟུགས། །དེ་རིང་ཁྱོད་ལ་སྦྱིན་པ་ཡི། །བསྡམ་པ་ཟིལ་གནོན་དབང་ཐོབ་ཤོག །བྱང་ཆུབ་སེམས་དཔའ་སྤོས་ཀྱི་གླང་པོ་ཆེའི་དབང་བསྐུར་བས། །སྟོབས་བཅུ་ཕ་རོལ་ཟིལ་གྱི་གནོན་པའི་དབང་དམ་པ༴ རྟ་མགྲིན་ཐོགས་ཏེ། ཐམས་ཅད་བདག་ཉིད་ཁྱབ་པ་ཡི། །དབང་ཕྱུག་ཀུན་འགྲོ་རྟ་ཡི་གཟུགས། །དེ་རིང་ཁྱོད་ལ་སྦྱིན་པ་ཡི། །ཐོགས་མེད་རྫུ་འཕྲུལ་ཐོབ་པར་ཤོག །ཁྲོ་བོ་རྟ་མགྲིན་གྱི་དབང་བསྐུར་བས། གང་ལ་ཐོགས་མེད་རྫུ་འཕྲུལ་གྱི་དབང་དམ་པ༴ ༼ཀ༽ མི་སྤྱོད་པ་ཐོགས་ཏེ། རྣམ་ཤེས་ཕུང་པོ་སངས་རྒྱས་པས། །རྡོ་རྗེ་རིགས་སུ་ལྷུན་གྱིས་གྲུབ། །འབྱུང་བ་ནམ་མཁའ་རྣམ་དག་པ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །རྟགས་ཀྱི་ཕྱག་རྒྱ་ཆེན་པོ་འདི། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །ཧཱུྃ་བཛྲ་དྷྲིག །མུཾ་ད་དུ་ཤྭ་རི་སྟྭཾ། ཨ་བྷི༴ སེམས་དཔའ་རྡོ་རྗེ། སེམས་དཔའ་རྡོ་རྗེ་དབྱིང་ལ་བལྟ། །རྟེན་མ་རྡོ་རྗེའི་འགྱུར་བ་མེད། །རྟགས་ཀྱི་ཕྱག་རྒྱ་ཆེན་པོ་འདི། །དེ་རིང་ཁྱོད་ལ༴ ༀ་བཛྲ་སཏྭ་ཧཱུྃ། བཛྲ་ཏིཥྛ་ཧཱུྃ་ཨ་བྷི༴ རྡོ་རྗེ་རིན་ཆེན། རྡོ་རྗེ་རིན་ཆེན་ཆོས་དོན་གསལ། །རྡོ་རྗེ་འབར་བ་མཐའ་གཉིས་སྲོག །རྟགས་ཀྱི་ཕྱག་རྒྱ་ཆེན་པོ་འདི། །དེ་རིང་ཁྱོད༴ ༀ་བཛྲ་རཏྣ་ཧཱུྃ། ༀ་བཛྲ་ཛོ་ལ་ཧཱུྃ། ཨ་བྷི༴ ཆོས་ཀྱི་རྡོ་རྗེ། ཆོས་ཀྱི་རྡོ་རྗེ་ཆོས་དོན་རིགས། །རྡོ་རྗེ་སྡུད་མ་དབྱིངས་སུ་སྦྱོར། །རྟགས་ཀྱི་ཕྱག་རྒྱ་ཆེན་པོ་འདི། །དེ་རིང་ཁྱོད་ལ༴ ༀ་དྷརྨ་བཛྲ་ཧཱུྃ། སཾ་ཏྲ། བཛྲ་ཧཱུྃ་ཨ་བྷི༴ ལས་རིགས་རྡོ་རྗེ། ལས་རིགས་རྡོ་རྗེ་དབྱིངས་སུ་སྦྱོར། །རྡོ་རྗེ་བསྐྱེད་མ་ཅིར་མི་གནས། །རྟགས་ཀྱི་ཕྱག་རྒྱ་ཆེན་པོ་འདི། །དེ་རིང་ཁྱོད་ལ༴ ༀ་བཛྲ་ཀརྨ་ཧཱུྃ། ༀ་ཙན་ཏྲ་ཛྭ་ལ་ཧཱུྃ་ཨ་བྷི༴ ༼ཁ༽ འོད་རིམ་ལས། ཀུན་རྫོགས་སེམས་དཔའ་རིགས་པར་ལྡན། །བསམ་པས་འབྱུང་བའི་རིན་པོ་ཆེ། །དེ་རིང་༴ གདུལ་བྱ་མ་ལུས་རེ་བ་བསྐངས། །རྡོ་རྗེ་རིན་ཆེན་གྱི་དབང་༴ གདུལ་བྱའི་རེ་བ་བཞིན་བསྐངས་བའི། །སྐྱེ་ལ་དབང་བསྒྱུར་རྒྱལ་པོ་མཉེས་པའི་ཐབས། །ཕ་རོལ་དཔུང་འཇོམས་སྲིད་ཐུབ་འཛིན་པ་དང་། །བདག་གཞན་དོན་གྲུབ་རྫུ་འཕྲུལ་རྐང་པར་ལྡན། །དགོས་འདོད་ཡིད་བཞིན་བསྐང་བའི་རིན་པོ་ཆེ། །རྒྱལ་པོ་དེ་ལ་ཐབས་ཀྱིས་སྦྱིན་པར་བྱ། །༼ག༽ བདུན་པ་གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་དབང་བ་ནི། དེ་ནི་རྒྱལ་བའི་ཡིན་པས་ན། ཕྱག་རྒྱ་ཆེན་པོའི་དབང་མཆོག་སྦྱིན་པར་བྱ། །རིས་སམ་འབུར་རམ་ལུགས་བླུགས་པ། ཕྱག་རྒྱ་གཟུགས་བརྙན་དེ་སྤྱི་བོར་བཞག །ཅེས་པས། ༅། །འོད་རིམ་ལས། གཙོ་གཟུངས་འབྲེལ་བའི་ཕྱག་རྒྱ་སྟེ། །འོད་བརྩེར་འཆང་བ་ཐུགས་ཀར་བརྟེན། །རྡོ་རྗེ་རིན་ཆེན་པདྨ་གྲི། །འབྲེལ་བ་ཡུམ་གྱི་ཡིན་པ་ཡི། །འབར་མ་ནུ་མེ་སྡུད་ཆུ་ལྷོ། །རྒྱུད་དཀྲུག་ཆུ་ན་མ་ཀི་ལྷོ། །ལུང་ཅུས་མན་ང ག་དེ་ལྟར་གབ། །མེ་ནི་གདོང་དཀར་གསོ་ཙམ་ནུབ། །ཅེས་གསུངས་པས། རྣམ་སྣང་ཐོགས་ཏེ། གཟུགས་ཀྱིས་ཕུང་པོ་སངས་རྒྱས་པ། །སངས་རྒྱས་རིགས་སུ་ལྷུན་གྱིས་གྲུབ། །འབྱུང་བ་ས་ནི་སངས་རྒྱས་པ། །དེ་བཞིན་སྤྱན་དང་ལྷུན་གྱིས་གྲུབ། །ༀ་ཛི་ན་ཛིག །ལཾ་ཏེ་ཤྭ་ར་ཏེ། ཨ་བྷི༴ སེམས་དཔའ་རྡོ་རྗེ། སེམས་དཔའ་རྡོ་རྗེ་དབྱིངས་ལ་བལྟ། །རྡོ་རྗེ་སྒེག་མོ་འགྱུར་བ་མེད། །རྟགས་ཀྱི་ཕྱག་རྒྱ་ཆེན་པོ་འདི། །དེ་རིང་ཁྱེད་ལ་སྦྱིན་པར་བྱ། །ༀ་བཛྲ་སཏྭ། མ་ལེ་ཨ་བྷཱི༴ རྡོ་རྗེ་རྒྱལ་པོ། རྡོ་རྗེ་རྒྱལ་པོ་མཐའ་བཞི་འཇོམས། །བདུག་པ་དབྱིངས་ཀྱི་ཚིམ་པར་བྱེད། །རྟགས་ཀྱི༴ དེ་རིང་༴ ༀ་བཛྲ་ར་ཛ་ༀ། ༀ་བཛྲ་དྷུཥྤེ། ༀ་ཨ་བྷི༴ རྡོ་རྗེ་ཆགས་པ། རྡོ་རྗེ་ཆགས་པ་མཐའ་གཉིས་འཇོམས། །རྡོ་རྗེ་ལྕགས་ཀྱུ་དེ་བཞིན་འཁྱུག །རྟགས་ཀྱི༴ དེ་རིང་༴ ༀ་བཛྲ་ཧོཿ ༀ་བཛྲ་ཨཾ་གུ་ཤ་ཛཿ ཨ་བྷི༴ རྡོ་རྗེ་ལག་པ། རྡོ་རྗེ་ལེགས་པ་གསལ་བར་བསྐུལ། །སྒྲོལ་མ་གཉིས་མེད་ཚུལ་གྱི་གསལ། །རྟགས་ཀྱི་ཕྱག༴ དེ་རིང་༴ ༀ་བཛྲ་སཏྭ། ༀ་བཛྲ་དེ་ཤ་ར་ཏི་ཨ་བྷི༴ འོད་རིམ་དུ། རྡོ་རྗེ་ལྕགས་ཀྱུ་མདའ་གཞུའི་རྒྱ། །མེ་ལོང་པོག་ཕུར་ལྕགས་ཀྱུའི་ཕྲེང་། །རྒྱལ་མཚན་སེ་གོལ་ཏོག་རྒྱ་གྲམ། །རྟགས་ཀྱི༴ དེ་རིང་༴ ཞེས་གསུངས་པས། རིན་འབྱུང་ཐོགས་ཏེ། ཚོར་བའི་ཕུང་པོ་སངས་རྒྱས་པ། །རིན་ཆེན་རིགས་སུ་ལྷུན་གྱིས་གྲུབ། །འབྱུང་བ་ཆུ་ནི་སངས་རྒྱས་པ། །རིན་ཆེན་དབྱིངས་ཀྱི་དབང་ཕྱུག་མ། །རྟགས་ཀྱི་ཕྱག་རྒྱ༴ དེ་རིང་༴ སྭ་རཏྣ་དྷྲིག །མུཾ་མོ་ཧ་ར་ཏི་ཨ་བྷི༴ རྡོ་རྗེ་རིན་ཆེན། རྡོ་རྗེ་རིན་ཆེན་མཉམ་ཉིད་གསལ། །ཕྲེང་བ་མ་འདྲེས་ཡོངས་རྫོགས་གསལ། །རྟགས་ཀྱི༴ དེ་རིང་༴ ༀ་རཏྣ་ཏྲཾ། ༀ་བཛྲ་མ་ལེ་ཏྲཾ་ཨ༴ རྡོ་རྗེ་ཉི་མ། རྡོ་རྗེ་ཉི་མ་གསལ་མཐའ་གནོན། །མེ་ཏོག་མཐའ་བྲལ་རང་རིག་མཛེས། །རྟགས་ཀྱི༴ དེ་རིང་༴ ༀ་བཛྲ་སུརྱ་གྲམ། ༀ་བཛྲ་པུཥྤེ་ཏྲཾ། ཨ་བྷི༴ རྡོ་རྗེ་རྒྱལ་མཚན། རྒྱལ་མཚན་མི་གནོན་ང་རྒྱལ་ལྡན། །ཞགས་པས་མ་ལུས་སེམས་སུ་སྡུད། །རྟགས་ཀྱི༴ དེ་རིང་༴ ༀ་བཛྲ་ཧེ་རུ་ཏྲཾ། ༀ་བཛྲ་བ་ཤ་ཧྲི་ཨ་བྷི༴ རྡོ་རྗེ་ཞགས་པ། ཞགས་པ་རང་རིག་དགྱེས་ལྡན་པ། །རྡོ་རྗེ་བདེ་བྱེད་མཐའ་དང་བྲལ། །རྟགས་ཀྱི་ཕྱག་རྒྱ་ཆེན་པོ་འདི། །དེ༴ ༀ་བཛྲ་རཏྣ་དྷྲིག ༀ་བཛྲ་ར་ཏྲི་ཏྲཾ། འོད་རིམ་དུ། རིན་ཆེན་གདུགས་ཀྱི་ཉི་མ་དང་། །རྒྱལ་མཚན་པོ་ཕྲེང་རིན་ཆེན་དང་། །མེ་ཏོག་ཞགས་པ་བསིལ་གཡབ་བོ། །རྟགས་ཀྱི༴ དེ་རིང་༴ ཞེས་གསུངས་པ། སྣང་མཐའ་ཐོགས་ཏེ། འདུ་ཤེས་ཕུང་པོ་སངས་རྒྱས་པ། །པདྨའི་རིགས་སུ་ལྷུན་གྱིས་གྲུབ། །འབྱུང་བ་མེ་ནི་སངས་རྒྱས་པ། །པདྨ་དབྱིངས་ཀྱི་དབང་ཕྱུག་མ། །རྟགས་ཀྱི༴ དེ་རིང་༴ ༀ་ཨ་རོ་ལིག །པྱཾ་ར་ག་ར་ཏི་ཨ་བྷི༴ རྡོ་རྗེ་ཆོས། ཆོས་ནི་རང་རིག་ཅིར་མ་ཆགས། །དབྱིངས་ནི་དེ་དོན་གསལ་བར་བྱེད། །རྟགས་ཀྱི༴ དེ་རིང་༴ ༀ་བཛྲ་དྷརྨ་ཧྲཱིཿ ༀ་གྷིནྡྷ་ཧྲཱིཿཨཱ་བྷི༴ རྡོ་རྗེ་རྣོན་པོ། རྡོ་རྗེ་རྣོན་པོ་མཐའ་རྣམས་གཅོད། །སྒྲོན་མ་མ་སྐྱེས་དོན་གསལ་བྱེད། །རྟགས་ཀྱི༴ དེ་རིང་༴ ༀ་ཏ་ཀྵི་ཏྲི། ༀ་བཛྲ་ཨ་ལོ་ཀེ་ཧྲཱིཿ ཨ་བྷིཿ རྡོ་རྗེ་འཁོར་ལོ། འཁོར་ལོ་མྱ་ངན་འདས་པར་བསྐོར། །ཐམས་ཅད་དེར་འབྲལ་ལྕགས་སྒྲོག་ལ། །རྟགས་ཀྱི༴ དེ་རིང་༴ ༀ་བཛྲ་ཙཀྲ་ཧྲཱིཿ ༀ་བཛྲ་སྥོ་ཊ་ཧྲཱིཿཨ་བྷི༴ རྡོ་རྗེ་སྨྲས་པ། སྨྲ་བ་རིག་གསལ་བརྗོད་པ་འདྲ། །གསལ་བཀྲ་ཀུན་ལ་གསལ་བཤད་བྱེད། །རྟགས་ཀྱི༴ དེ་རིང་༴ ༀ་བཛྲ་པཱ་ཤ་ཧྲཱིཿ ༀ་བཛྲ་ར་ག་ར་ཏི་ཧྲཱིཿཨ༴ འོད་རིམ་ལས། པདྨ་ཁ་འགྱེད་རལ་གྲི་དང་། །འཁོར་ལོ་རྡོ་རྗེ་ལྕེ་འཛིན་པ། །པི་ཝང་མར་མེ་ལྕགས་སྒྲོག་དང་། །རྨ་བྱའི་མདངས༴ རྟགས་ཀྱི༴ དེ་རིང་༴ ཞེས་པའོ། །དོན་གྲུབ་ཐོགས་ཏེ། འདུ་བྱེད་ཕུང་པོ་སངས་རྒྱས་པ། །ལས་ཀྱི་རིགས་སུ་ལྷུན་གྱིས་གྲུབ། །འབྱུང་བ་རླུང་ནི་སངས་རྒྱས་པ། །ལས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ། །རྟགས་ཀྱིས༴ དེ་རིང་༴ ཧ་པྲ་ཛྙཱ་དྷྲིག །ཏཾ་བཛྲ་ར་ཏི་ཨ༴ རྡོ་རྗེ་ལས་རབ། ལས་ནི་དོན་བདུན་གཅིག་པར་རིགས། །གར་ནི་གསལ་བར་སྣང་བའི་སྒོ། །རྟགས་ཀྱི་ཕྱག་རྒྱ་ཆེན་པོ་འདི། །དེ་རིང་༴ ༀ་ཀརྨ་ཧ། ༀ་བཛྲ་ནིརྻ་ཨ་བྷི༴ རྡོ་རྗེ་སྲུང་བ། རྡོ་རྗེ་བསྲུང་བ་མཐའ་མ་རིགས། །བྱུག་པ་དེ་དོན་བློ་རིག་པ། །རྟགས་ཀྱི༴ དེ་རིང་༴ ༀ་བཛྲ་རཀྴ་ཧ། ༀ་བཛྲ་གྷནྡྷེ་ཧ་ཨ་བྷེ༴ རྡོ་རྗེ་གནོད་སྦྱིན། གནོད་སྦྱིན་མཐའ་གཉིས་ཟ་བར་བྱེད། །རྡོ་རྗེ་དྲིལ་བུ་དགེ་གསལ་སྒྲོགས་པའོ། །རྟགས་ཀྱིས༴ དེ་རིང་༴ ༀ་བཛྲ་ཡཀྵ་ཧ། ༀ་བཛྲ་གྷེནྡྷེ་ཧོཿ ཨ་བྷི༴ རྡོ་རྗེ་ཁུར་ཚུར། ཁུ་ཚུར་གཉིས་མེད་དོན་རིག་པ། །འབེབ་པ་དེ་ཉིད་སྣང་བར་བྱེད། །རྟགས་ཀྱི༴ དེ་རིང༴ ༀ་བཛྲ་སིན་དྷི་ཧ། ༀ་བཛྲ་ཨ་ཝེ་ཤ་ཡ་ཧ། ཨ་བྷི༴ འོད་རིམ་དུ། རལ་གྲི་རྡོ་རྗེ་ཕྲེང་བ་དང་། །མཆེ་བ་ཁུ་ཚུར་གང་བྱུག་པ། །དྲིལ་བུ་དང་ནི་འབེབ་མའོ། །རྟགས་ཀྱིས༴ དེ་རིང་༴ ལུང་ཨ་ནུའི་རིགས་བདག་ཀུན་བཟང་ཐོགས་ཏེ། ཧཱུྃ། བྱང་ཆུབ་སེམས་མཆོག་ཡེ་ཤེས་རྡོ་རྗེའི་ཐུགས། །སྲིད་གསུམ་དབང་བསྒྱུར་ཐམས་ཅད་མཁྱེན་པའི་དཔལ། །བསྙེལ་བ་མི་མངའ་འགྲོ་བའི་དོན་མཛད་པ། །ཀུན་བཟང་རྡོ་རྗེ་ཡིད་ལ་ཕྱག་འཚལ་ལོ། །ཨེ་མ་ཧོཿ ཀུན་བཟང་རྡོ་རྗེ་ཡིད་ལ་ཕྱག་འཚལ་ལོ། །རིག་པ་ཚུར་སྣང་སངས་རྒྱས་པ། །སངས་རྒྱས་ཐམས་ཅད་བསྐྱེད་མཛད་པ། །ཀུན་ཏུ་བཟང་པོའི་དབང་མཆོག་སྦྱིན། །ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ཧཱུྃ། ཨ་བྷི་ཥིཉྩ་ཧཱུྃ། ཀུན་བཟང་ཡུམ། གདོད་ནས་མ་བྱུང་མ་སྐྱེས་ཆོས་ཀྱིས་དབྱིངས། །མ་སྐྱེས་མ་འགག་དངོས་པོར་འཛིན་དང་བྲལ། །འབྱུང་བྱེད་ཐམས་ཅད་བསྐྱེད་པ་ཡུམ་གྱི་ཚུལ། །བཟང་མོ་བྱ་བ་མོ་ལ་ཕྱག་འཚལ་ལོ། །ཕྱི་ཡི་ཡུལ་ནི་སངས་རྒྱས་པ། །སྣང་སྲིད་ཐམས་ཅད་ཆོས་ཀྱིས་དབྱིངས། །ཐབས་དང་ཤེས་རབ་འབྲེལ་བའི་ཡུམ། །ཀུན་ཏུ་བཟང་མོའི་དབང་མཆོག་ནི། །ཨ་ཨ་ཨཱཿ བཛྲ་ས་མནྟ་ཨ་བྷི༴ རྒྱུད་མ་ཧིའི་གཙོ་བོ་རྡོ་རྗེ་སེམས་དཔའ་ཐོགས་ཏེ། མ་སྐྱེས་རྡོ་རྗེ་ཐབས་ལ་རོལ། །དོན་དམ་དབྱེར་མེད་རོལ་མཛད་པ། །ཐབས་དང་ཤེས་རབ་བྱང་ཆུབ་སེམས། །རྡོ་རྗེ་སེམས་དཔའ་བདག་ལ་དགོངས། །རྣམ་ཤེས་ཕུང་པོ་སངས་རྒྱས་པ། །རྡོ་རྗེའི་རིགས་སུ་ལྷུན་གྱིས་གྲུབ། །སངས་རྒྱས་ཀུན་གྱི་ཐུགས་ཡིན་པས། །རྡོ་རྗེ་སེམས་དཔའི་དབང་མཆོག་སྦྱིན། །འབྱུང་བ་ནམ་མཁའི་སངས་རྒྱས་པ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །རྡོ་རྗེ་རིགས་ཀྱི་ཡུམ་ཡིན་པས། །ཀུན་ཏུ་བཟང་མོའི་དབང་མཆོག་སྦྱིན། །ཧཱུྃ་བཛྲ་དྷྲིཀ །མུཾ་ད་དུ་ཤཱ་རི་ཨ་བྷི༴ རྣམ་སྣང་ཐོགས་ཏེ། གཟུགས་ཀྱི་ཕུང་པོ་གནས་དག་པ། །དེ་བཞིན་རིགས་སུ་ལྷུན་གྱིས་གྲུབ། །སངས་རྒྱས་ཀུན་གྱི་སྐུ་ཡིན་པས། །རྣམ་པར་སྣང་མཛད་དབང་མཆོག་སྦྱིན། །འབྱུང་བ་ས་ནི་སངས་རྒྱས་པ། །རྡོ་རྗེ་རིགས་ཀྱིས་དབང་ཕྱུག་མ། །བདེར་གཤེགས་རིགས་ཀྱིས་ཡུམ་ཡིན་པས། །སངས་རྒྱས་སྤྱན་གྱི་དབང་མཆོག་སྦྱིན། །ༀ་འཛི་ན་འཛིག་ལཾ་ཏེ་ཤ་ར་ཏི་ཨ་བྷི༴ རིན་འབྱུང་ཐོགས་ཏེ། ཚོར་བའི་ཕུང་པོ་སངས་རྒྱས་པ། །རིན་ཆེན་རིགས་སུ་ལྷུན་གྱིས་གྲུབ། །སངས་རྒྱས་ཀུན་གྱི་ཡོན་ཏན་གྱི། །རིན་ཆེན་འབྱུང་ལྡན་དབང་མཆོག་སྦྱིན། །འབྱུང་བ་ཆུ་ཡི་སངས་རྒྱས་པ། །རིན་ཆེན་རིགས་ཀྱི་དབང་ཕྱུག་མ། །རིན་ཆེན་རིགས་ཀྱི་ཡུམ་ཡིན་པས། །མ་མ་ཀི་ཡི་དབང་མཆོག་སྦྱིན། །སྭ་རཏྣ་དྷྲིག །མུཾ་མོ་ཧ་ར་ཏི་ཨ་བྷི༴ སྣང་མཐའ་ཐོགས་ཏེ། འདུ་ཤེས་ཕུང་པོ་སངས་རྒྱས་པ། །པདྨའི་རིགས་སུ་ལྷུན་གྱིས་གྲུབ། །སངས་རྒྱས་ཀུན་གྱི་གསུང་ཡིན་པས། །སྣང་བ་མཐའ་ཡས་དབང་མཆོག་སྦྱིན། །འབྱུང་བ་མེ་ནི་སངས་རྒྱས་པ། །པདྨ་རིགས་ཀྱི་དབང་ཕྱུག་མ། །པདྨ་རིགས་ཀྱི་ཡུམ་ཡིན་པས། །གོས་དཀར་མོ་ཡི་དབང་མཆོག་སྦྱིན། །ༀ་ཨ་རོ་ལིག་པྱཾ་ར་ག་ར་ཏི་ཨ་བྷི༴ དོན་གྲུབ་ཐོགས་ཏེ། འདུ་བྱེད་ཕུང་པོ་སངས་རྒྱས་པ། །ལས་ཀྱི་རིགས་སུ་ལྷུན་གྱིས་གྲུབ། །དོན་ཡོད་གྲུབ་པའི་དབང་མཆོག་སྦྱིན། །འབྱུང་བ་རླུང་ནི་སངས་རྒྱས་པ། །ལས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ། །སྣ་ཚོགས་འདུས་པའི་ཡུམ་ཡིན་པས། །དམ་ཚིག་སྒྲོལ་མའི་དབང་མཆོག་སྦྱིན། །ཧ་པྲད་ཛྙཱ་དྷྲིག །ཏཾ་བཛྲ་ར་སྟི་ཨ་བྷི༴ ས་སྙིང་ཐོགས་ཏེ། མིག་གི་རྣམ་ཤེས་སངས་རྒྱས་པ། །བྱང་ཆུབ་ཆེན་པོ་མཐོང་བའི་དཔལ། །བདག་གིས་མིག་ལ་བསྐྱེད་བྱེད་པས། །ས་ཡི་སྙིང་པོའི་དབང་༴ གཟུགས་སུ་སྣང་བ་སངས་རྒྱས་པ། །བྱང་ཆུབ་ལྷ་མོ་དཀར་མོ་སྟེ། །ཕྱི་ཡི་གཟུགས་ལ་བསྐྱེད་བྱས་པས། །ལྷ་མོ་ལ་སྱེའི་དབང་མཆོག་སྦྱིན། །ཀྵི་ཧི་ར་ཙ་ཡ། ཧཱུྃ་ལ་སྱེ་ས་མཱ་ཡ་སྟྭྃ། ཨ་བྷི༴ ནམ་མཁའི་སྙིང་པོ་ཐོགས་ཏེ། རྣ་བའི་རྣམ་ཤེས་སངས་རྒྱས་པ། །བྱང་ཆུབ་ཆེན་པོ་ཐོས་པའི་དཔལ། །བདག་གི་རྣ་བར་བསྐྱེད་བྱས་པས། །ནམ་མཁའི་སྙིང་པོའི༴ སྒྲ་ཡི་ཡུལ་ནི་སངས་རྒྱས་པ། །བྱང་ཆུབ་ལྷ་མོ་བཻཌཱུརྱ། །ཡུལ་གྱི་སྒྲ་ལ་བསྐྱེད་བྱས་པ། །ལྷ་མོ་མ་ལྱེའི་དབང་མཆོག་སྦྱིན། །ཏྲཾ་ཨ་ཀར་བྷ་ཡ། ཏྲཾ་མ་ལེ་ས་མཱ་ཡ་ཏྲྃ། ཨ་བྷི༴ སྤྱན་གཟིགས་ཐོགས་ལ། སྣའི་རྣམ་ཤེས་སངས་རྒྱས་པ། །བྱང་ཆུབ་ཆེན་པོ་སྣམ་པའི་དཔལ། །བདག་གི་སྣ་ལ་བསྐྱེད་བྱས་པས། །སྤྱན་རས་གཟིགས་ཀྱི་དབང་མཆོག་སྦྱིན། །ཚོར་ཞིང་ཡུལ་རྣམས་སངས་རྒྱས་པ། །བྱང་ཆུབ་ལྷ་མོ་རཱ་ག་ཏི། །ཚོར་བའི་ཡུལ་ལ་བསྐྱེད་བྱས་པས། །ལྷ་མོ་གྷིརྟི་དབང་༴ ཧྲཱིཿཧ་ཧཱུྃ་པདྨ་བྷ་ཏ་མ། ཧྲི་གྷིརྟི་རཱ་ག་ཨ་མི་ཏཾ་ཨ་བྷི༴ ཕྱག་ན་རྡོ་རྗེ་ཐོགས་ཏེ། ལྕེ་ཡི་རྣམ་ཤེས་སངས་རྒྱས་པ། །བྱང་ཆུབ་ཆེན་པོ་མྱོང་བའི་དཔལ། །བདག་གི་ལྕེ་ལ་བསྐྱེད་བྱས་པས། །ཕྱག་ན་རྡོ་རྗེའི་དབང་མཆོག་སྦྱིན། །བྲོ་བའི་ཡུལ་རྣམས་སངས་རྒྱས་པ། །བྱང་ཆུབ་ལྷ་མོ་ཨིནྟྲ་ནི། །བྲོ་བའི་ཡུལ་ལ་བསྐྱེད་བྱས་པས། །ལྷ་མོ་དྲི་ཡི་དབང་མཆོག་སྦྱིན། །ཛིཾ་ཀུ་རུ་པ་ནི་ཧྲཱིཿ ཨ་ནིརྟི་རཱ་ག་ཡ་མི་སྟྭྃ། ཨ་བྷི༴ བྱམས་པ་ཐོགས་ཏེ། མཐོང་བའི་དབང་པོ་སངས་རྒྱས་པ། །བྱང་ཆུབ་ཆེན་པོ་མཐོང་བར་བྱེད། །དེ་ཉིད་ལས་ནི་བསྐྱེད་བྱས་པ། །བྱམས་པའི་དབང་མཆོག་ཁྱོད་ལ་སྦྱིན། །དབྱར་དགུན་སྟོན་དཔྱིད་སངས་རྒྱས་པ། །དུས་བཞིའི་ཡུལ་རྣམས་སེམས་མའི་སྐུ། །དེ་ཉིད་ལས་ནི་བསྐྱེད་བྱས་པ། །དྷུཥྤེའི་དབང་མཆོག་སྦྱིན་པར་བྱ། །མེ་ཏྲི་དྷ་ར་ནི། ཛཿདྷུཥྤེ་པྲ་ཝེ་ཤ་ཡ་སྟྭཾ། ཨ་བྷི༴ སྒྲིབ་སེལ་ཐོགས་ཏེ། ཐོས་པའི་དབང་པོ་སངས་རྒྱས་པ། །བྱང་ཆུབ་ཆེན་པོ་ཐོབ་པར་བྱེད། །དེ་ཉིད་ལས་ནི་བསྐྱེད་བྱས་པ། །སྒྲིབ་པ་རྣམས་སེལ་དབང་མཆོག་སྦྱིན། །དེ་བཞིན་ཉིད་ལས་བསྐྱེད་བྱས་པ། །ལྷ་མོ་འོད་མཛེས་མ་ཡི་སྐུ། །དེ་ཉིད༴ བཛྲ་པུཥྤེའི་དབང་མཆོག་སྦྱིན། །ཐིཾ་ནི་ས་རཾ་པ་ཡེ། ཧཱུྃ་པུཥྤེ་ཨ་ཝེ་ཤ་ཡ་སྟྭྃ། ཨ་བྷི༴ ཀུན་བཟང་ཐོགས་ཏེ། ཚོར་བའི་ཕུང་པོ་སངས་རྒྱས་པ། །བྱང་ཆུབ་ཆེན་པོ་ཚོར་བྱེད་པ། །དབང་པོ་དེ་ལས་བསྐྱེད་བྱས་པ། །ཀུན་ཏུ་བཟང་མོའི་དབང་མཆོག་སྦྱིན། །ཡུལ་དུས་བཞི་ཡང་སངས་རྒྱས་པ། །ལྷ་མོ་མུན་སེལ་འོད་ཀྱི་མཆོག །ཡུལ་དེ་ཉིད་ལས་བསྐྱེད་བྱས་པ། །ཨ་ལོ་ཀེ་ཡི་དབང་མཆོག་སྦྱིན། །ཧཱུྃ་སྭ་ར་ཙ་ཡ། བཾ་དྷེ་ཝ་སུ་ཀི་ནི། ཨ་བྷི༴ འཇམ་དཔལ་ཐོགས་ཏེ། མྱོང་བའི་དབང་པོ་སངས་རྒྱས་པ། །བྱང་ཆུབ་ཆེན་པོ་མྱོང་བྱེད་པ། །དབང་པོ་དེ་ལས༴ འཇམ་དཔལ་གཞོན་ནུའི་དབང་མཆོག༴ དུས་བཞི་དུས་ནི་སངས་རྒྱས་པ། །དབང་པོ་དེ་ལས་བསྐྱེད༴ ལྷ་མོ་འཇོམས་བྱེད་བདེ་ལྡན་མ། །དུས་དེའི་ཡུལ་ལ་སངས་རྒྱས་པ། །བཛྲ་གྷནྡྷེའི་དབང་༴ ཝ་ཀི་ཤྭ་རི་མུྃ་ཤྲཱི། ཧྲཱིཿགྷནྡྷེ་ཙིཏྟ་ཧོཿ ཨ་བྷི༴ གཤིན་རྗེ་གཤེད་ཐོགས་ཏེ། ཕྱིན་ཅི་ལོག་བཞི་སངས་རྒྱས་པ། །འཇོམས་བྱེད་ཁྲོ་བོའི་རིག་ཤེས་ཏེ། །དྲེག་ཤེས་ཉིད་ལས་བསྐུར་བསྐྱེད་པ། །གཤིན་རྗེ་གཤེད་པོའི་དབང་༴ དེ་ཡི་ཡུལ་བཞི༴ རྟག་པར་མ་ཡིན་ཁྲོ་མོ་སྟེ། །དེ་ཉིད་ལས་ནི་སྐུ་བསྐྱེད་པ། །རོ་ལང་མ་ཡི་དབང་༴ སྟོབས་ཆེན་ཐོགས་ཏེ། ཕྱིན་ཅི་ལོག་བཞིས་སངས་རྒྱས་པ། །འཇོམས་བྱེད་ཁྲོ་བོ་རེག་བྱེད་སྟེ། །དེ་ཉིད་ལས་ནི༴ གཞན་གྱི་མི་ཐུབ་དབང་མཆོག་སྦྱིན། །དེ་ཡི་ཡུལ་བཞི༴ ཆད་པར་མ་ཡིན་ཁྲོ་མོ་ཉིད། །དེ་ཉིད་ལས་ནི་སྐུ་བསྐྱེད་པ། །མི་ཕམ་མ་ཡི་དབང་མཆོག་སྦྱིན། །རྟ་མགྲིན་ཐོགས་ཏེ། ཕྱིན་ཅི་ལོག་བཞི་སངས་རྒྱས་པ། །འཇོམས་བྱེད་ཁྲོ་བོ་རེག་བྱེད་སྐུ། །དེ་ཉིད༴ རྟ་མགྲིན་དབང་མཆོག་ཁྱེད་ལ་སྦྱིན། །དེའི་ཡུལ༴ བདག་ཏུ་མ་ཡིན་ཁྲོ་མོ་ཉིད། །ཡུལ་དེ་ཉིད་ལ་བསྐུར་བསྐྱེད་པ། །ཁྲོ་གཉེར་མ་ཡི་དབང་མཆོག་སྦྱིན། །བདུད་རྩི་ཐོགས་ཏེ། ཕྱིན་ཅི་ལོག་བཞི་སངས་རྒྱས་པ། །འཇོམས་བྱེད་ཁྲོ་བོ་རེག་བྱེད་དེ། །རིག་པ་ཉིད་ལས་སྐུར་བསྐྱེད་པ། །བདུད་རྩི་འཁྱིལ་བའི་དབང་མཆོག་སྦྱིན། །དེའི་ཡུལ་བཞི་སངས་རྒྱས་པ། །མཚན་མར་མ་ཡིན་ཁྲོ་མོའི་སྐུ། །ཡུལ་དེ་ཉིད་ལས་སྐུར་བསྐྱེད་པ། །རལ་གཅིག་མ་ཡི་དབང་༴ ཀུན་བཟང་ཐོགས་ལ། ཡིད་ཀྱི་རྣམ་ཤེས་སངས་རྒྱས་པ། །བྱེད་པོ་ཀུན་ཏུ་བཟང་མོ་སྟེ། །དེ་ཉིད་ལས་ནི༴ ཀུན་ཏུ་བཟང་མོའི༴ བཟང་མོ་ཐོགས་ཏེ། ཆོས་ཉིད་སྐྱེ་མེད་སངས་རྒྱས་པ། །བྱ་བ་ཀུན་ཏུ་བཟང་མོ་བྱུང་། ། དེ་ཉིད་ལས་ནི་སྐུར་བསྐྱེད་པ། །ཀུན་ཏུ་བཟང་མོའི་དབང་མཆོག་སྦྱིན། །ལྷའི་ཐུབ་པ་ཐོགས་ཏེ། ང་རྒྱལ་ཐམས་ཅད་སངས་རྒྱས་པ། །བརྒྱ་བྱིན་ལྷ་ཡི་དབང་པོར་བྱུང་། །དེ་ཉིད་ལས་ནི༴ ལྷ་ཡི་ཐུབ་པའི་དབང་མཆོག་སྦྱིན། །ༀ་མུ་ནེ་ཀྲེཾ་ཨ་བྷི༴ ལྷ་མིན་ཐུབ་པ་ཐོགས་ཏེ། ཕྲག་དོག་ཐམས་ཅད་སངས་རྒྱས་པ། །ལྷ་མ་ཡིན་ལ་ཐག་བཟང་རིས། །དེ་ཉིད་ལས་ནི་སྐུར་བསྐྱེད་པ། །ལྷ་མིན་ཐུབ་པའི་དབང་མཆོག་སྦྱིན། །ༀ་མུ་ནེ་བྲེཾ་ཨ་བྷི༴ མིའི་ཐུབ་པ་ཐོགས་ཏེ། འདོད་ཆགས་ཐམས་ཅད་སངས་རྒྱས་པ། །བཅོམ་ལྡན་ཤཱཀྱ་ཐུབ་པ་སྟེ། །དེ་ཉིད་ལས་ནི༴ ཤཱཀྱ་ཐུབ་པའི་དབང་༴ ༀ་མུ་ནེ་ཏྲཱུྃ་ཨ༴ བྱོལ་སོང་ཐུབ་པའི་སྐུ་ཐོགས་ལ། གཏི་མུག་ཐམས་ཅད་སངས་རྒྱས་པ། །སངས་རྒྱས་སེང་གེ་རབ་བརྟེན་བྱུང་། །དེ་ཉིད་ལས་ནི་སྤྲུལ་སྐུ་བྱུང་། །བྱོལ་སོང་ཐུབ་པའི༴ ༀ་མུ་ནེ་ཀྵེཾ་ཨ༴ ཡི་དྭགས་ཐུབ་པའི་སྐུ་ཐོགས་ལ། སེར་སྣ་ཐམས་ཅད་སངས་རྒྱས་པ། །སངས་རྒྱས་ཁ་འབར་སྐུ་བྱུང་སྟེ། །སེར་སྣ་ཉིད་ལས་སྐུ་བསྐྱེད་པ། །ཡི་དྭགས་ཐུབ་པའི་དབང་མཆོག་སྦྱིན། །ༀ་མུ་ནེ་ཡེ་ཨཱཿ དམྱལ་བའི་ཐུབ་པ་ཐོགས་ཏེ། ཞེ་སྡང་ཡེ་ནས་སངས་རྒྱས་པ། །སྟོན་པ་ཆོས་ཀྱི་རྒྱལ་པོ་བྱུང་། །ཞེ་སྡང་རྒྱུ་ལ་སྐུ་བསྐྱེད་པ། །དམྱལ་བའི་ཐུབ་པའི་དབང་༴ ༀ་ཨཱཿཧཱུྃ་ཧྲཱིཿཧཿ གནས་དང་དབང་པོར་བཀོད་ལ། ཀུན་གྱི་འདའ་བར་དཀའ་བའི། ཚིག་བཙན་ཡུལ་ལ་དབང་བསྐུར་བས། རྒྱལ་བའི་བཀའ་རྟགས་ཕྱག་རྒྱའི་དབང་། སྐུ་ལྔ་ཡོངས་སུ་རྫོགས་པར་འགྱུར། ན་མོ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེན་པའི་བྱིན་རླབས་ཀྱི། རིགས་ཀྱི་བུ་ལ་ཕྱག་རྒྱ་བཞི་བཅུ་རྩ་གཉིས་ཀྱི་དབང་བསྐུར་བས། སྐུ་ལྔ་ཡོངས་སུ་རྫོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །རིགས་ཀྱིས་བུ་ལ་རྒྱལ་པོའི་བཀའ་རྟགས་ཀྱི་ཕྱག་རྒྱས་དབང་བསྐུར་བས། རྒྱུད་མ་ཧཱ་ཡོ་ག་དང་། ལུང་ཨ་ནུ་ཡོ་གའི་ལྷ་ཚོགས་ཞི་ཁྲོ་རབ་འབྱམས་ཀྱི་སྐུ་ལྔ་ཡོངས་སུ་རྫོགས་ཏེ། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་རྡོ་རྗེའི་སྐུ། མངོན་པར་བྱང་ཆུབ་པའི་སྐུ་ཐོབ་པར་གྱུར་ཅིག །ཡེ་དྷརྨཱ་ནས་གཏོར། དེ་ཡན་ཆད་ཞི་བའི་དབང་བཞིའོ། །འདི་ཁྲོ་བོའི་དབང་ཨ་ནུ་ལ་བསྡུས་ཏེ་བསྟན་པ་ཙཀ་ལི་ཉུང་བས་དབང་ཐོབ། དོན་ལ་མ་ཧཱ་ལ་ཞི་ཁྲོ་གཉིས་ཡོད། དེ་ནས་ཁྲོ་བོའི་དབང་ལ། དང་པོ་དབང་མཆོག་གི་སྐུ་ཐོགས་ལ། བཅོམ་ལྡན་དབང་ཆོག་ཧེ་རུ་ཀ །མཐིང་ནག་འཇིགས་སྐུ་གདུག་པ་འདུལ། །དབུ་གསུམ་དང་པོར་བྱུང་བ་ནི། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །སྐུ་གསུང་ཐུགས་དང་ལྡན་པའི་དབུ། །ཁམས་གསུམ་མྱ་ངན་འདས་པའི་ཞལ། །དབུ་གསུམ་བར་དུ་རྔམས་པ་ནི། །གཡས་སྔོ་གཡོན་དམར་དབུས་མཐིང་ཞལ། །ཐབས་དང་ཤེས་རབ་སེམས་ཀྱི་དབུ། །སྲིད་གསུམ་དབྱིངས་སུ་རྫོགས་པའི་ཞལ། །དབུ་གསུམ་ཐ་མར་རྔམས་པ་ནི། །གཡས་གཡོན་དབུ་གསུམ་མཐིང་བའི་ཞལ། །ལུང་དང་མན་ངག་སེམས་ཀྱི་དབུ། །ཁམས་གསུམ་རེ་བ་བསྐང་བའི་ཞལ། །བཅོ་བརྒྱད་ཕྱག་རྒྱ་རོལ་པ་ནི། །སྟོང་པ་ཆོས་ཀྱི་དབྱིངས་སུ་ཐིམ། །བཅོ་བརྒྱད་ཕྱག་ན་བསྣམས་པ་ནི། །རྡོ་རྗེ་གློ་སྙིང་ཞིང་ཆུང་གཡས། །བྷུདྡྷ་ཞིང་ཆུང་ཏི་ར་གཡོན། །ཞིང་ཞགས་ཉི་མ་ཁྱུང་ཆེན་གཡས། །ཞིང་ཆེན་ཟླ་བ་འུག་པ་གཡོན། །མེ་དང་རྒྱ་མཚོ་ག་བུ་གཡས། །རླུང་དང་རིན་ཆེན་རི་རབ་གཡོན། །ཡོན་ཏན་བཅོ་བརྒྱད་དབྱིངས་སུ་རྫོགས། །ཁྲོ་རྒྱལ་རྒྱན་རྣམས་སྐུ་ལ་བརྗིད། །ཀྲོ་ཏི་མཐིང་ནག་འཁྲིལ་བའི་ཚུལ། །བྷནྡྷ་རཀྟ་གཙོ་ལ་སྟོབ། །རྒྱུད་རྒྱལ་ཆེ་མཆོག་ཧེ་རུ་ཀ །དབང་མཆོག་སྐུ་ལ་ཕྱག་འཚལ་བསྟོད། །དེ་ནས་བསྐུར་བ་ནི། ཧཱུྃ། སྟོན་པ་ཀུན་བཟང་གནས་གྱུར་པ། །ཁྲོ་རྒྱལ་ཀུན་གྱི་རྗེ་བཙན་ཡབ། །སྐུ་དང་ཕྱག་རྒྱ་མངོན་རྫོགས་པ། །ཆེ་མཆོག་ཧེ་རུ་ཀ་ཡི་དབང་སྦྱིན་ནོ། །ཀུན་ཏུ་བཟང་མོའི་ཆོས་ཉིད་གནས་གྱུར་པ། །ཁྲོ་མོ་ཀུན་གྱི་ཆེ་བཙུན་ཡུམ། །ཤེས་རབ་དབྱིངས་ལ་སྐུར་བསྐྱོད་པ། །ཀྲོ་ཏི་ཤྭ་རིའི་དབང་སྦྱིན་ནོ། །ༀ་ཀ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ །ཀ་ཏ་ཀྲོ་ཏི་ཤྭ་རི་ཧཱུྃ་ཕཊ། ཨ་བྷི༴ ཆེ་མཆོག་ཐོག་ལ། ཧཱུྃ། སྟོན་པ་ཀུན་བཟང་གནས་གྱུར་པ། །ཁྲོ་རྒྱལ་ཀུན་གྱི་རྗེ་བཙན་ཡབ། །སྐུ་དང་ཕྱག་རྒྱ་མངོན་རྫོགས་པ། །ཆེ་མཆོག་ཧེ་རུ་ཀ་ཡི་དབང་སྦྱིན་ནོ། །ཀུན་ཏུ་བཟང་མོ་གནས་གྱུར་པའི། །ཁྲོ་མོ་ཀུན་གྱི་རྗེ་བཙུན་ཡུམ། །ཤེས་རབ་དབྱིངས་ལས་སྐུར་བསྐྱེད་པ། །ཀྲོ་ཏི་ཤྭ་རིའི་དབང་སྦྱིན་ནོ། །ༀ་སེང་ཧ་མ་ཧཱ་ཤྲཱི་ཧེ་རུ་ཀ །སེང་ཧ་མ་ཧཱ་ཀྲོ་ཏི་ཤྭ་རི་ཧཱུྃ་ཕཊ། ཨ་བྷི༴ སྟོན་པ་ཀུན་བཟང་ཡབ་ཡུམ་གནས་གྱུར་པ། །ཆེ་མཆོག་ཧེ་རུ་ཀ་ཡབ་ཡུམ་དབང་མཆོག་སྦྱིན། །ཡུམ་གྱི་སྐུ་ཐོགས་ཏེ། ཁྲོ་མོའི་སྐུ་དང་ཕྱག་རྒྱ་མངོན་རྫོགས་པ ། །ཆེ་མཆོག་ཡབ་ཡུམ་དབང་མཆོག་སྦྱིན། །ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུྃ་ཕཊ། ཨ་བྷི༴ ཨེ་མ་ཧོཿ ཆོས་ཀུན་སྐུ་ལ་ཡོངས་རྫོགས་ཆོས་ཀྱི་སྐུ། །རྡོ་རྗེ་ཆེ་མཆོག་ཕྱག་འཚལ་ཧེ་རུ་ཀ །ཐེག་པ་དགུ་དང་འཁོར་བའི་ཆོས་རྣམས་ཀུན། །ཕྱག་རྒྱ་གཅིག་ཏུ་བཀོད་ནས་རྫོགས་པའི་སྐུ། །འཁོར་བ་དང་ནི་མྱ་ངན་འདས་པའི་ཆོས། །དཔའ་བོ་ཆེན་པོའི་གདན་དུ་བརྗིད་ཅིང་རོལ། །འདྲེན་གྱི་ཟླ་མེད་ཆེ་བཙན་གཅིག་པུ་ཉིད། །གསང་མཆོག་འབར་བའི་སྐུ་ལ་ཕྱག་འཚལ་བསྟོད། །གཞལ་ཡས་ཁང་ནི། ཡུམ་ཀུན་ཏུ་བཟང་མོ། དཔལ་ཆེན་པོའི་སྐུ་ལ་གཙུག་ཏོར་རྒྱལ་མཚན་རྩེ་མོ་ལ། གསེར་གྱི་ཏོག་སྟོང་ནི་རྫོགས་པ་ཆེན་པོ་དང་། སྐུ་དང་སྐུའི་རྒྱན་ལ་རྫོགས་པ་དང་། བསྐྱེད་པའི་རྣལ་འབྱོར་གྱི་གདན་གྱི་འོག་ནོར་བུ་རིན་པོ་ཆེ། སྟེང་ནས་རྡོ་རྗེ་རྩེ་གསུམ་གྱི་བྲག་གཏམ་པ་ལ། ཡོ་ག་དང་། ཨུ་བ་དང་། ཀྲི་ཡ་དང་། རི་རབ་ཀྱི་ཁ་མུ་ཏིག་གི་ཅལ་དང་། ཀརྨ་གརྦྷའི་འོད་ཁྲིག་པའི་ནོར་བུ་འོད་འབར་བྲག་ལ་བྱང་ཆུབ་སེམས་དཔའ་དང་། རང་རྒྱལ་དང་། ཉན་ཐོས་དང་། ལྷ་མི་ཡང་འཁོར་བ་གཟུགས་མེད་པས་ཁམས་དང་། ཀེང་རུས་ཀྱི་རི་རབ་དང་། གཟུགས་ཁམས་ཞིང་ཆེན་གྱི་ས་དང་། འདོད་ཁམས་ཀྱི་ཆགས་པ་ཐམས་ཅད་ཁྲག་གི་རྒྱ་མཚོའི་མངོན་པར་མཐོ་ཞིང་ཕྱག་རྒྱ་རྣམ་པར་སྤྲོ་བའི་ཏིང་འཛིན་དབང་དམ་པ་ཐོབ་པར་གྱུར་ཅིག །དེའང་ཆེ་མཆོག་མདོ་ལྟར་ན། ཁྲོ་བོ་རྩལ་ཕྲེང་ལས། གནམ་ཞལ་ཕྱག་གཉིས་སྐུ་ལ་འཁྲིལ། ཞེས་པས། ཞི་བ་སྔོན་མོའམ། ཁྲོ་བོ་སྨུག་པོ་ཡབ་ཡུམ། ཟུར་དུ་ཙཀླི་མཛད་པའི། ཆོ་ག་བདུད་རྩི་ལ་དགོས་པ་ལྟར་ན། ཡབ་ཀྱི་རྡོ་རྗེ། ཡུམ་གྱི་ཞལ་དུ་བཅུག་པའི་ཡུམ་གྱི་མཁའ་ནས། བཛྲ་ཧེ་རུ་ཀ་ཕྱེད་མ་ཐོན་བདུད་རྩི་བབ་པའི་སྦྱོར་བ་གསུངས་སོ། །བཛྲ་ཧེ་རུ་ཀ་ཐོགས་ཏེ། རྡོ་རྗེ་སེམས་དཔའ་གནས་གྱུར་པ། །ཁྲག་འཐུང་ཞེ་སྡང་འཇོམས་པའི་སྐུ། །འཇིགས་བྱེད་འབར་བའི་སྐུར་སྤྲུལ་ནས། །མཆོད་ཅིང་བྱིན་རླབས་གསལ་བསྒྲུབ་པས། །བཛྲ་ཧེ་རུ་ཀའི་དབང་མཆོག་སྦྱིན། །ནམ་མཁའ་ཀུན་བཟང་གནས་གྱུར་པ། །ཁྲོ་མོ་དབང་ཕྱུག་སྐུ་གསལ་བ། །ཐབས་དང་ཤེས་རབ་གཉིས་སུ་མེད། །ཡབ་ཡུམ་མཆོད་ཅིང་གསལ་བསྒྲུབ་པས། །བཛྲ་ཀྲོ་ཏ་ཤྭ་རིའི་དབང་མཆོག་སྦྱིན། བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་ཏི་ཤྭ་རི་ས་མཱ་ཡ་ཧཱུྃ། ཨ་བྷི༴ བྷུདྡྷ་ཧེ་རུ་ཀ་ཐོགས་ཏེ། རྣམ་པར་སྣང་མཛད་གནས་གྱུར་པ། །ཁྲག་འཐུང་གཏི་མུག་འཇོམས་པའི་སྐུ། །འཇིགས་བྱེད་སྨུག་ནག་འབར་བར་གསལ། །མཆོད་ཅིང་བསྒྲུབ་སྟེ་བྱིན་རླབས་པས། །བུདྡྷ་ཧེ་རུ་ཀ་ཡི་དབང་མཆོག་སྦྱིན། །སངས་རྒྱས་སྤྱན་མ་གནས་གྱུར་པ། །ཁྲོ་མོ་དབང་ཕྱུག་སྐུར་གསལ་བ། །ཐབས་དང་ཤེས་རབ་བྱང་ཆུབ་སེམས། །སྤྱན་དྲངས་མཆོད་ཅིང་བསྒྲུབ་པའི་ཕྱིར། །ཀྲོ་ཏི་ཤྭ་རིའི་དབང་༴ བྷུདྡྷ་ཤྲཱི་ཧེ་རུ་ཀ་ཧཱུྃ། བྷུདྡྷ་ཀྲོ་ཏི་ཤྭ་རི་ཧཱུྃ། རུ་ལུ་རུ་ལུ་ཨ་བྷི༴ རཏྣ་ཧེ་རུ་ཀ་ཐོགས་ཏེ། རིན་ཆེན་འབྱུང་ལྡན་གནས་གྱུར་པ། །ཁྲག་འཐུང་ཆེན་པོ་ང་རྒྱལ་འཇོམས། །འཇིགས་བྱེད་སེར་ནག་འབར་བ་ཡི། །སྤྱན་བཟང་མཆོད་ཅིང་བསྒྲུབ་པ་ཡི། །རཏྣ་ཧེ་རུ་ཀ་ཡི༴ མ་མཱ་ཀི་ནི་གནས་གྱུར་པ། །འཇིགས་བྱེད་ཁྲོ་མོའི་སྐུ་གསལ་བ། །ཡབ་ཡུམ་ཐབས་དང་ཤེས་རབ་ལས། །སྤྱན་དྲངས་མཆོད་ཅིང་བསྙེན་བསྒྲུབ་པའི། །ཀྲོ་ཏི་ཤྭ་རིའི༴ རཏྣ་ཤྲཱི་ཧེ་རུ་ཀ །རཏྣ་ཀྲོ་ཏི་ཤྭ་རི་སྟྭྃ། རུ་ལུ་རུ་ལུ༴ ཨ་བྷི༴ པདྨ་ཧེ་རུ་ཀ་ཐོགས་ཏེ། སྣང་བ་མཐའ་ཡས་གནས་གྱུར་པ། །དཔལ་ལྡན་ཁྲག་འཐུང་འདོད་ཆགས་འཇོམས། །དམར་ནག་འབར་བའི་རལ་པ་ཅན། །བསྒོམ་ཞིང་མཆོད་ཅིང་བསྒྲུབ་པ་ཡི། །པདྨ་ཧེ་རུ་ཀ་ཡི༴ ན་བཟའ་དཀར་མོ༴ འཇིགས་བྱེད་ཆེན་མོ་ཁྲོ་མོའི་སྐུ། །ཡབ་ཡུམ་ཐབས་དང་ཤེས་རབ་ལས། །གཉིས་མེད་བྱང་ཆུབ་བསྒྲུབ་པ་ཡི། །ཀྲོ་ཏི་ཤྭ་རིའི༴ ༀ་པདྨ་ཤྲཱི་ཧེ་རུ་ཀ །པདྨ་ཀྲོ་ཏི་ཤྭ་རི་སྟྭྃ། རུ་ལུ༴ ཨ་གྷི༴ ཀརྨ་ཧེ་རུ་ཀ་ཐོགས་ཏེ། དོན་ཡོད་གྲུབ་པ་གནས་གྱུར་པ། །འཇིགས་བྱེད་ཁྲག་འཐུང་ཕྲག་དོག་འཇོམས། །ལྗང་ནག་མེ་འབར་འཇིགས་པའི་གཟུགས། །གསལ་བར་བསྐྱེད་ཅིང་མཆོད་བསྒྲུབ་པ། །ཀརྨ་ཧེ་རུ་ཀ་ཡི༴ དམ་ཚིག་སྒྲོལ་མ་གནས་གྱུར་པ། །འཇིགས་བྱེད་ཁྲོ་མོའི་ཆ་ལུགས་བཞིན། །ཡབ་ཡུམ་ཐབས་དང་ཤེས་རབ་ལས། །ལྷག་པ་བྱང་ཆུབ་སེམས་འཕྲོས་པས། །ཀྲོ་ཏི་ཤྭ་རིའི༴ ཀརྨ་ཤྲཱི་ཧེ་རུ་ཀ །ཀརྨ་ཀྲོ་ཏི་ཤྭ་རི་སྟྭྃ། ༀ་རུ་ལུ༴ ཨ་བྷི༴ རཀྴ་ཧེ་རུ་ཀ་ཐོགས་ཏེ། མཐུ་སྟོབས་མངའ་བདག་གནས་གྱུར་པ། །སྒྲོལ་བྱེད་ཆེན་པོ་བདུད་རྣམས་འཇོམས། །ཐོད་དབྱུག་སྲིན་པོ་སྒྲོལ་ལ་མཁས། །མཐིང་ནག་འཇིགས་པའི་ཆ་ལུགས་ཅན། །རཀྴ་ཧེ་རུ་ཀ༴ ལྷ་མོ་རལ་གཅིག་གནས་གྱུར་པ། །ཁྲོ་བོ་ཡབ་ཀྱི་ཆ་ལུགས་ཅན། །ཡབ་ཡུམ་ཐབས་དང་ཤེས་རབ་ལས། །རཀྴ་ཀྲོ་ཏི་ཤྭ་རིའི༴ ༀ་མ་ཧཱ་རཀྴ་ཤྲཱི་ཧེ་རུ་ཀ །མ་ཧཱ་ཙནྡྷ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕ྄ཊ། མ་ཧཱ་རཀྴ་ཀྲོ་ཏི་ཤྭ་རི་ཧཱུྃ་ཕཊ། རུ་ལུ༴ ཨ་བྷི་ཥེ་ཀ་སྭཱ་ཧཱ། ཨེ་ཤ་ར་སི་ཏི་ན་མ་སྭཱ་ཧཱ། ཨ་བྷི༴ ས་ནུ་ཧེ་རུ་ཀ་ཐོགས་ཏེ། མཁྱེན་རབ་དབང་པོ་གནས་གྱུར་པ། །སྒྲོལ་བྱེད་མ་མོ་མཁའ་འགྲོ་འདུལ། །སེར་ནག་མདོག་ཅན་འཇིགས་པའི་གཟུགས། །གང་བསྒྲུབ་མཐུ་དང་དབང་བརྩོན་པའི། །ས་ནུ་ཧེ་རུ་ཀ་ཡི༴ འཇིགས་བྱེད་ནག་མོ་གནས་གྱུར་པ། །ཁྲོ་མོ་དབང་ཕྱུག་ཀུན་གྱི་རྗེ། །སྤྲུལ་པ་ཡང་སྤྲུལ་ཀུན་གྱི་རྗེ། །ས་ནུ་ཀྲོ་ཏིའི༴ ༀ་མ་ཧཱ་ས་ན་ཤྲཱི་ཧེ་རུ་ཀ་ས་ནུ་ཀྲོ་ཏི་ཤྭ་རི་སྟྭྃ། ཨ་བྷི་ཥེ་ཀ་སྭཱ་ཧཱ། ཨེ་ཤ་ར་སི་ཏི་ན་མཿ རུ་ལུ༴ ཨ་བྷི༴ གྷུ་ཧྱ་ཐོགས་ཏེ། ཐུགས་རྗེའི་བདག་པོ་གནས་གྱུར་པ། །གསང་བའི་དོན་ལ་མངའ་མཛད་པ། །དམར་ནག་འཇིགས་པའི་ཆ་ལུགས་ཅན། །དུས་རྣམས་རྟག་ཏུ་གསང་བའི་ལྷ། །གྷུ་ཧྱ་ཧེ་རུ་ཀ་ཡི༴ གསང་བའི་ལྷ་མོ་གནས་གྱུར་པ། །ཁྲོ་མོ་ཆེན་མོ་གསང་བའི་ལྷ། །གསང་བའི་དོན་ལ་བསྐུལ་བྱེད་མ། །གྷུ་ཧྱ་ཀྲོ་ཏིའི༴ གྷུ་ཧྱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙན་དྷ། གྷུ་ཧྱ་ཀྲོ་ཏི་ཤྭ་རི། རུ་ལུ༴ ཨ་བྷི༴ ཡཀྴ་ཐོགས་ཏེ། བཛྲ་ཡ་ཀྵ་གནས་གྱུར་པ། །དཔལ་ལྡན་དམ་ཚིག་མངའ་མཛད་པའི། །ལྗང་ནག་འཇིགས་པའི་ཆ་ལུགས་ཅན། །བསྐལ་པ་བརྒྱར་ཡང་དམ་ཚིག་ལྷ། །རཀྴ་ཧེ་རུ་ཀ་ཡི༴ ཁྲོ་མོ་དམ་ཚིག་བྱ་ར་མཁན། །སངས་རྒྱས་སེམས་ཅན་འདའ་མི་བྱེད། །དམ་ཚིག་དབྱིངས་སུ་བསྐུལ་བྱེད་མ། །ཡཀྴ་ཀྲོ་ཏིའི་དབང་ཐོབ་ཤོག །ༀ་མ་ཧཱ་ཡཀྴ་ཤྲཱི་ཧེ་རུ་ཀ །མ་ཧཱ་ཙཎྜ་སརྦ་དུཥྚནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ། ༀ་མ་ཧཱ་ཡཀྴ་ཀྲོ་ཏི་ཤྭ་རི་ཛྭ་ལ་ནི་ཧཱུྃ་ཕཊ། ཨ་བྷི་ཥེ་ཀ་ཏ་སྭཱ་ཧཱ། ཨེ་ཤ་རི་སི། ཏི་ན་མ། བྷི་ཤེ་ཙ་ནི་མ་ག་ལ་ནི། ཤཱ་པ་ཧཱུྃ། རུ་ལུ༴ ཨ་བྷི༴ ཀོའུ་རི་ཐོག་ལ། དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །འཁོར་ལོ་བརྒྱད་ཀྱི་ཕྱི་རོལ་ན། །གྲུ་ཆད་བརྒྱད་དང་གློ་འབུར་དུ། །ཁྲོ་མོ་བརྒྱད་ཀྱི་བསྐོར་བ་ནི། །ས་ཡི་སྙིང་པོ་གནས་གྱུར་པ། །སྲིན་མོ་ཆེན་མོ་གིང་རུས་བརྟུལ། །དཀར་མོ་མཐུ་རྩལ་བསྐུལ་བྱེད་པའི། །བཛྲ་ཧེ་རུ་ཀ་ཡི༴ བཛྲ་ཀེའུ་རི་ཧ་ཧ་ཧ་རུ་ལུ༴ ཨ་བྷི་ཥེ་ཀ་སྭཱ་ཧཱ། ཨེ་ཤ་ར་པི་ཏི་ན་མ། བྷེ་ཤ་ཙ་ནི་པི་ཏི་ཧཱུྃ། ཨ་བྷི༴ ཙི་རུ་ཐོགས་ལ། དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །འཁོར་ལོ་བརྒྱད་ཀྱི་ཕྱི་རོལ་ན། །གྲུ་ཆད་བརྒྱད་དང་གློ་འབུར་དུ། །ཁྲོ་མོ་བརྒྱད་ཀྱི་བསྐོར་བ་ནི། །ནམ་མཁའི་སྙིང་པོ་གནས་གྱུར་པ། །སྲིན་མོ་ཆེན་མོ་མདའ་འཕེན་བརྟུལ། །རྐུན་མོ་མཐུ་རྩལ་ལེན་བྱེད་པའི། །བཛྲ་ཙིའུ་རིའི་དབང་༴ བཛྲ་ཙིའུ་རི་ཧ་ཧ་ཧ། ༀ་རུ་ལུ༴ ཨ་བྷི་ཥེ་ཀ་སྭཱ་ཧཱ། ཨེ་ཤ་ར་སིདྡྷེ་ན་མཿ བྷེ་ཤ་ཙ་ནི་སིདྡྷི་ཧཱུྃ། ཨ་བྷི༴ པྲ་མོ་ཐོགས་ཏེ། དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །འཁོར་ལོ་བརྒྱད་ཀྱི་ཕྱི་རོལ་ན། །གྲུ་ཆད་བརྒྱད་དང་གློ་འབུར་དུ། །ཁྲོ་མོ་བརྒྱད་ཀྱི་བསྐོར་བ་ནི། །སྤྱན་རས་གཟིགས་དབང་གནས་གྱུར་པ། །སྲིན་མོ་ཆེན་མོ་འཇིགས་བྱེད་བརྟུལ། །རྨོང་མོ་མཐུ་རྩལ་འཕྲོག་བྱེད་མ། །བཛྲ་པྲ་མོའི༴ ༀ་བཛྲ་པྲ་མོ་ཧ་ཧ་ཧ། རུ་ལུ༴ ཨ་བྷི་ཥེ་ཀ་སྭཱ་ཧཱ། ཨེ་ཤ་ར་སིདྡྷི་ན་མ ཿ བྷི་ཤ་ཏ་ནི་སི་ཏི་ཧཱུྃ། ཨ་བྷི༴ བེ་ཏ་ཐོགས་ཏེ། དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །འཁོར་ལོ་བརྒྱད་ཀྱི་ཕྱི་རོལ་ན། །གྲུ་ཆད་བརྒྱད་དང་༴ ཁྲོ་མོ་བརྒྱད་ཀྱི་བསྐོར་བ་ནི། །ཕྱག་ན་རྡོ་རྗེ་གནས་གྱུར་པ། །སྲིན་མོ་བེ་ཏ་ནག་མོ་བརྟུལ། །ཐལ་བྱེད་མཐུ་རྩལ་ཉམས་བྱེད་མ། །བཛྲ་བེ་ཏིའི༴ ༀ་བཛྲ་བེ་ཏ་ལི་ཧ་ཧ་ཧ། རུ་ལུ༴ ཨ་བྷི་ཥེ་ཀ་སྭཱ་ཧཱ། ཨེ་ཤ་ར་པི་ཏི་ན་མཿ བྷེ་ཤ་ཙ་ན་སིདྡྷི་ཧཱུྃ། ཨ་བྷི༴ པུ་ཀ་སི་ཐོགས་ཏེ། དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །འཁོར་ལོ་བརྒྱད་ཀྱི་ཕྱི་རོལ་ན། །གྲུ་ཆད་བརྒྱད་དང་གློ༴ ཁྲོ་མོ་བརྒྱད་ཀྱི༴ འཕགས་པ་བྱམས་པ་གནས་གྱུར་པ། །སྲིན་མོ་ནང་གྲོལ་འདྲེན་མ་བརྟུལ། །སྲིན་མོ་མཐུ་རྩལ་འཆིང་བྱེད་མ། །པུསྐ་སིའི་དབང་མཆོག་སྦྱིན། པུས་ཀ་སི་ཧ་ཧ་ཧ། རུ་ལུ༴ ཨ་བྷི་ཥེ་ཀ་སྭཱ་ཧཱ། ཨེ་ཤ་ར་སི་ཏི་ན་མཿ བྷེ་ཤ་ཙ་ན་སི་ཏི་ཧཱུྃ། ཨ་བྷི༴ ཀས་མ་རི་ཐོགས་ལ། དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །འཁོར་ལོ་བརྒྱད་ཀྱི་ཕྱི་རོལ་ན། །གྲུ་ཆད༴ ཁྲོ་མོ་བརྒྱད་ཀྱི་བསྐོར་བ་ནི། །སྒྲིབ་པ་རྣམ་སེལ་གནས་གྱུར་པ། །ལྷུན་པོ་སྲིན་པོ་རབ་འཇིགས་བརྟུལ། །སྨེ་ཤའི་མཐུ་རྩལ་ཉམས་བྱེད་པའི། །ཀསྨ་རིའི༴ ༀ་ཀརྨ་རི་ཧ་ཧ་ཧ། རུ་ལུ༴ ཨ་བྷི་ཥེ་ཀ་སྭཱ་ཧཱ། ཨེ་ཤ་ར་སི་ཏི་ན་མཿ བྷི་ཤ་ཙ་ནི་སི་ཏི་ཧཱུྃ། ཨ་བྷི༴ སྨེ་ཤ་ནི་ཐོགས་ལ། དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །འཁོར་ལོ་བརྒྱད་ཀྱི་ཕྱི་རོལ་ན། །གྲུ་ཆད་བརྒྱད་དང་༴ ཁྲོ་མོ༴ ཀུན་ཏུ་བཟང་མོའི་གནས་གྱུར་པས། །ནུབ་བྱང་སྲིན་མོ་སྲོག་གཅོད་བརྟུལ། །གཏུམ་མོའི་མཐུ་རྩལ་དབང་བྱེད་པ། །སྨེ་ཤ་ནའི་དབང་༴ བཛྲ་སྨེ་ཤ་ནེ་ཧ་ཧ་ཧ། རུ་ལུ༴ ཨ་བྷི་ཥེ་ཀ་སྭཱ་ཧཱ། ཨེ་ཤ་ར་སིདྡྷི་ཏི་ན་མཿ བྷི་ཤ་ཙ་ནི་སི་ཏི་ཧཱུྃ། ཨ་བྷི༴ ཙནྡྷ་ལི་ཐོགས་ཏེ། དབང་གི༴ འཁོར་ལོ༴ གྲུ་ཆད༴ ཁྲོ་མོ༴ འཇམ་དཔལ་གཞོན་ནུ་གནས་གྱུར་པས། །བྱང་ཤར་སྲིན་མོ་སྨྱོན་མ་བརྟུལ། །མ་ཚོགས་མཐུ་རྩལ་སྐྱེས་བྱེད་མ། །ཙན་དྷ་ལི་ཡི་དབང་མཆོག་སྦྱིན། །བཛྲ་ཙན་དྷ་ལི་ཧ་ཧ་ཧ། རུ་ལུ༴ ཨ་བྷི་ཥེ་ཀ་སྭཱ་ཧཱ། ཨེ་ཤ་ར་སིདྡྷི་ན་མཿ བྷེ་ཤ་ཙ་ན་སི་ཏི་ཧཱུྃ། ཨ་བྷི༴ སིང་ཧ་མུ་ཁ་ཐོགས་ཏེ། དབང་གི་དཀྱིལ་འཁོར༴ བར་ཁྱམས་ཕྱོགས་བཞི་མཚམས་བརྒྱད་དུ། །ཕྲ་མེན་བརྒྱད་ཀྱི༴ བཛྲ་ལ་སྱེ་གནས་གྱུར་པས། །ཤར་ཕྱོགས་སྲིན་པོ་སེང་གདོང་བརྟུལ། །ཕྲ་མེན་མཐུ་རྩལ་གཟི་བྱིན་མ། །སེང་ཧ་མུ་ཀའི་དབང་༴ ༀ་བཛྲ་སེང་ཧ་མུ་ཀ་ཧེ་ཧེ་ཧེ། རུ་ལུ༴ ཨ་བྷི་ཥེ་ཀ་སྭཱ་ཧཱ། ཨེ་ཤ་ར་སི་ཏི་ན་མཿ བྷེ་ཤ་ཙ་ནི་སི་ཏི། ཨ་བྷི༴ བྱ་ཀྲི་ཐོགས་ཏེ། དབང་གི༴ བར་ཁྱམས་ཕྱོགས་བཞི་མཚམས་བརྒྱད་དུ། །ཕྲ་མེན༴ བཛྲ་མ་ལེ་གནས་གྱུར་པ། །ལྷོ་ཕྱོགས་སྲིན་པོ་སྟག་མགོ་བརྟུལ། །ཕྲ་མེན་མཐུ་རྩལ་འཇོམས་བྱེད་མ། །བྱ་ཀྲི་མུ་ཀའི༴ བཛྲ་བྱ་ཀྲི་མུ་ཀ་ཧེ་ཧ་ཧ། རུ་ལུ༴ ཨ་བྷི་ཥེ་ཀ་སྭཱ་ཧཱ། ཨེ་ཤ་ར་སི་ཏི་ན་མཿ བྷེ་ཤ་ཙ་ནི་སི་ཏི་ཧཱུྃ། ཨ་བྷི༴ སྲི་ལ་མུ་ཁ་ཐོགས་ཏེ། དབང་གི་དཀྱིལ་འཁོར༴ བར་ཁྱམས་ཕྱོགས༴ ཕྲ་མེན༴ བཛྲ་གིརྟི་གནས་གྱུར་པ། །ནུབ་ཕྱོགས་སྲིན་པོ་སྲོག་ལེན་བརྟུལ། །ཕྲ་མེན་མཐུ་རྩལ་འཛིན་བྱེད་པ། །སྲི་ལ་མུ་ཀའི༴ བཛྲ་སྲི་ལ་མུ་ཀ་ཧེ་ཧ་ཧ། རུ་ལུ༴ ཨ་བྷི་ཥི༴ ཨེ་ཤ་ར་སི་ཏི་ན་མཿ བྷི་ཤ་ཙ་ནི་སི་ཏི་ཧཱུྃ། ཨ་བྷི༴ ཤྭ་ན་མུ་ཁ་ཐོགས་ཏེ། དབང་གི༴ བར་ཁྱམས་ཕྱོགས་བཞི་མཚམས་བརྒྱད་དུ། །ཕྲ་མེན༴ བཛྲ་ནི རྟི་གནས་གྱུར་པས། །བྱང་ཕྱོགས་སྲིན་པོ་སྤྱང་མགོ་བརྟུལ། །ཕྲ་མེན་མཐུ་རྩལ་འདྲི་བྱེད་མ། །ཤྭ་ན་མུ་ཀའི༴ ༀ་ཤྭ་ན་མུ་ཀ་ཧེ་ཧ་ཧ། རུ་ལུ༴ ཨ་བྷི༴ ཨེ་ཤ་ར་སི་ཏི་ན་མཿ བྷེ་ཤ་ཙ་ན་སི་དྡྷི་ཧཱུྃ། ཨ་བྷི༴ ཀྲི་ཏ་མུ་ཁ་ཐོགས་ཏེ། དབང་གི༴ བར་ཁྱམས། ཕྲ་མེན་བཞི་ཡི༴ བཛྲ་དྷུཥྤེ་གནས༴ ཤར་ལྷོའི་སྲིན་པོ་ཁྲག་འཐུང་བརྟུལ། ཕྲ་མེན་མཐུ་རྩལ་མགྱོགས་བྱེད་མ། །ཀྲི་ཏ་མུ་ཀའི༴ བཛྲ་ཀྲི་ཏ་མུ་ཀ་ཧེ་ཧ་ཧ། རུ་ལུ༴ ཨ༴ ཨེ་ཤ་ར་སི་ཏི་ན་མཿ བྷེ་ཤ་ཙ་ནི་སིདྡྷི་ཧཱུྃ། ཨ་བྷི༴ ཀང་ཀ་མུ་ཀ་ཐོགས་ཏེ། དབང་གི༴ བར་ཁྱམས༴ ཕྲ་མེན༴ བཛྲ་པུཥྤེ༴ ལྷོ་ནུབ་སྲིན་པོ་གང་ཟག་བརྟུལ། །ཕྲ་མེན་མཐུ༴ ཁྱབ་བྱེད་པ། ཀང་ཀ་མུ་ཀའི༴ བཛྲ་ཀང་ཀ་མུ་ཀ་ཧེ་ཧ་ཧ། རུ་ལུ༴ ཨ་བྷི་ཥེ་ཀ་སྭཱ་ཧཱ། ཨེ་ཤ་ར་སི་ཏི་ན་མཿ བྷི་ཤ་ཙ་ནིསིདྡྷི་ཧཱུྃ། ཨ་བྷི༴ ཁ་ལ་མུ་ཀ་ཐོགས་ཏེ། དབང་གི༴ བར་ཁྱམས༴ ཕྲ་མེན༴ བཛྲ་ཨ་ལོ་ཀེ་ནི་གནས་གྱུར་པས། །ནུབ་བྱང་སྲིན་པོ་འཇོམས་བྱེད་བརྟུལ། །ཕྲ་མེན་མཐུ་རྩལ་ཟ་བྱེད་མ། །ཁ་ཁ་མུ་ཀའི༴ བཛྲ་ཁ་ཁ་མུ་ཁ་ཧེ་་ཧ་ཧ། རུ་ལུ༴ ཨ་བྷི༴ ཨ་བྷི་ཥེ་ཀ་སྭཱ་ཧཱ། ཨེ་ཤ་ར་སི་ཏི་ན་མཿ བྷེ་ཤ་ཙ་ནི་སི་ཏི་ཧཱུྃ། ཨ་བྷི༴ ཧུ་ལུ་མུ་ཁ་ཐོགས་ཏེ། དབང་གི༴ བར་ཁྱམས༴ ཕྲ་མེན༴ བཛྲ་གེནྡྷེ་གནས༴ བྱང་ཤར་སྲིན་པོ་བསྐུལ་བྱེད་བརྟུལ། །ཕྲ་མེན་མཐུ་རྩལ་མྱོས་བྱེད་མ། །ཧུ་ལུ་མུ་ཀའི༴ བཛྲ་ཧུ་ལུ་མུ་ཁ་ཧེ་ཧ་ཧ། རུ་ལུ༴ ཨ་བྷི༴ ཨེ་ཤ་ར་སི་ཏི་ན་མཿ བྷེ་ཤ་ཙ་ནི་སི་ཏི་ཧཱུྃ། ཨ་བྷི༴ ཨཾ་གུ་ཤ་ཐོགས་ཏེ། དབང་གི༴ །གྲུ་ཆད་བར་ཁྱམས་ཕྱི་རིམ་ལ། །རྣམ་པར་ཐར་པའི་སྒོ་བཞི་རུ། །སྒོ་མ་བཞི་ཡི་བསྐོར་བ་ནི། །ལྷ་མོ་བྱམས་པ་གནས་གྱུར་པ། །ཤར་གྱི་སྲིན་པོ་རྟ་མགོ་བརྟུལ། །བྱམས་ཆེན་རྣལ་འབྱོར་མགོན་མཛད་མ། །ཨཾ་གུ་ཤ་ཡི་དབང་༴ བཛྲ་ཨརྱ་ཏེ་ཛ་ཏེ་ང་ཛ་ཕཊ། ༀ་རུ་ལུ་རུ་ལུ༴ ཨ་བྷི་ཥེ་ཀ་སྭཱ་ཧཱ། ཨེ་ཤ་ར་སི་ཏི་ན་མཿ བྷེ་ཤ་ཙ་ནི་སི་ཏི་ཧཱུྃ། ཨ་བྷི༴ པ་ཤ་ཐོགས་ཏེ། དབང་གི་དཀྱིལ༴ གྲུ་ཆད་བར་ཁྱམས་ཕྱི་རིམ་ལ། །རྣལ་འབྱོར་པ་ཡི་སྒོ་བཞི་རུ། །སྒོ་མ་བཞི་ཡི་བསྐོར་བ་ནི། །ལྷ་མོ་སྙིང་རྗེ་གནས་གྱུར་པས། །ལྷོ་ཡི་སྲིན་པོ་ཕག་མགོ་བརྟུལ། །ཐུགས་རྗེས་གཞན་ལ་ཕན་འདོག་མ། །བཛྲ་པ་ཤའི༴ བཛྲ་ཨ་མོ་ཀ་ཕཊ། རུ་ལུ༴ ཨ་བྷི་ཥེ༴ ཨེ་ཤ་ར་སི་ཏི་ན་མཿ བྷི་ཤ་ཙ་ནི་སི་ཏི་ༀ་ཨཱཿ ལོ་ཀ་ཐོགས་ཏེ། དབང་གི་དཀྱིལ་འཁོར༴ གྲུ་ཆད་བར་ཁྱམས་ཕྱི་རིམ་ལ། །རྣལ་འབྱོར་པ་ཡི་སྒོ་བཞི་རུ། །དགའ་བ་ཆེན་པོ་གནས་གྱུར་པས། །ནུབ་ཀྱི་སྲིན་པོ་དྲེད་མགོ་བརྟུལ། །དགའ་བས་རྣལ་འབྱོར་སྲུང་མཛད་མ། །ལོ་ཀ་མའི༴ བཛྲ་ལོ་ཀི་བཾ་ཕཊ། རུ་ལུ༴ ཨ་བྷི་ཥེ་ཀ་ཝཱ་ཧཱ། ཨེ་ཤ་ར་པི་ཏི་ན་མཿ བྷེ་ཤ་ནི་སི་ཏི་ཧཱུྃ། ཨ་བྷི༴ ས་སྨི་པ་ལ་ཐོགས་ཏེ། དབང་གི༴ གྲུ་ཆད༴ རྣལ་འབྱོར་པ་ཡི༴ བཏང་སྙོམས་ཆེན་པོ་གནས་གྱུར་པས། །བྱང་གི་སྲིན་པོ་སྤྱང་མགོ་བརྟུལ། །བཏང་སྙོམས་ཆེན་མོའི་དོན་མཛད་མ། །ས་སྨི་པ་ཡི་དབང་སྦྱིན་ནོ། །བཛྲ་ས་སྨི་པ་ལ་ཡ་པ་ཏ་ཧོཿ རུ་ལུ༴ ཨ་བྷི་ཥེ་ཀ་སྭཱ་ཧཱ། ཨེ་ཤ་ར་སི་ཏི་ན་མཿ བྷེ་ཤ་ཙ་ནི་སི་ཏི་ཧཱུྃ། ཨ་བྷི༴ ཤར་གྱི་སྤོར་མ་ཐོགས་ཏེ། དབང་གི༴ རྣམ་བཞི་སྒོ་བཞིའི་སྒོ་ཁྱུད་མ། །སྣམ་བུ་ཕྱོགས་བཞི་མཚམས་བཞི་བརྒྱད་དག་ཏུ། །སྤོར་མ་བརྒྱད་ཀྱི་བསྐོར་བ་ནི། །ནང་གི་དབང་མོ་གནས་གྱུར་པས། །སྲིན་མོ་འབར་མ་ཉི་ཞགས་བརྟུལ། །མི་ཟད་སྣ་ཚོགས་ཉི་ཟེར་ཞགས། །ཤར་གྱི་སྤོར་མའི་དབང་མཆོག་སྦྱིན། །བཛྲ་ཨ་པྲ་ཏི་ཨརྱ་ནི། ཙ་དུ་ཤཎྜ་ཕཊ། ཨ་བྷི་ཥེ་ཀ་སྭཱ་ཧཱ། ཨེ་ཤ་ར་སི་ཏི་ན་མཿ བྷེ་ཤ་ཙ་ནི་པི་ཏི་ཧཱུྃ། ཨ་བྷི༴ ཤར་ལྷོའི་སྤོར་མ་ཐོགས་ཏེ། དབང་གི༴ སྣམ་བུ་ཕྱོགས་བཞི་མཚམས་བརྒྱད་དུ། །སྤོར་མ་བརྒྱད༴ ཡི་དྭགས་སྟོན་པ་གནས་གྱུར་པས། །འབར་མ་སྲིན་མོ་མེ་གཏོང་བརྟུལ། །མེ་ཁྱེར་དམར་ནག་གློ་ཕྲེང་འཛིན། །ཤར་ལྷོའི་སྤོར་མའི༴ ཨ་བཛྲ་ཨ་པྲ་ཏི། ཨ༴ ཨེ་ཤ་ར་སི་ཏི་ན་མཿ བྷེ་ཤ་ཙ་ནི་པི་ཏི་ཧཱུྃ། ཨ་བྷི༴ ལྷོའི་སྤོར་མ་ཐོགས་ལ། མིའི་སྟོན་པ་གནས་གྱུར་པས། །སྲིན་མོ་འབར་མ་གཏུམ་མོ་བརྟུལ། །གཏི་མུག་སེར་ནག་མདུང་ཐུང་འཕེན། །ལྷོ་ཡི་སྤོར་མའི༴ བཛྲ་ཨ་མྲྀ་ཙ། ཨ་བྷི་ཤ༴ ཨེ་ཤ་ར༴ བྷེ་ཤ༴ ཨ་བྷི༴ ལྷོ་ནུབ་སྤོར་མ་ཐོགས་ལ། དབང་གི༴ སྣམ་བཞི་སྒོ་བཞི་སྒོ་ཁྱུད་ལ། །སྣམ་བུ་ཕྱོགས་བཞི་མཚམས་བརྒྱད་དུ། །སྤོར་མ༴ དམྱལ་བའི་སྟོན་པ་གནས་གྱུར་པས། །སྲིན་པོ་འབར་མ་རལ་གྲི་བརྟུལ། །གཤིན་རྗེ་སྔོ་ནག་རལ་གྲིའི་སྐུ། །ལྷོ་ནུབ་སྤོར་མའི༴ བཛྲ་ཨ་མྲྀ་ཏ་ནི། ཨ་བྷི་ཥེ་ཀ་སྭཱ་ཧཱ། ཨེ་ཤ་ར་སི་ཏི་ན་མཿ བྷེ་ཤ་ཙ་ནི་པི་ཏི་ཧཱུྃ། ཨ་བྷི༴ ནུབ་ཀྱི་སྤོར་མ་ཐོགས་ལ། དབང་གི༴ རྣམ་བཞི་སྒོ་བཞི་སྒོ་ཁྱུད་མ། །སྣམ་བུ་ཕྱོགས་བཞི་མཚམས་བརྒྱད་དུ། །སྤོར་མ་བརྒྱད་ཀྱི༴ ཕྱི་ཡི་ཡུལ་ཆོས་གནས་གྱུར་པས། །སྲིན་པོ་འབར་མ་སྒྲ་འབྱིན་བརྟུལ། །རྡོ་རྗེ་དྲིལ་བུ་འཁྲིལ་བྱེད་མ། །ནུབ་ཀྱི་སྤོར་མའི༴ བཛྲ་ཨ་ར་ཏི། ཨ་བྷི་ཥེ༴ ཨེ་ཤ༴ བྷེ་ཤ༴ ཨ་བྷི༴ ནུབ་བྱང་སྤོར་མ་ཐོགས་ལ། དབང་གི༴ རྣམ་བཞི་སྒོ་བཞི་སྒོ་ཁྱུད་མ། །སྣམ་བུ་ཕྱོགས་བཞི་མཚམས་བརྒྱད་དུ། །སྤོར་མ་བརྒྱད༴ ལྷ་ཡི་སྟོན་པ་གནས་གྱུར་པས། །སྲིན་པོ་འབར་མ་གནོད་སྦྱིན་བརྟུལ། །གནོད་སྦྱིན་མཐིང་ནག་ཁྱུང་ཐོག་མ། །ནུབ་བྱང་སྤོར་མའི༴ བཛྲ་ཨ་པྲ་ཏི། ཨ་བྷི༴ ཨེ་ཤ༴ བྷེ་ཤ༴ ཨ་བྷི། བྱང་གི་སྤོར་མ་ཐོགས་ལ། དབང་གི༴ རྣམ་བཞི༴ སྣམ་བུ༴ སྤོར་མ༴ ལྷ་མིའི་སྟོན་པ༴ སྲིན་མོ་འབར་མ་ཐོགས་མེད་བརྟུལ། །ཐོག་འབེབ་སྔོ་ནག་སྐར་མདའ་གཏོང་། །བྱང་གི༴ བཛྲ་ཨ་བྷི༴ ཨ་བྷི༴ ཨེ་ཤ་ར་བྷེ་ཤ་ར། ཨ་བྷི༴ བྱང་ཤར་གྱི་སྤོར་མ་ཐོགས་ལ། དབང་གི༴ རྣམ་བཞི༴ སྣམ་བུ༴ སྤོར་མ༴ བྱོལ་སོང་ཐུབ་པ༴ སྲིན་མོ་འཇིག་རྟེན་འབར་མ་བརྟུལ། །འཇིགས་བྱེད་སྨུག་ནག་གློག་ཤ་སྟོབས། །བྱང་ཤར་སྤོར་མའི༴ བཛྲ་ཨ་པྲ་ཏི་ཨརྱ་ནི་ཙ་དུ ཥྚན་ཕཊ། ཨ་བྷི༴ ཨེ་ཤ་ར་སི་ཏི་ན་མཿ བྷེ་ཤ་ཙ་ནི་སི་ཏི་ཧཱུྃ། ཨ་བྷི༴ གསང་ཡུམ་གོས་དཀར་མོ་ཐོགས་ཏེ། དབང་གི༴ གྲུ་ཆད་བར་ཁྱམ༴ ཕྱི་རིམ༴ གསང་ཡུམ་བཞི་ཡི༴ དཀར་མོ་མིག་གཅིག་རྒྱས་འདེབས་མ། །དཔལ་ཆེན་སྐུ་ལ་སྦྱོར་མཛད་མ། མདུན་ནས་སངས་རྒྱས་གཟུངས་མཛད་མ། །སྐུ་དཀར་ཕྱག་ན་རྡོ་རྗེ་བསྣམས། །གསང་བའི་ཡུམ་གྱི་དབང་༴ ༀ་བཛྲ་ཤྲཱི་བཛྲ་ཀ་ཤ་ར་ཡ་ན་མཿ ཨ་བྷི༴ སེར་མོ་ཐོགས་ཏེ། སེར་མོ་ལས་མཁན་ཚེ་འཕེལ་མ། །སྐུ་སེར་ཕྱག་ན་མདའ་གཞུ་འགེང་། །དཔལ་ཆེན་སྐུ་ལ་སྦྱོར་མཛད་མ། །གཡས་ན་སངས་རྒྱས་གཟུངས་མཛད་མ། །གསང་བའི་ཡུམ་གྱི་དབང་མཆོག་སྦྱིན། །ཤྲཱི་བཛྲ་རཱ་ག་ན་ས་མ་ཡ་ན་མཿ ཨ་བྷི༴ དམར་མོ་ཐོགས་ཏེ། དམར་མོ་ཟ་བྱེད་དབང་སྡུད་མ། །སྐུ་དམར་ཕྱག་ན་རྒྱལ་མཚན་བསྣམས། །དཔལ་ཆེན་སྐུ་ལ་སྦྱོར་མཛད་མ། །རྒྱབ་ནས་སངས་རྒྱས་གཟུངས་མཛད་མ། །གསང་བ་ཡུམ་གྱི་དབང་ཆོག༴ ཤྲཱི་བཛྲ་ཕཊ། ཁ་པྲ་ཛ་མ་ལ། ཨ་བྷི་ཥིཉྩ་ཨཱཿ ནག་མོ་ཐོགས་ཏེ། ནག་མོ་རལ་གཅིག་རྨོངས་བྱེད་མ། །ལྗང་ནག་ཕྱག་ན་དྲིལ་བུ་བསྣམས། །དཔལ་ཆེན་སྐུ་ལ་སྦྱོར་མཛད་མ། །གཡོན་ནས་སངས་རྒྱས་གཟུངས་མཛད་མ། །གསང་བ་ཡུམ་གྱི་དབང་༴ ཤྲཱི་བཛྲ་གྷན་དྷ་ར་ཛ་ལ་ན་མཿ ཨ་བྷི༴ དབང་མོ་ཉེར་བརྒྱད་ལས། མ་ནུ་རཀྴ་ཐོགས་ལ། དབང་གི་དཀྱིལ༴ ཕྱི་རིམ་ཁྲོམ་གྱི་ཁྲག་མཚོ་ལ། །སྒོ་བཞི་སྣམ་བུའི་ངོས་བཞི་ན། །དབང་ཕྱུག་ཚོགས་ཀྱིས་བསྐོར་བ་ནི། །སྲིན་པོའི་ཆུང་མ་གནས་གྱུར་པ། །དབང་ཕྱུག་ཆེན་པོ་མི་སྲིན་མོ། །སྐུ་མདོག་དམར་ནག་ཐོད་རློན་འཆང་། །དེ་ཉིད་ལས་ནི་གནས་གྱུར་པ། །དམར་སེར་དྲིལ་བུ་ཞིང་ཆེན་གཡབ། །མཐུ་དང་རྫུ་འཕྲུལ་བྱིན་རླབས་ཀྱི། །མ་ནུ་རཀྴའི་དབང་མཆོག་སྦྱིན། །ཨ་བྷི༴ བཛྲ་བྲ་མ་ཐོགས་ཏེ། དབང་གི༴ ཕྱི་རིམ་ཁྲོམ་གྱི་ཁྲག་མཚོ་ལ། །སྒོ་བཞི་སྣམ་བུའི་ངོས་བཞི་ན། །དབང་ཕྱུག་ཚོགས་ཀྱིས་བསྐོར་བ་ནི། །ཚངས་པའི་ཆུང་མ་གནས་གྱུར་པ། །དབང་ཕྱུག་ཆེན་མོ་ཚངས་མ་སྟེ། །སྐུ་མདོག་དམར་སེར་པདྨ་བསྣམས། །དེ་ཉིད༴ དམར་སྐྱ་རྩེ་ལྔ་བན་དམར་སྦྲུལ། །མཐུ་སྟོབས་དབང་ཕྱུག་བསམ་མི་ཁྱབ། །བཛྲ་པྲ་མའི༴ ཨ་བྷི༴ རོའུ་ཏྲི་ཐོགས་ལ། དབང་གི༴ ཕྱི་རིམ༴ སྒོ་བཞི༴ དབང་ཕྱུག༴ ལྷ་ཆེན་ཆུང་མ་གནས་གྱུར་པ། །དབང་ཕྱུག་ཆེན་མོ་འཁྲུག་མ་ཆེ། །སྐུ་མདོག་དཀར་མོ་ཏྲི་ཤུ་ལ། །དེ་ཉིད་ལས་ནི༴ དམར་སེར་ཞིང་དབྱུག་སྙིང་འབྱིན་གཟིག །རོལ་པའི་རྫུ་འཕྲུལ་བྱིན་རླབས་ཀྱི། །བཛྲ་རེའུ་ཏྲིའི་དབང་༴ ཨ་བྷི༴ ཀེའུ་རི་མ་ཐོགས་ཏེ། དབང་གི༴ ཕྱི་རིམ༴ སྒོ་བཞི༴ དབྱིངས་ཕྱུག༴ ཁྱབ་འཇུག་ཆུང་མ་གནས་གྱུར་པ། །དབང་ཕྱུག་ཆེན་མོ་འཇུག་སེར་མོ། །ཏོག་འདོད་ཆེན་མོ་འཁོར་ལོ་འཆང་། །དེ་ཉིད་ལས་ནི༴ རིམ་པ་འཁོར་ལོ་ཕ་ཝཾ་སེར། །རེག་པའི་མཐུ་སྟོབས་བསམ་ཡས་པའི། །བཛྲ་ཀེའུ་རིའི༴ ཨ་བྷི༴ ཨིན་ཏྲ་ཐོགས་ཏེ། དབང་གི༴ ཕྱི་རིམ༴ སྒོ་བཞི༴ དབང་ཕྱུག༴ གཞོན་ནུ་ཆུང་མ་གནས་གྱུར་པ། །དབང་ཕྱུག་ཆེན་མོ་དམར་མོ་སྟེ། །གཞོན་ནུ་དམར་མོ་མདུང་ཐུང་འཕེན། །དེ་ཉིད༴ དམར་མོ་དམར་སྐྱ་བམ་དབྱུག་དྲེད། །ཡོན་ཏན་མཐུ་རྩལ་བསམ་ཡས་པ། །བཛྲ་ཨིནྟྲའི་དབང་༴ ཨ་བྷི༴ བེཥྞ་བེ་ཐོགས་ལ། དབང་གི༴ ཕྱི་རིམ༴ སྒོ་བཞི༴ དབང་ཕྱུག༴ བརྒྱ་བྱིན་ཆུང་མ༴ དབང་ཕྱུག་ཆེན་མོ་དབང་མོ་ཆེ། །སྐུ་མདོག་དཀར་མོ་ཨིན་ཏྲའི་གདོང་། དེ་ཉིད༴ དཀར་དམར་བྱི་བ་དུང་དམར་བསྲིང་། །ཆེ་བའི་ཡོན་ཏན་བསམ་ཡས་པ། །བེ་སྣ་བ་ཡི་དབང་༴ ཨ་བྷི༴ བཛྲ་པིང་ག་ལཾ་ཐོགས་ཏེ། དབང་གི༴ ཕྱི་རིམ༴ སྒོ་བཞི་སྣ་བུག༴ དབང་ཕྱུག༴ ལྷ་མོ་ཁྱོ་མེད་གནས་གྱུར་པ། །དབང་ཕྱུག་ཆེན་མོ་དམར་མོ་སྟེ། །ཞི་བ་དམར་མོ་ཙན་དྷ་འཐུང་། །དེ་ཉིད༴ དམར་མོ་དུང་དམར་རྒྱུ་ཞགས་འཐུང་། །ཡིད་ཀྱི་འདོད་པ་བསམ་ཡས་པ། །སིང་ག་ལ་ཡི་དབང་༴ ཨ་བྷི༴ བཛྲ་ཨ་མྲྀ་ཏ་ཐོགས་ཏེ། དབང་གི༴ ཕྱི་རིམ༴ སྒོ་བཞི་སྣ་བུའི༴ དབང་ཕྱུག༴ ཉི་མའི་ཆུང་མ་གནས་གྱུར་པ། །དབང་ཕྱུག་ཆེན་མོ་བདུད་རྩི་མོ། །སྐུ་མདོག་དམར་མོ་པདྨ་བསྣམས། །དེ་ཉིད༴ བདུད་རྩི་སྔོན་མོ་ཆུ་སྲིན་བུམ། །སྨན་གྱི་མཐུ་སྟོབས་བསམ་མི་ཁྱབ། །བཛྲ་ཨ་མྲྀ་ཏ་ཡི༴ ཨ་བྷི༴ བཛྲ་སོའུ་མྱ ག་ཐོགས་ཏེ། དབང་གི༴ ཕྱི་རིམ༴ སྒོ་བཞི་སྣམ་བུའི༴ དབང་ཕྱུག༴ ཟླ་བའི་ཆུང་མ་གནས་གྱུར་པ། །དབང་ཕྱུག་ཆེན་མོ་ཞི་བ་མོ། །ཞི་བ་དཀར་མོ་པུ་དྷ་རི། །དེ་ཉིད༴ སྔོ་སྐྱ་བམ་རིལ་ཁོག་སྨད་སྡིག །བདུད་རྩི་བྱང་ཆུབ་སེམས་ཀྱི་མཐུས། །བཛྲ་སོའུ་མྱག་དབང་༴ ཨ་བྷི༴ བཛྲ་དྷ་ན་ཐོགས་ལ། དབང་གི༴ ཕྱི་རིམ༴ སྒོ་བཞི༴ དབང་ཕྱུག༴ བེ་ཅོན་ཆུང་མ་གནས་གྱུར་པ། །དབང་ཕྱུག་ཆེན་མོ་བེ་ཅོན་མོ། །སྐུ་མདོག་སྔོན་པོ་དབྱུག་ཏོ་ཐོག །དེ་ཉིད་ལས་ནི༴ ནག་མོ་བམ་ཆེན་ཐོད་རློན་ཁྲ། །དྲག་ཤུལ་འཇོམས་པའི་མཐུ་སྟོབས་ཀྱིས། །བཛྲ་ན་ཡི༴ ཨ་བྷི༴ བཛྲ་རཀྴ་སི་ཐོགས་ཏེ། དབང་གི༴ ཕྱི་རིམ༴ སྒོ་བཞི༴ དབང་ཕྱུག༴ སྲིན་མོ་ཁྱོ་མེད་གནས༴ དབང་ཕྱུག་ཆེན་མོའི་སྲིན་མོ་སྟེ། །སྐུ་མདོག་དམར་སེར་ཐོད་ཁྲག་འཐུང་། །དེ་ཉིད་༴ དམར་ནག་ཞིང་ཆེན་རྒྱུ་འདྲེན་ཝ། །དྲག་པོའི་མཐུ་སྟོབས་བསམ་ཡས་པ། །བཛྲ་རཀྴའི་དབང་༴ ཨ་བྷི༴ བཛྲ་ཡཀྴ་ཐོགས་ལ། དབང་གི༴ ཕྱི་རིམ༴ སྒོ་བཞི༴ དབང་ཕྱུག༴ ནག་ཆེན་ཆུང་མ་གནས༴ དབང་ཕྱུག་ཆེན་མོ་ཟ་བ་མོ། །དམར་ནག་ཤ་དང་ཁྲག་ལ་རོལ། །དེ་ཉིད་ལས༴ ནག་མོ་གམ་ཆེན་སྙིག་འབྱོན་སྟག །མཐུ་སྟོབས་གཞན་གྱི་མི་ཐུབ་སྟེ། །བཛྲ་ཡཀྴའི། ཨ་བྷི༴ བཛྲ་པྲ་ཏི་ཐོགས་ཏེ། དབང་གི༴ ཕྱི་རིམ༴ སྒོ་བཞི༴ དབང་ཕྱུག༴ བྷྲིང་གི་ཆུང་མ་གནས་གྱུར་པ། །དབང་ཕྱུག་ཆེན་མོ་དགའ་མོ་སྟེ། །སྐུ་མདོག་དམར་མོ་ཁཏྒ་འཆང་། །དེ་ཉིད་ལས༴ དམར་མོ་འཁོར་ལོ་ཐོད་པར་རྒོད། །མཐུ་དང་ལོངས་སྤྱོད་བསམ༴ ར་ཏི་ཏཾ་གི་དབང་༴ ཨ་བྷི༴ རུ་ཏྲི་རེ་མ་ཏི་ཐོགས་ཏེ། དབང་གི༴ ཕྱི༴ སྒོ་བཞི༴ དབང་ཕྱུག༴ སྟོབས་བཟང་ཆུང་མ་གནས་གྱུར་པ། །དབང་ཕྱུག་ཆེན་མོ་ཁྲག་འཐུང་མྱོས། །སྐུ་མདོག་དཀར་མོ་གཤོལ་འཆང་མ། །དེ་ཉིད༴ དམར་ནག་རྡོར་དབྱུག་དུང་དམར་རྟ། །མཐུ་སྟོབས་རྫུ་འཕྲུལ་མཐའ་ཡས་པ། །རེ་མ་ཏིའི་དབང་༴ ཨ་བྷི༴ བཛྲ་ཨེ་ཀ་ཙ་ར་ཐོགས་ཏེ། དབང་གི༴ ཕྱི་རིམ༴ སྒོ་བཞི༴ དབང་ཕྱུག༴ རྣམ་ཐོས་ཆུང་མ་གནས་གྱུར་པ། །དབང་ཕྱུག་ཆེན་མོ་གཅིག་པུ་སྤྱོད། །རྡོ་རྗེ་སེར་མོ་སྤུ་གྲིས་གཅོད། །དེ་ཉིད༴ དཀར་དམར་རྡོ་རྗེ་བྷནྡྷ་ཁྱུང་། །འབྱོར་བའི་ལོངས་སྤྱོད༴ ཨེ་ཀ་ཙ་རིའི༴ ཨ་བྷི༴ མ་ནུ་ཧ་རུ་ཐོགས་ཏེ། དབང་གི༴ ཕྱི་རིམ༴ སྒོ་བཞི༴ དབང་ཕྱུག༴ འདོད་ལྷའི་ཆུང་མ་གནས་གྱུར་པ། །དབང་ཕྱུག་ཆེན་མོ་ཡིད་འཕྲོག་མ། །སྐུ་མདོག་དཀར་མོ་མདའ་གཞུ་ཐོག །དེ་ཉིད༴ དམར་སེར་ཞིང་བསྡམ་བྱི་ཟ་ཁྱི། །འདོད་པའི་ཡོན་ཏན་ཀུན་རྫོགས་པའི། །མ་ནུ་ཧའི༴ ཨ་བྷི༴ བཛྲ་སི་ཏི་ཀཾ་ཐོགས་ཏེ། དབང་གི༴ ཕྱི་རིམ་ཁྲོམ་གྱི༴ སྒོ་བཞི༴ དབང་ཕྱུག༴ ནོར་སྲུང་ཆུང་མ༴ དབང་ཕྱུག་ཆེན་མོ་གྲུབ་མོར་བྱུང་། །སྐུ་མདོག་དཀར་མོ་བུམ་པ་འཛིན། །དེ་ཉིད༴ དཀར་དམར་པདྨ་པུ་ཤུད་མགོ། །ལྷག་པར་ནོར་གྱི་ལོངས་སྤྱོད་ཆེ། །སི་ཏི་ཀཾ་གི་དབང་༴ ཨ་བྷི༴ བཛྲ་བ་ཡ་བྷེ་ཐོགས་ལ། དབང་གི༴ ཕྱི་རིམ༴ སྒོ་བཞི༴ དབང་ཕྱུག༴ རླུང་ལྷའི་ཆུང་མ་གནས་གྱུར་པ། །དབང་ཕྱུག་ཆེན་མོ་རླུང་མོ་སྟེ། །སྐུ་མདོག་སྔོན་པོ་བ་དན་ཕྱར། །དེ་ཉིད༴ དམར་སྐྱ་རོ་ཟ་ཤ་བའི་མགོ། །མགྱོགས་བྱེད་ཤུགས་འཆང་དངོས་གྲུབ་འཆང་། །བ་ཡ་བྷེའི་དབང་སྦྱིན༴ ཨ་བྷི༴ བཛྲ་མ་ཧཱ་ར་ན་ཐོགས་ལ། དབང་གི༴ ཕྱི་རིམ༴ སྒོ་བཞི༴ དབང་ཕྱུག༴ སྐྱོང་མ་ཁྱོ་མེད་གནས༴ དབང་ཕྱུག་ཆེན་མོ་ཁྱོ་མེད་མ། །སྐུ་མདོག་དམར་ནག་རལ་གྲིས་གཅོད། །དེ་ཉིད༴ ལྗང་ནག་བམ་ཆེན་རྔེའུ་ཆུང་གཡས། །སྒྲོལ་བྱེད་མཐུ་སྟོབས་བསམ་ཡས་པ། །མ་ར་ནའི༴ ཨ་བྷི༴ བཛྲ་ཨ་ག་ནི་ཐོགས་ཏེ། དབང་གི༴ ཕྱི་རིམ༴ སྒོ་བཞི༴ དབང་ཕྱུག་ཚོགས༴ མེ་ལྷའི་ཆུང་མ་གནས༴ སྐུ་མདོག་དམར་པོ་གསལ་ཤིང་འཛིན། །དབང་ཕྱུག་ཆེན་མོ་མེ་མོར་བྱུང་། །དེ་ལས་མི་ཟད་སྐུ་སྤྲུལ་པ། །ལྗང་དམར་མེས་བསྲེག་རྒྱུ་འདྲེན་སྐྱིན། །རྣམ་རྟོག་བག་ཆགས་ཀུན་བསྲེག་པའི། །ཨག་ནེ་མའི༴ ཨ་བྷི་ཥིཉྩ༴ བཛྲ་བྷ་ར་ཧི་ཐོགས་ཏེ། དབང་གི༴ ཕྱི་རིམ༴ སྒོ་བཞི༴ དབང་ཕྱུག༴ ས་བདག་ཆུང་མ༴ དབང་ཕྱུག་ཆེན་མོ་ཕག་མོ་བྱུང་། །སྐུ་མདོག་དམར་ནག་མཆེ་བ་བསྣམས། །དེ་ཉིད་ལས༴ ལྗང་སེར་རྩེ་གསུམ་བྱི་རོ་ཕག །འཇིག་རྟེན་ཁམས་ཀྱི་དབང་མཆོག་མ། །བྷ་ར་ཧིའི༴ ཨ་བྷི༴ བཛྲ་ཙ་མུན་ཏི་ཐོགས་ཏེ། དབང་གི༴ ཕྱི་རིམ༴ སྒོ་བཞི༴ དབང་ཕྱུག༴ གཤིན་རྗེའི་ཆུང་མ་གནས༴ དབང་ཕྱུག་ཆེན་མོ་རྒན་བྱེད་མོ། །དམར་སྨུག་བྱི་རོ་རྒྱུ་མ་ཟ། །དེ་ཉིད་ལས་ཀྱང་། ལྗང་སྔོན་རྒྱུ་འདྲེན་ཁྲག་འཁོར་ལས། །མ་མོ་མཐུ་དང་ཀུན་རྫོགས་པའི། །ཙ་མུན་ཏའི༴ ཨ་བྷི༴ བཛྲ་པུ་ཏ་ན་ཐོགས་ཏེ། དབང་གི༴ ཕྱི་རིམ༴ སྒོ་བཞི༴ དབང་ཕྱུག་ཚོགས༴ བགེགས་ཀྱི་ཆུང་མ་གནས་གྱུར་པ། །དབང་ཕྱུག་ཆེན་མོ་སྒོ་ཆེན་མོ། །སྐུ་མདོག་དམར་ནག་ཐོད་ཁྲག་འཐུང་། །དེ་ཉིད་འཇིགས་པའི་སྐུ་སྤྲུལ་པ། །ལྗང་དམར་བམ་ཆེན་ལོངས་སྤྱོད་གླང་། །བགེགས་ཆེན་ཀུན་འདུལ་མཐུ་སྟོབས་ཀྱི། །སུ་ཏ་ནའི༴ ཨ་བྷི༴ བཛྲ་བ་ཏུ་ན་ཐོགས་ཏེ། དབང་ཕྱི་རིམ༴ སྒོ་བཞི༴ དབང་ཕྱུག༴ ཆུ་ལྷའི་ཆུང་མ་གནས༴ དབང་ཕྱུག་ཆེན་མོ་ཆུ་ལྷ་མོ། །སྐུ་མདོག་དཀར་སྔོ་སྦྲུལ་ཞགས་འཛིན། །འཇིགས་བྱེད་འབར་བའི་སྐུ་སྤྲུལ་པ། །ལྗང་ནག་བདུད་རྩི་དུང་དམར་སྦྲུལ། །གཏེར་གྱི་ལོངས་སྤྱོད་བསམ་ཡས་པའི། །བ་རུ་ནའི་དབང་༴ ཨ་བྷི༴ བཛྲ་མ་ཧཱ་ཀ་ལི་ཐོགས་ལ། དབང་གི༴ ཕྱི་རིམ༴ སྒོ་བཞི༴ དབང་ཕྱུག༴ ནག་མོའི་ཆུང་མ་གནས༴ དབང་ཕྱུག་ནག་མོ་ཆེན་མོ་སྟེ། །སྐུ་མདོག་ནག་མོ་ཨཾ་གུ་ཤ །འཇིགས་བྱེད་འབར་བའི་སྐུ་སྤྲུལ་བ། །ནག་མོ་ལྕགས་ཀྱུ་ཁུ་བྱུག་མགོ། །པུ་ཏྲ་འཛིན་བྱེད་ཐམས་ཅད་རྫོགས། །མ་ཧཱ་ཀ་ལིའི༴ ཨ་བྷི༴ བཛྲ་ཙ་ཀ་ལ་ཐོགས་ཏེ། དབང་གི༴ ཕྱི་རིམ༴ སྒོ་བཞི༴ དབང་ཕྱུག༴ ར་གདོང་ཆུང་མ་གནས༴ དབང་ཕྱུག་ཆེན་མོ་ར་མགོ་མ། །སྐུ་མདོག་དམར་སེར་ར་མགོ་མ། །སྐུ་མདོག་དམར་སེར་ཞགས་པ་བསྣམས། །འཇིགས་བྱེད༴ སྔོན་མོ་རྒྱུ་ཞགས་འདྲེན་པའི་ར། །འཁོར་བར་མི་གཏོང་དབང་མོ་ཆེ། །ཙ་ཀ་ལ་ཡི་དབང་༴ ཨ་བྷི༴ བཛྲ་བུམ་པ་ཀ་ཐོགས་ལ། དབང་གི༴ ཕྱི་རིམ༴ སྒོ་བཞི༴ དབང་ཕྱུག༴ བུམ་སྣའི་ཆུང་མ༴ དབང་ཕྱུག་བུམ་སྣ་སྔོ་ནག་མ། །སྐུ་མདོག་སྔོ་ནག་ལྕགས་སྒྲོག་བསྡོམས། །འཇིགས་བྱེད༴ དམར་མོ་བེ་ཅོན་ལྕགས་སྒྲོག་སིང་། །བགེགས་དཔུང་སྲིད་བསྡམ་དབང་མོ་ཆེ། །བུམ་པ་སྣ་ཀའི༴ ཨ་བྷི༴ བཛྲ་ལམ་པོ་ཏ་ར་ཐོགས་ལ། དབང་གི༴ ཕྱི་རིམ༴ སྒོ་བཞི༴ གསུས་ཆེན་ཆུང་མ་གནས་གྱུར་པ། །དབང་ཕྱུག་གསུས་འཛིན་ཆེན་མོ་བྱུང་། །སྐུ་མདོག་སྔོ་ནག་དྲིལ་བུ་འཁྲོལ། །འཇིགས་བྱེད་འབར༴ ལྗང་ནག་དྲིལ་ཆེན་དུང་དམར་ཀེག །ང་རྒྱལ་དྲེག་པ་བཞི་བཅུར་སྤོར། །ལི་པོ་ཏ་རིའི༴ དེ་ནས་མཁའ་འགྲོ་སུམ་ཅུ་རྩ་གཉིས་ལས། མ་ཧཱ་བཛྲ་བྷ་ར་ཐོགས་ཏེ། དབང་གི༴ ཕྱི་རིམ་ལྷག་པའི་དཀྱིལ་འཁོར་འདིར། །ཕྱོགས་བཞི་མཚམས་བརྒྱད་སྒོ་བཞི་རུ། །མཁའ་འགྲོའི་ཚོགས་ཀྱིས༴ རྡོ་རྗེ་སེམས་དཔའ་གནས་གྱུར་པ། །མཁའ་འགྲོ་དགའ་བྱེད་རྡོ་རྗེ་འཛིན། །མཁའ་འགྲོ་རྡོ་རྗེ་རིག་དབང་ཕྱུག །བཛྲ་དྷ་རའི་དབང་༴ ཨ་བྷི༴ ཀྲོ་ཏི་ཤྭ་རཱི་ཐོགས་ལ། དབང་གི༴ ཕྱི་རིམ༴ ཕྱོགས་བཞི༴ མཁའ་འགྲོའི་ཚོགས༴ རྡོ་རྗེ་རྒྱལ་པོ་གནས་གྱུར་པ། །འདྲེན་བྱེད་དཀར་སྐྱ་ལྕགས་ཀྱུ་མ། །མཁའ་འགྲོ་འདྲེན་བྱེད་ལྕགས་ཀྱུ་མ། །ཀྲོ་ཏི་ཤྭ་རིའི༴ བཛྲ་མ་ཧཱ་ཧེ་མ་ཏི་ཐོགས་ཏེ། དབང་གི༴ ཕྱི་རིམ༴ ཕྱོགས་བཞི༴ མཁའ་འགྲོས་མཚམས་བརྒྱད༴ རྡོ་རྗེ་ཆགས་པ༴ སྤྱོད་བྱེད་ཐབས་ཀྱི་མདའ་འགེང་མ། །མཁའ་འགྲོ་སྒྲོལ་བྱེད་མཐུ་དབང་རྫོགས། །མ་ཧཱ་མ་ཏིའི་དབང་༴ བཛྲ་ཀུ་མ་རཱི་ཐོགས་ལ། དབང་གི༴ ཕྱི་རིམ༴ ཕྱོགས་བཞི༴ མཁའ་འགྲོ་མཚམས༴ རྡོ་རྗེ་ལེགས་པ་གནས་གྱུར་པ། །སྤོར་བྱེད་དཀར་སྐྱ་སྤུ་གྲི་ཐོགས། །ཀུ་མ་ཧིའི་དབང་༴ ཨ་བྷི༴ མ་ཧཱ་ཙི་མ་ཐོགས་ཏེ། དབང་གི༴ ཕྱི་རིམ༴ ཕྱོགས་བཞི༴ རྡོ་རྗེ་རིན་ཆེན་གནས་གྱུར་པ། །འབར་བྱེད་མཐིང་ནག་རིན་ཆེན་འབར། །མཁའ་འགྲོ་དགོས་འདོད་ཀུན་བསྐང་བའི། །བཛྲ་མ་ཙི་དབང་༴ ཨ་བྷི༴ བཛྲ་ཏྲི་ཤྲཱི་སྨ་ར་ཡ་ཐོགས་ཏེ། དབང་གི༴ ཕྱི་རིམ་ལྷག་མའི་དཀྱིལ་འཁོར་འདིར། །ཕྱོགས་བཞི་མཚམས་བརྒྱད་སྒོ་བཞི་རུ། །མཁའ་འགྲོ་ཚོགས་ཀྱིས༴ རྡོ་རྗེ་ཉི་མ་གནས་གྱུར་པ། །མཁའ་འགྲོ་གཟི་བརྗིད་འོད་ཐོག་མ། །རྣམ་རྟོག་མུན་སེལ་མཐུ་དབང་རྫོགས། །ཏྲི་ཤྲཱི་སྨ་རའི་དབང་༴ ཨ་བྷི༴ བཛྲ་ཙག་ནེ་ཐོགས་ཏེ། དབང་གི༴ ཕྱི་རིམ༴ ཕྱོགས་བཞི་སྒོ་བཞི༴ མཁའ་འགྲོའི་ཚོགས་ཀྱིས༴ རྡོ་རྗེ་རྒྱལ་མཚན་གནས༴ ཁྲོ་བོ་མཐིང་ནག་ཞིང་དར་ཕྱར། །བདུད་བཞི་འདུལ་བྱེད་དབང་ལྡན་པའི། །བཛྲ་ཙ་གའི་དབང་༴ ཨ་བྷི༴ མ་ཧཱ་ཀྲོ་ཏི་ཐོགས་ཏེ། དབང་གི་དཀྱིལ༴ ཕྱི་རིམ༴ ཕྱོགས་བཞི༴ མཁའ་འགྲོའི༴ རྡོ་རྗེའི་བཞད་པ་གནས༴ འཇོམས་བྱེད་ཞིང་གི་ཁ་གདོང་མ། །དུར་ཁྲོད་བགེགས་འཇོམས་ཟ་བྱེད་པའི། །མ་ཧཱ་ཀྲོ་ཏི༴ ཨ་བྷི༴ མ་ཧཱ་ཨ་མྲྀ་ཏ་ཐོགས་ཏེ། དབང་གི༴ ཕྱི་རིམ༴ ཕྱོགས་བཞི༴ མཁའ་འགྲོའི༴ རྡོ་རྗེ་ཆོས་ཚོགས༴ ཆགས་མེད་དམར་ནག་པདྨ་བསྣམས། །ཉེས་པའི་སྐྱོན་བྲལ་ལེགས་དབང་རྫོགས། །ཨ་མྲྀ་ཏོཏྟའི་དབང་༴ ཨ་བྷི༴ མ་ཧཱ་ས་མ་ཐོགས་ཏེ། དབང་གི༴ ཕྱི་རིམ༴ ཕྱོགས་བཞི༴ མཁའ་འགྲོའི་ཚོགས༴ རྡོ་རྗེ་རྣོན་པོ་གནས་གྱུར་པ། །ཆགས་བྲལ་དམར་ནག་གྲི་ཐོད་མ། །མཁའ་འགྲོ་སྒྲོལ་བྱེད་མཐུ་དབང་རྫོགས། །མ་ཧཱ་སོ་མའི༴ ཨ་བྷི༴ མ་ཧཱ་བཛྲ་ཏན་ཏྲི་ཐོགས་ཏེ། དབང་གི༴ ཕྱི་རིམ༴ ཕྱོགས་བཞི༴ མཁའ་འགྲོའི་ཚོགས༴ རྡོ་རྗེ་འཁོར་ལོ་གནས༴ འཁོར་ལོ་དམར་སེར་འཁོར་ལོ་འཕན། །མཁའ་འགྲོ་གཅོད་བྱེད་མཐུ་དབང་རྫོགས། །བཛྲ་དན་ཏིའི་དབང་༴ ཨ་བྷི༴ མ་ཧཱ་ར་མི་ནི་ཐོགས་ཏེ། དབང་གི༴ ཕྱི་རིམ་ལྷག་མའི་དཀྱིལ༴ ཕྱོགས་བཞི༴ མཁའ་འགྲོའི་ཚོགས་ཀྱིས༴ རྡོ་རྗེ་སྨྲ་བ་གནས་གྱུར་པ། །རྒྱས་འདེབས་དམར་ནག་ལྕེ་འབྱིན་མ། །ཐོགས་མེད་ལྕགས་ཀྱུ་དབང་བསྒྱུར་མ། །མ་ཧཱ་ར་མི་ནའི་དབང་༴ ཨ་བྷི༴ མ་ཧཱ་སྨྲྀ་ཏི་ཀ་པ་ལ་ཧེ་སྟེ་ཏ་ཀ་ཐོགས་ཏེ། དབང་གི༴ ཕྱི་རིམ༴ ཕྱོགས་བཞི༴ མཁའ་འགྲོའི༴ རྡོ་རྗེ་ཕྲིན་ལས༴ སྣ་ཚོགས་ལུས་འཚམས་རྒྱ་གྲམ་ཐོགས། །མཁའ་འགྲོ་ཕྲིན་ལས་རྫོགས་པའི་དབང་། །ཧེས་ཏེ་ཏ་ཀའི་དབང་༴ ཨ་བྷི༴ བཛྲ་སོའུ་ཉ་ཐོགས་ཏེ། དབང་གི༴ ཕྱི་རིམ༴ ཕྱོགས་བཞི༴ མཁའ་འགྲོའི༴ རྡོ་རྗེ་བསྲུང་བ་གནས༴ བསྲུང་བ་སྔོ་ལྗང་གོ་ཆ་ཐོགས། །འཇིགས་ཀུན་བསྲུང་བའི་མཁའ་འགྲོ་མ། །བཛྲ་ས་ཏིའི་དབང་༴ ཨ་བྷི༴ ཨ་མྲྀ་ཏ་སུ་ཏ་ན་ད་རི་ཐོགས། དབང་གི༴ ཕྱི་རིམ༴ ཕྱོགས་བཞི༴ མཁའ་འགྲོ༴ རྡོ་རྗེ་གནོད་སྦྱིན་གནས༴ གནོད་སྦྱིན་མོ་ལྗང་མཆེ་བ་འཛིན། །དམ་ཉམས་གསོད་པའི་མཁའ་འགྲོ་མ། །སུ་ཏ་ན་ད་རའི་དབང་༴ ཨ་བྷི༴ བཛྲ་བི་ལ་ཀི་ལ་ཐོགས་ལ། དབང་གི༴ ཕྱི་རིམ༴ ཕྱོགས་བཞིའི༴ མཁའ་འགྲོའི༴ རྡོ་རྗེ་ཁུ་ཚུར་གནས༴ ཡན་ལག་འཕྲོག་ལྗང་མུ་ཏིག་ཕྱར། །རྡུལ་དུ་བརླག་བྱེད་མཁའ་འགྲོའི་དབང་། །བི་ལ་ཀ་ལིའི༴ ཨ་བྷི༴ བི་ཤི་རི་རི་ཐོགས་ཏེ། དབང་གི༴ ཕྱི་རིམ༴ ཕྱོགས་བཞིའི༴ མཁའ་འགྲོའི༴ དཔའ་བར་འགྲོ་བ་གནས་འགྱུར་བ། །བྱ་རོག་གདོང་ལ་མི་འབྱིན་མ། །ལག་ན་གྲི་དང་མཁར་གཞོང་ཐོགས། །རྣམ་ཤེས་འཇོམས་པ་མཁའ་འགྲོའི་དབང་། །པེ་རི་ཤ་རི་དབང་༴ ཨ་བྷི༴ ཀྵ་ནི་ཀྵ་ཐོགས་ལ། དབང་གི༴ ཕྱི་རིམ༴ ཕྱོགས་བཞི་མཚམས་བརྒྱད་སྒོ་བཞི་རུ། །མཁའ་འགྲོའི་ཚོགས་ཀྱིས༴ ཀུན་ཏུ་བཟང་པོ་གནས༴ འཇིགས་བྱེད་དཀར་སྔོ་མཆེ་གཙིགས་མ། །ཐམས་ཅད་འཇོམས་མ་མཁའ་འགྲོའི་དབང་། །ཀ་ནི་ཀྵའི་དབང་༴ ཨ་བྷི༴ ཤ་ནི་ཏ་ག་ཐོགས་ཏེ། དབང་གི༴ ཕྱི་རིམ༴ ཕྱོགས་བཞི༴ མཁའ་འགྲོའི༴ ཟླ་འོད་གཞོན་ནུ་གནས༴ བཞད་མདོག་དཀར་མོ་སྙིང་འབྱིན་མ། །ཐམས་ཅད་སྒྲོལ་བའི་མཁའ་འགྲོ་གིང་། །ཤ་ན་ཏ་ཀའི་དབང་༴ ཨ་བྷི༴ པ་ཏ་ཀི་ཐོགས་ཏེ། དབང་གི༴ ཕྱི་རིམ༴ ཕྱོགས་བཞི༴ མཁའ་འགྲོའི༴ བྱང་སེམས་བཟང་སྐྱོང་གནས་གྱུར་པ། །འུ ག་མགོ་དཀར་སྔོ་ཀེང་རུས་འཆང་། །ལས་བྱེད་ལྷག་སྡུད་གཞི་དབང་ཀུན། །བེ་ཏ་ཀའི༴ ཨ་བྷི༴ བཛྲ་ཨ་ན་ཡའི་ཐོགས་ཏེ། དབང་གི༴ ཕྱི་རིམ༴ ཕྱོགས་བཞི༴ མཁའ་འགྲོའི༴ བྱང་སེམས་དྲ་འོད་གནས་གྱུར་པ། །ཁྱི་མགོ་མཐིང་ནག་ཀེང་རུས་འཆང་། །དུར་ཁྲོད་འཇོམས་པའི་དབང་བསྐུར་བས། །ཨ་ན་ཡ་ཡི་དབང་༴ ཨ་བྷི༴ སེ་ནི་ཀེ་ཐོགས་ཏེ། དབང་གི༴ ཕྱི་རིམ༴ ཕྱོགས་བཞི༴ མཁའ་འགྲོའི༴ རྡོ་རྗེ་སྙིང་པོ་གནས་གྱུར་པ། །མཐིང་ནག་རྨོང་པོ་ཕག་གི་མགོ། །གཙང་རྨེ་མེད་པར་ཟ་བྱེད་མ། །པེ་ནེ་ཀེའི༴ ཨ་བྷི༴ ཛ་དུ་ལ་ཡ་ཐོགས་ཏེ། དབང་གི༴ ཕྱི་རིམ༴ ཕྱོགས་བཞི་མཚམས་བརྒྱད༴ མཁའ་འགྲོའི༴ ནམ་མཁའ་མཛོད་ཀྱི་གནས་གྱུར་པ། །སྔོ་ནག་གློག་འདྲེན་རྔ་མོང་མགོ། །ཡི་དྭགས་གདོང་འཇོམས་མཁའ་འགྲོའི་དབང་། །ཛ་དུ་ལ་ཡི་དབང་༴ ཨ་བྷི༴ ཀ་ཏི་པི་ཀི་ཐོགས་ཏེ། དབང་གི༴ ཕྱི་རིམ༴ ཕྱོགས་བཞི༴ མཁའ་འགྲོའི༴ འོད་དཔག་མེད་པ་གནས་གྱུར་པ། །ཐོད་པ་དགྲ་སྟྭ་བོང་བུ་མགོ། །དགའ་བྱེད་འཇོམས་པའི་མཁའ་འགྲོ་མ། །བི་ཏི་ཀིའི༴ ཨ་བྷི༴ བཛྲ་ཏ་ར་ཤེ་ཐོགས་ལ། དབང་གི༴ ཕྱི་རིམ༴ ཕྱོགས་བཞི༴ མཁའ་འགྲོའི༴ མྱ་ངན་ཀུན་འཇོམས་གནས་གྱུར་པ། །དམར་ནག་སྤུ་གྲི་ར་ཡི་མགོ། །དགྲ་བགེགས་འཇོམས་གཅོད་མཁའ་འགྲོ་མ། །བཛྲ་ཏར་ཤིའི༴ ཨ་བྷི༴ ཀ་ལི་པྲ་ཝེ་ཤ་ཐོགས་ཏེ། དབང་གི༴ ཕྱི་རིམ༴ ཕྱོགས་བཞི༴ མཁའ་འགྲོའི་རྒྱལ་བའི་ཡེ་ཤེས་གནས་གྱུར་པ། །དམར་ནག་རུས་ལ་བྱི་ལའི་མགོ། །མ་ལུས་སྒྲོལ་བྱེད་མཁའ་འགྲོའི་དབང་། །པྲ་ཝེ་ཤ་ཡི་དབང་༴ ཨ་བྷི༴ ཨུས་ཏི་མ་ཐོགས་ཏེ། དབང་གི༴ ཕྱི་རིམ༴ ཕྱོགས་བཞི༴ བློ་གྲོས་མི་བཟད་གནས༴ དམར་སེར་ཀེང་རུས་དཀར་པོ་འཛིན། །ཞེ་སྡང་འཇོམས་པའི་མཁའ་འགྲོ་མ། །ཨུས་ཏིང་མའི༴ ཨ་བྷི༴ ཀ་ཏྲར་ན་ཙ་ཐོགས་ཏེ། དབང་གི༴ ཕྱི་རིམ༴ ཕྱོགས་བཞི༴ སྤོབས་པ་བརྩེགས་པ་གནས༴ དམར་སེར་རུས་ཕྲེང་ལྕེ་སྤྱང་མགོ། །དངོས་པོ་ཀུན་འཇོམས་མཁའ་འགྲོ་མ། །ཀ་རན་ཙའི་དབང་༴ ཨ་བྷི༴ སརྦ་མ་ཐ་ར་ཐོགས། །དབང་གི༴ ཕྱི་རིམ་ལྷག་མའི༴ ཕྱོགས་བཞི༴ མཁའ་འགྲོའི༴ ངན་སོང་ཀུན་འདྲེན་གནས་གྱུར་པ། མཁའ་འགྲོ་སྲིན་མོ་བུམ་སྣ་མ། །རྡོ་རྗེ་ལྕགས་ཀྱུ་ཀ་ཏ་རི། །མ་ཏ་རའི༴ ཨ་བྷི༴ ས་མ་ཏ་ཀ་ཐོགས་ཏེ། དབང་གི༴ ཕྱི་རིམ༴ ཕྱོགས་བཞི༴ མཁའ་འགྲོའི༴ བྱམས་པ་བརྩེགས་པ་གནས་གྱུར་པ། །མཁའ་འགྲོ་གཤིན་རྗེ་རྣམ་འཇོམས་མ། །ཞགས་པ་གྲི་ཐོགས་འཛིན་ཅིང་སྒྲོལ། །པ་ལ་ཏ་ཀའི༴ ཨ་བྷི༴ བཛྲ་སརྦ་བྷ་ག་ལ་ཐོགས་ཏེ། དབང་གི༴ ཕྱི་རིམ༴ ཕྱོགས་བཞི༴ མཁའ་འགྲོའི༴ སྤོས་ཀྱི་གླང་པོ་གནས་གྱུར་པ། །མཁའ་འགྲོ་དྷ་ཤ་གྷྲྀཝ་སྟེ། །ལྕགས་སྒྲོག་སྤུ་གྲི་ཟ་བྱེད་མ། །བྷནྡྷ་ལ་ཡི༴ ཨ་བྷི༴ བཛྲ་ས་བྷ་ན་ཨ་ཐོགས་ཏེ། དབང་གི༴ ཕྱི་རིམ༴ ཕྱོགས་བཞི༴ མཁའ་འགྲོའི༴ སེམས་དཔའ་དོན་གྲུབ་གནས་གྱུར་པ། །མཁའ་འགྲོ་ཆེན་མོ་འབོད་འགྲོགས་མ། །དྲིལ་བུ་དགྲ་སྟྭ་སྒྲོལ་ཞིང་སྤོར། །ས་བྷན་ཨའི་དབང་༴ ཨ་བྷི༴ རྡོ་རྗེ་ཀུན་ཏྲག་མོ་ཐོགས་ཏེ། འདོན། དབང་གི༴ ཕྱི་ཡི་སྣམ་བུའི་ཕྱོགས་བཞི་ལ། །མ་བདུན་སྲིང་བཞིའི་བསྐོར་བ་ནི། །མ་མོ་བདུན་གྱི་དབང་༴ རྒྱ་མཚོ་ཆེན་པོའི་དཀྱིལ་འཁོར་ནས། །དཔལ་ལྡན་ཤུགས་སྒྲོལ་རྩེ་མོ་སྟེ། །རི་རབ་བསྙིལ་མའི་མཐུ་མོ་ཆེ། །རྡོ་རྗེ་ཀུན་གྲགས་དབང་བསྐུར་རོ། །མ་མ་དྷརྟུ་ཀྲོ་ཏི་ཤ་ཏི་ཤྭ་རི་སྟྭྃ། ཨ་བྷི༴ ཀུན་ཏུ་བཟང་མོ་ཐོགས་ཏེ། དབང་གི༴ ཕྱི་ཡི་སྣམ་བུའི་ཕྱོགས་བཞི་ལ། །མ་བདུན་སྲིང་བཞིའི་བསྐོར་བ་ནི། །ནམ་མཁའ་སྟོང་གི་དཀྱིལ་འཁོར་ནས། །ཐམས་ཅད་ཀུན་ལ་ཁྱབ་མཛད་ཅིང་། །མ་ལུས་ཡོངས་ལ་དབང་བསྐུར་བའི། །ཀུན་ཏུ་བཟང་མོའི༴ མ་མ་དྷ་དུ་ཀྲོ་ཏི་ཤྭ་རི་སྟྭྃ། ཨ་བྷི༴ རྡོ་རྗེ་ཀུན་གསལ་མ་ཐོགས་ཏེ། དབང་གི༴ ཕྱི་ཡི༴ མ་བདུན༴ འཇའ་ཚོན་འབར་བའི་དཀྱིལ༴ མཛེས་པའི་ཚུལ་གྱི་འོད་འཕྲོ་ཞིང་། །མ་རིག་མུན་པ་སེལ་མཛད་མ། །རྡོ་རྗེ་ཀུན་གསལ་དབང་བསྐུར་རོ། །མ་མ་དྷརྟུ་ཀྲོ་ཏི་ཤྭ་རི་སྟྭྃ། ཨ་བྷི༴ རྡོ་རྗེ་ཡེ་ཤེས་ཐོགས་ཏེ། དབང་གི༴ ཕྱི་ཡི༴ མ་བདུན༴ དམ་ཚིག་ཆེན་པོའི་དཀྱིལ་འཁོར་ནས། །ཕོ་ཉ་མེ་སྟེ་དྲུག་ཅུའི་གཙོ། །ཤ་ཆེན་ཁྲག་ལ་ལོངས་སྤྱོད་པའི། །རྡོ་རྗེ་ཡེ་ཤེས་དབང་བསྐུར་རོ། །མ་མ་དྷརྟུ་ཀྲོ་ཏི་ཤྭ་རི་ཧཱུྃ། ཨ་བྷི༴ རྡོ་རྗེ་འོད་ཆགས་མ་ཐོགས་ཏེ། དབང་གི༴ ཕྱི་ཡི༴ མ་བདུན༴ ཁྲག་གི་རྒྱ་མཚོའི་དཀྱིལ་འཁོར་ནས། །རྡོ་རྗེ་དྲྭ་བ་ཕྲེང་ཏོགས་ཤིང་། །ཕྲིན་ལས་འབྱུང་པོ་ཀུན་འདུས་མ། །རྡོ་རྗེ་འོད་ཆགས་དབང་བསྐུར་རོ། །མ་ན༴ ཨ་བྷི༴ རྡོ་རྗེ་འོད་འཕྲོ་ཐོགས་ཏེ། །དབང་གི༴ ཕྱི་ཡི༴ མ་བདུན༴ མེ་དཔུང་འབར་བའི་དཀྱིལ༴ ཞགས་པ་སྟོང་གི་བདེ་ལྡན་ཞིང་། །བྱང་ཕྱོགས་རང་གི་འཁོར་འདུལ་མ། །རྡོ་རྗེ་འོད་འཕྲོའི༴ མ་མ༴ ཨ་བྷི༴ རྡོ་རྗེ་གཡུ་སྒྲོན་མ་ཐོགས་ཏེ། དབང་གི༴ ཕྱི་ཡི༴ མ་བདུན་སྲིང་༴ དབང་ཕྱུག་ཆེན་པོའི་དཀྱིལ༴ དམ་ཚིག་ཉམས་པ་གཅོད་མཛད་ཅིང་། །བཀའ་ལས་འགལ་བའི་སྙིང་འཕྲོག་མ། །རྡོ་རྗེ་གཡུ་སྒྲོན་དབང་བསྐུར་རོ། །མ་མ༴ ཨ་བྷི༴ ལྷའི་སྲི་མོ་ཐོགས་ཏེ། དབང་གི༴ ཕྱི་རིམ༴ སྲིང་མོ༴ གླིང་བཞི་མགྱོགས་མ་ལྷ་ཡི་སྲིང་། །སྐུ་ལ་བྱ་རྒོད་ཐུལ་བ་གསོལ། །ཐུགས་དམ་རྣལ་འབྱོར་གྲོགས་ལ་བརྩོན། །ལྷ་ཡི་སྲིང་མོའི་དབང་༴ ཨ་བྷི༴ གཤིན་རྗེའི་སྲིང་མོའི་ཐོགས་ཏེ། དབང་གི༴ ཕྱིའི༴ སྲིང་མོ༴ མཁའ་ལ་ཁྱུང་ལྡིང་གཤིན་རྗེའི་སྲིང་། །སྐུ་ལ་སྟག་གི་ཐུལ་བ་གསོལ། །ཐུགས་དམ་རྣལ་འབྱོར་གྲོགས་ལ་བརྩོན། །གཤིན་རྗེའི་སྲིང་མོའི༴ ཨ་བྷི༴ ཀླུའི་སྲིང་མོ་ཐོགས་ཏེ། དབང་གི༴ ཕྱི་རིམ། མ༴ དམར་མོ་གཡག་ཐོད་ཀླུ་ཡི་སྲིང་། །ན་བཟའ་ཆུ་སྲིན་ལྤགས་པ་གསོལ། །དམ་ཚིག་ཅན་ལ་བརྩེར་དགོངས་ལ། །ཀླུ་ཡི་སྲིང་མོའི་དབང་བསྐུར་རོ། །ཨ་བྷི༴ གནོད་སྦྱིན་སྲིང་མོ་ཐོགས་ཏེ། དབང་གི༴ ཕྱི་རིམ༴ མ་བདུན༴ ནག་མོ་སྡེར་ཅན་གནོད་སྦྱིན་སྲིང་། །སྐུ་ལ་རྨ་བྱའི་ཐུལ་བ་གསོལ། །དམ་ཚིག་ཅན་ལ་བརྩེར་དགོངས་ལ། །གནོད་སྦྱིན་སྲིང་མོའི་དབང་བསྐུར་རོ། །ཨ་བྷི༴ དཔའ་བོ་ཆེན་པོ་ཐོགས་ཏེ། དབང་གི༴ ཕྱི་རིམ་སྣམ་བུའི་སྒོ་བཞི་རུ། །ཐུགས་ཀྱི་འོད་ཟེར་སྤྲུལ་པ་ལས། །མཁའ་འགྲོ་གིང་གི་བསྐོར་བ་ནི། །དཔལ་ཆེན་ལས་རྣམས་ཀུན་བྱེད་པའི། །མཐིང་ནག་རལ་གྲི་བྷནྡྷ་བསྣམས། །གང་ལ་དམིགས་པ་སྒྲོལ་བ་ཡི། །རྡོ་རྗེ་གིང་གི་དབང་བསྐུར་རོ། །ཨ་བྷི༴ ཁྲོ་མོ་ཆེན་མོ་ཐོགས་ཏེ། དབང་གི༴ ཕྱི་རིམ༴ ཐུགས་ཀྱིས་འོད་ཟེར་སྤྲུལ་པ་ལས། །མཁའ་འགྲོའི༴ ཁྲོ་མོ་ཁམས་གསུམ་དབང་བསྡུད་མ། །སྔོ་ནག་ཐོད་ཁྲག་འཇོམས་པ་ཐོགས། །སྒྲོལ་བྱེད་འབའ་ཞིག་ལས་ལ་འགྱེད། །རྡོ་རྗེ་གིང་མོའི་དབང་༴ བཛྲ་ཀ་ཏ་རི་བཛྲ་ཤཱ་ཤྭ་རི་ཧཱུྃ། ཨ་བྷི༴ དམར་ནག་ཐོགས་ཏེ། དབང་གི༴ ཕྱི་རིམ༴ ཐུགས་ཀྱི་མཁའ་འགྲོ་གིང་གི༴ རྡོ་རྗེ་གིང་ཆེན་དམར་ནག་ནི། །དུང་དམར་དང་ནི་ཀ་ཏར་བསྣམས། །མ་ཐོགས་མྱུར་དུ་སྒྲོལ་བར་བྱེད། །རྡོ་རྗེ་གིང་གི་དབང་༴ བཛྲ་ཀ་ར་ར་བཛྲ་གིང་ཀ་ར། ཨ་བྷི༴ གནོད་སྦྱིན་ཐོགས་ཏེ། དབང་གི༴ ཕྱི་རིམ༴ ཐུགས་ཀྱིས༴ མཁའ་འགྲོ༴ གིང་ཆེན་རྡོ་རྗེ་གནོད་སྦྱིན་ནི། །ལྗང་ནག་ཕྱག་གི་སྡིག་མཛུབ་ཕྱིར། །དམ་ཚིག་ཉམས་ཆག་སྒྲོལ་བྱེད་པ། །རྡོ་རྗེ་གིང་གི༴ བཛྲ་ཀ་ད་ར་བཛྲ་གིང་ཀ་ར། ཨ་བྷི༴ སྤྱང་མགོ་ཐོགས་ཏེ། དབང་གི༴ ཕྱི་རིམ༴ ཐུགས་ཀྱིས༴ མཁའ་འགྲོ༴ རྡོ་རྗེ་གིང་ཆེན་སྤྱང་གི་ནི། །དམར་ནག་ལྕགས་ཀྱུ་སྤུ་གྲི་ཐོགས། །གསོད་པའི་ལས་ལ་ཤིན་ཏུ་དགྱེས། །རྡོ་རྗེ་གིང་གི་དབང་༴ ༀ་བཛྲ་ཀ་ཏ་རི་ཤ་ཤྭ་ར་ཧཱུྃ། ཨ་བྷི༴ གཤིན་རྗེ་ཐོགས་ཏེ། དབང་གི༴ ཕྱི་རིམ༴ ཐུགས་ཀྱིས༴ མཁའ་འགྲོ༴ རྡོ་རྗེ་གིང་ཆེན་གཤིན་རྗེ་ནི། །མཐིང་ནག་བེ་ཅོན་དགྲ་སྟྭ་འཛིན། །མ་ལུས་སྒྲོལ་བའི་གིང་ཆེན་ཏེ། །རྡོ་རྗེ་གིང་གི༴ ༀ་བཛྲ་ཀ་ཏ་རི་ཤཱ་ཤྭ་ར་ཧཱུྃ། ཨ་བྷི༴ རོལ་པ་ཐོགས་ཏེ། དབང་གི༴ ཕྱི་རིམ༴ ཐུགས་ཀྱིས། མཁའ་འགྲོ༴ རྡོ་རྗེ་གིང་ཆེན་རོལ་པ་ནི། །དམར་ནག་བྷནྡྷ་ཕལ་ཚབ་བསྣམས། །དགྲ་བགེགས་མ་ལུས་དམྱལ་ཐག་ཆོད། །རྡོ་རྗེ་གིང་གི་དབང་བསྐུར་རོ། །ༀ་བཛྲ་ཀ་ཏ་རི་ཤྭ་ར་ཧཱུྃ། ཨ་བྷི༴ འཆི་བདག་ཐོགས་ཏེ། དབང་གི༴ ཕྱི་རིམ༴ ཐུགས་ཀྱིས༴ མཁའ་འགྲོ་གིང་གི༴ རྡོ་རྗེ་གིང་ཆེན་འཆི་བདག་ནི། །ལྗང་སེར་རྡོ་རྗེ་གསོར་ཞིང་བཏེག །དྲག་ཤུལ་སྦྱོར་བའི་མཐུ་སྟོབས་ཅན། །རྡོ་རྗེ་གིང་གི༴ ༀ་བཛྲ་ཀ་ཏ་རི་ཤཱ་ཤྭ་ར་ཧཱུྃ། ཨ་བྷི༴ དུས་མཚམས་ཐོགས་ཏེ། དབང་གི༴ ཕྱི་རིམ༴ ཐུགས་ཀྱི༴ མཁའ་འགྲོ༴ རྡོ་རྗེ་གིང་ཆེན་དུས་མཚམས་ནི། །ལྗང་ནག་ཤག་ཏི་བྷནྡྷ་ཐོགས། །དགྲ་དང་འབྱུང་པོ་ཀུན་འཇོམས་པ། །རྡོ་རྗེ་གིང་གི་དབང་བསྐུར་རོ། །ༀ་བཛྲ་ཀ་ཏ་རི་ཤཱ་ཤྭ་ར་ཧཱུྃ། ཨ་བྷི༴ རོ་ལང་ཐོགས་ཏེ། དབང་གི༴ ཕྱི་རིམ༴ ཐུགས་ཀྱིས༴ མཁའ་འགྲོ༴ རྡོ་རྗེ་གིང་ཆེན་རོ་ལང་ནི། །སེར་ནག་ཞིང་གི་དབྱུག་པ་ཕྱར། །གང་ལ་དམིགས་པ་ཡུད་ཀྱི་འཇོམས། །རྡོ་རྗེ་གིང་གི༴ ༀ་བཛྲ་ཀ་ཏ་རི་ཤཱ་ཤྭ་ར་ཧཱུྃ། ཨ་བྷི༴ འཇོམས་པ་ཐོགས་ཏེ། དབང་གི༴ ཕྱི་རིམ༴ ཐུགས་ཀྱིས༴ མཁའ་འགྲོ༴ རྡོ་རྗེ་གིང་ཆེན་འཇོམས་པ་ནི། །སྨུག་ནག་རྡོ་རྗེ་ཐོ་བ་ཐོགས། །བགེགས་ཀྱི་དཔུང་ཡང་ཡུད་ཀྱི་འཇོམས། །རྡོ་རྗེ་གིང་གི་དབང་བསྐུར་རོ། །ༀ་བཛྲ་ཀ་ཏ་རི་ཤཱ་ཤྭ་ར་ཧཱུྃ། ཨ་བྷི༴ དབང་སྡུད་ཐོགས་ཏེ། དབང་གི༴ ཕྱི་རིམ༴ ཐུགས་ཀྱིས༴ མཁའ་འགྲོ་གིང་ལྕམ་དབང་སྡུད་པའི། །ལྗང་ནག་རྡོ་རྗེ་ལྕགས་ཀྱུ་འདྲེན། །དམིགས་པ་ཡུད་ཀྱི་དགྲ་བགེགས་སྒྲོལ། །རྡོ་རྗེ་གིང་ལྕམ་དབང་བསྐུར་རོ། །ༀ་བཛྲ་ཀ་ཏ་རི་ཤཱ་ཤྭ་ར་ཧཱུྃ། ཨ་བྷི༴ དབང་བསྒྱུར་མ་ཐོགས་ཏེ། དབང་གི༴ ཕྱི་རིམ༴ ཐུགས་ཀྱིས༴ མཁའ་འགྲོ་གིང་གི༴ རྡོ་རྗེ་གིང་ལྕམ་དབང་བསྒྱུར་མ། །ཁམས་གསུམ་ཞིང་གི་གཡབ་མོ་འདེབས། །མཐུ་དང་རྫུ་འཕྲུལ་བསམ་མི་ཁྱབ། །རྡོ་རྗེ་གིང་ཆེན༴ ༀ་བཛྲ་ཀ་ཏ་རི་ཤཱ་ཤྭ་ར་ཧཱུྃ། ཨ་བྷི༴ འཕྲུལ་མོ་ཆེ་ཐོགས་ཏེ། དབང་གི༴ ཕྱི་རིམ༴ ཐུགས་ཀྱིས༴ མཁའ་འགྲོ༴ རྡོ་རྗེ་གིང་ཆེན༴ གཟུགས་མེད་རླུང་ལྟར་རྒྱུ་བྱེད་ཅིང་། །གང་ལ་དམིགས་པ་ཡུད་ཀྱི་ཁྱབ། །རྡོ་རྗེ་གིང་ལྕམ་དབང་༴ ༀ་བཛྲ་ཀ་ཏ་ར་ཤཱ་ཤྭ་ར་ཧཱུྃ། ཨ་བྷི༴ གློག་འགྱུ་མ་ཐོགས་ཏེ། དབང་གི༴ ཕྱི་རིམ༴ ཐུགས་ཀྱིས༴ མཁའ་འགྲོ༴ རྡོ་རྗེ་གིང་ལྕམ་གློག་འགྱུ་མ། རྫུ་འཕྲུལ་གར་གྱི་གློག་ལྟར་འགྱུ། །ཅིར་ཡང་བསྒྱུར་བའི་འཕྲུལ་མོ་ཆེ། །རྡོ་རྗེ་གིང་མོའི་དབང་བསྐུར་རོ། །ༀ་བཛྲ་ཀ་ཏ་རི་ཤཱ་ཤྭ་ར་ཧཱུྃ། ཨ༴ མཐུ་མོ་ཆེ་ཐོགས་ཏེ། དབང་གི༴ ཕྱི་རིམ༴ ཐུགས་ཀྱིས༴ མཁའ་འགྲོ༴ རྡོ་རྗེ་གིང་ལྕམ་མཐུ་མོ་ཆེ། །ལྗང་ནག་ལྕགས་ཀྱི་ཐོ་བ་ཐོགས། །རྦོད་གཏོང་བཅོལ་བ་ལེན་བྱེད་མ། །རྡོ་རྗེ་གིང་གི༴ ༀ་བཛྲ་ཀ་ཏ་རི་ཤཱ་ཤྭ་ར་ཧཱུྃ། ཨ་བྷི༴ རྩལ་མོ་ཆེ་ཐོགས་ཏེ། དབང་གི༴ ཕྱི་རིམ༴ ཐུགས་ཀྱིས༴ མཁའ་འགྲོ༴ རྡོ་རྗེ་གིང་༴ མཐིང་ནག་རྡོ་རྗེ་དགྲ་སྟྭ་ཐོགས། །ཕྲིན་ལས་རྣ་ཉན་ཕྲ་མ་ཟེར། །རྡོ་རྗེ་གིང་མོའི་དབང་བསྐུར་རོ། །ༀ་བཛྲ་ཀ་ཏ་རི་ཤཱ་ཤྭ་ར་ཧཱུྃ། ཨ་བྷི༴ སྒྲོལ་བྱེད་མ་ཐོགས་ཏེ། དབང་གི༴ ཕྱི་རིམ༴ ཐུགས་ཀྱིས༴ མཁའ་འགྲོ༴ རྡོ་རྗེ་གིང་ལྕམ་སྒྲོལ་བྱེད་མ། །སྨུག་ནག་བྷནྡྷ་གྲི་ཐོགས་མ། །ཕྲིན་ལས་སྲིད་གསུམ་སྒྲོལ་བྱེད་མ། །རྡོ་རྗེ་གིང་མོའི་དབང་བསྐུར་རོ། །ༀ་བཛྲ་ཀ་ཏ་རི་ཤཱ་ཤྭ་ར་ཧཱུྃ། ཨ་བྷི༴ ཟ་བྱེད་མ་ཐོགས་ཏེ། དབང་གི༴ ཕྱི་རིམ༴ ཐུགས་ཀྱིས༴ མཁའ་འགྲོ༴ རྡོ་རྗེ་གིང་ལྕམ་མྱོང་བྱེད་མ། །མཐིང་ནག་ཕྱག་ན་ལོངས་སྤྱོད་བསྣམས། །ཕྲིན་ལས་ཚོགས་ཀྱིས་ཕྱག་ཚང་བྱེད། །རྡོ་རྗེ་གིང་མོའི་དབང༴ ༀ་བཛྲ་ཀྲོ་ཏ་ཀ་ཏ་རི་ཤཱ་ཤྭ་ར་ཧཱུྃ། ཨ་བྷི༴ རྣམ་རྒྱལ་ཡབ་ཡུམ་ཐོགས་ཏེ། དབང་གི༴ ཕྱི་རིམ༴ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བཅུ། །དགྲ་གདོན་མ་ལུས་འདུལ་བའི་ཕྱིར། །སྐུ་ཡི་ཁ་དོག་མཐིང་ནག་ལས། །ཁྲོ་བོ་ཁྲོ་མོ་དྲུག་ཅུར་སྤྲུལ། །རྣམ་རྒྱལ་མདོག་དཀར་རྡོ་རྗེ་ཐོ་བ་ཐོགས། །སྙེམས་མ་གཙོ་འཁྱུད་ཐོད་ཁྲག་ཡབ་ལ་སྟོབ། །མཐུ་རྩལ་ཡང་ཆེ་དྲི་ཟའི་གདོན་འདུལ་བའི། །ཁྲོ་བོ་ཁྲོ་མོའི་དབང་མཆོག་ཐོབ་པར་ཤོག །ༀ་བཛྲ་ཀྲོ་ཏ་ཀ་ཏ་རི་ཤཱ་ཤྭ་ར་ཧཱུྃ། ཨ་བྷི༴ དབྱུག་སྔོན་ཡབ་ཡུམ་ཐོགས་ཏེ། དབང་གི༴ ཕྱི་རིམ༴ ཐུགས་ཀྱིས༴ མཁའ་འགྲོ༴ སྐུ་ཡི་ཁ་དོག་མཐིང་ནག་ལས། །ཁྲོ་བོ་ཁྲོ་མོ་དྲུག་ཅུར་སྤྲུལ། །དབྱུག་པ་སྔོན་པོ་བསྡིག་མཛུབ་རིན་ཆེན་བསྡོམ། །སྡེར་མོ་གཙོ་འཁྱུད་དུང་དམར་ཡབ་ལ་སྟོབ། །མཐུ་རྩལ་ཆེ་བས་དྲང་སྲོང་གདོན་འདུལ་བ། །ཁྲོ་བོ་ཁྲོ་མོའི་དབང་བསྐུར་རོ། །ༀ་བཛྲ་ཀྲོ་ཏ་ཀ་ཏ་རི་ཤཱ་ཤྭ་ར་ཧཱུྃ། ཨ་བྷི༴ གཤིན་རྗེ་གཤེད་པོ་ཐོགས་ཏེ། དབང་གི༴ ཕྱོགས་བཞི༴ དགྲ་གདོན༴ སྐུ་ཡི༴ ཁྲོ་བོ་ཁྲོ་མོ་དྲུག་ཅུར་སྤྲུལ། །གཤིན་རྗེ་གཤེད་པོ་མཐིང་ནག་དབྱུག་ཏོ་ཕྱར། །རྡོ་རྗེ་དུར་ཁྲོད་དུང་དམར་ཡབ་ལ་སྟོབ། །ང་རྒྱལ་མཐུ་ཆེན་གཤིན་རྗེ་གདོན་འདུལ་བའི། །ཁྲོ་བོ་ཁྲོ་མོའི་དབང་བསྐུར་རོ། །ༀ་བཛྲ་ཀྲོ་ཏ་ཀ་ཏ་རི་ཤཱ་ཤྭ་རི་ཧཱུྃ། ཨ་བྷི༴ མི་གཡོ་བ་ཐོགས་ཏེ། དབང་གི༴ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བཅུ། །དགྲ་གདོན་མ་ལུས་འདུལ་བའི་ཕྱིར། །སྐུ་ཡི་ཁ་དོག་མཐིང་ནག་ལས། །ཁྲོ་བོ༴ མི་གཡོ་མགོན་པོ་ཁུ་ཚུར་རལ་གྲི་ཐོགས། །རྡོ་རྗེ་གཏུན་ཁུང་དུང་དམར་གཙོ་ལ་སྟོབ། །རྫུ་འཕྲུལ་སྟོབས་ཆེན་སྲིན་པོའི་གདོན་རྣམས་འདུལ། །ཁྲོ་བོ་ཁྲོ་མོའི་དབང་༴ ༀ་བཛྲ་ཀྲོ་ཏ་ཀ་ཏ་རི་ཤཱ་ཤྭ་རི་ཧཱུྃ། ཨ་བྷི༴ རྟ་མགྲིན་ཐོགས་ཏེ། དབང་གི༴ ཕྱོགས་བཞི༴ དགྲ་གདོན༴ སྐུ་ཡི༴ ཁྲོ་བོ་ཁྲོ༴ རྟ་མགྲིན་མདོག་དམར་པདྨ་མདའ་གཞུ་བསྣམས། །རྡོ་རྗེ་གཏུམ་མོ་དུང་དམར་གཙོ་ལ་སྟོབ། །ཐུགས་རྗེ་མཐུ་རྩལ་གཏི་མུག་བདུད་འདུལ་བའི། །ཁྲོ་བོ༴ ༀ་བཛྲ་ཀྲོ་ཏ་ཀ་ཏ་ར་ཤཱ་ཤྭ་ར་ཧཱུྃ། ཨ་བྷི༴ གཞན་གྱི་མི་ཐུབ་པ་ཐོགས་ཏེ། དབང་གི༴ ཕྱོགས་བཞི༴ དགྲ་གདོན༴ སྐུ་ཡི༴ ཁྲོ་བོ༴ གཞན་གྱི་མི་ཐུབ་དགྲ་སྟྭ་གཏུན་ཤིང་སྔོ། །རྡོ་རྗེ་མདའ་སྙེམས་དུང་ཁྲག་གཙོ་ལ་སྟོབ། །མཐུ་དང་རྫུ་འཕྲུལ་ཀླུ་གདོན་འདུལ་མཛད་པའི། །ཁྲོ་བོ༴ ༀ་བཛྲ༴ ཨ་བྷི༴ བདུད་རྩི་འཁྱིལ་པ་ཐོགས་ཏེ། དབང་གི༴ ཕྱོགས་བཞི༴ དགྲ་གདོན༴ སྐུ་ཡི༴ ཁྲོ་བོ༴ བདུད་རྩི་འཁྱིལ་པ་ལྗང་ནག་རྒྱ་གྲམ་ཕྱིར། །རྡོ་རྗེ་རླུང་འབྱིན་དུང་དམར་གཙོ་ལ་སྟོབ། །དྲག་པོ་མཐུ་ཡི་གནོད་སྦྱིན་འདུལ་མཛད་པའི། །ཁྲོ་བོ་ཁྲོ་མོ་ཡབ་ཡུམ་དབང་༴ ༀ་བཛྲ་ཀྲོ་ཏ་ཀ་རི༴ ཨ་བྷི༴ ཁམས་གསུམ་རྣམ་རྒྱལ་ཡབ་ཡུམ། དབང་གི༴ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བཅུ། །དགྲ་གདོན༴ སྐུ་ནི་ཁ་དོག་མཐིང་ནག་ལ། །ཁྲོ་བོ༴ ཁམས་གསུམ་རྣམ་རྒྱལ་རྡོ་རྗེ་ཐོ་བ་ནག །རྡོ་རྗེ་གསོད་རྐྱེན་དམར་གྱི་མཆོད་པ་འདྲེན། །དྲག་ཤུལ་མཐུ་ཡི་འབྱུང་པོ་འདུལ་བ་ཡི། །ཁྲོ་བོ་ཡབ་ཡུམ་རྣམས་ཀྱིས༴ ༀ་བཛྲ་ཀྲོ་ཏ་ཀ་ཏ་རི་ཤཱ་ཤྭ་ར་ཧཱུྃ། ཨ་བྷི༴ སྟོབས་ཆེན་ཡབ་ཡུམ། དབང་གི༴ ཕྱོགས་བཞི༴ དགྲ་གདོན༴ སྐུ་ནི༴ ཁྲོ་བོ༴ སྟོབས་ཆེན་དུད་ཀ་འབུད་དུང་རྔ་ཡབ་ཐོགས། །རྡོ་རྗེ་བསྐྱོད་བྱེད་དུང་ཁྲག་ཡབ་ལ་སྟོབ། །མཐུ་སྟོབས་ལྡན་པས་ས་བདག་གདོན་འདུལ་བའི། །ཁྲོ་བོ༴ ༀ་བཛྲ༴ ཨ་བྷི༴ ཧཱུྃ་མཛད་ཐོགས་ཏེ། དབང་གི༴ ཕྱོགས་བཞི༴ དགྲ་གདོན༴ སྐུ་ནི༴ ཁྲོ་བོ༴ ཧཱུྃ་མཛད་དམར་སྐྱ་རྡོ་རྗེ་མདའ་གཞུ་འགེང་། །རྡོ་རྗེ་སྒྲ་འབྱིན་དུང་དམར་ཞལ་དུ་སྟོབ། །ཉི་ཟླ་གཟའ་སྐར་ཡས་གདོན་འདུལ་མཛད་པའི། །ཁྲོ་བོ་ཡབ༴ ༀ་བཛྲ་ཀྲོ་ཏ༴ ཨ་བྷི༴ ཀཱི་ལ་ཡ་ཐོགས་ཏེ། དབང་གི༴ སྐུ་ཡི་འོད་ཟེར་མཐིང་ནག་ལས། །ཁྲོ་བོ་ཁྲོ་མོ་ཡབ་ཡུམ་དྲུག་ཅུའི་བསྐོར། །དགྲ་བགེགས་མང་པོ་འདུལ་སླད་དུ། །རྡོ་རྗེ་ཕུར་པ་མཐིང་ནག་ཕུར་བུ་འདྲིལ། །ཁྲོ་མོ་རྒྱས་འདེབས་བྷནྡྷ་རཀྟ་བཀང་། །མཐུ་དབང་ཆེ་བས་ལྷ་དང་དགྲ་གདོན་འདུལ། །ཁྲོ་བོ་ཡབ་ཡུམ་གཉིས་ཀྱི་དབང་༴ ༀ་བཛྲ་ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུྃ། ཨ་བྷི༴ སྨེ་བརྩེགས་ཐོགས་ཏེ། དབང་གི༴ སྐུ་ཡི༴ ཁྲོ་བོ༴ དགྲ་བགེགས༴ ཁྲོ་བོ་སྨེ་བརྩེགས་མཐིང་ནག་རྡོ་རྗེ་ཐོགས། །ཁྲོ་མོ་དྷི་འབྱིན་དུང་ཆེན་དམ་རྫས་བཀང་། །མི་གཙང་རྟོགས་འཇོམས་བདུད་དང་རུ་ཏྲ་འཇོམས། །ཁྲོ་བོ་ཡབ་ཡུམ༴ ༀ་བཛྲ་ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུྃ། ཨ་བྷི། བཛྲ་ཡཀྴ་ཡབ་ཡུམ། དབང་གི༴ སྐུ་ཡི༴ ཁྲོ་བོ་ཡབ་ཡུམ་དྲུག༴ དགྲ་བགེགས་མ་ལུས༴ ཡཀྴ་ལྗང་ནག་ཕུར་པ་བསྡིག་མཛུབ་བསྒྲིམ། །ཁྲོ་མོ་ཡག་མོ་དུང་ཆེན་སྙིང་ཁྲག་བཅས། །དམ་ཚིག་ཉམས་དང་དམ་སྲི་འདུལ་མཛད་པའི། །ཁྲོ་བོ༴ ༀ་བཛྲ་ཀྲོ་ཏ༴ ཨ་བྷི༴ དམར་ནག་ཡབ་ཡུམ། དབང་གི༴ སྐུ་ཡི༴ ཁྲོ་བོ་ཡབ་ཡུམ༴ དགྲ་བགེགས་འབྱུང་པོ་འདུལ། ཁྲོ་བོ་དམར་ནག་རྡོ་རྗེ་ཐོ་བ་ཐོགས། །ཁྲོ་མོ་དབང་བསྒྱུར་མགོ་བཅད་རཀྟས་བཀངས། །མཐུ་རྩལ་ཆེ་བས་མས་གདོན་འདུལ་མཛད་པ། །ཁྲོ་བོ་ཡབ་ཡུམ་གཉིས་ཀྱིས༴ ༀ་བཛྲ་ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུྃ། ཨ་བྷི༴ ཟ་འོག་ཐོགས་ཏེ། དབང་གི༴ སྐུ་ཡི༴ ཁྲོ་བོ༴ དགྲ་བགེགས་འབྱུང་༴ ཁྲོ་བོ་ཟ་འོག་ཐོད་སྦྲུལ་སྣ་ཚོགས་མདོག །ཁྲོ་མོ་ཟབ་མོ་རྡོ་རྗེ་ཐོད་ཁྲག་སྟོབ། །རྫུ་འཕྲུལ་མཐུ་ཡི་རྨུ་གདོན་འདུལ་མཛད་པ། །ཁྲོ་བོ་ཡབ་ཡུམ་གཉིས་ཀྱི་དབང་བསྐུར་རོ། །ༀ་བཛྲ༴ ཨ་བྷི༴ རབ་གྲུབ་ཐོགས་ཏེ། དབང་གི༴ སྐུ་ཡི་འོད་ཟེར༴ ཁྲོ་བོ་ཡབ་ཡུམ༴ དགྲ་བགེགས་འབྱུང་པོ༴ ཁྲོ་བོ་རབ་གྲུབ་སྔོ་ནག་རལ་གྲི་ཕྱར། །ཁྲོ་མོ་རབ་འཇིགས་ཐོད་ཁྲག་ཞལ་དུ་སྟོབ། །མཐུ་རྩལ་ཆེ་བས་ཡ་བདུད་འདུལ་མཛད་པ། །ཁྲོ་བོ་ཡབ་ཡུམ༴ ༀ་བཛྲ་ཀྲོ་ཏ༴ ཨ་བྷི༴ མ་ཧཱ་ཀ་ལ་ཐོགས་ཏེ། དབང་གི༴ སྐུ་ཡི་འོད༴ ཁྲོ་བོ༴ དགྲ་བགེགས༴ ཁྲོ་བོ་ནག་པོ་ཆེན་པོ་དམར་ནག་ཞགས། །ཁྲོ་མོ་རལ་བ་བསྒྲེང་པ་ཐོད་ཁྲག་སྟོབ། །མཐུ་རྩལ་ཆེ་བས་ཡ་བདུད་འདུལ་མཛད་པའི། །ཁྲོ་བོ༴ ༀ་བཛྲ༴ ཨ་བྷི༴ པད་རྒྱལ་ཡབ་ཡུམ་ཐོགས་ཏེ། དབང་གི༴ སྐུ་ཡི༴ ཁྲོ་བོ་ཡབ་ཡུམ༴ དགྲ་བགེགས༴ པད་རྒྱལ་དམར་ནག་དེ་བཞིན་རལ་གྲི་ཕྱར། །རོ་ལང་དེ་བཞིན་ཐོད་ཁྲག་ཞལ་དུ་སྟོབ། །མཐུ་རྩལ་ཆེ་བས་ནུབ་ཀྱི་གདོན་རྣམས་འདུལ། །ཁྲོ་བོ༴ ༀ་བཛྲ༴ ཨ་བྷི༴ ཐལ་སྦྱོར་ཡབ་ཡུམ་ཐོགས་ཏེ། དབང་གི༴ སྐུ་ཡི༴ ཁྲོ་བོ་ཡབ་ཡུམ༴ དགྲ་བགེགས༴ མི་འཆི་ཐལ་སྦྱོར་སྔོ་ནག་ཐལ་མོ་རྡེབ། །ཁྲོ་མོ་འཇོམས་ཆེན་དུང་ཁྲག་ཞལ་དུ་སྟོབ། །མཐུ་རྩལ་ཆེ་བས་སྲོག་ཆགས་འདུལ་མཛད་པ། །ཁྲོ་བོ་ཡབ་ཡུམ༴ ༀ་བཛྲ་ཀྲོ་ཏ༴ ཨ་བྷི༴ གུ་ལང་ཡབ་ཡུམ་ཐོགས་ཏེ། དབང་གི༴ སྐུ་ཡི༴ ཁྲོ་བོ༴ དགྲ་བགེགས༴ ཁྲོ་ཆེན་གུ་ལང་སྨུག་ནག་གཏུན་ཤིང་རྡེབ། །ཁྲོ་མོ་ལས་ཀུན་བྷནྡྷ་དམར་གྱི་བསྐངས། །མཐུ་རྩལ་ཆེ་བས་ཁམས་གསུམ་བསད་གསོད་མཛད། །ཁྲོ་བོ༴ ༀ་བཛྲ་ཀྲོ་ཏ༴ ཨ་བྷི༴ རབ་རྔམ་ཡབ་ཡུམ་ཐོགས་ཏེ། དབང་གི༴ སྐུ་ཡི༴ ཁྲོ་བོ༴ དགྲ་བགེགས༴ རབ་རྔམ་ལྗང་ནག་རྡོ་རྗེ་བསྐྲུག་ཅིང་གསོལ། །གཏུན་ཆེན་ཐོད་ཁྲག་ཙིཏྟ་གཙོ་ལ་སྟོབས། །མཐུ་རྩལ་ཆེ་བས་བརྗེད་བྱེད་གདོན་རྣམས་འདུལ། །ཁྲོ་བོ་ཡབ་ཡུམ༴ ༀ་བཛྲ་ཀྲོ་ཏ༴ ཨ་བྷི༴ གསུམ་སྣང་ཐོགས་ཏེ། དབང་གི༴ སྐུ་ཡི༴ ཁྲོ་བོ༴ དགྲ་བགེགས༴ འཇིག་རྟེན་གསུམ་སྣང་བེ་ཅོན་བསྡིག་མཛུབ་ཐོག །ཁྲོ་མོ་མི་ཕམ་དེ་བཞིན་དུང་ཆེན་ཐོགས། །མཐུ་རྩལ་ཆེ་བས་སྒོ་བསྲུང་ཤར་གདོན་འདུལ། །ཁྲོ་བོ༴ ༀ་བཛྲ་ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུྃ། ཨ་བྷི༴ གསུམ་འདུལ་ཐོགས་ཏེ། དབང་གི༴ སྐུ་ཡི༴ ཡབ་ཡུམ༴ དགྲ་བགེགས༴ འཇིག་རྟེན་གསུམ་འདུལ་དམར་ནག་ཐོ་བ་ཕྱར། །ཁྲོ་མོ་ལྕགས་ཀྱུ་དེ་བཞིན་ལྕགས་ཀྱུ་དང་། །ལྷོ་སྒོ་བསྲུང་ཞིང་ལྷ་གདོན་འདུལ་བའི་བདག །ཁྲོ་བོ༴ ༀ་བཛྲ༴ ཨ་བྷི༴ གསུམ་འཆིང་ཡབ་ཡུམ་ཐོགས་ཏེ། དབང་གི༴ སྐུ་ཡི༴ ཁྲོ་བོ༴ དགྲ་བགེགས་འཇིག་རྟེན་གསུམ་འཆིང་སྔོ་ནག་དབྱུག་ཏོ་ཕྱར། །ཁྲོ་མོ་དུང་དམར་དམར་ནག་ཞགས་པ་ཐོགས། །ནུབ་སྒོ་བསྲུང་ཞིང་ནུབ་གདོན་འདུལ་བའི་བདག །ཁྲོ་བོ་ཡབ་ཡུམ་གཉིས་ཀྱིས༴ ༀ་བཛྲ་ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུྃ། ཨ་བྷི༴ གསུམ་འཇིགས་ཡབ་ཡུམ་ཐོགས་ཏེ། དབང་གི༴ སྐུ་ཡི༴ ཁྲོ་བོ་ཡབ་ཡུམ༴ དགྲ་བགེགས༴ འཇིག་རྟེན་གསུམ་འཇིགས་དམར་ནག་ཐོ་བ་ཕྱར། །ཁྲོ་གཉེར་ཐོད་ཁྲག་དེ་བཞིན་ཞལ་དུ་སྟོབ། །མཐུ་རྩལ་ཆེ་བས་སྒོ་བསྲུང་བྱང་གདོན་འདུལ། །ཁྲོ་བོ༴ ༀ་བཛྲ༴ ཨ་བྷི༴ བེ་ཅོན་ཡབ་ཡུམ་ཐོགས་ལ། དབང་གི༴ སྐུ་ཡི༴ ཁྲོ་བོ༴ དགྲ་བགེགས༴ བེ་ཅོན་སྔོན་པོ་རིན་ཆེན་བེ་ཅོན་ཕྱར། །ཁྲོ་མོ་ལྕགས་སྒྲོག་དེ་བཞིན་དུང་ཆེན་འབུད། །ནུབ་ཕྱོགས་སྒོ་སྲུང་ནུབ་གདོན་འདུལ་བ་ནི། །ཁྲོ་བོ་ཡབ༴ ༀ་བཛྲ་ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུྃ། ཨ་བྷི༴ ཀ་ནི་ཡབ་ཡུམ་ཐོགས་ཏེ། དབང་གི༴ སྐུ་ཡི་འོད་ཟེར༴ ཁྲོ་བོ་ཡབ༴ དགྲ་བགེགས༴ ཀ་ནི་བཛྲ་དམར་ནག་རལ་གྲི་མཛུབ། །རལ་གཅིག་དུང་ཁྲག་གཙོ་བོའི་ཞལ་དུ་སྟོབ། །མཐུ་རྩལ་ཆེ་བས་སྒོ་སྲུང་བྱང་གདོན་འདུལ། །ཁྲོ་བོ་ཡབ་ཡུམ༴ ༀ་བཛྲ་ཀྲོ་ཏ༴ ཨ་བྷི༴ རྡོ་རྗེ་གོ་ཆ་ཐོགས་ཏེ། དབང་གི༴ སྐུ་ཡི༴ ཁྲོ་བོ་ཡབ་ཡུམ༴ དགྲ་བགེགས༴ ཁྲོ་བོ་གོ་ཆ་མཐིང་ནག་གོ་ཆ་བསྣམས། །ཁྲོ་མོ་དྲིལ་འཁྲོལ་ཐོད་ཁྲག་དྲིལ་བུ་བསྣམས། །བྱང་ཕྱོགས་སྒོ་སྲུང་བྱང་གདོན་འདུལ་བའི་བདག །ཁྲོ་བོ་ཡབ་ཡུམ་གཉིས་མོས་དབང་བསྐུར་རོ། །ༀ་བཛྲ༴ ཨ་བྷི༴ རྔམ་ཆེན་ཡབ་ཡུམ་ཐོགས་ཏེ། དབང་གི༴ སྐུ་ཡི༴ ཁྲོ་བོ༴ དགྲ་བགེགས༴ ཁྲོ་བོ་རྔམས་ཆེན་སྨུག་ནག་བེ་ཅོན་མཛུབ། །ཁྲོ་མོ་དབང་སྡུད་ཐོད་ཁྲག་ཞལ་དུ་སྟོབ། མཐུ་རྩལ་ཆེ་བས་བདུད་དང་སྲིན་པོ་འདུལ། །ཁྲོ་བོ༴ ༀ་བཛྲ༴ ཨ་བྷི༴ ཐོ་བ་ཡབ་ཡུམ་ཐོགས་ཏེ། དབང་གི༴ སྐུ་ཡི༴ ཁྲོ་བོ༴ དགྲ་བགེགས༴ རྡོ་རྗེ་ཐོ་བ་དུད་ཀ་ཐོ་བ་བསྣམས། །ཁྲོ་མོ་ཟ་བྱེད་དུང་ཁྲག་ཡབ་ལ་སྟོབ། །མཐུ་རྩལ་ཆེ་བས་མ་མོ་གཤིན་རྗེ་འདུལ། །ཁྲོ་བོ་ཡབ་ཡུམ༴ ༀ་བཛྲ་ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུྃ། ཨ་བྷི༴ ཧེ་རུ་ཀའི་རྒྱུད་ལས་ཡང་འཁོར་སུམ་བརྒྱ་དྲུག་ཅུའོ། །ཤར་གྱི་ཕོ་ཉ་དྲུག་ཅུ་ལས། དཀར་མོ་མགྱོགས་བྱེད་མ་ཐོགས་ཏེ། དབང་གི༴ སྐུ་ཡི་འོད་ཟེར་རྣམ་འཕྲུལ་ལས། །སུམ་བརྒྱ་དྲུག་ཅུར་གདོན་སྒྲོལ་ཕྱིར། །ཕོ་ཉ་སུམ་བརྒྱ་དྲུག་ཅུར་སྤྲུལ། །འཇིགས་བྱེད་འབར་བའི་སྐུར་སྤྲུལ་པ། །དྲི་ཟའི་དགྲ་གདོན་འདུལ་བའི་ཕྱིར། །ཤར་ཕྱོགས་འོད་ཟེར་དཀར་པོ་ལས། །དུང་གི་མི་མོ་དྲུག་ཅུར་སྤྲུལ། །རྡོ་རྗེ་འབར་བའི་ཕོ་ཉ་མོ། །དམར་མོ་མགྱོགས་བྱེད་ལྕགས་ཀྱུ་མ། །ཡིད་ཀྱི་ཕྱིན་ཅིང་བསམ་པས་འགྲུབ། །དབང་འདི་བུ་ལ་བསྐུར་བར་བྱ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཨ་བྷི༴ སྡེར་མོ་ཐོགས་ཏེ། རྡོ་རྗེ་སྡེར་མོ་ཕོ་ཉ་མོ། །འཇིགས་བྱེད་དཀར་མོ་ཞགས་པ་འདེབས། །གར་ཡང་ཐོག་མེད་གློག་འགྱུ་བའི། །དབང་འདི་བུ་ལ་བསྐུར་བར་བྱ། །ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཨ་བྷི༴ ཀཱི་ལ་ཡ་ཐོགས་ཏེ། དབང་གི༴ སྐུ་ཡི༴ སུམ་བརྒྱ་དྲུག་ཅུའི་གདོན་སྐྲོལ་ཕྱིར། །ཕོ་ཉ་སུམ་བརྒྱ་དྲུག་ཅུར་སྤྲུལ། །དྲི་ཟའི་དགྲ་གདོན་འདུལ་བའི་ཕྱིར། །ཤར་ཕྱོགས་འོད་ཟེར་དཀར་པོ་ལས། །དུང་གི་མི་མོ༴ ཕོ་ཉ་རྡོ་རྗེ་ཀཱི་ལ་ཡ། །དཀར་མོ་ཐོགས་མེད་མིག་གསལ་མ། །འཇིགས་བྱེད་དཀར་མོ་ཞགས་པ་འདེབས། །དབང་འདི་བུ་ལ༴ ༀ་བྷ་ན་བྷ་ན་ཨཾ་གུ་ཤ་ཛཿ ཨ་བྷི༴ འབིག་མ་ཐོགས་ཏེ། དབང་གི༴ སྐུ་ཡི༴ སུམ་བརྒྱ༴ ཕོ་ཉ༴ དྲི་ཟའི༴ ཤར་ཕྱོགས༴ དུང་གི་མི༴ ཕོ་ཉ་རྡོ་རྗེ་འབིག་མ་མོ། །དཀར་མོ་ཤེལ་གྱི་མདའ་འཕེན་མ། །གང་ལ་དམིགས་པ་གྲུབ་བྱེད་པ། །དབང་འདི༴ ༀ་བྷ་ན་བྷ་ན༴ རོ་ལང་མ་ཐོགས་ཏེ། དབང་གི༴ སྐུ་ཡི༴ སུམ་བརྒྱ༴ ཕོ་ཉ་སུམ་བརྒྱ༴ དྲི་ཟའི༴ ཤར་ཕྱོགས༴ དུང་གི༴ ཕོ་ཉ་རྡོ་རྗེ་རོ་ལང་མ། །དཀར་མོ་ལག་ན་གྲི་ཐོག་མ། །མགྱོགས་བྱེད་དུར་ཁྲོད་མཁའ་འགྲོ་མ། །དབང་འདི༴ ༀ་བྷ་ན་བྷ་ན༴ དྲག་མོ་ཐོགས་ཏེ། དབང་གི༴ སྐུ་ཡི༴ སུམ་བརྒྱ༴ ཕོ་ཉ༴ དྲི་ཟའི༴ ཤར་ཕྱོགས༴ དུང་གི་མི་མོ་དྲུག༴ རྡོ་རྗེ་ཕོ་ཉ་དྲག་མོ་མ། །དཀར་མོ་ལག་ན་མདུང་ཐོག་མ། །གང་ལ་སྔགས་པ་གྲུབ་བྱེད་མ། །དབང་འདི་བུ་ལ་བསྐུར་བར་བྱ། །ༀ་བྷ་ན་བྷ་ན༴ ཨ་བྷི༴ མགྱོགས་བྱེད་མ་ཐོགས་ཏེ། དབང་གི༴ སྐུ་ཡི་འོད་ཟེར་རྣམ་འཕྲུལ་ལས། །སུམ་བརྒྱ་དྲུག་བཅུའི༴ ཕོ་ཉ༴ འཇིགས་བྱེད༴ དྲི་ཟའི་དགྲ་གདོན༴ ཤར་ཕྱོགས༴ དུང་གི༴ རྡོ་རྗེ་ཕོ་ཉ་མགྱོགས་པ་མོ། །དཀར་མོ་མིང་སྲིང་གཡབ་མོས་འདེབས། །ཏིང་འཛིན་ཡིད་ཀྱི་ཕོ་ཉ་མོ། །དབང་འདི༴ ༀ་བྷྲ་ན༴ གཏུམ་མོ་ཐོགས་ཏེ། དབང་གི༴ སྐུ་ཡི༴ སུམ་བརྒྱ༴ ཕོ་ཉ༴ འཇིགས་བྱེད༴ དྲི་ཟའི༴ ཤར་ཕྱོགས༴ དུང་གི༴ ཕོ་ཉ་རྡོ་རྗེ་གཏུམ་མོ་ནི། །དཀར་མོ་སྙིང་འབྱིན་ཆོ་ངེས་འདེབས། །སྒྲོལ་བྱེད་ཕོ་ཉ་ཙིཏྟ་ཡི། །དབང་འདི༴ ༀ་བྷ་ན་བྷ་ན༴ ཨ་བྷི༴ འབེབས་མ་ཐོགས་ཏེ། དབང་གི༴ སྐུ་ཡི༴ སུམ་བརྒྱ༴ ཕོ་ཉ༴ འཇིགས་བྱེད༴ དྲི་ཟའི༴ ཤར་ཕྱོགས༴ དུང་གི༴ རྡོ་རྗེ་ཕོ་ཉ་འདེབས་མ་ནི། །དཀར་མོ་གར་བྱེད་གླུ་ལེན་མཁན། །ལས་ལ་ཁྲིད་པའི་ཕོ་ཉ་ཡི། །དབང་འདི༴ ༀ་བྷ་ན༴ ཨ་བྷི༴ གསལ་མ་ཐོགས་ཏེ། དབང་གི༴ སྐུ་ཡི༴ སུམ་བརྒྱ༴ ཕོ་ཉ་སུམ༴ འཇིགས་བྱེད༴ དྲི་ཟའི༴ ཤར་ཕྱོགས༴ དུང་གི་མི་མོ་དྲུག་ཅུར་སྤྲུལ། །རྡོ་རྗེ་ཕོ་ཉ་གསལ་མ་ནི། །དཀར་མོ་དུང་ཕྲེང་གླད་ལ་བསྐོར། །ས་མ་ཡ་ཡི་ཕུས་འདེབས་མ། །དབང་འདི་བུ་ལ་བསྐུར་བར་བྱ། །ༀ་བྷ་ན༴ ཨ་བྷི༴ སྡོད་མ་ཐོགས་ཏེ། དབང་གི༴ སྐུ་ཡི༴ སུམ་བརྒྱ༴ ཕོ་ཉ་སུམ་བརྒྱ་དྲུག་ཅུར༴ འཇིགས་བྱེད་འབར་བའི་དྲི་ཟའི༴ ཤར་ཕྱོགས༴ དུང་གི༴ རྡོ་རྗེ་ཕོ་ཉ༴ དཀར་སྐྱ་དར་དཀར་གཡབ་འདོར་མ། །རྒྱལ་བའི་ཡོན་ཏན་ཆེར་སྟོན་མ། །རྡོ་རྗེ་ཕོ་ཉ་ཆེན་མོ་ཡི། །དབང་འདི༴ ༀ་བྷ་ན༴ ཨ་བྷི༴ འགུགས་མ་ཐོགས་ཏེ། དབང་གི༴ སྐུ་ཡི༴ སུམ་བརྒྱ༴ ཕོ་ཉ༴ འཇིགས་བྱེད༴ དྲི་ཟའི༴ ཤར་ཕྱོགས༴ དུང་གི༴ རྡོ་རྗེ་ཕོ་ཉ་འགུགས་པ་མོ། །དཀར་མོ་བདུད་ཀྱི་སྙིང་འཇུག་མ། །འགྲུབ་པར་མི་འགྱུར་གང་ཡང་མེད། །རྡོ་རྗེ་ཕོ་ཉ་སྐུ་དང་བཅས། །དབང་འདི༴ ༀ་བྷ་ན༴ ཨ༴ ཐོག་པ་མོ་ཐོགས་ཏེ། དབང་གི༴ སྐུ་ཡི༴ སུམ་བརྒྱ༴ ཕོ་ཉ༴ འཇིགས་བྱེད༴ དྲི་ཟའི༴ ཤར་ཕྱོགས༴ དུང་གི༴ རྡོ་རྗེ་ཕོ་ཉ་ཐོགས་པ་མོ། །དཀར་དམར་ལག་ནས་ཟངས་གྲི་འཆང་། །དཔའ་བོ་ཆེན་པོ་ཐོགས་པ་མེད། །དབང་འདི༴ ༀ་བྷ་ན༴ ཨ༴ བསྐྱེད་མ་ཐོགས་ཏེ། ཧཱུྃ། རྡོ་རྗེ་ཕོ་ཉ་བསྐྱེད་མ་ནི། །དཀར་དམར་རླུང་གི་ཞགས་ཐོག་མ། །རྣལ་འབྱོར་ཕྲིན་ལས་བསྐྱེད་བྱེད་མ། །དབང་འདི༴ ༀ་བྷ་ན༴ ཨ་བྷི༴ འཆང་བདག་མ་ཐོགས་ཏེ། དབང་༴ སྐུ་ཡི༴ སུམ་བརྒྱ་དྲུག་ཅུར༴ ཕོ་ཉ༴ འཇིགས་བྱེད༴ དྲི་ཟའི༴ རྡོ་རྗེ་ཕོ་ཉ་འཆང་བདག་མོ། །དཀར་དམར་འཇིགས་བྱེད་ཞགས་པ་མ། །རླུང་ཡང་འཆོར་བ་མེད་པར་འདེབས། །དབང་འདི༴ ༀ་བྷ་ན༴ ཨ་བྷི༴ ཕྲ་མེན་མ་ཐོགས་ཏེ། དབང་གི༴ སྐུ་ཡི༴ སུམ་བརྒྱ༴ ཕོ་ཉ༴ འཇིགས་བྱེད༴ དྲི་ཟའི༴ ཤར་ཕྱོགས༴ དུང་གི་མི་མོ༴ རྡོ་རྗེ་ཕོ་ཉ་ཕྲན་བྱེད་མ། །དཀར་དམར་མ་ཡི་སྒྲོན་མ་ཁྱེད། །དོན་དང་རྟགས་སུ་བཅས་ཏེ་འཛིན། །དབང་གི༴ ༀ་བྷ༴ ཨ༴ མྱུར་བྱེད་མ་ཐོགས་ཏེ། དབང་གི༴ སྐུ་ཡི་འོད༴ སུམ་བརྒྱ༴ ཕོ་ཉ༴ འཇིགས་བྱེད༴ དྲི་ཟའི༴ ཤར་ཕྱོགས༴ དུང་གི༴ རྡོ་རྗེ་ཕོ་ཉ་མྱུར་བྱེད་མ། །དཀར་དམར་གློག་གི་ཞགས་ཐོགས་མ། །གང་བཟང་ཡིད་ཀྱི་འདེབས་པར་བྱེད། །དབང་འདི༴ ༀ་བྷ་ན༴ ཨ་བྷི༴ བསྐུལ་བྱེད་མ་ཐོགས་ཏེ། དབང་གི༴ སྐུ་ཡི་འོད་ཟེར་སུམ་བརྒྱ༴ ཕོ་ཉ༴ འཇིགས་བྱེད༴ དྲི་ཟའི༴ ཤར་ཕྱོགས༴ དུང་གི༴ རྡོ་རྗེ་ཕོ་ཉ༴ དཀར་དམར་སྐུར་མདའི་འོད་འཕེན་མ། །ཐུགས་དམ་བསྐུལ་ཞིང་ཕྲིན་ལས་བྱེད། །དབང་འདི༴ ༀ་བྷ་ན་བྷ་ན༴ ཨ་བྷི༴ གསལ་བཀྲ་མ་ཐོགས་ཏེ། དབང་གི༴ སྐུ་ཡི༴ སུམ་བརྒྱ༴ ཕོ་ཉ་སུམ༴ འཇིགས་བྱེད༴ དྲི་ཟའི༴ ཤར་ཕྱོགས༴ དུང་གི་མི་མོ༴ རྡོ་རྗེ་ཕོ་ཉ༴ དཀར་མོ་རྡོ་རྗེ་ཞགས་འཕེན་མ། །སུས་ཀྱང་མི་ཟློག་ཐུབ་པ་དཀའ། །དབང་འདི༴ ༀ་བྷ་ན་བྷ་ན༴ ཨ་བྷི༴ ཡང་དག་མོ་ཐོགས་ཏེ། དབང་གི༴ སྐུ་ཡི༴ སུམ་བརྒྱ༴ ཕོ་ཉ༴ འཇིགས༴ དྲི་ཟའི༴ ཤར་ཕྱོགས༴ དུང་གི༴ ཕོ་ཉ་རྡོ་རྗེ་ཡང་དག་མོ། །དཀར་དང་དམར་གྱི་ལེན་ཕྲན་འདེབས། །ཁམས་གསུམ་ས་དགུ་ཡུད་ཀྱི་ཁྱབ། །དབང་འདི༴ ༀ་བྷ་ན༴ ཨ་བྷི༴ ཆེན་པོ་མོ་ཐོགས་ཏེ། དབང་གི༴ སྐུ་ཡི༴ སུམ་བརྒྱ༴ ཕོ་ཉ༴ འཇིགས༴ དྲི་ཟའི༴ ཤར་ཕྱོགས༴ དུང་གི༴ རྡོ་རྗེ་ཕོ་ཉ་ཆེན་པོ་ནི། །དཀར་སེར་རྡོ་རྗེ་རྩེ་གཅིག་འཕེན། །ཐུགས་དམ་དབང་གི་རྟགས་སྟོན་མ། །རྡོ་རྗེ་ཐུགས་ཀྱི་ཕོ་ཉ་མོ། །དབང་འདི༴ ༀ་བྷ་ན༴ ཨ་བྷི༴ གནོན་མཛད་མ་ཐོགས་ཏེ། དབང་གི༴ སྐུ་ཡི༴ སུམ་བརྒྱ༴ ཕོ་ཉ༴ འཇིག་རྟེན༴ དྲི་ཟའི༴ ཤར་ཕྱོགས༴ དུང་གི༴ རྡོ་རྗེ་ཕོ་ཉ་གནོན་མཛད་མ། །དཀར་སེར་རྡོ་རྗེ་བྲག་འཕེན་མ། །རི་རབ་རྩེ་ཡང་གནོན་བྱེད་མ། །དབང་འདི༴ ༀ་བྷ་ན༴ ཨ་བྷི༴ དབང་ཕྱུག་མ་ཐོགས་ཏེ། དབང་འདི༴ སྐུ་ཡི༴ སུམ་བརྒྱ༴ ཕོ་ཉ༴ འཇིགས༴ དྲི་ཟའི༴ ཤར་ཕྱོགས༴ དུང་གི༴ རྡོ་རྗེ་ཕོ་ཉ་དབང་ཕྱུག་མ། །དཀར་སེར་དྲི་ཤུལ་གཟེ་མོ་འཛིན། །དུག་གསུམ་ནད་རྣམས་འཇོམས་བྱེད་མ། །དབང་འདི༴ ༀ་བྷ་ན༴ ཨ་བྷི༴ སྲེད་མོ་ཐོགས་ཏེ། དབང་གི༴ སྐུ་ཡི༴ སུམ་བརྒྱ༴ ཕོ་ཉ་སུམ་བརྒྱ༴ འཇིགས་བྱེད༴ དྲི་ཟའི༴ ཤར་ཕྱོགས༴ དུང་གི་མི་མོ་དྲུག༴ རྡོ་རྗེ་ཕོ་ཉ་སྲེད་མོ་ནི། །དཀར་སེར་ལྕགས་ཀྱུ་དམར་པོ་ཐོགས། །བཏབ་པ་ཙམ་གྱི་གང་ཡང་ཁུག །དབང་འདི༴ ༀ་བྷ་ན༴ ཨ་བྷི༴ ཁ་འབར་མ་ཐོགས་ཏེ། དབང་གི༴ སྐུ་ཡི༴ སུམ་བརྒྱ༴ ཕོ་ཉ༴ འཇིགས༴ དྲི་ཟའི༴ ཤར་ཕྱོགས༴ དུང་གི༴ རྡོ་རྗེ་ཕོ་ཉ་ཁ་འབར་མ། །དཀར་སེར་སྤྲིན་གྱི་གོ་ཟུ་ཅན། །ཁ་ལ་མེ་འབར་རྒྱ་མཚོ་སྐམ། །དབང་འདི༴ ༀ་བྷ་ན༴ ཨ་བྷི༴ གསལ་བྱེད་མ་ཐོགས་ཏེ། དབང་འདི༴ སྐུ་ཡི༴ སུམ་བརྒྱ༴ ཕོ་ཉ༴ འཇིགས༴ དྲི་ཟའི༴ ཤར་ཕྱོགས༴ དུང་གི༴ རྡོ་རྗེ་ཕོ་ཉ་གསལ་བྱེད་མ། །དཀར་སེར་དུང་གི་འཁོར་ལོ་འཕེན། །གང་ལ་བྱ་བས་ས་ལེར་གསལ། །དབང་འདི་བུ༴ ༀ་བྷ་ན༴ ཨ་བྷི༴ ཁྲོ་བོ་ཐོགས་ཏེ། དབང་གི༴ སྐུ་ཡི༴ སུམ་བརྒྱ༴ འཇིགས༴ དྲི་ཟའི༴ ཤར༴ དུང་གི༴ རྡོ་རྗེ་ཕོ་ཉ་ཁྲོ་མོ་ནི། །དཀར་སེར་ཁྲོ་མོའི་གཟུགས་འཆང་མ། །དེ་བཞིན་ལག་ན་གཡང་གཞི་རྡེབ། །དབང་འདི༴ ༀ་བྷ་ན་བྷ་ན༴ ཨ་བྷི༴ འཆང་བ་ཐོགས་ཏེ། དབང་གི༴ སྐུ་ཡི༴ སུམ་བརྒྱ་དྲུག་ཅུའི་གདོན་སྒྲོལ་ཕྱིར། །དྲི་ཟའི༴ ཤར་ཕྱོགས༴ དུང་གི༴ རྡོ་རྗེ་ཕོ་ཉ་འཆང་བ་ནི། །དཀར་སེར་རྡོ་རྗེ་ཕུར་བུ་འཆང་། །གང་ལ་བྱ་བའི་སྙིང་ལ་འདེབས། །དབང་འདི༴ ༀ་བྷ་ན༴ ཨ་བྷི༴ གཏུམ་མོ་ཐོགས་ཏེ། དབང་གི༴ སྐུ་ཡི༴ སུམ་བརྒྱ༴ ཕོ་ཉ༴ འཇིགས༴ དྲི་ཟའི༴ ཤར་ཕྱོགས༴ དུང་གི་མི་མོ༴ རྡོ་རྗེ་ཕོ་ཉ་གཏུམ་པ་མོ། །དམར་སེར་རྡོ་རྗེ་ཐོ་བ་ཐོགས། །གང་ལ་དམིགས་པ་ཡུད་ཀྱི་འཇོམས། །དབང་འདི༴ ༀ་བྷ་ན༴ ཨ་བྷི༴ ཁྲོས་མ་ཐོགས་ཏེ། དབང་གི༴ སྐུ་ཡི༴ སུམ་བརྒྱ༴ ཕོ་ཉ༴ འཇིགས༴ དྲི་ཟའི༴ ཤར་ཕྱོགས༴ དུང་གི༴ རྡོ་རྗེ་ཕོ་ཉ་ཁྲོས་མ་ནི། །དམར་སེར་རྡོ་རྗེ་བེ་ཅོན་འཆང་ཁྲོ་ཞིང་། །གཏུམ་པ་དཔའ་བརྟུལ་ཆོ་དཀར་སྤྱོད། །དབང་འདི་ལས་བྱེད་མ་ཐོགས་ཏེ། །ༀ་བྷ་ན༴ ཨ༴ དབང་གི༴ སྐུ་ཡི༴ སུམ་བརྒྱ༴ ཕོ་ཉ༴ འཇིགས༴ དྲི་ཟའི༴ ཤར་ཕྱོགས༴ དུང་གི༴ རྡོ་རྗེ་ཕོ་ཉ་ལས་བྱེད་མ། །དམར་སེར་གཅོད་པའི་རལ་གྲི་འཛིན། །སེམས་ཅན་སྐྱེ་ཤི་རྩད་གཅོད་མ། །དབང་འདི༴ ༀ་བྷ་ན༴ ཨ༴ དུས་མཚན་མ་ཐོགས་ཏེ། དབང་༴ སྐུ་ཡི༴ སུམ་བརྒྱ༴ ཕོ་ཉ༴ འཇིགས༴ དྲི་ཟའི༴ ཤར་ཕྱོགས༴ དུང་གི༴ རྡོ་རྗེ་ཕོ་ཉ་དུས་མཚན་མ། །དམར་སེར་ལག་ན་ཤག་ཏི་ཐོགས། །མ་ལུས་འཇོམས་པའི་ལས་མཛད་མ། །དབང་འདི༴ ༀ་བྷ་ན་བྷ་ན༴ ཨ་བྷི༴ ཐར་པ་མོ་ཐོགས་ཏེ། དབང་གི༴ སྐུ་ཡི༴ སུམ་བརྒྱ༴ ཕོ་ཉ་སུམ༴ འཇིགས་བྱེད༴ དྲི་ཟའི༴ ཤར་ཕྱོགས༴ དུང་གི་མི་མོ༴ རྡོ་རྗེ་ཕོ་ཉ་ཐར་པ་མོ། །དམར་སེར་ལག་ན་གཏུན་ཤིང་ཐོགས། །རྡུལ་དུ་བརླག་པའི་ལས་མཛད་མ། །དབང་འདི༴ ༀ་བྷ་ན༴ ཨ་བྷི༴ སྐུ་ལ་མ་ཐོགས་ཏེ། དབང་གི༴ སྐུ་ཡི༴ སུམ་བརྒྱ༴ ཕོ་ཉ༴ འཇིགས༴ དྲི་ཟའི༴ ཤར་ཕྱོགས༴ དུང་གི༴ རྡོ་རྗེ་ཕོ་ཉ་སྐུ་ལ་མ། །དམར་སེར་ལག་ན་ལྕགས་ཀྱུ་འདེབས། །མ་ལུས་འཛིན་པའི་གིང་ཆེན་མ། །དབང་འདི༴ ༀ་བྷ་ན༴ དཔལ་འབར་མ་ཐོགས་ཏེ། དབང་གི༴ སྐུ་ཡི༴ སུམ་བརྒྱ༴ ཕོ་ཉ༴ འཇིགས༴ དྲི་ཟའི༴ ཤར་ཕྱོགས༴ དུང་གི༴ རྡོ་རྗེ་ཕོ་ཉ་དཔལ་འབར་མ། །དམར་སེར་རས་ཀྱི་ཞགས་པ་འདེབས། །དཔལ་ཆེན་སྐུ་ལ་སྦྱོར་མཛད་མ། །དབང་འདི༴ ༀ་བྷ་ན༴ ཨ་བྷི༴ བསྐྱོད་ཆེན་མ་ཐོགས་ཏེ། དབང་གི༴ སྐུ་ཡི༴ སུམ་བརྒྱ༴ ཕོ་ཉ༴ འཇིགས༴ དྲི་ཟའི༴ ཤར་ཕྱོགས༴ དུང་གི༴ རྡོ་རྗེ་ཕོ་ཉ་བསྐྱོད་ཆེན་མ། །དམར་སེར་རླངས་ཀྱི་རྐྱལ་པ་ཐོགས། །བསྐུལ་བའི་མི་ཆེན་གཏོང་བ་ཡི། །དབང་གི༴ ༀ་བྷ་ན༴ ཨ་བྷི༴ ལུས་ཁྲོས་མ་ཐོགས་ཏེ། དབང་གི༴ སྐུ་ཡི༴ སུམ་བརྒྱ༴ ཕོ་ཉ༴ འཇིགས་བྱེད༴ དྲི་ཟའི༴ ཤར་ཕྱོགས༴ དུང་གི༴ རྡོ་རྗེ་ཕོ་ཉ་ལུས་ཁྲོས་མ། །དཀར་སེར་ལྕགས་ཀྱི་ཚྭ་ཚྭ་འཕྲོ། །བ་སྤུ་སྐྲ་འཁྲེག་རྡོ་རྗེའི་སྐུ། །དབང་འདི༴ ༀ་བྷ་ན༴ ཨ་བྷི༴ ངག་འཕྲོག་མ་ཐོགས་ཏེ། དབང་གི༴ སྐུ་ཡི༴ སུམ་བརྒྱ༴ ཕོ་ཉ༴ འཇིགས༴ དྲི་ཟའི༴ ཤར་ཕྱོགས༴ དུང་གི༴ རྡོ་རྗེ་ཕོ་ཉ་ངག་འཕྲོག་མ། །དམར་སེར་འགུགས་བྱེད་ལྕགས་ཀྱུ་མ། །སྨྲ་བ་ངག་གི་ལྕེ་འཕྲོག་མ། །དབང་འདི༴ ༀ་བྷ་ན༴ ཨ་བྷི༴ ཡིད་གཏུམ་མ་ཐོགས་ཏེ། དབང་གི༴ སྐུ་ཡི༴ སུམ་རྒྱ༴ ཕོ་ཉ༴ འཇིགས༴ དྲི་ཟའི༴ ཤར་ཕྱོགས༴ དུང་གི༴ རྡོ་རྗེ་ཕོ་ཉ་ཡིད་གཏུམ་མ། །དཀར་སེར་སེན་མོས་སྙིང་འབྱིན་མ། །ཐུགས་རྗེས་བདུད་སྲིན་མྱོས་བྱེད་བརླམ། །དབང་འདི༴ ༀ་བྷ་ན༴ ཨ་བྷི༴ སྡེ་ཆེན་མོ་ཐོགས་ཏེ། དབང་གི༴ སྐུ་ཡི༴ སུམ་བརྒྱ༴ ཕོ་ཉ༴ འཇིགས་བྱེད༴ དྲི་ཟའི༴ ཤར་ཕྱོགས༴ དུང་གི༴ རྡོ་རྗེ་ཕོ་ཉ་སྡེ་ཆེན་མ། །དམར་སེར་རལ་གྲིའི་གཡབ་མོ་འདེབས། །ཐུགས་རྗེས་བསྒྲལ་བའི་ཞིང་བཅུ་སྒྲོལ། །དབང་འདི༴ ༀ་བྷ་ན༴ ཨ་བྷི༴ གསོད་བྱེད་མ་ཐོགས་ཏེ། དབང་གི༴ སྐུ་ཡི༴ སུམ་བརྒྱ༴ ཕོ་ཉ༴ འཇིགས་བྱེད༴ དྲི་ཟའི༴ ཤར༴ དུང་གི༴ རྡོ་རྗེ་ཕོ་ཉ་གསོད་བྱེད་མ། །དཀར་སྔོ་དུང་གི་ཞགས་པ་ཐོགས། །ཐུགས་རྗེས་བསྒྲལ་བའི་ཞིང་བཅུ་སྒྲོལ། །དབང་འདི་བུ་ལ་བསྐུར༴ ༀ་བྷ་ན༴ ཨ་བྷི༴ ཞགས་པ་ཐོགས་ཏེ། དབང་གི༴ སྐུ་ཡི༴ སུམ་བརྒྱ༴ ཕོ་ཉ་སུམ༴ འཇིགས་བྱེད༴ དྲི་ཟའི༴ ཤར་ཕྱོགས༴ དུང་གི༴ རྡོ་རྗེ་ཕོ༴ དཀར་སྔོ་དུང་གི་ཞགས་པ་བསྣམས། །ཐུགས་རྗེས་བདུད་དང་སྲིན་པོ་སྒྲོལ། །དབང་འདི༴ ༀ་བྷ་ན༴ ཨ་བྷི༴ གསོད་མ་ཐོགས་ཏེ། དབང་གི༴ སྐུ་ཡི༴ སུམ་བརྒྱ༴ ཕོ་ཉ་སུམ༴ འཇིགས་བྱེད༴ དྲི་ཟའི༴ ཤར་ཕྱོགས༴ དུང་གི༴ རྡོ་རྗེ་ཕོ་ཉ་གསོད་པ་མོ། །དཀར་སྔོ་ཤེལ་གྱི་གྲི་ཐོག་མ། །གསོད་པའི་ལས་ལ་བྷ་ཞིག་དགྱེས། །དབང་འདི༴ ༀ་བྷ་ན༴ ཨ་བྷི༴ ཟ་བ་མོ་ཐོགས་ཏེ། དབང་གི༴ སྐུ་ཡི༴ སུམ་བརྒྱ༴ ཕོ་ཉ༴ འཇིགས༴ དྲི་ཟའི༴ ཤར་ཕྱོགས༴ དུང་གི༴ རྡོ་རྗེ་ཕོ་ཉ་ཟ་བ་མོ། །དཀར་སྔོ་མཾ་ས་ཟས་སུ་ཟ། །གཏི་མུག་གཏན་ནས་ཟད་མཛད་མ། །དབང་གི༴ ༀ་བྷ་ན༴ ཨ་བྷི༴ ཁྲག་འཐུང་མ་ཐོགས་ཏེ། དབང་གི༴ སྐུ་ཡི༴ སུམ་བརྒྱ༴ ཕོ་ཉ༴ འཇིགས༴ དྲི་ཟའི༴ ཤར་ཕྱོགས༴ དུང་གི༴ རྡོ་རྗེ་ཕོ་ཉ་ཁྲག་འཐུང་མ། །དཀར་སྔོ་བྷནྡྷ་ཐོད་ཁྲག་འཐུང་། །འདོད་ཆགས་གཏན་ནས་ཟད་མཛད་མ། །དབང་འདི༴ ༀ་བྷ་ན༴ ཨ་བྷི༴ མཆེ་བ་མོ་ཐོགས་ཏེ། དབང་གི༴ སྐུ་ཡི༴ སུམ་བརྒྱ༴ ཕོ་ཉ༴ འཇིགས༴ དྲི་ཟའི༴ ཤར་ཕྱོགས་འོད་ཟེར༴ དུང་གི༴ རྡོ་རྗེ་ཕོ་ཉ་མཆེ་བ་མོ། །དཀར་སྔོ་ཀེང་རུས་ཁྲལ་ཁྲོལ་འཆའ། །ཞེ་སྡང་གཏན་ནས་ཟད་མཛད་མ། །དབང་འདི༴ ༀ་བྷ་ན༴ ཨ་བྷི༴ ཚེ་ལེན་མ་ཐོགས་ཏེ། དབང་གི༴ སྐུ་ཡི༴ སུམ་བརྒྱ༴ ཕོ་ཉ་སུམ་བརྒྱ་དྲུག་ཅུར་སྤྲུལ། །འཇིགས་བྱེད༴ དྲི་ཟའི༴ ཤར་ཕྱོགས་འོད༴ དུང་གི་མི་མོ་དྲུག་ཅུར་སྤྲུལ། །རྡོ་རྗེ་ཕོ་ཉ་ཚེ་ལེན་མ། །རྡོ་རྗེ་ཐུགས་ཀྱིས་ཕོ་ཉའི་དབང་། །སྡང་བ་དགྲ་ཡི་ཚེ་འཕྲོག་མ། །དབང་འདི༴ ༀ་བྷ་ན༴ ཨ་བྷི༴ མདངས་ལེན་མ་ཐོགས་ཏེ། རྡོ་རྗེ་ཕོ་ཉ་མདངས་ལེན་མ། །དཀར་མོ་དུང་གི་བ་རུ་བསྣམས། །གང་ལ་དམིགས་པའི་མདངས་འཕྲོག་མ། །དབང་འདི༴ ༀ་བྷ་ན༴ ཨ་བྷི༴ སྲོག་འཕྲོག་མ་ཐོགས་ཏེ། དབང་གི༴ སྐུ་ཡི༴ སུམ་བརྒྱ༴ ཕོ་ཉ༴ འཇིགས་བྱེད༴ ཤར་ཕྱོགས་དུང་༴ དུང་གི༴ རྡོ་རྗེ་ཕོ་ཉ་སྲོག་འཕྲོག་མ། །དཀར་མོ་ལག་གཡས་ཙིཏྟ་འབྱིན། །སྐད་ཅིག་ཡུད་ལ་ཉམས་པ་ལེན། །དབང་འདི༴ ༀ་བྷ་ན་བྷ་ན༴ ཨ་བྷི༴ སྙིང་འབྱིན་མ་ཐོགས་ཏེ། དབང་གི༴ སྐུ་ཡི༴ སུམ་བརྒྱ༴ ཕོ་ཉ༴ འཇིགས་བྱེད༴ ཤར་ཕྱོགས༴ དུང་གི༴ རྡོ་རྗེ་ཕོ་ཉ་སྙིང་འབྱིན་མ། །དཀར་སྔོ་སྙིང་གི་ཕྲེང་བ་བསྣམས། །རྣམ་ཤེས་ཕུང་པོ་གཏན་བཅོམ་མ། །དབང་འདི༴ ༀ་བྷ༴ ཨ་བྷི༴ གཅོད་བྱེད་མ་ཐོགས་ཏེ། དབང་གི༴ སྐུ་ཡི༴ སུམ་བརྒྱ༴ ཕོ་ཉ་སུམ་བརྒྱ༴ འཇིགས་བྱེད་འབར་བའི༴ དྲི་ཟའི༴ ཤར་ཕྱོགས༴ དུང་གི་མི་མོ་དྲུག་ཅུར་སྤྲུལ། །རྡོ་རྗེ་ཕོ་ཉ་གཅོད་བྱེད་མ། །དཀར་ལྗང་ཤེལ་གྱི་དགྲ་སྟྭ་ཕྱར། །རྒྱུ་དྲུག་འཁོར་བ་རྩད་ནས་གཅོད། །དབང་འདི༴ ༀ་བྷ་ན༴ ཨ་བྷི༴ བསྐུལ་བྱེད་མ་ཐོགས་ཏེ། དབང་གི༴ སྐུ་ཡི༴ སུམ་བརྒྱ༴ ཕོ་ཉ༴ འཇིགས་བྱེད༴ དྲི་ཟའི༴ ཤར་ཕྱོགས༴ དུང་གི༴ རྡོ་རྗེ་ཕོ་ཉ་བསྐུལ་བྱེད་མ། །དཀར་མོ་ཕྱག་ན་ལྕགས་ཀྱུ་ཅན། །ཞིང་བཅུ་བསྒྲལ་ནས་ཐུགས་དམ་བསྐུལ། །དབང་འདི༴ ༀ་བྷ་ན་བྷ་ན༴ ཨ་བྷི༴ སྣ་ཚོགས་གཟུགས་ཐོགས་ཏེ། དབང་གི༴ སྐུ་ཡི༴ སུམ་བརྒྱ༴ ཕོ་ཉ༴ འཇིགས་བྱེད༴ དྲི་ཟའི༴ ཤར་ཕྱོགས༴ དུང་གི༴ རྡོ་རྗེ་ཕོ་ཉ་སྣ་ཚོགས་གཟུགས། །བསེ་ཡི་ལེན་དཀར་ན་བཟའ་གསོལ། །མ་ལུས་སྒྲོལ་བའི་བྱ་ར་མ། །དབང་འདི༴ ༀ་བྷ་ན༴ ཨ་བྷི༴ སྨྱོན་མ་ཐོགས་ཏེ། དབང་གི༴ སྐུ་ཡི༴ སུམ་བརྒྱ༴ ཕོ་ཉ༴ འཇིགས་བྱེད༴ དྲི་ཟའི༴ ཤར་ཕྱོགས༴ དུང་གི༴ རྡོ་རྗེ་ཕོ་ཉ་སྨྱོན་མ་ནི། །དཀར་ལྗང་ཤེལ་གྱི་རྡོ་རྗེ་འཕེན། །གཞན་གྱི་མི་ཐུབ་དྲག་ཤུལ་ཆེ། །དབང་འདི༴ ༀ་བྷ་ན༴ ཨ་བྷི༴ འཇུག་བྱེད་མ་ཐོགས་ཏེ། དབང་གི༴ སྐུ་ཡི༴ སུམ་བརྒྱ༴ ཕོ་ཉ༴ འཇིགས༴ དྲི་ཟའི༴ ཤར་ཕྱོགས༴ དུང་གི༴ རྡོ་རྗེ་ཕོ་ཉ་འཇུག་བྱེད་མ། །དཀར་ལྗང་ཕྱག་ན་ཁྲག་ཐོགས་མ། །གསོད་བྱེད་འཇོམས་པའི་རྫུ་འཕྲུལ་ཅན། །དབང་འདི༴ ༀ་བྷ༴ ཨ་བྷི༴ ཡིད་འཕྲོག་མ་ཐོགས་ཏེ། དབང་གི༴ སྐུ་ཡི༴ སུམ་བརྒྱ༴ ཕོ་ཉ༴ འཇིགས་བྱེད་འབར་བའི༴ དྲི་ཟའི༴ ཤར་ཕྱོགས༴ དུང་གི༴ རྡོ་རྗེ་ཕོ་ཉ་ཡིད་འཕྲོག་མ། །དཀར་ལྗང་མཚོན་གྱི་གྲུ་གུ་ཐོགས། །སྣ་ཚོགས་འོད་ཀྱི་བྱད་དུ་འཇུག །དབང་འདི༴ ༀ་བྷ་ན༴ ཨ་བྷི་ཥིཉྩ༴ རོ་རྐུན་མ་ཐོགས་ཏེ། དབང་འདི༴ སྐུ་ཡི༴ སུམ་བརྒྱ༴ ཕོ་ཉ༴ འཇིགས་བྱེད༴ དྲི་ཟའི༴ ཤར་ཕྱོགས༴ དུང་གི༴ རྡོ་རྗེ་ཕོ་ཉ་རོ་རྐུན་མ། དཀར་ལྗང་ཞིང་གི་རོ་ཁུར་མ། །དུར་ཁྲོད་བགེགས་ཀྱི་ཚོགས་འཇོམས་མ། །དབང་འདི༴ ༀ་བྷ་ན༴ ཨ་བྷི༴ རྫུས་སྐྱེས་མ་ཐོགས་ཏེ། དབང་གི༴ སྐུ་ཡི༴ སུམ་བརྒྱ༴ ཕོ་ཉ༴ འཇིགས༴ དྲི་ཟའི༴ ཤར་ཕྱོགས༴ དུང་གི༴ རྡོ་རྗེ་ཕོ་ཉ་བསྡུ་བྱེད་མ། །དཀར་ལྗང་རླུང་གི་ཞགས་པ་འདེབས། །ཅིར་ཡང་སྤྲུལ་པའི་སྐུ་གཅིག་མ། །དབང་འདི༴ ཨ་བྷི༴ འཇིགས་བྱེད་མ་ཐོགས་ཏེ། དབང་གི༴ སྐུ་ཡི༴ སུམ་བརྒྱ༴ ཕོ་ཉ༴ འཇིགས་བྱེད༴ དྲི་ཟའི༴ ཤར་ཕྱོགས༴ དུང་གི༴ རྡོ་རྗེ་ཕོ་ཉ་འཇིགས་བྱེད་མ། །དཀར་ལྗང་དུང་གི་མཆེ་བ་འཛིན། འཇིགས་ཤིང་སྐྲག་པའི་རྫུ་འཕྲུལ་ཅན། །དབང་འདི༴ ༀ་བྷ་ན༴ ཨ་བྷི༴ བཅུད་ལེན་མ་ཐོགས་ཏེ། དབང་གི༴ སྐུ་ཡི༴ སུམ་བརྒྱ༴ ཕོ་ཉ༴ འཇིགས༴ དྲི་ཟའི༴ ཤར་ཕྱོགས༴ དུང་གི་མི༴ རྡོ་རྗེ་ཕོ་ཉ་བཅུད་ལེན་མ། །དཀར་ལྗང་གཡུ་ཡི་ཟ་མ་ཏོག །ཁམས་གསུམ་ཚེ་སྡུད་ཕོ་ཉ་མོ། །དབང་འདི་བུ་ལ་བསྐུར་བར་བྱ། །ༀ་བྷ་ན་བྷ་ན༴ ཨ་བྷི༴ ལྷོའི་ཕོ་ཉ་དྲུག་ཅུ་ལས། དབྱིངས་ཕྱུག་མ་ཐོགས་ཏེ། དབང་གི་དཀྱིལ༴ དགྲ་དང་གཤིན་རྗེ་གདོན་འདུལ་ཕྱིར། །འཇིགས་བྱེད་ཕོ་ཉའི༴ ལྷོ་ཕྱོགས་འོད་ཟེར་སེར་པོ་ལས། །གསེར་གྱི་མི་མོ་དྲུག་ཅུ་བྱུང་། །ཡོན་ཏན་ཕོ་ཉ་དབྱིངས་ཕྱུག་མ། །སེར་ནག་མེ་ཡི་ཞགས་པ་ཐོགས། །ཅི་བགྱིས་ཞེས་ཀྱང་ཐོགས་པ་མེད། །དབང་འདི་བུ་ལ། ཧ་ལ་ཧ་ལ་པ་ཤ་ཧཱུྃ། བྷི༴ མཁའ་འགྲོ་མ་ཐོགས་ཏེ། དབང་གི༴ དགྲ་དང་༴ འཇིགས་བྱེད༴ ལྷོ་ཕྱོགས༴ གསེར༴ ཡོན་ཏན་ཕོ་ཉ་མཁའ་འགྲོ་མ། །སེར་ནག་སྡིག་མཛུབ་གྱད་འདོར་མ། །ལྷག་མ་ལེན་ཅིང་བསྒྲུབ་ལ་མགོན། །དབང་འདི༴ ཧ་ལ་ཧ་ལ་པ་ཤ་ཧཱུྃ། ཨ་བྷི༴ མཐུ་འབེབ་མ་ཐོགས་ཏེ། དབང་གི༴ དགྲ་དང་༴ འཇིགས་བྱེད༴ ལྷོ་ཕྱོགས༴ གསེར༴ ཡོན་ཏན་ཕོ་ཉ་མཐུ་འབེབ་མ། །དམར་སེར་བ་ངན་གཡབ་དོར་མ། །བསྒྲུབ་པ་པོ་ལ་མཐུ་བྱིན་འབེབ། །དབང་འདི༴ ཧ་ལ༴ ཨ་བྷི༴ པྲ་བ་མ་ཐོགས་ཏེ། དབང་གི༴ དགྲ་དང་༴ འཇིགས་བྱེད༴ ལྷོ་ཕྱོགས་གསེར་གྱི༴ ཡོན་ཏན་ཕོ་ཉ་པྲ་བ་མོ། །སེར་ནག་རྡོ་རྗེའི་གོ་གྱོན་པས། །ཅིས་ཀྱང་མི་ཚུགས་རྡོ་རྗེའི་སྐུ། །དབང་འདི༴ ཧ་ལ་ཧ་ལ༴ ཨ་བྷི༴ མཆོངས་མོ་ཆེ་ཐོགས་ཏེ། དབང་གི་དཀྱིལ་འཁོར༴ དགྲ་དང་གཤིན་རྗེ་གདོན་འདུལ་ཕྱིར། །འཇིགས་བྱེད་ཕོ་ཉའི་སྐུར་སྤྲུལ་པ། །ལྷོ་ཕྱོགས༴ གསེར་གྱི༴ ཡོན་ཏན་ཕོ་ཉའི་མཆོང་མོ་ཆེ། །སེར་ནག་འཆོངས་སྟབས་བྱན་ལག་ཐོགས། །རི་ཀླུངས་ཀུན་སླེབ་མཆོངས་བྱེད་མ། །དབང་འདི༴ ཧ་ལ་ཧ་ལ་པ་ཤ་ཧཱུྃ། ཨ་བྷི༴ ཁྲོ་གཏུམ་ཐོགས་ཏེ། དབང་འདི༴ དགྲ་དང་༴ འཇིགས་བྱེད༴ ལྷོ་ཕྱོགས༴ གསེར་གྱི༴ ཡོན་ཏན་ཕོ་ཉ་ཁྲོ་གཏུམ་ཅན། །སེར་ནག་སྡང་མིག་དགྲ་ལ་ཞོན། །དགྲ་བགེགས་མ་ལུས་འཇོམས་བྱེད་མ། །དབང་༴ ཧ་ལ་ཧ་ལ༴ ཨ་བྷི༴ བརྩོན་བྱེད་མ་ཐོགས་ཏེ། དབང་གི་དཀྱིལ༴ དགྲ་བགེགས༴ འཇིགས་བྱེད༴ ལྷོ་ཕྱོགས༴ གསེར༴ ཡོན་ཏན་ཕོ་ཉ་བརྩོན་བྱེད་མ། །སེར་ནག་རླུང་གི་ཞགས་པ་འཕེན། །གྱེན་མཐུར་མེད་པར་རྒྱུག་ཅིང་འཛིན། །དབང་འདི༴ ཧ་ལ་ཧ་ལ། ཨ་བྷི༴ འཇིགས་གདོན་མ་ཐོགས་ཏེ། དབང་གི༴ དགྲ་དང་༴ འཇིགས་བྱེད༴ ལྷོ་ཕྱོགས༴ གསེར༴ ཡོན་ཏན་ཕོ་ཉ་འཇིགས་གདོན་མ། །ཁ་བསྒྲད་མཆེ་གཙིགས་ལག་གཉིས་གདོན། །སྟོབས་ཆེ་མཐུ་ཡང་འཇོམས་བྱེད་པ། །དབང་འདི༴ ཧ་ལ༴ ཨ་བྷི༴ ཤ་ཟ་མ་ཐོགས་ཏེ། ཡོན་ཏན་ཕོ་ཉ་ཤ་ཟ་མ། །མེ་ཁྲག་དབྱུག་པ་གླད་ལ་བསྐོར། །མང་ས་ཟ་ཞིང་བདུད་ཀྱི་འཇོམས། །དབང་འདི༴ ཧ་ལ༴ ཨ་བྷི༴ ཁྲག་འཐོར་མ་ཐོགས་ཏེ། ཡོན་ཏན་ཕོ་ཉ་ཁྲག་འཐོར་མ། །མི་མགོའི་ཕུར་པ་རློན་པ་རུ། །མི་སྙིང་ཁྲག་ཞག་བླུག་ཅིང་འཐོར། །དབང་འདི༴ ཧ་ལ་ཧ་ལ༴ ཨ་བྷི༴ སོ་གཅིག་མ་ཐོགས་ཏེ། དབང་གི༴ དགྲ་དང་གཤིན་རྗེ་གདོན་འདུལ་ཕྱིར། །འཇིགས་བྱེད་ཕོ་ཉའི་སྐུ་སྤྲུལ་པ། །ལྷོ་ཕྱོགས་འོད་ཟེར་སེར་པོ་ལས། །གསེར་གྱི་མི་མོ་དྲུག་ཅུར་སྤྲུལ། །ཡོན་ཏན་ཕོ་ཉ་སོ་གཅིག་མ། །སེར་མོ་ཁ་མིག་སོ་གཅིག་མ། །རྡོ་རྗེ་རྩེ་གཅིག་མདའ་འཕེན་མ། །དབང་འདི༴ ཧ་ལ༴ ཨ་བྷི༴ རལ་བསིག་མ་ཐོགས་ཏེ། དབང་གི༴ དགྲ་དང་༴ འཇིགས༴ ལྷོ་ཕྱོགས༴ གསེར༴ ཡོན་ཏན་ཕོ་ཉ་རལ་བསིག་མ། །སེར་ནག་རལ་བསིག་གོ་ཟུ་ཅན། །གཡོན་བསྡིག་གཡས་པ་ལྕགས་ཀྱུ་འདེབས། །དབང་འདི༴ ཧ་ལ་ཧ་ལ༴ ཨ་བྷི༴ འཁྲེལ་བྱེད་མ་ཐོགས་ཏེ། དབང་གི༴ དགྲ་དང་༴ འཇིགས༴ ལྷོ་ཕྱོགས༴ གསེར༴ ཡོན་ཏན་ཕོ་ཉ་འཁྲེལ་བྱེད་མ། །སེར་མོ་སྔོན་དམར་ཞགས་པ་འཕེན། །བརྫུ་ནི་གཉན་དང་དུང་ཕོར་བརྫུ། །དབང་འདི༴ ཧ་ལ༴ ཨ་བྷི༴ འཛུལ་བྱེད་མ་ཐོགས་ཏེ། དབང་གི༴ དགྲ༴ འཇིགས་བྱེད༴ ལྷོ་ཕྱོགས༴ གསེར༴ ཡོན་ན་ཕོ་ཉ་འཛུལ་བྱེད་མ། །སེར་མོ་གསེར་གྱི་ཟངས་གྲི་ཐོགས། །སྐུ་ནི་སྤྲུལ་དང་སྲེ་མོང་རྫུ། །དབང་འདི༴ ཧ་ལ་ཧ་ལ༴ ཨ་བྷི༴ མྱུར་བྱེད་མ་ཐོགས་ཏེ། དབང་གི༴ དགྲ་དང་༴ འཇིགས༴ ལྷོ་ཕྱོགས༴ གསེར༴ ཡོན་ཏན་ཕོ་ཉ་མྱུར་བྱེད་མ། །སེར་མོ་མཚོན་གྱི་གྲུ་གུ་ཐོགས། །སྐུ་ནི་འུག་སྲིན་བྱ་བ་བརྫུ། །དབང་འདི༴ ཧ་ལ༴ ཨ་བྷི༴ མཐུ་ཆེན་མ་ཐོགས་ཏེ། དབང་གི༴ དགྲ༴ འཇིགས༴ ལྷོ་ཕྱོགས༴ གསེར༴ ཡོན་ཏན་ཕོ་ཉ་མཐུ་ཆེན་མ། །སེར་མོ་ཐོག་གི་ཆར་འབེབས་མ། །གནས་ས་རི་ལུང་ཀུན་ཏུ་ཁྱབ། །དབང་འདི༴ ཧ་ལ་ཧ་ལ༴ ཨ་བྷི༴ ནག་མོ་ཐོགས་ཏེ། དབང་གི༴ དགྲ་དང་༴ འཇིགས་བྱེད༴ ལྷོ་ཕྱོགས༴ གསེར་གྱི༴ ཡོན་ཏན་ཕོ་ཉ་ནག་མོ་ནི། །ནག་མོ་དྲིལ་བའི་ཞགས་པ་འཕེན། །ཁམས་གསུམ་བྷྱོ་དང་ཀུས་འདེབས་མ། །དབང་འདི༴ ཧ་ལ༴ ཨ་བྷི༴ རྟོག་མེད་མ་ཐོགས་ཏེ། དབང་གི༴ དགྲ་དང་བགེགས༴ འཇིགས༴ ལྷོ་ཕྱོགས༴ གསེར་གྱི༴ ཡོན་ཏན་ཕོ་ཉ་རྟོག་མེད་མ། །སེར་མོ་བྷནྡྷ་རློན་པ་རུ། །དམ་རྫས་རྣམ་ལྔ་ཟ་ཞིང་སྤྱོད། །དབང༴ ཧ་ལ་ཧ་ལ༴ ཨ་བྷི༴ རྟོགས་འཇོམས་མ་ཐོགས་ཏེ། དབང་གི༴ དགྲ་དང་༴ འཇིགས༴ ལྷོ་ཕྱོགས༴ གསེར༴ ཡོན་ཏན་ཕོ་ཉ་རྟོགས་འཇོམས་མ། །སེར་མོ་དུང་གི་གཞུང་ཐོག་མ། །གང་ལ་བཅོལ་ཡང་ཚིག་ཅིང་ཁྲོ། །དབང་འདི༴ ཧ་ལ༴ ཨ་བྷི༴ སྤང་མ་ཐོགས་ཏེ། དབང་གི༴ དགྲ་དང་༴ འཇིགས༴ ལྷོ་ཕྱོགས༴ གསེར༴ ཡོན་ཏན་ཕོ་ཉ་སྤང་པ་མ། །སེར་མོ་སྤྲིན་གྱི་ག་ཞ་ཅན། །གློག་གི་ཕྲེང་བ་གླད་ལ་བསྐོར། །དབང་འདི༴ ཧ་ལ༴ ཨ་བྷི༴ སྣ་ཚོགས་ལུས་མ་ཐོགས་ཏེ། དབང་གི༴ སོགས་འགྲེས་སོ། །ཡོན་ཏན་ཕོ་ཉ་སྣ་ཚོགས་ལུས། །དམར་སྐྱ་ཟ་འོག་སྟོད་གཡོག་ཅན། །རྔ་མོང་ག་པར་བརྫུ་བྱེད་པ། །དབང་འདི༴ ཧ་ལ༴ ཨ་བྷི༴ གདོང་མིག་མ་ཐོགས་ཏེ། དབང་འདི༴ དགྲ་དང་༴ ལྷོ༴ གསེར༴ ཡོན་ཏན་ཕོ་ཉ་གདོང་མིག་མ། །དམར་སྐྱ་ལྕགས་ཀྱི་ཁྲ་འཛིན་མ། །དགྲ་དང་བགེགས་ལ་གློག་ལྟར་འཇོམས། །དབང་འདི༴ ཧ་ལ༴ ཨ་བྷི༴ དུར་ཁྲོད་མ་ཐོགས་ཏེ། དབང་གི༴ དགྲ་དང་བགེགས༴ ལྷོ༴ ཡོན་ཏན་ཕོ་ཉ་དུར་ཁྲོད་མ། །དམར་སྐྱ་ཞིང་གི་གཡང་གཞི་འདེབས། །མཁས་པས་དགྲ་བགེགས་སྒྲོལ་བྱེད་མ། །དབང་འདི༴ ཧ་ལ༴ ཨ་བྷི༴ མིག་འགྲོ་མ་ཐོགས་ཏེ། དབང་གི༴ དགྲ་དང་གཤིན་རྗེ་གདོན་འདུལ་ཕྱིར། །འཇིགས་བྱེད་ཕོ་ཉའི་སྐུ༴ ལྷོ་ཕྱོགས༴ ཡོན་ཏན་ཕོ་ཉ་མིག་འཕྲོག་མ། །ཁྱུང་ལ་ཞོན་ཞིང་གློག་འདེབས་མ། །གང་ལ་དམིགས་པ་ཡུད་ཀྱི་འགྲུབ། །དབང་འདི༴ ཧ་ལ༴ ཨ་བྷི་ཥིཉྩ༴ བདེ་འགྲོ་མ་ཐོགས་ཏེ། དབང་གི༴ དགྲ་དང་༴ འཇིགས༴ ལྷོ་ཕྱོགས༴ ཡོན་ཏན་ཕོ་ཉ་བདེ་འགྲོ་མ། །མཆོང་གི་བྱ་ཀླག་དམར་མོ་ཞོན། །སེར་མོ་གཡུ་ཡི་ཟོར་བ་འདེབས། །དབང་འདི༴ ཧ་ལ༴ ཨ་བྷི༴ རྒྱལ་བྱེད་མ་ཐོགས་ཏེ། དབང་གི༴ དགྲ་དང་༴ འཇིགས༴ ལྷོ་ཕྱོགས༴ ཡོན་ཏན་ཕོ་ཉ་རྒྱལ་བྱེད་མ། །སེར་སྐྱ་ཉ་མའི་འཁོར་ལོ་འཕེན། །ཚེ་དང་ཕུང་པོ་བཅས་པ་འཇོམས། །དབང་འདི༴ ཧ་ལ༴ ཨ་བྷི༴ འཛུམ་བྱེད་མ་ཐོགས་ཏེ། དབང་གི༴ དགྲ་དང་༴ འཇིགས་བྱེད༴ ལྷོ་ཕྱོགས༴ ཡོན་ཏན་ཕོ་ཉ་འཛུམ་བྱེད་མ། །སེར་སྐྱ་མཚོན་གྱི་གྲུ་གུ་ཐོགས། །བརྫུ་ནི་བུ་ཆུང་སྤྲེའུར་རྫུས། །དབང་འདི༴ ཧ་ལ༴ ཨ་བྷི༴ ཁྲག་མྱོས་མ་ཐོགས་ཏེ། དབང་གི༴ དགྲ་དང་༴ འཇིགས༴ ལྷོ་ཕྱོགས༴ ཡོན་ཏན་ཕོ་ཉ་ཁྲག་མྱོས་མ། །དམར་མོ་མཆུ་རིང་དུར་བྱའི་གདོང་། །རྩ་ལ་རྒྱུག་ཅིང་སྙིང་ཁྲག་འཐུང་། །དབང་འདི༴ ཧ་ལ་ཧ་ལ༴ ཨ་བྷི༴ རྔམས་ཚིག་མ་ཐོགས་ཏེ། དབང་གི༴ དགྲ་དང་༴ འཇིགས་བྱེད༴ ལྷོ་ཕྱོགས༴ ཡོན་ཏན་ཕོ་ཉ་རྔམས་ཚིག་མ། །མངག་ཅིང་བཅོལ་བའི་ལས་བཅོལ་ན། །རང་ལ་རང་ཡང་ཚིག་ཅིང་ཁྲོ། །དབང་འདི༴ ཧ་ལ༴ ཨ་བྷི༴ མགྱོགས་བྱེད་མ་ཐོགས་ཏེ། དབང་གི༴ དགྲ་དང་༴ འཇིགས༴ ལྷོ་ཕྱོགས༴ ཡོན་ཏན་ཕོ་ཉ་མགྱོགས་བྱེད་མ། །སེར་སྐྱ་མགྱོགས་བྱེད་རླུང་ལ་ཞོན། །གར་ཡང་མི་བཏང་མཐུ་མོ་ཆེ། །དབང་འདི༴ ཧ་ལ༴ ཨ་བྷི༴ གཏུམ་པ་མོ་ཐོགས་ཏེ། དབང་གི༴ དགྲ་དང་༴ འཇིགས་བྱེད༴ ལྷོ་ཕྱོགས༴ གསེར་གྱི༴ ཡོན་ཏན་ཕོ་ཉ་གཏུམ་པ་མོ། །དམར་སེར་སྤུ་གྲི་སྙིང་འབྱིན་མ། །ཉམས་པའི་དགྲ་བགེགས་དམྱལ་ཐག་གཅོད། །དབང་འདི༴ ཧ་ལ༴ ཨ་བྷི༴ མདུང་ཐུང་མ་ཐོགས་ལ། དབང་གི༴ དགྲ་དང་༴ འཇིགས༴ ལྷོ་ཕྱོགས༴ གསེར་གྱི༴ ཡོན་ཏན་ཕོ་ཉ་མདུང་ཐུང་འཕེན། །དཀར་སེར་གཡོན་སྡེར་གཡས་མདུང་འཕེན། །བདུད་དང་སྲིན་པོ་ཚར་གཅོད་མ། །དབང་འདི༴ ཧ་ལ༴ ཨ་བྷི༴ གློག་འགྱུ་མ་ཐོགས་ཏེ། དབང་གི༴ དགྲ་དང་༴ འཇིགས༴ ལྷོ་ཕྱོགས༴ ཡོན་ཏན་ཕོ་ཉ་གློག་འགྱུ་མ། །དམར་སེར་གློག་གི་ཞགས་པ་འཕེན། །ནམ་མཁའི་མཐའ་ནས་འགྲིམ༴ དབང་༴ ཧ་ལ༴ ཨ་བྷི༴ ཐོག་འབེབ་མ་ཐོགས་ལ། དབང་གི༴ དགྲ༴ འཇིགས༴ ལྷོ༴ ཡོན་ཏན་ཕོ་ཉ་ཐོག་འབེབ་མ། །དམར་སེར་ཐོག་གི་ཚྭ་ཚྭ་འཕྲོ། །རྒྱ་མཚོ་གཏིང་ཡང་སྐེམ་པར་བྱེད། །དབང་༴ ཧ་ལ༴ ཨ་བྷི༴ སྤོར་བྱེད་མ་ཐོགས་ལ། དབང་གི༴ དགྲ༴ འཇིགས༴ ལྷོ་ཕྱོགས༴ ཡོན་ཏན་ཕོ་ཉ་སྤོར་བྱེད་མ། །དམར་སེར་ཞག་ཆེན་ཞལ་དུ་གསོལ། །ཞིང་ཆུང་གཏན་ནས་ལེན་པར་བྱེད། །དབང་འདི༴ ཧ་ལ༴ ཨ་བྷི༴ འཁྲུག་བྱེད་མ་ཐོགས་ཏེ། དབང་གི༴ དགྲ༴ འཇིགས༴ ལྷོ་ཕྱོགས༴ ཡོན་ཏན་ཕོ་ཉ་འཁྲུག་བྱེད་མ། །རི་རབ་རྩེ་ནས་འཇོམས་བྱེད་མ། །རྒྱ་མཚོ་གཏིང་ནས་འཁྲུགས་པར་འགྱུར། །དབང་འདི༴ ཧ་ལ༴ ཨ་བྷི་ཥིཉྩ༴ དབང་ཕྱུག་མ་ཐོགས་ལ། དབང་གི༴ དགྲ་དང་༴ འཇིགས༴ ལྷོ༴ ཡོན་ཏན་ཕོ་ཉ་དབང་ཕྱུག་མ། །སྨུག་ནག་དུར་ཁྲོད་ཁྲག་འཐུང་མ། །སྒྲོལ་བྱེད་སྙིང་འབྱིན་གྲི་ཐོགས་མ། །དབང་འདི༴ ཧ་ལ༴ ཨ་བྷི༴ ཀ་མ་ལ་ཐོགས་ཏེ། དབང་གི༴ དགྲ་དང་གཤིན་རྗེ་གདོན༴ འཇིགས་བྱེད༴ ལྷོ་ཕྱོགས༴ གསེར་གྱི་མི་མོ་དྲུག་ཅུར་སྤྲུལ། །ཡོན་ཏན་ཕོ་ཉ་ཀ་མ་ལ། །སྨུག་ནག་དུར་ཁྲོད་ཁྲག་འཐུང་མ། །སྒྲོལ་བྱེད་སྙིང་འབྱིན་གྲི་ཐོག་མ། །དབང་འདི༴ ཧ་ལ༴ ཨ་བྷི༴ གསལ་བཀྲ་མ་ཐོགས་ཏེ། དབང་༴ དགྲ༴ འཇིགས༴ ལྷོ༴ གསེར༴ ཡོན་ཏན་ཕོ་ཉ་གསལ་བཀྲ་མ། །དམར་སེར་ཉི་ཟླའི་ཞགས་པ་འཕེན། །གང་ལྟར་སོང་ཡང་མི་གཏོང་ཞིང་། །དབང་༴ ཧ་ལ༴ ཨ་བྷི༴ ཁ་བསྒྱུར་མ་ཐོགས་ལ། དབང་གི༴ གྲ་དང་༴ འཇིགས༴ ལྷོ༴ ཡོན་ཏན་ཕོ་ཉ་ཁ་བསྒྱུར་མ། །དམར་སེར་དུང་གི་སྒོ་བ་ཞོན། །རི་ལུང་མེད་པ་རྗེས་ཀྱི་འགིང་། །དབང་འདི༴ ཧ་ལ༴ ཨ་བྷི༴ ཀུན་སྒྲོལ་མ་ཐོགས་ཏེ། དབང་གི༴ དགྲ༴ འཇིགས༴ ལྷོ༴ ཡོན་ཏན་ཕོ་ཉ་ཀུན་སྒྲོལ་མ། །དམར་ལྗང་རལ་གྲི་གླད་ལ་བསྐོར། །གསོ་བྱེད་སྲམ་དང་ཆུ་བྱ་སྤྲུལ། །དབང་འདི༴ ཧ་ལ༴ ཨ་བྷི༴ མྱོས་བྱེད་མ་ཐོགས་ལ། དབང་༴ དགྲ༴ འཇིགས༴ ལྷོ༴ ཡོན་ཏན་ཕོ་ཉ་མྱོས་བྱེད་མ། །དམར་ནག་ར་རོ་སྨྱོ་བརྫུ་ཅན། །དཀར་དམར་སྙིང་གི་མཚམས་ནས་འཛིན། །དབང་འདི༴ ཧ་ལ༴ ཨ་བྷི༴ ཁྲག་འཐུང་མ། དབང་གི༴ དགྲ༴ འཇིགས༴ ལྷོ༴ ཡོན་ཏན་ཕོ་ཉ་ཁྲག་འཐུང་མ། །དམར་ལྗང་ཐོད་ཁྲག་ཞལ་དུ་གསོལ། །སྐྱེ་འགྲོ་ཡོངས་ཀྱི་ཁྲག་འཐུང་མ། །དབང་འདི༴ ཧ་ལ༴ ཨ་བྷི༴ འབར་མ་ཐོགས་ལ། དབང་གི༴ དགྲ་དང་༴ འཇིགས༴ ལྷོ༴ ཡོན་ཏན་ཕོ་ཉ་འབར་མ་ནི། །དམར་ནག་རིན་ཆེན་འབར་བ་ཐོགས། །རྣལ་འབྱོར་ཡིད་ལ་ཅི་འདོད་བསྒྲུབ། །དབང་འདི་བུ་ལ༴ ཧ་ལ་ཧ་ལ་པ་ཤ་ཧཱུྃ། ཨ་བྷི༴ མི་བཟང་མ་ཐོགས་ཏེ། དབང་གི༴ དགྲ་དང་གཤིན་རྗེ་གདོན༴ འཇིགས་བྱེད་ཕོ་ཉ༴ ལྷོ་ཕྱོགས༴ གསེར་གྱི་ཡོན་ཏན་ཕོ་ཉ་མི་བཟང་མ། །གནམ་ས་གཉིས་ཀྱང་འཐགས་སུ་འཐག །སྐྱེ་འགྲོ་གཉིས་ཀྱང་རྩ་བ་གཅོད། །དབང་འདི༴ ཧ་ལ༴ ཨ་བྷི་ཥིཉྩ༴ འཕྲོག་བྱེད་མ། དབང་གི༴ དགྲ་དང་༴ འཇིགས༴ ལྷོ༴ གསེར༴ ཡོན་ཏན་ཕོ་ཉ་འཕྲོག་བྱེད་མ། །གཡས་ན་ལྕགས་ཀྱུ་ཙིཏྟ་འབྱིན། །གཡོན་ནས་ག་པུས་སྲོག་མ་དབང་། །དབང་འདི༴ ཧ་ལ༴ ཨ་བྷི༴ སྒྲོལ་བྱེད་མ། དབང་གི༴ དགྲ༴ འཇིགས༴ ལྷོ༴ གསེར་གྱི༴ རིན་ཆེན་ཕོ་ཉ་སྒྲོལ་བྱེད་མ། །དམར་ལྗང་སྐྱེ་འགྲོའི་ཙིཏྟ་འབྱིན། །མ་ལུས་སྒྲོལ་བའི་མཐུ་མོ་ཆེ། །དབང་འདི༴ ཧ་ལ་ཧ་ལ༴ ཨ་བྷི༴ སྣ་ཚོགས་སྟོབས་ཐོགས་ཏེ། དབང་གི༴ དགྲ༴ འཇིགས༴ ལྷོ༴ ཡོན་ཏན་ཕོ་ཉ་སྣ་ཚོགས་སྟོབས། །སེར་སྐྱ་ཞིང་གི་རྐང་ལག་འཛིན། །དུག་གསུམ་མ་ལུས་ཞལ་དུ་སྟོབས། །དབང་འདི༴ ཧ་ལ༴ ཨ་བྷི༴ ཡིད་འཕྲོག་མ། དབང་གི༴ དགྲ༴ འཇིགས༴ ལྷོ༴ ཡོན་ཏན་ཕོ་ཉ་ཡིད་འཕྲོག་མ། །སེར་ལྗང་ན་ཆུང་ཚུལ་དུ་བརྫུ། །བསྒྲུབ་པར་བྱེད་པའི་ཡིད་འཕྲོག་མ། །དབང་འདི༴ ཧ་ལ༴ ཨ་བྷི༴ སྲོག་ལེན་མ། དབང་གི༴ དགྲ༴ འཇིགས༴ ལྷོ༴ གསེར༴ ཡོན་ཏན་ཕོ་ཉ་སྲོག་ལེན་མ། །མི་སྙིང་རུས་པའི་ཞགས་པ་འཕེན། །ཞིང་བཅུ་གནས་ནས་ལེན་པར་བྱེད། །དབང་འདི༴ ཧ་ལ༴ ཨ་བྷི༴ བཅུད་ལེན་པས། དབང་༴ དགྲ༴ འཇིགས༴ ལྷོ༴ ཡོན་ཏན་ཕོ་ཉ་བཅུད་ལེན་མ། །སེར་སྨུག་ཟངས་ཀྱིས་མཆུ་རིང་མ། །བཀའ་ལས་འདའ་བའི་བཅུད་འཇིབ་མ། །དབང་འདི༴ ཧ་ལ་ཧ་ལ༴ ཨ་བྷི༴ ཚེ་འཛིན་མ་ཐོགས་ཏེ། དབང་གི༴ དགྲ༴ འཇིགས༴ ལྷོ༴ ཡོན་ཏན་ཕོ་ཉ་ཚེ་འཛིན་མ། །བསྭེ་ཡི་གའུ་དམར་པོ་ནས། །ཛ་དམར་ཕོ་ཉ་ཚེ་རྐུན་མ། །དབང་འདི༴ ཧ་ལ༴ ཨ་བྷི༴ དབང་མོ་ཆེ། དབང་གི༴ དགྲ༴ འཇིགས༴ ལྷོ༴ ཡོན་ཏན་ཕོ་ཉ་དབང་མོ་ཆེ། །སེར་སྨུག་སེང་གེ་དཀར་མོ་ཞོན། །ཉི་ཟླ་རུས་པའི་ཞགས་པ་འཕེན། །དབང་འདི༴ ཧ་ལ༴ ཨ་བྷི༴ དྲག་པོ་འཇོམས་པ་མ། དབང་གི༴ དགྲ༴ འཇིགས༴ ལྷོ༴ ཡོན་ཏན་ཕོ་ཉ་དྲག་འཇོམས་མ། །འཇིགས་པའི་གོ་གྱོན་བདུད་དཔུང་འཇོམས། །མྱུར་བའི་ཤུགས་འཆང་ཐུགས་རྗེ་ཆེ། །དབང་༴ ཧ་ལ༴ ཨ་བྷི༴ བདུད་བྱེད་མ་ཐོགས་ཏེ། དབང་གི༴ དགྲ༴ འཇིགས༴ ལྷོ༴ ཡོན་ཏན་ཕོ་ཉ་བདུད་བྱེད་མ། །དམ་ཚིག་ཉམས་པའི་བདུད་དུ་འབེབས། །དགེ་སྤྱོད་རྣམས་ཀྱི་དཔལ་དུ་ཆེ། །དབང་འདི༴ ཧ་ལ་ཧ་ལ༴ ཨ་བྷི༴ བླ་འཛིན་མ་ཐོགས་ཏེ། དབང་གི༴ དགྲ༴ འཇིགས༴ ལྷོ༴ ཡོན་ཏན་ཕོ་ཉ་གླ་འཛིན་མ། །དགྲའི་རླའི་གཉེར་བྱེད་མ། །ཅི་ལྟར་འདུལ་བའི་བཞིན་དུ་སྤྲུལ། །དབང་འདི༴ ཧ་ལ༴ ཨ་བྷི༴ སྲོག་འཛིན་མ་ཐོགས་ཏེ། དབང་གི༴ དགྲ༴ འཇིགས༴ ལྷོ༴ ཡོན་ཏན་ཕོ་ཉ་སྲོག་འཛིན་མ། །སེར་སྨུག་ལྕགས་ཀྱུའི་ཕྱག་རྒྱ་ཅན། །སེམས་ཅན་ཀུན་གྱི་ཚེ་སྲོག་འཛིན། །དབང་འདི༴ ཧ་ལ་ཧ་ལ༴ ཨ་བྷི༴ རྩ་འགྲོ་མ་ཐོགས་ཏེ། དབང་གི༴ དགྲ༴ འཇིགས༴ ལྷོ༴ ཡོན་ཏན་ཕོ་ཉ་རྩ་འགྲོ་མ། །སུམ་བརྒྱ་དྲུག་ཅུའི་རྩ་ལ་རྒྱུ། །དམ་ཉམས་དགྲ་བགེགས་རྩ་རྒྱུས་ཕྲོལ། །དབང་འདི༴ ཧ་ལ༴ ཨ་བྷི༴ གནས་འབྱིན་མ། དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །དགྲ་དང་གཤིན་རྗེ་གདོན་འདུལ་ཕྱིར། །འཇིགས་བྱེད་ཕོ་ཉ་སྐུ་སྤྲུལ་པ། །ལྷོ་ཕྱོགས་འོད་ཟེར་སེར་པོ་ལས། །གསེར་གྱི་མི་མོ་དྲུག་ཅུར་སྤྲུལ། །ཡོན་ཏན་ཕོ་ཉ་གནས་འབྱིན་མ། །སེར་སྨུག་འབྲུག་གི་སྒྲ་འབྱིན་མ། །ས་དགུའི་སྟེང་ནས་འཇོམས་པར་བྱེད། །དབང་འདི༴ ཧ་ལ་ཧ་ལ༴ ཨ་བྷི༴ གནས་སྟོད་མ་ཐོགས་ཏེ། ཡོན་ཏན་ཕོ་ཉ་གནས་བསྟོད་མ། །ཐུགས་རྗེ་ཆེན་པོའི་གང་བསྒྲལ་བ། །བྱང་ཆུབ་ཐར་ལམ་བདེ་ལ་བཀོད། །དབང་འདི༴ ཧ་ལ༴ ཨ་བྷི༴ ཐོག་འབེབ་མ་ཐོགས་ཏེ། དབང་གི༴ ཐུགས་རྗེས་འཇིགས་བྱེད་སྐུར་སྤྲུལ་པའི། །དགྲ་དང་ཀླུ་གདོན་འདུལ་བའི་ཕྱིར། །ནུབ་ཕྱོགས་འོད་ཟེར་དམར་པོ་ལས། །ཟངས་ཀྱི་མི་མོ་དྲུག་ཅུར་སྤྲུལ། །གསུང་གི་ཕོ་ཉ་ཐོག་འབེབས་མ། །དམར་ནག་ལག་ན་ཐོགས་འབེབ་མ། །གང་ལ་དམིགས་པ་ཡུད་ཀྱི་བསྲེག །དབང་འདི༴ གརྫ་གརྫ་སྥོ་ཊ་བཾ། ཨ་བྷི༴ འབྲུག་སྒྲོགས་མ་ཐོགས་ཏེ། གསུང་གི་ཕོ་ཉ་འབྲུག་སྒྲོག་མ། །དམར་ནག་འབྲུག་ཆེན་ཆིབས་སུ་ཆིབས། །སྟོང་གསུམ་ཀུན་གྲགས་མཐུ་མོ་ཆེ། །དབང་འདི༴ གརྫ་གརྫ༴ ཨ་བྷི༴ ཆར་འབེབ་མ་ཐོག་ས་ཏེ། གསུང་གི་ཕོ་ཉ་ཆར་འབེབས་མ། །དམར་ནག་སྲིན་ཆེན་སླག་པ་ཅན། །དུག་དང་བདུད་རྩི་ཆར་འབེབ་མ། །དབང་འདི༴ ཨ་གརྫ༴ ཨ་བྷི༴ འོད་འགྱེད་མ། གསུང་གི་ཕོ་ཉ་འོད་འགྱེད་མ། །དམར་ནག་འཇའ་ཚོན་འོད་འཕྲོ་མ། །མུན་པའི་ནང་ནས་སྒྲོན་གསལ་མ །དབང་འདི༴ གརྫ་གརྫ་སྥོ་ཊ་བཾ། ཨ་བྷི༴ བཀྲག་གསལ་མ་ཐོགས་ཏེ། ཐུགས་རྗེས་འཇིགས་བྱེད་སྐུར་སྤྲུལ་པའི། །དགྲ་དང་ཀླུ་གདོན་འདུལ་བའི་ཕྱིར། །ནུབ་ཕྱོགས་འོད་ཟེར་དམར་པོ་ལས། །གསུང་གི་ཕོ་ཉ་བཀྲག་གསལ་མ། །དམར་ནག་གཡུ་ཡི་ལེན་ཕྲན་ཅན། །འཇིག་རྟེན་ཁམས་ཀྱི་དབང་ཕྱུག་མ། །དབང་འདི༴ གརྫ་གརྫ༴ ཨ་བྷི༴ འཇའ་ཚོན་མ་ཐོགས་ཏེ། གསུང་གི་ཕོ་ཉ་འཇའ་ཚོན་མ། །དམར་ནག་འཇའ་ཚོན་ཞགས་པ་ཐོགས། །རྫུ་འཕྲུལ་ཅིས་ཀྱང་མི་ཚུག་པ། །དབང་འདི༴ གརྫ་གརྫ༴ ཨ་བྷི༴ འོད་འཕྲོ་མ་ཐོགས་ཏེ། གསུང་གི་ཕོ་ཉ་འོད་འཕྲོ་མ། །དམར་ནག་ཉི་མའི་འོད་འཕྲོ་མ། །ཕྲིན་ལས་མྱུར་མགྱོགས་ཐོགས་པ་མེད། །དབང་འདི༴ གརྫ༴ ཨ་བྷི༴ འོད་གསལ་མ་ཐོགས་ལ། གསུང་གི་ཕོ་ཉ་འོད་གསལ་མ། །དམར་ནག་མེ་འོད་ཕྱག་ན་བསྣམས། །འཁོར་བའི་བག་ཆགས་བསྲེག་མཛད་མ། །དབང་འདི༴ གརྫ༴ ཨ་བྷི༴ ཁྲག་འཐུང་མ་ཐོགས་ལ། གསུང་གི་ཕོ་ཉ་ཁྲག་འཐུང་མ། །དམར་ནག་ཐོད་ཁྲག་སྐོམ་དུ་འཐུང་། །མ་ལུས་ཡོངས་ཀྱི་ཁྲག་འཐུང་མ། །དབང་འདི༴ གརྫ༴ ཨ་བྷི༴ དབང་ཕྱུག་དམར་ནག་ཐོགས་ལ། གསུང་གི་ཕོ་ཉ་དབང་ཕྱུག་མ། །དམར་ནག་རྡོ་རྗེ་པདྨ་ཅན། །སྲིད་པ་གསུམ་ན་མཐུ་མོ་ཆེ། །དབང་འདི༴ གརྫ་གརྫ༴ ཨ་བྷི༴ ས་བདག་མོ། གསུང་གི་ཕོ་ཉ་ས་བདག་མོ། །དམར་སྔོ་ལྕགས་ཀྱི་ཕག་མགོ་ཐོགས། །ས་ཆེན་དགུ་ཡང་འཁྲུག་པར་བྱེད། །དབང་འདི༴ གརྫ་གརྫ་སྥོ་ཊ་བཾ། ཨ་བྷི༴ ཐུགས་རྗེས་འཇིགས་བྱེད་སྐུར་སྤྲུལ་པའི། །དགྲ་དང་ཀླུ་གདོན་འདུལ་བའི་ཕྱིར། །ནུབ་ཕྱོགས༴ འགུགས་བྱེད་མ་ཐོགས་ལ། གསུང་གི་ཕོ་ཉ་འགུགས་བྱེད་མ། །དམར་སྔོ་རྡོ་རྗེ་ལྕགས་ཀྱུ་ཅན། །དམ་ལས་འདས་པ་འགུགས་བྱེད་མ། །དབང་འདི༴ གརྫ་གརྫ༴ ཨབྷི༴ དཀར་ཤམ་མོས། གསུང་གི་ཕོ་ཉ་དཀར་ཤམ་མོ། །དམར་སྔོ་བསྭེ་ཡི་གདུ་གུ་ཅན། །ཉམས་པའི་ཁྲག་འཐུང་དབང་མོ་ཆེ། །དབང་འདི༴ གརྫ་གརྫ། ཨ༴ ལྕགས་སྒྲོག་མ་ཐོགས་ཏེ། གསུང་གི་ཕོ་ཉ་ལྕགས་སྒྲོག་མ། །དམར་སྔོ་ཞིང་གི་རྔེའུ་ཆུང་རྡུང་། །དགྲ་ཆེན་བདུད་བཞི་ཟིལ་གྱི་གནོན། །དབང་འདི༴ ཡིད་གཞུང་མ། གསུང་གི་ཕོ་ཉ་ཡིད་གཞུང་མ། །དམར་སྔོ་ལག་ན་ཁུ་ཚུར་འཆང་། །འཁོར་བ་གནས་ནས་སྤོར་མཛད་མ། །དབང་འདི༴ གརྫ་གརྫ༴ ཨ་བྷི༴ ལྟ་ན་མཛེས། གསུང་གི་ཕོ་ཉ་ལྟ་ན་མཛེས། །སྔོ་དམར་མེ་ཏོག་ཆུན་འཕྱང་ཅན། །ཡིད་འོང་ཕྲིན་ལས་ཀུན་མཛད་མ། །དབང་༴ གརྫ་གརྫ༴ ཨ་བྷི༴ སེམས་འཕྲོག་མ་ཐོགས་ལ། གསུང་གི་ཕོ་ཉ་སེམས་འཕྲོག་མ། །དམར་སྔོ་གཡུ་ཡི་ཉི་མ་བསྣམས། །མ་ལུས་ཀུན་གྱི་སྙིང་འབྱིན་མ། །དབང་འདི༴ གརྫ་གརྫ༴ ཨ་བྷི༴ བདུད་འབེབ་མ་ཐོགས་ལ། གསུང་གི་ཕོ་ཉ་བདུད་འབེབ་མ། །དམར་སྔོ་མི་ཐོད་རྟ་ཐོད་ཐོགས། །སྐྱེ་འགྲོ་ཡོངས་ལ་བདུད་འབེབ་མ། །དབང་འདི༴ གརྫ་གརྫ༴ ཨ་བྷི༴ མགྱོགས་བྱེད་མ་ཐོགས་ཏེ། གསུང་གི་ཕོ་ཉ་མགྱོགས་བྱེད་མ། །དམར་སྔོ་ཁྱུང་ཆེན་ཆིབས་སུ་བཅིབ། །ཟིལ་གྱི་གནོན་པའི་འཕྲིན་ལས་མཛད། །དབང་འདི༴ གརྫ་གརྫ༴ ཨ་བྷི༴ གསོད་བྱེད་མ་ཐོགས་ཏེ། ནུབ་ཕྱོགས་འོད་ཟེར་དམར་པོ་ལས། །གསུང་གི་ཕོ་ཉ་གསོད་བྱེད་མ། །དམར་སྔོ་སྲེ་ཞོན་མདུང་ཐོགས་མ། །གང་ལ་དམིགས་པ་ཡུད་ཀྱི་ཕྱིན། །དབང་འདི༴ གརྫ་གརྫ། ཨ་བྷི་ཥིཉྩ༴ སྙིང་འཛིན་མ་ཐོགས་ལ། གསུང་གི་ཕོ་ཉ་སྙིང་འབྱིན་མ། །དམར་ལྗང་ལག་ན་ཙིཏྟ་ཐོགས། །དམ་ལས་འདས་པའི་སྙིང་འབྱིན་མ། །དབང་འདི༴ གརྫ་གརྫ། ཨ༴ དམར་ཐུང་མ་ཐོགས་ཏེ། གསུང་གི་ཕོ་ཉ་དམར་ཐུང་མ། །དམར་ལྗང་དུང་ཆེན་ཁྲག་འཐུང་མ། །ཁམས་གསུམ་ཡོངས་ཀྱིས་སྙིང་ཁྲག་འཐུང་། །དབང་འདི༴ གརྫ་གརྫ༴ ཨ་བྷི༴ རྐང་འཇིབ་མ་ཐོགས་ལ། གསུང་གི༴ དམར་ལྗང་དབྱི་ཡི་མགོ་བོ་ཅན། །ཟས་སུ་རྐང་དང་བཅུད་འཇིབ་མ། །དབང་འདི༴ གརྫ་གརྫ༴ ཨ༴ ལས་བྱེད་མ་ཐོགས་ལ། གསུང་གི་ཕོ་ཉ་ལས་བྱེད་མ། །དམར་ལྗང་འབྲུག་སྔོན་ཆིབས་སུ་བཅིབ། །འཇིག་རྟེན་ཁམས་ཀྱང་སྐད་ཀྱི་འགེང་། །དབང་འདི༴ གརྫ་གརྫ༴ ཨ༴ ཞགས་ཐོགས་མ་ཐོགས་ལ། གསུང་གི་ཕོ་ཉ་ཞགས་ཐོགས་མ། །སྔོན་མོ་ཞགས་ཐོགས་རླུང་ལ་ཞོན། །ཁྱོད་ཀྱི་མི་གཟིགས་གང་ཡང་མེད། །དབང་༴ གརྫ་གརྫ༴ ཨ་བྷི༴ གླ་འཕྲོག་མ་ཐོགས་ལ། གསུང་གི་ཕོ་ཉ་གླ་འཕྲོག་མ། །དམར་སྐྱ་སྐྱི་སེར་རླུང་ལ་ཞོན། །སྐུ་ལ་རི་རྒྱལ་དཀྲི་མཛད་མ། །དབང་འདི༴ གརྫ་གརྫ༴ ཨ༴ ཐོགས་མེད་མ་ཐོགས་ལ། གསུང་གི་ཕོ་ཉ་ཐོགས་མེད་མ། །དམར་ལྗང་རལ་གྲི་རྣོན་པོ་ཐོགས། །དམ་ལས་འགལ་བ་སྒྲོལ་བྱེད་མ། །དབང་འདི༴ གརྫ་གརྫ༴ ཨ་བྷི༴ ཟ་བྱེད་མ་ཐོགས་ལ། གསུང་གི་ཕོ་ཉ་ཟ་བྱེད་མ། །དམར་ལྗང་སྟག་ཆེན་སྡེར་མང་ཞོན། །གཙང་སྨེ་མེད་པར་ཟ་བྱེད་མ། །དབང་འདི༴ གརྫ༴ ཨ༴ མྱོས་བྱེད་མ་ཐོགས་ལ། གསུང་གི་ཕོ་ཉ་མྱོས་བྱེད་མ། །དམར་ནག་ལྕགས་ཀྱི་ཐོ་བ་ཐོགས། །མགོ་དང་གླད་པ་འགེམ་བྱེད་མ། །དབང་འདི༴ གརྫ་གརྫ༴ ཨ་བྷི༴ རྨོང་བྱེད་མ་ཐོགས་ཏེ། གསུང་གི་ཕོ་ཉ་རྨོང་བྱེད་མ། །དམར་ལྗང་ལྕགས་ཀྱི་དྲྭ་བ་ཐོགས། །གང་ལ་བྱ་བ་འཛིན་ཅིང་བསྡོམ། །དབང་༴ གརྫ༴ ཨ༴ བརྫུ་བྱེད་མ། གསུང་གི་ཕོ་ཉ་བརྫུ་བྱེད་མ། །དམར་སེར་ར་སྐྱེས་ཁམ་པ་བཅིབ། །ཅིར་ཡང་སྤྲུལ་ཅིང་བརྫུ་བྱེད་མ། །དབང་འདི༴ གརྫ་གརྫ༴ ཨ་བྷི༴ འཁྲུག་བྱེད་མ། གསུང་གི་ཕོ་ཉ་འཁྲུག་བྱེད་མ། །དམར་སེར་རྒྱ་མཚོ་ཧུབ་ཀྱི་འདེབས། །ཀླུ་ཡི་གནས་ཀྱང་འཇོམས་པར་བྱེད། །དབང་འདི༴ གརྫ་གརྫ༴ ཨ་བྷི༴ འཁྲུག་བྱེད་མ་ཐོགས་ལ། གསུང་གི་ཕོ་ཉ་འཁྲུག་བྱེད་མ། །དམར་སེར་རྒྱ་མཚོ་ཧུབ་ཀྱི་འདེབས། །ཀླུ་ཡི་གནས་ཀྱང་འཇོམས་པར་བྱེད། །དབང་འདི༴ གརྫ་གརྫ༴ ཨ་བྷི༴ དྲག་མོ། གསུང་གི་ཕོ་ཉ་དྲག་མོ་ནི། །དམར་སེར་གཏུམ་པ་དམ་པ་ཞོན། །གཏི་མུག་དྲེག་པ་འཇོམས་བྱེད་མ། །དབང་འདི༴ གརྫ་གརྫ༴ ཨ་བྷི༴ སྒམ་མ་ཐོགས་ལ། གསུང་གི་ཕོ་ཉ་སྒམ་མ་ནི། །དམར་སེར་ཁྲག་གི་ལན་ཕྲན་ཅན། །མ་ལུས་འཇོམས་པའི་མཐུ་མོ་ཆེ། །དབང་འདི༴ གརྫ་གརྫ༴ ཨ་བྷི༴ འཇོམས་མ་ཐོགས་ཏེ། གསུང་གི་ཕོ་ཉ་འཇོམས་མ་ནི། །དམར་སེར་སྤང་ཏིའི་མགོ་བོ་ཅན། །གཏི་མུག་གླང་ཆེན་དྲེད་བྱེད་མ། །དབང་འདི༴ གརྫ་གརྫ༴ ཨ་བྷི༴ རབ་དགའ་མ་ཐོགས་ལ། གསུང་གི་ཕོ་ཉ་རབ་དགའ་མ། །དམར་སེར་ལག་ན་ཟངས་གྲི་ཐོགས། །འཛུམ་ཞིང་འགུག་པའི་ལས་ལ་མགྱོགས། །དབང་འདི༴ གརྫ་གརྫ༴ ཨ་བྷི༴ འཛིན་མ་ཐོགས་ལ། གསུང་གི་ཕོ་ཉ་འཛིན་མ་ནི། །དམར་སེར་སྤྲུལ་ནག་ཞགས་པ་འཕེན། །བཀའ་ལས་འགལ་བ་འཛིན་བྱེད་མ། །དབང་འདི༴ གརྫ་གརྫ༴ ཨ་བྷི༴ གློག་འགྱུ་མ་ཐོགས་ལ། གསུང་གི་ཕོ་ཉ་གློག་འགྱུ་མ། །དམར་སེར་རྫུ་འཕྲུལ་ཁྲ་ཐོག་མ། །དམ་ལས་ལོག་པའི་སྙིང་འབྱིན་མ། །དབང་འདི༴ གརྫ་གརྫ༴ ཨ་བྷི༴ གཡུལ་འཇོམས་མ་ཐོགས་ལ། གསུང་གི་ཕོ་ཉ་གཡུལ་འཇོམས་མ། །དམར་སེར་ལག་ན་ཤག་ཏི་ཐོགས། །དགྲ་དང་བདུད་ཀྱི་དཔུང་འཇོམས་མ། །དབང་འདི༴ གརྫ་གརྫ༴ ཨ་བྷི༴ ལྷ་འབྲེལ་མ་ཐོགས་ལ། གསུང་གི་ཕོ་ཉ་ལྷ་འབྲེལ་མ། །དམར་སེར་རྡོ་རྗེ་ཐོག་འཕེན་མ། །སྲིད་པ་གསུམ་ཡང་རྩེ་ནས་འཇོམས། །དབང་འདི༴ གརྫ་གརྫ༴ ཨ༴ སྲོག་འབྲེལ་མ་ཐོག ས་ཏེ། གསུང་གི་ཕོ་ཉ་སྲོག་འབྲེལ་མ། །དམར་སྨུག་འཇོམས་པའི་ཨ་ར་ཏི། །གསོད་ཅིང་འཇོམས་པའི་ཕོ་ཉ་མོ། །དབང་འདི༴ གརྫ་གརྫ༴ ཨ་བྷི༴ མྱུར་བྱེད་མ་ཐོགས་ལ། གསུང་གི་ཕོ་ཉ་མྱུར་བྱེད་མ། །དམར་སྨུག་གློག་གི་ག་ཞ་ཅན། །ཐུགས་རྗེས་ཤུགས་འཆང་ཕོ་ཉ་མོ། །དབང་འདི༴ གརྫ་གརྫ༴ ཨ་བྷི༴ རིང་བྱེད་མ་ཐོགས་ལ། གསུང་གི་ཕོ་ཉ་རིང་བྱེད་མ། །བུད་མེད་ལུས་ལ་གཡང་མོ་ཆེ། །རིང་ལུང་མེད་པར་རྗེས་ཀྱི་འགེང་། །དབང་འདི༴ གརྫ་གརྫ༴ ཨ་བྷི༴ བསྲེག་བྱེད་མ་ཐོགས་ལ། གསུང་གི་ཕོ་ཉ་བསྲེག་བྱེད་མ། །དམར་སྨུག་ལག་ན་གྲི་ཐོག་ཅིང་། །མཐའ་ཡས་སེམས་ཅན་སྒྲོལ་ལ་མཁས། །དབང་འདི༴ གརྫ་གརྫ༴ ཨ་བྷི༴ ཀློང་བྱེད་མ་ཐོགས་ལ། གསུང་གི་ཕོ་ཉ་གློག་བྱེད་མ། །དམར་སྨུག་རྡོ་རྗེ་བེ་ཅོན་གྱི། །ཁམས་གསུམ་རྡུལ་དུ་བརླག་བྱེད་མ། །དབང་འདི༴ གརྫ་གརྫ༴ ཨ་བྷི༴ ཐོ་བ་མ་ཐོགས་ལ། གསུང་གི་ཕོ་ཉ་ཐོ་བ་མ། །དམར་སྨུག་རྡོ་རྗེ་ཐོ་བ་ཕྱར། །ཁམས་གསུམ་བདུད་དང་སྲིན་མོ་འཇོམས། །དབང་འདི༴ གརྫ་གརྫ༴ ཨ་བྷི་ཥིཉྩ༴ གཏུན་ཁུང་མ་ཐོགས་ལ། གསུང་གི་ཕོ་ཉ་གཏུན་ཁུང་མ། །དམར་སྨུག་ལག་ན་གཏུན་ཁུང་ཐོགས། །ཆེ་ཆུང་མེད་པར་འཇོམས་བྱེད་མ། །དབང་འདི༴ གརྫ་གརྫ༴ ཨ་བྷི༴ ཞགས་པ་འཕེན་ཐོགས་ཏེ། གསུང་གི་ཕོ་ཉ་ཞགས་པ་འཕེན། །དམར་སྨུག་བདུད་ཀྱི་ཞགས་པ་ཡི། །གང་ལ་དམིགས་པ་འཛིན་བྱེད་མ། །དབང་འདི༴ གརྫ་གརྫ༴ ཨ་བྷི༴ མེ་ཁྱེར་མ་ཐོགས་ལ། གསུང་གི་ཕོ་ཉ་མེ་ཁྱེར་མ། །དམར་སྨུག་དུར་ཁྲོད་མེ་ཆེན་གྱི། །ཕྱི་ནང་མེད་པར་བསྲེག་བྱེད་མ། །དབང་འདི༴ གརྫ༴ ཨ༴ སྡུད་བྱེད་མ་ཐོགས་ལ། གསུང་གི་ཕོ་ཉ་སྡུད་བྱེད་མ། །དམར་སྨུག་གསེར་གྱི་ཕྲེང་བ་ཐོགས། །དུག་གསུམ་ཞལ་དུ་སྡུད་བྱེད་མ། །དབང་འདི༴ གརྫ་གརྫ༴ ཨ་བྷི༴ གཡང་ལེན་མ་ཐོགས་ལ། གསུང་གི་ཕོ་ཉ་གཡང་ལེན་མ། །དམར་སྐྱ་རླུང་གི་འཁོར་ལོ་ཐོགས། །རི་རབ་གླིང་བཞི་གཡེང་བྱེད་མ། །དབང་འདི༴ གརྫ་གརྫ༴ ཨ་བྷི༴ བདུད་འཇོམས་མ་ཐོགས་ལ། གསུང་གི་ཕོ་ཉ་བདུད་འཇོམས་མ། །དམར་སྐྱ་གཏུན་དང་ཐོ་བ་ཐོགས། །ལྔ་ཕུང་རྡུལ་དུ་བརླག་པའི་ཕྱིར། །དབང་འདི༴ གརྫ་གརྫ༴ ཨ་བྷི༴ དཔལ་མོ་ཐོགས་ཏེ། གསུང་གི་ཕོ་ཉ་དཔལ་མོ་ནི། །དམར་སྐྱ་སྲིད་པའི་དཔལ་འཕྲོག་མ། །གསེར་གཡུ་སྤེལ་མའི་ན་བཟའ་གསོལ། །དབང༴ གརྫ༴ ཨ་བྷི༴ དབང་ཕྱུག་མ་ཐོགས་ལ། གསུང་གི་ཕོ་ཉ་དབང་ཕྱུག་མ། །རྡོ་རྗེ་རྩེ་གསུམ་ཐོད་ཁྲག་འཐུང་། །སྲིད་པ་གསུམ་ན་དབང་ཆེན་ཁྲག །དབང་༴ གརྫ་གརྫ༴ ཨ་བྷི༴ ཁྲག་པ་མོ་ཐོགས་ཏེ། གསུང་གི་ཕོ་ཉ་གྲག་པ་མོ། །དམར་སྐྱ་མི་མགོ་དུང་དུ་འབུད། །སྟོང་ཁམས་གདུག་པ་རྡུལ་དུ་བརློག །དབང་འདི༴ གརྫ་གརྫ༴ ཨ་བྷི༴ གཏུམ་པ་ཅན་ཐོགས་ཏེ། གསུང་གི་ཕོ་ཉ་གཏུམ་བག་ཅན། །དགྲ་ཡི་སྙིང་འབྱིན་ཆོ་ངེས་འདེབས། །གང་ལ་བབ་ཀྱང་ཐོག་མེད་པ། །དབང་འདི༴ གརྫ་གརྫ༴ ཨ་བྷི༴ ཀཱི་ལ་ཡ་ཐོགས་ཏེ། མ་ལུས་འཇོམས་པའི་མཐུ་མོ་ཆེ། །དབང་འདི༴ གརྫ༴ ཨ་བྷི༴ སྡེ་ཚོགས་མཐོགས་ཏེ། པདྨའི་ཕོ་ཉའི་སྡེ་ཚོགས་མ། །པདྨ་ཁྲག་གི་ཆར་འབེབ་མ། །མ་མོ་འབུམ་སྡེ་བྲམ་དུ་ཁོལ། །དབང་འདི༴ གརྫ༴ ཨ༴ ཧ་ལའི་གདོང་། གསུང་གི་ཕོ་ཉ་རབ་བརྗིད་པ། །མི་མགོ་རྣམ་གསུམ་ཕྲེང་བར་བསྒྲགས། །གླད་ལ་བསྐོར་བས་དགྲ་བོ་སྒྲོལ། །དབང་འདི༴ གརྫ་གརྫ༴ ཨ་བྷི༴ ནུབ་ཚར། བྱང་གི་ཕོ་ཉ་དྲུག་ཅུ་ལས། རྡོ་རྗེ་འཆང་མ་ཐོགས་ཏེ། དགྲ་དང་གནོད་བྱིན་འདུལ་བའི་ཕྱིར། །འཇིགས་བྱེད་ཕོ་ཉ་སྐུར་སྤྲུལ་པ། །བྱང་ཕྱོགས་འོད་ཟེར་ལྗང་ཀུ་ལས། །གཡུ་ཡི་མི་མོ་དྲུག་ཅུར་སྤྲུལ། །ཕྲིན་ལས་ཕོ་ཉ་རྡོ་རྗེ་འཆང་། །སྔོན་པོ་རྡོ་རྗེ་རྒྱ་གྲམ་ཐོགས། །ཕྲིན་ལས་རྣམ་བཞི་ཕོ་ཉ་འགྱེད། །དབང་འདི༴ གརྫ༴ ཨ་བྷི༴ འཇོམས་ཆེན་མ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་འཇོམས་ཆེན་མ། །ལྗང་སྔོན་ཁྱུང་གི་ཁྲ་ཐོགས་མ། །གཏི་མུག་གླུ་ལ་དབང་བསྒྱུར་མ། །དབང་འདི༴ གརྫ་གརྫ༴ ཨ་བྷི༴ འདུལ་མཛད་མ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་འདུལ་མཛད་མ། །ལྗང་སྔོན་དྲེད་ཀྱི་གཡང་གཞི་འདེབས། །རྫུ་འཕྲུལ་རྔ་མོའི་གཟུགས་འཆང་མ། །དབང་འདི༴ གརྫ་གརྫ༴ ཨ་བྷི༴ དབང་ཕྱུག་མ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་དབང་ཕྱུག་མ། །ལྗང་སྔོན་ཐོད་རློན་ཁྲག་གི་བཀང་། །འབྲུག་ཆེན་གཡར་མོ་ཁལ་དུ་ཞོན། །དབང་འདི༴ པ་ཙ་པ་ཙ༴ ཨ་བྷི༴ གྲུབ་བྱེད་མ་ཐོགས་ཏེ། ལས་ཀྱི་ཕོ་ཉ་གྲུབ་བྱེད་མ། །ལྗང་སྔོན་མི་མགོ་དུང་དུ་འབུད། །ཁམས་གསུམ་མ་ལུས་སྒྲས་ཕུང་མ། །དབང་འདི༴ པ་ཙ༴ ཨ་བྷི༴ བསྐུལ་བྱེད་མ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་བསྐུལ་བྱེད་མ། །ལྗང་སྔོན་སྙན་པའི་དབྱུག་པ་འདེབས། །ཐུགས་དམ་གཉན་པོ་རྒྱུད་བསྐུལ་བས། །དབང་འདི༴ པ་ཙ༴ ཨ་བྷི༴ གྲུབ་པ་མོ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་གྲུབ་པ་མོ། །ལྗང་སྔོན་གཡུ་ཡི་འཁོར་ལོ་འཆང་། །ཕྲིན་ལས་ནན་ཏན་མཐུ་མོ་ཆེ། །ཕོ་ཉ་འདིས་ཀྱང་དབང་བསྐུར་ཅིག །པ་ཙ༴ ཨ་བྷི༴ མཐར་ཕྱིན་མ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་མཐར་ཕྱིན་མ། །ལྗང་སྨུག་གཡུ་ཡི་ཐོར་གཙུག་ཅན། །ལས་སུ་བཅོལ་ན་ཀུན་ཀྱང་གྲུབ། །དབང་འདི༴ པ་ཙ༴ ཨ་བྷི༴ མཐར་འདོན་མ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་མཐར་འདོན་མ། །ལྗང་སྨུག་རྡོ་རྗེ་རྒྱ་གྲམ་ཐོགས། །གང་བཅོལ་ལས་རྣམས་མཐར་འབྱིན་མ། །དབང་འདི་བུ་ལ་བསྐུར་བར་བྱ། །པ་ཙ་པ་ཙ་གྷེནྡྷེ་ཧོཿ ཨ༴ ཆུད་མི་ཟ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་ཆུད་མི་ཟ། །ལྗང་སྔོན་དུང་གི་མཆེ་བ་ཅན། །མགྱོགས་པའི་ལས་བྱེད་ཆུད་མི་ཟ། །དབང་འདི༴ པ་ཙ༴ ཨ༴ དབང་བསྐུར་མ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་དབང་བསྐུར་མ། །ལྗང་དམར་ཆུ་སྲིན་རྒྱལ་མཚན་ཐོགས། །འཇིགས་བྱེད་མི་གདོང་རྫུ་འཕྲུལ་ཅན། །དབང་འདི༴ པ་ཙ༴ ཐོགས་མེད་མ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་ཐོགས་མེད་མ། །འདབ་ཆགས་བྱ་ཡི་རྒྱལ་པོ་ཞོན། །འཇིགས་སུ་རུང་བའི་མཚོན་ཆ་ཕྱར། །དབང་འདི༴ པ་ཙ༴ ཨ་བྷི༴ གྲུབ་པ་མ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་གྲུབ་པ་མ། །དམར་ལྗང་ཤེལ་གྱི་ཟ་མ་ཏོག །དགྲ་ཡི་དབང་དང་དངོས་གྲུབ་འཕྲོག །དབང་༴ པ་ཙ༴ ཨ་བྷི༴ གསལ་བྱེད་མ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་གསལ་བྱེད་མ། །ལྗང་དམར་མེ་ཡི་ཞགས་པ་འཕེན། །མུན་པ་སྨག་ནས་འདྲེན་བྱེད་མ། །དབང་འདི༴ པ་ཙ༴ ཨ་བྷི༴ དབང་བྱེད་མ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་དབང་བྱེད་མ། །དམར་ལྗང་རྡོ་རྗེ་ལྕགས་ཀྱུ་འཛིན། །སྤྲ་དང་བྱི་ལ་སྤྲུལ་འགྱེད་མ། །དབང་འདི༴ པ་ཙ༴ ཨ༴ དམ་ཚིག་མ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་དམ་ཚིག་མ། །དམར་ལྗང་མེ་ཞགས་རྩུབ་རྩི་ཅན། །དམ་ཉམས་ཀུན་གྱི་རྗེས་གཅོད་མ། །དབང་འདི༴ པ་ཙ༴ ཨ༴ བྱ་ར་མ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་བྱ་ར་མ། །ལྕགས་ཀྱི་བྱ་ཁྲ་གཡུ་མིག་མ། །བལྟས་པས་མཐོང་ཞིང་མཐོང་པ་འཛིན། །དབང་འདི༴ པ་ཙ༴ ཨ་བྷི༴ སྟང་འཛིན་མ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་སྟང་འཛིན་མ། །དམར་ལྗང་རྩིས་ཀྱི་བྱང་བུ་ཐོགས། །ལེགས་ཉེས་ཀུན་གྱི་སྟང་འཛིན་མ། །དབང་འདི༴ པ་ཙ༴ ཨ༴ སྟང་གཅོད་མ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་སྟང་གཅོད་མ། །དམར་ལྗང་རྩིས་ཀྱི་ཁྲམ་ཐོག་མ། །དགེ་སྡིག་གཉིས་ཀྱི་སྟང་གཅོད་མ། །དབང་འདི༴ པ་ཙ༴ ཨ་བྷི༴ གསལ་འཛིན་མ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་གསལ་འཛིན་མ། །རྒྱལ་ཕམ་དྷིའུ་ཤོད་འཛིན་ཅིང་། །རྒྱལ་ཕམ་གཉིས་ཀྱི་གསལ་འཛིན་མ། །དབང་འདི༴ པ་ཙ༴ ཨ་བྷི༴ བསྐུལ་བྱེད་མ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་བསྐུལ་བྱེད་མ། །ལྗང་སེར་ལྕགས་ཀྱི་མདའ་འཕེན་མ། །རྣམ་པ་ཀུན་ཡང་རུང་བར་བྱེད། །དབང་༴ པ་ཙ༴ ཨ་བྷི༴ དབང་མོ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་དབང་མོ་ཞུ། །ལྗང་སེར་ཁྲག་གི་ཕུར་པ་ཐོགས། །མ་ཐོག་ལས་ལ་མྱུར་བྱེད་མ། །དབང་༴ པ་ཙ༴ ཕག་མགོ་མ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་ཕག་མགོ་མ། །ལྗང་སེར་ཕག་མགོ་ཐོ་བ་ཕྱར། །ཆེ་ཆུང་མེད་པར་རྡུལ་དུ་རློག །དབང་༴ པ་ཙ༴ ཨ་བྷི༴ སྤྱན་བརྒྱ་མ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་སྤྱན་བརྒྱ་མ། །མགོ་ལུས་མེད་པ་མིག་གི་གང་། །ཁམས་གསུམ་མ་ལུས་གསལ་ཞིང་བཀྲ །དབང་འདི༴ པ་ཙ༴ ཨ་བྷི༴ མིག་སྟོང་མ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་མིག་སྟོང་མ། །དབུ་སྟོང་ཕྱག་སྟོང་སྤྱན་ཡང་སྟོང་། །སྟོང་གསུམ་སྟོང་ལ་དབང་ཆེན་གྲགས། །དབང་འདི༴ པ་ཙ༴ ཨ་བྷི༴ འོད་མགྱོགས་མ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་འོད་མགྱོགས་མ། །འཇའ་ཚོན་ལུས་ལ་འོད་ཀྱི་མིག །བལྟས་པས་མི་མཐོང་གང་ཡང་མེད། །དབང་འདི་བུ༴ པ་ཙ༴ ཨ་བྷི༴ རླུང་ཞོན་མ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་རླུང་ཞོན་མ། །ལག་ན་ལྕགས་ཀྱི་དགྲ་སྟྭ་ལྗང་། །རླུང་ནག་འཚུབ་མ་ཆིབས་སུ་བཅིབ། །དབང་འདི༴ པ་ཙ༴ རྫུ་འཕྲུལ་ཅན་ཐོགས་ཏེ། ཕྲིན་ལས་ཕོ་ཉ་རྫུ་འཕྲུལ་ཅན། །སྦྲུལ་ནག་སྟོང་གི་ཞགས་པ་འཕེན། །ལྟས་ངན་རྔ་མོང་གྭ་པ་ཞོན། །དབང་འདི༴ པ་ཙ༴ རྒྱུ་བ་མ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་རྒྱུ་བ་མོ། །ཅི་ཡང་མ་ངེས་གཟུགས་སུ་སྟོན། །ཆས་གྷག་ཆུང་སྲི་སྦྲུལ་གྱི་ལུས། །དབང་༴ པ་ཙ༴ ཨ༴ དབང་ཕྱུག་རྒྱལ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་དབང་ཕྱུག་རྒྱལ། །ལྗང་སེར་མདུང་རྩེ་གསུམ་པ་ཕྱར། །དུག་གསུམ་རྩད་ནས་ལེན་བྱེད་མ། །དབང་༴ པ་ཙ༴ ཨ༴ ཁྲག་རྒྱལ་མ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་ཁྲག་རྒྱལ་མ། །ལྗང་ནག་སྟག་ཞོན་དྲེད་ཀྱི་མགོ༴ འཇིག་རྟེན་ཁམས་འདིར་མཐུ་ཆེར་གྲགས། །དབང་འདི༴ པ་ཙ༴ དཔལ་ཤམ་མ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་དཔལ་ཤམ་མ། །དམར་གྱི་གཏོར་མ་ཞགས་པར་འཕེན། །དབང་༴ པ་ཙ༴ ཡཀྴ་མ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་ཡཀྴ་མོ། །ལྗང་ནག་གནོད་བྱེད་མགོ་བོ་ཐོགས། །གང་ལ་བྱ་བར་ཐོད་ཟོར་འཕེན། །དབང་༴ པ་ཙ༴ ཁྲོ་བག་ཅན་མ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་ཁྲོ་བག་ཅན། །བུད་མེད་ལུས་ལ་སྐྱེས་པའི་མགོ། །རེ་འགའ་ཞི་སྟེ་རེ་འགའ་ཁྲོ། །དབང་༴ པ་ཙ༴ ཨ་བྷི༴ མཆེ་བ་མོ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་མཆེ་བ་མོ། །ལག་གཉིས་རྡོ་རྗེ་མཆེ་བ་འདེབས། །བཟུང་པས་མི་ཟིན་གང་ཡང་མེད། །དབང་འདི༴ པ་ཙ༴ དབང་བསྐུར་མ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་དབང་བསྐུར་མ། །རྡོ་རྗེ་གོ་ཆའི་ཕྱག་རྒྱ་ཅན། །ཀུན་གྱི་མངའ་བདག་དབང་མོ་ཆེ། །དབང་འདི་བུ༴ པ་ཙ༴ དངོས་གྲུབ་མ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་དངོས་གྲུབ་མ། །ལྗང་ནག་འདོད་ཡོན་ལྔ་ལ་རོལ། །དངོས་གྲུབ་རྣམ་གསུམ་དུས་འདིར་སྩོལ། །དབང་འདི༴ པ་ཙ༴ སྒྲོལ་བྱེད་མ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་སྒྲོལ་བྱེད་ཆེ། །ལྗང་ནག་ཐོད་པའི་ཕལ་ཚབ་བསྣམས། །གང་ཡང་གསོད་པར་མི་བྱེད་མ། །དབང་འདི༴ པ་ཙ༴ མངའ་བདག་མོ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་མངའ་བདག་མོ། །སྲིད་གསུམ་གྲགས་པའི་རྔེའུ་ཆུང་བརྡུངས། །མ་ལུས་གདུག་པ་ཟིལ་གྱི་གནོན། །དབང་འདི༴ པ་ཙ༴ ཨ་བྷི༴ འོད་འཕྲོ་མ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་འོད་འཕྲོ་མ། །ལྗང་ནག་ཅོད་པན་ཤག་ཏི་ཐོགས། །སྲིད་གསུམ་གསལ་བའི་ཕོ་ཉ་མོ། །དབང་༴ པ་ཙ༴ ཨ༴ གྲགས་པ་མོ་ཐོགས་ཏེ། ལྗང་ནག་གྲུ་གསུམ་མཐིང་ནག་ཐོགས། །དྲག་པོ་ལས་ཀྱི་ཕོ་ཉ་མོ། །དབང་༴ པ་ཙ༴ ཨ༴ ཁྲོ་སྐྱོན་མ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་ཁྲོ་རྐྱེན་མ། །ལྗང་སྨུག་རལ་པ་ས་ལ་བརྡེབ། །རང་ལ་རང་གི་ཚིག་ཅིང་ཁྲོ། །དབང་འདི༴ པ་ཙ༴ མྱུར་གྲུབ་མ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་མྱུར་གྲུབ་མ། །འཇམ་དཔལ་རྣོན་པོ་ལག་ན་ཐོགས། །ཧ་ཧ་རུ་ལུའི་སྒྲ་སྒྲོག་མ། །དབང་༴ ཨ༴ ཆུད་མི་ཟ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་ཆུད་མི་ཟ། །ལྗང་སྨུག་རིན་ཆེན་སྒྲོན་མ་ཐོགས། །གདུང་བས་བརྩེ་ཞིང་ཕན་འདོགས་པའི། །དབང་འདི༴ ཨ་བྷི༴ གདུལ་བྱེད་མ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་གདུལ་བྱེད་མ། །ལྗང་སྨུག་སྲིན་པོའི་ཐོད་པ་ཐོགས། །ཁྱོད་ཀྱི་མི་འདུལ་གང་ཡང་མེད། །དབང་༴ ཨ༴ རྒྱ་མཚོ་མ་ཐོགས་ལ། ཕྲིན་ལས་ཕོ་ཉ་རྒྱ་མཚོ་མ། །སྣ་ཚོགས་ལུས་ཅན་རྒྱ་མཚོ་ཐོགས། །འཛམ་བུ་གླིང་བཞི་གཡོ་བྱེད་མ། །དབང་འདི༴ པ༴ ཨ༴ སྟང་འཛིན་མ་ཐོགས་ཏེ། ལས་ཀྱི་ཕོ་ཉ་སྟང་འཛིན་མ། །སེམས་ཅན་ཞིང་བཅུ་བསྒྲལ་བ་ལ། །དམྱལ་བར་ལྡང་ངེས་ལྕགས་ཀྱུས་འཛིན། །དབང་འདི༴ པ་ཙ༴ སྒྲོལ་བྱེད་མ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་སྒྲོལ་བྱེད་མ། །དམར་སྨུག་འཇོམས་བྱེད་རི་རབ་འཛིན། །རྡུལ་དུ་བརླག་པའི་ལས་མཛད་མ། །དབང་༴ པ་ཙ༴ རང་དབང་མོ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་རང་དབང་མོ། །ལྗང་ནག་གཡུ་ཡི་ཞགས་པ་འདེབས། །འཇིག་རྟེན་ལས་ཀྱི་གཉེར་གཅིག་པོ། །དབང་འདི༴ པ་ཙ༴ ཨ་བྷི༴ འདུལ་ཅན་མ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་འདུལ་ཅན་མ། །སྐྱེས་བུ་ན་ཆུང་གཟུགས་འཆང་མ། །ཅི་ལྟར་དམིགས་པ་བཞིན་དུ་འདུལ། །དབང་༴ པ་ཙ༴ གོམ་པ་མོ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་གོམ་པ་མོ། །ལྗང་ཀུ་ཉུངས་ཀར་མདའ་འཕེན་མ། །དཀར་ནག་སྙིང་གི་མཚམས་སུ་བཏེག །དབང་༴ པ་ཙ༴ ལས་མཁན་མ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་ལས་མཁན་མ། །ལྗང་སྐྱ་མཚེ་ཡི་ཟོར་འཕེན་མ། །ལོག་པའི་ཕྱོགས་རྣམས་ལྡོག་བྱེད་མ། །དབང་༴ པ་ཙ༴ དབང་བསྐུར་མ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་དབང་བསྐུར་མ། །ཉི་ཟླ་གཟའ་སྐར་ཀླག་པར་གནོན། །འཛམ་གླིང་བཞི་པ་ལག་པར་ཐོགས། །དབང་འདི༴ པ་ཙ༴ ཨ་བྷི༴ མཆོག་སྒྲོལ་མ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་མཆོག་སྒྲོལ་མ། །ལྗང་སྐྱ་མཆོག་གི་ཙིཏྟ་འབྱིན། །སྐྱེ་ཤི་གཉིས་ཀྱི་རྩད་གཅོད་མ། །དབང་འདི༴ པ་ཙ༴ རྒྱུག་འཛིན་མ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་རྒྱུག་འཛིན་མ། །ཐུགས་དམ་གཉེན་པོ་རྒྱུད་བསྐུལ་ཕྱིར། །ཤེལ་དང་ལུང་ཏང་ཕུར་བུ་བསྣམས། །དབང་འདི༴ པ་ཙ༴ རྔམ་པ་མོ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་རྔམ་པ་མོ། །ལྗང་སྐྱ་ཤ་ཁྲག་རློན་པ་ཟ། །གསོད་པའི་ལས་ལ་ཤིན་ཏུ་རྔམ། །དབང་འདི༴ པ་ཙ༴ སྤྲོ་རྐྱེན་མ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་སྤྲོ་རྐྱེན་མ། །ལྗང་སྐྱ་འདེགས་པའི་ལས་ལ་མྱུར། །ཛ་ཛ་ཧོ་ཧོ་སྒྲ་འདེབས་པ། །དབང་འདི༴ པ་ཙ༴ གཏུམ་ཆེན་མ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་གཏུམ་ཆེན་མ། །ཉི་མ་ཟླ་བའི་འཁོར་ལོ་འཕེན། །གཏུམ་པ་འདོད་ཁམས་ལྷ་མི་བཙན། །དབང་འདི༴ པ་ཙ༴ མིག་དམར་མ་ཐོགས་ཏེ། ཕྲིན་ལས་ཕོ་ཉ་མིག་དམར་མ། །ཁྲག་དང་ཆང་གི་མྱོས་པར་བྱེད། །མིག་རྩ་དམར་ལ་ར་གདང་ཆེ། །དབང་འདི༴ པ་ཙ༴ སེན་མོ་ཅན་ཐོགས་ཏེ། ཕྲིན་ལས་ཕོ་ཉ་སེན་མོ་ཅན། །དམར་སྨུག་སེམས་ཅན་ལྕགས་ཀྱུ་བསྣམས། །བསྒྲལ་བའི་ཞིང་བཅུ་འདྲེན་བྱེད་མ། །དབང་འདི་བུ་ལ་བསྐུར་བར་བྱ། །པ་ཙ་པ་ཙ་སྥོ་ཊ་བཾ། ཨ་བྷི༴ ཥིཉྩ་ཨཱཿ ཁྱམ་དགུ་པའི་འོག་གི་མ་མོ་དྲུག་ཅུ་ནི། དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །ཁམས་གསུམ་སྲིད་གསུམ་ཐམས་ཅད་ཀྱི། །དགྲ་དང་འབྱུང་པོ་བསྒྲལ་བའི་ཕྱིར། །སྐུ་ཡི་འོད་ཟེར་སྨུག་ནག་ལས། །ལས་བྱེད་མ་མོ་དྲུག་ཅུར་སྤྲུལ། །རལ་པ་གཅིག་མཐོང་འཇིགས་པའི་གཟུགས། །ཏྲི་ཤུལ་རལ་གྲི་ནད་རྐྱལ་ཐོགས། །མ་མོ་འདི་ཡི་དེང་འདིར་དབང་བསྐུར་རོ། །མ་མ་ཤ་རི་ཨ་བྷི་ཥིཉྩ་ཧཱུྃ། སྦས་པའི་མ་མོ་ཐལ་མདོག་ཐོད་ཁྲག་འཐུང་། །གཡང་གཞི་དུར་ཁྲོད་རྒྱན་གྱི་མཛེས་པར་ལྷུབ། །མ་མོ་འདི་ཡི་དེང་འདིར་དབང་བསྐུར་རོ། །མ་མ༴ དུར་ཁྲོད་ཚོགས་ཀྱི་མ་མོ་རལ་པ་ཅན། །མི་ཐོད་ཕྲེང་བས་སྐུ་རྒྱན་རབ་ཏུ་བརྗིད། །ཁམས་གསུམ་འདི་ན་མཐུ་ཆེན་འགྲན་ཟླ་མེད། །མ་མོ་འདིའི༴ མ་མ༴ སྲིན་པོ་སྒྲོལ་བྱེད་མ་མོ་ནི། །སྨུག་ནག་ཕྱག་ན་བྷནྡྷ་ཐོགས། །འོག་གི་ཕྱོགས་ནས་ལས་བྱེད་མཐུ་མོ་ཆེ། །མ་མོ་འདི་ཡི༴ མ་མ༴ ཟ་བྱེད་རྔམས་པའི་མ་མོ་ཆེན་མོ་ནི། །མཐིང་སྐྱ་ཁྲག་གི་རལ་པ་ས་གསུམ་གནོན། །ཕྱག་གི་སྐྱེ་འགྲོ་ཡོངས་ཀྱི་ཙིཏྟ་བཟུང་། །མ་མོ༴ མ་མ༴ ཁམས་གསུམ་སྡུད་པའི་མ་མོ་ཆེན་མོ་ནི། །དམར་པོ་ཐོད་ཁྲག་སྐམ་དུ་འཐུང་བྱེད་པ། །ང་རྒྱལ་དྲེག་པའི་འཁོར་ཡང་འཇོམས་བྱེད་མ། །མ་མོ་འདི་ཡི༴ མ་མ༴ རྒྱུ་དྲུག་སྒྲོལ་བའི་མ་མོ་ཆེན་མོ་ནི། །སྨུག་ནག་མེ་འབར་གཡང་གཞི་གོས་སུ་གྱོན། །མི་སྙིང་རུས་པའི་ཕྲེང་བ་གླད་ལ་བསྐོར། །མ་མོ༴ མ་མ༴ སྲིད་གསུམ་ཡོངས་ལ་དབང་བསྒྱུར་མ། །སེར་ནག་ཉི་ཟླ་ཐོད་དུ་བཅིང་། །གནམ་ས་གཉིས་ལ་དབང་བྱེད་མ། །མ་མོ༴ མ་མ༴ མཐུ་རྩལ་སྙོམས་པའི་མ་མོ་ནི། །ལྗང་ནག་ཞིང་གི་གོ་ཟུ་གོན། །ལག་པ་གཡས་པ་ནག་མཁར་ལྡེག །མ་མོ༴ མ་མ༴ ཁྲོས་མ་ཁྲག་འཐུང་གསུར་ལ་དགའ། །མི་ཤ་རྟ་ཤ་ཟས་སུ་ཟ། །མི་ཁྲག་རྟ་ཁྲག་སྐམ་དུ་འཐུང་། །མ་མོ༴ མ་མ༴ སྒྲོལ་བྱེད་མ་མོ་ཆེན་མོ་ནི། །མཐིང་ནག་ནང་རོལ་གློ་སྙིང་འདྲེན། །ཕྲིན་ལས་དམ་ཉམས་སྒྲོལ་ལ་བརྩོན། །མ་མོ་འདི༴ མ་མོ༴ ཟ་བྱེད་མ་མོ་ཆེན་མོ་ནི། །སྔོ་ནག་གཡུ་ཡི་ཟ་མ་ཏོག །ཉམས་ལ་ལེན་ཅིང་བསྒྲུབ་ལ་བརྩོན། །མ་མོ༴ མ་མ༴ ཨ་བྷི༴ རྔམས་བྱེད་ནག་མོ་ཙིཏྟ་བསྣམས། །ནམ་མཁའི་འབྲུག་སྔོན་ཆིབས་སུ་བཅིབ། །དགྲ་དང་ཉམས་པའི་སྙིང་འབྱིན་མ། །མ་མོ༴ མ་མ༴ འཛིན་བྱེད་མ་མོ་ཆེན་མོ་ནི། །སེར་ནག་ཐོད་ཁྲག་ལྕགས་ཀྱུ་ཐོགས། །མ་ལུས་སྒྲོལ་བའི་གིང་ཆེན་མོ། །མ་མོ་འདི་ཡི༴ མ་མ༴ བགེགས་ཆེན་འཇོམས་པའི་མ་མོ་ནི། །སྔོ་ནག་སྤུ་གྲི་ཐོ་བ་ཐོགས། །བགེགས་ཀྱི་རྒྱལ་པོའི་སྙིང་ལ་འདེབས། །མ་མོ་འདི་ཡི་དེང་༴ མ་མོ༴ ཞིང་བཅུ་སྒྲོལ་བའི་མ་མོ་ནི། །ལྗང་ནག་བྷནྡྷ་གྲི་ཐོགས་མ། །འཇིགས་རྟེན་ཁམས་ཀྱི་དབང་མོ་ཆེ། །མ་མོ༴ མ་མ༴ ཆད་པ་གཅོད་པའི་མ་མོ་ནི། །སྔོ་ནག་ཞིང་གི་གཡང་གཞི་རྡེབ། དམ་ཚིག་ཉམས་པའི་སྙིང་འབྱིན་མ། །མ་མོ་འདི་ཡི༴ མ་མ༴ འབྱུང་པོ་སྒྲོལ་བྱེད་མ་མོ་ནི། །བྷནྡྷ་གྲི་ཐོག་འབྱུང་པོ་སྒྲོལ། །ཤར་གྱི་ཕྱོགས་ཀྱི་ལས་བྱེད་མ། །མ་མོ༴ མ་མ༴ གཤིན་རྗེ་སྒྲོལ་བྱེད་མ་མོ་ནི། །བྷནྡྷ་གྲི་ཐོགས་གཤིན་རྗེ་སྒྲོལ། །ལྷོ་ཡི་ཕྱོགས་ནས་ལས་བྱེད་མ། །མ་མོ་འདི༴ མ་མ༴ ནུབ་ཕྱོགས་ཀླུ་སྒྲོལ་ཆེན་མོ་ནི། །བྷནྡྷ་གྲི་ཐོག་ཀླུ་ཆེན་སྒྲོལ། །ནུབ་ཀྱི་ཕྱོགས་ན་ལས་བྱེད་མ། །མ་མོ་འདི་ཡི༴ མ་མ༴ ཨ་བྷི༴ གནོད་སྦྱིན་སྒྲོལ་བྱེད་ཆེན་མོ་ནི། །ལྗང་ནག་བྷནྡྷ་གྲི་ཐོགས་ཅིང་། །བྱང་གི་ཕྱོགས་ནས་ལས་བྱེད་མ། །མ་མོ་འདི་ཡི༴ མ་མ༴ ཨ་བྷི༴ སྲིན་པོ་སྒྲོལ་བྱེད་མ་མོ་ནི། །སྔོ་ནག་བྷནྡྷ་གྲི་ཐོགས་ཤིང་། །སྟེང་གི་ཕྱོགས་ནས་ལས་བྱེད་མ། །མ་མོ༴ མ་མ་ཤ་རི༴ སྲིན་པོ་སྒྲོལ་བྱེད་མ་མོ་ནི། །སྨུག་ནག་བྷནྡྷ་གྲི༴ འོག་གི་ཕྱོགས་ནས་ལས་བྱེད་མ། །མ་མོ་འདི་ཡི་དབང་བསྐུར་རོ། །མ་མ༴ གཟུགས་ལ་མངའ་མཛད་དབང་མོ་ཆེ། །དཀར་མོ་ཞིང་གི་དབྱུག་པ་བསྣམས། །དགྲ་བོའི་གཟུགས་རྣམས་འཕྲོག་བྱེད་མ། །མ་མོ༴ མ་མ་ཤ་རི༴ ཁྲག་ལ་དབང་བའི་མ་མོ་ནི། །སྔོན་པོ་ཐོད་ཁྲག་དཀྲུག་ཅིང་གསོལ། །དགྲ་བོའི་ཁྲག་རྣམས་འཕྲོག་བྱེད་མ། །མ་མོ་འདི་ཡི༴ མ་མ༴ དྲོད་ལ་དབང་བའི་མ་མོ་ནི། །དམར་མོ་ལག་ན་ཙིཏྟ་ཐོགས། །སྡང་བའི་དགྲ་བོའི་དྲོད་འཕྲོག་མ། །མ་མོ༴ མ་མ༴ དབུག་ལ་དབང་བའི་མ་མོ་ནི། །ལྗང་ནག་ཐོད་ཁྲག་ཞགས་པ་ཐོགས། །དགྲ་ཡི་དབུག་རྣམས་འཕྲོག་བྱེད་མ། །མ་མོ༴ མ་མ་ཤ་རི༴ སྲོག་ལ་དབང་བའི་མ་མོ་ནི། །སྨུག་ནག་གྲི་དང་ཐོད་ཁྲག་འཐུང་། །དགྲ་ཡི་སྲོག་རྣམས་མྱུར་དུ་འཕྲོག །མ་མོ་འདི༴ མ་མ༴ བཀྲག་ལ་དབང་བྱེད་མ་མོ་ནི། །སེར་ནག་རལ་གྲི་ཐོད་ཁྲག་འཐུང་། །དགྲ་ཡི་གདོང་རྣམས་འཇིབ་བྱེད་མ། །མ་མོ༴ མ་མ༴ མ་མོ་ཁྲག་འཐུང་བྱ་རྒོད་མགོ། །སེར་ནག་རལ་གྲི་ཐོད་ཁྲག་འཐུང་། །འཇིག་རྟེན་ཁྱབ་པ འི་མཐུ་བོ་ཆེ། །མ་མོ་འདི་ཡི༴ མ་མ༴ མ་མོ་ཟ་བྱེད་སྟག་གི་མགོ། །དམར་སེར་ཐོད་ཁྲག་ཞལ་དུ་གསོལ། །གདུགས་པའི་ཚོགས་འཇོམས་རྫུ་འཕྲུལ་ཅན། །མ་མོ༴ མ་མ་ཤ་རི༴ མ་མོ་འཇིག་རྟེན་ཆུ་སྲིན་གདོང་། །ཤ་ཁྲག་གསུར་ལ་དགའ་བྱེད་མ། །འཇིག་རྟེན་འདི་ནས་དབང་ཆེར་ངེས། །མ་མོ༴ མ་མ༴ ཨ་བྷི༴ མ་མོ་ཆེན་མོ་དུར་ཁྲོད་བརྒྱན། །མི་ལྤགས་རློན་པ་ན་བཟའ་གསོལ། །དུར་ཁྲོད་བགེགས་ཆེན་འདུལ་མཛད་མ། །མ་མོ༴ མ་མ༴ རྡོ་རྗེ་གར་གྱི་དབང་མོ་ཆེ། །དབུ་བརྒྱ་སྤྱན་སྟོང་ཀུན་ལ་ཁྱབ། །མ་ལུས་སྒྲོལ་བའི་གིང་ཆེན་མ། །མ་མོ༴ མ་མ༴ པདྨ་གར་གྱི་དབང་ཕྱུག་མ། །ལག་ན་མི་མགོའི་ཕོར་པ་རུ། །མི་སྙིང་ཚིལ་བུས་བཀང་ཞིང་གསོལ། །མ་མོ༴ མ་མ༴ ས་བདག་ཆེན་མོ་པདྨ་ཕྲེང་། །དམར་ནག་བྷནྡྷ་ཁྲག་གི་བཀང་། །མིག་རྩ་དམར་ཞིང་རྔམ་པ་མོ། །མ་མོ༴ མ་མ༴ སྲིད་པ་གསུམ་གྱིས་མངའ་བདག་མོ། །རི་རབ་རྩེ་ནས་བསྙིལ་བྱེད་ཅིང་། །རྒྱ་མཚོ་གཏིང་ནས་སྙོག་བྱེད་མ། །མ་མོ༴ མ་མ༴ ཨ་བྷི༴ རྒྱ་མཚོ་གཏིང་གི་དབང་མོ་ཆེ། །ན་བཟའ་ཆུ་སྲིན་ལྤགས་པ་གསོལ། །སྤྲུལ་ནག་སྟོང་གི་གདེང་ཀ་ཅན། །མ་མོ༴ མ་མ༴ མ་མོ་རྡོ་རྗེ་ཐོ་བ་མ། །སྔོ་ནག་མི་སྲུན་ཐོ་བ་ཐོགས། །སྲིན་མོའི་ཚོགས་ཀྱང་འདར་ཞིང་གཡོ། །མ་མོ༴ མ་མ༴ མ་མོ་རྡོ་རྗེ་གཏུན་ཁུང་མ། །མཐིང་ནག་དགྲ་བོ་གཏུན་དུ་བརྡུངས། །གང་ལ་བྱ་བ་རྡུལ་དུ་རློག །མ་མོ༴ མ་མ༴ མ་མོ་རྡོ་རྗེ་དུར་ཁྲོད་བདག །སྔོ་ནག་མི་མགོ་རྡོ་རྗེ་དབྱུག །གདུག་པའི་ཚོགས་ཀྱིས་འཇོམས་པར་བྱེད། །མ་མོ་འདི༴ མ་མ་ཤ་རི༴ མ་མོ་རྡོ་རྗེ་གདེང་པ་མོ། །སྔོ་ནག་རྡོ་རྗེ་རྩེ་གསུམ་བསྣམས། །གདུལ་ཅིང་གཏུམ་པའི་དྲག་ཤུལ་ཆེ། །མ་མོ༴ མ་མ༴ མ་མོ་རྡོ་རྗེ་གསལ་བཀྲ་མ། །དམར་ནག་མི་ཡི་རྒྱུ་ཞགས་འཕེན། །བཀའ་ལ་འགལ་བ་འཛིན་པར་བྱེད། །མ་མོ༴ མ་མ༴ མ་མོ་རྡོ་རྗེ་ཁྲག་འཐུང་མ། །ལྗང་སེར་བྷནྡྷ་རཀྟས་བཀང་། །བཀའ་ལས་འགལ་བའི་སྙིང་ཁྲག་འཐུང་། །མ་མོ༴ མ་མ༴ མ་མོ་ནག་མོ་དྲེད་ཞོན་མ། །ནད་ཀྱི་རྐྱལ་བ་གོང་དུ་བཏབ། །མཚོན་གྱི་གྲུ་གུ་ཀླད་ལ་བསྐོར། །མ་མོ༴ མ་མ༴ དུས་བཞིའི་རྒྱལ་མོ་མཐུ་མོ་ཆེ། །སྲིད་པ་གསུམ་ལ་དབང་བྱེད་ཅིང་། །ཅིར་ཡང་འགྱུར་བའི་སྐུ་མངའ་བ། །མ་མོ༴ མ་མ༴ མ་མོ་གནས་ཡུལ་སྤྱང་གིའི་མགོ། །མི་ཤ་ཟ་ཞིང་བདུད་ཁྱིམ་འཇོམས། །ལྟས་པས་བདུད་རྣམས་བརླག་བྱེད་མ། །མ་མོ༴ མ་མ༴ མ་མོ་བརྫུ་བྱེད་སྟག་དང་དོམ། །གཅན་ཟན་གདུག་པའི་ཚོགས་སུ་སྤྲུལ། །མ་ལུས་འཇོམས་པའི་མཐུ་མོ་ཆེ། །མ་མོ༴ མ་མ༴ མ་མོ་འཛུམ་བྱེད་ཕོ་ཉ་མོ། །ཁྲ་སྟར་འཛུམ་ཞིང་ཁྱི་ལྟར་ཟུག །གང་ལ་དམིགས་པ་ཡུད་ཀྱི་ལེན། །མ་མོ༴ མ་མ༴ མ་མོ་གནམ་ས་ཕྱེད་ཀྱི་བདག །རི་ཀླུང་མེད་པར་གཟུགས་ཀྱིས་ཁེབ། །ཆེ་ཆུང་མེད་པར་འཇོམས་པར་བྱེད། །མ་མོ༴ མ་མ༴ མ་མོ་ཕོ་ཉ་རྒྱུག་བྱེད་མ། །བུད་མེད་ལུས་ལ་འཇའ་ཚོན་གོས། །བང་ནི་རི་ལུང་མེད་པར་རྒྱུག །མ་མོ༴ མ་མ་ཤ་རི་ཨ༴ མ་མོ་ཕོ་ཉ་ཟ་བྱེད་མ། །བུད་མེད་ལུས་ལ་སྟག་གི་མགོ། །ཟས་སུ་གཙང་སྨེ་མེད་པར་བྱ། །མ༴ མ་མ༴ རྡོ་རྗེ་ཡང་ཕྱིན་ཕོ་ཉ་མོ། །དཀར་ཁྲ་ལྕགས་ཀྱུ་ཕུར་བུ་འཛིན། །གང་ལ་བྱ་བ་གྲུབ་པར་བྱེད། །མ་མོ༴ མ་མ༴ རྡོ་རྗེ་བེས་ཕྱིན་རྩལ་མོ་ཆེ། །སྔོ་ནག་ཞགས་པ་ཕུར་བུ་ཐོགས། །གང་ལ་བྱ་བ་གྲུབ་པར་བྱེད། །མ་མ་འདི་ཡི༴ མ་མ༴ རྡོ་རྗེ་ཕག་ཕྱིན་ཐོག་པ་མེད། །དམར་ནག་ཐོད་ཁྲག་ཕུར་བུ་ཐོགས། །གང་ལ་བྱ་བ་གྲུབ་པར་བྱེད། །མ་མོ༴ མ་མ༴ རྡོ་རྗེ་དེང་ཕྱིན་དབང་གྲུབ་མ། །ལྗང་ནག་དྲིལ་བུ་ཕུར་བུ་འཕེན། །གང་ལ་བྱ་བ་གྲུབ་པར་བྱེད། །མ་མོ༴ མ་མ༴ ས་བདག་རྒྱལ་མོ་ཆེན་མོ་ནི། །ས་ནག་གསེར་གྱི་ག་བུར་བསྣམས། །ཚེ་སྲོག་ཀུན་ལ་དབང་བསྒྱུར་མ། །མ་མོ་འདི་ཡི༴ མ་མ༴ ཕྱི་འཁོར་སྐྱོང་བའི་མངའ་བདག་མོ། །རྒྱན་དང་ཆ་ལུགས་མཛེས་པའི་ཚུལ། །གནས་ནི་གཡའ་རི་གངས་ལ་གནས། །མ་མོ༴ མ་མ༴ འབྲོག་སྲིན་རྣམས་ཀྱི་རྗེ་མོ་ཆེ། །བུད་མེད་བཟང་བསྡུག་འོད་ཆགས་མ། །སྐྲ་བཤིག་རལ་པ་གྱེན་དུ་བརྫིས། །མ་མོ༴ མ་མ་ཤ་རི༴ བུད་མེད་ཁྲག་གི་རལ་པ་ཅན། །མ་མོ་འདི་ཡི་དབང་བསྐུར་རོ། །མ་མ་ཤ་རི་ཧཱུྃ་ཛཿཨ་བྷི་ཥིཉྩ་ཧཱུྃ། ཁྲོ་བོ་བཅུ། ཧཱུྃ་ཆེན་མཐིང་སྐྱ་རྡོ་རྗེ་ཐོད་དབྱུག་ཐོགས། །སྒྲ་འབྱིན་གཙོ་འཁྱུད་དུང་ཁྲག་ཡབ་ལ་སྟོབས། །ཕྲིན་ལས་ཉི་ཟླའི་གདོན་ཚོགས་འདུལ་བའི་དབང་། །སྐལ་ལྡན་རིགས་ཀྱི་བུ་ལ་བསྐུར་བར་བྱ། །ༀ་བཛྲ་ཀྲོ་ཏ་ཧཱུྃ་ཀ་ར་ཧཱུྃ། གརྫ་གརྫ་ཧཱུྃ། ཀྲོ་ཏི་ཤ་ལི་ཤ་ཡ་བྱ་ཧཱུྃ་ཕཊ། ཨ་བྷི་ཥིཉྩ་ཧཱུྃ། རྣམ་རྒྱལ་དཀར་པོ་རྡོ་རྗེ་རྩེ་ལྔ་ཞིང་དབྱུག་ཕྱར། །མདའ་སྙེམས་གཙོ་འཁྱུད་དུང་དམར་ཡབ་ལ་སྟོབས། །ཕྲིན་ལས་དྲི་ཟའི་གདོན་རྣམས་འདུལ་བའི་དབང་། །སྐལ་ལྡན་རིགས་ཀྱི༴ ༀ་བཛྲ་ཀྲོ་ཏ་བྷི་ཛ་ཧཱུྃ། ཧ་ན་ཧ་ན་ཧཱུྃ། ༀ་བཛྲ་ལ་སྱེ་ཀེ་ཏུ་ༀ་ཕཊ་ཨ་བྷི༴ དབྱུག་པ་སྔོ་སྐྱ་མེད་དབལ་དྲང་སྲོང་འཛིན། །སྡེར་མོ་གཙོ་འཁྱུད་དུང་ཁྲག་ཡབ་ལ་སྟོབས། །ཕྲིན་ལས་དྲང་སྲོང་གདོན་རྣམས་འདུལ་བའི་ཕྱིར། །སྐལ་ལྡན༴ ༀ་བཛྲ་ཀྲོ་ཏ་ནི་ཏན་ཏྲ་ཧཱུྃ། ད་ཧ་ད་ཧ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་ཏི་ཤ་རི་པྲ་ཏི་ཛ་ཧཱུྃ། ཨ་བྷི༴ གཤེད་པོ་སེར་ནག་བེ་ཅོན་གཤིན་རྗེ་འཛིན། །དུར་ཁྲོད་གཙོ་འཁྱུད་ཐོད་ཁྲག༴ ཕྲིན་ལས་གཤིན་རྗེ་གདོན་ཚོགས་འདུལ་བའི་དབང་། །སྐལ་ལྡན༴ ༀ་བཛྲ་ཀྲོ་ཏ་ཡ་མན་ཏ་ཀ་ཧཱུྃ། པ་ཙ་པ་ཙ་ཧཱུྃ། ཀྲོ་ཏི་ཤྭ་རི་ཧ་ན་པ་ཏི་ཧཱུྃ། ཨ་བྷི༴ མི་གཡོ་ལྗང་སྔོན་རལ་གྲི་སྲིན་པོ་འཛིན། །གཏུན་ཁུང་གཙོ་འཁྱུད་དུང་ཁྲག་ཡབ་ལ་སྟོབས། །ཕྲིན་ལས་སྲིན་པོའི་གདོན་རྣམས་འདུལ་བའི་དབང་། །སྐལ་ལྡན༴ ༀ་བཛྲ་ཀྲོ་ཏ་ཨརྱ་ཨ་ཙ་ལ་ཧཱུྃ། བྷནྡྷ་བྷནྡྷ་ཧཱུྃ། མུ་ཧ་ལ་ཧཱུྃ། ཨ་བྷི༴ རྟ་མགྲིན་དམར་ནག་ཞིང་དབྱུག་ཁྱུང་གཤོག་འཛིན། །གཏུམ་མོ་གཙོ་འཁྱུད་དུང་ཁྲག་ཡབ་ལ་སྟོབས། །ཕྲིན་ལས་ཀླུ་ཡི་གདོན་ཚོགས་འདུལ་བའི་དབང་། །སྐལ་ལྡན༴ ༀ་བཛྲ་ཀྲོ་ཏ་ཧྱ་གྷྀ་ཝ་ཧཱུྃ། ཧུ་ལུ་ཧུ་ལུ་ཧཱུྃ། ཙན་དྷ་དྷ་རི་སྥ་ཏི་ཧཱུྃ། ཨ་བྷི༴ གཞན་གྱིས་མི་ཐུབ་དམར་ལྗང་བ་དན་རླུང་ལྷ་འཛིན། །མདའ་སྙེམས་གཙོ་འཁྱུད་དུང་ཁྲག་ཡབ་ལ་སྟོབས། །ཕྲིན་ལས་རླུང་ལྷའི་གདོན་ཚོགས་འདུལ་བའི་དབང་། །སྐལ་ལྡན༴ ༀ་བཛྲ་ཀྲོ་ཏ་ཨ་པ་ར་ཙིཏྟ་ཧཱུྃ། ཏིཥྛ་ཏི་ཥྛ་ཧཱུྃ་ཕཊ། ཤ་ཡ་བྱ་ཧཱུྃ། ཨ་བྷི༴ བདུད་རྩི་ལྗང་ནག་གནར་མགོ་དབྱུག་ཏོ་ཕྱར། །རླུང་འབྱིན་གཙོ་འཁྱུང་དུང་ཁྲག་ཡབ་ལ་སྟོབས། །ཕྲིན་ལས་གནོད་སྦྱིན་གདོན་ཚོགས་འདུལ་མཛད་པ། །སྐལ་ལྡན་རིགས་ཀྱི༴ ༀ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུན་དྷ་ལི་ཧཱུྃ། ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ། ༀ་བཛྲ་ཡ་བ་ཏི་ཧཱུྃ། ཨ་བྷི༴ སྟོབས་ཆེན་དུང་ཀ་ཐོང་གཤོལ་ཏིར་དབྱུག་ཐོགས༴ བསྐྱེད་མ་གཙོ་འཁྱུད་དུང་ཁྲག་ཡབ༴ ཕྲིན་ལས་ས་བདག་གདོན་ཚོགས་འདུལ་བའི་དབང་། །སྐལ་ལྡན༴ ༀ་བཛྲ་ཀྲོ་ཏ༴ ནས་ཧ་ཧ༴ རྣམ་རྒྱལ་དཀར་པོ་རྡོ་རྗེ་འབྱུང་པོ་འཛིན། །གསོད་མ་གཙོ་འཁྱུད་དུང་༴ ཕྲིན་ལས་འབྱུང་པོའི་གདོན་ཚོགས་འདུལ་བའི་དབང་། །སྐལ་ལྡན༴ ༀ་བཛྲ་ཀྲོ་ཏ་ཏྲེ་ལོ་ཀྱ་བི་ཛ་ཡ་ཧཱུྃ། ཀྲོ་ཏ་མ་ཧཱ་པ་ལ་ཧཱུྃ། སྥོ་ཊ་སྥོ་ཊ་ཧཱུྃ། ཀྲོ་ཏི་ཤ་རི་ཀྴོ་བྷི་ན་ཧཱུྃ། ཨ་བྷི༴ ན་མོ༴ དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱིན་རླབས་ཀྱི། རིགས་ཀྱི་བུ་ལ་ཕྱག་རྒྱ་ཆེན་པོའི་དབང་མཆོག་འདི་བསྐུར་བས། རྒྱུད་མ་ཧཱ་ཡོ་ག་དང་། ལུང་ཨ་ནུ་ཡོ་ག་དང་། མན་ངག་ཨ་ཏི་ཡོ་གའི་ཞི་ཁྲོ་རབ་འབྱམས་ཀྱི་སྐུ་ལྔ་ཡོངས་སུ་རྫོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བརྒྱད་པ་དབུ་བརྒྱན་ནི། དབུ་རྒྱན་མགོའི་གནས་ལ་གཏུག །བུམ་ཆུ་དང་ཤུ་ནྱཻ་ཏ་བརྗོད་ཅིང་། ཡེ་ཤེས་ལྔ་ཡི་རྟ་མཆོག་ཕྱག་རྒྱ་ཡི། །གནས་ལྔར་གཏུག་སྟེ་དབང་བསྐུར་བས། །ཐུགས་ཀྱི་དབང་མཆོག་ཆེན་པོ་ནི། །རྡོ་རྗེ་སྤྱན་ལ་སྦྱིན་པར་བྱ། །ཤུ་ནྱེ་ཏ་དང་། ཨ་བྷི༴ ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་རླབས་ཀྱིས། རིགས་ཀྱི་བུ་ལ་དབུ་རྒྱན་གྱི་དབང་བསྐུར་བས། རྣམ་པར་ཤེས་པ་ཚོགས་བརྒྱད་གནས་སུ་དག་ནས། ཡེ་ཤེས་ལྔའི་དོན་རྟོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དགུ་པ་སྐུ་གསུང་ཐུགས་ཀྱི་དབང་ལ། སྤྱི་བསྡམ་དུ་ནི། ༀ་ཨཱཿཧཱུྃ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། ། རྣལ་འབྱོར་བདེ་མཆོག་དེ་ཡིན་པས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་དབང་། །རྡོ་རྗེ་ཅན་ལ་སྦྱིན་པར་བྱ། །ཀ་ཡ་ཝ་ཀ་ཙིཏྟ་གུ་ན། ཀརྨ། ཨ་བྷི༴ སྐུ་རྡོ་རྗེ་ཐོགས་ཏེ། ༀ་ཨཱཿཧཱུྃ། སྐུ་གསུང་ཐུགས་ཀྱིས་རྡོ་རྗེ་ཡི། །རྣལ་འབྱོར་བདེ་མཆོག་དེ་ཡིན་པས། །བདེ་གཤེགས་རྣམས་ཀྱི་སྐུ་ཡི་དབང་། །རྡོ་རྗེ་ཅན་ལ་སྦྱིན་པར་བྱ། །ༀ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་བཛྲ་སྭ་བྷཱ་ཝ་ཨདྨ་ཀོ྅་ཧྂ། ན་མོ། ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པའི་སྐུའི་བྱིན་གྱིས་བརླབ་པའི། སྐུ་རྡོརྗེའི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་ཨཱཿཧཱུྃ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །རྣལ་འབྱོར་བདེ་མཆོག་དེ་ཡིན་པས། །བདེ་གཤེགས་རྣམས་ཀྱི་གསུང་གི་དབང་། །རྡོ་རྗེ་ཅན་ལ་སྦྱིན་པར་བྱ། །ༀ་སརྦ་ཏ་ཐཱ་ག་ཏ་ཝཀྐ་བཛྲ་སྭ་བྷཱ་ཝ་ཨདྨ་ཀོ྅་ཧྂ། ཨ་བྷི༴ ན་མོ། ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པའི་གསུང་གི་བྱིན་རླབས་ཀྱིས། གསུང་རྡོ་རྗེའི་དབང་དམ་པ་ཐོབ་པར༴ ༀ་ཨཱཿཧཱུྃ། སྐུ་གསུང་ཐུགས༴ རྣལ་འབྱོར་བདེ་མཆོག་དེ་ཡིན་པས། །བདེ་གཤེགས་རྣམས་ཀྱི་ཐུགས་ཀྱི་དབང་། །རྡོ་རྗེ་ཅན་ལ་སྦྱིན་པར་བྱ། །ༀ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨདྨ་ཀོ྅་ཧྂ། ཨ་བྷི༴ ན་མོ༴ ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་བརླབ་ཀྱིས། །ཐུགས་རྡོ་རྗེའི་དབང་དམ་པ་ཐོབ་པར་གྱུར་ཅིག །བཅུ་པ་བཀྲ་ཤིས་རྟག་བརྒྱད་ཀྱི་དབང་ནི། དབང་མཆོག་ཐོབ་པའི་བུ་དེ་ཡི། །དོན་རྣམས་གྲུབ་པའི་བཀྲ་ཤིས་ཕྱིར། །བདུད་འདུལ་བཀྲ་ཤིས་རྫས་མཆོག་རྣམས། །རྟགས་ཀྱི་བརྒྱན་ཏེ་སྦྱིན་པར་བྱ། །དཔལ་ཆེན་ཐུགས་ཀྱིས་ས་བོན་ནི། །འདྲེན་པ་རྣམས་ཀྱི་ཐུགས་ལགས་པས། །བླ་མེད་ཐར་ལམ་དྲང་བའི་ཕྱིར། །ཐུགས་དེ་ལྟ་བུར་བཀྲ་ཤིས་ཤོག །སྟོན་པ་བདུད་ཀྱི་བསྡོས་པའི་ཚེ། །ཐུགས་ཀར་དཔལ་བར་བཀྲ་ཤིས་གྱུར་པ་ནི། །དེ་རིང་ཁྱོད་ལ་བྱིན་པ་ཡི། །ཐམས་ཅད་མཁྱེན་པའི་དབང་ཐོབ་ཤོག །དཔལ་གྱི་བེའུ་ཐམས་ཅད་མཁྱེན་པའི་དབང་། །གཞན་གྱི་མི་ཐུབ་ཆེ་བའི་རྟགས་དང་ལྡན། །བསྡོ་བའི་ཕྱོགས་རྣམས་ཀུན་ལས་ཁྱད་པར་འཕགས། །ཐུགས་ཉིད་ལ་ཡང་མངོན་སུམ་གསལ་བར་སྟོན། །འཁོར་ལོ་བཀྲ་ཤིས་ཕྱག་ཞབས་མཐིལ། །སྐྱོབས་པའི་སངས་རྒྱས་འདྲེན་པའི་ལྷ། །ཉོན་མོངས་སེམས་ཅན་དམན་པའི་གསོས། །ཕྱག་ཞབས་འཁོར་ལོའི་བཀྲ་ཤིས་ཤོག །སྟོན་ལ་བདུད་དམག་འདྲེན་པའི་ཚེ། །ཕྱག་ཞབས་འཁོར་ལོའི་བཀྲ་ཤིས་གྱུར། །དེ་རིང་ཁྱོད་ལ་སྦྱིན་པ་ཡི། །ཆོས་འཁོར་བསྐོར་བའི་དབང་ཐོབ་ཤོག །གཞན་གྱི་མི་ཐུབ་ཆེ་བའི་རྟགས་དང་ལྡན། །བསྡོ་བའི་ཕྱོགས་རྣམས༴ ཕྱག་ཞབས་མཐིལ་ལ་མངོན་པར་གསལ་བར་སྟོན། །གསུང་མཆོག་པདྨ་ཆོས་ཀྱི་རྒྱལ། །ཉོན་མོངས་མ་གོས་པདྨའི་སྐུ། །ཐམས་ཅད་སྒྲོལ་བའི་གསལ་ལག་སྟེ། །ལྗགས་མཆོག་པདྨའི་བཀྲ་ཤིས་ཤོག །སྟོན་ལ་བདུད་དམག༴ ལྗགས་ཉིད་པདྨའི་བཀྲ་ཤིས་གྱུར། །དེ་རིང་ཁྱོད་ལ་སྦྱིན་པ་ཡི། །ཅིས་ཀྱང་གོས་པ་མེད་པའི་དབང་ཐོབ་ཤོག །ལྗགས་ཉིད་པདྨ་གོས་པ་མེད་པའི་དབང་། །གཞན་གྱི་མི་ཐུབ་ཆེ་བའི༴ བསྡོ་བའི༴ ལྗགས་ཀྱི་མཆོག་ལ་མངོན་པར་གསལ་བར་སྟོན། །རྒྱལ་མཚན། མི་ནུབ་རྒྱལ་མཚན་འདྲེན་པའི་སྐུ། །ཐམས་ཅད་བདུད་ཀྱི་སྡེ་བརྟུལ་ནས། །དཔུང་བཅོམ་སངས་རྒྱས་སྐུ་སྟོན་ཏེ། །སྐུ་མཆོག་རྒྱ་མཚོ་བཀྲ་ཤིས་ཤོག །སྟོན་ལ་བདུད་ཀྱི་དམག་དྲངས་ཚེ། །སྐུ་ནི་རྒྱལ་མཚན་བཀྲ་ཤིས་གྱུར། །དེ་རིང་བདུད་ལས་རྒྱལ་བ་ཡི། །དབང་མཆོག་དམ་པ་ཐོབ་པར་ཤོག །གཞན་གྱི་མི་ཐུབ་ཆེ་བའི་རྟག་དང་ལྡན། །བསྡོ་བའི༴ སྐུ་ཡི་མཆོག་ལ་མངོན་པར་གསལ་བར་སྟོན། །བུམ་པ། བཀྲ་ཤིས་བུམ་པ་སེམས་དཔའི་དབང་། །བཅོམ་ལྡན་འདས་ཀྱི་མགུར་ལག་སྟེ། །མགུར་མཆོག་བཀྲ་ཤིས་ཉིད་བྱིན་པས། །བུམ་པའི་བཀྲ་ཤིས་ཐོབ་པར་ཤོག །སྟོན་ལ་བདུད་ཀྱི་དམག་དྲངས་ཚེ། །མགུར་ཉིད་བུམ་པར་བཀྲ་ཤིས་གྱུར། །དེ་རིང་ཁྱོད་ལ་སྦྱིན་པ་ཡི། །སྙིང་རྗེས་འཛིན་པའི་དབང་༴ མགུར་ཆུ་ཐུགས་རྗེས་ཀུན་ཏུ་འཛིན་པ་ཡི། །གཞན་གྱི་མི་ཐུབ༴ བསྡོ་བའི༴ མགུལ་གྱི་མཆོག་ལ་མངོན་པར་གསལ་བར་སྟོན། །གདུག་ཀྱི་ཚ་བའི་གདུང་བ་ཀུན་བསལ་ཏེ། །ཉོན་མོངས་མ་ལུས་ཀུན་ལས་རྒྱལ་བ་དང་། །ཆེ་བའི་ཡོན་ཏན་མ་ལུས་རྒྱས་པ་སྟེ། །ལོགས་པའི་ཕྱོགས་རྣམས་ཟིལ་གནོན་བཀྲ་ཤིས་ཤོག །སྟོན་ལ་བདུད་ཀྱི་དམག་དྲངས་ཚེ། །དབུ་སྐྲ་གདུགས་སུ་བཀྲ་ཤིས་གྱུར། །དེ་རིང་ཁྱོད༴ གདུང་བ་སེལ་བའི་དབང་ཐོབ་ཤོག །དབུ་སྐྲ་གདུང་སེལ་བདུགས་ཀྱི་དབང་། །གཞན་གྱི༴ བསྡོ་བའི༴ དབུ་སྐྲའི་མཆོག་ལ༴ སྙན་པའི་སྒྲ་རྣམས་ཕྱོགས་བཅུར་སྒྲོགས་པར་ཤོག །མུ་སྟེགས་ལོག་པའི་ཕྱོགས་རྣམས་སྐྲག་པ་དང་། །སེམས་ཅན་ཀུན་གྱི་ཤེས་པའི་རྒྱུད་གསལ་ཕྱིར། །གསུང་མཆོག་དུང་གི་རྒྱལ་པོའི་བཀྲ་ཤིས་ཤོག །སྟོན་ལ་བདུད་ཀྱི༴ གསུང་གི་དུང་དུ་བཀྲ་ཤིས་གྱུར། །དེ་རིང་ཁྱོད་ལ་སྦྱིན་པ་ཡི། །རྒོལ་བའི་དཔའ་བསྐུམས་དབང་ཐོབ་ཤོག །དུང་གི་རྒོལ་བའི་དཔའ་བསྐུམ་སྐྲོག །གཞན་གྱི་མི་ཐུབ༴ བསྡོ་བའི་ཕྱོགས་རྣམས༴ གསུང་གི་མཆོག་ལ་མངོན་པར་གསལ་བར་སྟོན། །ཕྱག་ཞབས་ཉྭ་བཞིའི་བཀྲ་ཤིས་ཏེ། །མཛེས་སྙེམས་ཡིད་འོང་ཀུན་གྱི་དཔལ། །ཉྭ་ཤ་བཀྲ་ཤིས་གསེར་ཉར་ཤོག །སྟོན་ལ་བདུད་ཀྱི་དམག་དྲངས་ཚེ། །ཕྱག་ཞབས་ཉྭ་བཞི་གསེར་ཉར་གྱུར། །དེ་རིང་ཁྱོད་ལ༴ འཁོར་བའི་ཉམས་ང་མེད་པར་ཤོག །ཕྱག་ཞབས་ཉྭ་བཞི་དོན་མཛད་དབང་། །གཞན་གྱི་མི་ཐུབ༴ བསྡོ་བའི༴ ཉྭ་ཤ་བཞི་ལ་མངོན་པར་གསལ་བར་སྟོན། །འདི་ནི་གསེར་ཉྭ་དབང་གི་བཀྲ་ཤིས་ཤོག །བཅུ་གཅིག་པ་མིང་གི་དབང་ནི། རྣམ་སྣང་གི་སྐུ་ཐོགས་ཏེ། དོན་རྣམས༴ འགྲུབ་པའི་བུ་མཆོག་སྟེ། རྡོ་རྗེའི་དབང་མཆོག་ཐོབ་པར་ཤོག །ཞིང་ཁམས་ཀུན་དུ་བསྒྲག་པ་ཡི། །རྩལ་གྱི་ཐིག་ལེའི་དབང་མཆོག་སྦྱིན། །ཐིག་ལེ་རྩལ་ཆེན་མིང་གདག་གོ། །ན་མོ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབ་ཀྱི། སྐལ་ལྡན་རིགས་ཀྱི་བུ་ལ། དོན་དང་མི་འགལ་ཅིང་། མིང་གི་དབང་བསྐུར་བས། ཐམས་ཅད་འདུས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཅེས་པ་སྟེ། དེས་ནང་དབང་བཅུ་གཅིག་རྫོགས་སོ། །དེ་ནས་བསྒྲུབ་དབང་བཅུ་གསུམ་ལས། དང་པོ་ཤེས་རབ་རིག་པའི་དབང་། གཉིས་པ་ཁམས་གསུམ་བྱང་ཆུབ་སེམས་ཀྱི་དབང་། གསུམ་པ་ཡི་གེ་འཁོར་ལོའི་དབང་། བཞི་པ་འགྲོ་དོན་རྫོགས་བྱེད་ཐོང་གཤོལ་གྱི་དབང་། ལྔ་པ་དུག་གསུམ་སྟེང་གཅོད་ཐོད་པ་ཚར་གསུམ་གྱིས་དབང་། དྲུག་པ་ཉོན་མོངས་གཅོད་པ་མཚོན་ཆའི་དབང་། བདུན་པ་སྤྱོད་བཞི་མ་ཆགས་པདྨའི་དབང་། བརྒྱད་པ་རྣམ་པ་བཞི་ལ་རྫོགས་པའི་ཏི་རའི་དབྱུག་པའི་དབང་། དགུ་པ་དོན་དམ་དབྱེར་མེད་སྤྲུལ་ནག་ཆུན་པོའི་དབང་། བཅུ་པ་གཉིས་མེད་སྦྱོར་རྟགས་ལྷ་མོ་ཡུམ་གྱི་དབང་། བཅུ་གཅིག་པ་བདག་ཉིད་ཆེན་མོ་ལོངས་སྤྱོད་སྣ་ཚོགས་ཀྱི་དབང་། བཅུ་གཉིས་པ་མངའ་བདག་ཆེན་པོ་བསྒྲུབ་རྫས་ཀྱི་དབང་། བཅུ་གསུམ་པ་གྲགས་པ་རྡོ་རྗེ་མིང་གི་དབང་ངོ་། །དེ་ལ་དང་པོ་ཤེས་རབ་རིག་པའི་དབང་ནི། རྡོ་རྗེ་ཐོགས་ཏེ། སྐྱེ་མེད་ཆོས་ཀྱི་དབྱིངས་ཉིད་ལས། །བློ་ཡི་དབང་བསྐུར་ཐོབ་པ་ཡི། །ཤེས་རབ་ཆེན་པོའི་རིག་པའི་དབང་། །སེམས་ལོན་དོན་གྱི་ཏིང་འཛིན་ནི། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །ༀ་པྲརྫ་བྷིརྱ་ཨ་བྷི་ཥིཉྩ་ཧཱུྃ། གཉིས་པ་འཁོར་ལོ་ཐོགས་ཏེ། བྱ་བའི་བསམ་པ་ཀུན་བྲལ་ཞིང་། །བརྩལ་བ་མེད་ཀྱི་བྱང་ཆུབ་སེམས། །སྙིང་རྗེ་ཆེན་པོ་བདེ་མཆོག་གི། །ཁམས་གསུམ་ཀུན་ལ་དབང་བསྐུར་བའི། །དབང་མཆོག་ཁྱེད་ལ་སྦྱིན་པར་བྱ། །ༀ་མ་ན་སི་ཙ་ཀྲ་ཨ་བྷི༴ གསུམ་པ་ཡིག་འབྲུ་ལྔ་ཐོགས་ཏེ། ཉོན་མོངས་ལྔ་པོ་གནས་གྱུར་པ། །ཡེ་ཤེས་ལྔ་ཡི་དབང་ཐོབ་ཕྱིར། །ཡི་གེ་འཁོར་ལོའི་དབང་མཆོག་ནི། །དབང་དེ་བུ་ཡི་ལག་ཏུ་སྦྱིན། པུརྣ་ཙཀྲ་ཨཱཿ ཨ་བྷི༴ བཞི་པ་ཐོང་གཤོལ་ཐོགས་ཏེ། སྲིད་གསུམ་འགྲོ་བའི་དོན་རྣམས་ཀུན། །ཐམས་ཅད་རྫོགས་པར་ནུས་པ་ཡི། །རྟགས་ཀྱི་དབང་མཆོག་དམ་པ་འདི། །ཐོང་གཤོལ་འབར་བའི་སྦྱིན་པར་བྱ། །ཨ་མོ་གྷ་སིདྡྷི་ཨ་བྷི༴ ལྔ་པ་ཐོད་པ་ཚར་གསུམ་ཐོགས་ཏེ། དུག་གསུམ་གཏིང་ནས་སྤྲུགས་པ་ཡི། །རྟགས་ཆེན་གའུ་རྣམ་པ་གསུམ། །དམར་ཆེན་ཁྲག་གི་བཀང་ནས་ཀྱང་། །དབང་ཐོབ་དེ་ཡི་ལག་ཏུ་སྦྱིན། །དུག་གསུམ་གཏིང་བསྐྲུག་ཐོད་པའི་དབང་། །སྐུ་གསུམ་ལྷུན་གྱིས་གྲུབ་པ་ཡི། །དུག་གསུམ་གཏན་ནས་ཟད་བྱེད་པའི། །གའུ་གསུམ་གྱིས་དབང་བསྐུར་བས། །སངས་རྒྱས་སྐུ་གསུམ་ཐོབ་པར་ཤོག །ༀ་ཏྲེ་བྷུདྡྷ་ཀ་པ་ལི། ཨ་བྷི༴ དྲུག་པ་མཚོན་ཆ་ཐོགས་ཏེ། ཐོགས་པ་མེད་པའི་ཤེས་རབ་ཀྱི། །དུག་གསུམ་རྩད་ནས་བཅད་པའི་ཕྱིར། །རལ་གྲི་ལ་སོགས་མཚོན་ཆ་ཡི། །དབང་མོ་དམ་པ་ཁྱོད་ལ་སྦྱིན། །ཁད་རྒ་ཨ་བྷི༴ བདུན་པ་པད་མ་ཐོགས་ཏེ། ཉོན་མོངས་འཁོར་བའི་ཆོས་རྣམས་ལ། །སྤྱད་ཀྱང་གོས་པར་མི་འགྱུར་བའི། །རྟགས་ཀྱི་ཕྱག་རྒྱ་ཆེན་པོ་ནི། །པདྨའི་དབང་མཆོག་སྦྱིན་པར་བྱ། །ༀ་པདྨ་ཨ་བྷི༴ བརྒྱད་པའི་བམ་དབྱུག་ཐོགས་ཏེ། ལས་རྣམས་རྫོགས་པར་བྱེད་པ་ཡི། །དབང་མཆོག་དམ་པའི་རྟགས་ཆེན་འདི། །སྟི་རའི་དབྱུག་ཏོ་ཆེན་པོ་དག །དབང་ཐོབ་དེ་ཡི་ལག་ཏུ་སྦྱིན། །ཞིང་དབྱུག་དགྲ་སྟྭ་ཏྲི་ཤུལ་ལ། །རྣམ་བཞི་ལས་ཀྱི་འདུལ་བ་ཡི། །ཕྱག་རྒྱ་ཆེན་པོར་བསྟན་པ་ནི། །སྟི་ར་ཆེན་པོ་དབྱུག་པའི་དབང་། །སྐལ་ལྡན་རྣལ་འབྱོར་ཁྱོད་ལ་སྦྱིན། །སྟི་ར་ཊ་ཎ་ཊ། ཨ་བྷི༴ དགུ་པ་སྤྲུལ་ནག་ཆུན་པོ་ཐོགས་ཏེ། ཡུམ་དང་གཉིས་མེད་འཁྲིལ་བ་ཡི། །ཆོས་ཉིད་དོན་དང་གཉིས་མེད་རྟགས། །སྦྲུལ་ནག་འཁྲིལ་བའི་ཆུན་པོ་འདི། །སྐལ་ལྡན་རྣལ་འབྱོར་ཁྱོད་ལ་སྦྱིན། །དཔལ་ཆེན་ཧེ་རུ་ཀ་ལ་ནི། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །སྦྲུལ་གྱི་ཆུན་པོའི་དབང་བསྐུར་བས། །བདུད་དང་སྲིན་པོ་ཀུན་བཅོམ་ནས། །འཇིགས་བྱེད་ཆེན་པོ་མཐུ་ལྡན་ཤོག །ཙཀྲ་ཨ་བྷི༴ བཅུ་པ་གསང་བའི་རིག་མ་ཐོགས་ཏེ། གསང་བའི་སྦྱོར་བ་ཤེས་རབ་མ། །དྲི་མེད་རྣམ་དག་ལྷ་མོ་ཞིག །མཚན་ལྡན་ཤིན་ཏུ་རྒྱས་བྱས་མ། །དབང་ཐོབ་དེ་ལ་སྦྱིན་པར་བྱ། །དོན་དམ་རང་བཞིན་སྤྲོས་བྲལ་བ། །དྲི་མེད་རྣམ་དག་བྱང་ཆུབ་སེམས། །ཞི་བྱེད་གཟུངས་མ་གསལ་མོའི་དབང་། །སྐལ་ལྡན་རྣལ་འབྱོར་ཁྱོད་ལ་སྦྱིན། །དྷ་རི་ཨ་བྷི༴ བཅུ་གཅིག་པ་ལོངས་སྤྱོད་སྣ་ཚོགས་པ་ཐོགས་ལ། བཟའ་དང་བཅའ་དང་བཏུང་དང་སྒོ། །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ཀུན། །སྤྱོད་བཞིན་མ་ཆགས་རོལ་པ་ཡི། །ལོངས་སྤྱོད་རྫོགས་པའི་དབང་བསྐུར་རོ། །ཛ་གད་ལ་སོགས་བདུད་རྩི་ཡི། །འཁོར་བའི་རྣམ་རྟོག་གཞོམ་པའི་ཕྱིར། །དད་ལྡན་སྐྱེས་བུ་ཚིམ་པར་གྱིས། །བདུད་རྩི་རྣམ་ལྔའི་དབང་ཐོབ་ཤོག །བཅུ་གཉིས་པ་འདོད་ཡོན་ལྔ་ཐོགས་ཏེ། དབང་ཐོག་རྒྱལ་པོ་ཆེན་པོ་དང་། །ཀུན་གྱི་བདག་པོ་ཡིན་པས་ན། །རོལ་མོ་དྲི་དང་ཞལ་ཟས་དང་། །འདོད་ཡོན་ལྔ་ལ་སོགས་པ་ཀུན། །ཉེ་བའི་ལོངས་སྤྱོད་རྒྱན་རྣམས་ཀུན། །ཐམས་ཅད་ཀུན་ནས་སྦྱིན་པར་བྱ། །ༀ། བཟའ་དང་བཅའ་དང་གཏུང་ལ་སོགས། །རང་སེམས་རྣམ་དག་རྒྱན་གྱི་ཕྱིར། །གཉིས་མེད་རོལ་པའི་དབང་བསྐུར་བས། །བདུད་རྩི་ཡིད་བཞིན་སྐུ་འགྲུབ་ཤོག །ཙ་རུ་ཨ་བྷི༴ ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་རླབས་ཀྱིས། ཞལ་ཟས་བཟའ་བཏུང་གི་དབང་བསྐུར་བས། འདོད་ཡོན་ལྔ་ལ་ལོངས་སྤྱོད་པའི་དབང་དམ་པ༴ བཅུ་གསུམ་པ་མངའ་བདག་ཆེན་པོའི་བསྒྲུབ་རྫས་ཐོགས་ལ། སྔོན་ཚེ་དཔལ་ཆེན་ཧེ་རུ་ཀར། །ཕྱོགས་བཅུར་སངས་རྒྱས་ཐམས་ཅད་ཀྱི། །སྟག་གི་ཤམ་ཐབས་དབང་བསྐུར་བས། །བདུད་དང་སྲིན་པོ་ཀུན་བསྒྲལ་ནས། །མ་ཚོགས་མཁའ་འགྲོ་དབང་དུ་བསྡུས། །དེ་བཞིན་སྐལ་ལྡན་བུ་ཁྱོད་ལ། །སྟག་གི་ཤམ་ཐབས་གསོལ་བ་ནི། དཔའ་བོ་བདུད་ལས་རྒྱལ་བ་དང་། །རྣམ་དག་འཇོམས་པའི་དབང་ཐོབ་ཤོག །སྔོན་ཚེ་དཔལ་ཆེན་ཧེ་རུ་ཀ །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །གླང་ཆེན་ཀོ་རློན་དབང་བསྐུར་བས། །གཏི་མུག་གནས་སུ་དག་པའི་ཕྱིར། །ཁམས་གསུམ་བདག་པོར་གྱུར་པ་ཡི། །དེ་བཞིན་སྐལ་ལྡན་བུ་ཁྱོད་ལ། །གླང་ཆེན་ཀོ་རློན་གསལ་བ་ནི། །གཏི་མུག་གནས་སུ་དག་པའི་ཕྱིར། །བདུད་དཔུང་ཆེན་པོ་འཇོམས་པར་ཤོག །སྔོན་ཚེ་དཔལ་ཆེན༴ བདུད་དང་སྲིན་པོ་ལ་སོགས་པ། །བཅོམ་ལྡན་སྐུ་ལ་བསྡོས་པའི་ཚེ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །ཞིང་གི་གཡང་གཞིས་དབང་བསྐུར་བས། །བདུད་དང་སྲིན་པོ་བརྟུལ་བ་ལྟར། །འཁོར་བ་རྡུལ་དུ་བརླག་པའི་ཕྱིར། །དེ་བཞིན་སྐལ་ལྡན་བུ་ཁྱོད་ལ། །ཞིང་གི་གཡང་གཞིས་དབང་བསྐུར་བས། །ཐམས་ཅད་འཇོམས་པའི་དབང་ཐོབ་ཤོག །སྔོན་ཚེ༴ དཔལ་ཆེན༴ ཕྱོགས་བཅུ༴ ཐོད་ཕྲེང་ཚར་གསུམ་མངའ་གསོལ་བས། །སྐུ་གསུམ་ལྷུན་གྱིས་གྲུབ་པ་དང་། །དུག་གསུམ་གནས་སུ་དག་ནས་ཀྱང་། །ཐམས་ཅད་འདུལ་བའི་དབང་ཐོབ་ཤོག །སྔོན་ཚེ༴ ཕྱོགས་བཅུའི༴ སྦྲུལ་གྱི་ཆུན་པོའི་དབང་བསྐུར་བས། །བདུད་དང་སྲིན་པོ་ཀུན་བཅོམ་ནས། །འཇིགས་བྱེད་ཆེན་པོའི་སྐུ་ཐོབ་ཤོག །སྔོན་ཚེ༴ ཕྱོགས་བཅུའི༴ ཁྱུང་གི་གཤོག་པས་དབང་བསྐུར་བས། །བདུད་དང་སྲིན་པོ་ཟིལ་གྱི་གནོན། །དེ་བཞིན་སྐལ་ལྡན་བུ་ཁྱོད་ལ། །ཁྱུང་གི་གཤོག་པས༴ རྡོ་རྗེ་ཁྱུང་ལྟར་ཐོག་པ་མེད་པ་ཡི། །མཁའ་ལྟར་ཡོངས་ལ་ཁྱད་པར་ཤོག །ཧཱུྃ། འབར་བ་འཕྲོ་བ་ཡེ་ཤེས་ཐུགས་རྗེར་ལྡན། །ཡེ་ཤེས་གསལ་བས་ཕྱོགས་བཅུར་མུན་ནག་སེལ། །བསྐལ་བའི་མེ་དཔུང་རབ་ཏུ་འབར་བའི་དབང་། །མཚན་མར་འཛིན་རྟོག་བསྲེག་པའི་དབང་ཐོབ་ཤོག །ཛྭ་ལ་རཾ་ཛྙཱ་ན་ཧཱུྃ། ཨ་བྷི༴ ཁྲག་ཞལ་ཐལ་བའི་མཚན་མ་བྱ་ཞིང་། ཧཱུྃ། ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །ཞིང་ཆེན་གསར་རྙིང་ཏི་ར་བཅས། །དམར་གྱི་ཨརྒྷཾ་རྒྱ་མཚོར་བསྐྱིལ། །ཁྲག་གི་ཚིམ་བུས་མཚན་པས་ནི། །འདི་ཡང་སྔོན་གྱི་དམ་ཚིག་ལགས། །འདི་ཡང་རྟགས་ཀྱི་ཕྱག་རྒྱ་སྟེ། །ཆོས་ཉིད་ཞག་གི་བརྒྱན་པས་ནི། །ཞག་གི་ཚིམ་བུ་དབང་བསྐུར་བས། །ཆོས་ཉིད་དབྱིངས་ཀྱི་རྒྱལ་བ་དང་། །གདུགས་པ་ཐབས་ཀྱི་འདུལ་བ་དང་། །ཆེ་བའི་ཡོན་ཏན་རྒྱས་པ་དང་། ཆོས་ཉིད་ཞག་གི་དབང་ཐོབ་ཤོག །སརྦ་ཏ་ཐཱ་ག་ཏ། ཨ་ལ་ལ་ཧོ ཿ ཧཱུྃ། ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །ཞིང་ཆེན་གསར་རྙིང་སྟི་ར་བཅས། །དམར་གྱི་ཨརྒྷཾ་རྒྱ་མཚོར་བསྐྱིལ། །ཐལ་བའི་མཚན་མས་བརྒྱན་པས་ནི། །གདུག་པ་མ་ལུས་རབ་འདུལ་བ། །ཆེ་བའི་རྒྱལ་པོ་ཀུན་གྱི་བདག །ཐམས་ཅད་ཀུན་དུ་དཔའ་བོའི་མཚན། །གདུག་པ་ཟིལ་གནོན་ཐལ་བས་མཚན། །ཁམས་གསུམ་གདུག་པ་ཐལ་བར་རློག །དེ་འདྲའི་དབང་མཆོག་ཐོབ་པར་ཤོག །པ་ཏ་མ་པ་ཧཱུྃ། ཧཱུྃ། ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །ཞིང་ཆེན་གསར་རྙིང་སྟི་རར་བཅས། །དམར་གྱི་ཨརྒྷཾ་རྒྱ་མཚོ་བསྐྱིལ། །ཁྲག་གིས་ཐིག་ལེའི་མཚན་པ་འདི། །འདི་ཡང་སྔོན་གྱི་དམ་ཚིག་ལགས། །འདོད་ཆགས་གནས་སུ་དག་པའི་ཕྱིར། །ཁྲག་གིས་ཐིག་ལེའི་རྟག་མཚན་ནས། །ཁྲག་གི་ཐིག་ལེས་དབང་བསྐུར་བས། །གཏུམ་པོ་དྲག་པོ་འཇོམས་པ་དང་། །ང་རྒྱལ་དྲེག་པ་འཇོམས་མཛད་ཅིང་། །དབང་མཆོག་དམ་པ་ཐོབ་པར་ཤོག །རཀྟ་ནི་ལ་ཀ་ཧཱུྃ། ཨ་བྷི་ཥིཉྩ༴ བཅུ་གཉིས་པ་བསྒྲུབ་རྫས་ཀྱི་དབང་ལ། རྔ། དུང་། རྡོ་རྗེ། ཕྲེང་བ། ཕུར་པ། ཞགས་པ། ཐལ་ཆེན། རཀྟ། གཡང་གཞི། ཀོ་རློན། སྟག་ལྤགས། ཐོད་སྦྲུལ་རྣམས་སྦྱིན་ལ། བསྒྲུབ་པའི་རྒྱལ་པོ་ཁྱོད་ལ་སྦྱིན། །བསྒྲུབ་པའི་ལས་ལ་དབང་ཐོབ་ཕྱིར། །རྡོ་རྗེ་སེམས་དཔའ་ལ་སོགས་པའི། །རྒྱལ་བ་ཐམས་ཅད་བསྒྲུབ་པ་དང་། །ཚེ་དང་སྨན་ལ་སོགས་པ་རྣམས། །བསྒྲུབ་པ་མ་ལུས་བསྒྲུབ་པར་བགྱིས། །སརྦ་སིདྡྷི་ཨ་ཝ་དྷུ་ཏི་ཨ་བྷི༴ བཅུ་གསུམ་མིང་གི་དབང་ནི། རྡོ་རྗེ་སྦྱིན་ལ། རྒྱལ་བ་སངས་རྒྱས་ཐམས་ཅད་དང་། །དབང་ཐོབ་དེ་གཉིས་གཅིག་པའི་ཕྱིར། །རིག་འཛིན་རྡོ་རྗེ་རྩལ་གྱི་དབང་། །རྡོ་རྗེ་མིང་ནི་སྦྱིན་པར་བྱ། །ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། མིང་གི་དབང་བསྐུར་བས། ལྷ་དང་གཉིས་སུ་མེད་པར་གྱུར་ཅིག །དྷེ་ཨ་ཝ་དྷུ་ཏི། ཨ་བྷི་ཥིཉྩ་ཧཱུྃ། ཞེས་པས་བསྐུར་རོ། །དེ་ཡན་ཆད་ཀྱི་བསྒྲུབ་དབང་བཅུ་གསུམ་རྫོགས་སོ། །དེ་ནས་རྫོགས་ཆེན་ཨ་ཏི་ཡོ་ག་ལས། གསང་དབང་རྫོགས་པའི་ཆུ་བོ་བྱའོ། །ཞེས་པས། བསྒྲུབ་པའི་དབང་མཆོག་ཐོབ་པ་དང་། གསང་བའི་བདག་པོ་ཡིན་པས། གསང་བའི་དབང་མཆོག་སྦྱིན་པ་ནི། གྲུ་གསུམ་མཐིང་ནག་གི་དབུས་སུ། པདྨ་འདབ་བརྒྱད། ལྟེ་བ་རྡོ་རྗེས་མཚན་པའོ། །རྡོ་རྗེ་དྲིལ་བུ་ཡབ་ཡུམ་གྱི་རྟེན་ཏེ་ལག་ཏུ་བྱིན་ཏེ། ཧོཿ གཉིས་མེད་དོན་དམ་བྱང་ཆུབ་སེམས། །བུ་མཆོག་དེས་སྙིང་ལ་བཞག་ནས། །དོན་དམ་ཀུན་རྫོབ་ལ་སོགས་པའི། །རང་བྱུང་ཡེ་ཤེས་ཆེན་པོ་ཤོག །ཨ་ཧོ་མ་ཧཱ་སུ་ཀ་ཧོཿ རྡོ་རྗེ་དྲིལ་བུ་གཏད་དོ། །དེ་ནས་ཀ་པཱ་ལའི་བདུད་རྩི་སྦྱིན་ལ། ཧོཿ དགའ་བ་བྱང་ཆུབ་སེམས་ཆེན་པོ། །ཀུན་དུ་ཚིམ་པར་བྱེད་པའི་རོ། །དཀར་དམར་ལྷག་པའི་བྱང་ཆུབ་སེམས། །དབང་ཐོབ་སེམས་དཔའ་ལྕེ་ལ་བཞག །དོན་དམ་ཀུན་རྫོབ་ལྷན་གཅིག་སྐྱེས། །རང་བྱུང་ཡེ་ཤེས་ཆེན་པོ་ཡི། །དབང་མཆོག་གསང་བ་ཐོབ་པར་ཤོག །ཨ་ཧོ་མ་ཧཱ་སུ་ཀ་ཧོཿ དེ་ནས་རྡོ་རྗེའི་སྐེད་པ་དར་དཔྱངས་སྔོན་པོ་ཅན་བྱིན་ཏེ། ཧཱུྃ། གསང་དང་ཤེས་རབ་ཡེ་ཤེས་དང་། །དབྱེར་མེད་བདེ་བ་ཆེན་པོའི་དབང་། །རྩོལ་མེད་བྱང་ཆུབ་སེམས་ཆེན་མོ། །ཤེས་རབ་ཆེན་མོ་རྩལ་གྱི་དབང་། །ཆོས་ཀུན་དུ་མར་དབང་བསྐུར་ནས། །རྩལ་ཆེན་རྫོགས་པའི་དབང་ཡིན་པས། །རྫས་ཀྱི་ཚིག་དང་གང་ཟག་དང་། །ཀུན་རྫོབ་དབང་དེ་མ་ཐོབ་ཀྱི། །ཆོས་ལ་སེམས་ཀྱི་དབང་ཐོབ་ནས། །རྒྱལ་བ་རིག་འཛིན་ཐམས་ཅད་དང་། །སྲིད་གསུམ་དབང་ཆེན་ཐམས་ཅད་ཀུན། །དེ་ལ་དབང་མཆོག་བསྐུར་བར་འགྱུར། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ཨ་ཧོ་མ་ཧཱ་སུ་ཀ་ཧོཿ དེ་ནི་ཤིན་ཏུ་བསྡུས་པའི་ལུགས་ལ་ཟབ་པའི་དབང་གསུམ་དངོས་སུ་བསྐུར་བ་ལོགས་ན་ཡོད་དོ། །གཞན་དུ་གསལ་བ་མན་ངག་སྟེ། ཤིན་ཏུ་གསལ་བའི་བཀའ་རྒྱ་ཅན་གང་རུང་ལ་མ་ཡིན་ནོ།། །།
མདོ་དབང་གི་ཟབ་པའི་དབང་གསུམ་མོ། །
བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདིར་ཟབ་པའི་དབང་གསུམ་བསྟན་པར་བྱ་སྟེ། ཐོག་མར་གསང་དབང་ནི། སངས་རྒྱས་གསང་བའི་ངེས་འབྱེད་ལས། །སྣོད་དང་དཀྱིལ་འཁོར་བསྐུར་བའི་དུས། །དབང་གི་ངོ་བོ་ངེས་ཚིག་དང་། །བསྐུར་རྫས་ཐབས་དང་རྒྱུ་རྐྱེན་དང་། །གནས་དང་སྒྲིབ་སྤངས་ཐོབ་པའི་ཚད། །ཆོས་དང་དགོས་ཆེད་སྐྱོན་ཡོན་གྱི། །མདོར་བསྡུས་ལུང་གི་མཚན་ཉིད་བཞག །ཅེས་གསུངས་ལ་དོན་བཅུ་དྲུག་སྟེ། དང་པོ་སྣོད་ནི། སྤྱོད་པའི་བརྟུལ་ཞུགས་ཅན་ལ་དམ་རྫས་ལྔ་ལ་འཛེམ་བག་མེད་པར་ལོངས་སྤྱོད་ནུས་པའོ། །གཉིས་པ་དཀྱིལ་འཁོར་སོར་བཞི་མཛུབ་གང་ཙན་དན་གསེར་ལ་གནས་པ་མཁའ་གསང་གི་ཚད་མཚན་པའོ། །གསུམ་པ་བསྐུར་དུས་ནི། ལྷག་མ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་ཕན་ནུས་ཀྱི་དབང་བཅོ་ལྔ་ཐོབ་ཅིང་བསྐྱེད་རིམ་ལ་གོམས་ནས་རྫོགས་རིམ་ལ་འཇུག་པའི་དུས་སོ། །བཞི་པ་བྱང་སེམས་དཀར་དམར་མཁའ་གསང་དུ་འདྲེས་པ་དེའོ། །ལྔ་པ་ངེས་ཚིག་ནི། སྔར་མ་ཐོབ་པ་དང་སྣོད་མིན་ལ་གབ་པས་གསང་དབང་ངོ་། །དེ་བྱིན་པས་དམ་རྫས་ལ་ལོངས་སྤྱོད་པར་དག་ཞིང་ཁམས་རྒྱས་པ་དབང་ཞེས་བྱའོ། །དྲུག་པ་བསྐུར་རྫས་ཐབས་ཤེས་ཀྱི་ངོ་བོ་ཉི་ཟླ་ཡིན་ལ་དེའི་ནུས་པ་བསྐྱེད་པའི་རྫས་ཐོད་པའི་དབུ་རྒྱན་ཤུན་གྱི་ཅོད་པན་ནོ། །བདུན་པ་བསྐུར་ཐབས་ནི། ཐོག་མར་བླ་མ་ལ་ཞུ་བ་བྱས་ནས་དལ་བཞེད་པ་དང་། གལ་པོ་ཆེ་ལས། སོར་བཞིའི་མཛུབ་གང་ཚད་ལྡན་ལ། ། ཉི་ཤུ་རྩ་ལྔས་རབ་མཉམ་སྟེ། །གནས་དང་ཕྱག་རྒྱ་ཡི་གེ་སོགས། །རྒྱུད་བཞིན་ཚད་དུ་མཁས་པས་བསླབ། །ཅེས་པ་གོང་དུ་བཤད་པ་དང་། སྨན་ལྔ། འབྲུ་ལྔ། སྤོས་ལྔ། རིན་ཆེན་ལྔ། སྙིང་པོ་ལྔ། བདུད་རྩི་ལྔ། བྱང་ཆུབ་སེམས་དྷེ་གུ་སྙོམས་པར་ཟུག །དེར་ལྷ་ཞེ་གཉིས་ཀྱི་མཚན་མ་ཟླ་གདན་དང་བཅས་པ་བྱང་སེམས་རང་བྱུང་གི་བྲི། དེ་ལྟར་མ་གྲུབ་ན་པད་མའི་ལྟེ་བར་རྡོ་རྗེ་བྲིའོ། །ཤེས་རབ་མ། རྡོ་རྗེ་ལས་རིམ་ལས། བཅུ་དྲུག་ཕྱག་རྒྱ་ཕྱི་ནང་གསང་། །སྤྱོད་ལམ་ལམ་གྱི་རྒྱུ་མཐུན་ནས། །བཅུད་དང་ངེས་པར་ལྡན་པའོ། །ཞེས་པ་ལོ་བཅུ་དྲུག་མ་ཡོན་ཏན་བཅུ་གསུམ་ཡོད་པ་སྟེ། ལུས་ཀྱི་གསུམ་ལ། མཛེས་པ། མཉེན་པ། སྤྱོད་ལམ་ཞིབ་པའོ། །ངག་གི་གསུམ་ནི། སྨྲ་བ་ཉུང་བ། ངག་འཇོམ་པ། སྐད་སྙན་པའོ། །སེམས་ཀྱི་གསུམ་ནི། བློ་རྣོ་བ། དད་པ་ཆེ་བ། ཤེས་རབ་གསལ་བའོ། །སྤྱོད་པའི་གསུམ་ནི། སོས་དལ། ངང་རིང་། བརྟག་ཐུབ་པའོ། །གསང་བའི་གསུམ་ནི། གསང་ཐུབ། བཀའ་བློ་བདེ། གང་དང་སྦྱར་དུ་བཏུབ་པའོ། །དྲི་བཟང་གི་ཆུ་ལ་སྔགས་བཏབ་པ་དང་འོ་མས་ཕྱི་ཁྲུས། ཆོས་བཤད་དེ་འདུ་ཤེས་བསྒྱུར་ལ། དམ་རྫས་ལོངས་སྤྱོད་པར་མོས་པ་ནང་ཁྲུས་སོ། །དེ་ནས་ཛ་ཏི། ཤིང་ཚ། ཨ་ཀ་རུ། གུར་གུམ། ག་པུར་རྣམས་སྦྱར་བའི་ཕྱེ་མ་སྦྲང་རྩིས་རིལ་བུ་བྱས་ལ་མུར་དུ་བཅུག །ལུས་ལ་བྱུག །གོས་དང་རྒྱན་གྱི་ལྡུབ་བོ། །དེ་ནས་རང་རྡོར་སེམས་སུ་སྒོམས་པའི་གནས་ལྔ་རིགས་ལྔ། ཡན་ལག་བཞི་ལ་སྒོ་མ་བཞི། གསང་བར་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ། བུ་གར་ཕཊཿབསམ། ཡུམ་དབྱིངས་ཕྱུག་མའི་སྤྱི་བོར་སངས་རྒྱས་སྤྱན་མ། ལྕེ་ལ་གོས་དཀར་མོ། སྙིང་ཀར་ཀུན་ཏུ་བཟང་མོ། ལྟེ་བར་མ་མ་ཀི། ནང་གི་པད་མོར་སྒྲོལ་བཞི། ལག་པ་གཡས་སུ་མི་ཕམ་མ། གཡོན་ལ་རོ་ལང་མ། ཁ་ལ་ཁྲོ་གཉེར་ཅན། ཕྱིའི་པད་མར་རལ་གཅིག་མ་བསམ་མོ། །དེ་ནས་ཕྱི་རོལ་གྱི་དཀྱིལ་འཁོར་དང་ཡུམ་གྱི་མཁའ་ནང་གཞལ་ཡས་ཁང་དུ་གསལ་བའི་ནང་དུ་ཞི་བ་བཞི་བཅུ་རྩ་གཉིས་བསྐྱེད། དྲངས། བསྟིམས། བརྟན་མཆོད། བསྟོད་དོ། །དེ་ནས་སློབ་མ་འཇུག་པ་ལ་ཁྲུས་བྱ། མིག་དགབ། སློབ་མས་རིན་པོ་ཆེའི་སྙིང་ཁར་བཟུང་ལ་གསོལ་བ་གདབ་པ་ནི། གལ་པོ་ཆེ་ལས། རྡོ་རྗེ་སེམས་གཙོ་ཁྱོད་ལ་འདུད། །ཐར་ལམ་ཆེན་པོ་བདག་འདོད་དེ། །དེ་ཉིད་དབང་དང་དམ་ཚིག་དང་། །མགོན་པོ་དཔའ་བོས་སྐྱབས་གསོལ་ཞིང་། །ཐེག་ཆེན་ཁང་པར་གཞུགས་པ་དང་། །མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ། །ཞེས་གསོལ་བ་བཏབ་ཏེ། དཀྱིལ་འཁོར་ཡབ་ཡུབ་གང་རུང་གི་ཕྱག་ཏུ་མེ་ཏོག་དོར་ལ། ཧོཿ རང་བཞིན་འདུ་འབྲལ་མེད་པའི་ལྷ། །ཕྱག་རྒྱ་ཆེན་པོའི་ཚོགས་མཆོག་ཏུ། །བདག་ཀྱང་མཉམ་པར་སྦྱར་བའི་ཕྱིར། །བྱིན་རླབས་རབ་ཏུ་བཞུགས་པར་གསོལ། །ཞེས་བརྗོད་དོ། །བླ་མས་སློབ་མའི་ལག་པ་གཡོན་པའི་ཐེབ་སྲིན་གྱི་བཟུང་ལ། བུ་འདིར་ཤོག་ཅིག་ཅི་བདེ་བའི། །ལས་ཀྱི་རིམ་པ་འགྲོ་བ་དང་། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བཟུང་། །རྫོགས་པའི་ཡེ་ཤེས་བདེ་ཆེན་ལ། །དམིགས་པ་མེད་པའི་གནས་ཕྱིར་དུ། །སེར་སྣ་སྤངས་བའི་དང་ཡིད་ཀྱི། །གཏོང་ཞིང་རང་སེམས་བརྟན་པོར་ཟུངས། །ཡེ་ཤེས་རང་གནས་རྫོགས་དབང་སྦྱིན། །ཞེས་གནང་བ་བྱིན་ནས། དྲངས་བ་དེ་གཡས་སུ་བཞག་ལ་བསྒྲིབ་པ་དྲལ། ལྷར་བསྐྱེད། གོ་བསྒོ་ལུས་བསྲུང་ངོ་། །དེ་ནས་བླ་མས། ཕྱག་རྒྱ་བཞིས་སྙོམས་པར་ཞུགས་ཏེ། ཡབ་ཡུམ་གྱི་བདེ་བའི་ཐིག་ལེ་ཡིག་འབྲུའི་ཚོགས་སུ་གསལ་བ་དེ་དགའ་བ་བཅུ་དྲུག་གི་རྒྱན་གྱི་རྡོ་རྗེའི་ལམ་ནས་པད་མོར་སྤྲོས་ཏེ། བ་གར་འཁྱིལ་བའི་ས་དལ་མཆོད། སླར་དྲང་སྟེ་རྡོ་རྗེ་དང་། ལྷ་དང་ཐིག་ལེ་ངོ་བོ་གཅིག་ཏུ་གཞུག་པ་དེ། ཧཱུྃ་དང་ཕཊཿཀྱི་སླར་སྤྲོས་ཏེ། སློབ་མའི་ལྕེ་ལ་བཞག་ཅིང་། གལ་པོ་ཆེ་དང་སྒྱུ་འཕྲུལ་བླ་མ་ལས། ཧཱུྃ། ང་ནི་རྒྱལ་བ་ཀུན་གྱི་ཡུམ། །ཐིག་ལེ་བྱང་ཆུབ་སེམས་ཆེན་པོ། །ང་ནི་ཁྲོ་རྒྱལ་ཀུན་གྱི་རྗེ། །ཡེ་ཤེས་རོལ་པའི་འབྱུང་གནས་གཏེར། །ང་ནི་སྤྱི་དཔལ་བླ་ན་མེད། །སྐྱོན་བྲལ་ཐབས་ཀྱི་རྒྱལ་པོ་ཡིན། །སེམས་ཀྱི་དཀྱིལ་ནས་དྲང་བའི་ཆུ། །ཁྱོད་ཀྱི་ལྕེ་ལ་བབ་པ་ནི། །སྙིང་གི་དཀྱིལ་དུ་བཟུང་བར་བྱོས། །རིགས་ཀྱི་བུ་ཁྱོད་དིང་ཕན་ཆད། །རྡོ་རྗེ་སེམས་དཔའི་ཐུགས་མཆོག་ཟུང་། །སངས་རྒྱས་ཀུན་གྱི་གཙོ་བོ་ཡིན། །བྱང་ཆུབ་སེམས་དང་མཉམ་པའི་ཕྱིར། །སེམས་དཔའ་ཀུན་གྱི་མཆོད་གནས་ཡིན། །རིགས་ཀྱི་བུ་མཆོག་འདི་ཕྱིན་ཆད། །ཕྱི་དང་ནང་དང་གསང་བ་ཡི། །བསྟན་པ་ཕྱི་ནང་ཟབ་མོ་ཀུན། །སེམས་ཀྱི་དཀྱིལ་དུ་བསྡུས་ནས་ཀྱང་། །རྡོ་རྗེ་ལྕེའི་སྒོ་ཕྱེས་ཏེ། །བདུད་རྩི་སྨན་མཆོག་དམ་པ་འདི། །དད་ལྡན་སྐྱེས་བུ་ངོམ་པར་གྱིས། །སེམས་ཀྱི་ཐིག་ལེའི་དཀྱིལ་འཁོར་དུ། །ཞི་ཁྲོ་འབར་བའི་གཏེར་སྒོམས་ལ། །སྲིད་པ་གསུམ་ལ་དབང་བསྐུར་ཅིག །དབང་ཆེན་ཐུགས་དམ་བསྐུལ་བར་བྱོས། །སྐྱེ་འགྲོ་ཀུན་ལ་སྙིང་རྗེའི་ཕྱིར། །གདུལ་བའི་ཕྱག་འདི་ཅིར་ཡང་སྤྱོད། །དུག་གསུམ་རྩ་བ་བཅད་པར་བྱོས། །ཕྱི་ནང་སྣོད་བཅུད་རྣམ་པར་དག །རྣམ་དག་ཆེན་པོ་ཉིད་ཀྱི་ལམ། །བྱེད་སྤྱོད་ཐམས་ཅད་ཚོགས་གཉིས་རྫོགས། །འགྲོ་དོན་ཐམས་ཅད་བྱང་ཆུབ་སེམས་ཀྱི་དབྱིངས། །སེམས་ཀྱི་ཆུ་འདི་བཏུང་བར་བྱོས། །རྣལ་འབྱོར་ཆེན་པོ་དོན་དུ་ཟུང་། །ཧཱུྃ་ཞེས་བརྗོད་པས་ཐིག་ལེ་ལྷའི་ངོ་བོ་རྡོ་རྗེ་སེམས་དཔའ་ཉུངས་འབྲུ་ཙམ་ལྷ་ཞིག་གི་ཚོམ་བུའི་ལྕེ་ལ་བཞག་པས་སྙིག་ལ་ཐིག་ལེ། དུས་གསུམ་སངས་རྒྱས་རང་གི་ཡེ་ཤེས་བདེ་བ་ཆེན་པོའི་སེམས་སུ་གསལ་བ། རྒྱལ་ཐབས་སྤྱི་བླུག་གི་དབང་ངོ་། །བླ་མ་དེ་ལྟར་བསྐུར་བའི་ནུས་པ་དང་། མི་ལྡན་ཞིང་། སློབ་མའང་རྟོག་པ་ཅན་ཚུལ་དེ་ལྟར་བློར་མི་ཤོང་བ་ལ་སྐྱོབ་དང་སྦྱར་ནས་གསང་སྟེ་བསྐུར་བ་ལའང་། དམིགས་པ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་ལེན་པར་བསམ་དགོས་ལ། བུང་བ་དང་། མེ་ཏོག་དང་། བ་དང་། བེའུ་དང་། དུང་དང་ཉ་ཕྱིས་ཀྱི་ཚུལ་དུ་བསྐུར་བའང་ངེས་པ་ཡིན་གྱི། དོན་གཅིག་ཏུ་གོ་དགོས། དེ་ལྟར་བསྐུར་བས་སློབ་མའི་ལས་ཀྱི་རྩ་ནང་རིགས་དྲུག་གི་ས་བོན་ཟུང་གསུམ་རྣམ་ཤེས་ཚོགས་བརྒྱད་སྒོ་གསུམ་དུག་གསུམ་གྱི་གནས་ངན་ལེན་སྦྱངས་དང་དམིགས་མེད་ཡེ་ཤེས་ལྔ་པའི་གསལ་བའོ། །ཐིག་ལེ་སྣང་ལ་རང་བཞིན་མེད་པ་སྐྱེ་འགགས་ཐམས་ཅད་དང་བྲལ་བ་ནི་ཡེ་ཤེས་བླ་མའི་སའོ། །རྡལ་རྒྱུད་ལས། དེ་ཡང་ཐབས་དང་བྱིན་རླབས་ཀྱི། །མི་བསྐྱོད་ཡབ་ཡུམ་རོལ་པ་ལས། །བདེ་བ་གསལ་ཞིང་མི་དམིགས་པ། །ཤེས་རབ་ཐབས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཡེ་ཤེས་ཧཱུྃ་ཚོགས་ཀྱི། །པད་མོ་ཡེ་ཤེས་བསྡུས་འཁྱིལ་བའི། །ཉུངས་དཀར་ཚད་ཙམ་འདི་ཡི་སེམས། །རྩེ་དང་རྩེ་རུ་བྱིན་པ་ཡི། །རང་བཞིན་དཀྱིལ་འཁོར་ཆོས་ཁམས་ཀྱི། །ས་བོན་ཟུར་གསུམ་གཉིས་དང་བཅས། །གནས་ངན་ལེན་པ་གསུམ་སྦྱངས་ཏེ། །དམིགས་མེད་སེམས་ཀྱི་ཡེ་ཤེས་ལྔ། །གསལ་བས་ས་བོན་ཚིག་པ་བཞིན། །མི་སྐྱེ་ཐབས་ཀྱི་དབུག་ཕྱུང་པའོ། །ཞེས་གསུངས་བ་བཞིན་ནོ། །དེ་ནས་ཡེ་ཤེས་སྙིང་པོའི་ཐིག་ལེ་དེ་ཧཱུྃ་རིང་པོ་དཀར་ལ་འཚེར་བ་གཅིག་ཏུ་བསྒོམ་དུ་བཅུག་ལ། བླ་མས། གལ་པོ་ཆེ་དང་བླ་ལ། ཧཱུྃ། ཐམས་ཅད་བདེ་བ་ཆེན་པོའི་དབྱིངས། །དགེ་སྡིག་ལས་ཀྱི་བཅོས་མ་ཤིང་། །བསྒོམ་དང་བསྒྲུབ་པ་མི་འགྱང་བའི། །རྣམ་དག་སེམས་ཉིད་རིན་ཆེན་གཏེར། །རྡོ་རྗེ་སྙིང་པོའི་ཡེ་ཤེས་ཀྱི། །ཁྲོ་རྒྱལ་ཀུན་གྱི་གཙོ་གྱུར་ཅིག །ཤྲཱི་མ་ཧཱ་སུ་ཀ་བཛྲ་བྷོ་དྷེ་ཧཱུྃ་ཧོ་ༀ། ཞེས་པས་བུའི་སེམས་ཉིད་ཧཱུྃ་རིང་པོར་བསྒོམ་པ་དེ། ཆེ་མཆོག་ཏུ་གསལ་བར་རྫོགས་པའི་ཐུགས་དཀྱིལ་དུ་གུ་ཧྱ་ཧེ་རུ་ཀ །དེའི་ཐུགས་དཀྱིལ་དུ་ས་ནུ་ཧེ་རུ་ཀ་སྟེ། ལུང་གསུམ་རྒྱུད་ཀྱི་ཧེ་རུ་ཀ །རྒྱན་ཐམས་ཅད་རྫོགས་པར་བསྒོམས་ལ། དེས་ནུས་པ་བསྐྱེད་པའི་ཕྱིར། ཐོད་པའི་དབུ་རྒྱན་དང་། ཤིང་ཤུན་གྱི་ཅོད་པན་སྔོ་དམར་མགོར་བཞག་ལ། བླ་མས། ཧཱུྃ། ཐབས་དང་ཐུགས་རྗེ་བྱིན་རླབས་ཀྱི། །རིགས་ཀྱི་བུ་མཆོག་དབང་བསྐུར་ཕྱིར། །གསང་བའི་དབུ་རྒྱན་འདི་བཅིང་བས། །རིགས་ཀྱི་བུ་མཆོག་འདི་ཡན་ཆད། །འཇིག་རྟེན་ཆེ་བ་ཀུན་གྱི་བུ། །ཆེ་བའི་ཆེ་བའི་ཟིལ་གྱི་གནོན། །སངས་རྒྱས་ཆེ་བའི་མཆོད་གནས་ནི། །རྣལ་འབྱོར་ཆེན་པོ་ཁྱོད་ཉིད་ཡིན། །ༀ་སརྦ་ཏ་ཐཱ་ག་ཏ་གྷུ་ཧྱ་བཛྲ། རཏྣ་མུ་ཀུ་ར་ཏྲཾ་ཏྲི་བཛྲ་གྷུ་ཧྱ་སིདྡྷི་ཧཱུྃ། ཞེས་བརྗོད། ཅོད་པན་བླ་མ་ལས། ཧཱུྃ། ཁྱུང་གི་གཤོག་པ་གཡས་གཡོན་གདིང་པ་ཡི། །ཀླུ་རྣམས་མ་ལུས་ཟིལ་གྱི་གནོན་པ་ལྟར། །སྲིད་གསུམ་ཡོན་ཏན་མཆོག་ཏུ་རྫོགས་པ་ཡི། །སངས་རྒྱས་ཀུན་ལ་མཛེས་པའི་ཡོན་ཏན་མཆོག །མཆོག་ཏུ་ཆེ་བའི་བདུད་བཞི་ཟིལ་གྱི་གནོན། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གྷུ་ཧྱ་བཛྲ་ཨརྱ་མ་ལེ་ཨ་བྷི་ཥིཉྩ་ཧོཿ ཞེས་པས་དབང་བསྐུར་ནས། དབང་ཅིག་ཆར་འཇུག་པ་ལས། བུ་མཆོག་མཚན་མ་རྟོག་བྲལ་ཉིད། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །ཀུན་ལ་སྤྱོད་པར་དབང་ཐོབ་ནས། །སློབ་མ་བདེ་ལ་འགོད་བྱེད་པའི། །བྱང་ཆུབ་ཆེན་པོ་དེང་གྱུར་ཏོ། །ཞེས་པས་དབུག་དབྱུང་ངོ་། །གསང་གཉེར་གཏད་པ་ནི། གལ་པོ་ཆེ་ལས། གསང་བའི་དོན་མཆོག་འདི་དག་ནི། །ལྟ་བ་དམན་པར་བསྟན་བྱས་ན། །དུས་མིན་པ་ནི་སྲོག་ཟད་ནས། །མགོ་གས་སྙིང་ཡང་ཚིག་པར་འགྱུར། །ཁབ་ལེན་གྱི་ནི་ལྕགས་སྡུད་ལྟར། །མི་འདོད་བཞིན་དུ་དབང་མེད་པར། །བསྐལ་བར་ངན་སོང་མྱོང་བར་འགྱུར། །དེས་ན་ཤིན་ཏུ་གསང་བར་བྱ། །ཞེས་སོ། །བརྒྱད་པ་རྒྱུ་ནི། རང་བཞིན་གནས་དོན་གསུམ་པ་ནི། །ཐ་སྙད་གཉིས་བསྡུས་བྱང་ཆུབ་སེམས། །མཐའི་ཐ་སྙད་ཀུན་དབེན་ནོ། །ཡུལ་ཡིན་མ་མཐོང་གསང་བའི་མི། །ཞེས་པས། ལྷག་མ་དོན་གྱི་བདེན་པ་ནི། ཡེ་ནས་རང་ཆས་སུ་ལྡན་པས་མཚུངས་ལྡན་གྱི་རྒྱུ། བདེན་པའི་རོ་དང་ལྡན་པ་ཡི། ལྷན་གཅིག་སྐྱེས་པའི་རྒྱུ་སྟེ། རྒྱུ་གཉིས་སོ། །དགུ་པ་རྐྱེན་བཞི་ནི། སྤྱོད་པ་བརྟུལ་ཞུགས་དང་སེམས་དང་ལྡན་པ་ནི་རྒྱུའི་རྐྱེན་ནོ། །ཆོ་ག་ཡན་ལག་ལྔ་ཆར་བའི་ནུས་པ་བདག་པོའི་རྐྱེན། སྦྱོར་བ་ཉམས་མྱོང་ཅན་གྱི་བླ་མ་དབང་བླང་བའི་ཡུལ་དམིགས་པའི་རྐྱེན། སྐད་ཅིག་མའི་རིམ་པས་གོ་ཕྱེ་བ་དེ་མ་ཐག་པའི་རྐྱེན་ནོ། །བཅུ་པ་གནས་ནི། ཕྱི་རོལ་པ་གཞན་གྱི་དབེན་པའི་གནས། སྦྱོར་བའི་གནས། བཅུ་དྲུག་པ་ཆོས་རྒྱ། ཉེར་གཉིས་དམ་རྒྱའོ། །སྦྱིན་པའི་གནས་ལྕེ། བསྟིམ་པའི་གནས་སྙིང་པོ། བཅུ་གཅིག་པ་སྒྲིབ་པ་སྤང་ཚུལ་ནི། སྒོ་གསུམ་གྱི་སྒྲིབ་པ་དག་ཚུལ་གང་དུ་བཤད་དོ། །བཅུ་གཉིས་པ་ཐོབ་ཚད་ནི། ལྷག་མའི་དོན་དམ་བདེན་པ་རང་ལ་ཡོང་བ་དབང་གི་ནུས་པས། རྒྱུད་ལ་རྣམ་པར་མི་རྟོག་པ་སྐྱེས་པ་དེའོ། །བཅུ་གསུམ་པ་ཆོས་ནི་རྫོགས་རིམ་སྒོམ་པར་རུང་ངོ་། །བཅུ་བཞི་དགོས་ཆེད་ནི། དབང་གསུམ་པའི་རྒྱུ་བྱེད་ཅིང་། ཐིག་ལེ་བླང་སྟེ་བསྟིམ་པས་ཚེ་འཕེལ་བའོ། །བཅོ་ལྔ་པ་མ་ཐོབ་པའི་སྐྱོན་ནི། ཆོས་དེ་དག་བདག་ཏུ་མི་རུང་བ། སྒྲིབ་པ་དེ་རྣམས་སྤང་མི་ནུས། །རིམ་པས་བསྒྲོད་པའི་གོ་འགག་པའོ། །བཅུ་དྲུག་པ་ཡོན་ཏན་སྐྱོན་དེ་དག་བཟློག་པའི་ཡོན་ཏན་ནོ། །རྒྱལ་བའི་སྲས་སུ་གྱུར་ནས་རིགས་ཀྱི་ཡུམ་དང་སེམས་མས་བྱིན་གྱིས་བརླབས་ཤིང་མན་ངག་ཟབ་མོའི་སྣོད་དུ་གྱུར་པའོ། །གསང་དབང་གི་མན་ངག་ཟབ་མོ་རྫོགས་སོ།། ༈ །།གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། སངས་རྒྱས་གསང་བའི་དབང་ངེས་འབྱེད་ལས། སྣོད་དང་དཀྱིལ་འཁོར་བསྒྲུབ་པའི་དུས། །རང་གི་ངོ་བོ་ངེས་ཚིག་དང་། །བསྐུར་བའི་ཐབས་དང་རྒྱུ་རྐྱེན་དང་། །གནས་དང་སྒྲིབ་སྤང་ཐོབ་པའི་ཚད། །ཆོས་དང་དགོས་ཆེད་སྐྱོན་ཡོན་གྱི། །མདོར་བསྡུས་ལུས་ཀྱི་མཚན་ཉིད་བཞག །ཅེས་སོ། །དེའང་དང་པོ་སྣོད་ནི། རིག་པའི་བརྟུལ་ཞུགས་ཅན་གསང་བར་མན་ཆད་རྫོགས་ཤིང་། དབང་གསུམ་པ་མོས་པའོ། །གཉིས་པ་དཀྱིལ་འཁོར་ནི། ལུས་རྩའི་དཀྱིལ་འཁོར་དང་། བྷ་གའི་དཀྱིལ་འཁོར་བསྟན་པའོ། །གསུམ་པ་དབང་བསྐུར་དུས་ནི། དབང་བཅུ་དྲུག་པ་ཡན་ཆད་བརྟན་པས་གཞི་ལམ་གྱི་ཏིང་ངེ་འཛིན་གསལ་བས་རྫོགས་རིམ་ལས་སུ་རུང་སྟེ། རླུང་སྟོབས་སུ་གྱུར་པའི་ཚེའོ། །བཞི་པ་ངོ་བོ་ནི། མཚོན་བྱ་རང་བཞིན་གྱི་གནས་པ་ལ། མཚོན་བྱེད་ཐབས་ཀྱི་བརླབས་པས་རང་རིག་གསལ་ལ་མི་རྟོག་པའི་ཉམས་སྐྱེའོ། །ལྔ་པ་ངེས་ཚིག་ནི། རིག་པ་སྤྲོས་པ་བྲལ་བ་ཤེས་རབ། དེ་ཉིད་མ་འགག་པར་གསལ་བ་ཡེ་ཤེས། དོན་དེ་ཐབས་ཀྱིས་གསལ་བར་བྱེད་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་། །དྲུག་པ་བསྐུར་རྫས་ནི། ཕྱག་རྒྱ་མ་ག་བུར་སིདྷ་ཧ་དང་ལྡན་པ་གཏད་པའོ། །བདུན་པ་བསྐུར་ཐབས་ནི། ལས་རིམ་ལས་ཡུལ་གྱི་མཚན་ཉིད། །ཐུན་མོང་རིགས་མཐུན་རྟོག་མེད་རྒྱ། །ཨུདྤལ་དཀར་ནག་ཕྱེད་སྐྱིལ་ལྡན། །ཕྱོགས་དང་བླ་འོག་འབྲིང་དུ་བཤད། །དྲི་ཆབ་དངོས་དང་ཆུ་རླུང་བརྟག །ལྟོ་བ་འཕྲ་ཞིང་རྒྱས་པ་ཡིན། །ཟླ་བ་མང་བའི་མྱུར་བར་འགྱུར། །ཡན་ལག་པད་འདྲ་ཕྱག་མཚན་ཅན། །ཤིན་ཏུ་མཉེས་པའི་གཟི་བརྗིད་ཡོད། །ཁང་ལངས་དལ་བའི་གུས་དང་ལྡན། །སྐབས་ཕྱེད་བསྙེན་སྨྲ་དང་བ་ཆེ། །སྔོན་ནས་ཤིན་ཏུ་བརྟག་པར་བྱ། །ཞེས་པའི་མཚན་ཉིད་དང་ལྡན་པ་ལ་ཕྱི་ནང་གི་ཁྲུས་བྱས་རྒྱན་གྱི་སྤྲས་ཏེ་བླ་མ་ལ་འབུལ། བླ་མས་བྱིན་རླབས་ཏེ་ཐིག་ལེའི་དབང་བསྐུར་རོ། །དེ་ནས་སློབ་མ་ལྟར་མོས་པ་ཐལ་མོ་སྦྱར་ཏེ། དབང་ཅིག་ཆར། ཀྱེ་ཀྱེ་བདེ་མཛད་ཕྱག་རྒྱ་ཆེ། །བདག་ལ་ཐུགས་བརྩེར་ཕན་པར་དགོངས། །མཛད་དང་སྒྲའི་བདེ་ལ་སྩོལ། །ཞེས་གསོལ་བ་བཏབ། བླ་མས། སངས་རྒྱས་མཛེས་པའི་ཟབ་བརླབ་ཅན། །ཐབས་ཆེན་ཐེག་པ་འདི་ལས་གསལ། །རང་ཟབ་མཆོག་ལྔ་ཟ་བ་དང་། །བ་གར་འོ་འཇིབ་བདེ་བླང་ཞིང་། །རླུང་སྲུབ་འཆི་བའི་སྤྱོད་པ་རྣམས། །ཁྱོད་ཀྱི་བྱ་བར་ནུས་སམ་སྨྲོས། །ཞེས་པའི་ལན་དུ། ཨེ་མ་ངོ་མཚར་རྡོ་རྗེའི་ཚིག །བདེ་བ་ཆེན་པོའི་ཡེ་ཤེས་ཕྱིར། །རྨད་བྱུང་ཐམས་ཀྱིས་སྤྱོད་པ་ལ། །བདག་གི་མི་ནུས་གཅིག་ཀྱང་མེད། །ཅེས་ཁས་བླངས། དེ་ནས་རིག་མའི་ལག་པ་གཡས་སློབ་མའི་གཡོན་བར་གཏད་ལ། སྐྱེས་བུ་འདི་གཟུགས་བཟང་བ་ཡིན། །དེ་རིང་ཕན་ཆད་བུ་མཆོག་ཁྱོད། །སྒོ་གསུམ་ལྷ་རུ་མཉམ་སྦྱོར་བས། །ཐ་ལམ་དབེན་པའི་བྱ་བ་སྤང་། །བདེ་བ་ཆེན་པོ་ཉམས་མྱོང་བས། །དཀའ་ཐུབ་ཐེག་པའི་ལྟ་བ་སྤངས། །ཐབས་དང་ཤེས་རབ་གཉིས་མེད་པའི། །བདེ་བའི་ཉམས་མྱོང་བརྟེན་པར་བྱས་སོ། །རྟེན་པ་བར་ཆད་མེད་སྒོམ་པས། །རྡོ་རྗེ་འཆང་གི་ས་ལ་འགྲོ། །དེ་བས་སྐལ་ལྡན་རིགས་བཟང་སྐྱེས། །གཏན་དུ་འབྲལ་བར་མ་བྱེད་ཅིག །ཅེས་གཏད་ལ། མི་འབྲལ་བར་གདམས་པ་ནི། གལ་པོ་ཆེ། བདེ་བ་ཆེན་པོ་ཆོས་ཀྱི་སྐུ། །ཤེས་རབ་ཐབས་ཀྱི་རྫོགས་པར་འགྱུར། །འདི་དང་སྐྱེ་བ་ཐམས་ཅད་དུ། །དངོས་གྲུབ་གཏེར་འདི་མ་སྤང་ཅིག །རྒྱལ་བ་སངས་རྒྱས་ཐམས་ཅད་ཀྱི། །རྫོགས་པའི་སངས་རྒྱས་ཁྱོད་ལ་བྱུང་། །ཡང་ན་རྡོ་རྗེ་དབང་ཕྱུག་རྩལ། །དགུག་དང་གདམས་པ་མ་ཤེས་ན། །རྡོ་རྗེའི་བསྐལ་པ་མཐའ་ཀླས་པར། །ཆོས་སྐུ་ཐོབ་པར་མི་འགྱུར་རོ། །ཞེས་བརྗོད་ལ། སློབ་མའི་སྙིང་དཀར་རྡོ་རྗེ་དྲིལ་བུ་གཤིབ་བཟུང་ལ། བདེན་ཚིག་བརྗོད་པ་ནི། ༀ། མི་འགྱུར་རྡོ་རྗེ་ཡེ་ཤེས་གནས། །མ་བརྩལ་བྱིན་པས་བདེ་བའི་མཆོག །མ་བལྟས་གསལ་བ་ཡེ་ཤེས་སྤྱན། །གོང་ན་མེད་པ་ཀུན་གྱི་རྗེ། །ཡེ་ཤེས་རང་གནས་བརྡལ་བ་ལ། །མི་འགྱུར་གཡུང་དྲུང་ས་ཐོབ་ཤོག །ༀ་མ་ཧཱ་གྷུ་ཧྱ་བྷྲཱུྃ་ཛྙཱ་ན་མ་ཛྙཱ་ན་གྷུ་ཧྱ་སིདྡྷི་སྭ་བྷ་ཝ་ཨདྨ་ཀོ྅་ཧྂ། དེ་ནས་སྟེང་འོག་གི་སྒོ་ཡེ་ཤེས་དགུག་པའི་མན་ངག་ནི་རང་རིག་བཛྲ་ཧེ་རུ་ཀ་ཡབ་ཡུམ་གནས་ལྔར་རིགས་ལྔ་ཡབ་ཡུམ་བསྐྱེད་ལ་གནས་མ། ཡུལ་ལ། ཡན་ལག་ལ་སྒོ་མ། སྒལ་ཚིག་ལ་དབང་མོ་བཀོད་ལ། ས་རླུང་གི་དུས་སུ་མིག་སྣ་འགྲམ་པ། མཆུ་ནུ་མ། མཆན་ཁུང་། མཁུར་བ་ལ་སོགས་སུ། བལྟ་དང་གཞི་འཛིན་པ་དང་། རིམ་པ་དེ་འཛིན་མ་ཤེས་པར་བྱ། ཐབས་དང་ཤེས་རབ་ཚུལ་གྱིས་སོ། །ནུ་མ་གཉིས་དང་། འབུར་གཉིས་སམ། བརླ་དང་ཁུར་ཚོས་རྐེད་པ་རུ། །རྩེ་རུ་ཆགས་པ་སྐྱེས་པའི་ཕྱིར། །སན་ཐབས་མཁས་པས་རིག་པར་བྱ། །ཞེས་པ་ལ་སོགས་བདེ་བ་རྒྱས་པའི་ཐབས་མས་བྱས་ཏེ། མཁའ་གསང་བྱིན་གྱིས་བརླབ་ནས་ཕྱག་རྒྱ་བཞིས་སྙོམས་པར་འཇུག་པ་ནི། རྒྱལ་མཚོའི་རྒྱུད་ལས། བྱིན་རླབས་མཉེས་པར་གྱུར་ནས་ནི། །འདོད་ཆགས་ཐིག་ལེ་རྒྱས་བྱེད་པའི། །བསྟན་བཅོས་བྱེ་བྲག་བརྩམ་པར་བྱ། །ཤེས་རབ་ཐབས་ཀྱིས་གཡས་བཟུང་སྟེ། །སྟོད་སྨད་བཀུག་པའི་ཁྱོད་ག་སྟེ། །དབང་པོ་ཡུལ་བསྡུས་འཁྱུད་པ་ནི། །གསང་བ་ཆེན་པོའི་ཞག་པའོ། །སྟོད་སྨད་ཤིན་ཏུ་བསྡམས་བྱས་ཏེ། །མ་སྐྱེས་མི་གཏོང་སྒྲོག་གི་ལས། །བསྐྱོད་པ་ཧ་སིང་བདེ་སྒྲ་སོགས། །ཀུན་ཏུ་གྲགས་ཤིང་བདེ་མྱོང་ཧོཿ དེ་ལྟར་སྙོམས་པར་བཞག་པས་གཡོན་ལྡང་ལ་སོགས་པའི་སེམས་ལྔས་བདེ་བ་སྨིན་པ་དང་། ས་བཅུ་དྲུག་གི་རིམ་པ་རེ་རེ་རླུང་བཟུང་ནས་ཐིག་ལེ་བཟློག་པའི་བདེ་བས་ལམ་རྫོགས་ཚུལ་ནི། དགའ་བ་བཞི་རེ་ལ་བཞིར་ཕྱེ་བ་བཅུ་དྲུག་པོ་ཡབ་ལ་རིམ་ཅན་དུ་སྐྱེ། ཡབ་ཡུམ་ཅིག་ཆར་དུ་སྐྱེས། དེའང་དང་པོ་དགའ་བའི་དགའ་བ། དགའ་བའི་དགའ་བ་མཆོག་དགའ། དགའ་བའི་དགའ་བྲལ། དགའ་བ་ལྷན་ཅིག་སྐྱེས་དགའ་བཞིའི་ཚོགས་ལམ། གཉིས་པ་མཆོག་དགའ་བ་སྦྱོར་ལམ། མཆོག་དགའ་མཆོག་དགའ་མཐོང་ལམ། མཆོག་དགའ་དགའ་བྲལ་ས་གཉིས་པ། མཆོག་དགའི་ལྷན་སྐྱེས་ས་གསུམ་པ། དགའ་བྲལ་གྱི་དགའ་བ་ས་བཞི་པ། དགའ་བྲལ་གྱི་མཆོག་དགའ་ས་ལྔ་པ། དགའ་བྲལ་གྱི་དགའ་བྲལ་ས་དྲུག་པ། དགའ་བྲལ་གྱི་ལྷན་སྐྱེས་ས་བདུན་པ། ལྷན་སྐྱེས་ཀྱི་དགའ་བ་ས་བརྒྱད་པ། ལྷན་སྐྱེས་ཀྱི་མཆོག་དགའ་ས་དགུ་པ། ལྷན་སྐྱེས་ཀྱི་དགའ་བྲལ་ས་བཅུ་པ། ལྷན་སྐྱེས་ཀྱི་ལྷན་སྐྱེས་པ་ས་བཅུ་གཅིག་པའོ། །རྒྱ་མཚོའི་རྒྱུད་ལས། དེའི་རིམ་འབྱུང་དགའ་བ་བཞི་བཅུ་དྲུག་ལྡན། དང་པོའི་བཞི་རྣམས་ཚོགས་ཡིན་ཏེ། །གཉིས་གཅིག་སྦྱོར་བ་གཉིས་པའི་གཉིས། །རབ་དགའ་ཐ་མའི་ཆ་དང་པོ། །བཅུ་དབང་ལྔ་གསུམ་དབང་དང་ལྡན། །རྫོགས་རིམ་ཉི་ཟླ་དུས་གཅིག་བསྙེན། །ཞེས་སོ། །དེའང་ཡབ་ཀྱི་ཐིག་ལེ་ཡུམ་གྱི་བུ་གར་སྤྲོ་བ། ཡུམ་གྱི་ཁམས་རྡོ་རྗེའི་དྲང་བ། ཡབ་ཀྱི་ཐིག་ལེ་གསལ་བའི་ངོ་བོ། ཡུམ་གྱི་ཐིག་ལེ་སྟོང་པའི་རང་བཞིན། རྟེན་ཐིག་ལེ་གཉིས་འདྲེས་པའི་དུས་སུ། རྟེན་ཆེན་གྱི་ སེམས་ཉིད་གསལ་སྟོང་ཟུང་དུ་འཆར ་བ་ཆོས་ཉིད་ཡིན། དེའི་ཚེ་ཡོད་མེད་ཀྱི་མཐའ་མ་བསྒྲིབ་པ་འོད་གསལ་མངོན་དུ་གྱུར་པས། ཤེས་རབ་ཡེ་ཤེས་ཀྱི་དབང་ཞེས་བྱའོ། དེའང་སློབ་མ་རླུང་སེམས་ལ་དབང་མ་ཐོབ་པ་ཐིག་ལེ་བཟུང་། འགུགས་ལྕགས་པའི་ནུས་པ་མེད་པ་དང་། ཚུར་འདི་བློར་མི་ཤོང་བ་ལ། ཏིང་ངེ་འཛིན་གྱི་རིག་མ་ལ་སྙོམས་འཇུག་གོམས་སུ་བཅུག་ལ། ཡེ་ཤེས་གསལ་སྟོང་དུ་ངོ་སྤྲོད་དོ། །དེའི་བསྐུལ་ཚིག་བདེན་པ་ནི། ཧཱུྃ། ཆེ་བའི་ཡེ་ཤེས་རྙེད་དཀའ་བ། །ཤེས་རབ་ཐབས་ལ་བརྟན་པས་གྲུབ། །མིང་ཙམ་གཞན་ལ་བརྟེན་འདྲ་ཡང་། །མངོན་གསུམ་བདེ་བ་རང་ལས་བྱུང་། །ༀ་ཛྙཱ་ན་བྷོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། རིགས་ཀྱི་བུ་མཆོག་ཁྱོད་ལ་ཡེ་ཤེས་རང་གནས་ཀྱི་དབང་གི་ཆོས་ཉིད་རང་ངོ་སྤྲད་པས་ཡེ་ཤེས་རང་གནས་ཀྱི་དབང་ཐོབ་པར་གྱུར་ཅིག །ཅེས་བརྗོད་ལ། དབུགས་དབྱུང་བ་ནི། དེ་རིང་ཕྱིན་ཆད་བུ་ཁྱོད་ནི། །རང་རིག་བདེ་ལ་གནས་པས་ན། །རྡོ་རྗེ་སེམས་དཔའ་ཞེས་བྱ་སྟེ། །ཡུམ་དང་འཇམ་མ་ཐམས་ཅད་ལ། །འདོད་བཞིན་སྤྱོད་པས་དབང་ཕྱུག་འགྱུར། །རིགས་སུ་གྱུར་རྣམས་ཐབས་འདི་ཟུང་། །མཐུན་འཇུག་འཚོ་འགྲོ་འདུལ་པ་ཡི། །དབང་ཕྱུག་རྒྱལ་པོ་ཉིད་དུ་ངེས། །ཞེས་སོ། །བརྒྱད་པ་རྒྱུ་ལ་གཉིས། མཚུངས་ལྡན་གྱི་རྒྱུད་ནི། ཐ་སྙད་གཉིས་བསྡུས་ཀྱི་མཐའ་དང་བྲལ་བའི་རང་རིག་རང་གསལ་སྟོང་པ་ཀུན་ཁྱབ་ཏུ་གནས་པའོ། །ལྷན་ཅིག་བྱེད་པའི་རྒྱུ་ནི། ཟླ་ལྡན་མ་ལ་སྦྱོར་བ་གོམ་པས་ཐིག་ལེ་གཉིས་བརྟེན་པའོ། །དགུ་པ་རྐྱེན་བཞི་ནི། རིག་པ་བརྟུལ་ཞུགས་ཅན་གྱི་དབང་གསུམ་པ་ལ་མོས་པའི་བུ་དབང་ཆགས་པའི་རྒྱུའི་རྐྱེན་ནོ། །བྱེད་པ་བསྡོམ་པའི་བརྟན་དང་རླུང་སེམས་ལས་སུ་རུང་བ། ཕྱག་རྒྱ་མའི་རྒྱུ་རྐྱེན་འཛོམ་པའི་མཐུ་ནི་བདེ་བ་བསྐྱེད་པས་བདག་པོའི་རྐྱེན་ནོ། །ཉམས་སུ་ལེན་པའི་བླ་མ་བྱིན་རླབས་ཅན་ནི། དབང་བླང་བའི་ཡུལ་ཡིན་པས་དམིགས་པའི་རྐྱེན་ནོ། །ཐིག་ལེ་འཕོ་བ་བཅུ་དྲུག་གི་ཆའི་རྒྱུ་འབྲས་རིམ་བཟློག་གི་དུས་སུ་ཕྱི་མ་ཕྱི་མའི་གོ་འབྱེད་པས་དེ་མ་ཐག་པའི་རྐྱེན་ནོ། །བཅུ་པ་གནས་ནི། སྦྱོར་བའི་གནས་གསང་བ་ཡུམ་གྱི་མཁའ། བདེ་བ་རྟག་པའི་གནས་མར་བྱུང་ཡར་བཟློག་གི་ལྷན་ཅིག་སྐྱེས་དགའི་དུས་ཐིག་ལེ་བརྟན་པའི་གནས་ལུགས་གནད་དང་རྩའི་འཁོར་ལོ། འདུག་ཅིང་བསྐྱལ་བའི་གནས་པའི་སྤར་གྱི་བསྟན། རང་གི་ངོ་བོ་གནས་རིག་པའི་འཕྲང་ངོ་། །བཅུ་གཅིག་པ་སྒྲིབ་པ་སྤོང་ཚུལ་ནི། རང་རིག་གསལ་བས་ཤེས་བསྒྲིབ་སྲབ་ཅིང་ཉོན་སྒྲིབ་ཀ་ནས་དག་སྟེ། ཀུན་དུ་འོད་དུ་གནས་གྱུར་པའོ། །བཅུ་གཉིས་པ་ཐོབ་ཚད་ནི། མཁའ་གསང་གི་འཕྲད་པ་ལ་བརྟེན་ནས་རིག་པ་གསལ་ལ་རྟོག་མེད་ཉམས་སུ་མྱོང་བ་ནི། ཉམས་མྱོང་དེ་དང་མི་འབྲལ་བས་བརྟེན་མེད་ཐོབ་པའོ། །བཅུ་གསུམ་པ་ཆོས་ནི། གསང་སྤྱོད་ཐབས་ལམ་ཁྱད་པར་གྱི་ཆོས་རྣམས་དང་འོད་གསལ་རྫོགས་པ་མ་ལུས་བསྟན་ནོ། །བཅུ་བཞི་པ་དགོས་ཆེད་ནི། དབང་བཞིའི་ལམ་ལ་བརྟེན་པོ་ཆགས་པས་ཆགས་པ་སྦྱང་བ་དང་། ལམ་གོང་ནས་གོང་དུ་བོགས་འབྱུང་བའོ། །བཅྭོ་ལྔ་པ་མ་ཐོབ་པའི་སྐྱོན་ནི། ཐབས་འདི་མིན་གཞན་གྱི་དབང་མི་ཐོབ། ས་མི་ནོན། བསྒྲིབ་པ་མི་དག་པའོ། །བཅུ་དྲུག་པ་ཡོན་ཏན་ནི། དབང་གསུམ་པ་ཐོབ་པས། སྐྱོན་དེ་དག་ལས་གྲོལ་ཏེ། ཡོན་ཏན་དཔག་མེད་ཐོབ་པའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་གི་མན་ངག་ཟབ་མོ་རྫོགས་སོ། །བཞི་པ་བདེ་བ་ཆེན་པོའི་དབང་ནི། ངེས་འབྱེད་ཆུང་བ་ལས། སྣོད་དང་དཀྱིལ་འཁོར་བསྐུར་བའི་དུས། །རང་གི་ངོ་བོ་ངེས་ཚིག་དང་། །བསྐུར་རྫས་ཐབས་དང་རྒྱུ་རྐྱེན་དང་། །གནས་དང་སྒྲིབ་སྤང་ཐོབ་པའི་ཚད། །མདོར་བསྡུས་ལུས་ཀྱིས་མཚན་ཉིད་བཞག །ཅེས་པས། དང་པོ་སྣོད་ནི། འབྲས་བུ་ལ་མིང་དུ་བཏགས་པ་སྟེ། བསྙམས་པའི་བརྟུལ་ཞུགས་སོ། །གསུམ་པ་དཀྱིལ་འཁོར་དབང་གསུམ་པ་ལྟར་རོ། །གསུམ་པ་དབང་བསྐུར་བའི་དུས་ནི། དབང་གསུམ་པའི་ཉམས་ལེན་གོམས་པ་མཆོག་ཏུ་གྱུར་པའི་ཚེའོ། །ངོ་བོ་ནི། བདེན་གཉིས་དབྱེར་མེད་བདེ་བ་ཆེན་པོའི་ཡེ་ཤེས་སོ། །གྲངས་ཀྱི་ཐ་མར་གྱུར་པས་བཞི་པའོ། །དོན་ནི། ཆོས་ཐམས་ཅད་གཉིས་མེད་རོལ་པར་ཤར་བ། བདེ་བ་ཆེན་པོའོ། ངོ་བོ་ནི། རྒྱུ་རྐྱེན་ལས་འདས་པས་འགྱུར་བ་མེད་པ་བདེན་པ་ནི། དཔེའི་མཚོན་དུ་མེད་པས་བློ་ལས་འདས་པའོ། །འབྲས་བུ་ནི་ལྷག་པར་བྱར་མེད་པས་མཐར་ཐུག་པའོ། །དེ་ཉིད་ཉི་ཟླའི་ཐིག་ལེ་ཁ་བསྒྱུར་ཏེ་དྲང་པོ་ལ་བརྟེན་ནས་བདེ་བ་སྐྱེས་པ་བསྟེན། མཚོན་བྱེད་དཔེའི་ཡེ་ཤེས་ཕྱག་རྒྱ་དང་བྲལ་ཡང་བདེ་བ་མི་ཉམས་པར་གཉིས་མེད་ཀྱི་ཡེ་ཤེས་གསལ་བ་བརྟེན་མེད་ལ་བྱང་ཆུབ་པའི་རྟེན་མེད་ས་བོན་གཉིས་འདྲེས་པ་ལས་སྐྱེས་པ་རྒྱུ་འབྲས་རིམ་པའི་དབང་། ཐིག་ལེ་བསྐྱུར་བས་མཐར་ཕྱིན་སྐྱེས་པ་རིམ་པ་བཟློག་པའི་དབང་། དེ་དག་ཐབས་ལ་བརྟེན་ནས། དོན་གསལ་སྣང་གི་ནུས་པ་ཐོབ་པས་དབང་ཞེས་བྱའོ། །དྲུག་པ་རྫས་ནི། རིག་མ་ཉི་མ་ཅན་དེ་ནི། །བཅུ་གཉིས་ཕྱག་རྒྱ་ཆེན་པོ་སྟེ། །ཤིན་ཏུ་བསྟན་པའི་གཞི་རུ་ཤེས། །རྡོ་རྗེ་ཟླ་འོད་མཛེས་ལྡན་མ། །དམན་དང་རིག་ངན་རྣམ་པར་སྤངས། །རྡོ་རྗེའི་མངའ་ཡི་མ་ཕོག་ཅིང་། །གཞན་དབང་ལོགས་སྤྱོད་མ་བྱས་པའི། །བཅུ་གཉིས་བཅུ་གཞི་བཅྭོ་ལྔ་ཡང་རུང་། ཞེས་པའོ། །བདུན་པ་བསྐུར་ཐབས་ནི། དྲུག་པར་ཉི་ལྡན་རྒྱན་དང་ལྡན། །ནམ་མཁའི་བ་གཤོས་བསམ་གཏན་གོམས། །ཤེས་རབ་ཡེ་ཤེས་རང་གནས་བརྙེས། བྱ་གཉིས་ཀྱི་བྱ་འོས་རྫོགས། ཞེས་པ་ལྟར་བླ་མས་སྦྱིན་པ་གསུམ་པ་བཞིན་བྱས་ལ་བསྐུར་བ་ནི། ཀྱེ་མ་མཁའ་ཀློང་རྣམ་དག་མ། །ཉི་མ་བྱེ་བའི་འོད་ཟེར་གྱི། །མྱ་ངན་འདས་པའི་མཐའ་བླངས་ཤིང་། །མཚན་མོའི་མུན་པ་གསལ་བར་མཛད། །ལན་དུ། ཉི་ཟླ་ཤར་ཐབས་དེ་ཉིད་ཀྱི། །བསམ་ཡས་ལྷུན་གྲུབ་དལ་སྣང་བ། །ཞེས་བྱ། བླ་མས། ཧཱུྃ། རྟོགས་སམ་ཉམས་སུ་བླང་པ་ཡི། །རྟོགས་པའི་ཀློང་དུ་སུས་འདྲིས་པ། །མི་ཞེས་བྱ་བ་སངས་རྒྱས་ཡིན། །བདེ་ཆེན་དབང་འདི་བསྟན་པར་བྱའོ། །ༀ་དྷརྨ་ཀ་ཡ་ཨ་བྷི་ཥིཉྩ་ཧཱུྃ། རིགས་ཀྱི་བུ་ལ་བདེ་བ་ཆེན་པོའི་དབང་བསྐུར་བས་ཉམས་སུ་མྱོང་ནས་ཕྱིར་མི་ལྡོག་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཅེས་པས་བསྐུར་རོ། །དེ་ནས་སྦྱོར་ཐབས་གསུམ་པ་བཞིན་བྱས་པས་བཟུང་བའི་བདེ་བ་ལ་ཐུན་མོང་གིས་ལམ་འབྲས་བུ་དང་བཅས་པ་ལས་བཟློག་ཐབས་ཀྱི་བཟློག་སྟེ། དགའ་བ་བཅུ་དྲུག་གི་རིམ་པ་བཟློག་པ་ལམ་ལྔ་ས་བཅུ་ཐུན་མོང་མ་ཡིན་པའི་ས་རྫོགས་ནས་གསང་བ་རྡོ་རྗེའི་རྩ་བར་སླེབ་པ་བཅུ་གཅིག་ཀུན་ཏུ་འོད་སྤྲུལ་པའི་འཁོར་ལོ་དྲངས་པ་པདྨ་ཅན། རྩ་གནས་ཕབ་པར་བཀྲམ་པས་རྟོགས་ཚོགས་ལྷའི་དལ་དུ་གསལ་ལ་འཛིན་པ་མེད་པ་ཡི་གེ་འཁོར་ལོ་ཚོགས་ཆེན་དེ་དག་ལས་མངོན་ཤེས་དྲུག །མཚན་སོ་གཉིས་དཔེ་བྱེད་བརྒྱད་ཅུའོ། །དེ་ལྟར་དབང་བསྐུར་ཐབས་ཀྱི་ནུས་པ་དང་མི་ལྡན་ཡང་། ཏིང་ངེ་འཛིན་གྱི་དེ་ལྟར་བྱ། སྤང་བླང་ཡོད་མེད་ཀྱི་མཐའ་ལས་མི་བརྩལ་བར་གཉིས་མེད་ཟུང་འཇུག་མཉམ་པ་ཉིད་དུ་ངོ་སྤྲད་དོ། །དབང་ཅིག་ཆར། དེ་ནས་དབེན་པར་ཕྲ་མེན་གྱི་ཡུལ་སོགས་ཆང་དང་མར་གྱི་བཀང་བ་སོགས་ཀྱི་བླ་མ་མཉེས་པར་བྱས་ཏེ་བླ་མའི་མདུན་དུ་མགོ་བཞག་པའི་རྣ་བར་གསེར་གྱི་སྦུབ་མཆུ་གཙུག་ལ། བླ་མས། དངོས་ཀུན་སེམས་ཕྱིར་སྤང་བླང་བྲལ། །སྐྱེ་མཆེད་མི་འགོག་ཅིང་མི་སེམས། །གང་ཡིན་བདེ་ཆེན་རྩིས་མ་བསྒྲིམ། །ཞེས་བྱར་མེད་ཀ་དག་ལྷུན་གྲུབ་ཏུ་ངོ་སྤྲད་དོ། །བརྒྱད་པ་རྒྱུ་ནི། བདེན་གཉིས་དབྱེར་མེད་ཡེ་ནས་རང་ལ་གནས་པའི་སངས་རྒྱས་མཚུངས་ལྡན་གྱི་རྒྱུ། དེ་ཉིད་ཐབས་ཀྱིས་གསལ་བར་བྱས་པས། ལྷན་ཅིག་བྱེད་པའི་རྒྱུའོ། །དགུ་པ་རྐྱེན་བཞི་ནི། མཉམ་པའི་བརྟུལ་ཞུགས་ཅན་དབང་འདི་ལ་དད་པ་ན་རྒྱུའི་རྐྱེན། བཟློག་པའི་ལས་མན་ངག་འཛོམ་པ་གཞིའི་ཕྱིར་བདག་པོའི་རྐྱེན། བཞི་པ་ཉམས་མྱོང་ཅན་གྱི་བླ་མ་བླང་བའི་ཡུལ་ཡིན་པས་དམིགས་པའི་རྐྱེན། བཟློག་པའི་དགའ་བ་བཅུ་དྲུག་པ་གསུམ་གྱིས་རིམ་པས་རྒྱུ་འབྲས་ཀྱིས་ཚུལ་དུ་འཕོ་བ་གོ་འབྱེད་པས་དེ་མ་ཐག་རྐྱེན་ནོ། །བཅུ་པ་གནས་གསུམ་པ་དང་མཐུན། བཅུ་གཅིག་པ་སྒྲིབ་པ་སྤངས་ཚུལ་ནི། ཐུན་མོང་གིས་མཐར་ཕྱིན་པས་ཤེས་སྒྲིབ་ཕྲ་མོ་དང་ལྟ་བའི་སྒྲིབ་པ་མ་བསལ་བར་དགོས། བཅུ་གཉིས་པ་ཐོབ་ཚད་ནི། སྐད་ཅིག་མ་ཐུན་ཕྱེད་སློབ་ཐུན་མཐར་ཐུག་གི་རྒྱུན་གྱི་དབང་དུ་ཟུང་འཇུག་གི་བདེ་བ་ཐོབ་བོ། །བཅུ་གསུམ་པ་ཆོས་ནི། མཐར་ཐུག་གི་ཆོས་མ་ལུས་པའི་སྐལ་བར་ལྡན་ནོ། །བཅུ་བཞི་པ་དགོས་ཆེད་ནི། རང་གཞན་གྱི་དོན་དུ་རྫོགས་པའི་སངས་རྒྱས་དེ་ཐོབ་པར་འདོད་པའི་ཕྱིར་རོ། །བཅྭོ་ལྔ་པ་མ་ཐོབ་པའི་སྐྱོན་ནི། ཐབས་འདི་དང་བྲལ་ནས་བསྐལ་པ་དུ་མར་ལམ་གཞན་གྱི་བསྒྲོད་ཅིང་མཐར་མི་ཕྱིན་པའོ། །བཅུ་དྲུག་པ་ཡོན་ཏན་ནི། ཡོན་ཏན་མ་ལུས་ལྷུན་གྱིས་གྲུབ་པས། སྟོང་གསུམ་ལྕེས་བརྗོད་ཀྱང་རྫོགས་པར་མི་འགྱུར་རོ། །དབང་བཞི་པའི་མན་ངག་ཟབ་མོ་ཐུན་མོང་མ་ཡིན་པ་རྫོགས་སོ། །དེ་ནས་ཚེའི་དལ་གྱི་བུམ་པ་བྷྲཱུྂ་གྱི་འཕྲོ་འདུ་ལས་གཞལ་ཡས་ཁང་གདན་དང་བཅས་པའི་དབུས་སུ། ༀ་བྃ་ལས་ཚེ་དཔག་མེད་ཡབ་ཡུམ་ཚེ་རྟེན། ཤར་དུ་རྣམ་སྣང་བསྒྲང་ཕྲེང་ཅན། ལྷོར་རིན་ཆེན་འབྱུང་གནས་རྒྱལ་བུ། ནུབ་ཏུ་མི་བསྐྱོད་པ་རིན་ཆེན། བྱང་དུ་དོན་གྲུབ། འབྲུ་མ་འབུམ་ཟླ་ཚེས་ཀྱི་ཁ་བརྒྱན་པ། གཡས་རང་རྟག་འཛིན་ཅིང་ཐམས་ཅད་དཀར་པོའོ། །སེམས་དཔའ་མན་ཆད་གཡོན་རིན་པོ་ཆེའི་སྣོད་འཛིན་པའོ། །དེ་ནས་ས་མ་ཡ་ཛཿས་སྙན་གསན་དབབ། ཨེ་ཧྱ་ཧིས་སྤྱན་དྲངས། ཡེ་ཤེས་རྒྱལ་པོས་བསྐུལ། ཛཿཧཱུྃ་བྃ་ཧོཿས་བསྟིམ། ཤུནྱ་ཏྱ་སོགས་ཀྱི་དབང་བསྐུར། བྱིན་རླབས་ཀྱི་བདེ་བར་གཤེགས་སོགས་ཀྱི་མཆོད། བདུད་རྩི་གཏོར་མ་རཀྟས་མཆོད། སྦྱོར་སྒྲོལ་དང་ཏིང་ངེ་འཛིན་དང་ཕྱོགས་བཅུ་དུས་བཞིས་བསྟོད་ལ། ཧོཿ བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་འཁོར་དང་བཅས་པ་ལ། དངོས་གྲུབ་ཏུ་གསོལ་བ་ནི། ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་སྐྱེ་ཤི་མེད་པ་ཚེའི་དངོས་གྲུབ་སྔོན་གྱི་ཐུགས་དམ་ལས་མ་འདའ་བར་ད་ལྟ་ཉིད་དུ་སྩལ་དུ་གསོལ། དེ་ནས་སྙིང་ཁར་ཚེ་རྟེན་བསྐྱེད་ལ་ཨ་ཡུས་མནན། སོར་མོ་ཕྱེས་པས་བཛྲ་མུཿཀ་ཧོས་དཀྱིལ་འཁོར་གྱི་ལྷ་མང་པོ་འཕྲོས། འགྲོ་དྲུག་གི་ཚེ་བཀུག །ཨ་ཡུ་ཧཱུྃ་ཛས་བསྡུས། བསྲུང་བསྟིམ་ལ། ༀ་བྷྲཱུྃ་བཛྲ་ཨ་ཡུ་ཥེ་ཧཱུྃ་ཛཿ ཛཿཧཱུྃ་བཾ་ཧོཿ བརྒྱ་སྟོང་བཟླས་ནས་ཚེ་དཔག་མེད་ཡབ་ཡུམ་མང་པོ་སྤྲོས། ཁམས་གསུམ་གྱི་ཚེ་བསྡུས་པས་གཙོ་བོའི་ཞལ་ནས་བརྒྱུད་ཚེ་རྟེན་ལ་ཐིམ་པར་བསམ། ཨ་ཡུ་ཧཱུྃ་ཛས་བསྲུང་བསྟིམ་བྱས། རིགས་བཞི་ལའང་སྤྲོ་བསྡུ་དང་བཟླས་པར་བྱ་བ་ནི། ༀ་བྷྲཱུྃ། སྭ་བྷྲཱུྃ། ཧཱུྃ་བྷྲཱུྃ། ཧཱ་བྷྲཱུྃ། དེ་ནས་རང་གི་སྙིང་ཀར་ཚེ་རྟེན་བསྐྱེད་ལ། ཨཱ་ཡུ་ཧཱུྃ་ཛཿ བཟླས་པས་བུམ་པའི་ལྷ་འོད་དུ་ཞུ། ཚེ་རྟེན་ལ་ཐིམ་པས་ལུས་འོད་ཕུང་ལས། ༀ་ཨཱཿཧཱུྃ་དུ་གྱུར། ༀ་ཨཱཿཧཱུྃ་ལ་ཐིམ། ཧཱུྃ་ཡང་མི་དམིགས་པར་བསམ་སྟེ། ཧཱུྃ། ཅིས་ཀྱང་མི་འགྱུར་མི་ཤིག་པའི། །སྟོན་པའི་གོ་ཆ་བླ་ན་མེད། །མཚན་མའི་སྤྱོད་ཡུལ་ཀུན་བཅོམ་ནས། །ཐམས་ཅད་ཀུན་ལས་རྒྱལ་བར་གནས། །མ་བྱུང་མི་གནས་འདུས་མ་བྱས། །ཆོས་ཀྱི་དབྱིངས་སུ་ཚེ་སྦས་པས། །སངས་རྒྱས་ཀྱིས་ཀྱང་གཟིགས་མི་འགྱུར། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་ཏ་ཏིཤྩ། ཧཱུྃ་གསུམ་གྱིས་ཚེ་བརྟན་པའོ། །དེ་ནས་ཡང་རང་རྡོ་རྗེ་སེམས་དཔར་བསྐྱེད་ལ་གོ་བསྒོ། ལུས་བསྲུངས། ༀ་པདྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧྲཱིཿ བྷུདྷ་ཀ་ལ་ཤ་སོགས། ༀ། རཏྣ་ཏྲྃ། བཛྲ་ཧཱུྃ། ཀརྨ་ཨ་སོགས་བཟླས་ཏེ། ཚེ་དབང་དུ་གྱུར་ཅིག །སོགས་བྱ། ཚེ་སྨིན་པའོ། །དེ་ནས་བུམ་པར་ཁྲོ་བོའི་ལྷ། དབུས་སུ་པདྨ་ཧེ་རུ་ཀ་སོགས་དམར་པོ་བསྐྱེད། དབབ། བསྟིམ། གཏུམ་ཆེན་གྱིས་བསྟོད། ཧོཿ བཅོམ་ལྡན་པདྨ་ཧེ་རུ་ཀཿ སོགས། དངོས་གྲུབ་གོང་ལྟར་བླངས། བི་ཤ་བཛྲས་སྤྲོ་བསྡུ། འཛབ། ༀ་བཛྲ་ཙནྡྲ་ལི་ཧ། ༀ་ནི་བྷྲཱུྃ་བཛྲ་ཨ་ཡུ་ཥེ་ཛཿཧཱུྃ་ཨཱཿ ཞེས་པས་ལྷ་མོ་ཙན་དྷ་ལི་དཀར་མོ་ཕྱོགས་བཞི། རྡོ་རྗེ་ལྕགས་ཀྱུ། རིན་ཆེན་ཞགས་པ་ཅན་འཕྲོས་པས། ཚེ་བསྡུས་གཙོ་བོ་དང་ཚེ་རྟེན་ལ་ཐིམ་པ་བསྟིམ། བསྲུང་བྱ། བི་ཤ་བཛྲ། སྤྲོས། ༀ་བྷྲཱུྃ། ཧཱུྃ་བྷྲཱུྃ། ཏྲཱྃ་བྷྲཱུྃ། ཧྲཱིཿབྷྲཱུྃ། ཧཱ་བྷྲཱུྃ། གྱི་ཁམས་གསུམ་གྱི་ཚེ་བསྡུས་བསྟིམ་པས་བུམ་པའི་ལྷ་རྣམས་འོད་དུ་ཞུ། བདུད་རྩི་ཡི་གེ་ལྔ་གྱུར། ཨ་ཡུ་ཛྙཱ་ན་བརྗོད་པས། ༀ་རང་གི་སྤྱི་བོར་ཐིམ། ཨཱཿལྕེ། ཧཱུྃ་སྙིང་། སྭོ་ལྟེ་བ། ཧ་དཔྲལ་བར་ཐིམ་པས་ལུས་ཡིག་འབྲུར་གྱུར། དེ་དག་ཀྱང་མི་དམིགས་པར་བསམ་མོ། །དེ་ནས་ཚོགས་ལ་རོལ། ལྷག་མ་བྱའོ། །ཞག་ཏུ་བྱེད་ཀྱང་དེ་ལྟར་བྱའོ། །དེ་ནས་ཐ་མ་ལ། ཚེ་ནས་ལ་འབྲང་རྒྱས་ཟླ་གམ་བྱས་ལ། བུམ་པའི་གཡོན་དུ་བཞག །མཚམས་བཅད། འཛབ་གཞུང་བསྲངས། བུམ་པའི་གཡས་སུ་མར་མེ་བཞག །འབྲང་རྒྱས་ལ་དབུས་སུ་ཚེ་དཔག་མེད་ཡབ་ཡུམ་ཧཱུྃ་བཞི་ལས་ཤར་དུ་རྒྱལ་མཚན་མཆོག་དཀར་མོ་དཔལ་རྩེར་ལྕགས་ཀྱུ་ཅན། ནུབ་ཏུ་དབང་བསྒྱུར་དཔལ་ལྡན་མ། དམར་མོ་པདྨ་ལྕགས་སྒྲོག་ཅན། བྱང་དུ་མི་བཟང་མཛེས་ལྡན་མ་ལྗང་ཀུ་ཟ་མ་ཏོག་དྲིལ་བུ་ཅན་བསམ་མོ། །ཙནྡ་དྷ་ལི་འཛབ་ཀྱི་སྤྲོས་བསྡུས་ཚེ་བསྲུང་བྱ། བདེན་པ་བརྗོད། ཧཱུྃ། འགྲོ་བ་ཡོངས་ཀྱི་ཚེ་ལ་མངའ་མཛད་མ། །དཀར་མོ་མགྱོག་མ་ཞི་བྱེད་འོད་འཕྲོའི་ཚོགས། །ཚེ་དང་གཟི་བརྗིད་འགུགས་པའི་ལས་མཛད་མ། །རྡོ་རྗེ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག །མགྱོགས་མ་རྣམས་ཀྱི་ཚེ་ཁུག་ལ། །བྱིན་ཆེན་རྣམས་ཀྱི་བྱིན་ཕོབ་ཅིག །ས་མ་ཡ་དེ་བི་ཨཾ་གུ་ཤ་ཛ་ཛཿཧཱུྃ། ཞེས་བརྒྱ་རྩ་བྱ། ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་ནས། །སྔོན་མོ་དྲག་ཤུལ་འོད་ཟེར་སྟོང་འཕྲོའི་ཚོགས། །ཚེ་དང་གཟི་བརྗིད༴ རིན་ཆེན་ཚེ་མཆོག༴ མགྱོགས་མ༴ བྱིན་ཆེན༴ ས་མ་ཡ་དྷེ་ཝི་པ་ཤ་ཧཱུྃ་ཧཱུྃ། ཧཱུྃ། ནུབ་ཕྱོགས་པདྨ་རཱ་གའི་ཞིང་ཁམས་ནས། །དམར་མོ་དབང་བསྒྱུར་འོད་ཟེར་འཕྲོའི་ཚོགས། །ཚེ་དང་གཟི་བརྗིད༴ པདྨ་ཚེ་མཆོག༴ མགྱོགས་མ༴ བྱིན་ཆེན་རྣམས་ཀྱིས༴ ས་མ་ཡ་དེ་ཝི་སྥོ་ཊ་བྃ་བྃ། བྱང་ཕྱོགས་རྣམ་པར་དག་པའི་ཞིང་ཁམས་ནས། །ལྗང་ཀུ་ཕྲིན་ལས་འོད་ཟེར་འཕྲོས་པའི་ཚོགས། །ཚེ་དང་༴ ལས་རབ༴ མགྱོགས་མ་རྣམས་བྱིན་ཆེན༴ ས་མ་ཡ་དྷེ་ཝ་གནྡྷེ་ཧོ་ཧོ། ཞེས་བརྗོད་ཅིང་རེ་རེ་ཞིང་སྔགས་བརྒྱ་རྩ་དང་བསྟིམ། བསྲུང་བྱའོ། །དེ་ནས། ༀ་པདྨ་ཏ་ཀྲིད་བཛྲ་ཀྲོ་ཏ་ཧྱ་གྷྲཱྀ་ཝ་ཧུ་ལུ་ཧུ་ལུ་ཛྙཱ་ན་ནི་ཧཱུྃ་ཕཊ། ཅེས་པས་རྟ་མགྲིན་དམར་མོ་གཡས་རལ་གྲི་གཡོན་ཞགས་པ་ཅན་དུ་མ་སྤྲོས། ཚེ་བཀུག་པར་བསམ་ཞིང་སྔགས་བཟློས། དེ་ནས་པདྨ་ཧེ་རུ་ཀའི་ལྟེ་བ་མན་ཆད་ཁྲག་མཚོར་ནུབ་པ་ཞལ་གསུམ་ཕྱག་དྲུག་པའི། དང་པོ་གཉིས་ན་བྷུདྡྷ་ཧེ་རུ་ཀ་ཡབ་ཡུམ། བར་མ་གཉིས་ན་རཏྣ་ཧེ་རུ་ཀ་ཡབ་ཡུམ། མཐའ་མ་གཉིས་ན་ཀརྨ་ཧེ་རུ་ཀ་ཡབ་ཡུམ་མོ། །དེ་ནས་ཐལ་མོ་བརྡབ་ཅིང་། ༀ་བྷུདྡྷ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊཿ བྷུདྷ་ཀྲོ་ཏི་ཤྭ་རི་ཛྭ་ལ་ནི་ཧཱུྃ་ཕཊ། ཅེས་མང་དུ་བཟླས་པས། ལྷ་དང་ལྷ་མ་ཡིན་གྱི་ཚོགས་བཀྲལ་ནས་ཚེ་བསྡུས། དེ་བཞིན་དུ་རཏྣ་ལི་དང་། བྱོལ་སོང་། ཀརྨས་ཡི་དྭགས་དང་། དམྱལ་བའི་ཚེ་འཕྲོག་སྟེ། ཨ་ཡུ་ཛས་འོད་ནག་པོར་བདག་གི་མདུན་དུ་བསྡུས་ལ། མཆོག་ཕུར་པདྨ་འདུས་པར་བསྐྱེད་ལ་སྐུ་གསུང་ཐུགས་བྱིན་གྱིས་བརླབས། ༀ་བོ་དྷི་ཙིཏྟ་སུ་ཀ་ཧཱུྃ། ཞེས་བརྗོད་པས། མང་དུ་དྲིལ་མས་ཧེ་རུ་ཀ་དྲག་པོ་སྦྱོར་བའི་བྱང་སེམས་ཕུར་པ་ལ་ཐིམ། ཕུར་པ་བྱང་སེམས་ཀྱི་རང་བཞིན་དུ་དཀར་ལྟེམ་ལྟེམ་འདུག་པ་བཏབ་པ་འོད་ནག་ནག་པོ་དེ་བདུད་རྩིར་དཀར་ལྟེམ་གྱི་གྱུར་ཏེ། ཨ་ཡུ་ཧཱུྃ་ཛས་འབྲང་རྒྱས་ཀྱི་ཚེ་དཔག་མེད་ལ་བསྡུའོ། །དེ་ནས་མཚམས་བཤགས་བྱིན་དབང་བྱ། སྙིང་ཁར་ཚེ་རྟེན་བསྐྱེད། མི་གསུམ་གྱི་ཚེ་རྫས་རེ་རེ་བཏེགས་ལ། བུམ་པ་བླང་ལ། བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །སྒྲིབ་པའི་དྲི་མ་མ་ལུས་སེལ། །མཁའ་དང་མཉམ་པའི་སྐུ་མངའ་བ། །མཉམ་ཉིད་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་བརྗོད་པས། བུམ་པའི་ལྷ་རྣམས་ཀྱིས་སྐུ་ལ། ༀ་མང་པོ་བྱུང་། བདག་གི་སྤྱི་བོར་ཐིམ། གླད་པ་སྐུ་རྡོ་རྗེ་གྱུར་པར་བསམ་ཞིང་ཀ་ལ་དང་། བུམ་པའི་མར་སྤྱི་བོར་བླུག །སྐུའི་སིདྡྷི་ཐོབ། འབྲང་རྒྱས་ལ་དམིགས་དེར། མཆོག་ཏུ་རྣམ་པར་དག་པའི་གསུང་། །གསུང་རབ་དམ་པ་ཡི་གེ་མེད། །བརྗོད་དུ་མེད་ཅིང་སྤྲོས་བྲལ་བ། །རྡོ་རྗེའི་གསུང་ལ་ཕྱག་འཚལ་བསྟོད། །ཨཾ་ལྕེ་ལ་ཐིམ། ཝག་དང་ཨ་ཡུ་བཟླས། གསུང་གི་སིདྡྷི་ཐོབ། མར་མེ་ལ་དམིགས་ཏེ། ཤིན་ཏུ་རྣམ་པར་དག་པའི་ཐུགས། །ཆགས་མེད་ཡེ་ཤེས་གཉིས་མཁྱེན་པ། །སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི། །རྡོ་རྗེ་ཐུགས་ལ་ཕྱག་འཚལ་བསྟོད། །ཧཱུྃ་སྙིང་ལ་ཐིམ། མར་ཁུ་སྙིང་ཁར་བྱུག །ཙིཏྟ་དང་ཨ་ཡུ་བཟླས། ཐུགས་ཀྱི་སིདྡྷི་ཐོབ་པར་བསམ། དེ་ནས་སྤྱིར་བསྐུལ་བ། ནུབ་ཕྱོགས་བྱམས་ལྡན་དབང་གི་ཞིང་ཁམས་ནས། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །ཐུགས་ཀྱི་དཔལ་བེར་ཟླ་གསང་གའུ་ནས། །རྣལ་འབྱོར་བྱང་སེམས་ཨ་ཡུ་དམར་པོ་དེ། །ཚེ་གཅིག་དབང་གི་བསྒྲུབ་པའི་ཚེ་ལགས་ཀྱི། །བྱིན་གྱིས་བརླབ་ཅིང་སྩལ་དུ་གསོལ། །ཨ་ཡུའི་སྔགས་དང་ཆོས་རྫས་གསུམ་པོ་སྙིང་ཁར་བརྟེན་ཅིང་བསྟིམ་པ་དང་། སྨོན་ལམ་ཞི་བ་ལྟར་བྱ། དེ་ནས་དབང་རྫས་རྣམས་རིམ་པར་ཐོགས། མགྲིན་པ་སྙིང་ཁར་བཅུག་ཅིང་། ༀ་ཨ་ཡུ་དམར་པོ་རྡོ་རྗེ་དབང་གི་ཚེ། །གཞན་གྱི་མི་འཕྲོག་ཁམས་གསུམ་ཀུན་ལས་རྒྱལ། །རང་གི་བྱང་སེམས་གདོད་ནས་སྐྱེ་ཤི་མེད། །མི་འགྱུར་ཚེ་ཡི་དབང་མཆོག་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གུ་ཧྱེ་ཨ་ཡུ་ཛྙཱ་ན་བིན་དུ་བྷྲཱུྂ། བཛྲ་ཨ་ཡུ་ཤེ་ཛྙཱ་ན་སྭ་བྷཱ་ཝ་ཨདྨ་ཀོ྅་ཧྂ། ན་མོ་ཚེ་དབང་དུ་གྱུར་ཅིག །དབང་དངོས་གྲུབ་ཏུ་གྱུར་ཅིག །སྐྱེ་མེད་ཀྱི་ཡེ་ཤེས་སུ་གྱུར་ཅིག །འཆི་རྐྱེན་བསལ་བས་ཞི་ཁྲོ་སྤྲུལ་པའི་ཚོགས་ལ་མངའ་བརྙེས་པར་གྱུར་ཅིག །ཅེས་བརྗོད་ལ་དངོས་གྲུབ་ཀྱི་ཞལ་ཟས་རྣམས་རིམ་པར་རོལ་བར་བྱའོ། །དེའང་དངོས་གྲུབ་ཀྱི་ལྷག་མ་གསུམ་ཡ ི་དམ་གྱི། སྐལ་པ་བླ་མ་དཀྱིལ་འཁོར་ལྷའི། སྐལ་པ་རྒྱལ་ཐབས་རིག་འཛིན་རྣམས་ཀྱི་སྐལ་པ་སློབ་མ་ཐམས་ཅད་དགྱེའོ། །དེ་ནས་དངོས་གྲུབ་བརྟེན་པར་བྱ་བའི་ཕྱིར་སེམས་ཅན་དོན་ཕྱིར་ནན་ཏན་མཆོག་བསྐྱེད་དེ། ཡེ་ཤེས་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང་། །མཆོག་དང་ཐུན་མོང་དངོས་གྲུབ་དམ་པ་རྣམས། །བདག་ལ་སྩལ་ཞིང་བརྟན་པར་བཞུགས་སུ་གསོལ། །ཀ་ཡ་ཝཀ་ཙིཏྟ་ཏིཥྛ་བཛྲ་ཞེས་བརྗོད་དེ། ཀུན་གྱི་མེ་ཏོག་གཏོར་རོ། །དེ་ནས་མར་མེ་སྨོན་ལམ་ནི། ཀུན་གྱི་སྲིན་ལག་སྦྲེལ་ལ། བླ་མས་ཕྱག་གཡོན་གྱི་མར་མེ་བཟུང་ལ། ༀ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །སྙིང་པོ་བྱང་ཆུབ་ལམ་དུ་ཞུགས་པ་ཡི། །འཁོར་བའི་གཡང་ས་ཆེན་པོ་མི་ལྷུང་ཞིང་། །ཆགས་སྡང་གཅོང་རོང་གནས་སུ་མི་སྐྱེ་དང་། །ལོག་ལྟ་དམྱལ་བའི་ཟང་ཁར་སྦབ་མི་འདྲིལ། །འཕོ་འཛིན་གཅན་གཟན་གདུག་པའི་སྐད་མི་ཐོས། །ཉོན་མོངས་མཚོན་རྩེ་གདུག་པའི་ཟེར་མི་ཕོག །དགེ་བའི་བཤེས་གཉེན་བཀའ་དྲིན་ཆེ་བ་དང་། །སྲོག་གི་སྦྲེལ་བའི་མཆེད་དང་ལྕམ་དྲལ་དང་། །གསུམ་པའི་དབང་གི་འབྲེལ་བའི་རིག་མ་གསུམ། །སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །མི་འབྲལ་རྩེ་གཅིག་འགྲོགས་པའི་ཏིང་འཛིན་གྱི། །ས་བཅུ་ཁྱད་པར་རིམ་གྱི་བསྒྲོད་པར་ཤོག །ནམ་ཞིག་ཚེ་འཕོས་ལུས་བརྗེས་བྱུང་དུས་ན། །འཁོར་བའི་གཡང་སར་ལན་གཅིག་གཏོང་སྲིད་ཀྱང་། །སྣང་བའི་གོ་འབྱེད་ཞུན་མར་མདང་ལྡན་འདི། །རིག་འཛིན་བསྒྲུབ་པ་པོ་ཡི་ཤུལ་མཚོན་ཅིང་། །ཀུན་ཏུ་འོད་ཀྱི་ས་ལ་རྒྱུད་སྦྱངས་ནས། །པདྨ་ཆེན་པོའི་ས་ལ་ལྷུན་གྱིས་གྲུབ། །འཁོར་ལོ་ཚོགས་ཆེན་ས་ལ་གཤེགས་པའི་ཚེ། །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མདུན་བསུས་ཤིག །ཡི་དམ་ལྷ་ཡི་རྒྱབ་ནས་སྲོག་རྟེན་ཅིག །བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐའ་བསྐྱོར་ཅིག །མཆོད་པའི་ལྷ་མོ་རྣམས་ཀྱིས་སྣ་དྲོངས་ཤིག །མ་ཚོགས་དབང་མོ་རྣམས་ཀྱི་རྗེས་སྐྱོངས་ཤིག །ལྕང་ལོ་ཅན་གྱི་ས་ལ་ཕྱིན་པའི་ཚེ། །ཕྱི་མི་ལྡོག་པའི་ས་ལ་གནས་ནས་ཀྱང་། །རྡོ་རྗེ་ཁྲོ་རྒྱལ་ཁྱོད་ཀྱི་ཞལ་མཐོང་ནས། །རིག་འཛིན་རྣམས་དང་དབྱེར་མེད་གྱུར་ནས་ནི། །བླ་མེད་སྐུ་གསུང་ཐུགས་སུ་འགྲུབ་པར་ཤོག །དེ་ནས་བླ་མས་ཤར་སྒོ་ནས། དུར་ཁྲོད་གསང་བ་མཆོག་གི་དལ་རུ། ཟླ་གམ་ཞལ་གྱི་གཞལ་ཡས་བཞི། དུར་ཁྲོད་གསང་བའི་རྫས་རྣམས་བཀྲམ། མར་མེ་ཡེ་ཤེས་ཀྱི་འོད་ཕུང་། ཏིང་ངེ་འཛིན་གྱི་དལ་བསྐྱེད། རང་བཞིན་ལྷུན་གྲུབ་ཀྱི་སྣ་ཚོགས་སྤྱན་དྲངས། དངོས་གྲུབ་རྣམ་གསུམ་བླང་བའི་བྱིན་རླབས་ཀྱི། བདག་ཅག་དཔོན་སློབ་མཆེད་དང་ལྕམ་དྲལ་རྣམས། ཚེ་འདིར་ཡང་དག་གསང་བའི་ལོངས་སྤྱོད་དང་ལྡན་ཞིང་། རྡོ་རྗེ་ཚེའི་ཡོན་ཏན་ཕུན་སུམ་ཚོགས་ཤིང་། འགྲོ་བ་མ་ལུས་པའི་དོན་བྱེད་པའི་མཐུ་ཕུན་སུམ་ཚོགས་པར་གྱུར་ཅིག །ཚེ་འཕོས་ལུས་བརྗེས་ཀྱང་ཏིང་ངེ་འཛིན་གྱི་རྒྱུན་དང་མི་བྲལ་བར་འདྲེན་པས་ལུང་སྟོན་པར་གྱུར་ཅིག །རིག་འཛིན་གྱི་གོ་འཕང་ཐོབ་སྟེ། ཧེ་རུ་ཀས་སྲོག་བརྟན་ནས། སེམས་དཔའ་བརྒྱད་ཀྱི་རྒྱབ་སྐྱོར། སེམས་མ་བརྒྱད་ཀྱི་མདུན་བསུས། མ་མོ་མཁའ་འགྲོས་ཕྱི་སྐྱོང་། རིག་པ་འཛིན་པས་གྲོགས་བྱས། རྡོ་རྗེ་འཛིན་པའི་ཞལ་མཐོང་། འཁོར་ལོ་ཚོགས་ཀྱི་ས་ནོན། གསང་བ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཆེན་པོས་བདག་གཞན་གྱི་དོན་མ་ལུས་པ་ལྷུན་གྱིས་གྲུབ་པར་གྱུར་ཅིག །ཅེས་བརྗོད་ལ་སྣུམ་གྱིས་ཀྱང་སྙིང་ཀར་བྱུག་གོ། །དེ་ནས་ཞག་བཅུ་གཅིག་འགྲོ་བའི་སྔ་དྲོ། གོང་དུ་གསང་མཚན་དབང་དེའི་རྟིང་པར། ཨ་ཏི་ཡོ་གའི་ལྟ་བ་རབ་འབྱམས་ཀྱི་དབང་གི་སྔོན་འགྲོ་བྱ་བ་ནི། དེ་ཡང་ཐོག་མར་ཁུང་ནི། སེམས་ལུང་ཆེན་མོ་ནི། རྣམ་སྣང་དབང་གི་ཐིག་ལེ་དང་། གཡུ་ཐང་ལས་རྒྱས་པར་གསུངས་ཤིང་ཀུན་འདུས་ཆེ་མཆོག་སྐུ་ལ་ཆོས་ཀུན་ཡོངས་རྫོགས་སོ། །གདན་ཟླ་བ་ནས་སྤྱི་གཙུག་གི་སངས་རྒྱས་ཉེར་གཅིག་གི་རྒྱལ་མཚན་ཏོག་ལས་མཚོན་ཏེ་སྟོན་ནོ། །བར་དུ་དལ་ནི། དེས་རྡུལ་ཚོན་ཕྱི་རྟག་རང་ལུས་ནང་། དོན་སེམས་ཉིད་གསང་བ་གསུམ་མོ། །ཐ་མ་དོན་ནི་རིག་པ་རང་བྱུང་ཉིད་དེ་ལྟར་དུ་ཤར་བའི་ཡོད་པས་རྣལ་འབྱོར་བས་མྱོང་བའོ། །དེའི་ཕྱིར་སློབ་བུ་རྣམ་སྣང་ཆོས་བདུན་བྱས་ལ། ཕྱི་བཞིན་སྙིང་ལ་བསྒོམས། ངལ་སོར་གཞུག་ལྷོད་དཀྱིན་བཞག་གོ། །གཉིས་པ་རྟག་ནི། ཕྱི་ནང་འདྲེས་པའི་ལུས་ཀྱི་སྙིང་ལ་མངོན་པར་ཤེས་ལྡན་གྱི་མཐོང་བའི། སྔགས་འཆར་བས་བསྒོམ་དུ་རུང་བའོ། །དང་པོ་དེས་ནི། དཀྱིལ་འཁོར་བྱང་ཤར་ན་པདྨ་བཅུ་དྲུག་འདབ་མ་ཅན་ནམ། འཁོར་ལོ་རྩིབ་བརྒྱད་པ་དཀར་པོའི་སྟེང་དུ་ཉི་མ་དམར་པོ་ལ། ལྟེ་བ་ཨ་དཀར་པོ་ཁ་སྦྱོར། མཐར་ཨ་དཀར་བཅུ་དྲུག་ཀུན་བཟང་ཡབ་ཡུམ་བཅྭོ་བརྒྱད་དང་། བླ་མས་ལུང་ལས་གསུང་པའི་གཟུགས་དེར་བྱོན་པ། བཅྭོ་བརྒྱད་ནི་ངོ་བོར་དགོད། ཆོས་སྐུ་ཀུན་བཟང་། ལོངས་སྐུ་རྡོར་སེམས། སྤྲུལ་སྐུ་དགའ་རབ་སྡུད་པ་པོ་འཇམ་དཔལ་བཤེས་གཉེན་དང་བཞི་སྤྱི་ཁྱབ་བླ་མ་སྐུ་བཞིའི་ངོ་བོ་སྟེ། ཤྲཱི་སིང་ཧ་དང་། བོད་ཀྱི་བླ་མ་དང་བཅས་པ་ལ་བརྒྱུད་པ་ཀུན་གྱི་ངོ་བོ་བུམ་པ་དཀར་པོ་ཨས་མཚན་པ་གཅིག་བཞུགས་གནས་སུ་བྱ། སྐུ་འདྲ་ཙཀླི་དང་ཐུགས་ཀྱིས་གསང་མཚན་གདུང་རས་དབུ་སྐྲ་ན་བཟའ་ལ་སོགས་འགོད། བུམ་རྫས་བླུག་ལ་ཀུན་བཟང་ཡབ་ཡུམ་སྦྱོར་བའི་བྱང་སེམས་སུ་བསམ། རྒྱས་པར་སྤྲོ་ན། པད་བསྐོར་གྱི་ཐ་མར་སྙིང་དཀར་མར་གྱི་ཤུན་ལ་རྩ་བ་ཤར་གྱི་རྩེ་མོ་ནུབ་ཏུ་བསྟན་པ་དང་། སྟེང་དུ་རྩ་རིག་དང་རྩེ་མོ་པད་གདན་ཉི་མ་དང་ཨ་ལ་རེག་པའོ། །གློ་འབུར་རིགས་བཞི། གྲུ་ཆད་ནང་སེམས་ཁྱམས། ཕྱི་སེམས། རྡོ་རྗེ་སེམས་དཔའ་ཡབ་ཡུམ་ཐུབ་དྲུག་སྒོ་བ་དང་བཅས་པས། མུ་ཁྱུད་ནང་འཇའ་རིས་ཕྱི་འོད་སྐོར། ཞིང་ཁམས། རྟ་བབས། པདྨ། རྡོ་ར། མེ་རི་ལ་སོགས་བྱའོ། །དེ་ནས་ཡི་དམ་གང་བྱེད་ཀྱང་ཞི་བ་བྱ། དེ་ནས་ལས་གཞུང་ཀུན་བཟང་དོན་གྱི་ཕྲིན་ལས་ཀྱི་གསལ་གདབ་ལ། ཆོས་སྐྱོང་རིག་འཛིན་མཁའ་འགྲོ་གཞི་བདག་བསྐངས། དད་བརྩོན་གུས་བཏུད་བསྐྱེད་ལ་བླ་མ་ལ་གསོལ་བ་དྲག་ཏུ་གདབ། རྟོགས་པ་སྐྱེ་བའི་སླད་དུ་སྒྲིབ་སྦྱངས་ཡིག་བརྒྱ་ཚོགས་སོགས་མཎྜལ་བྱ། སྟ་གོན་རབ་གནས་འཇུག་ཆོག་བྱས་ཀྱང་བཟང་། མ་བྱས་ཀྱང་ཆོག་སྟེ་སྔོན་འགྲོའོ། །དངོས་གཞི་དབང་བསྐུར་བ་ནི། སེམས་བཟུང་། ངོ་སྤྲད། ལ་བཟླ་བ་བཞིའོ། །དང་པོ་ལྟ་བ་རབ་འབྱམས་ཀྱི་དབང་ནི། དེ་ལ་རྣལ་འབྱོར་མན་ངག་ངེས་པའི་དོན་ལ་མཁས་ཤིང་ཡེ་ཤེས་ལྷུན་གྱིས་གྲུབ་པའི་རང་བཞིན་དུ་གྱུར་ཅིང་། རིགས་པའི་རྒྱལ་པོ་རང་དབང་དུ་གྱུར་པ་ལ། དབང་བསྐུར་མི་དགོས། མ་བསྐུར་ཡོངས་རྫོགས་ཏེ། དེ་ཅིའི་ཕྱིར་ཞེ་ན། ལྷའི་རྒྱལ་པོ་གསར་འགྱུར་ནི། གསེར་དུ་མ་བཏགས་ཀྱང་གསེར་དུ་སྣང་ཡང་གསེར་སྲང་གཅིག་གི་ཟངས་སྲང་བརྒྱད་གསེར་དུ་འགྱུར་བ་བཞིན། བདག་ཉིད་ཆེན་མོ་བྱང་ཆུབ་ཀྱི་དབང་དུ་འགྱུར་ན་དབང་མ་བསྐུར་ཡང་ཐམས་ཅད་ཡེ་ནས་བྱང་ཆུབ་ཀྱི་སངས་རྒྱས་སུ་དབང་བསྐུར་ཞིང་། ཆོས་ཐམས་ཅད་ཡེ་ནས་ལྷུན་གྱིས་གྲུབ་པར་རྒྱུ་འབྲས་ཀྱི་ཆོས་ཐམས་ཅད་དབྱེར་མེད་ལ་སངས་རྒྱས་སེམས་ཅན་གཉིས་སུ་མེད་པ་ནི་དབང་བསྐུར་ན་ཡིད་བཞིན་གྱི་ནོར་བུ་རིན་ཆེན་ལ་ཅི་ལྟར་འདོད་པ་འབྱུང་བ་དང་། འདྲ་བས་ཡེ་ནས་ཡངས་པ་ཆེན་པོའི་ཀློང་ལས་གང་ཡང་མི་རྟོག་ཅིང་། ཀུན་ཏུ་བཟང་མོ་ལ་ཅིར་ཡང་མི་རྟོགས་པས་ལྟ་བ་ཡེ་འབྱམས་ཀྱི་དབང་བསྐུར་བ་ནི། ཆོས་རྣམས་ཐམས་ཅད་ནམ་མཁའི་ཁམས། །དངོས་པོ་མཚན་མ་ཀུན་ལས་འདས། །དེ་ལ་མཁས་པས་བཅོས་སུ་མེད། །དེ་བཞིན་སེམས་ཀྱི་རྣམ་པ་ཀུན། །དེ་བཞིན་ཉིད་དུ་བཅོས་ལས་འདས། །འདི་ལྟར་ཡེ་ནས་ཡིན་རྟོགས་ན། །དབང་རྣམས་བསྐུར་ཡང་ག་ལ་དགོས། །སྟོང་གསུམ་མ་བཅོས་ཆོས་ཉིད་ཀློང་། །སྲིད་གསུམ་ཡེ་ནས་རྣམ་པར་དག །ཁམས་གསུམ་ཕྱག་རྒྱའི་དཀྱིལ་འཁོར་རྫོགས། །དུག་གསུམ་བདུད་རྩི་བྱང་ཆུབ་སེམས། །ལུས་ངག་ཡིད་གསུམ་ཡེ་ཤེས་ལྷ། །ཐམས་ཅད་སྐྱོན་མེད་ཡོན་ཏན་སྣང་། །བདེ་བ་ཆེ་ལས་གཞན་མེད་པས། །ཆོས་རྣམས་ཐམས་ཅད་མ་བསྐུར་རྫོགས། །སངས་རྒྱས་སེམས་ཅན་ཐམས་ཅད་ཀྱང་། །རྒྱུ་དང་འབྲས་བུ་ལ་སོགས་པ། །གཉིས་སུ་མེད་པར་ཡེ་ཤེས་ལས། །བྱང་ཆུབ་སེམས་སུ་དབང་བསྐུར་ཡིན། །མིང་དང་ཚིག་དང་ཡི་གེ་དང་། །ཐེག་པའི་བྱེ་བྲག་ཐམས་ཅད་དང་། །དོན་དམ་གཅིག་པུ་སུས་ཤེས་པས། །བྱང་ཆུབ་སེམས་ཀྱི་དབང་ཐོབ་ཡིན། །བསྐལ་པ་གྲངས་དང་གྲངས་མེད་པར། །དེ་སྙེད་བྱེ་བ་ཅི་འདས་ཀྱང་། །དུས་གསུམ་འགྱུར་བ་མེད་ཤེས་ན། །བྱང་ཆུབ་སེམས་ཀྱི་དབང་ཐོབ་ཡིན། །ལས་དང་ལས་ཅན་ལ་སོགས་པའི། །རྩོལ་ཕོང་བྱ་བ་ཅི་བྱས་ཀྱང་། །བྱང་ཆུབ་དོན་ལ་རྩོལ་མེད་པས། །སངས་རྒྱས་རྣམས་ཀྱི་མ་བརྩལ་བཤད། །ཉོན་མོངས་ལས་དང་སྡུག་བསྔལ་དང་། །དངོས་འཛིན་རྟོག་ཚོགས་ཐམས་ཅད་ཀྱང་། །པདྨ་ཆུས་ནི་མ་གོས་བཞིན། །བྱང་ཆུབ་སེམས་ལ་དགོས་པ་མེད། །དབང་དང་དམ་ཚིག་དེ་དག་ཀྱང་། །དེ་བཞིན་ཕྲིན་ལས་བྱ་བ་ཀུན། །བྱས་པ་སྐྱོན་མེད་ལེགས་པ་ཡི། །མ་བྱས་ན་ཡང་བྱང་ཆུབ་སེམས། །ཕྱི་ཉིད་ལའང་ནང་ཉིད་ཕྱི། །སྣང་བ་ཐམས་ཅད་རང་རིག་ཤར། །བརྗོད་པའི་ཚིག་དང་ཡི་གེ་མེད། །སྐྱེ་ཤི་འཕོ་འགྱུར་རྟོག་མེད་པར། །དེ་བཞིན་མ་བཅོས་བྱང་ཆུབ་སེམས། །མ་བརྩལ་བཞག་པས་གདོད་ནས་དག །འགྱུར་བ་མེད་པར་ལྷུན་གྱིས་གྲུབ། །འདི་ནི་ལྟ་བ་ཡེ་འབྱམ་དབང་། །ཞེས་བརྗོད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱི་དབང་རྣམ་པར་སྣང་མཛད་ཐིག་ལེ་དབང་གི་ལེའུ་ལས། དེ་ནས་དམ་ཚིག་ཉམས་པ་མེད་པའི་དབང་ནི། ཐམས་ཅད་རང་གི་སེམས་ཡིན་པར་ཤེས་ཤིང་ཡེ་ནས་ཀུན་ཏུ་བཟང་མོ་སངས་རྒྱས་པ་ལས། ཕྱོགས་རིས་དང་ཆེ་ཆུང་སྒྲོ་བསྐུར་མེད་པར་ལུང་བསྟན་པར་རྟོགས་པས་དམ་ཚིག་ལ་ཉམས་པ་མེད་པས་དབང་ཡང་མ་ཐོབ་པ་མེད། སྤྱོད་པ་མ་སྤངས་ལྷུན་གྲུབ་ཀྱི་དབང་ནི། ཞེས་བྱས་ཅི་སྤྱོད་འདྲེ་ལོག་སྤྱི་ཚིག་གང་བྱས་ཀྱང་། སྙིང་པོ་བྱང་ཆུབ་སེམས་ལས་མ་གཏོགས་པ་གང་དུ་ཡང་འགྱུར་བ་མེད་པས། ནམ་མཁའ་ཚོན་གྱི་མི་ཞན་བཞིན་དུ། སྤྱོད་པ་ཅི་སྤྱོད་བཞིན་ཐམས་ཅད་ཀྱི་མཛད་སྤྱོད་ལྷུན་གྱིས་གྲུབ་པ་ལ་དབང་ཡང་ཐོབ་པའོ། །གྲུབ་པ་མཐར་ཕྱིན་པའི་དབང་ནི་སྐྱོན་དང་ཡོན་ཏན། བདེ་བ་དང་སྡུག་བསྔལ་གཉིས་མེད་གཅིག་གི་རྒྱན་དུ་གྱུར་ཏེ། ཅི་བྱས་ཆུད་མི་ཟ་བར་འཁོར་བ་ཉིད་མྱ་ངན་ལས་འདས་པར་ལྷུན་གྱིས་གྲུབ་པར་ཐེ་ཚོམ་མེད། ཡིད་ཆེས་པར་གྲུབ་པ་མཐར་ཕྱིན། དབང་ཡོངས་སུ་རྫོགས་པར་ཐོབ་པའོ། །ཕྲིན་ལས་བྱ་བ་རྩལ་མེད་པའི་དབང་ནི། ཡེ་གདོད་མ་ནས་སངས་རྒྱས་མིན་ན། སོལ་བ་དང་འདྲ་སྟེ། ཡེ་ནས་སངས་རྒྱས་ཡིན་པས་གསེར་དང་འདྲ་ལ། ཡིན་པའི་དོན་མ་ཡེངས་ནས་སེམས་ཉིད་སངས་རྒྱས་ཡིན་པས། གནས་ལུག་དེའི་ངང་ལས་མ་གཡོས་ན། སེམས་ལ་མཐའ་དབུས། སྐྱེ་འཆི། འཕོ་འགྱུར་མེད་པས་དེའི་ངང་ལས་མ་ཡེངས་བ་དེ་ལ། འཛིན་རྟོགས་ཐམས་ཅད་ཀྱང་སྐྱེ་མེད་ཀློང་དུ་ཤེས་པས་འཁོར་བ་ཡང་མ་གྲུབ། སྡུག་བསྔལ་ཡང་སྟོང་། ཡོན་ཏན་རྫོགས། གཤིས་ཐོག་ལས་མ་ཡེངས་ཤིག །དེས་ན་ཕྲིན་ལས་བརྩལ་དུ་ཡང་མེད་པས་དབང་ཡང་ཐོབ་བོ། །དེ་ཡང་དབང་ནི། སངས་རྒྱས་ཀྱི་དབང་། ཡོད་ནི་རང་གི་སེམས་ལ་ཡོད། ཐོབ་ནི་བླ་མ་ལ་ཐོབ། མཐར་ནི་མ་ཡང་ནས་ཕྱིན། གྲུབ་ནི་མ་བཅོས་ན་གྲུབ། དགོངས་པ་ཉག་གཅིག་ཏུ་འདུས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱི་དབང་ངོ་། །དེ་ནས་དབང་དེ་ཆགས་པའི་རྟེན་དུ་ཨ་ཏི་ཡོ་ག་དང་སྒོམ་ཆེན་པོ་གསལ་གདབ་པའི་ཕྱིར། གཉིས་པ་སེམས་བཟུང་བ་ནི། དེའང་སྙིང་གི་དཀྱིལ་དུ་ཐིག་ལེ་དཀར་པོ་སྒོ་ང་ཙམ་ཞིག་བསྒོམ་བཞིར་རེ་རེ་དེ་ནས་འོད་ཟེར་སྤྱི་གཙུག་ཚངས་པའི་བུ་ག་ན་ཡར་སྐར་མདའ་ལྟར་ཐོན། ཐིག་ལེ་གཅིག་དེས་ཐིག་ཕྲན་བསམ་གྱིས་མི་ཁྱབ་པ་འཕྲོ་ཇེ་ཆེ་ཇེ་ཆེ་མང་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁེངས། ཐིག་ཕྲན་ཐམས་ཅད་ཚུར་འདུས་ཐིག་ལེ་བཞི་པོ་ལ་ཐིམ། ཐིག་ཕྲན་དང་བཞི་པོ་གཉིས་སུ་མེད་པ་སྲས་བདེ་བ་ཆེན་པོའི་ངང་ལ་བཞག །དེའང་ཡིད་ཀྱི་མ་བསླད་པ། གསལ་ལ་རྟོག་པ་མེད་པ་དེ་ཡེ་ཤེས་ཆེན་པོ་ཡིན་ནོ། །དེ་རྒྱུན་དུ་སྐྱོང་བའི་ཕྱིར། ལུས་ཕྱི་བསྡོམས། ཁོང་ཀློང་མ་ཡེངས་བ་ཙམ་གསལ་འདེབས་པའོ། །དེའང་དེས་སྒེག་མོས་མེ་ལོང་མ་བལྟས་པ་བཞིན་ཡང་བལྟ་ཡང་བལྟ་སེམས་ལ་བལྟ། སྤང་ལ་གཡང་མོ་སྐྱོང་བ་བཞིན། །ཡང་སྐྱོང་ཡང་སྐྱོང་སེམས་ལ་སྐྱོངས། །བྱིས་སྦས་སྐོང་ཚ་ཉུལ་བ་བཞིན། །ཡང་ཉུལ་ཡང་ཉུལ་སེམས་ལ་ཉུལ། །ཅེས་པ་སྟེ། གདམས་ངག་གཡུ་ཐང་ལས་ཀྱང་། རིག་པ་རྩལ་གྱི་དབང་བསྐུར་མན་ངག་རིན་པོ་ཆེ། གསེར་གླིང་དུ་ཕྱིན་པ་ལྟ་བུ། སྣང་སྲིད་ཆོས་སྐུར་མཐོང་བ་སྟེ། ཉོན་མོངས་པ་བླང་གི་བལྟ། འཇིགས་པ་དང་། མི་གཙང་བ་དང་། ཡུལ་བཟང་ངན། འགལ་རྐྱེན་ཐམས་ཅད་ལས་སེམས་ཡོངས་སུ་བཅུག་ཀྱིན་བལྟའོ། །དེ་ཡང་གཉིས་མེད་ཡེ་ཤེས་རང་ཤར་དེ་ལྟ་བ། དེའང་ངང་ལ་གནས་པ་དེ་སྒོམས་པ། དེ་དང་མི་འབྲལ་དེ་སྐྱོང་བ། དེ་ལ་མི་འདའ་བ་དམ་ཚིག་གི། །དེ་ལ་ཅེར་ཅེར་བལྟ། ཏུར་ཏུར་དྲན་བར་བྱ་མི་དགོས་པ་དེ་གནང་། མཚན་འཛིན་འབད་རྩོལ་རང་སར་གྲོལ་བ་སྲོག་གོ། །དེའང་སྣང་བ་ཉིད་ན་ངོ་བོ་མེད། དེ་ཉིད་ཆོས་ཆེན་ཡིན། ཞེས་སོ། །གོལ་སའི་འཕྲང་ནི། དོན་རང་གི་མཚན་ཉིད་མ་རྟོག་པར་ཚིག་ཕྱིར་འབྲང་ན་ཕྱིའི་མཚན་དུ་ཤོར་ནས། རྟོག་ཆོས་གོ་ཡུལ་དུ་ལུས་ཉན་ཡོད། གསུམ་པ་ངོ་སྤྲད་པ་ནི། དཔེ་དོན་ཕྱི་ནང་གི་དལ་ལ། རང་གི་སེམས་བླ་མ་ཀུན་བཟང་ཡབ་ཡུམ། དེ་ཉིད་རིག་ལྔ། སེམས་དཔའ་བཞི། ཁྲོ་བོ། ཐུབ་པ་དྲུག །པན་ཆེན་ཉི་ཤུ་རྩ་གཅིག་དང་རྩ་རྒྱུད་བླ་མའི་བར་དུ་གནས། འཁོར་ལོ་ལོངས་སྤྱོད་བཅས་པའི་རྩལ་དུ་ཤར་བ་ཡིན་ནོ། །དེ་ཡང་གཞི་དོན་གྱི་ཀུན་གཞི་དང་ཡུལ་ཆོས་ཀྱི་དབྱིངས་ནི་ཀུན་བཟང་རྡོར་སེམས་ཡབ་ཡུམ་ཡིན་ནོ། །སྟོང་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ཡང་ཐེག་དམན་ལ་གསང་སྟེ་དཀོན་མཆོག་ཅེས་པ་སྟེ། ཐེག་ཆེན་དུ་གཞི་ལ་སངས་རྒྱས་ཡོད། ཅེས་བསྙེན། སྔགས་སུ་ད་ལྟ་སངས་རྒྱས་ཡིན། ཞེས་བསྟན་ཏེ། ཐེག་པའི་ཁྱད་པར་རོ། །སྦྱོར་བ་དོན་གྱི་ཀུན་གཞི་དང་། ཡུལ་སྣོད་བཅུད་རྣམ་པར་སྣང་མཛད་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ནི་ཡིད་ཀྱི་རྣམ་ཤེས་དང་། ཡུལ་ཆོས་རིན་ཆེན་འབྱུང་ལྡན་མཉམ་པ་ཉིད་ཀྱི་ཡེ་ཤེས། ཉོན་མོངས་པ་ཅན་གྱི་ཡིད་དང་ཡུལ་ལྔ་བདག །འོད་དཔག་མེད་ནི་སོ་སོར་རྟོགས་པའི་ཡེ་ཤེས་སྒོ་ལྔའི་རྣམ་ཤེས་དང་། ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་དོན་གྲུབ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །མིག་ཤར་མེ་ལོང་། སྣ་ལྷོ་མཉམ་ཉིད། ལྕེ་ནུབ་སོར་རྟོག །སྣ་བྱང་དོན་གྲུབ། ལུས་སྒོ་བཞི་དབྱིངས་སུ་སྒྲོལ་བའི་ཡེ་ཤེས་ཀུན་གཞི་འདའ་ཀ་ཐུགས་ཀྱི་ཡེ་ཤེས། ཡིད་སྟོང་པ་ཉིད་མི་གནས་ཁྱབ་པའི་ཡེ་ཤེས། ཉོན་ཡིད་ཀློང་དུ་གྱུར་པའི་ཡེ་ཤེས་ཏེ། ཡེ་ཤེས་དེ་དག་ཀྱང་། སྣང་བ་ཆོས་ཉིད་ཡེ་ཤེས་དང་། རིག་པ་རང་བྱུང་ཡེ་ཤེས་གཉིས་དབུས་ཀྱི་རྩ་མདུད ། དེ་ལས་ཡེ་ཤེས་བཞིའི་རྩ། དེའི་གཡས་གཡོན་གསུམ་གསུམ། མདུན་རྒྱབ་ལ་རེ་རེ་བརྒྱད་ལ། ཕྱོགས་བཞིར་བཞི་ལྡན་གྱི་དགའ་བ། བཅུ་དྲུག་རྩ་འདབ་ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དང་། ནང་ལུས་ཀྱིས་སྙིང་རྩ་དང་། གསང་བ་སེམས་ཀྱི་དེ་ཁོ་ན་ཉིད་བླ་མའི་ཐུགས་ཀྱི་དཀྱིལ་འཁོར་ལས་བསྟན་པའོ། །བཞི་པ་ལ་བཟླ་པ་ནི། དམར་ཐག་བཅད་པ་རྡོ་རྗེ་སེམས་དཔའི་གཏེར་བཤགས་བྱ་བ་ནི། ཧཱུྃ། ཆོས་ཉིད་མ་བཅོས་དོན་ཉིད་མ་ཤེས་ན། །ཇི་ལྟར་བརྟག་པས་སྡུག་བསྔལ་ཉིད་དུ་འགྱུར། །ལྟ་བ་ཀུན་ཏུ་བཟང་ལ་མཐོལ་བཤགས་ན། །རྣམ་དག་གཏོར་མའི་མཆོད་པ་བཞེས་སུ་གསོལ། །སེམས་ཉིད་མ་ཡེང་དོན་ཉིད་མ་ཤེས་ན། །ཅི་ལྟར་སྒོམ་ཀྱང་སྡུག་བསྔལ་ཉིད་དུ་འགྱུར། །ཏིང་འཛིན་ཀུན་ཏུ་བཟང་ལ་མཐོལ་བཤགས་ན། །རྣམ་ཤེས་གཏོར་མའི་མཆོད་པ་བཞེས་སུ་གསོལ། །རང་བཞིན་ལྷུན་གྱིས་གྲུབ་པར་མ་ཤེས་ན། །ཅི་ལྟར་བསྒྲུབ་ཀྱང་སྡུག་བསྔལ་ཉིད་དུ་འགྱུར། །ཕྲིན་ལས་ཀུན་ཏུ་བཟང་ལ་མཐོལ་བཤགས་ན། །སྲོག་དབུག་གཏོར་མའི་མཆོད་པ༴ ཕུང་པོ་རྒྱལ་བའི་སྐུ་རུ་མ་ཤེས་ན། །ཅི་ལྟར་བསྐྱེད་པས་སྡུག་བསྔལ་ཉིད་དུ་འགྱུར། །རང་བཞིན་ཀུན་ཏུ་བཟང་ལ་མཐོལ་བཤགས་ན། །འབྱུང་བ་གཏོར་མའི༴ གཟུང་མ་ཤེས་རབ་ཉིད་དུ་མ་ཤེས་ན། །ཅི་ལྟར་སྤྱད་ཀྱང་སྡུག་བསྔལ༴ དམ་ཚིག་ཀུན་ཏུ་བཟང་ལ་མཐོལ་བཤགས་ན། །ཐིག་ལེ་གཏོར་མའི་མཆོད་པ༴ རང་བྱུང་གདོད་ནས་དག་པར་མ་ཤེས་ན། །ཅི་ལྟར་བརྩལ་ཡང་སྡུག་བསྔལ་ཉིད་དུ་འགྱུར། །རྣམ་དག་ཀུན་ཏུ་བཟང་ལ་མཐོལ་བཤགས་ན། །ཤ་ཁྲག་གཏོར་མའི༴ ལོངས་སྤྱོད་སྒྱུ་མ་ཡིན་པར་མ་ཤེས་ན། །ཇི་ལྟར་བསགས་ཀྱང་སྡུག་བསྔལ༴ སྤྱོད་པ་ཀུན་ཏུ་བཟང་ལ་མཐོལ་བཤགས་ན། །ཡོ་བྱད་གཏོར་མའི༴ ཕྱི་ནང་སྣོད་བཅུད་གཏོར་མ་རབ་བསྡུས་ནས། །ཐུགས་རྗེ་སྤྲུལ་པའི་གཏོར་མར་རབ་སྤྲུལ་ཏེ། །ཡེ་ཤེས་རོལ་པའི་གཏོར་མར་འབུལ་ལགས་ཀྱི། །ཆོས་ཉིད་དབྱིངས་ཀྱི་གཏོར་མར་བཞེས་སུ་གསོལ། །ཅེས་བརྗོད་ལ། རིག་འཛིན་གྱི་དགོངས་ཉམས་བསྐུར་བའི་གླུར་བླང་། ཙཀླིའི་དབང་བསྐུར། བླ་མས་གཙོ་བུམ་བཟུང་ལ། ཧཱུྃ། རྩལ་ཆེན་རྫོགས་པའི་དབང་ཡིན་པས། །རྫས་དང་ཚིག་དང་གདམ་ངག་དང་། །ཀུན་རྫོབ་རང་ལ་རག་མ་ལུས། །ཆོས་ལ་སེམས་ཀྱི་དབང་བསྐུར་རོ། །ན་མོ། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་བྱིན་གྱིས་བརླབས་ཀྱི། སྐལ་ལྡན་རིགས་ཀྱི་བུ་ལ་གསང་དབང་རྫོགས་པའི་ཆུ་བོས་དབང་བསྐུར་བས། དོན་དམ་རྩོལ་མེད་རྩལ་རྫོགས་ཀྱི་དབང་དམ་པ་ཐོབ་པར་གྱུར་ཅིག །ཆོས་ཉིད་དངོས་པོ་མེད་པའི་ཡེ་སྟོང་འདི། །ལྟ་བ་འདི་དང་མི་འབྲལ་འགྲོགས་པར་ཤོག །ཆོས་ཉིད་ཉམས་མྱོང་མེད་པའི་བདེ་སྟོང་འདི། །བསྒོམ་པ་འདི་དང་མི་འབྲལ་འགྲོགས་པར་ཤོག །སེམས་ཉིད་བཅོས་པ་མེད་པའི་རང་སྟོང་འདི། །སྤྱོད་པ་འདི་དང་མི་འབྲལ་འགྲོགས་པར་ཤོག །ཆོས་ཉིད་འགྱུར་བ་མེད་པའི་བློ་འདས་འདི། །འབྲས་བུ་འདི་དང་མི༴ ཅི་ལྟར་སྨོན་པའི་འབྲས་བུ་འགྲུབ་པར་ཤོག །སྨོན་ལམ་གྱི་མཐུ་བཙན་པར་གྱུར་ཅིག །དེ་ཁོ་ན་ཉིད་ཀྱི་དོན་ལ་གནས་པར་གྱུར་ཅིག །ཅེས་བརྗོད་ལ། མགོ་བོ་ཉིད་ཀར་རིག་པ་བསྟིམ། བུམ་ཆུས་ཁྲུས་བྱ་བཏུད་དོ། །དེ་ནས་སློབ་མ་རྣམས་མོས་གུས་དང་བ་ཆེན་པོ་རྩེ་གཅིག་པས། རྗེ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ་མཆིའོ། །རྗེ་སྤྲུལ་པའི་སྐུ་ལ་སྐྱབས༴ བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །ཞེས་གསོལ་བ་བཏབ་ལ། ཕཊཿ བྱས་ལ་ས་ལེ་ཧྲིག་གེ་རང་སར་བཞག་གོ། །དེའང་རྣལ་འབྱོར་གྱི་ཚུལ་ནི། གདོན་མ་ཞུགས་པའི་སྨྱོན་པ་ལྟ་བུ་ཤེས་བྱ་ཅིག་ཆོས་ཉིད་ཀྱི་ཉམས་འཆར་རོ། །འདིར་འགག་དྲུག་ནི། གང་གི་གང་ལ་གང་འདུ་གང་བསྟེན་པ། ཅིས་ཕྱིར་དགོས་པ་མཆོག་ཏུ་ཡེ་གནས་པ། །འདིས་ནི་ནང་གི་འགག་དྲུག་བསྟན་པ་ཡིན། །ཞེས་ཏེ། གང་གི་བསྐུར་བའི་སློབ་དཔོན་ནི། ཆོས་སྐུ་ཀུན་ཏུ་བཟང་མོ་ནས་རྩ་བའི་བླ་མའི་བར། དབང་བྱིན་རླབས་ཀྱི་བརྒྱུད་པ་དངོས་གྲུབ་དང་ལྡན་པའོ། །གང་གི་བསྐུར་བའི་སློབ་མ་ནི། སྐལ་ལྡན་དད་བརྩོན་བརྟུལ་བཞུགས་པ་དང་ལྡན་པའོ། །གང་བསྟེན་པའི་ཆོས་རྣམས་ནི་རིག་པ་རྩལ་གྱི་དབང་ངོ་། །གང་དུ་བསྐུར་བའི་གནས་ནི། འོག་མིན་ལ་སོགས་པའོ། །ཅི་ཕྱིར་ན། རང་ལ་ཡོད་པའི་ཆོས་ཉིད་ཀྱི་དོན་དེ་ངོ་ཤེས་གསལ་གདབ་པའི་ཆེད་དུའོ། །དེའི་དགོས་པ་འབྲས་བུ་ནི། འཇིག་རྟེན་མཐོ་རིས་ནས། ཡི་གེ་འཁོར་ལོ་ཡེ་ཤེས་བླ་མའི་བར་གྱུར་གྱིས་ཐམས་བཅད་དུས་གཅིག་ཏུ་བསྒྲོད་དོ། །གཅིག་ཤེས་ཀུན་གྲོལ་ལྟ་བའི་ཀློང་ཞེས་བྱ་བའོ། །དེ་ནས་ནམ་ལང་པ་དང་། དལ་བསྡུ་ལས་བཞིའི་བྲོ་བྱ་བ་ནི། ༀ་བྷྲཱྃ་བྷི་ཤ་བྷི་ཤུདྡྷེ། བྷུདྡྷ་ཤྲཱི་ཧེ་རུ་ཀ །བྷུདྡྷ་ཀྲོ་ཏི་ཤྭ་རི་ཧཱུྃ་ཧ་ཧེ་ཕ྄ཊ། བྷྱོཿརཾ། ཧཱུྃ། གཏི་མུག་རྡོ་རྗེ་འཁོར་བཅས་ཀྱི། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །ཡུད་ཙམ་གྱི་ནི་ཞི་མཛད་པ། །ཞི་བའི་ལས་རྣམས་གྲུབ་པར་མཛད། །ༀ་སུམྦྷ་ནི་སུམྦྷ་ནི་ཧཱུྃ། གྷྲྀཧྞ་པ་ཡ་ཧཱུྃ། ཨ་ན་ཡ་ཧོ་བྷ་ག་ཝན་བྷི་ཡ་ར་ཙ་ཧཱུྃ་ཕ྄ཊ། ཧོཿ བཅོམ་ལྡན་འདས་བྷུདྡྷ་ཧེ་རུ་ཀ་འཁོར་དང་བཅས་པའི་ལྷ་ཚོགས་ལ་ཕྲིན་ལས་སུ་སྙན་དུ་གསོལ་བ་ནི། བདག་ཅག་རྣམས་ཀྱི་སྡང་བའི་དགྲ་དང་། གནོད་པའི་བགེགས་དང་ཡ་མ་དམ་སྲི་ལ་སོགས་པ་ལས་དང་ཉོན་མོངས་པ་ཐམས་ཅད་ཞི་བར་མཛད་དུ་གསོལ། ཤིནྟང་ཀུ་རུ་ཡེ་སྭཱ་ཧཱ། མ་བྷྲ྄ཱུྃ་བྷི་ཤ་བྷི་ཤུདྡྷེ་རཏྣ་ཤྲཱི་ཧེ་རུ་ཀ །རཏྣ་ཀྲོ་ཏི་ཤྭ་རི་ཧཱུྃ། ཧཱུྃ་ཧ་ཧེ་ཕཊ། བྷྱོ་རཾ། ཧཱུྃ། ང་རྒྱལ་རྡོ་རྗེ་འཁོར་བཅས་ཀྱི། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །དཔལ་དང་གཟི་བརྗིད་ཆེན་པོ་རྣམས། །ཡུད་ཙམ་གྱི་ནི་རྒྱས་པར་མཛོད། །སུམྦྷ་ནི༴ འདྲེས་སོ། །ཧོཿ བཅོམ་ལྡན་འདས་རཏྣ་ཧེ་རུ་ཀ་འཁོར་དང་བཅས་པའི་ལྷ་ཚོགས་རྣམས་ལ་ཕྲིན་ལས་སྙན་དུ་གསོལ་བ་ནི། རྣལ་འབྱོར་པ་བདག་ཅག་རྣམས་ཀྱི་ཚེ་དང་བསོད་ནམས་དཔལ་དང་གཟི་བརྗིད་ཆེན་པོ་རྣམས་ཟླ་བ་ཡར་གྱི་ངོ་བཞིན་དུ་འཕེལ་ཞིང་རྒྱས་པའི་ཕྲིན་ལས་མཛད་དུ་གསོལ། པུཥྚིང་ཀུ་རུ་ཡེ་སྭཱ་ཧཱ། བཾ་བྷྲཱུྂ་བི་ཤ་བི་ཤུདྡྷེ་པདྨ་ཧེ་རུ་ཀ་པདྨ་ཀྲོ་ཏི་ཤྭ་རི་ཧཱུྃ་ཧ་ཧེ་ཕ྄ཊ། ཧཱུྃ། འདོད་ཆགས་རྡོ་རྗེ་འཁོར་བཅས་ཀྱི། །འཇིག་རྟེན༴ ཐམས་ཅད་དབང་དུ་བསྡུས་ནས་ཀྱང་། །དབང་དུ་མ་གྱུར་གང་ཡང་མེད། །སུཾ་བྷ༴ ཧོཿ བཅོམ་ལྡན་འདས་པདྨ་ཧེ་རུ་ཀ་འཁོར་དང་བཅས་པའི་ལྷ་ཚོགས་རྣམས་ལ་ཕྲིན་ལས་སུ་གསོལ་བ་ནི། བདག་ཅག་རྣམས་ལ་མི་ཕན་པ་དང་། མི་མཛའ་བ་ལ་སོགས་ཐམས་ཅད་འདུ་བར་མཛད་དུ་གསོལ། །པ་ཤང་མ་ན་ཡེ་སྭཱ་ཧཱ། ཨེ་བྷྲཱུྂ་བི་ཤ་བྷི་ཤུདྡྷེ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་ཏི་ཤྭ་རི་ཧཱུྃ་ཧ་ཧེ་ཕ྄ཊ། བྷྱོ་རཾ། ཧཱུྃ། ཞེ་སྡང་རྡོ་རྗེ་འཁོར་བཅས་ཀྱི། །འཇིག་རྟེན༴ ཐལ་བ་རྡུལ་དུ་བརླག་ནས་ཀྱང་། །དྲག་པོའི་ལས་རྣམས་གྲུབ་པར་མཛོད། །སུམ་བྷ་ནི༴ འགྲེས་སོ། །ཧོཿ བཅོམ་ལྡན་འདས་བཛྲ་ཧེ་རུ་ཀ་འཁོར་དང་བཅས་པ་རྣམས་ལ་ཕྲིན་ལས་སུ་བཅོལ་བ་ནི། བདག་ཅག་རྣམས་ལ་སྡང་བའི་དགྲ །གནོད་པའི་བགེགས། བསམ་སྦྱོར་ངན་པ་བྱེད་པ་རྣམས་ཐལ་བ་བཞིན་དུ་བརླག་པའི་ཕྲིན་ལས་མཛད་དུ་གསོལ། །སུམ་བྷ་ནི༴ འགྲེས་སོ༴ ར་ཤ་མ་ར་ཡ་ཧཱུྃ་ཕཊ། ཅེས་བརྗོད་ལ། ལྷག་མ་བཏང་སྟེ། བསྟན་མ་སྐྱོང་བ་ནི། ༀ་བཛྲ་མ་ཧཱ་ཀྲོ་ཏ་ཤྲཱི་ཧེ་རུ་ཀ་ཨ་ཨ་ཨཱ་ཧཱུྃ་ཕ྄ཊ། ཧོཿ བཅོམ་ལྡན་འདས་དཔལ་ཧེ་རུ་ཀའི་འཁོར་ནག་མོ་ཆེན་མོ་བཞིན་མི་སྡུག་པའི་བུ་མོ་ཆེན་མོ་བཞི༴ ཞིང་བཅུ་རྡུལ་དུ་རློག །བསམ་པ་ཆོས་བཞིན་བསྒྲུབ། བར་ཆད་འགལ་རྐྱེན་བཟློག །དངོས་གྲུབ་མ་ལུས་སྩལ་དུ་གསོལ། ཡ་ཧི་གཙྪ། རྒྱལ་བ་མཆོད་པས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་བསྐང་གྱུར་ཅིག །ཕ་མ་ལ་སོགས་འགྲོ་དྲུག་ལ། །ཚད་མེད་གཏོར་མ་འདི་བསྔོས་པས། །ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་ནས། །ཐམས་ཅད་སངས་རྒྱས་མྱུར་ཐོབ་ཤོག །དེ་ནས་ནང་དུ་འོང་ལ་དུག་གསུམ་སྦྱིན་སྲེག་བྱ། དངོས་གྲུབ་གཏེར་སྦ་བ་ནི། དལ་རྩར་དང་པོ་ཟླུམས་བྲུས་ལ་དམར་སེར་བྱུག །སྨན་རཀ་གི་ཆག་ཆག་གདབ། བྷྲཱུྂ་ལས་གཞན་ཡས་སུ་དམིགས་ལ། ཧཱུྃ། ས་ཡི་ལྷ་མོའི་མཁའ་དབྱིངས་སུ། །ཁྲག་འཐུང་རིགས་ལྔའི་གཏེར་སྦེད་དོ། །བདུད་རྩི་ལྔ་ཡི་གཏེར་སྦས་པས། །ཧེ་རུ་ཀ་ཡི་མདུན་བསུས་ནས། །ཡེ་ཤེས་ལྔ་ཡི་དོན་རྟོགས་ཤོག །ཡེ་ཤེས་ལྔའི་རྒྱས་གདབ་བོ། །ཧཱུྃ། ས་ཡི་ལྷ་མོའི༴ དབྱིངས་ཕྱུག་ལྔའི་གཏེར་སྦེད་དོ། །ཤ་ཁྲག་རུས་པའི་གཏེར་སྦས་པས། །ཡུམ་ཆེན་ལྔ་ཡི་མདུན་བསུས་ནས། །གསང་བའི་མཛོད་དང་འཕྲོད་པར་ཤོག །སྐྱེ་མེད་དབྱིངས་ཀྱི་རྒྱས་གདབ་བོ། །སའི་ལྷ་མོའི༴ ཁྲོ་མོ་བརྒྱད་ཀྱི་གཏེར་སྦེད་དོ། །རྣམ་ཤེས་བརྒྱད་ཀྱི་གཏེར་སྦས་པས། །མ་མོ་བརྒྱད་ཀྱི་མདུན་བསུས་ནས། །གསང་བའི་རྫས་དང་འཕྲད་པར་ཤོག །ས་ཡི་ལྷ་མོའི་མཁའ་དབྱིངས་སུ། །ཕྲ་མེན་བརྒྱད་ཀྱི་གཏེར་སྦེད་དོ། །གསང་བའི་དམ་རྫས་གཏེར་སྦས་པས། །མགོ་བརྙན་བརྒྱད་ཀྱི་མདུན་བསུས་ནས། །འདོད་ཡོན་ལྔ་དང་འཕྲད་པར་ཤོག །རང་རིག་ཡེ་ཤེས་རྒྱས་གདབ་བོ། །སའི་ལྷ་མོ༴ སྒོ་མ་བཞི་ཡི་གཏེར་སྦེད་དོ། །རྣམ་པ་བཞིའི་གཏེར་སྦས་པས། །ཁྲོ་མོ་བཞིའི་མདུན་བསུས་ནས། །བདུད་བཞི་འཇིགས་ལས་ཐར་བར་ཤོག །རིག་པ་ཡེ་ཤེས་རྒྱས་གདབ་བོ། །སའི་ལྷ་མོའི༴ དབང་ཕྱུག་ཆེན་པོའི་གཏེར་སྦེད་དོ། །དམ་ཚིག་བདུད་རྩིའི་གཏེར་སྦས་པས། །དམ་ཅན་རྣམས་ཀྱི་མདུན་བསུས་ནས། །བདུད་རྩི་ཟས་དང་འཕྲད་པར་ཤོག །རང་རིག་ཡེ་ཤེས་རྒྱས་གདབ་བོ། །སའི་ལྷ་མོའི༴ ཁྲོ་བོ་བཅུའི་གཏེར་སྦེད་དོ། །དམ་རྫས་རུས་པའི་གཏེར་སྦས་པས། །ཁྲག་འཐུང་རྣམས་ཀྱིས་མདུན་བསུས་ནས། །རྡོ་རྗེའི་གྲལ་དང་འཕྲད་པར་ཤོག །རང་རིག་ཡེ་ཤེས་རྒྱས༴ རྡོ་རྗེ་སློབ་དཔོན་མཆེད་ལྕམ་གྱི། །དམ་རྫས་གཏོར་མ་གཏེར་སྦས་པས། །ཟག་མེད་གཏེར་ལ་ལོངས་སྤྱོད་ཅིང་། །གསང་བའི་དལ་དང་དངོས་གྲུབ་རྣམས། །འདོད་ཡོན་ལྔ་ཡི་ལོངས་སྤྱོད་ཀྱི། །འགྲོ་བའི་རེ་འདོད་བསྐང་བར་ཤོག །ཅེས་བརྗོད་ལ། དེ་ནས་ཕྱི་རོལ་ཐོའི་རྩར། དཀར་གཏོར་ཆ་བཞི་བཤམས་ལ། བྱང་ནས་རིམ་པ་བཞིན། གཏོར་མ་དང་མཆོད་པ་ལྔ་སྔགས་ཀྱི་འབུལ་ལ། རི་རྒྱལ་ལྷུན་པོའི་ཚན་བཞིས་བསྟོད་ཅིང་། ཨ་ཧི་གཙྪས་གཤེགས་སུ་གསོལ། ཐོ་བསྐྱིལ། མཚམས་ཕུར་དང་ཡེ་ཤེས་ལྔའི་སྒོ་བྱང་ལ་སྐུ་ཁྲུས་གསོལ་ལ། དབེན་པར་བཞུགས་སུ་གསོལ་བར་ཆད་བགེགས་ཀྱི་སྒོ་བྱང་། དེ་ལ་ཆོག་ཕུར་དང་། དར་གྱི་ཅོད་པན་གཅིག་ཏུ་བདུད་རྩི་འཁྱིལ་བར་བསྐྱེད། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ལ་དཀྱིལ་འཁོར་གྱི་འོག་ཏུ་བཅུག་ལ་ཕུར་པ་དེ་བཏག །བདུད་རྩི་ཐིག་གཅིག་བླུག་ནས་བྱང་ཆུབ་ཀྱི་སེམས་མ་སྐྱེས་ཀྱི་བར་དུ་མི་ཐར་བར་བསམ་མོ། །དེ་ལས་རྗེས་བཀྲ་ཤིས་པར་འགྱུར་རོ། །དེ་ནས་བཀྲ་ཤིས་བརྗོད། སྟོན་མོ་བྱ། དགའ་སྟོན་ལ་རོལ་ལོ། །མདོ་དབང་རྒྱལ་ཆེན་རྒྱལ་མཚོ་ལྟ་བུ་ལས། བདག་བློའི་རྣམ་དཔྱོད་དང་མཆུ་ལྟ་བུའི་བློ་ས་འཐོར་ཞིང་དུ་མར་སྣང་བའི་ལས་ཁྲིག་རྣམས། གཅིག་ཏུ་སྡེབ་པའི་དབང་མཆོག་རིན་ཆེན་ཕྲེང་། །དགྱེས་པའི་དགེ་བ་གང་ཐོབ་བསོད་ནམས་ཀྱི། །ཁམས་གསུམ་འགྲོ་ཀུན་རྡོ་རྗེ་འཛིན་ཐོབ་ཤོག །ཅེས་པ་མདོའི་དབང་ཆོག་རྒྱ་ཆེ་ཞིང་དུ་མར་སྣང་ཡང་། ཕྱག་ལེན་ཅུང་ཞིག་མི་འདྲ་བ་འདུག་ན་ཡང་། འདི་ནི་ཟུར་ཧམ་ཤཀྱ་འབྱུང་གནས་ཀྱི་དེ་རྣམས་ཀྱི་ནང་ནས་ཆོ་ག་དབང་བསྐུར་གྱི་ཕྱག་ལེན་མང་དུ་མཛད་པ་མཐོང་བ་དང་། ཡང་དེ་ཉིད་ཀྱི་ཁྱོད་ཀྱི་མདོ་དབང་ཆོག་ཁྲིད་བདེ་ཀ་འདི་ལྟར་གྱིས་གསུངས་པའི་བཀའ་དང་། བདག་བློས་རྣམ་དཔྱོད་ཀྱི་ཀྱུ་རུ་ལུགས་སུ་བསྟས་པས་ཆོག་པའི་དབང་ཆོག་རིན་ཆེན་ཕྲེང་བ་ཅེས་བྱ་བ་འདི། ཆོས་སྨྲ་བའི་དགེ་སྦྱོངས། དམྱལ་བ་བདེ་ལེགས་པ་ཞེས་བྱ་བས། ཟུར་ཐམས་ཅད་མཁྱེན་པའི་ཕྱག་ལེན་ཅི་ལྟ་བ་བཞིན་དུ། གཡས་རུ་ཡང་དབེན་དུ་གྲུབ་པ་རྫོགས་སོ། །མངྒ་ལམ་བྷ་ཝནྟུ། ༀ་སྭ་སྟི། མདོ་རྒྱུད་མན་ངག་ཆུ་གཏེར་ཆེན་པོ་ལས། །བདེ་ལེགས་རྣམ་དཔྱོད་དྲི་བཞོམ་གྱི་བསྲུབ་པས། །དབང་ཆོག་དོན་གསལ་རིན་ཆེན་ཕྲེང་མཛེས་འཁྲུངས། །རང་གཞན་བསྒྲུབ་མཆོག་སྐྱེས་བུ་འགུལ་རྒྱན་མཛོད། །ཅེས་ཀྱང་བྱས་ཏེ་གཡས་རུ་ཚ་ལ་སྒོང་གི་དགོང་དུ་སྤྲང་འཁྱམ་དཀོན་འབུམ་གྱི་ཞལ་བཤོས་སུ་བསྒྲུབ་པ་ཡིན། སྨིན་དྲུག་ཟླ་བའོ།། །།
༄༅ ། །མདོ་དབང་ས་བཅད་བདུན་ཡོད། དཀྱིལ་འཁོར་གྱི་སྐང་གྲངས་ཡོད།
ༀ་སྭ་སྟི། མདོའི་ཐེག་པ་ཡངས་རྫོགས་ཀྱི་དབང་འདི་ལ། རྒྱས་འབྲིང་བསྡུས་གསུམ་སྟེ། རྒྱས་པ་ལའང་། ཕྲེང་བའི་ལུགས་སུ་བསྐུར་བ་དང་། ཡོངས་རྫོགས་ལུགས་སུ་བསྐུར་བ་དང་། ཁྱད་པར་ལུགས་སུ་བསྐུར་བའོ། །དང་པོ་ཕྲེང་བའི་ལུགས་སུ་བསྐུར་བ་ནི། ཕྱག་རྡོར་ནས་བཟུང་སྟེ། ལྷ་མི་མི་འཁྲུགས་ཀུན་རིག་གི། སྨན་ལྷ། མཐའ། ཤྭཀྱ་ཐུབ་ཀྱི་གཙོ་བྱས་པའི་དཀྱིལ་འཁོར་ལྔ། ཉན་ཐོས་ལ་ཐུབ་པ་ལ་འཁོར་རྣམ་བཞིས་བསྐུར་བ་དང་། ཟུང་བཞི་ཡ་བརྒྱད་ཀྱི་བསྐུར་བ་དང་། གནས་བརྟན་བཅུ་དྲུག་གིས་བསྐུར་བ་དང་། མཆོག་བཅུ་དྲུག་གིས་བསྐུར་བ་དང་། མཆོག་གཉིས་ཀྱིས་བསྐུར་བ་སྟེ་དཀྱིལ་འཁོར་ལྔ། ༈ རང་རྒྱལ་ལ། ཐུབ་པ་ལ་རང་རྒྱལ་བཅུ་གཉིས་ཀྱིས་བསྐུར་བ་དང་། གཅིག་པ་བསྭེ་རུ་ལྟ་བུ་དང་། ཁྱུང་ལྡེང་ནེ་ཙོ་ལྟ་བུ་ཚོགས་སྤྱོད་ཆེ་ཆུང་གཉིས་བར་མ་གསུམ་དུ་བྱེད་པའི་འདོད་ཚུལ་ཏེ། དཀྱིལ་འཁོར་བཞི། གཙོ་བོ་ལ་འཁོར་བསེ་རུ་ནེ་ཙོ་གཉིས་སུ་བསྐུར་བའི་ལུགས་དང་ལྔ། བྱང་སེམས་ལ། ལྷ་ལྔ་མ། ལྷ་བཅུ་བཞི། བཅོ་ལྔ་མ། དྲུག་ཅུ་མ། ལྷ་བརྒྱ་མ་སྟེ་ལྔ་ལས། སེམས་ཙམ་ལུགས་ཐུབ་པ་གཙོར་བྱེད་པ་ལྔ། དབུ་མ་ལུགས་ཡུམ་ཆེན་མོ་གཙོ་བྱེད་པ་དང་ལྔ་སྟེ་བཅུ། མཚན་ཉིད་སྡེ་གསུམ་ལྷ་མི་དང་བཅས་པ་ལ་ཉེར་ལྔ། ཀྲི་ཡ་ལ་རིགས་གསུམ། སོ་སོ། སྤྱིར་བསྡུས་ལྔ་གསུམ་བཅོ་ལྔ་མ། དེ་བཞིན་གཤེགས་པ་ལ་དྲུག་གི་གཙོ་བོ་བྱས་པ་ལ་དཀྱིལ་འཁོར་བཅུ་གཅིག །ཨུ་པ་ལ་དཀྱིལ་འཁོར་གཅིག །ཡོ་ག་རྡོ་རྗེ་དབྱིངས་ལ་གཅིག་སྟེ། ཕྱི་རྒྱུད་དཀྱིལ་འཁོར་བཅུ་གསུམ། མ་ཧཱ་ལ་ཞི་བ་ཞལ་གཅིག་མ་ལྷ་ཞེ་གཉིས་མ་དང་། ཡང་ཞི་བ་ཞལ་གསུམ། ལྷ་གྱ་གཉིས་མ་རྒྱས་པའི་ལུགས་དང་། ཁྲོ་བོ་ཚོགས་ཆེན་ཡོངས་རྫོགས་སུ་བསྐོར་བ་དང་། དཀྱིལ་འཁོར་གསུམ། ཨ་ནུ་ལ་ཞི་བ་རིགས་ལྔ་ཀུན་བཟང་ཞལ་གསུམ་ཡུམ་དང་། འཁོར་ཞལ་གཅིག །ལྷ་ཞེ་གཉིས་བསྐུར་བའི་ལུགས་དང་། ཀུན་བཟང་དང་། རིགས་ལྔ་ཡབ་ཡུམ་ཞལ་གསུམ་མ་ལས་མི་བསྐུར་བའི་ལུགས་དང་། ཀུན་བཟང་ཞལ་གསུམ་ཡབ་ཡུམ་དང་། རིགས་ལྔ་ཞལ་གསུམ་ཡབ་ཡུམ་ལ། རིགས་ལྔ་ཆུང་བཞི་བཅུས་བསྐོར་བའི་ལུགས་དང་། ཁྲོ་བོ་ཚོགས་ཆེན་རྒྱུད་ལུང་གི་ཁྲོ་བོ་ཡབ་ཡུམ་ཉི་ཤུ་རྩ་གཉིས་ཀྱི་བསྐུར་ནས། འཁོར་ཀེའུ་རི་ནས། མ་མོ་དྲུག་ཅུ་ཡན་ཆད། དམ་ཅན་རྒྱ་མཚོ་ལྷག་སྡུད་དུ་བསྐུར་བའི་ལུགས་དང་། རིགས་ནི་ཀུན་བཟང་ནས་ཇོ་བོ་སངས་རྒྱས་ཡན་ལ་བརྒྱ་རྩ་བརྒྱད། གནུབས་སངས་རྒྱས་ནས། རང་གི་རྩ་བའི་བླ་མའི་བར་དང་བཅས་པ་དུས་གཅིག་བསྐུར་བའི་ལུགས་དང་། ནང་གི་ཁམས་ལ། བསྒྲུབ་སྡེ་བརྒྱད། རིག་འཛིན་སློབ་དཔོན་དང་དགུའི་གཙོ་བོ་ཡབ་ཡུམ་རེ་རེ་དང་། རིན་ཆེན་གྱི་སློབ་དཔོན་རེ་བསྒྲུབ་པའི་དམ་རྫས་རེས་དབང་བསྐུར་བས། བཀའ་བརྒྱད་སྤྱི་དབང་ཐམས་ཅད་མདོའི་ཐོག་ནས་ཐོབ་པའི་ལུགས་དང་། རྒྱུད་ལུང་མན་ངག་སོ་སོ་དབང་གི་རྗེས་སུ། སོ་སོའི་རིག་འཛིན་བསྐུར་བའི་ལུགས་དང་། ཚེའི་དཀྱིལ་འཁོར་དུ་ཚེ་དཔག་མེད་ལ་ཡུམ་ལྷ་མོ་ཉི་ཤུས་བསྐུར་བའི་ལུགས་དང་། གསང་དབང་དཀྱིལ་འཁོར་དུ། གསང་དབང་གསུམ་དུ་ཕྱེ་བའི་ལྷ་ཞི་ཁྲོ་མདོ་ལུགས་ལ། ཆོ་ག་དབང་ཆོག་སྒྱུ་འཕྲུལ་ཁོ་ན་ལྟར་བསྐུར་བའི་ལུགས་དང་། ༈ ཨ་ཏིའི་དཀྱིལ་འཁོར་དུ། རིག་པ་རྩལ་གྱི་དབང་བསྐུར་བའི་ལུགས་དང་། འདི་རྣམས་ལ། མཚམས་བཅད་ནས་རྒྱུན་མ་ཆད་པར་ཞག་རེ་རེའི་བར་བྱ་སྟེ་ལོང་དང་ལྡན་པ་ལ་བསྐུར་བ་ནི། རྐྱང་པའི་ལུགས་ཞེས་བྱ་སྟེ། དབང་སྐས་རང་མ་ཡེང་ཟེར། ཕྲེང་བའི་དབང་གི་བསྐུར་ལུགས་ཟེར་བ་ཡིན་ནོ། །འདི་ནི་བླ་མ་བསམ་འགྲུབ་རྡོ་རྗེ་བ། ཉང་དཔལ་ལྡན་རྡོ་རྗེ། གྱང་ཁང་ཤཱཀྱ་བཟང་པོ། གྲོ་ཡོན་ཏན་སངས་རྒྱས་གྲགས་དང་། འཆིམ་དགའ་རབ་རྡོ་རྗེ་དང་། ལྷའི་བཀའ་ལུང་ཐོབ་ཕྱག་ལེན་མཐོང་དབང་ལྗག་གཏད་བརྒྱ་ཐོབ་ཅིང་ཐེག་དགུའི་ཚིག་དོན་ལ་མཁས་པའི་ཟུར་དབང་ཤཱཀྱ་འབྱུང་གནས་ཀྱི་ཕྱག་ལེན་རྒྱས་པ་གཅིག་ཡིན་ལ། གཉིས་པ་ཡོངས་རྫོགས་སུ་བསྐུར་བ་ནི། སྡེ་ཚན་དུ་བསྐུར་བ་ཞེས་བྱ་སྟེ། སྔོན་འགྲོ་ཞག་གཉིས་ཐོན་ནས། མཆོག་དབང་བསྐུར། ལྷ་མི་དང་མཚན་ཉིད་སྡེ་གསུམ་ཞག་གཅིག་ལ་བསྐུར། ༈ ཀྲི་ཡ་ཡོ་ག་ཞག་གཅིག་ལ་བསྐུར། ཚོགས་ཆེན་གྱི་བསྙེན་པ། ཉེ་བསྙེན་པ། བསྒུབ་པ་གསུམ་ལ་ཞག་རེ་རེ། ནང་དབང་བསྒྲུབ་དབང་གཉིས་ལ་ཞག་རེ་རེ་སྟེ། ཚོགས་ཆེན་ཞག་ལྔ། དེ་རྗེས་དབང་བསྡུས་པ་རུ་ཕབ་བདུད་རྩི་ལ་བརྟེན་ཏེ་བསྐུར་ནས། ༈ ཨ་ཏི་གླུ་བཅོ་བརྒྱད་ཀྱི་བུམ་དབང་བསྐུར་བ་ལ་ཞག་གཅིག་སྟེ། ཞག་ངེས་པ་ཅན་བཅུ་གཅིག་ལ་རྫོགས་པར་བྱེད་པ་འདི་ནི། གླན་བསོད་ནམས་མགོན་པོའི་དབང་བྱ་ཇི་བཞིན་པ་སྟེ། བླ་མ་བསམ་འགྲུབ་རྡོ་རྗེའི་ཕྱག་ལེན་རྒྱས་པར་བསྐུར་བ་ཁོ་ནའི་ལུགས་ཡིན་ལ། འདི་ནི་ཟུར་པའི་ལུགས་ཞེས་བྱའོ། །གསུམ་པ་མདོ་ཁྱད་པར་དུ་བསྐུར་བའི་ལུགས་ནི། བདག་དོན་དུ་གསལ་ནས་བསྒྲུབ་པ་དངོས་གྲུབ་ཏུ་བླང་བ་དང་། གཞན་དོན་དུ་སློབ་མ་ལ་ཨ་ནུ་གཅིག་ཆོད་བསྒྲག་སྟེ། དབང་བསྐུར་བ་གཉིས་ཏེ། དང་པོ་ནི་རྒྱུད་ཀུན་འདུས་ལ་བརྟེན་ཏེ། ཁོག་ཡང་དག་བསྒྲུབ་པས་བྱས་ནས། ལྷ་གཙོ་བོ་ཆེ་མཆོག་ཡབ་ཡུམ་ལ་དམ་ཚིག་ཡབ་ཡུམ་ལ་སོགས་ཧེ་རུ་ཀ་ཡབ་ཡུམ་དྲུག་ཅུ་རྩ་བཞི་དང་། འཁོར་ཕོར་ཐོག་དང་། གཞུང་ཐོག་ལ་སོགས་ཏེ། དམ་ཅན་རྒྱལ་མཚོའི་བསྐོར་བ་ཅིག་ཆར་དུ་བསྒོམ་ན། དགུ་གཞུགས་དབང་བརླབས་ལ་སོགས་མི་བྱེད། མཆོད་པ་ནང་དུ་འབུལ་ཞིང་། འཛབ་འགྱུ་ཛྭ་ན་ལ་འབྲུ་འབུམ་བསྒྲུབ་ནས། དམ་རྫས་ནང་མཆོད་གསུམ་དང་། མ་མེར་ཐོད་སྐུ་ཚེ་རྫས་ལ་སོགས་གང་འབྱོར་ལ། འཁོར་བཅས་ཀྱི་བཅུད་བསྡུས་པར་བསམ་ལ། ཡང་དག་བཞིན་དངོས་བླང་རོལ། བསྡུ་བསྟིམས་བརྟན་པོར་བྱས་པས་ཡེ་ཡིན་གྱི་དོན་མངོན་དུ་གྱུར་བསམ་པ་ནི། བླ་མའི་སྙན་རྒྱུད་ཟབ་དོན། ཡང་དག་པ་ཡིན། རྟག་པར་འཛབ་བཟླས་དང་། མདོ་ལུང་རྒྱུད་པའི་གསོལ་འདེབས་རེ་ཡི་དམ་བྱེད་དགོས་གསུངས། འདིའི་དཀྱིལ་འཁོར་དང་། ལྷ་སྙིང་པོའི་གསལ་བྱེད་བླ་མས་མཛད་པའི་དབང་གི་རྒྱབ་ཡིག་གི་བཤམས་ན། གསང་དབང་སྐབས་ཀྱི་དཀྱིལ་འཁོར་ལུས་རྫོགས་པའི་སྐབས་ནས་གསལ་བར་བདག་གོ། །འདི་ནི་འཆི་བ་དགའ་རབ་རྡོ་རྗེའི་ལུགས། ཟུར་ཧང་རིན་ཆེན་ལ་གནང་པའོ། །གཉིས་པ་སློབ་མ་དབང་དུ་བསྐུར་བ་ནི། ས་ཆོག་སྟ་གོན་ཞག་རེ་རེ། དཀྱིལ་འཁོར་ཚོགས་ཆེན་ཞི་ཁྲོ་བརྩེགས་མ། བསྒྲུབ་བརྒྱད་ཐེག་བརྒྱད་ཀྱི་དཀྱིལ་འཁོར་མཚོན་བྱེད་དང་བཅས་པ་དེས་བསྐོར་བ་བཞེངས་ལ། བསྒྲུབ་རྫས། མཆོད་རྫས། དབང་རྫས་བཤམས། ཉེ་བསྙེན། བསྒྲུབ་པ། བསྒྲུབ་ཆེན། ཞག་རེ། རབ་གནས། ཞི་ཁྲོའི་བྱ་ལ། ལས་བཞི་སྦྱིན་བསྲེག་སྐབས་བཞིན་འབུལ། ཕྲིན་ལས་རྒྱུད་ལུང་བརྡེབ་པ་ཞི་ཁྲོ་ལ་གཙོར་བྱས། དྲིལ་འཛྲབ་ཨ་ལི་ཀ་ལི་དང་། གྷུ་ཧྱ་ཛྭ་ན་ཆང་མི་ཆག་པ་བྱ། བསྒྲུབ་ཁྲིད་རྣམས་གོང་གི་ཞག་བཅུ་གཅིག་མི་ཚོགས་ཆེན་དང་ཁྱད་མེད། དབང་ལ་ནང་དབང་གི་སྐབས་སུ་ཕྱག་རྒྱའི་དབང་ལ། རིགས་ལྔ་ཡབ་ཡུམ་ཞག་གཅིག་མས་བསྐོར། འཁོར་མི་བསྐུར་བསྒྲུབ་དབང་སྐབས་ཀྱི་ཕྱག་རྒྱའི་དབང་ལ། ཀུན་བཟང་རིགས་ལྔ་ཡབ་ཡུམ་ཞལ་གསུམ་པ་ལ། འཁོར་ཞལ་གཅིག་ཞེ་གཉིས་མའི་ཚུལ་དུ་བསྐུར། ཁྲོ་བོ་ནི་གཙོ་བོར་ཐམས་ཅད་རྒྱབ་ཡིག་བཞིན་དུ་ཐམས་ཅད་སོ་སོར་ཚང་བར་བསྐུར། རིག་འཛིན་ཐམས་ཅད་ཀྱང་དུས་གཅིག་བསྐུར། བཀའ་བརྒྱད་ཀྱི་བསྒྲུབ་པའི་གཙོ་བོ་དང་དམ་རྫས་སྦྱིན་པ་འདྲ། ཞོར་ལ་ཐེག་བརྒྱད་ཀྱི་གཙོ་བོའི་ཙཀླི་རང་སའི་རྩ་སྔགས་ཀྱིས་བསྐུར་ནས། ཐེག་པ་འདི་ཞེས་བྱ་བའི་དབང་ཡོངས་སུ་རྫོགས་པར་གྱུར་ཅིག །ཅེས་གསུངས་སོ། །གསང་དབང་དང་ཨ་ཏི་གོང་དང་ཁྱད་མེད། ཚུལ་འདི་ཉང་སྟོན་དང་། གྱང་ཁང་བའི་ཞལ་གདམས་དང་། གྲོ་སྟོན་པའི་ཡིག་ཆ་སྙིང་མ་ལས་བྱུང་སྟེ་གོང་མ་གཉིས་ཀྱི་ལུང་དང་མི་ལྡན་པའོ། །ཐེག་པ་སོ་སོ་མ་མོས་པས་འབྲེལ་འཇིག་འདོད་ཀྱང་། ཤེས་དང་འབྱོར་པ་ཞན་པའམ། ༈ ཨ་ནུ་རང་ལ་མོས་པ་རྣམས་ཀྱང་ཆེད་དུ་བྲེ་ཁོག་ནས་ཕུལ་འདོན་པའམ། ནམ་མཁའི་ཀློང་ནས་འབྱུང་བ་ཚང་བར་དབང་བསྐུར་བ་ལྟ་བུ་ཡིན་གསུངས་ཏེ། སྦྲག་མའི་ལུགས་སུ་དབང་བསྐུར་བ་རིན་ཆེན་ཤཱཀྱ་འབྱུང་གནས་པའི་ལུགས་སོ། །འབྲིང་པོར་བསྐུར་བའི་ལུགས་ནི། སྔོན་འགྲོ་བསོད་ནམས་ཀྱི་དཔུང་བསྐྱེད་ནས། ས་སྤྱང་བ་ཡན་ཞག་གཅིག །སྤྱིའི་སྟ་གོན་ལ་ཞག་གཅིག །དེ་རྗེས་ཕྱག་རྡོར་སྒོ་འབྱེད་ཞག་གཅིག །ལྷ་མི་དབུས་སུ་པད་འདབ་བཞི་སྟེར་བ་དང་བཅས་པ་ལ། གཙོ་བོ་ལྔར་འཁོར་གཅིག་ཏུ་དྲིལ་བའི་དབང་ཞག་གཅིག །ཉོས་ལ། དབུས་སུ་གཙོ་བོ་པད་འདབ་བཞི། འཁོར་རྣམས་བཞི། པད་འདབ་བཅུ་དྲུག་མགྱོགས་དང་གནས་བརྟེན་ཅག་ས་མར་བཀོད་པའི་དབང་ལ་ཞག་གཅིག ༈ རང་རྒྱལ་གཙོ་བོ་ཐུབ་པ་ལ། འཁོར་བསེ་རུ་ཁྱུང་ལྡིང་གཉིས་དང་ནས་འདྲ་བཅུ་གཉིས་ལ་རང་རྒྱལ་བཅུ་གཉིས་དགོད་པའི་དབང་དང་ཞག་གཅིག །བྱང་སེམས་ལ། གཙོ་བོ་ཐུབ་པ་ལ། འདབ་བཞིར་ཡུམ་ཆེན། གསང་བདག །སྤྱན་གཟིགས། ཤཱ་རིའི་བུ། འདབ་བཅུ་ལ། ཕྱོགས་བཅུའི་སངས་རྒྱས། མགྲིན་གྱི་ལྷ་དང་བཅས་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་ཞག་གཅིག ༈ ཀྲི་ཡ་ལྔ་གསུམ་བཅོ་ལྔའི་དཀྱིལ་འཁོར་དང་། ཨུ་པ་ཡ་ཐུན་མོང་བསྐུར་བ་ཞིག་དབང་དང་ཞག་གཅིག །ཡོ་ག་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞག་གཅིག ༈ མ་ཧཱ་ཨ་ནུ་དྲིལ་བའི་ཞག་ལྔ་གོང་དང་འདྲ་བ་ལས། ནང་དབང་གི་ལྷ་དབང་སྐབས་སུ། ཞི་ལྷ་ཞེ་གཉིས་ཞག་གཅིག་མ་རྒྱབ་ཡིག་ལྟར་བསྐུར་བ་དང་། ཁྲོ་བོ་ཚོགས་ཆེན་ཡོངས་རྫོགས་སུ་བསྐུར་བ་དང་། བསྒྲུབ་དབང་སྐབས་སུ་ལྷ་དབང་ལ། ཞི་བ་ཀུན་བཟང་དང་། རིགས་ལྔ་ཞལ་གསུམ་མ་ཡུམ་དང་བཅས་པ་བསྐུར་ནས། ཁྲོ་བོ་ལ། རྒྱུད་ལུང་གི་ཁྲོ་བོ་ཡབ་ཡུམ་སོ་སོར་བསྐུར། འཁོར་རྣམས་སྤམ་སྟེ་ལྷག་སྡུད་དུ་དབང་བསྐུར། རིག་འཛིན་རྣམས་ཀྱི་སྦམ་ལ་བསྐུར། ཞག་གཅིག་བསྒྲུབ་པའི་གཙོ་བོ་དང་། བསྒྲུབ་རྫས་རྣམས་མདོར་ཁྱར་དང་འདྲ། གསང་དབང་ལག་གཉིས་སུ་ཡོད་པའི། གསང་རམ་ལ་གནས་སྐབས་ཕན་བདེ་བསྒྲུབ་པའི་ཚེ་དབང་དང་། མཐར་ཐུག་སངས་རྒྱས་ཀྱི་སྲས་སུ་བསྒྲུབ་པའི་གསུང་ཤེད་དང་གཉིས་རྩག་སྟེ་བསྐུར་བ་འདིར་གཉིས་གཅིག་ཏུ་བསྒྲངས། གཉིས་པ་བདེ་བ་ཆེན་པོའི་དབང་ལ་ཨ་ཏི་བུམ་དབང་གླུ། བཅོ་བརྒྱད་དང་བཅས་པ་བསྐུར་བས། ཐེག་དགུའི་འདོད་གཞུང་ཐམས་ཅད་རྫོགས་ཆེན་དུ་ལ་བཟླ་བས་མཛད། གཏད་རྒྱ་དང་བསྒྲོག་ནས་ཞག་གཅིག །གནས་བསྲུང་གཏང་རག་མཆོད་པ་དང་བཅས་པ་ཞག་གཅིག་གཏད་རྒྱ་མི་བྱེད་ན་ཞག་བཅུ་གཉིས། བྱེད་ན་བཅྭོ་བརྒྱད་དུ་ངེས་པ་ཅན། འདི་ནི་རིན་པོ་ཤཱཀ་འབྱུང་བས་ལུགས་ཐམས་ཅད་མཛད་ནའང་མདོའི་དབང་ཕུད་མཛད་དུས། བླ་མ་ཡི་དམ་ཞལ་གཟིགས་ཀྱིས་དུས་ཀྱིས་གཤིས་ལམ་ཡིན་པས། ཕྱིའི་བསྟན་པའི་རིམ་གྲོ་ལ་ཕན་ཅིང་འཕྲོད་པར་བྱུང་གསུངས། འདི་ལ་ཞི་ལྷ་ཞེ་གཉིས་པ་ནང་དབང་དུ་བསྐུར་ནས། བསྒྲུབ་དབང་དུ་ཁྲོ་བོ་གཙོ་བསྡུས་སུ་འདི་མ་སྤྲོས། ཨ་ནུ་ལྟར་བསྡུས། ཨ་ཏི་ལྟར་སྤྲོས་བྲལ་དུ་ངོ་སྤྲོད་པའི་བསྐུར་ལུག་ཡིན་གསུངས། ཡང་ན་ནང་དབང་དུ། ཞི་ཁྲོ་རིགས་ལྔ་གཙོ་བསྡུ་ལས་མའི་བསྐུར་བར། བསྒྲུབ་དབང་ཞི་ཁྲོ་ལྔ་བརྒྱ་བརྒྱད་ཅུ་གྱ་གསུམ་དུ་བསྐོར་བ་འདི། གཅིག་སྤྲོས། ཚོམ་བུ། བསམ་ཡས་ལྷུན་གྲུབ། སྣང་བ་འབྱེད་ལ་བསླབ་ནས། རྟོག་པ་བསམ་གྱིས་མི་ཁྱབ་པ། ལྷ་གྲངས་མདོག་མ་ངེས་པ། འཁོར་ལོ་ཚོགས་ཆེན་དུ་མངོན་དུ་གྱུར་པར་བྱེད་པ། མདོག་ལུང་གི་དགོང་བཞེད་ཡིན་པས་གཅིག་ཏུ་ཤེས་ནས་དུ་མར་ཉམས་སུ་བླང་བྱ་བ་ཡིན་གསུང་། གསུམ་པ་བསྡུས་པ་ཟབ་དོན་བཀའ་རྒྱ་མའི་ཉམས་ལེན་ནི། བདག་དོན་ཤིན་ཏུ་སྤྲོས་མེད་དུ་ཉམས་སུ་ལེན་པའམ། གང་ཟག་སྤྲོས་མེད་ཐེག་པ་དོན་རིལ་དུ་ཉམས་སུ་ལེན་པ་ལ་བསྐུར་ནས། སློབ་དཔོན་གྱིས། ཨ་ཧཱུྃ་མའི་རྒྱུད་ནས་འབྱུང་བ་བཞིན། རྡོ་རྗེ་སེམས་སྒོམ། ཚོགས་གཏོར་བྱ། འབྲུ་གསུམ་ཞག་ཉེར་གཅིག་བསྙེན་བསྒྲུབ་བྱ། སྤྱི་བོར་སྒོམ་མལ་སྒོམ། གསོལ་བ་གདབ། ཞག་གཉིས་ལ་བྷི་མ་ལུའི་བསྙེན་པ་བྱས་པ་གཅིག་གིས་སློབ་མ་ལ་དབང་བསྐུར་ན། ཐེག་ལེ་དགུའི་དཀྱིལ་འཁོར་བཞེངས། གཏོར་མ་ལྷ་བཤོས། མར་མེ་དགུ་དགུ་པ་དང་རྣམས་ལྔ་བཤམས། ཡིག་འབྲུ་དགུ་ལ་ཐེག་དགུའི་གཙོ་བོ་རིག་པར་སྣང་ལས་བསྐྱེད། ཕྱག་དང་སྐོར་བ་བྱ། མཆོད་པ་སྔགས་ཀྱིས་འབུལ། ཡིག་འབྲུ་དགུ་ལ་འཛབ་བསྙེན་བྱ། སློབ་བུ་རྡོར་སེམས་སུ་བསྐྱེད་པའམ། རྒྱབ་ཡིག་ནས་འཐུང་བའི་གནས་སོ་སོར། ཡིག་འབྲུ་དགུ་བསམ། དེ་དག་ལ་འོད་འཕྲོས་དཀྱིལ་འཁོར་དང་བུམ་པ་ལ་ཕོག །བྱིན་རླབས་ཚུར་བསྡུས། ཡིག་འབྲུ་དང་དབྱེར་མེད་དུ་གྱུར་པས། ཐེག་པ་སོ་སོའི་འབྲས་བུ་རིམ་པ་ཐོབ་ནས། མཐར་ཐུག་རིགས་ཀྱི་བདག་པོར་གྲོ་བར་བསམ་ལ། ལྷ་ཞུ་བའི་ནུས་ལྡན་གྱི་བུམ་པ་དང་། བྱིན་གྱིས་བརླབ་པའི་རྫས་དབང་ཙཀ་ལི་དགུས་རིམ་སྦྱོར་བར་བསྐུར་རོ། །བུམ་ཆུ་ཁོང་དུ་བླུད། དམིགས་པ་རང་སའི་གནས་སུ་གཏད། བདེན་སྟོབས་སྨོན་ལམ་བརྗོད། སློབ་བུ་ལ། ཐེག་དགུའི་ཆེད་འཛིན་རང་སར་གྲོལ་བའི། བཏག་གྲོལ་ཡིག་འབྲུ་དགུ། ཨ་འ་ཧ་ཤ་ས་མ་ཡ། ༀ་ཨཱཿཧཱུྃ། ཞེས་པ་འབུམ་བསྙེན་དབོག །འདིའི་རྒྱུད་པ་ནི། རྡོ་རྗེ་འཆང་དགའ་རབ། བྷི་མ་ལ། དེས་ཞལ་ཟུར་ཧཾ་ཤཱཀྱ་འབྱུང་གནས་ཀྱི་འུག་པ་ལུང་ལོ་སྒྲུབ་སྐབས་སུ་གཟིགས་དུས། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི། རྒྱུད་བཞིན་ཐེག་དགུ་གདོན་འགྲེལ་དུ་ཉམས་སུ་ལོང་གསུངས་པ་ལ་བརྟེན་ནས། བློ་སྤྲོས་པ་ཅན་ལམ་སྟོན་པའི་བཀའ་རྒྱ། སྤྲོས་ཆུང་ལ་སྟོན་པའི་སྤེལ་རྒྱ། ཐེ་ཚོམ་ལ་གསུང་རྒྱ་དམ་རྒྱ་གསུམ་དང་ལྡན་པ་འདི། ཐུགས་སྲས་བསོད་ནམས་རྒྱལ་མཚན་ལ་གནང་། ཀུན་ལ་གྲགས་པ་མེད་གསུངས་དང་། དེ་ལྟར་ལུགས་རྣམ་པ་ལྔ་རུ་གྲགས་པའི་མདོ་དབང་འདི། རྡུལ་ཚོན་གྱི་དཀྱིལ་ཞལ་ཕྱེས་ནས། ཕྱི་དབང་རྒྱུད་གྱི་ཆུ་བོ་ལ། ལྷ་དབང་བུམ་གཅིག་པ་མ་ཐེབ་པའི་དབང་བརྒྱ་དང་བརྒྱད། ནང་དབང་ལ་ཞི་བར་ཕྱེ་བ། དྲུག་བརྒྱ་དང་དྲུག །བསྒྲུབ་དབང་ལ་བརྒྱ་དང་བཅོ་ལྔ། གསང་དབང་ལ་གཉིས་སུ་བྱས་པའི་རྣམ་གྲངས་བརྒྱད་བརྒྱ་དང་སོ་གཅིག །ལུང་བརྒྱར་གཏད་རྒྱ་དང་བཅས་པ། །དཔལ་འུག་པ་ལུང་དུ་ཆོས་གྲྭའི་ཟུར་པོའི་བསྒྲུབ་གནས་སུ། གསང་སྔགས་སྙིང་འགྱུར་གྱི་མངའ་བདག །ཟུར་ཧཾ་ཤཱཀྱ་འབྱུང་གནས་ཀྱིས། སྐུ་གསུང་ཐུགས་ཀྱི་སྲས། ཟུར་ཤཱཀྱ་ཆ་ལ་ཤྲཱི་དང་། ཤཱཀྱ་མི་གཉིས་གཉིས་ཀྱི་དྲུང་དུ་ཐོབ་ཅིང་། ཕྱག་ལེན་རྒྱས་ཐེམ་དཔལ་ལྡན་བཟང་པོས་མཛད། བཀའ་དྲིན་ཐོབ་པ་ལུགས་ལྔའི་སྙན་རྒྱུད་ཐུགས་གཏད་རྗེས་གནང་བཅས་པ་དང་། ཞལ་གདམས་ཡི་གེ་བྲིས་ཕྲ་ཐིག་དང་བཅས་ལ། བདག་ཅོག་རོ་བསོད་ནམས་རྒྱལ་མཚན་དཔལབཟང་པོས། དང་པོ་བླ་མ་བསམ་འགྲུབ་རྡོ་རྗེ་དྲུང་དུ་ཐོབ་པ་དང་། རྗེས་སུ་རིན་པོ་ཆེ་ཤཱཀྱ་འབྱུང་གནས་ཀྱིས་ཕྱག་ལེན་ལྔ་མཐོང་ཞིང་། བཀའ་རྫོགས་གཏད་རྒྱ་དང་བཅས་པ་ལན་ལྔ་ཐོབ་པ་བཞིན། དམིགས་དུས་ཀྱི་བསྟན་པའི་སྐབས་ཐོག་དང་བླ་མའི་དགོངས་པ་རྫོགས་ཐབས་ལ་དམིགས་ཏེ། བཀའ་བསྲུང་མདོ་མགོན་པོ་དབང་པོར་བཞག་ནས། སེམས་གཏད་སྙི་འབྱུང་། མུ་བར། དམ་རྫས་བྱིན། མིའི་ལུ་དབང་དུ་བཞིན་ཡོད་པའི་ཆོས་འཆད་རྣམས་དང་། དཔོན་པོ་རྡོ་རྗེ་བློ་གྲོས་པ་གཉིས་ལ་གསལ་བཞིན། ཆོས་ཀྱི་སྤྱན་དང་ལྡན་པ། བླ་མ་ཚུལ་ཁྲིམས་བཟང་པོ། བསྟན་པ་མི་ནུབ་པར་བཀའ་ཉན་པ་ཡིན་པ། གང་ཟག་རྒྱུད་ཚོད་དང་སྦྱར་བའི་དབང་པོ་རབ་འབྲིང་ཐ་གསུམ་ལ། རྒྱས་འབྲིང་བསྡུས་གསུམ། གང་ལ་གང་འདུལ་དུ་སྟོན་ཅིང་། ཐེག་པ་སོ་སོ་བ་རྣམས་ལ། དབང་སྐལ་སོ་སོ་དུམ་བུ་བར་བྱིན་པས་རུང་ལ། རྡོ་རྗེའི་བློ་ཅན་བཀའ་བདག་ནུས་པ་རྣམས་ལ། དབང་གཉིས་ཐོབ་ཀྱིས་དུས་ན། མཉེས་པ་གསུམ་གྱི་བཀའ་རྒྱ་གྲོལ་ཏེ། གཏད་རྒྱ་གྱི་ཅིག །མདོར་ན་བཀའ་སྡེ་ཟུར་ཚོས་ཕྱག་ལེན་བཞིན། ཀཿཐོག་པའི་དགེ་བའི་བཤེས་གཉེན་དམ་པ་རྣམས་ཀྱི་ཞལ་ཐོགས་དང་། ཁམ་དབུས་གཙང་གསུམ་གྱི་གདུལ་བྱ་གང་ཡིན་ལ་མདོ་ཡོངས་རྫོགས་པ་འདི། སྨིན་གྲོལ་ལ་དམིགས་ཏེ། ཤོད་ཅིག །སྟོན་ཅིག །སྤེལ་ཅིག །དར་རྒྱས་སུ་མཛོད་ཅིག །ཅེས་མ་འདབ་བྱིན། དེ་ནས། ཤར་ཕྱོགས་ཀྱི་རྒྱལ་ཚབ་མངའ་གསོལ་བའི་ཡི་གེ་ལ་ར་རྟགས་ཀྱི་ཐིལ་གྱིས་མནན་པའོ། །བསྟན་པ་རབ་རྒྱས་འགྲོ་དོན་མཐར་ཕྱིན་ནས། བར་ཆད་ཀུན་བྲལ་སྲིད་ཞི་མཉམ་གྲོལ་ཤོག །ཡོ་ག་ལ་གཙོ་བོ་དཀར་དང་སེར་དང་འཁོར་ཚོམ་བུ་དང་། གྲལ་ཐབ་གང་བྱས་རུང་རྒྱང་། རྩ་བ་སོ་བདུན་དང་། མཐའ་རྫས་ལྷ་ཡོད་ཀྱང་། དཀྱིལ་འཁོར་བྱེད། རིགས་གཅིག་ཡིན་གསུངས། ཡོ་གའི་རྫས་དབང་དགོས་ཀྱི་དྲུག་ཅུ་རྩ་གཉིས། སྤྱིར་དུ་ཕྱི་དབང་བརྒྱ་རྩིའི་སྐང་དང་། དབང་གྲང་དབང་དོན་རྒྱས་པ་ན་གསལ། ཕྱི་ནང་དཀྱིལ་འཁོར་བཞི་བཅུ་རྩ་ལྔ་ནི། མཆོག་དབང་གཅིག་ཚོགས་མ་བུ་གཉིས། ལྷ་མི་ལྔ། ཉན་ཐོས་ལྔ། རང་རྒྱལ་གསུམ། ཐུབ་པ་ལྔ། ཡུམ་ལྔ། ཀྲི་ཡ་དགུ། ཨུ་པ་བཞི། ཡོ་ག་གཅིག་གོ། །མཆོག་དབང་ཕྱག་རྡོར་དང་། ཚོམ་བུ་ནི། ཕྱི་ཆ་གསུམ་རྡོ་རྗེ་སེམས་དཔའ་འཁོར་དང་མགྲོན་ཐམས་ཅད་ལ་གཅིག་བསོད་ནམས་གཏེར་སྦྱིན་གྱི་དཀྱིལ་འཁོར་དང་། ཚོགས་ལས་འབར་བ་ཚོམ་བུ། ཕྲིན་ལས་མཚམས་སྦྱོར་ཞི་ཁྲོ་དང་། རྩ་བ་ཞི་ཁྲོ་ཕྲིན་ལས་དང་། གཞི་མཐུན་མཆོད་པ་དང་། ལོངས་སྤྱོད་ཚོགས་དང་ལྷ་མི་འཇུག་སྡུད་དེ་གཉིས། ལྷ་མི་ལ་རྣམ་སྣང་གི་ངན་འགྲོ་སྦྱོང་བ་དང་། མི་འཁྲུགས་ཞིང་སྦྱོང་བ། སྨན་ལྷ་ནད་ཞི་བ་དང་། སྣང་མཐའ་མཚོན་འཁྲུགས་ཞིང་བམ་དང་། ཤཱཀྱ་ཐུབ་མུ་གེ་དང་ཞི་བ་ལྔའོ། །ཉན་ཐོས་ལ་འཁོར་གཉིས་རང་བྱུང་ཁྱིམ་པ་སྟེ། འཕགས་པ་དང་། སོ་སོ་སྐྱེ་བོས་མཚོན་པ་དང་། འཁོར་བཞི། བདེན་བཞི། དགེ་སློང་ཕོ་མོ། དགེ་བསྙེན་ཕོ་མོ་དང་འཁོར་བརྒྱད་དང་། འཁོར་ལོ་བཅུ་དྲུག །མཆོག་ཡེ་ཤེས་བཅུ་དྲུག་དང་། འཁོར་སུམ་བཅུ་རྩ་གཉིས། ནང་མཆོད་གནས་བརྟེན་སྦྲུལ་བའམ། རང་རྒྱུད་དོ། །རང་རྒྱལ་ལ་འཁོར་གཉིས་བསེ་རུ་ནེ་ཙོ་ཕྱི་ནང་དང་། འཁོར་གཉིས་བསེ་རུ་ནེ་ཙོ་ལ་གསུམ། ཕྱི་ནང་གཉིས་དང་། གཉིས་ཏེ་བཞི་དང་། འཁོར་བཅུ་གཉིས་རྟེན་འབྲེལ་ལོ། །བྱང་སེམས་དང་། ལྷ་ལྔ། ལྷ་བཅུ་གཅིག །ལྷ་བཅྭོ་ལྔ། ལྷ་བཅུ་དྲུག །ལྷ་བརྒྱ་གནས་གཙོ་བོ་ཐུབ་པ་དང་། ཡུམ་ལུག་གཉིས་སོ། །ཀྲི་ཡ། ལྷ་གསུམ། ལྷ་དྲུག །ལྷ་བཅྭོ་ལྔ་མ་རྣམས། དགེའོ། ཡག་གོ། །བཀྲ་ཤིས་པར་གྱུར་ཅིག །ཆ་གསུམ་གཙོ་བོ་ཕྱེ་བས་དགུའོ། །ཨུ་པ་སྐུ་མདོག་ཡེ་ཤེས་གཙོ་བོའོ། །ཡོ་ག་རྡོ་རྗེ་དབྱིངས་རྫོགས་སོ། །དགེའོ།། །།
འདུས་པ་ཆེན་པོ་མདོའི་དབང་ཆོག་རིན་ཆེན་ཕྲེང་བ་ཞེས་བྱ་བ།
གདོད་ནས་རྣམ་དག་ཁྱབ་བརྡལ་གཉུག་མའི་ངང་། །ཕྱོགས་དུས་ཀུན་ཁྱབ་རྒྱལ་བ་ཞི་ཁྲོའི་ཚོགས། །སྟོན་གསལ་འབྲལ་མེད་འགྲོ་བ་རྟག་ཏུ་བཞུགས། །ཀུན་གྱི་བླ་མ་མཆོད་པར་གུས་ཕྱག་འཚལ། །དེའི་བསྒྲུབ་ཐབས་དབང་གི་ལག་ལེན་རྣམས། །རྩ་རྒྱུད་རིག་འཛིན་བླ་མའི་གསུང་བཞིན་དུ། །རང་བཟོ་སྤང་སྟེ་དུ་མར་འཐོར་བ་རྣམས། །གཞན་ཕན་བསམ་པས་ཕྱོགས་གཅིག་འདིར་བཀོད་བྱ། །འདིར་འདུས་པ་ཆེན་པོ་མདོ་ཡི་བསྒྲུབ་དབང་ལ་དོན་གསུམ་སྟེ། ཕུན་སུམ་ཚོགས་པ་ལྔས་བསྒྲུབ་པའི་གཞི་བཟུང་བ་དང་། བསྙེན་བསྒྲུབ་བཞིས་ལས་གཞུང་བསྲང་བ་དང་། རྗེས་དོན་བརྒྱད་ཀྱི་མཇུག་བསྡུ་བའོ། །དང་པོ་ལ་ལྔ་སྟེ། སྟོན་པ་དང་། གནས། འཁོར། ཡོ་བྱད། དུས་སོ། །དང་པོ་སྟོན་པ་ཕུན་སུམ་ཚོགས་པ་ནི། དགོངས་འདུས་ལས་སློབ་དཔོན་མཚན་ཉིད་བརྟག་པ་ནི། ཡེ་ཤེས་སྙིང་པོ་ཁྱོད་ཉོན་ཅིག །རྟེན་ཅིང་དམ་ལ་གཡོ་རྒྱུ་མེད། །གསང་སྔགས་རྒྱུད་ཀྱི་སྦྱོར་ཤེས་པས། །དཀྱིལ་འཁོར་བྲི་བའི་ལས་ལ་མཁས། །དེ་ཉིད་བཅུ་ནི་ཡོངས་ཤེས་ཤིང་། །སེམས་ཅན་རྣམས་ལ་མི་འཇིགས་སྦྱིན། །ཐེག་པ་ཆེ་ལ་རྟག་དགའ་བ། །དེ་ནི་སློབ་དཔོན་ཡིན་པར་གསུངས། །ཞེས་དང་། ལས་རིམ་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེར་ལྡན་རྒྱུད་དང་ལས་ལ་མཁས། །མན་ངག་དྲོད་འཆང་བརྒྱད་འཆང་བ། །ཞེས་གསུངས་ཏེ། མཚན་ཉིད་དེ་དག་དང་ལྡན་པ་ནི་བླ་མའོ། །གནས་ཕུན་སུམ་ཚོགས་པ་ནི། རྡོ་རྗེ་ལས་རིམ་ལས། ཟུར་བརྒྱད་ལ་སོགས་རྩེ་མང་དང་། །ཆུ་བོ་བཞིན་དུ་མ་བོ་ཞིང་། །མཉམ་ཞིང་འོག་ཁའི་ཆུ་ལྟར་དྭངས། །ཉི་མ་བཞིན་དུ་གནས་པ་ནི། །ནམ་མཁའི་མཚན་ཉིད་ཤེས་པར་བྱ། །མཐོ་དང་འདུས་པ་ནུབ་བྱང་ཡིན། །ཤར་ལྷོ་གཞོལ་ཞིང་མཉམ་པ་ལ། །ཐོ་སྒྲོ་གྲོག་དོ་ཆུ་སྣ་པོ། །དལ་དབང་དགྲ་འཚམས་བརྟག་པར་བྱ། །ལྷུན་སྡུག་རི་བོ་ནགས་ཚལ་ལྡན། །རབ་ཏུ་མཉམ་ཞིང་སྣུམ་བག་ཅན། །ཆུ་བོ་དབང་གི་ཕྱོགས་ཡིན་ཏེ། །རླུང་ཟད་ཀྱི་ན་རླུང་ཉུང་ཞིང་། །མེ་ཏོག་ཤིང་ཚལ་བྱ་སྐད་བརྟག །ལོ་རྒྱུས་ཤིས་པ་མཆོག་ཏུ་བཤད། །ཅེས་པ་དང་། ལམ་རིམ་ལས། སྡེ་དཔུང་ཆེན་པོའི་མི་ཚུགས་ཤིང་། །ས་དང་བར་སྣང་ཤེས་པ་ལ། །ལོ་རྒྱུས་རྣམ་གཉིས་ལྡན་པ་དང་། །ཡིད་འོང་ས་བཙལ་རྒྱས་པར་བྱ། །འཁོར་ཁང་ཕྱི་ནང་བར་ལྡན་པ། །རིན་ཆེན་བྱུག་པས་བསྲུང་བར་བྱ། །རིན་ཆེན་སྤྲས་པའི་གཞལ་ཡས་ཁང་། །ཞེས་པ་གནས་དང་ཁང་པའི་མཚན་ཉིད་དོ། །འཁོར་ཕུན་སུམ་ཚོགས་པ་ནི། རྡོ་རྗེ་རྒྱལ་ཐབས་དང་། གཟུངས་མ་དང་། སློབ་མ་ནི། རྒྱུད་ལས། བསྒྲུབ་དང་བསྒོམ་ལ་དགའ་བ་དང་། །རྟག་ཏུ་བླ་མ་ལ་གུས་ཤིང་། །དུས་གསུམ་བླ་མ་མཆོད་བྱེད་པ། །ཡོན་ཏན་དད་ལྡན་སློབ་མ་ཡིན། །ཞེས་པའི་མཚན་ཉིད་དང་ལྡན་པའོ། །ཡོ་བྱད་ཕུན་སུམ་ཚོགས་པ་ནི། རྒྱུད་ལས། ཡོ་བྱད་དཀའ་བ་ཀུན་བསྡུས་ནས། །ཁྱད་པར་ཚོགས་དང་ལྡན་པ་ཡི། །དངོས་གྲུབ་བསྒྲུབ་པའི་རྫས་སུ་བཞག །ཅེས་པས་སྐུའི་རྟེན་ཙཀ་ལི་དང་། བྲིས་སྐུ་ལུགས་མ་ལ་སོགས་པ་དང་། གསུང་གི་རྟེན་གླེགས་བམ་དང་། ཐུགས་ཀྱིས་རྟེན་ཕྱག་མཚན་དུ་མ་དང་། དབང་གི་རྫས་བུམ་པ་བདུད་རྩི་ལྔ་ལ་སོགས་པ་དང་། བསྒྲུབ་པའི་རྫས་ཀཱ་པཱ་ལ། སྨན་རཀ་ཕྱི་ནང་གཏོར་མ་ལ་སོགས་དང་། མཆོད་པའི་རྫས་མེ་ཏོག་ལ་སོགས་པ་དང་། བགེགས་བཟློག་པའི་ཕུར་པ་དང་། ཡུངས་ཀར་དང་། གུ་གུལ་དང་། ནད་ཞི་བའི་སྨན་དང་། དགྲ་རྐྱེན་བཟློག་པའི་གོ་མཚོན་དང་། གཞན་ཡང་རྔ་དང་། དུང་དང་། སིལ་སྙན་ལ་སོགས་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། བླ་རེ་ཡོལ་བ་ལ་སོགས་པ་ཉེ་བར་མཁོ་བ་དུ་མ་དང་། འཚོ་བ་ཟས་ཀྱི་ཡོ་བྱད་ཀྱང་། ཚེ་དང་། གལ་ཕྱི་དང་། ཛ་གད་དང་། ཛགྟི་དང་། ཟླ་རྒྱས་དང་། ཟླ་ཕྲོམ་དང་། མང་ས་གཡུ་མདོག་དང་། ཙིཏྟའི་ཙ་རུ་དང་། རྡོ་རྗེ་ཤུག་དང་། རྡོ་རྗེ་ཀུན་ཏུ་རྒྱུ་དང་། རྡོ་རྗེ་ཀ་ར་ཏི་ལ་སོགས་པ་དགོས་པ་ཐམས་ཅད་སྟ་གོན་བྱའོ། །དུས་ཕུན་སུམ་ཚོགས་པ་ནི། སྟོན་པ་གནས་འཁོར་ཡོ་བྱད་དེ་དག་འཛོམས་པའི་དུས་ཡིན་ལ། བྱེ་བྲག་ཏུ་བསྒྲུབ་པ་ལ་འཇུག་པའི་དུས་ནི། རྒྱུད་རྔམ་གློག་ལས། ཚེས་གྲངས་ཡར་གྱི་བརྒྱད་ལ་བརྩམ། །ཤིན་ཏུ་སྐར་མ་རྒྱལ་རྣམས་ལ། །བྱང་ཆུབ་སྤྱོད་པ་ཆེར་སྤྱད་བྱ། །སྔ་དྲོའི་དུས་སུ་དཀྱིལ་འཁོར་བྲི། །ཞེས་པ་ལྟར་རོ། །གཉིས་པ་བསྒྲུབ་གཞི་གཞུང་བསྲང་བ་ནི། རྒྱུད་ལས། བསྙེན་པ་དང་ནི་ཉེ་བསྙེན་དང་། །བསྒྲུབ་པ་དང་ནི་བསྒྲུབ་ཆེན་པོ། །ཞེས་པས། དབང་ཐོབ་པ་ནོད་པའི་རྡོ་རྗེ་སློབ་དཔོན་ལ། དབང་གི་ཞུ་བ་ཕུལ་ནས། དུས་ཡོ་བྱད་བཤམས། བླ་མ་ཐུགས་དམ་ལ་བཞུགས་ནས་སྟ་གོན་ཡན་ཆད་བསྙེན་པ། ཞག་ཏུ་བྱེད་པའི་ཕྱེད་ཉེ་བསྙེན། ནུབ་ཐ་མ་མ་གཏོགས་པའི་དབང་དུ་ཚོགས་བཞི་ཚོགས་སམ་དྲུག་ཚོགས་སུ་བྱེད་པ་བསྒྲུབ་པ། ནུབ་ཐ་མ་ལ་རྟགས་དང་མཚན་མ་བཟང་པོ་བྱུང་ནས་དངོས་གྲུབ་ལེན་ཁ་ལ་བསྒྲུབ་པ་ཆེན་པོ་དེ་ལྟར་བཞི་ལ། གནས་མཚན་ཉིད་དང་ལྡན་པས། སྔོན་འགྲོའི་ཆོས་རྣམས་རྫོགས་པར་བྱས་ལ། ལྟ་བ་དབྱིངས་ཡེ་ཤེས་དབྱེར་མེད་རྟགས་པའི་ངང་ལས་བྷཻ་བ་དོན་དང་ཡི་གེའི་རྗེས་སུ་འཇུག་པས་ཡི་དམ་ལ་བརྟེན་པ་མ་ཐོབ་ཀྱི་བར་ལ་བསྙེན་པ་བསྐྱལ་བ་སྨིན་པར་སློབ་མའོ། །མོས་སློབ་གཉིས་ལ་སྔོན་དུ་བྱ་བའི་བསྙེན་པ་དང་། ལས་ཀྱིས་རིམ་པའོ། །དང་པོ་ནི་བླ་མས་གང་ལྟར་ལྷ་གྲངས་ཀྱིས་བསྙེན་པ་ཅི་འགྲུབ་བསྐྱལ་ལོ། །གཉིས་པ་ལས་རིམ་ལ་གཉིས་ཏེ། བསྙེན་སྒྲུབ་ཀྱི་སྐབས་སུ་དཀྱིལ་འཁོར་བྱ་བའི་ལས་རིམ་དང་། བསྒྲུབ་པ་ཆེན་པོ་བསྒྲུབ་དུས་སུ་དངོས་གྲུབ་ཐོབ་ནས་དབང་གི་ལས་རིམ་མོ། །རྡོ་རྗེ་ལས་རིམ་ལས། ས་གཞི་མཉམ་དང་ཐིག་ཚོན་ལྡན། །ཚོན་དང་བྲི་བའི་རྣམ་པ་དང་། །རབ་གནས་སྦྱིན་བསྲེགས་འཇུག་པ་དང་། །ཡོན་ཏན་རྣམ་བཅུ་རྒྱས་བཤད་བྱ། །ཞེས་དང་། ལས་ཐོ་ལས། དང་པོ་ས་གཞི་ཡོངས་སུ་བཟུང་། །གཉིས་པ་སྟ་གོན་ལ་གནས་ཏེ། །ནུབ་གསུམ་པ་ལ་འཇུག་བར་བྱ། །སྤྱི་དབང་ཆེན་པོ་དབང་བསྐུར་བའི། །དང་པོ་ཕུན་སུམ་ཚོགས་ལྡན་ནས། །ཚད་ཕྱིན་རབ་འབྱམས་སློབ་དཔོན་གྱི། །སྣོད་དང་ལྡན་པའི་འཁོར་བསྡུས་ནས། །གཞུང་དང་མཐུན་པའི་གནས་དག་ཏུ། །ས་ཆོག་རྫོགས་བྱས་ད་ལ་ལྡན། །ཅེས་པ་དང་པོ་ས་ཆོག་ལ་དོན་བརྒྱད་ཀྱི་སྤྱིར་བརྟག་པ་གོང་དུ་བསྟན། གཉིས་པ་བྱེ་བྲག་ཏུ་བརྟག་པ་ནི། རྡོ་རྗེ་ལས་རིམ་ལས། ཐད་ཀར་སོག་ལེ་ལྟ་བུ་དང་། དམའ་དང་དབོ་བའི་མཚན་ཉིད་དང་། །ཚྭ་སྒོ་ཟུག་རྡོ་རུ་སྤལ་དང་། །གྲམ་པ་ཐང་ཤིང་སོལ་དུམ་དང་། །གྱོ་མོ་རུས་པ་གསེག་མ་སོགས། །འདོད་པ་མ་ཡིན་སྦྱང་སྤོ་བྱ། །ཞེས་ངན་པ་དང་། བཀྲ་ཤིས་རྩ་དང་མེ་ཏོག་ཤིང་། །གནག་དང་ཁ་དོག་ལྡན་པ་དང་། །གསེག་མ་རུས་པ་རབ་ཉུང་ཞིང་། །ལྷག་པར་གྱུར་པ་རབ་ཏུ་བཤད། །ཅེས་བཟང་པོའི་ས་བརྟག་གོ། །གསུམ་པ་སླང་བ་ནི། མངོན་པ་མི་ལ་བསླང་བ་ནི། ཡུལ་དེའི་རྒྱལ་པོ་འམ། བློན་པོའམ་སའི་བདག་པོ་གང་ཡིན་ལ། རིན་ནམ་ངག་གི་སླང་། གཉིས་པ་མི་མངོན་པ་ལ་སངས་རྒྱས་དང་སའི་ལྷ་མོ་གཉིས་ལས། དང་པོ་གནས་དེར་མཎྜལ་གྲུ་གང་བ་གཅིག་བྱས་ལ། ག་པུར་དང་། ཙན་དན་གྱི་ཆུས་ཆག་ཆག་གདབ། དེའི་སྟེང་དུ་མཆོད་པ་ལྔ་དང་། དཀར་གཏོར་གཅིག །གསེར་སྐྱེམས་བཤམས་ལ། རང་ཆོས་གོས་དཀར་པོ་དང་ལྡན་པས་སྟན་ལ་འདུག་སྟེ། ༀ་ཨཱ་བིགྣན་ཏ་ཀྲིད་ཏ་ཧཱུྃ་ཕཊ྄། ཅེས་པས་རང་བདུད་རྩི་འཁྱིལ་བར་བསྐྱེད་ལ། མཆོད་པ་རྣམ་པ་ལྔ་བྱིན་གྱིས་བརླབས། གཏོར་མ་བདུད་རྩི་ཐལ་སྦྱོར་གྱི་སྔགས་ཀྱི་བདུད་རྩི་དང་གསེར་སྐྱེམས་བཏགས་པ་གསུམ་རེ་བརླབ་ལ། ཞི་ཐུང་ལུགས་སུ་འཛབ་ཡན་ཆད་བྱ། དེ་ནས་ས་གཞི་ཡེ་ནས་སངས་རྒྱས་སྤྱན་གྱི་རང་བཞིན་དེ་ལྟར་བྷཻ་ལ། མ་སུརྻ་མཎྜལ། ཅེས་པས་ས་གསེར་གྱི་ས་གཞིར་བསམ་མོ། །ས་ཡི་ལྷ་མོ་ལ་སླང་བ་ནི། དཀྱིལ་འཁོར་དུ་ལམ་སེར་པོ་བསམ་སྟེ། ༀ་ལཾ་རཏྣ་པ་ཤཾ་སིདྡྷི་ཀུ་རུ་ཧཱུྃ་ས་མཱ་ཡ་སྟྭཾ། ཞེས་པས་སའི་ལྷ་མོ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་པ་ས་གནོན་གཡོན་རིན་པོ་ཆེ་ཡི་བུམ་པ་བསྣམ་པ། ཕག་གི་ཁྲི་ལ་བཞུགས་པ། འོད་ལྔ་དང་ལྡན་པ་རྣམ་སྣང་གི་དབུ་བརྒྱན་པའི་སྐུ་གསུང་ཐུགས་བྱིན་བརླབ་ལ། བཛྲ་ས་མཱ་ཛས་སྙན་གསན་དབབ། རྡོ་རྗེ་དྲིལ་བུ་ཐོགས་ཏེ། དམ་ཅན་གསེར་གྱི་ས་ལ་མངའ་མཛད་མ། །ཡིད་དུ་འོང་བའི་ཕོ་བྲང་དབུས་ན་བཞུགས། ། ཉི་ཟླ་སྐར་མ་དག་གི་རབ་བརྒྱན་ཏེ། །བྱམས་ཐུགས་བརྩེ་ཕྱིར་གནས་འདིར་གཤེགས་སུ་གསོལ། །ༀ་ཨེ་ཧྱིའི་སྤྱན་དྲངས་བ་ནི། ཛཿཧཱུྃ་བྃ་ཧོས་བསྟིམ། ཏིཥྛ་བཛྲས་བརྟན་པར་བྱ། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱལ་མཚོ་ཡེ་ཤེས་ཀྱི། །སྲིད་པ་རྒྱལ་མཚོ་མཐའ་ཡས་ཀྱི། །སྤྱོད་པ་རྒྱལ་མཚོ་ཐམས་ཅད་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བྷི་ཤྭ་མུ་ཥེ་བྷྱ་སརྦ་ཏད་ཁཾ་ཨུད་ག་ཏེ་སྥ་ར་ན་ཨེ་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཡང་དག་ཉིད་དུ་དག་མོད་ཀྱང་། །འཇིག་རྟེན་སྲི་ཞུའི་ཚུལ་གྱི་ནི། །འགྲོ་བ་ཡོངས་ཀྱིས་དོན་སླད་དུ། །ཕྱག་དང་ཞབས་གཉིས་བསེལ་ནས་ཀྱང་། །རྡོ་རྗེའི་གདན་ལ་བཞུགས་སུ་གསོལ། །ༀ་ཨ་ཧ་ར་ཨ་ཧ་ར་སརྦ་བིག་ཏ་ར་པུ་ཙ་ཏེ། ན་མཿས་མནྟ་བུ་ཏ་ནན། ག་ག་ཎ་ས་མ་ཡེ་སྭཱ་ཧཱ། ༀ་པ་ན་པེཾ། པེ་ནུ་སུ་ར་ཏོ་ཧོཿ ཏི་པུ་པ་ར་མུ། སརྦ་ཏ་ཐཱ་ག་ཏ་སི་ཧཱུྃ་ས་མ་སྤོ་ཐ། སརྦ་མ་ཧཱ་སུ་ཀ་སིདྡྷི་ཧཱུྃ། ཤྲཱི་བཛྲ་ར་ག་དུ་པེ་དྷུ། ༀ་པ་ན་པེཾ། པེ་ནུ་སུ་ར་ཏོ་ཧོ། །ཏེ་པུ་པ་ར་མུ། སརྦ་ཏ་ཐཱ་ག་ཏ་སི་ཧཱུྃ་ས་མ་སྤོ་ཐ། སརྦ་མ་ཧཱ་སུ་ཀ་སིདྡྷི་ཧཱུྃ། ༀ་ཤྲཱི་བཛྲ་ར་ག་དུ་པེ་དུ། ༀ་པ་ན་པེཾ། པེ་ནུ་སུ་ར་ཧོ། ཏེ་པུ་པ་ར་མུ། སརྦ་ཏ་ཐཱ་ག་ཏ་སི་ཧཱུྃ་ས་མ་སྤོ་ཐ། སརྦ་མ་ཧཱ་སུ་ཀ་སིདྡྷི་ཧཱུྃ། ༀ་ཤྲཱི་བཛྲ་རཱ་ག་ཨ་ལོ་ཀེ་ཧྲཱིཿ ༀ་པ་ན་པེཾ། པེ་ནུ་སུ་ར་ཏོ་ཧོ། ཏེ་པུ་པ་ར་མུ། སརྦ་ཏ་ཐཱ་ག་ཏ་སི་ཧཱུྃ་ས་མ་སྤོ་ཐ། སརྦ་མ་ཧཱ་སུ་ཀ་སིདྡྷི་ཧཱུྃ། ༀ་ཤྲཱི་བཛྲ་ར་ག་གྷེནྡྷེ་གྷན། ༀ་པཱ་ན་པེཾ། བེ་ནུ་སུ་ར་ཏོ་ཧོཿ ཏེ་པུ་པ་ར་མུ། སརྦ་ཏ་ཐཱ་ག་ཏ་སི་ཧཱུྃ་ས་མ་སྤོ་ཐ། སརྦ་མ་ཧཱ་སུ་ཀ་སིདྡྷི་ཧཱུྃ། ༀ་བཛྲ་རཱ་ག་ནཻ་བེ་ཏེ་ཨཱཿ ༀ་པེ་ན་པེཾ། པེ་ནུ་སུ་ར་ཏོ་ཧོཿ ཏེ་བུ་པ་ར་མུ། སརྦ་ཏ་ཐཱ་ག་ཏ་སི་ཧཱུྃ་ས་མ་སྤོ་ཐ། སརྦ་མ་ཧཱ་སུ་ཀ་སིདྡྷི་ཧཱུྃ། ༀ་ཤྲཱི་བཛྲ་རཱ་ག་ཤབྟ་ཧཱུྃ། སྐྱོབས་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་ལས། །ས་དང་ཕ་རོལ་ཕྱིན་པ་དང་། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །ཅེས་བརྗོད་ལ། གཡས་ཏྲི་ཤུ་ལིའི་ཕྱག་རྒྱ་ས་ལ་བསྣུན་ཅིང་། ཨ་ཧི་བྷ་ཝ་ཡེ་སྭཱ་ཧཱ། ཞེས་པས་སའི་ལྷ་མོ་སྐུ་ལྟེ་བ་ཡན་ཆད་ཐོན་ཏེ་བཞུགས་པར་བསམ། དེ་ནས་མགྲོན་སྤྱན་དྲངས་པ་ནི། ཧཱུྃ། འཛམ་གླིང་སྤྱིར་ན་མཐུ་ཆེན་དབང་བསྒྱུར་མ། །ནམ་ཟླ་དུས་བཞི་དབྱར་དགུན་སྟོན་དཔྱིད་ནས། །རྫུ་འཕྲུལ་སྣ་ཚོགས་སྟོན་ཅིང་ཀུན་ལ་འཚེ། །ས་བདག་གཙང་ཀུན་གནས་ནས་འཁོར་བ་དང་། །ས་བདག་ཧཾ་ཕན་དང་ནི་ཐེ་སེ་དང་། །བིའུ་སྣ་ལག་ཅན་ས་བདག་གཉན་ཆེན་རྣམས། །མཆོད་སྦྱིན་གཏོར་མའི་མགྲོན་དུ་སྤྱན་འདྲེན་ན། །ཐུགས་དམ་བརྩེ་ཕྱིར་གནས་འདིར་གཤེགས་སུ་གསོལ། །ཡུལ་འདིའི་ས་ལ་མངའ་མཛད་པའི། །གངས་རི་གཡའ་རི་བྲག་རི་སྤང་རི་དང་། །བྱེ་རིགས་ས་གནས་ས་བདག་འཁོར་དང་བཅས། །ཁྱད་པར་ས་འདིའི་བདག་པོ་འཁོར་དང་བཅས། །རིགས་དང་ཁ་དོག་མི་མཐུན་བཞུགས་སོ་འཚལ། །མཆོད་སྦྱིན་གཏོར་མའི་མགྲོན་དུ་སྤྱན་འདྲེན་ན། །འདིར་གཤེགས་བཀའ་ཡི་གནས་འདིར་གཤེགས་སུ་གསོལ། །ཞེས་པས་མདུན་དུ་བྱོན་པར་བསམ། གཏོར་མ་ཨརྒྷཾ་བྲན་ལ། ཧཱུྃ། རྒྱས་པར་བཤམས་པའི་མཆོད་སྦྱིན་གཏོར་མ་འདི། །གསེར་དངུལ་ལ་སོགས་རིན་ཆེན་སྣ་ལྔས་བརྒྱན། །ས་བདག་འཁོར་དང་བཅས་ལ་མཆོད་པ་འབུལ། །ནོར་དབྱིགས་གྲངས་མང་གྲངས་སུ་བཞེས་སུ་གསོལ། །རིན་ཆེན་འབྲུ་སྣ་མ་ལུས་ཟས་ཀྱི་མཆོག །རང་ལུས་ལྷུ་ཚིག་ཉམས་པ་བསྐང་སླད་དུ། །ཆགས་མེད་སྟོབས་ལྡན་སེམས་ཀྱི་འབུལ་ལགས་ན། །བཞེས་ནས་ལྷུ་ཚིགས་ནད་རྣམས་བྲལ་བར་མཛོད། །བུ་རམ་སྦྲང་རྩི་ཀ་ར་འོ་མ་དང་། །དུག་གསུམ་སེམས་ལ་ཞུགས་པའི་ནད་རྣམས་ལ། །ཁྲོ་གཏུམ་དྲག་པོའི་ནད་རྣམས་བསལ་སླད་དུ། །ཞི་དུལ་མཉེས་ཏེ་མཆོད་པ་བཞེས་སུ་གསོལ། །ན་ག་གེ་སར་ལ་སོགས་སྨན་སྣ་བརྒྱད། །ཆགས་ཉམས་ནད་འབྲལ་མ་ལུས་བསལ་བ་དང་། །ས་བདག་སྐུ་བསྙུང་རྐྱེན་ངན་སྦྱངས་པའི་ཕྱིར། །རྐང་གཉིས་དཀོན་པའི་དོན་དུ་བརྩལ་དགོས་ཏེ། །དབང་ཆེན་ས་བདག་འཁོར་དང་བཅས་པ་ལ། །ཉེས་སྐྱོན་གདུང་སོབ་གདན་དུ་འབུལ་ལགས་ན། །ཡུན་དུ་སྐྱིད་ཅིང་བདེ་བའི་སེམས་ཉིད་ཀྱི། །དམ་རྫས་བདུད་རྩི་གཏོར་མ་བཞེས་སུ་གསོལ། །ཞེས་བརྗོད་ལ་གཏོང་མ་དང་དཀར་གསུམ་མངར་གསུམ་སོ་སོའི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་ལ། གང་བཅོལ་བཀའ་ཉན་པར་བསམ་སྟེ། ཕྲིན་ལས་བཅོལ་བ་ནི། རི་རབ་ཆེན་པོའི་གླིང་བཞི་རབ་ཏུ་འབར། །ཀུན་དགའི་བདག་པོ་དབང་བྱེད་ཆེན་པོར་འབར། །ཀུན་ཏུ་ས་ཡི་ལྷ་མོ་བརྟན་མ་འབར། །ས་བདག་མཐུ་ཆེན་འཁོར་གྱི་གནས་རྣམས་སུ། །མཆོད་སྦྱིན་དམ་པའི་གཏོར་མ་འདི་བསྔོས་པས། །སོ་སོའི་འཁོར་གྱི་རེ་བ་བསྐངས་གྱུར་ནས། །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཅེས་པ་དང་། གདན་སྐྱེམས་འབུལ་བ་ནི། ཧཱུྃ། ལྕགས་རི་གསེར་རི་དངུལ་གྱི་རི། །ཤེལ་རི་གངས་རི་ཁྱུང་འཁོར་ནས། །མི་ལ་ནོར་གྱི་དབྱིག་འབྱུང་ཞིང་། །ཆོས་བཟང་གནས་ལུགས་སྤྱོད་པ་ཡི། །མཐུ་ཆེན་ལྷ་འམ་སྨན་ལ་སོགས། །ས་བདག་གཉན་པོ་འཁོར་བཅས་ལ། །ཀུན་སྦྱངས་དྲི་སྦྱར་འབྲུ་ཡི་སྐྱེམས། །རིན་ཆེན་ས་ལེ་སྦྲམ་གྱི་སྤྲས། །རྒྱུ་བཤམས་མཆོད་སྦྱིན་གསེར་སྐྱེམས་འདི། །ས་བདག་འཁོར་དང་བཅས་ལ་འབུལ། །ཅེས་བརྗོད་དེ་ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་གསེར་སྐྱེམས་ཕྱོགས་བཅུ་ཀུན་ཏུ་གཏོར་ལ་གནོད་འཚེམ་བྱེད་ཅེས་བཀའ་བསྒོ། དེ་ནས་སྨོན་ལམ་ནི། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། རང་བཞིན་ལྷུན་གྱིས་གྲུབ་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་བདག་ཅག་གི་མོས་བློས་བྱས་ཏེ་སྦྱར་བའི་མཆོད་སྦྱིན་གྱི་གཏོར་མ་འདི་འབུལ་བའི་གནས་ནི། འཛམ་བུའི་གླིང་ན་གནས་པའི་ས་བདག་མ་ལུས་པ་རྣམས་དང་། ཡུལ་ཕྱོགས་འདི་ན་གནས་པའི། ས་བདག་ཀླུ་ཆེན་གྱི་ཚོགས། རྒྱལ་པོ་དང་། དེད་དཔོན་དང་། བུ་སྨད་དང་གཡོག་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །མཆོད་དོ། །དེ་དག་རྣམས་ཀྱིས་སྤྱན་ལམ་དུ་གནས་ཀྱི་ཁྱད་པར་ལོངས་སྤྱོད་ཀྱི་རྟེན། སྨན་གྱི་གྲངས་བསམ་གྱིས་མི་ཁྱབ་པར་གྱུར་ཅིག །གཞན་ཡང་གླིང་བཞི་གླིང་ཕྲན་བརྒྱད་ནས་བདུད་རྩིའི་ཆུ་རྒྱུན། མེ་ཏོག་གི་ལྡིང་ཁང་། རྩི་ཐོག་གི་ནེའུ་སེང་། ཙན་དན་གྱི་སྐྱེད་མོས་ཚལ། དར་སྣ་ལྔའི་ལམ། སྨན་གྱི་ཆུ་བོ། མཐིང་གི་ཟམ་པ། མཆོང་གི་བྲག་རི། གསེར་གྱི་ས་གཞི། ཚོན་གྱི་རི་མོ། རིན་པོ་ཆེའི་ཕུང་པོ་ལ་སོགས་པ་ཡིད་མཐུན་པའི་གནས་སུ་གྱུར་ནས། གཞན་དུ་དེངས་ཤིག །རྒྱ་མཚོ་ལྦུ་བ་དང་། ཆུ་སྲིན་སྡེར་མོ་དང་། དབང་པོ་ལག་པ་ལ་སོགས་པ་སྨན་སྣ་ཚོགས་ཀྱིས་ས་བདག་རྣམས་འོད་དང་གཟི་བརྗིད་ལྡན་པར་གྱུར་ཅིག །ས་ཕྱོགས་འདིར་མཉེས་ཤིང་འདུས་པ་ཆེན་པོའི་དཀྱིལ་འཁོར་བཞེངས་སུ་གསོལ་བས་ཆོ་ག་མ་འགྲུབ་བར་དུ་གཞན་དུ་སོང་ཞིག །ཅེས་བརྗོད་པས་གཞན་དུ་སོང་བར་བསམ་མོ། །དེ་ནས་མཛུབ་མོ་གཉིས་སྨིན་མཚམས་སུ་བསྣོལ་ཏེ། ཨ་ཧོ་བེ་ཀ་ཀྲ་མ་ཡ། ཞེས་པས་ལྷ་མོ་ནམ་མཁའ་ལ་དཔང་པོར་བཞུགས་པར་བསམ་མོ། །དེ་ནས། བཛྲ་ས་མ་ཡ་ཧཱུྃ་ཛཿ ཞེས་པའི་དབང་པོའི་ལྷ་རྣམས་སྤྱན་འདྲེན་པ་ནི། ཧཱུྃ་བཞིས་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་རླབས་བསྡུས་ནས་བདག་ལ་ཐིམ་པས། བདག་གི་ལུས་འོད་དུ་ཞུ་བ་ལས། ཧཱུྃ་བཛྲ་དྷྲིཀ །ཞེས་པས་རང་བཞིན་ཞེ་སྡང་རྡོ་རྗེ་སྐུ་མདོག་མཐིང་ནག །གཡས་རྡོ་རྗེ་གཡོན་སྡིག་མཛུབ་གདེངས་བ། འཇིགས་པའི་སྡང་མིག་གི་བགེགས་ལ་བལྟས་པས། རྡོ་རྗེ་གསོར་ཞིང་མི་འགྲོ་བའི་བགེགས་ལ་བཀའ་བསྒོའོ། །སུ མ་བྷ་ནི་བཟླས་ཤིང་ཡུངས་ཀར་བགེགས་ལ་གཏོར་བས་ཁྲོ་བོའི་སྤྲུལ་པས་ནམ་མཁའ་གང་ནས་བགེགས་བསྐྲད་པར་བསམ། ཚུར་འདུས་པས་ཁྲོ་བོའི་གུར་དུ་བསམ། སྤྱན་ལས་མེ་བྱུང་བས་མེའི་གུར་དུ་གྱུར་པར་བསམ། དེ་ནས་རང་གི་གནས་སུ་ལྷ་མོའི་མདུན་དུ་འདུག་སྟེ། ཅི་ལྟར་ཆེ་མཆོག་རྡོ་རྗེ་ཡི། །རུ་ཏྲ་བདུད་སྡེ་བཏུལ་བ་ལྟར། །ཆོས་ཀྱི་རྒྱལ་སྲིད་དཔུང་བཙུག་པས། །དེ་བཞིན་ཏུ་ནི་བདག་གིས་ཀྱང་། །རྒྱལ་བར་བྱ་ཕྱིར་དཀྱིལ་འཁོར་བྲི། །སའི་དངོས་གྲུབ་སྩལ་དུ་གསོལ། །ༀ་རཏྣ་པ་ཤཾ་སིདྡྷི་ཀུ་རུ་ས་མ་ཡ་སྟྭཾ། ཞེས་ལན་གསུམ་བརྗོད་དེ། ཕྱག་རྒྱ་ས་ལ་བསྣུན་པས། སའི་ལྷ་མོ་དགྱེས་ཤིང་ས་ལ་ཐིམ་པས་ས་རིན་པོ་ཆེ་སྣ་ཚོགས་པའི་རང་བཞིན་དུ་བསམ་མོ། །ས་དབང་དུ་བྱ་བ་ནི། ཟངས་སམ་ཤིང་དམར་པོ་ལ་ཕུར་པ་རྩེ་མོ་ཟླ་གཅིག་བྱས་ལ། བདག་གི་ཐུགས་ཀའི་ཧཱུྃ་ལས་པདྨ་ཀཱི་ལ་ཡ་ཕཊ་ཛཿ ཞེས་བརྗོད་པས་ཁྲོ་བོ་ཞལ་གཅིག་ཕྱག་བཞི་པ་སྐུ་མདོག་དམར་པོ་གཡས་གཡོན་དང་པོ་གཉིས་པདྨ་ཞགས་པ་བསྣམས་པ། འོག་མ་གཉིས་ཕུར་བུ་དྲིལ་བ། སྐུ་སྨད་ཕུར་པ་ཅན་གཅིག་བྱུང་ནས་ཕུར་པ་ལ་བསྟིམ། སྐུ་གསུང་ཐུགས་བྱིན་གྱིས་བརླབས་ཏེ། པདྨ་དབང་གི་ཁྲོ་མཆོག་ཆགས་པའི་སྐུ། །མ་ལུས་དབང་དུ་བསྡུས་པའི་ལས་མཛད་པ། །འཛམ་བུ་གླིང་གི་ཡེ་ཤེས་པ་འདི་དག །བདག་གི་བྱང་ཆུབ་གྲོགས་སུ་གྱུར་པར་མཛོད། །ༀ་པདྨ་ཀཱི་ལི་ཀཱི་ལ་ཡ་པཱ་ཤཾ་མ་ན་ཡེ་ཝཱ་ཤང་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པས་ཕུར་པ་དཀྱིལ་འཁོར་གྱི་དབུས་སུ་གདབ་པ་དེ་ལས་འོད་འཕྲོས། ས་ལ་ཐིམ་པས་ས་གཞི་བདག་གི་དབང་དུ་གྱུར་པར་བསམ་མོ། །ས་སྦྱངས་པ་ལ་བཞིའི་བྱས་པ་སྦྱངས་པའི་དང་པོ་ལྟོ་འཕྱེ་བརྟག་པ་ནི། ཕྱོགས་བཞི་ཐིག་དགུ་བཅུའི་བྱང་ཤར་ནས། དཔྱིད་གསུམ་སྟག །ཡོས་འབྲུག །དབྱར་གསུམ་སྦྲུལ། རྟ་ལུག །སྟོན་གསུམ་སྤྲེལ། བྱ་ཁྱི། དགུན་གསུམ་ཕག་བྱི་གླང་སྟེ། ཟླ་བ་གང་ཤར་མགོ་དེའི་བདུན་ཟུར་དུ་འཇུག་མ་ལ་གནས་སོ། །དེས་གླིང་ཁམས་ཐམས་ཅད་ཁྱབ་ནས་འོད་ས་གཅིག་ཏུ་བསྡུ། དེའི་གཡས་རིན་པོ་ཆེ་བཟུང་བའི་ཐད་ལྟོ་བ་ནས་བྲུས་པས་དངོས་གྲུབ་ཐོབ་བོ། །དེ་ལས་གཞན་མགོ་ལ་བླ་མ། གདོང་པ་རང་། རྒྱབ་ལ་འཁོར་འཆི། འཇུག་མ་ལ་ནོར་འགྲིབ་བོ། །དེའང་བདག་ལྟོ་འཕྱེ་ལ་མཆོད་གཏོར་ཕུལ་ནས། དེའི་ལུས་ལྟེ་བའི་ཐད་དུ་བསྡུ་སྟེ། དེ་ནམ་མཁའ་ལ་བཏེག་ལ། དེ་ལ་མེ་ཏོག་གཏོར། ཕུད་ཀྱི་མཆོད་ཅིང་། བདེན་པ་བརྡར་ལ་དེའི་ལྟེ་བའི་ཐད་དུ་དོང་ཅུང་ཟད་བྲུས་ལ་གནས་ཀུན་ཏུ་གཏོར་བར་བྱའོ། །དེར་རྒྱ་ཅི་ཙམ་འདོད་པ་རྐོས་ལ་གང་ལྟར་ངན་པ་བྱུང་ན་སྤང་། བཟང་པོ་བྱུང་ཞིང་སྔར་བས་ལྷག་པ་ནི་ས་སས་བརྟགས་པའོ། །ས་རྐོས་པའི་ནང་དུ་ཆུ་བླུག་ལ་གོམ་པ་བརྒྱ་ཕྱིན་ནས་འོང་བའི་འགྲིབ་ཚབ་ཆེ་ན་ངན། མ་འགྲིབ་བར་རི་མོ་ལེགས་པོའི་གཟུགས་བཟང་པོ་ནི་ཆུས་བརྟགས་པའོ། །དེས་རྫ་བུམ་ནང་དུ་བུམ་རྫས་ཉེར་ལྔ་བཅུག་ནས་སྦས་ཏེ། དེ་ཨ་ལས་ཟླ་བ། ཏྲཾ་ལས་རིན་པོ་ཆེའི་མཆོད་སྡོང་། རང་གི་དགོས་འདོད་ཐམས་ཅད་འབྱུང་བར་བསྒོམ་མོ། །དེ་ནས་ཅི་ཙམ་འདོད་པའི་སྟེགས་བུ་བྱས་ལ་རྫས་ཉེར་ལྔ་བ་བྱུང་ལྔ་དང་སྦྱར་བས་བྱུག་ཅིང་མེ་ལོང་གི་ངོས་ལྟར་བྱའོ། །མཚན་མ་གང་བྱུང་ཡང་སྐབས་འདིར་ཞི་བའི་སྦྱིན་སྲེག་བྱ་སྟེ། མེས་སྦྱང་པའོ། །སྔགས་དང་ཕྱག་རྒྱས་སྦྱང་བ་ནི། དེ་ནས་རང་ཁྲོ་བོར་གསལ་བའི་གཡས་ཀྱི་སོར་མོ་ལྔ་ལ་ཉི་མའི་དལ་རེ་ལ་ཧཱུྃ་རེ་བསམ། དེ་ལས་འོད་འཕྲོས་འདུས་པ་ལས་རྡོ་རྗེ་རྩེ་ལྔ་པ་རེ་རེ་བསམ་ལ། ༀ་བཛྲ་ཀྲོ་ཏ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བརྗོད་ཅིང་། ལན་གསུམ་བརྡབ་པས་ཉེས་སྐྱོན་ཐམས་ཅད་དག་པར་བསམ་མོ། །ཏིང་ངེ་འཛིན་གྱི་སྦྱངས་བ་ནི་གཉིས་ལས་མཚན་མེད་ནི། ༀ་མ་ཧཱ་ཤུ་ནྱཻ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧྂ། ཆོས་ཀུན་རང་བཞིན་དག་པས་ན། བདག་ཀྱང་རང་བཞིན་རྣམ་པར་དག །ཅེས་པས་སྐྱེ་མེད་སྟོང་པ་ཉིད་དོ། །མཚན་བཅས་ནི། སྐད་ཅིག་མ་ལས་རང་གི་རིག་པ་ཧཱུྃ་དུ་གྱུར་པར་བསམ། དེའི་འོག་ཏུ་འབྱུང་བ་རིམ་བརྩེགས་ལས་ཁྲོ་བོའི་དཀྱིལ་འཁོར་རྫོགས་པར་བསྐྱེད་ལ། ས་དང་ས་འཛིན་གྱི་རྟོག་པ་ཀུན་རྫོབ་ལྷའི་རང་བཞིན་གྱི་སྦྱངས་བའོ། །དྲུག་པས་བྱིན་གྱིས་བརླབས་པ་དང་། བདུན་པ་བསྲུང་བ་ནི། དཀྱིལ་འཁོར་སྟ་གོན་གྱི་སྐབས་སུ་བྱའོ། །བརྒྱད་པ་བཟུང་བ་ནི། དེ་ཡང་ཆ་རྐྱེན་བསྡུ་ཞིང་སློབ་མ་རྣམས་ནང་དུ་འདུས་ལ་གླིང་གཞི་བཤད། གག་བརྒྱད་བཤད་ལ་ཐུགས་དམ་བསྐངས། །འདི་དག་དབང་གི་སྔོན་འགྲོ་ཡིན། །ཞེས་གསུངས་པས་ཐོག་མར་ཆ་རྐྱེན་བསྡུ་བ་ནི། ཀུན་འདུས་ལས། འབྱོར་པའི་ཡོ་བྱད་ཚང་བ་ནི། །བདེ་བ་ཆེན་པོའི་ཚོགས་སུ་བཤད། །ཅེས་དང་། ཁྱུ་བྱུག་རོལ་པའི་རྒྱུད་ཕྱི་མ་ལས། ཀུན་ཏུ་རྒྱུ་དང་གལ་ཕྱེ་དང་། །ཟླ་རྒྱས་ཟླ་ཕྲོམ་ལྔ་གསུམ་རྫས། །བསྒྲུབ་པ་ཚོགས་ཀྱིས་རྫས་སུ་བཤད། །ཅེས་སོ། །དལ་དབང་གི་རྫས་ནི། མདའ་དང་དར་དང་རལ་གྲི་དང་། །ཐུགས་རྗེའི་རྒྱུན་ཐག་ཕུར་བུ་དང་། །ཕན་དང་བླ་རེ་རྒྱལ་མཚན་དང་། །དོ་ཤལ་རྫས་རྣམས་བསྡུས་ཏེ་བཞག །ཅེས་གསུངས་པས་གཞུང་ནས་འབྱུང་བ་བཞིན་བཤམ་སྟེ། དབང་གི་བུམ་པ་ལྔ། ལས་བུམ་དང་ཕྱི་ནང་གསང་བའི་རྫས་རྣམས་ཚང་བར་བསགས་ལ་ཕྱིའི་འཇིག་རྟེན་པའི་ཐུགས་དམ་བསྐངས་བ་ནི། དར་ཕྱར་རོལ་མོའི་སྒྲ་བསྒྲག །བྱིན་གྱིས་བརླབས་ལ་གསེར་སྐྱེམས་རྒྱས་པ་བཏང་། ཁྱད་པར་གཞི་བདག་ལ་གསེར་སྐྱེམས་དང་གཏོར་མ་བྱིན་ལ་སྡོང་གྲོགས་བཅོལ་ལོ། །གཙང་རིས་ཀྱི་དཔལ་མགོན་བདུན་ཅུ་རྩ་ལྔ་ལ་གཏོར་མ་ཆ་གསུམ་བཏང་ལ་ཐུགས་དམ་བསྐང་། འཇིག་རྟེན་གྱི་ལྷ་འདྲེ་ཐམས་ཅད་ལ་ཕུད་གཏོར་བྱིན་ལ། བསྒྲུབ་པ་ཆེན་པོ་འདི་ལ་ཞུགས་ནས་མ་ཐོན་གྱི་བར་ལ་བར་ཆད་མ་བྱེད་པར་བཀའ་བསྒོ། ཁྱད་པར་དུ་མགོན་པོ་དང་མ་མོ་ལ་བསྒྲུབ་པའི་སྡོང་གྲོགས་ཞུ། དཀོན་མཆོག་གསུམ་ལ་གསོལ་བ་དྲག་ཏུ་བཏབ་བོ། །ནང་གི་ཐུགས་དམ་བསྐངས་བ་ནི། ཆ་གསུམ་དྲི་ཆབ་ཁྱེར་ལ་ཚོགས་ལས་བྱ། མཆོད་པ་ཟློས་ཀྱི་དཀྱིལ་འཁོར་བཞེངས་ལ་ཕྱི་ཆ་མཐུན་སྤྲུལ་པའི་མ་མོ་གཞུང་བཞིན་མཆོད་ལ་ཐུགས་དམ་བསྐུལ། ནང་ཏིང་ངེ་འཛིན་གྱི་མ་མོའི་ཡིག་འབྲུ་སྒོ་ནས་བསྐྱེད་ལ་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ། མཆོད་བསྟོད། འདོད་པའི་དོན་ལ་གསོལ་བ་གདབ་པོ་གསང་བའི་ཐིག་ལེའི་མ་མོ་ཙན་དྷ་ལི་གནད་ཀྱི་རྩ་རླུང་གཅུན། རང་བཞིན་ལྷུན་གྲུབ་ཀྱིས་མ་མོ་མཁའ་ཀློང་གཉིས་སུ་མེད་པའི་ངང་དུ་ལ་བཟླ། བསྲུང་མ་ཐུགས་དམ་ཅན་ལ་བར་ཆད་བསྲུང་བར་བཀའ་བསྒོ་བྱ། མ་འདྲེས་པ་བསྲེ་བའི་ཆོ་ག་བྱའོ། །དེ་ནས་ཟབ་ཅིང་རྒྱ་ཆེ་བའི་ཆོས་བཤད་དོ། །དེ་ཡང་འོ་སྐོལ་འཁོར་བ་རྣམས་ཁྲག་གི་རྒྱ་མཚོ་ལྟ་བུའི་ནང་ནས། སྡུག་བསྔལ་གྱི་རྦ་ཀློང་དཔག་ཏུ་མེད་པ་ལ་ལོངས་སྤྱོད་ཅིང་ཞེན། བྱ་བ་མ་ཡིན་པ་ལ་མངོན་པར་ཞེན་པ་ནི། གཤང་པའི་སྲིན་བུ་དང་འདྲ། འདོད་ཡོན་ལ་མངོན་པར་ཆགས་པ་ནི་ལན་ཚྭའི་ཆུ་དང་འདྲ། ཅི་བྱས་སྡུག་བསྔལ་ལ་སྤྱོད་པ་ནི་རྒྱལ་མཚོའི་གཟན་དང་འདྲ་སྟེ། དེ་ལྟར་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ལ་བདེ་བ་སྐད་ཅིག་ཀྱང་མེད་དེ། རྒྱུད་བླ་མ་ལས། མི་གཙང་བ་ལ་དྲི་ཞིམ་མེད། །འགྲོ་ལྔ་དག་ལ་བདེ་བ་མེད། །ཅེས་པ་དང་། སྡུད་པ་ལས། འགྲོ་བ་འདི་དག་མིང་དང་གཟུགས་ཀྱིས་འདམ་ལ་ཆགས། རླུང་གི་སྲིད་པས་འཁོར་བར་འཁོར་ལོ་ལྟ་བུར་འཁྱམས་ལ། ཞེས་གསུངས་སོ། །འཁོར་བའི་གནས་ནས་ཐམས་ཅད་སྡུག་བསྔལ་གྱི་རྒྱུ་འབྲས་ལ་ལོངས་སྤྱོད་དེ། དམྱལ་བ་ལ་ཚ་གྲངས། ཡི་དྭགས་ལ་བཀྲེས་སྐོམ། དུད་འགྲོ་ལ་གཅིག་ལ་གཅིག་ཟ། མི་ལ་འགྱུར་བའི་སྡུག་བསྔལ། ལྷ་མ་ཡིན་ལ་འཐབ་རྩོད། ལྷ་ལ་ལྟུང་བ། དེ་ཐམས་ཅད་ལ་ཐུན་མོང་དུ་སྐྱེ་འཆིའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་བོ། །འཁོར་བའི་སེམས་ཅན་གྱི་ཚོགས་དེ་དག་ལ་བསམ་ན། སེམས་ཅན་ཙམ་པོའི་ལུས་མཐོང་ནས། །མི་ལུས་ཐོབ་པ་མེད་པ་ཙམ། །ཁ་འཐོར་པ་ཡི་ཚོགས་མཐོང་ན། །མི་ལུས་ཐོབ་པ་སྲིད་པ་ཙམ། །དེ་ལྟར་ཡང་། སློབ་དཔོན་ཞི་བ་ལྷས། གང་ཚེ་དགེ་སྤྱོད་སྐལ་ལྡན་ཡང་། །དགེ་བ་བདག་གི་མ་བྱས་ན། །ངན་སོང་སྡུག་བསྔལ་ཀུན་རྨོངས་ལ། །དེ་ཚེ་བདག་གི་ཅི་བྱར་ཡོད། །དགེ་བ་དག་ཀྱང་མ་བྱས་ན། །སྡིག་པ་དག་ཀྱང་ཉེར་བསགས་ལ། །བསྐལ་པ་བྱེ་བ་བརྒྱར་ཡང་ནི། །བདེ་འགྲོའི་སྒྲ་ཡང་ཐོས་མི་འགྱུར། །དེ་ཉིད་ཕྱིར་ན་བཅོམ་ལྡན་གྱི། །རྒྱ་མཚོ་ཆེར་གཡེང་གཉའ་ཤིང་གི། །བུ་ག་རུས་སྦལ་མགྲིན་ཆུད་ལྟར། །མི་ཉིད་ཤིན་ཏུ་ཐོབ་དཀའ་གསུངས། །ཞེས་པ་དང་། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུ་དོན་འགྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པར་མ་གྱུར་ན། །ཕྱིས་ནི་ཡང་དག་འབྱོར་པ་ག་ལ་འགྱུར། །ཇི་ལྟར་མཚན་མོའི་མུན་ནག་སྤྲིིན་རུམ་ན། །གློག་འགྱུ་སྐད་ཅིག་བར་སྣང་བསྟོན་མཛད་བཞིན། །དེ་ཕྱིར་སངས་རྒྱས་མཐུ་ཡི་རྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང་། །ཞེས་དལ་འབྱོར་གྱི་མི་ལུས་ཤིན་ཏུ་ཐོབ་པར་དཀའ་བ་གསུངས། གལ་ཏེ་མི་ལུས་ཐང་གཅིག་ཐོབ་སྲིད་ཀྱང་། །དགེ་བ་མ་བསགས་དོན་མེད་སྟོང་ལོག་ཡིན། །བདག་གི་སྤྱོད་པ་འདི་འདྲས་ནི། །མི་ཡི་ལུས་ཀྱང་ཐོབ་མི་འགྱུར། །མི་ལུས་ཐོབ་པར་མ་གྱུར་ན། །སྡིག་པ་འབའ་ཞིག་དགེ་བ་མེད། །ཅེས་གསུང་སོ། །ནམ་འཆི་ཚེ་ལ་ངེས་པ་མེད་དེ། ཡིད་རྟེན་མི་རུང་འཆི་བདག་འདི། །བྱས་དང་མ་བྱས་མི་སྡོད་པར། །ན་དང་མི་ན་ཀུན་གྱིས་ཀྱང་། །གློ་བུར་ཚེ་ལ་ཡིད་མི་རྟེན། །ཐམས་ཅད་བོར་ནས་འགྲོ་དགོས་པས། །བདག་གིས་དེ་ལྟར་མ་ཤེས་སོ། །ཞེས་གསུངས་ལ། ཚེ་མ་ཚོར་བར་ཟད་པ་ཡང་། །ཉིན་མཚན་སྡོད་པ་ཡང་མེད་དེ། །ཚེ་འདི་སྐད་ཅིག་ཟད་འགྱུར་ཞིང་། །སྣོན་པ་གུད་ནས་ཡང་མེད་པས། །བདག་ལྟ་འཆི་བ་ཅིས་མི་འགྱུར། །བདག་ནི་མལ་ན་འདུག་བཞིན་དུ། །གཉེན་བཤེས་ཀུན་གྱི་མཐའ་བསྐོར་ཡང་། །སྲོག་གཅད་པ་ཡི་ཚོར་བ་དག །བདག་ཉིད་གཅིག་པུར་མྱོང་བར་འགྱུར། །གཤིན་རྗེའི་ཕོ་ཉས་ཟིན་པ་ལ། །གཉེན་གྱི་ཅི་ཕན་བཤེས་ཅི་ཕན། །དེ་ཚེ་བསོད་ནམས་གཅིག་སྐྱབས་ན། །དེ་ཡང་བདག་གི་མ་བསྟེན་ནོ། །ཞེས་གསུངས་པས་འཆི་བ་རྗེས་སུ་དྲན་པར་བྱ་དགོས་ཏེ། ནད་མེད་ཉི་མ་འདི་ལྟ་བུ། །ཟག་བཅས་འཚེ་བ་མེད་ཀྱང་ནི། །ཚེ་འདི་སྐད་ཅིག་བསླུ་བ་སྟེ། །ལུས་ནི་ཐང་གཅིག་གཉེན་པོ་བཞིན། །དེ་རིང་ཁོ་ནར་མི་སྡོད་ཅེས། །བདེ་བར་སྡོད་པ་རིག་མ་ཡིན། །ཞེས་པས་འཆི་བ་མ་དྲན་ན། །གང་བྱས་ཆོས་སུ་མི་འགྱུར་ཏེ། །བཤེས་སྤྲིང་ལས། འདི་ནི་སང་བྱ་འདི་ནི་ཐང་གཅིག་འོག་ཏུ་བྱ། །འདི་ནི་དེ་རིང་བྱ་ཞེས་སྐྱེ་བོ་བྱེད་སེམས་ན། །གཤིན་རྗེའི་བེ་ཅོན་ལག་ཐོགས་ཟུར་གྱི་བལྟ་བ་ཡིན། །མིག་རྩ་དམར་ཁྲོས་མ་རུང་གད་མོ་རེ་སྙེམས་འདེབས། །ཞེས་པ་དང་། སོས་ཀའི་མེ་ཏོག་རྒྱས་པའི་དུས་འདིར་འབྱུང་འགྱུར་ཞིང་། ཟླ་བ་གསལ་བ་མཚོན་པའི་སྟོན་དུས་འདི་བྱུང་ཞེས། སྐྱེ་བོ་ཐམས་ཅད་དགའ་འགྱུར་བདག་གི་ཚེ་འདི་ནི། །ཟད་པས་འགྱུར་སྙམ་མི་དགའ་མི་བྱེད་རིག་མ་ཡིན། །ཞེས་གསུངས་པའི་ཕྱིར་ངེས་འབྱུང་ཆེན་པོའི་དལ་འབྱོར་གྱི་སྙིང་པོ་བླང་བའི་ཕྱིར་ཚོགས་གཉིས་བསགས་པ་ལ་འབད་དགོས་ཏེ། མདོ་ལས། འཇིག་རྟེན་སྡུག་བསྔལ་ཅི་སྙེད་ཀུན། །དེ་ཀུན་མི་དགེ་བྱས་ལས་བྱུང་། །ལྷ་མིའི་བདེ་བ་ཅི་སྙེད་ཀུན། །དེ་ཀུན་བསོད་ནམས་བསགས་ལས་ཐོབ། །བསོད་ནམས་བསགས་པས་བདེ་བ་ཐོབ། །དེ་ཕྱིར་ཡང་དང་ཡང་དུ་བསགས། །ཞེས་སོ། །དེ་ལྟར་དུ་འཆི་བ་མི་རྟག་པའི་གསལ་འདེབས་དང་། ངེས་འབྱུང་གི་བརྩོན་འགྲུས་དང་། བདེ་འགྲོ་མཐོ་རིས་དང་། དགེ་བ་བཅུའི་ཕན་ཡོན་དང་། མི་དགེ་བ་བཅུའི་ཉེས་དམིགས་དང་། ངན་སོང་གསུམ་གྱིས་སྡུག་བསྔལ་དང་། ལས་རྒྱུ་འབྲས་ལ་ཡིད་ཆེས་པའི་དད་པ་སྐྱེ་བ་ལ་སོགས་ཆོས་ཟབ་ཅིང་རྒྱ་ཆེ་བ་བཤད་ལ། རྒྱུད་སྣོད་དུ་རུང་བའི་ངེས་ཤེས་བསྐྱེད་ལ། ཁྱད་པར་ཐེག་པའི་རིམ་པ་དགུ་དང་། སྒོས་གསང་སྔགས་དང་། ཡང་སྒོས་ཆོས་འདིའི་བཀའ་བབས་ཚུལ་དང་། བླ་མ་བརྒྱུད་པའི་རིམ་པ་བཤད་དེ་སྤྲོ་བ་བསྐྱེད་པར་བྱའོ། །དེ་ལ་སྔོན་འགྲོ་ཕྱག་ན་རྡོ་རྗེའི་དབང་བསྐུར་བ་ལ། དང་པོ་དཀྱིལ་འཁོར་ཅི་ཙམ་རན་པའི་འཁོར་ལོ་རྩིབས་བཞི་སེར། ལྟེ་བ་མཐིང་། མུ་ཁྱུད་བར་ཁྱམས་སྒོ་ཕྱོགས་མདོག །གཞན་སྤྱི་དང་མཐུན་ནོ། །ཆ་གསུམ་གྱིས་དཀྱིལ་འཁོར་གྱི་དབུས་སུ་ལིང་ཙེ་དགུའི་དབུས་མཐིང་། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། མཚམས་ཕྱོགས་མཚོན། མུ་ཁྱུད་སོགས་སྒོ་རྟ་བབ་ཐམས་ཅད་སྤྱི་མཐུན་ནོ། །དཀྱིལ་འཁོར་བྲི་ཟིན་ནས་དེའི་མཐའ་མར། ཡན་ལག་མཆོད་པ། ཁྲུས་ཆུ་སྐུ་ཕྱིས། བཟེད་ཞལ་དུ་ཨརྒྷཾ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་ལོ། །མཎྜལ་དང་ཕྱིའི་དཀོན་མཆོག་དང་། ཆོས་སྐྱོང་འགྲོ་དྲུག་བགེགས་རྣམས་ལ་དཀར་གཏོར་ཆ་གསུམ་དང་། ནང་གི་སྨན་གཏོར་རཀྟ་ཚོགས་དང་བཅས་པ་རྣམས་བཤམ་སྟེ། ཕྱི་ལྟར་ཕྱག་རྡོར་ཉིད། ནང་རྡོ་རྗེ་སེམས་དཔའ་དང་། ཧེ་རུ་ཀ་དང་། ཆོས་སྐྱོང་མགོན་པོ་ལྕམ་དྲལ་ལོ། །དེ་ནས་གུ་གུལ་གྱི་བུམ་པ་བསང་། དྲི་ཆུ་བུམ་རྫས་མགུལ་ཆིང་ཁ་རྒྱན་དང་བཅས་པ་གཙོ་བོ་དང་། ལས་བུམ་དང་། དཀྱིལ་འཁོར་དང་། བླ་མ་དང་། གཞན་ཅི་ལྟར་འོས་པ་བཤམས་ཤིང་སྐུ་ཙཀ་ལི་ཡང་དགོད་དོ། །སྐྱབས་འགྲོའི་རྟེན་ཐུབ་པའི་སྐུ་དང་། འཐོར་ནས་དང་། གསེར་སྐྱེམས་ཡང་བཤམ་མོ། །སྔ་དྲོ་གཏོར་མ་བརྒྱ་ཙ་དང་། ཆབ་གཏོར་ཀླུ་གཏོར་ཡང་བཏ ང་ངོ་། །དེ་ནས་རང་ཉིད་སྟན་བདེ་བ་ལ་འདུག་སྟེ། སྐྱབས་འགྲོ་དང་། སེམས་བསྐྱེད་པ་སྔོན་དུ་སོང་བས། ཆ་གསུམ་དཀྱིལ་འཁོར་དབུས་སུ་རིན་པོ་ཆེའི་ཁྲི་པདྨ་ཉི་ཟླའི་གདན་ལ། ཧཱུྃ་ལས་འོད་འཕྲོས་དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐུ་མདོག་སྔོན་པོའམ་དཀར་པོ་དར་དང་རིན་པོ་ཆེའི་རྒྱན་གྱི་བརྒྱན་པ། གཡས་ཐུགས་ཀར་རྡོ་རྗེ་གཏོད་དེ་འཛིན་པ། གཡོན་དྲིལ་བུ་དཀུར་བརྟེན་པ། ཞབས་རྡོ་རྗེའི་དཀྱིལ་ཀྲུང་དུ་བཞུགས་པའོ། །གཙོ་བོ་ཞལ་ནུབ་ཏུ་གཟིགས་པའི་མདུན་དུ་སྒེག་མོ། གཡས་སུ་ཕྲེང་བ་མ། རྒྱབ་ཏུ་གླུ་མ། གཡོན་དུ་གར་མ། ནུབ་བྱང་སོགས་གྲྭ་བཞིར་བདུག་སྤོས་མ། མེ་ཏོག་མ། མར་མེ་མ། དྲི་ཆབ་མ། ནུབ་སྒོ་ཕྱོགས་སུ་ལྕགས་སྒྲོག་མ། དྲིལ་བུ་མ། ལྕགས་ཀྱུ་མ། ཞགས་པ་མ་ལ་སོགས་སྐུ་མདོག་ཕྱག་མཚན་གཞན་དང་མཐུན་ནོ། །དཔལ་ཆེན་པོ་སྐུ་མདོག་སྔོ་སྐྱ་ཁྱུང་གཤོགས་ཅན། ཁྲག་ཞག་ཚོམ་བུ། སྦྲུལ་སྟག་གླང་ཞིང་ཆེན་ཐོད་ཕྲེང་གི་བརྒྱན་པའོ། །གཉིས་ཀ་བསྙེན་དུས་སུ་རྡོ་རྗེ་དྲིལ་བུ་འཛིན་པའམ་རྡོར་སེམས་ལྟར་བསྒྲུབ་དུས་སུ་རྡོ་རྗེ་དུང་ཁྲག་འཛིན་པའོ། །དེ་ནས་གཙོ་བོའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས། ཨརྒྷཾ་ལ་སོགས་པས་མཆོད་པ་རྣམས་ལྔས་མཆོད་ནས། ཛཿཧཱུྃ་བྃ་ཧོཿས་དམ་ཚིག་པ་ལ་བསྟིམ། སླར་ཡང་མཆོད་ནས། དེ་ནས་གཙོ་བོའི་ཐུགས་ཀའི་པདྨ་ཁ་བྱེ་བའི་སྟེང་དུ་ཟླ་བ་ཉི་མའི་དཀྱིལ་འཁོར་ལ་ཧཱུྃ་ཡེ་ཤེས་ལྔའི་རང་བཞིན་ལས། ༀ་བཛྲ་སཏྭས་བསྐོར་བ་ལས་འོད་བྱུང་། སྒོ་གསུམ་གྱིས་སྡིག་སྒྲིབ་ཐམས་ཅད་དག་པར་བསམ་ཞིང་། སྙིང་པོ་དེ་ཉིད་ཀུན་གྱི་འཛབ་ཏུ་བཟླས་ཏེ་བརྒྱའམ་སྟོང་ལ་སོགས་པ་སོང་ནས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག །སྐུ་གསུང་ཐུགས་ཀྱི་ཉམས་ཆག་བཀང་། རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་བརྗོད་ལ་དེའི་ངང་ལ་བློ་མ་བཅོས་པར་བཞག་གོ། །དེ་ནས་གསང་བདག་གི་དཀྱིལ་འཁོར་དབུས་སུ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཐུགས་ཀའི་རིགས་ལྔའི་རྣམ་སྣང་གི་ཐུགས་ཀ་ནས་གསེར་གྱིས་རྡོ་རྗེ་རྩེ་ལྔ་ཧཱུྃ་གིས་མཚན་པ་གཅིག་བྱུང་བ་ལས་ཉི་ཟླ་པདྨའི་གདན་ལ་དཔལ་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་གཡས་རྡོ་རྗེ། གཡོན་བསྡིགས་མཛུབ་ཞབས་ནང་ལྟར་གཡས་བསྐུམ། ཕྱི་ལྟར་གཡོན་བརྐྱང་བ། ཞི་བ་སེམས་དཀྱིལ་དྲག་པོ་རུས་རྒྱན། རྒྱས་པ་རིན་ཆེན། དབང་དར་ཟབ། ཞི་བ་པ་ཏི་ཁྲོ་བོ་དར་སྔོན་པོའི་ཆས་གོས་དང་། སེང་གེ་དཀར་མོའི་སྟོད་གཡོག་གསོལ་ནས། མི་བསྐྱོད་པའི་དབུ་རྒྱན་ཅན། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ནས་བཞུགས་པར་བསམ་མོ། །ཕྱོགས་བཞིའི་གློ་འབུར་ལ། སྒེག་མོ་མ། ཕྲེང་བ་མ། གླུ་མ། གར་མ། གྲྭ་བཞིར་བདུག་པ་མ། མེ་ཏོག་མ། མར་མེ་མ། དྲི་ཆབ་མ། སྒོ་བཞིར་སྒོ་བ་བཞི། ཁྱམས་བཞིར་ཆོས་སྐྱོང་། ཁུག་ཕྱོགས་ལ་འགྲོ་བ་རིགས་དྲུག །ཕྱི་རོལ་དུ་ལན་ཆག་གི་མགྲོན་བསམ་མོ། །དེ་ནས། ༀ་བཛྲ་ས་མ་ཡ་ཛཿ ཞེས་པས་རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བྃ་ཧོས་དམ་ཚིག་པ་ལ་བསྟིམ། ཏིཥྛ་བཛྲ་ཡེ་སྭཱ་ཧཱས་བརྟན་པར་བཞུགས་སུ་གསོལ། ༀ་ཧཱུྃ་ཏྲཱཾ་ཧྲཱིཿཨས་དབང་བསྐུར། སྐུ་གསུང་ཐུགས་བྱིན་གྱིས་བརླབས་ཏེ། ཐུགས་ཀར་ཡེ་ཤེས་སེམས་དཔའ་རང་འདྲ་བ་གཅིག་བསམ། དེ་ནས་མཆོད་པ་ལྔས་མཆོད་ནས་དབང་མ་བསྐུར་བའི་གོང་དུ། ཏདྱ་ཐཱ་དང་། དབང་བསྐུར་ནས། ༀ་ནཱི་ལཾ་བྷ་ར་དྷ་ར་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་འཛབ་ཏུ་བཟླས་ཏེ། དེ་ནས་ལས་བུམ་དུ་གཙོ་བོའི་ཐུགས་ཀ་ནས་བདུད་རྩི་འཁྱིལ་པ་གཡས་རྡོ་རྗེ་རྒྱ་གྲམ། གཡོན་དྲིལ་བུ་བསྣམས་པ། ཉི་ཟླ་པདྨའི་གདན་ལ་བཞུགས་པ་གཅིག་བྱུང་བར་སྒོམ་ལ། དེའི་ཐུགས་ཀར་རྡོ་རྗེ་རྒྱ་གྲམ་ཧཱུྃ་གི་མཚན་པ་ལས་འོད་འཕྲོ་བར་བསྒོམས་ཏེ། གཙོ་བོའི་ཐུགས་ཀ་ནས་བདུད་རྩི་འཁྱིལ་པས་ལས་བྱེད་བགེགས་མཐར་བྱེད་ལ། ༀ་ཨ་བིག་ནན་ཏ་ཀྲིད་ཧཱུྃ་ཕཊ། ཅེས་བདུད་རྩི་འཁྱིལ་པ་ལས། ༀ་ཨ་མྲྀ་ཏ་ཀུན་དྷ ལི་ཧཱུྃ་ཕཊ། ཅེས་བཟླས་ནས་མཆོད་པ་འབུལ། བསྟོད་ནས། དྲི་ཆབ་དང་ལས་བུམ་གཉིས་ཀས་གཙོ་བོའི་དབང་གི་ལྷ་བུམ་བསང་ལ་ལྷ་གང་ལྟར་བསྐྱེད། ཡེ་ཤེས་པ་བསྟིམ། དབང་བསྐུར་བྱིན་གྱིས་བརླབས་ནས། རྩ་བའི་སྙིང་པོ་བཟླས་ཏེ། ཆུ་ཐིག་གཅིག་བུམ་པར་བླུགས་པས། བུམ་པའི་ལྷ་གཞལ་ཡས་ཁང་བུམ་ཆུ་གཟུགས་མཚོའི་ཆུ་ཟིལ་པ་རེའང་ཚེ་དཔལ་བདེ་བ་བསྐྱེད་བྱེད་ཀྱི་ལྷ། རིན་པོ་ཆེའི་རི་བོ། སྨན་གྱི་ནགས་ཚལ་སྤོས་ངད་ལྡན་པ། འབྲུ་ཡི་བང་མཛོད། བཅུད་ཀྱི་སྙིང་པོ། རྒྱན་ཆ་སྣ་ཚོགས། འདོད་དགུ་འབྱུང་བ། རང་བྱོན་གྱི་ལྷའོ། །དེ་ལྟར་བཟླས་པས་བརྒྱ་རྩ་རེ་ལ་མཆོད་པ་ཚར་རེ་དེ་ལན་བཅུ་སྟོང་རྩའོ། །དེ་གྲུབ་པ་དང་། བུམ་པའི་ཁ་རྒྱན་སྤྱི་བོར་བཞག །ཆུ་ཁར་བཏུང་བས་བདག་ཀྱང་ལྷར་ངེས་པའོ། །དེ་ནས་མདུན་གྱི་བྱིན་གྱིས་བརླབས། རང་ལ་བསྡུས་པས་ཧཱུྃ་བཞི་དཔྲལ་བ་མགྲིན་པ། ཐུགས་ཀ་ལྟེ་བར་ཐིག་ལེ་བྱས་པས་སྐུ་གསུང་ཐུགས་ཡེ་ཤེས་ཐུགས་རྗེའི་རང་བཞིན་དུ་བསམ་ལ་མི་རྟོག་པའི་ངང་ལ་དར་གཅིག་བཞག་གོ། །དེ་ནས་ཆ་གསུམ་བཏང་བ་ནི། སྐྱབས་འགྲོ་ཡན་ལག་བདུན་པས་ཕྱག་འཚལ་པས། རང་གཙོ་བོའི་ཐུགས་ཀའི་འོད་ཟེར་ལྷ་དང་མཆོད་རྫས་དྲི་མ་ཐམས་ཅད་དག་པར་བསམ་ཞིང་། ཡེ་དྷརྨཱ་བཟླས་ཏེ་ཕྱོགས་ཐམས་ཅད་དུ་མེ་ཏོག་འཐོར་ཞིང་། ལྷ་རྫས་ལས་གྲུབ་པའི་མཆོད་རྫས་དྭངས་ཤིང་ཐོགས་པ་མེད་པར་བསམ་གྱིས་མི་ཁྱབ་པར་བསམ་ལ། སྤོས་དང་རོལ་མོའི་སྒྲ་དང་བཅས་པས། ཧཱུྃ། དད་པ་དང་ནི་དམ་ཚིག་གི། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདས། །མཆོད་ཡོན་བཞེས་ནས་འདི་ཉིད་དུ། །མཆོད་ནས་བདག་ལ་དགྱེས་པར་མཛོད། །ཡེ་ཤེས་ཕུང་པོ་མཁའ་འདྲ་བའི། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། །སྤྲུལ་པ་ཀུན་གྱི་འབྱུང་གནས་གཙོ། །རྡོ་རྗེ་སེམས་དཔའ་གཤེགས་སུ་གསོལ། །དམིགས་པ་ཀུན་ལ་རབ་གནས་ཤིང་། །བྱིན་རླབས་ཀུན་གྱི་གཞིར་གྱུར་པ། །རྣལ་འབྱོར་ཀུན་གྱི་དབང་ཕྱུག་ཆེ། །ས་གཞི་ལྟ་བུར་གཤེགས་སུ་གསོལ། །ཐུགས་རྗེ་ཆེན་པོ་ཐབས་མཁས་པས། །གདུག་པ་འདུལ་ཕྱིར་གཤེགས་སུ་གསོལ། །ཡེ་ཤེས་རྟོག་པའི་ཁྱད་པར་ལ། །སྤྲུལ་པ་མང་པོའི་ཚོགས་དང་གཤེགས། །ༀ་ཨེ་ཧྱ་ཧི་བྷ་ག་ཝན་མ་ཧཱ་ཀ་རུ་ཎི་ཀ་ཏྲི་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཐུགས་རྗེའི་ལྕགས་ཀྱུས་ཐུགས་ཀྱི་རྒྱུད་བསྐུལ་ཞིང་། །བྱམས་པའི་ཞགས་པས་གནས་ནས་སྤྱན་འདྲེན་ནས། །ལྕགས་སྒྲོག་བཀའ་ཡི་ཕོ་ཉས་གནས་བསྐྱོད་ལ། །འདིར་གཤེགས་བཞུགས་ཤིང་རྣལ་འབྱོར་དགྱེས་པར་བསྐྱེད། །ༀ་བཛྲ་ཨཾ་གུ་ཤ་ཛཿ ༀ་བཛྲ་སྥོ་ཊ་བཾ། ༀ་བཛྲ་པཱ་ཤ་ཧཱུྃ། ༀ་བཛྲ་གྷེཎྜེ་ཧོཿ ཀ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ། ༀ་ཨ་ནུ་ཏ་ར་པཱུཙྪ་ཨུད་ག་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ༀ། རིན་ཆེན་འཚེར་བས་བརྒྱན་པ་ཡི། །འཇའ་ཚོན་སྤེལ་ལེགས་བཀོད་འདྲ་བའི། །ཕོ་བྲང་གཞལ་ཡས་དམ་པ་འདིར། །གདན་ཡང་འཚམས་པར་འབུལ་ལགས་ཀྱི། །རིམ་བཞིན་ཡངས་པར་བཞུགས་སུ་གསོལ། །ༀ་པདྨ་ཀཱ་མ་ལ་ཡེ་སྟྭྃ། ༀ་མ་ཧཱ་སུ་ཀ་བཛྲ་ས་ཏྭ་ཧཱུྃ། ཛཿཧཱུྃ་བྃ་ཧོཿ མ་ཧཱ་ཨརྒྷཾ་པྲ་ཏི་ཛ་ཡེ་སྭཱ་ཧཱ། ནགས་ཚལ་བཅུད་ནི་ཡིད་དགར་འོང་། །དྲི་ཞིམ་རྒྱས་པ་ལྷ་ཡི་རྫས། །གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་བཟང་པོའི་བདུག་སྤོས་འདི། །བདག་གི་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ༀ་བཛྲ་དྷུ་པེ་པཱུཙྪ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། གཙང་ཞིང་གཙང་མར་ལས་སྐྱེས་པའི། །ལྷ་རྫས་བཟང་པོའི་མེ་ཏོག་འདི། །བདག་གི་དད་པས་འབུལ་ལགས་ན། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ༀ་བཛྲ་པུཥྤེ་པཱུཙྪ་མེ་གྷ༴ སྡུག་བསྔལ་འཇོམས་ཤིང་བཀྲ་ཤིས་པ། །དགྱེས་ཤིང་མུན་སེལ་མར་མེ་འདི། །བདག་གི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ༴ ༀ་བཛྲ་ཨ་ལོ་ཀེ་པཱུཙྪ་མེ་གྷ་ས་མུ་ཏྲ་སྥ་ར་ན་ས་མ་ཡེ་ཧཱུྃ། གཙང་ཞིང་གཙང་མར༴ ལྷ་རྫས་བཟང་པོའི་དྲི་ཆབ་འདི། །བདག་གི་དད་པས་འབུལ༴ བཞེས་ནས་བདག །ༀ་བཛྲ་གྷནྡྷེ་པཱུཙྪ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། སྨན་རྣམས་བཅུད་ནི་ཡིད་དགར་འོང་། །སྔགས་ཀྱི་ཞལ་ཟས་བཤོས་འདི་དག །བདག་གི་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ༀ་བཛྲ་ནཻ་ཝི་ཏེ་པཱུཙྪ་མེ་ག་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། སྒྲ་དབྱངས་སྙན་ཅིང་ཡིད་འོང་ལྡན། །ལྷ་རྫས་དམ་པའི་རོལ་མོ་འདི། །བདག་གི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ༀ་བཛྲ་གྷནྡྷེ་རཏྣ་སང་པྲ་ར་ཎི་ཏ་པཱུཙྪ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། མཆོད་སྤྲིན་གྱི་སྔགས་རིང་དང་། ཡིད་དུ་འོང་བའི་མཆོད་སྤྲིན་དང་། །རོལ་མོ་སིལ་སྙན་སྤྲིན་གྱི་ཚོགས། །མཆོད་འོས་ཚུལ་དང་མཐུན་པ་ཡི། །ནམ་མཁའི་ཁམས་ཀུན་ཁྱབ་གྱུར་ཅིག །བཟང་སྤྱོད་ཡན་ལག་བདུན་པ་བྱས་ལ། ནམ་མཁའ་མཛོད་ཀྱི་སྔགས། མི་མཉམ་མཉམ་པའི་ལྷ་ཁྱོད་རྟག་ཏུ་བདག་ལ་ནི། །ཐུགས་རྗེས་སྤྱན་གྱིས་གཟིགས་ཤིང་རྒྱུན་དུ་འགྲོ་བའི་དཔལ། །བྱང་ཆུབ་མཆོག་གི་སྤྱོད་པ་བསྒྲུབ་པར་དམ་བཅས་པའི། །བདག་གི་རེ་བའི་འབྲས་བུ་འདི་ལ་མཆིས་པར་མཛོད། །གཏི་མུག་མུན་པས་བདག་ཅག་གནོང་གྱུར་ཏེ། །བྱམས་མགོན་ཅི་སླད་བདག་ལ་ཐུགས་རྗེས་མི་བརྩེའམ། །ཁྱོད་ཀྱི་མཁྱེན་རབ་བསྐལ་པའི་མེ་འདྲ་བས། །སེམས་ཀྱི་མུན་སེལ་སྒྲོན་མ་བདག་ལ་སྩོལ། །མགོན་པོ་མཆོག་དང་ཤིན་ཏུ་ལྡན་གྱུར་ན། །སེམས་ཅན་དོན་ལ་བསྐུལ་བ་མི་འཚལ་ཡང་། །སྡུག་བསྔལ་རང་བཞིན་དབང་དུ་བདག་གྱུར་པས། །སྐྱོབས་པ་སྤྱན་སྔར་གདུང་བས་གསོལ་བ་འདེབས། །གང་ཞིག་ཕ་དང་མ་ལ་སློང་ན་ཡང་། །ཤིན་ཏུ་སྐྱོ་ངལ་མེད་པ་དེ་བཞིན་དུ། །འགྲོ་བའི་དོན་བརྩོན་མཛད་པ་ཁྱེད་ལགས་ཀྱི། །ཚེ་རབས་ཀུན་ཏུ་བདག་གི་སྐྱབས་མཛོད་ཅིག །ན་མོ། ཕྱོགས་བཅུའི་འཇིག་རྟེན་ཁམས་མཐའ་ཡས་མུ་མེད་པ་ན། དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་ཅིང་བརྗོད་ཀྱིས་མི་ལངས་བ་ཐམས་ཅད་ལ་ཕྱག་འཚལ་ཞིང་གུས་པར་སྐྱབས་སུ་མཆིའོ། །བདེ་བར་གཤེགས་པ་རྣམས་ཀྱི་ཞལ་ནས་གསུངས་པའི་ཆོས་དཀོན་མཆོག །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྒྱུ་དང་འབྲས་བུར་བཅས་པའི་ཆོས་བསམ་གྱིས་མི་ཁྱབ་པ་ལ་ཕྱག་འཚལ་ཞིང་གུས་པར་སྐྱབས་སུ་མཆིའོ། །བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་ཀྱིས་སྲས་སུ་གྱུར་པའི་དགེ་འདུན་རྣམས་ལ་ཕྱག་འཚལ་ཞིང་གུས་པར་སྐྱབས་སུ་མཆིའོ། །དཀོན་མཆོག་གསུམ་ལ་མཆོད་པ་འབུལ་བ་ནི། ལྷ་དང་མིའི་ཞལ་ཟས། མེ་ཏོག་དང་། བདུག་སྤོས། མར་མེ་དང་། དྲི་ཆབ། བྱུག་པ་དང་འཕན་གདུགས། སིལ་སྙན་དང་རོལ་མོ་དངོས་སུ་འབྱོར་བ་དང་། ཡིད་ཀྱི་སྤྲུལ་པའི་མཆོད་པའི་སྤྲིན་དཔུང་བསམ་གྱིས་མི་ཁྱབ་པ་ཕུལ་བས་བདེ་བར་གཤེགས་པ་ཐམས་ཅད་མཉེས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འཁོར་བ་ཐོག་མ་མེད་པ་ནས་གཟུང་འཛིན་རང་ཁ་མར་ཞེན་པའི་དབང་གི་ཉོན་མོངས་པ་འཕེལ་ཞིང་རྒྱས་པའི་དབང་གི་འཁོར་བ་ངན་སོང་གི་རྒྱུར་གྱུར་ཞིང་མཐོ་རིས་དང་ཐར་པའི་སྒྲིབ་པར་གྱུར་བ་ཅི་མཆིས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །འདི་ལྟར་བགྱིས་པའི་དགེ་བས་སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་དུ་ཡོངས་སུ་བསྔོ་བར་བགྱིའོ། །དེ་ལྟར་བསྔོས་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་རིན་པོ་ཆེ་མྱུར་དུ་ཐོབ་པར་གྱུར་ཅིག །གནས་སྐབས་སུ་ཚེ་རིང་ནད་མེད་པ་དང་། དཔལ་དང་འབྱོར་པ་རྒྱས་པ་དགེ་བ་བསྒྲུབ་པ་ལ་བར་ཆད་མེད་པ་དང་། ཕྲིན་ལས་ཕུན་སུམ་ཚོགས་པ་བསྒྲུབ་ནུས་པར་གྱུར་ཅིག །སངས་རྒྱས་སྐུ་གསུང་བརྙེས་སོགས་བརྗོད། ༀ་བཛྲ་ས་ཏྭ་ཧཱུྃ། ༀ་ཧྲཱིཿཔདྨ་ཏ་ཀྲིད་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧཱུྃ། ཨ་ཙཎྜ་མཎྜ་ལ། སུརྻ་ཙཎྜ་ཏ་ཨ། ༀ་སྭ་བྷ་ཝ་བྷི་ཤུདྡྷེ་དྷརྨཱ་སིདྡྷི་ཧཱུྃ། ༀ་ཨ་མྲྀ་ཏ་ཀུན་དྷ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ༀ་ལས་མཆོད་པ་བྱིན་རླབས་གོང་ལྟར་བྱ། ༀ་སྭ་བྷ་ཝ་དང་། ནམ་མཁའ་མཛོད་ཀྱི་སྔགས་དང་། ཨ་མྲྀ་ཏ་དང་། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ༀ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། བདག་གི་བསོད་ནམས་སྟོབས་དང་ནི། ཞེས་པ་ནས། གྱུར་ཤོག་བར་མཛོད། སརྦ་ཀ་རི་སརྦ་སིདྡྷི་ཧཱུྃ། ཚངས་པ་བརྒྱ་བྱིན་རྒྱལ་ཆེན་ལྷ་དང་ཀླུ། །གནོད་སྦྱིན་ལྟོ་འཕྱེ་དྲི་ཟ་ལྷ་མ་ཡིན། །མཁའ་ལྡིང་གྲུལ་བུམ་སྲིན་པོ་མིའམ་ཅི། །སེམས་ཅན་གང་དག་བདེ་གཤེགས་སྲས་རྣམས་དང་། །ནོར་མེད་ཕུང་པོ་དཔལ་བཞེས་ཀུན་གཤེགས་བཞུགས། །ༀ་བཛྲ་ཨཾ་གུ་ཤ །ཨ་ཀར་ཤ་ཡ་སརྦ་ༀ་ཌྷི་ཊ་རཥྚ་ཡ་གནྡྷརྦྷ་ཨ་ཏི་པ་ཏ་ཡེ་ཧཱུྃ་ཛཿ ༀ་བི་རུ་ཌྷ་ཀཱ་ཡེ་ཀུར་བན་དྷེ་ཨ་ཏི་པ་ཏ་ཡེ་ཧཱུྃ་ཛཿ ༀ་བི་རུ་པཀྵ་ཡེ་ནཱ་ག་ཨ་ཏི་པ་ཏ་ཡེ་ཧཱུྃ་ཛཿ ༀ་བཻ་ཤྲཱ་བ་ཎ་ཡེ་ཨ་ཏི་པ་ཏ་ཡེ་ཧཱུྃ་ཛཿ ༀ་བྲ་ཧྨ་ཎེ་ཧཱུྃ་ཛཿ ༀ་ཨིནྡྲ་ཡ་ཧཱུྃ་ཛཿ ༀ་ཨགྣེ་ཡེ་ཧཱུྃ་ཛཿ ༀ་ཡ་མ་ཡེ་ཧཱུྃ་ཛཿ ༀ་ནཱིརྟི་ཏྱ་ཡེ་ཧཱུྃ་ཛཿ ༀ་ཝ་རུ་ཎ་ཡེ་ཧཱུྃ་ཛཿ ༀ་བ་ཡ་བྷེ་ཧཱུྃ་ཛཿ ༀ་ཀུ་བཻ་རཱ་ཡེ་ཧཱུྃ་ཛཿ ༀ་ཨི་ཤཱ་ན་ཡེ་ཧཱུྃ་ཛཿ ༀ་ཨུདྡྷ་བྷྲ་ཧྨ་ཧཱུྃ་ཛཿ ༀ་སུརྻ་བྷྲ་ཧྨ་ཨ་ཏི་པ་ཏ་ཡེ་ཧཱུྃ་ཛཿ ༀ་ཙནྡྲ་ན་ཀྵ་ཏྲ་ཨ་ཏི་པ་ཏ་ཡེ་ཧཱུཾ་ཛཿ ༀ་ཨ་ཧོ་པྲ་ཏི་ཝི་བྷྱ་ཧཱུྃ་ཛཿ ༀ་ཨ་སུ་ར་བྷྱ་ཧཱུྃ་ཛཿ ༀ་ནཱ་ག་བྷྱ་ས་པ་རི་བ་ས་མ་ཡ་སྟྭཾ་ཧཱུྃ་ཛཿ ཧཱུྃ། དད་པ་དད་ནི་དམ་ཚིག་གི། །ཚུར་གཤེགས་ཕྱོགས་སྐྱོངས་མགོན་པོ་རྣམས། །མཆོད་ཡོན་བཞེས་ནས་འདི་ཉིད་དུ། །མཆོད་པས་བདག་ལ་དགྱེས་པར་མཛོད། །ༀ་ཨ་ཧ་ར་ཨ་ཧ་ར་སརྦ་བྷྱི་དྷ་ར་པཱུཙྪ་ཏེ་ན་མཿས་མནྟ་པུ་ཏ་ནཾ། ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་དང་། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོའི་ཚོགས་རྣམས་ཀུན། །ཆོས་སྐྱོང་མགོན་པོ་རྣམས་ལ་འབུལ། །བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །ༀ་བཛྲ་ཨརྒྷཾ་པུཥྤེ་སོགས་འབུལ། རི་རྒྱལ་ལྷུན་པོའི་ཕྱོགས་བཞི་ནས། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །སྤྱན་མིག་བཟང་དང་རྣམ་ཐོས་སྲས། །འཁོར་དང་བཅས་ལ་མཆོད་པ་འབུལ། །བདག་གི་རེ་བ་བསྐང་དུ་གསོལ། །དབང་པོ་རྡོ་རྗེ་འཆང་བའི་ལྷ། །ལྷ་ཡི་རྒྱལ་པོ་གདོན་གྱི་བདག །ཤར་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མེ་སྟེ་བསྲེགས་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་གདོན་གྱི་ཚོགས༴ མཆོད་ཅིང་༴ གཤིན་རྗེ་བེ་ཅོན་འཆང་བའི་ལྷ། །མ་མོའི་རྒྱལ་པོ་གདོན་གྱི་བདག །ལྷོ་ཕྱོགས་གདོན་གྱི་ཚོགས༴ མཆོད་ཅིང་༴ བདེན་དང་བྲལ་བ་ལེགས་ལྡན་ལྷ། །སྲིན་པོའི་རྒྱལ་པོ་གདོན་གྱི་བདག །ལྷོ་ནུབ་གདོན་གྱི་ཚོགས༴ མཆོད་ཅིང་༴ ཞགས་པ་ཐོགས་པ་ཆུ་ཡི་ལྷ། །ཀླུ་ཡི་རྒྱལ་པོ་གདོན་གྱི་བདག །ནུབ་ཕྱོགས་གདོན་གྱི༴ མཆོད་ཅིང་བསྟོད་དེ་ཕྱག༴ རླུང་སྟེ་སྲོག་ཀྱང་འཛིན་པའི་ལྷ། །རིག་འཛིན་རྒྱལ་པོ་གདོན༴ ནུབ་ཕྱོགས་གདོན་གྱི་ཚོགས༴ མཆོད་ཅིང་བསྟོད༴ གནོད་སྦྱིན་ལག་ན་དབྱུག་ཏོ་ཐོགས། །ནོར་སྐྱོང་རྒྱལ་པོ་གདོན་གྱི་བདག །བྱང་ཕྱོགས་གནོད་སྦྱིན༴ མཆོད་ཅིང་༴ དབང་དང་ལྡན་པ་འདྲེན་པའི་ལྷ། །འབྱུང་པོའི་རྒྱལ་པོ་གདོན་གྱི་བདག །བྱང་ཤར་དབང་ལྡན་ཚོགས་བཅས་ལ། །མཆོད་ཅིང་༴ སྟེང་གི་ཚངས་པ་ཆེན་པོ་དང་། །ཉི་མ་ཟླ་བ་གཟའ་ཆེན་པོ། །གཟའ་དང་རྒྱུ་སྐར་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ༴ ༀ་ཏིཥྛི་ར་ཏ་ཡེ་སྭཱ་ཧཱ། ༀ་བྷེ་རུ་ཀ་ཡེ་སྭཱ་ཧཱ། ༀ་བེ་རུ་བག་ཤ་ཡེ་སྭཱ་ཧཱ། ༀ་བྷེ་ཤ་ར་མ་ཡེ་སྭཱ་ཧཱ། ༀ་ཨིནྟྲ་ཡེ་སྭཱ་ཧཱ། ༀ་ཨག་ནེ་ཡེ་སྭཱ་ཧཱ། ༀ་ཡ་མ་ཡེ་སྭཱ་ཧཱ། ༀ་ནིརྟི་ཡེ་སྭཱ་ཧཱ། ༀ་བ་རུ་ན་ཡེ་སྭཱ་ཧཱ། ༀ་བྷ་ཡ་བྷེ་སྭཱ་ཧཱ། ༀ་ཀུ་བེ་ར་ཡེ་སྭཱ་ཧཱ། ༀ་ཨི་ཤ་ན་ཡེ་སྭཱ་ཧཱ། ༀ་ཨུར་དྷམ་པྲ་ཧཱ་མ་སྭཱ་ཧཱ། ༀ་སུརྻ་པྲ་ཧཱ་སྭཱ་ཧཱ། ༀ་ཨ་ཏི་པ་ཏ་ཡེ་སྭཱ་ཧཱ། ༀ་ཙནྟྲ་ནཀྵ་ཏྲ་སྭཱ་ཧཱ། ༀ་ཨ་ཏི་པ་ཏ་ཡེ་སྭཱ་ཧཱ། ༀ་ཨ་ཧོ་པྲ་ཏི་ཐི་ཝི་སྭཱ་ཧཱ། ཚད་མ་མཆིས་པའི་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་འབུལ་ཞིང་བསྔོ་བའི་གནས་སུ་གྱུར་པ་ནི། ཡོན་ཏན་གྱི་མགྲོན་ཚངས་པ་དང་བརྒྱ་བྱིན་རྒྱལ་པོ་ཆེན་པོ་སྡེ་བཞི། ཕྱོགས་སྐྱོངས་བཅུ། ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་བརྒྱད། གཟའ་ཆེན་པོ་བརྒྱད། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། གནོད་སྦྱིན་གྱི་སྡེ་དཔོན་པི་ཙི་ཀ་དང་། བཙུན་མོ་དཔལ་ལྡན་ཧ་རི་དང་། སྲས་ཕྲོག་མའི་བུ་ལྔ་བརྒྱ་དང་། རྡོ་རྗེ་རིགས་ཀྱི་སྲུང་མ་ཐུགས་དམ་ཅན་གཙང་མར་གནས་པ་རྣམས་ལ་མཆོད་པ་འབུལ་བ་ནི། ཡིད་བཞིན་གྱི་ནོར་བུ། དཔག་བསམ་གྱི་ཤིང་། འདོད་འཇོའི་བ། མ་རྨོས་པའི་ལོ་ཐོག །ཁྲུས་ཀྱི་རྫིང་བུ། ཅང་ཤེས་ཀྱི་རྟ་ལ་སོགས་པའོ། །འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པ། མ་ཚང་བ་མེད་པ་བསམ་གྱིས་མི་ཁྱབ་པ་མེད་པ་འབྱུང་བར་གྱུར་ཅིག །དེ་ལྟར་བྱུང་བས་ཐུགས་བརྩེ་བར་དགོངས་ཏེ། བྱིན་གྱིས་བརླབ་ནས་བཞེས་སུ་གསོལ། །ལོངས་སྤྱོད་དུ་གསོལ། བདག་གིར་མཛད་དུ་གསོལ། དེ་ལྟར་འབུལ་བས། བདག་ཅག་རྣམས་ཀྱིས་མཆོད་པའི་ཡོ་བྱད་དམན་པ་དང་། རྒྱུ་རྐྱེན་མ་ཚོགས་པ་དང་། བརྗོད་པ་མ་དག་པ་དང་། ཏིང་འཛིན་མ་གསལ་བ་དང་། སྤྱོད་ལམ་བག་མེད་པ་དང་། ལེ་ལོ་དང་སྙོམས་ལས་སུ་གྱུར་པ། ཅི་མཆིས་པ་ཐམས་ཅད་བསྲུང་མ་དམ་ཚིག་ཅན་ཁྱེད་རྣམས་ཀྱིས་སྤྱན་སྔར་མཐོལ་ལོ་བཤགས་སོ། །དེ་ལྟར་མཐོལ་ཞིང་བཤགས་ནས་བདག་ཅག་དཔོན་སློབ་ཡོན་མཆོད་བདག་འཁོར་བཅས་རྣམས་ཀྱི་སྔོན་གྱི་ལས་ལ་གྱུར་ཀྱང་རུང་། འཕྲལ་གྱི་རྐྱེན་ལས་གྱུར་ཀྱང་རུང་། འཇིག་རྟེན་འདིར་ཡང་ནད་མང་བ་དང་། ཚེ་ཐུང་བ་དང་སེམས་ཀྱི་སྡུག་བསྔལ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །གཞན་ཡང་སྡང་བའི་དགྲ། གནོད་པའི་བགེགས་ལ་སོགས་པ་བསམ་པ་ངན་པ། སྦྱོར་བ་རྩུབ་པར་བྱེད་པ་ཐམས་ཅད་དང་། རྨི་ལམ་ངན་པ་དང་། མཚན་མ་ངན་པ་དང་། ལྟས་ངན་པ་ཐམས་ཅད་བཟློག་ཅིང་ཞི་བར་མཛད་དུ་གསོལ། གཞན་ཡང་འབྱུང་པོ་མི་དང་མི་མ་ཡིན་པ་སྡང་བའི་སེམས་དང་ལྡན་པ། གདུག་པའི་སེམས་དང་ལྡན་པ། དྲག་ཤུལ་གྱི་སེམས་དང་ལྡན་པ། དེ་དག་ཐམས་ཅད་བཟློག་ཅིང་གདུག་པ་ཞི་ཞིང་བསྒྱུར་བར་མཛད་དུ་གསོལ། གལ་ཏེ་ཞི་བས་འདུལ་དུ་མ་འཚལ་ན་གང་ལ་གང་འཚམ་པའི་ཆད་པ་བཅད་པ་དང་། བསྐྲད་ཅིང་གཟིར་བ་དང་། བསྡིག་ཅིང་དཔའ་བསྐུམ་པར་མཛད་དུ་གསོལ། བསྲུང་མ་དམ་ཚིག་དང་། མཐུ་སྟོབས་ཅན་ཁྱེད་རྣམས་ཀྱི་མངའ་འོག་ཏུ་མ་འདུས་པ་དང་། སྡེ་རིས་སུ་མ་གཏོགས་པ་གང་ཡང་མ་མཆིས་པ་དེ་དག་ཐམས་ཅད་ཞི་བ་དང་འདུལ་བར་མཛད་དུ་གསོལ། མདོར་ན་ཉེས་པའི་སྐྱོན་ཐམས་ཅད་བྱང་ཞིང་དག་པ་དང་། ལེགས་པའི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། གཏོར་མ་བར་པ་བསང་དང་བདེན་སྦྱངས་གོང་བཞིན་བྱ། སརྦ་ཀ་རི། སརྦ་སིདྡྷི་ཧཱུྃ། ༀ་པདྨ་ཏ་ཀྲིད་བཛྲ་ཀྲོ་ཏ་ཧྱ་གྲཱི་ཝ་ཧཱུྃ། ལྷ་དང་ཀླུ་དང་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ནམ་མཁའི་ལྡིང་དང་འདབ་བཟང་ལུས་སྲུལ་པོ། །དྲི་ཟ་སྲིན་པོ་གདོན་གྱི་རིགས་རྣམས་དང་། །གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན། །བུ་སྨད་བཅས་ཤིང་གཡོག་འཁོར་བཅས་པ་ལ། །བདག་གི་པུས་མོ་ས་ལ་བཙུག་ནས་ནི། །ཐལ་མོ་སྦྱར་ནས་ཁྱེད་ལ་གསོལ་འདེབས་ཀྱིས། །གསན་ནས་ཕན་གདག་སླད་དུ་འདིར་གཤེགས་ཤིག །ༀ་སརྦ་ལོ་ཀ་ཨེ་ཧྱ་ཧི་ལོ་ཀ་ར་ཡ། དེ་ཝ་ནཱ་ག །ཡཀྵ། གན་དྷ་ཝ། ཨ་སུ་ར། ག་རུ་ཏྲ། ཀིནྣ་ར། མ་ཧོ་ར་ག །ཨ་ནུ་ཤ །ཨ་མ་ནུ་ཤ །ས་པ་རི་ཝ་ར་ས་མ་ཡ། ཨནྲྀ་སུ་ཏྲི་པྲེ་དུ་ཛཿ ཛཿཧཱུྃ་བྃ་ཧོཿ ༀ་དེ་ཝ་ན་ག་གན་དྷ་བྷྱ། ཨ་སུ་ར། ག་རུ་ཏྲ། ཀི་ནྣ་ར། མ་ཧོ་ར་ག །མ་ནུ་ཤ །ཨ་མ་ནུ་ཤ །ས་པཱ་རི་ཝ་ར་ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ། བི་ཤྭ་མུ་ཁེ་བྷྱ། སརྦ་ཏརྑཾ་ཨུརྒ་ཏེ་སྥ་ར་ནི་ཨི་མཾ་ག་ག་ན་ཁཾ་གྷྲྀ་ཧ་ན་ཨེ་དཾ་བྷ་ལིདྟ་ཡེ་སྭཱ་ཧཱ། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་དང་། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་དྲི་མཆོག་རོལ་མོའི་ཚོགས། །རིགས་དྲུག་མགྲོན་རྣམས་འབུལ་ལོ་བཞེས། །ན་མཿསརྦ་ཏ་ཐཱ་ག་ཏ་ཨརྒྷཾ་སྔགས་ཀྱིས་འབུལ་ལོ། །ན་མོ། མཆོད་སྦྱིན་གྱི་གཏོར་མ་བར་པ་འདི་འབུལ་ཞིང་བསྔོ་བའི་གནས་སུ་གྱུར་པ་ནི། མཐོ་སྲིད་པའི་རྩེ་མོ་མན་ཆད་ནས། ན་རག་དམྱལ་ཁམས་ཡན་ཆད་དུ་འགྲོ་བ་རིགས་དྲུག་ལམ་རྒྱུད་ལྔ་སྐྱེ་བ་གནས་བཞིས་བསྡུས་པའི་སེམས་ཅན་སྙིང་རྗེའི་མགྲོན་དུ་གྱུར་པ་ཐམས་ཅད་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །མགྲོན་ནོ། །དེ་ལྟར་བསྔོས་པས་ལྷ་ལྟུང་བའི་སྡུག་བསྔལ་དང་། ལྷ་མ་ཡིན་འཐབ་རྩོད་ཀྱི་སྡུག་བསྔལ། མི་སྐྱེ་འཆིའི་སྡུག་བསྔལ། བྱོལ་སོང་གཅིག་ལ་གཅིག་ཟ་བའི་སྡུག་བསྔལ། ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ། དམྱལ་བ་ཚ་གྲང་གི་སྡུག་བསྔལ་ལས་ཐར་ནས་བདེ་འགྲོ་མཐོ་རིས་ཀྱི་གནས་སུ་སྐྱེ་བར་གྱུར་ཅིག །གཞན་ཡང་ལོང་བ་ཐམས་ཅད་ཀྱང་གཟུགས་མཐོང་བར་གྱུར་ཅིག །འོན་པ་རྣམས་སྒྲ་ཐོས་པར་གྱུར་ཅིག །དིག་པ་རྣམས་ཀྱང་སྨྲ་ཤེས་པར་གྱུར་ཅིག །ཞྭ་བོ་རྣམས་ཀྱང་འགྲོ་ཤེས་པར་གྱུར་ཅིག །གཅེར་བུ་རྣམས་གོས་རྙེད་པར་གྱུར་ཅིག །དབུལ་པོ་རྣམས་ནོར་རྙེད་པར༴ ལྟོག་པ་རྣམས་ཟས་རྙེད་པར་གྱུར་ཅིག །འཇིགས་པ་རྣམས་སྐྱབས་རྙེད་པར་གྱུར་ཅིག །ནད་པ་རྣམས་ནད་ཞི་བར་གྱུར་ཅིག །སྦྱིན་པ་དམ་པ་སེམས་ཀྱི་རྒྱན་དུ་གྱུར་ཅིག །སེམས་ཀྱི་ཡོ་བྱད་དུ་གྱུར་ཅིག །དོན་གྱི་མཆོག་ཏུ་གྱུར་ཅིག །འདི་ལྟར་མཆོད་སྦྱིན་གྱི་གཏོར་མ་འདི་ལ་བརྟེན་ནས་བདག་ཅག་རྣམས་གནས་སྐབས་སུ་ནད་དང་གནོད་པ་ཞི་ཞིང་ཚེ་དང་བསོད་ནམས་འཕེལ་བ་དང་། སེམས་ཅན་གྱི་སྒྲིབ་པ་གཉིས་བྱང་། ཚོགས་རྣམ་པ་གཉིས་རྫོགས་ནས་བླ་ན་མེད་པའི་བྱང་ཆུབ་རིན་པོ་ཆེ་མྱུར་དུ་ཐོབ་པར་གྱུར་ཅིག །འབྱུང་པོ་གང་དག་རི་རབ་སྟེང་གནས་དང་། །དགའ་བའི་ཚལ་དང་ལྷའི་གནས་རྣམས་དང་། །ཤར་ནུབ་རི་དང་ཉི་ཟླའི་ཁྱིམ་རྣམས་དང་། །རི་བོ་ཀུན་ལ་གང་དག་གནས་པ་དང་། །རིན་ཆེན་གླིང་ནས་ལྷག་པར་གང་གནས་དང་། །ཆུ་བོ་ཀུན་དང་ཆུའི་མདོ་རྣམས་དང་། །མཚོ་དང་རྫིང་བུ་ལྡིང་ཀ་ཆུ་ངོགས་དང་། །གཡའ་ཆུ་སིལ་མ་ཅན་ལ་གང་གནས་དང་། །གྲོང་དང་ཕྱུག་ཀླས་གྲོང་ཁྱེར་སྟོང་པ་དང་། །ཁང་སྟོང་དང་ནི་ལྷའི་གནས་རྣམས་དང་། །གཙུག་ལག་ཁང་དང་མཆོད་རྟེན་གནས་རྣམས་དང་། །དཀའ་ཐུབ་གནས་དང་གླང་ཆེན་བྲེས་རྣམས་དང་། །རྒྱལ་པོའི་དཀོར་ཁང་དག་ན་གང་གནས་དང་། །ལམ་སྲང་སུམ་མདོ་དང་ནི་བཞི་མདོ་དང་། །གང་དག་ལམ་པོ་ཆེ་དང་ཤིང་གཅིག་དྲུང་། །དུར་ཁྲོད་ཆེན་པོ་ནགས་ཚལ་ཆེན་པོ་དང་། །སེང་གེ་དྲེད་དང་གཅན་གཟན་གནས་རྣམས་དང་། །འབྲོག་ཆེན་འཇིགས་སུ་རུང་བར་གང་གནས་དང་། །གང་དག་གླིང་མཆོག་དག་ན་གནས་པ་དང་། །ལྷུན་པོ་དུར་ཁྲོད་དག་ལ་གནས་པ་རྣམས། །རབ་ཏུ་དགྱེས་ཤིང་མགུ་བར་གྱུར་ནས་སུ། །ཕྲེང་བ་མེ་ཏོག་དྲི་དང་བདུག་པར་བཅས། །བསྟོད་དང་གཏོར་མ་མར་མེ་གུས་འབུལ་ན། །འདི་དག་གསོལ་ཞིང་ལེགས་པར་བཞེས་ནས་ཀྱང་། །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །ཀུན་ཀྱང་གནོད་པ་རྣམས་དང་བྲལ། །ཡང་ན་དམ་པས་གསུངས་པ་ཡི། །བསམ་པ་ཡིད་བཞིན་འགྲུབ་གྱུར་ཅིག །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །འབྱུང་པོ་མང་པོ་གང་འགོད་པ། །བསམ་པ་ཡིད་བཞིན་འགྲུབ་པར་ཤོག །ཅེས་པའི་བར་དང་། ཁྲོ་བོ་ཆེན་པོའི་བཀའ་ཡིས་ནི། །རང་རང་གནས་སུ་བདེ་བར་དེངས། །བཛྲ་མུཿ ཡ་ཧི་གཙྪ། ཞེས་བརྗོད་དོ། །གཏོར་མ་གསུམ་པ་བསང་སྦྱངས་བྱིན་གྱིས་བརླབས་ནས། བདེན་བརྗོད་བྱས་ལ། སརྦ་ཀ་རི་སརྦ་སིདྡྷི་ཧཱུྃ། ༀ་པདྨ་ཏ་ཀྲིད་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧཱུྃ། ཧྲཱིཿ རྒྱལ་བ་ཀུན་གྱི་བདག་པོ་ཆོས་ཀྱི་སྐུ། །ཆོས་རྗེ་འོད་དཔག་མེད་པ་རྡོ་རྗེ་ཆོས། །སྤྱན་རས་གཟིགས་སྤྲུལ་ཧྲཱིཿལས་རྔམས་ཆེན་སྐུ། །རྟ་མགྲིན་རྟ་སྐད་བཞད་ལ་ཕྱག་འཚལ་བསྟོད། །དབང་ཆེན་དབང་འདུས་དབང་གི་རྒྱལ་པོ་སྟེ། །དབང་གི་མདོག་དམར་སྐལ་པའི་མེ་ལྟར་འབར། །དབང་ཆེན་རྔམས་བརྗིད་ཉི་མ་འབུམ་གྱི་གཟི། །དབང་མཛད་དབང་གི་ལྷ་ལ་ཕྱག་འཚལ་བསྟོད། །ཆོས་ཉིད་བདུད་རྩི་མཆོག་གི་དབང་བསྐུར་ཞིང་། །དུས་གསུམ་བསྟན་པ་བསྲུང་མཛད་དཔལ་འབར་བ། །གདུག་པའི་ཀླུ་རྣམས་བརྗིད་པའི་ཞབས་ཀྱིས་གནོན། །དུག་ཆེན་བདུད་རྩི་བསྒྱུར་ལ་ཕྱག་འཚལ་བསྟོད། །རིག་པའི་རྒྱལ་པོ་ཁྲོ་བོ་ཀུན་གྱི་རྗེ། །བྱམས་ཆེན་རབ་ཁྲོས་ཁྲོ་རྒྱལ་ཀུན་གྱི་བསྐོར། །སྟོང་ཉིད་དབྱིངས་ལས་མ་གཡོས་མཁའ་དཀྱིལ་ནས། །འཇིགས་གཟུགས་ཉི་ཟླ་འབར་ལ་ཕྱག་འཚལ་བསྟོད། །ཆོས་ཐམས་ཅད་རང་བཞིན་གྱི་རྣམ་པར་དག་ཅིང་ཅིར་ཡང་མ་ཡིན་པ་ལ། ཅི་ལྟར་བསམ་པ་བཞིན་འབྱུང་བའི་བདེན་པ་དང་། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཐུགས་སུ་ཆུད་ཅིང་སེམས་ཅན་དོན་ལ་དགོངས་པ་སྐད་ཅིག་ཀྱང་མི་གཡེལ་བའི་བདེན་པ་དང་། དུས་གསུམ་གྱི་རྒྱལ་བ་རྣམས་ཀྱིས་དགོངས་པ་སྐོང་ཞིང་སེམས་ཅན་གྱི་མགོན་སྐྱབས་མཛད་པར་ཞལ་གྱི་བཞེས་པའི་བདེན་པའི་བྱིན་རླབས་དང་། བདག་གི་ལྷག་པའི་བསམ་པ་རྣམ་པར་དག་པའི་བདེན་པའི་བྱིན་རླབས་དང་། དཀོན་མཆོག་གསུམ་དང་བླ་མ་དམ་པའི་བཀའ་བདེན་པའི་བྱིན་རླབས་ཀྱིས། གདུག་ཅིང་སྡང་བའི་སེམས་དང་ལྡན་པའི་བགེགས་ཀྱི་རིགས་ཐམས་ཅད་སྐད་ཅིག་ལ་འདིར་འདུས་ཤིག །ཧཱུྃ་ཧཱུྃ་བྷི་ཤྭ་བཛྲ་ཀྲོ་ཏ་ཛྭ་ལ་མཎྜལ་ཕཊ་ཕཊ། ཧ་ལ་ཧ་ལ་ཧཱུྃ་ཧཱུྃ་ཕཊ། ཏྲི་ཡཾ་ཛ་ཛཿ བཛྲ་ཨཾ་གུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་སྥོ་ཊ་བྃ། བཛྲ་གྷེཎྜེ་ཧོས་བཀུག་ལ། ན་མོ། མཆོད་སྦྱིན་གྱི་གཏོར་མ་ཐ་མ་འདི་སྦྱིན་ཅིང་བསྔོ་བའི་གནས་ནི་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི་ཚེ་རབས་ཐོག་མ་མེད་པ་ནས་ད་ལྟ་ཡན་ཆད་ཀྱི་ལེན་ཆགས་བུ་ལོན་གྱི་མགྲོན་དུ་གྱུར་པ་བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་ཚོགས་ལ་ལུས་དང་སྲོག་གི་གླུད་དང་ལོངས་སྤྱོད་ཀྱི་སྐྱིན་དུ་འབུལ་ལོ། །མཆོད་དོ། །མགྲོན་ནོ། །དེ་ལྟར་ཕུལ་བས། བསད་པས་ཚེ་ཐུང་བ། བརྡུང་བས་ནད་མང་བ། འཕྲོག་པས་ནོར་དབུལ་བའི་ལན་ཆགས་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །བུ་ལོན་ཐམས་ཅད་ཁྱེར་བར་གྱུར་ཅིག །འཁོར་རྩོད་ཐམས་ཅད་བྱང་བར་གྱུར་ཅིག །བགེགས་ཀྱི་བར་ཆད་ཐམས་ཅད་ཞི་བར་གྱུར་ཅིག །སྔར་གྱི་གནོད་པ་འཕྲོ་བསྡུས་ལ་ཕྱིན་ཆད་མི་བྱེད་པར་དམ་བཅའ་བ་བཞིན་ཁས་ལོངས་ཤིག །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ནས་བསྲེགས་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཅི་སྟེ་དམ་ཚིག་འདས་ནས་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །རྡོ་རྗེ་འཛིན་རྒྱལ་ཁྲོས་ནས་ནི། །བདུན་རྒྱུད་རིགས་ནི་བརླག་པར་བྱེད། །ༀ་བཛྲ་ཀྲོ་ཏ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། རྡོ་རྗེ་ཆེན་པོ་མཆོག་འཛིན་པོ། །མགོན་པོ་ཆེན་པོའི་བྱིན་རླབས་པའི། །བློ་ལྡན་གང་ཞིག་འདའ་བ་ནི། །རྡོ་རྗེ་འཛིན་པས་མོད་ལ་སྤངས། །སྤངས་བའི་སེམས་ཅན་ཆེན་པོ་དེ། །སྙིང་རྗེ་འཁོར་བའི་སྤྱོད་རྒྱུན་དུ། །ངན་སོང་གསུམ་དུ་ཡང་ནས་ཡང་། །ཤིན་ཏུ་མི་བཟད་ཆོ་ངེས་འདེབས། །བདག་ཉིད་ཆེན་པོ་སངས་རྒྱས་བཀའ། །ཚིག་ལས་འདས་ནས་རྡུལ་ཕྲན་བཞིན། །ང་ནི་དབང་ཕྱུག་ཆེན་པོ་སྟེ། །རྒྱལ་ཆེན་རིགས་བཞི་ང་ཡི་གཡོག །ལྷ་སྲིན་སྡེ་བརྒྱད་ང་ཡི་བྲན། །དམ་ཚིག་དག་ལ་འདའ་མི་བྱ། །དེ་ལྟར་ཁྱོད་ཀྱི་ཤེས་གྱིས་ལ། །བདེ་བར་གཤེགས་པའི་བཀའ་མ་གཅོག །དམ་པ་ཆོས་ཀྱིས་གཞུང་མ་རལ། །སེམས་ཅན་དམྱལ་བའི་རྒྱུ་མ་བསགས། །རྣལ་འབྱོར་རྣམས་ཀྱི་བཀའ་མ་འདའ། །སྔགས་ཀྱི་དམ་ཚིག་ཚུལ་མ་གཤེགས། །སྡིག་པ་ཅི་ཡང་མི་བྱ་སྟེ། །ཞེས་པ་ནས། སེམས་ཅན་དོན་ལ་མཉམ་མེད་བྱོས། །ཞེས་པའི་བར་དང་། ༀ་སརྦ་བིགྣན་ཡ་ཧི་གཙྪ། ཞེས་པས་སོ་སོའི་གནས་སུ་སོང་བར་བསམ་མོ། །དེ་ནས་སྔར་བཞིན་གཞལ་ཡས་ཁང་ལྷ་དང་བཅས་པ་གསལ་གདབ་ལ་སྔར་བཞིན་མཆོད་ལ། འདོད་པའི་དོན་ལ་གསོལ་བ་གདབ། དངོས་གྲུབ་བླང་ལ། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །ཁྱོད་ཀྱི་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། ཨ་ཧཾ་ཡུ་ཏི་ཛ་བཛྲ་མུཿ ཞེས་པས་འཇིག་རྟེན་པའི་མགྲོན་རྣམས་གཤེགས་ལ། དེ་ནས་རང་བཞིན་འོག་ནས་འབྱུང་བ་བཞིན་གསོལ་བ་བཏབ་ནས་བཟུང་སྟེ། དབང་རྣམས་རྫོགས་པར་བླང་སྟེ་སློབ་མ་རྣམས་ལ་དབང་གི་གླིང་གཞི་བཤད་པར་བྱ་སྟེ། དེའང་རྣམ་པར་སྣང་མཛད་ཐིག་ལེ་དབང་གི་རྒྱུད་ལས། འདོད་པའི་ཁམས་ཀྱི་གནས་རིས་འདི་ན། བྲམ་ཟེའི་སློབ་དཔོན་དུང་གི་ཕྲེང་བ་ཅན་ཞེས་བྱ་བ་ལ། གོས་སུ་དུང་གི་ཕྲེང་བ་གོན་པ། རྫུ་འཕྲུལ་དང་ལྡན་པ་ཞིག་ལ། སློབ་མ་རྒྱལ་བུ་ཞིག་ཡོད་དེ། དེ་ལ་བྲམ་ཟེས་སློབ་སྦྱོང་དུ་བྱས་པས། རིགས་པའི་གནས་ལྔ་ལ་མཁས་པར་གྱུར་ལ། རྒྱལ་བུའི་བསམ་པ་ལ། ད་ནི་བདག་ཀྱང་ཤེས་པ་མང་པོ་དང་ལྡན། བྲམ་ཟེས་འདི་མིན་པ་གོང་ན་མེད་པས་འདི་གོང་དུ་མི་བཏང་སྙམས་ནས། བྲམ་ཟེ་ལ་རྒུན་ཆང་བླུད་དེ་བརྒྱལ་བ་དང་། མིག་ཁབ་ཀྱི་རྩགས། ལྕེ་ལྕགས་ཀྱུས་དྲངས་ཏེ་བཅད། ལུས་རུས་སྦལ་གྱི་ཁྲག་གི་བྱུག་སྟེ། བུད་མེད་མང་པོས་མནན། སྒྱིད་པ་བཅད་དེ་བཞག་པས། རེ་ཞིག་ན་བྲམ་ཟེ་བརྒྱལ་བ་སང་ནས། རྩ་ན་སུ་ཡོད་སྙམས་ཏེ། འབོད་པས་སྨྲ་མ་ཤེས། བལྟ་བསམ་པས་མིག་མེད། ལང་བར་འདོད་པས་སྒྱིད་པ་མེད། བུད་མེད་མང་པོས་མནན་པས་དྲན་པ་ཉམས། ལུས་ཆུ་བུར་དང་སྐམ་པོས་གང་བར་གྱུར་པས། དེས་བསམ་པས། འདི་ཅི་ལྟར་ཡིན་སྡུག་བསྔལ་ཞིང་ཉམས་ཐག་པ་འདི་སྔོན་ལས་ཡིན་ནམ། གཞན་གྱིས་ཕྲག་དོག་གི་བྱས་པ་ཡིན་བརྟག་པས། རྒྱལ་བུས་བྱས་པ་རིག་ནས། དམོད་པ་བོར་བས། རྒྱལ་བུ་ཁྱོད་ལ་ང་དེ་ཙམ་དུ་དྲིན་ཆེ་ཡང་། ང་འདི་ལྟ་བུ་བྱེད་པ་ཁྱོད་ཀྱང་སྐྱེ་བ་གཅིག་གི་ཚེ། ལུས་ལ་མཛེ་དང་། ཕོ་མིག་དང་། གཡེན་པ་དང་། ལྷོག་པ་དང་། ཤ་བཀྲ་དང་། བས་བལྡག་དང་། ཆུ་བུར་དང་། ནད་རྣམ་པ་དྲུག་གི་ཐེབ་ཅིང་ལུས་ལ་ཤ་ཟ་མོ་སྟོང་གི་ཚང་བཅའ་བ་དང་། མིག་ལོང་ཞིག་ངག་ལྐུག །ཡན་ལག་ཞ་སྟེ་སྡུག་བསྔལ་བར་གྱུར་ཅིག །དེ་ནས་ཚེ་འཕོས་ནས་ངན་སོང་གསུམ་རིམས་པར་བརྒྱུད་དེ་དམྱལ་ཁམས་བཅུ་དྲུག་གི་ཁ་བརྒྱུད་པར་སྐྱེས་ནས། བསྐལ་པ་གྲངས་མེད་པར་འཕགས་པའི་འབྲས་བུ་ཞལ་མ་མཐོང་སྟེ། བྱང་ཆུབ་ཀྱི་མྱུ་གུ་སྔོ་སྐམ་དུ་གྱུར་ཐུགས་པ་ལ། བཅོམ་ལྡན་འདས་ཉིད་ཀྱི་ཐུགས་ཀ་ནས་དཔལ་ཕྱག་ན་རྡོ་རྗེ་ཕྱུངས་ནས་བཀའ་མནོང་པ་ནི། ཁྱོད་སོང་ལ་འདོད་ཁམས་འདི་ནས་སེམས་ཅན་ལུས་སྲུལ་པོ་ཅན་ཞེས་བྱ་བར་ཚེ་སྔ་མར་སློབ་དཔོན་ལ་ངན་སེམས་བྱས་པའི་རྣམ་སྨིན་དུ་མྱོང་བ་སྟེ། དེ་ལྟ་བུའི་བྱང་ཆུབ་ཀྱི་མྱུ་གུ་སྔོ་སྐམ་ལ་ཐུག་ཅིང་སྡུག་བསྔལ་ལ་ཚེ་འཕོས་ནས་དམྱལ་བར་ལྟུང་བ། ལས་གཞན་གྱི་རྣམ་སྨིན་ལ་ཐར་སྲིད་སློབ་དཔོན་ལ་ངན་སེམས་བྱས་པའི་རྣམ་སྨིན་ཤིན་ཏུ་སྦྱངས་དཀའ་བས། ལག་ན་རྡོ་རྗེ་ཁྱོད་སོང་ལ་ཆོ་ག་ཟབ་མོའི་བྱིན་རླབས་མཆོག་དབང་འདི་རྣམས་བསྐུར་ལ་མཐོ་རིས་ཀྱི་གནས་སུ་སྐྱེ་བར་གྱིས་ཤིག །ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེའི་ཡི་རང་སྟེ། བཅོམ་ལྡན་འདས་ལ་སླར་གསོལ་པ། བཅོམ་ལྡན་འདས་དབང་རྣམས་ཀྱིས་རང་བཞིན་བཤད་དུ་གསོལ། ཞེས་གསོལ་པས། བཅོམ་ལྡན་འདས་ཀྱི་བཀའ་རྩལ་པ། རྒྱལ་རིགས་བཙུན་པར་སྐྱེས་པའི་ཚེ། །རྒྱལ་སྲིད་འབངས་ཀྱི་ཕུལ་བས་ན། །ཚིག་བཙན་ཡུལ་ལ་དབང་བསྐུར་བས། །ས་བདག་རྒྱལ་པོ་གནས་པ་བཞིན། །བཅོམ་ལྡན་བྱང་ཆུབ་སྤྱོད་པའི་ཚེ། །ལྷ་དང་ལྷ་མིན་འཁོར་བཅས་ལ། །དབང་བསྐུར་རྫས་ཀྱི་མངའ་གསོལ་བ། །དེ་ནས་བྱང་ཆུབ་མངོན་སངས་རྒྱས། །ཕྱག་རྒྱ་གསང་བའི་གནས་བསྲུངས་ཏེ། །བདུད་རྩི་བུམ་པས་སྡིག་རྣམས་བཀྲུ། །ཕྲེང་བ་ཅོད་པན་ཚུལ་ཁྲིམས་དང་། །རྣམ་ལྔའི་ཐུར་མས་བག་ཆགས་བསལ། །མེ་ལོང་འཁོར་ལོ་དུང་རྒྱ་གྲམ། །སྣ་བདུན་འཁོར་ལོའི་སྟེག་བཙུག་སྟེ། །རལ་གྲི་ཤེས་རབ་མདའ་གཞུ་དང་། །སེང་གེ་ཉི་ཟླ་ལྟ་བུ་དང་། །འབྲས་བུ་བཀྲ་ཤིས་རྫས་བརྒྱད་སྦྱིན། །བདེན་པའི་བཀའ་བརྗོད་བདེན་བརྡར་དང་། །ཏིང་འཛིན་ཚངས་པའི་གླུ་དབྱངས་དང་། །རྟེན་འབྲེལ་རྫས་རྣམས་བཤམ་ནས་ནི། །དབང་མཆོག་དེས་ནི་དབང་བསྐུར་རོ། །ཞེས་བཀའ་སྩལ་ཏོ། །དེ་ནས་ལག་ན་རྡོ་རྗེས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམ་པར་དག་པའི་ཕྱག་རྒྱ་བཅིང་སྟེ་སེམས་ཅན་ལུས་སྲུལ་པོ་ཅན་གྱི་གནས་ལྔར་བཀོད་པས། ཤ་ཟ་མ་སྟོང་གི་གནས་ཀྱང་བྱེར་རོ། །དེ་ནས་འདུ་འབྲལ་མེད་པར་གསང་བའི་དབང་གི་བྱང་ཆུབ་མྱུ་གུ་སྔོ་སྐམ་དུ་གྱུར་པ་ལ་ཐུགས་པར་སོས་ནས། དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་བྱིན་གྱིས་བརླབས་སོ། །དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱིས་ཐུགས་རྗེའི་བྱིན་རླབས་ཀྱི། བདུད་རྩི་བུམ་པས་དབང་བསྐུར་བས། ལུས་མི་བདེ་བ་རྣམས་བཀྲུས་ནས་དག་པར་གྱུར་ཏོ། །མེ་ཏོག་ཕྲེང་བས་དབང་བསྐུར་བས་ཚུལ་ཁྲིམས་ཀྱི་ཕྲེང་བ་ཞིག་རལ་ཡོངས་སུ་རྫོགས་ནས་ངན་སོང་ནས་ཡོངས་སུ་བཟློག་པའི་དབང་དང་ལྡན་པར་གྱུར་ཏོ། །ཅོད་པན་གྱི་དབང་བསྐུར་བས་ཁམས་གསུམ་ན་གནས་པའི་སྦྱོར་བ་ངན་པའི་བག་ཆགས་རྣམས་དང་བྲལ་བར་གྱུར་ཏོ། །དེ་ནས་གསེར་གྱི་ཐུར་མས་དབང་བསྐུར་བས་མ་རིག་པའི་ལིང་ཐོག་གི་འཐིབ་པོ་ཕྱུང་ནས་གསལ་བར་གྱུར་ཏོ། །མེ་ལོང་གི་ཆོས་རྣམས་གཟུགས་བརྙན་རྟེན་འབྲེལ་སྒྱུ་མ་ལྟ་བུར་མཐོང་། གསེར་གྱི་འཁོར་ལོས་རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་ནས་ཁམས་གསུམ་དུ་འགྲོ་ནུས་པར་གྱུར་ཏོ། །དུང་གི་ཚངས་པའི་སྒྲ་སྐད་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཏོ། །རྒྱ་གྲམ་གྱི་ཕྱོགས་བཅུ་ན་སྔགས་འཆང་རྣམས་རྟག་ཏུ་བསྲུང་བར་གྱུར་ཏོ། །དེ་ནས་རིན་ཆེན་སྣ་ཚོགས་མཁའ་ལ་རྒྱུད་མར་ཕྱུང་སྟེ། འཁོར་ལོ། ནོར་བུ། བཙུན་མོ། ཁྱིམ་བདག །བློན་པོ། རྟ། གླང་པོ་རྣམས་ཀྱི་དབང་བསྐུར་བས་ཕྱིར་མི་ལྡོག་པའི་འཁོར་ལོ་སྒྱུར་བའི་རྒྱལ་པོ་སྤྲིན་དཔུང་ཞེས་བྱ་བར་གྱུར་ཏོ། །དེ་ལ་ཡེ་ཤེས་ཀྱི་རལ་གྲི་དང་། ཐབས་ཤེས་ཟུང་དུ་འབྲེལ་བའི་མདའ་གཞུ་དང་། བརྗིད་པ་སེང་གེ་མྱུར་བ་གཟུགས་བརྙན་རྣམས་ཀྱི་དབང་བསྐུར་བས་སྐད་ཅིག་མ་ལ་སངས་རྒྱས་ཏེ་བཅོམ་ལྡན་འདས་ཀུན་ཏུ་བཟང་མོ་ཞེས་བྱ་བར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལེགས་ཤེས་བསྟོད་ནས། ཉི་མ་དང་ཟླ་བ་ཕྱག་ཏུ་ཕུལ་མ་ཐག་ཏུ་ཉི་མས་སྐྱེ་འགྲོ་མ་ལུས་པའི་སེམས་ཅན་གྱི་རྒྱུད་ལ་ཡེ་ཤེས་ཀྱི་འོད་ཟེར་ཆེན་པོ་དུས་མཐའ་མེད་པར་ཤར་ནས་དྲོ་ཞིང་འཇོམ་པར་གྱུར་ཏོ། །ཟླ་བས་ནི་སྟོང་གསུམ་གྱིས་མུན་པ་ཐམས་ཅད་དུས་གཅིག་ཏུ་བསལ་ནས་རྣམ་པ་ཐམས་ཅད་དུ་བསིལ་ཞིང་སྣང་བར་གྱུར་ཏོ། །དེ་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གོ་འཕང་ཆེན་པོ་རྫོགས་པར་གྱུར་ཏོ། །ཐམས་ཅད་ནས་ཐམས་ཅད་དུ་བཀྲ་ཤིས་ཤིང་འགྲུབ་པའི་རྫས་སུ་གསུངས་པ་དང་། འདོད་པ་ཁམས་ཀྱི་ལྷ་དང་། འོག་མིན་གྱི་ལྷ་དང་། འོག་གིས་བདག་དང་། རིགས་ཀྱི་བྲམ་ཟེ་དང་། གང་ཟག་དད་པ་བསལ་ཞིང་རིག་པའི་གླང་པོ་དང་། མཁྱེན་པའི་དཔལ་ལ་སོགས་ཏེ། སྦྱིན་པའི་གནས་སུ་སྐྱེད་པའི་ཕྱིར་བཀྲ་ཤིས་ཀྱི་མངའ་གསོལ་ནས། གཞན་ལ་ཕན་པའི་དོན་དུ་ཚིགས་སུ་བཅད་དེ་བསྟོད་པ། དེ་བཞིན་གཤེགས་པ་དགྱེས་པ་ཆེ། །བདག་ནི་གཏན་དུ་མ་བཏང་ཞིག །ཡུངས་ཀར་དངོས་གྲུབ་རྫས་ཀྱི་ནི། །བགེགས་ཀྱི་སྦྱོར་བ་རྣམ་འཇོམས་ཞིང་། །ཞོའི་རྣམ་པར་རྒྱས་བྱེད་ཏིང་འཛིན་བཅུད་ཀྱི་འཚོ་བ་དང་། དུར་བས་དགེ་བའི་རྩ་བ་དཔག་མེད་ཚོགས་ལྡན་ཞིང་། ལི་ཁྲིས་ལྷ་མོ་མང་པོ་དབང་དུ་བསྡུས་པར་བྱེད་པར་ཤོག །མེ་ལོང་གི་ཆོས་ཀུན་གཟུགས་བརྙན་ལྟ་བུར་རྟོགས་པ་དང་། དུང་གི་འཇིག་རྟེན་གསུམ་དུ་ཆོས་ཀྱི་གྲགས་པ་ཐོབ་པར་གྱུར་ཅིག །གྷི་ཝང་གི་ནད་དུག་གསུམ་ཞི་བྱེད་ཚེ་སྲོག་མང་པོ་འཚོ་བ་དང་། བིལ་བས་མཚུངས་མེད་བླ་མེད་བྱང་ཆུབ་སྙིང་པོ་ཐོབ་པར་ཤོག །ཅེས་བརྗོད་དེ་བཀྲ་ཤིས་རྫས་བརྒྱད་མངའ་གསོལ་ནས། སོ་སོའི་ཡོན་ཏན་ཅི་སྐད་གསུང་པ་བཞིན་བཀྲ་ཤིས་པར་གྱུར་ཏེ། དེ་ལྟ་བས་ན་གཞན་གྱི་སྡིག་པ་མཚམས་མེད་པ་ལྔ་དང་། ལྕི་བ་བཞི་དང་། ལོགས་པ་བརྒྱད་ལ་སོགས་པ་རྣམས་དག་པ་ལྟ་ཅི་སྨོས། བླ་མ་ལ་བརྙས་པ་བྱས་པའི་རྣམ་སྨིན་ཡང་དབང་བསྐུར་བས་ཕྲིན་ལས་ཁྱད་པར་ཅན་གྱི་དག་པར་གྱུར་པ་ནི་ཁྱད་པར་རྨད་དུ་བྱུང་བའི་ཕྲིན་ལས་ཏེ་དོན་ཆེན་པོ་དང་ལྡན་པར་ཐུགས་ལ་དགོངས་ཏེ་སྤྲོ་བ་ཆེན་པོ་མཛོད་ཅིག །དེ་དག་ནི་དབང་གི་གླིང་བཞི་བཤད་པའོ། །དེ་ནས་དབང་དེ་དག་བསྐུར་ཡང་མི་ཆགས་པའི་གག་བརྒྱད་བཤད་པར་བྱས་ཏེ། འདི་ལྟར་ཐུགས་ལ་བཞག་འཚལ་ལོ། །དཔེར་ན་ཆུ་རང་བཞིན་གྱི་རྣམ་པར་དག་པ་ལ། གློ་བུར་དུ་སྙོག་མ་བྱུང་ན་མི་གསལ་བས། འབྱུང་ཆེན་ལྟོས་ཀྱི་ནམ་མཁའ་རང་བཞིན་གྱི་རྣམ་པར་དག་ཀྱང་གློ་བུར་སྤྲིན་དང་ཁུ་རླངས་རྣམས་ཀྱིས་སྒྲིབ་ནས་མི་གསལ་བ་བཞིན། ཆོས་ཉིད་ཀྱི་རང་བཞིན་རྣམ་པར་དག་ཀྱི་གསལ་ཡང་། གློ་བུར་གྱི་རྣམ་རྟོག་གམ་བག་ཆགས་ཀྱི་སྒྲིབ་པ་ནི་འདི་ལྟར་ཏེ། སངས་རྒྱས་ཀུན་གྱི་དངོས་གྲུབ་དང་། །བྱིན་རླབས་དབང་ཆོག་འབྱུང་བ་ནི། །དཔེར་ན་རྒྱལ་མཚོ་དྭངས་པ་ལ། །ཉི་ཟླ་གཟའ་སྐར་འབྱུང་བ་ཡང་། །སྙོག་མ་ཆུ་ཡི་གར་འགྱུར་བཞིན། །བྱིན་རླབས་དབང་མཆོག་འབྱུང་བའི་གག །རྣམ་པ་བརྒྱད་དུ་འབྱུང་བར་བཤད། །ཅེས་པའི་དང་པོ་ནི། སྔོན་འབྱུང་སྟོན་པ་སློབ་དཔོན་ལ། བཀའ་གཅོག་བརྙས་པ་བྱེད་པ་ནི། །དབང་དང་དངོས་གྲུབ་དམ་པའི་གག །ཅེས་པས་བླ་མ་ནི། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། དངོས་གྲུབ་འབྱུང་བའི་རྩ་བ་ལགས་པས། བཀའ་ལ་བརྙས་པ་སྤང་བར་བྱའོ། །བླ་མེད་རྡོ་རྗེ་འགྲོ་བའི་སྤུན་འཁུ་ལྡོག་གདུང་བའི་སེམས་མེད་ན། དབང་དང་དངོས་གྲུབ་གག་གཉིས་པ། ཞེས་པས་མཆེད་གྲོགས་ལ་གདུང་སེམས་ཆེར་བྱའོ། །བྱང་ཆུབ་ལམ་ལ་འདུད་མེད་ཅིང་། །ཐར་པར་འདྲེན་པའི་ལྷ་སྤངས་པ། །དངོས་གྲུབ་འབྱུང་པའི་གག་གསུམ་པ། །ཞེས་པས་དོན་དམ་བྱང་ཆུབ་ཀྱི་སེམས་དང་། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་མ་སྤངས་ཤིག །སྙིང་རྗེའི་ཡུལ་གྱུར་སེམས་ཅན་ལ། །ཐག་པ་བཅད་པ་གག་བཞི་པ། ཞེས་སེམས་ཅན་བློས་མི་གཏོང་བར་བྱའོ། །གསང་སྔགས་པའི་ལོངས་སྤྱོད་རྣམས། ཡངས་ལ་བྱིན་པ་ལྔ་པའི་གག །ཅེས་པས་སྣོད་མ་སྨིན་པ་དང་། ཆོས་ཀྱི་མ་སྨིན་པའི་གག་ནི་སྣོད་དུ་མི་རུང་བས་ཟབ་མོ་གསང་སྔགས་ཀྱི་དོན་མ་སྟོན་ཅིག་པའོ། །ཐར་ལམ་སྟོན་པ་འདུད་མེད་ཅིང་། །སེར་སྣས་བཅིང་བ་དྲུག་པའི་གག །ཅེས་པས་དབང་བསྐུར་བའི་བླ་མ་ལ་མོས་གུས་མེད་པ་དང་། ཕྱག་རྟེན་ལ་སེར་སྣ་མ་བྱེད་ཅིག །གཟུ་ལུམ་དབང་མེད་ལས་ལ་སྤྱོད། །དངོས་གྲུབ་འབྱུང་བའི་གག་བདུན་པ། ཞེས་པས་བླ་མ་ལ་བཀའ་ལུང་མ་ཐོབ་པ། གཞན་ལ་བསྟན་པ་ལ་སོགས་གཟུ་ལུམ་རས་ཆོད་མ་བྱེད་ཅིག །འདོད་པ་ཁེ་དྲག་ལྷུར་ལེན་ཞིང་། །གསལ་བའི་དམ་ཚིག་སྤངས་པ་ནི། །འདི་ནི་བརྒྱད་པའི་གགས་སུ་བསྟན། ཅེས་པས་འདོད་པས་ཁེ་དྲག་ལྷུར་མི་ལེན་པ་སྔགས་ཀྱི་དམ་ཚིག་གི་རིན་པོ་ཆེ་དང་འདྲ་བས་འདི་མ་སྤངས་ཤིག །ཉམས་པ་འདི་དག་སུས་སྤངས་པ། །དངོས་གྲུབ་དབང་གི་སྣོད་དུ་བཤད། །འདི་ལྟར་ཁྱོད་ཀྱི་རབ་བརྟན་ན། །བུ་ཁྱོད་ནང་པར་འདྲི་བྱེད་ན། །དཀྱིལ་འཁོར་དྲུང་དུ་ལེགས་པར་ཉོལ། །ཅེས་པས་གག་བརྒྱད་པོ་དེ་ཤེས་པར་བྱས་ལ། ཉེས་པ་དེ་དག་ལས་བཟློག་པར་བྱའོ། །དེ་ནས་རང་ཉིད་གསང་བདག་གི་ང་རྒྱལ་དང་ལྡན་པས་བགེགས་གཏོར་སློབ་མ་རྣམས་ལ་བསྐོར་ཏེ་བཏང་། ལས་བུམ་ཆུས་ཁྲུས་བྱ། དད་པ་བསྐྱེད། མཎྜལ་ཕུལ་ལ། དད་པོ་གསོལ་བ་གདབ་པ་ནི། ཧོ། དཔལ་ལྡན་སངས་རྒྱས་ཀུན་བདག་ཉིད། །བརྩེ་བར་དགོངས་ཏེ་བདག་ལ་ཡང་། །དབང་བསྐུར་བདུད་རྩི་ཆེན་པོ་ཉིད། །དེ་རིང་རབ་ཏུ་སྩལ་དུ་གསོལ། །ཞེས་པས་གསོལ་བ་ལན་གསུམ་གདབ། དེ་ནས་བླ་མའི་རྗེས་སུ་ཐམས་ཅད་ཀྱི་མགྲིན་གཅིག་ཏུ། ན་མོ། ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །བུ་བཞིན་སྐྱོབ་པའི་ཐུགས་མངའ་བ། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །བླ་མེད་མགོན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ནི། །སྐུ་མདོག་སྔོན་པོ་འོད་ཟེར་འབར། །རྡོ་རྗེའི་སྟོབས་ཀྱིས་འབྱུང་པོ་འདུལ། །རྡོ་རྗེ་བསྣམ་ལ་ཕྱག་འཚལ་ལོ། །ལས་ཀྱིས་གནོད་སྦྱིན་ཆེན་པོ་ནི། །འཇིགས་སུ་རུང་བའི་ཆ་བྱད་ཅན། །ཐམས་ཅད་མ་ལུས་འདུལ་མཛད་པ། །འཇིགས་བྱེད་ཁྱེད་ལ་ཕྱག་འཚལ་ལོ། །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབས་པ་བླ་མེད༴ འདྲེན་པ་བླ་མེད༴ བླ་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་ཀུན་ཏུ་བཞུགས་སུ་གསོལ། །མཆོག་གསུམ་བསྟན་པའི་ཞིང་གྱུར་པ། །གཉིས་མེད་ཡིད་ཀྱི་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱི་རྣམ་སྤྲུལ་བའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་བགེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་སངས་རྒྱས་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་བསྐྱེད་ལ། །དགོས་པ་གསུམ་ཕྱིར་ལུས་འབུལ་ལོ། །ཚེ་རབས་བགྲང་བའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་མཆོག་ཏུ་བསྔོ། །ཞེས་པས་ཡན་ལག་བརྒྱད་པ་བྱས་ལ། སྨོན་པ་སེམས་བསྐྱེད་པ་ནི། ཕྱོགས་དུས་ཀུན་ནས་བརྩེ་བར་བཞུགས་པ་ཡི། །བླ་མ་དཀོན་མཆོག་མ་ལུས་དགོངས་སུ་གསོལ། །སངས་རྒྱས་ཆོས་དང་༴ བྱང་ཆུབ༴ བདག་གི༴ །འགྲོ་ལ་ཕན་ཕྱིར༴ ཞེས་བརྗོད་ལ་འཇུག་པ་སེམས་བསྐྱེད་པ་ནི། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཡང་དག་བྱང་ཆུབ་བསྐྱེད་མཛད་པ། །དེ་བཞིན་བླ་མ་བྱང་ཆུབ་སེམས། །དམ་པ་བདག་གི་བསྐྱེད་པར་བགྱི། །ཞེས་བརྗོད་དེ། དེ་ནས་སྐྱབས་སུ་འགྲོ་བ་ནི། སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་སྐྱབས་སུ་མཆི། །བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ༴ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ༴ རང་སེམས་སྟོང་གསལ་ཆོས་ཀྱི་སྐུ་ལ༴ བླ་མ་སངས་རྒྱས་རིན་པོ་ཆེ་ལ༴ ཞེས་ཕྱི་ནང་གསང་བའི་དེ་ཁོ་ན་ཉིད་བཞིའི་སྐྱབས་འགྲོ་བྱའོ། །ད་ནི་ཀུན་དྲིལ་ནས། བདག་དང་མཐའ་ཡས་སེམས་ཅན་རྣམས། །བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །དཀོན་མཆོག་གསུམ་དང་ཡི་དམ་ལྷ། །བླ་མ་རྣམས་ལ་སྐྱབས་སུ་མཆི། །དབང་བསྐུར་དངོས་གྲུབ་སྩལ་དུ་གསོལ། །ཞེས་གསོལ་བ་གདབ་པ། ཡན་ལག་བརྒྱད་པ། སྨོན་འཇུག་སེམས་བསྐྱེད། ཕྱི་ནང་གསང་བ་དེ་ཁོ་ནའི་སྐྱབས་སུ་འགྲོ་བས་རྒྱུད་དག་པར་བྱས་ནས། མཆོད་དབང་བཅུ་དྲུག་བསྐུར་བ་ནི། ཐོག་མར་ངན་སོང་གནས་འདྲེན་གྱི་ཕྱག་ན་རྡོ་རྗེ་གཡོན་སྡིག་མཛུབ་བསྒྲེང་བའི་སྐུ་དེ་བླ་མས་སྒོམ་ཞིང་སློབ་མའི་མགོར་བཞག་ལ། དེ་ཡང་དབང་མཆོག་རྒྱལ་པོའི་རྒྱུད་ལས། ངན་སོང་གསུམ་དང་རིགས་དྲུག་བག་ཆགས་དག་པར་བྱས་ཏེ། བུ་དམྱལ་བའི་ཡི་གེ་དུ་བསྒོམས། བདེན་པ་བརྗོད་ཅིང་། ན་ར་ཀ་བྷུ་དྷ་ཙཀྵུ་པྲ་ཝེ་ཤ་ཨ་ཨཱཿ ཐལ་མོ་བསྡམས་པ་དྲལ། འོད་འཕྲོས་པས་སྡིག་སྒྲིབ་སྦྱངས། སྡིག་འགྱོད་ཕྱིས་བསྡམས། ཕྱག་རྡོར་ལ་དད་པས་གསོལ་བ་བཏབ་པ་ནི། ཀྱཻ་མ་ཀྱེ་ཧུད་གང་ནས་བྱོན། །མགོན་པོ་ཐུགས་རྗེས་བདག་སྐྱོངས་ཤིག །དབང་མཆོག་རྒྱལ་པོའི་བསྒྲལ་དུ་གསོལ། །སླད་ནས་མི་འཆབ་མི་བགྱིད་དོ། །ཞེས་བརྗོད། བླ་མས་ལག་ཏུ་རྡོ་རྗེ་གཏད། རིགས་ཀྱི་བུ་ཁྱོད་འདིར་ཤོག་ཅིག །རང་གི་ཉམས་དང་ཟླས་ཉམས་པས། །ན་རག་དམྱལ་བའི་ལྟུང་བ་ལ། །སྐྱབས་ཕྱིར་དབང་མཆོག་སྦྱིན་པར་བྱ། །ཞེས་རྡོ་རྗེས་གྲལ་དྲང་སྟེ། ཡུངས་ཀར་གྱི་བྲབ་ཅིང་། ༀ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་དུན་ཧཱུྃ་ཕཊ། ཅེས་བརྗོད། རྃ་ཡྃ་ཁྃ་ཨཱཿ ཞེས་པས་མེ་རླུང་ཆུས་སྦྱངས་ནས་སྟོང་པ་ཉིད་དུ་དག །དེ་ནི་བདེན་བརྗོད་ནི། རིགས་ཀྱི་བུ་འདིའི་རྒྱུ་ཉོན་མོངས་པ་ཞེ་སྡང་དང་རྐྱེན་སྲོག་གཅོད་པ་ལ་སོགས་ཀྱི་དམྱལ་བར་སྐྱེ་བའི་ས་བོན་བག་ཆགས་ཐམས་ཅད་སྐད་ཅིག་ལ་བྱང་བར་གྱུར་ཅིག །སླར་གང་ནས་ཀྱང་མི་ལྡང་བར་གྱུར་ཅིག །ༀ་པ་ཙ་པ་ཙ་སརྦ་པྲེ་ད་ཀ་ག་ཏེ་ཧེ་དུན་ཧཱུྃ་ཕཊ། དང་། རྃ་ཡྃ་ཁྃ། རིགས་ཀྱི་བུ་འདིའི་རྒྱུ་འདོད་ཆགས་དང་རྐྱེན་མ་བྱིན་པར་ལེན་པ་སོགས་ཀྱི་ཡི་དྭགས་སུ་སྐྱེས་པའི་ས་བོན་བག་ཆགས་ཐམས་ཅད་བྱང་གྱུར་ཅིག །ༀ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧི་དུན་ཧཱུྃ་ཕ྄ཊ། རྃ་ཡྃ་ཁྃ། རིགས་ཀྱི་བུ་འདིའི་རྒྱུ་གཏི་མུག་དང་། རྐྱེན་ལོག་ལྟ་ལ་སོགས་ཀྱི་དུད་འགྲོར་སྐྱེ་བའི་ས་བོན་བག་ཆགས་ལ་སོགས་སྐད་ཅིག་ལ་བྱང་ཞིང་དག་པར་གྱུར་ཅིག །དེ་དག་གི་ཞར་ལ་ང་རྒྱལ་ཕྲག་དོག་སེར་སྣ་རྫུན་ཚིག་སོགས་ཀྱི། སྒྲིབ་པ་སྦྱང་བའི་སྤྱི་གཅོད་དུ། ༀ་ན་མོ་བྷ་ག་ཝ་ཏི་སརྦ་དུར་ཀ་ཏི་ཚང་པར་བརྗོད། ནང་སེམས་མི་འཁྲུགས་ཤིང་སྤྱིར་ཞིང་ཁམས་རྣམ་པར་དག་པར་སྐྱེ་བའི་ཕྱིར། ན་མོ་རཏྣ་ཏྲ་ཡ་ཡ་ཀཾ་ཀ་ནི་ཚང་བར་བརྗོད། ཅེས་པས་ངན་སོང་གནས་འདྲེན་ནོ། །དེ་ནས་དབུ་རྒྱན་ཐོགས་ཏེ། དེ་ནས་ལག་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ཕྱག་རྒྱ་བཅིང་སྟེ་གནས་ལྔར་གཏུག་པས་ཤ་ཟ་མ་སྟོང་གི་ཚོགས་བསྐྲད་ཅིང་བྱེར་བ་དེ་བཞིན་དུ་དབང་བསྐུར་ཏེ། བཛྲ་ཧཱུྃ། དྭེ་ཥ་ར་ཏི་ཧཱུྃ། བཻ་རོ་ཙ་ན་ༀ། དྷ་ཏྭི་ཤྭ་རི་ༀ། རཏྣ་སམྦྷ་ཝ་ཏྲཱཾ། དྭ་ཏི་ཏྲཱཾ། ཨ་མི་དྷེ་ཝ་ཧྲཱིཿ རཱ་ག་ར་ཏི་ཧྲཱིཿ ཨ་མོ་གྷ་སིདྡྷི་ཨཱཿ ཏ་ར་ཏ་རི་ཨཱཿ ཡེ་ཤེས་རིན་ཆེན་དབུ་རྒྱན་འདི། །རྒྱལ་བ་སངས་རྒྱས་ཀུན་འདུས་པ། །གཟི་བརྗིད་རིགས་སྔགས་རྒྱལ་བ་ཡི། །བུ་ཁྱོད་གཙུག་ན་ནོར་བུ་འབར། །ༀ་རཏྣ་ཨ་བྷི་ཥིཉྩ་ཨཱཿ ན་མོ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབ་སྟེ། རིགས་ཀྱི་བུ་ལ་དབུ་རྒྱན་གྱི་དབང་བསྐུར་བས་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་ནས་གསལ་བའི་རྟེན། དྲིལ་བུ་ཐོགས་ཏེ། རིགས་ཀྱི་རིགས་ཏེ་རིགས་ཀྱི་གཙོ། །སྐུ་གསུང་ཐུགས་དང་ལྡན་པ་དང་། །གསང་བ་གསང་ཆེན་ཡང་གསང་ནི། །བདག་པོར་ཁྱོད་ལ་དབང་བསྐུར་རོ། །ༀ་བྷུདྡྷ་ཨ་བྷི་ཥིཉྩ་ཨཱཿ ན་མོ། ཕྱོགས་བཅུའི་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཏེ། རིགས་ཀྱི་བུ་ལ་གསང་བའི་དབང་བསྐུར་བས། བྱང་ཆུབ་ཀྱི་མྱུ་གུ་སྐམ་པ་སོས་ནས། བྱང་ཆུབ་ཀྱི་སྙིང་པོ་ཅན་དུ་གྱུར་ཏེ། གསང་བའི་བདག་པོས་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་བཛྲ་པཱ་ཎི་ཧཱུྃ་ཕཊ། ཀྱི་དྲིལ་བུ་བྱིན་ནོ། །དེ་ནས་བུམ་པ་ཐོགས་ལ། རིན་ཆེན་སྣ་ཚོགས་རྒྱུ་ལས་བྱུང་། །ཁ་དོག་དབྱིབས་དང་ལྡན་པ་ཡི། །ཤེས་རབ་ཡུམ་གྱི་བུམ་པ་འདིས། །འགྲོ་དོན་མཆོག་གི་དབང་བསྐུར་རོ། །ༀ་བྷུདྡྷ་ཀ་ལ་ཨ་བྷི་ཥིཉྩ་ༀ། ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། རིགས་ཀྱི་བུ་ལ་བུམ་པས་དབང་བསྐུར་བས། ནད་རྣམས་བྱང་ཞིང་དག་ནས། རང་སེམས་སྤྲོས་པ་དང་བྲལ་ཏེ་ཡེ་ཤེས་རྣམ་པ་ལྔ་དང་ལྡན་ནས་འགྲོ་བའི་དོན་ཆུ་བོའི་རྒྱུན་བཞིན་དུ་བྱེད་པའི་དབང་ཐོབ་པར་གྱུར་ཅིག །མེ་ཏོག་ཕྲེང་བ་ཐོགས་ཏེ། བྱང་ཆུབ་ཡན་ལག་མེ་ཏོག་འཐོར། །ཁམས་གསུམ་བཙུན་པའི་བདག་པོ་སྟེ། །བདེར་གཤེགས་མཆོད་པ་ཐོབ་པ་དང་། །འགྲོ་དོན་བྱེད་པར་དབང་བསྐུར་རོ། །རཏྣ་མ་ལེ་ཏྲྃ་ཏྲ་ྃཨ་བྷི་ཥིཉྩ་ཨཱཿ ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་བཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་བུ་ལ་མེ་ཏོག་ཐོད་ཀྱི་དབང་བསྐུར་བས། ཚུལ་ཁྲིམས་ཡོངས་སུ་རྫོགས་ཏེ། སྒྲིབ་གཉིས་བྱང་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཅོད་པན་ཐོགས་ཏེ། ཡེ་ཤེས་བདག་ཉིད་ཅོད་པན་འདི། །ཀླུ་གདུག་གནོད་པས་མི་རྫི་ཞིང་། །འཁོར་བའི་ཉེས་པས་མི་གོས་པའི། །རྒྱན་མཆོག་དམ་པས་དབང་བསྐུར་རོ། །ༀ་བཛྲ་ས་ཏྭ་ཨ་བྷི་ཧཱུྃ་ཨཱཿ མཾ་ས་ན་ཨ་བྷི་ཥིཉྩ་ཧྲཱིཿ ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། རིགས་ཀྱི་བུ་ལ་ཅོད་པན་གྱི་དབང་བསྐུར་བས། མྱ་ངན་ལས་འདས་ཀྱང་ཁམས་གསུམ་དུ་གནས་ནས་སྲིད་པ་གསུམ་གྱི་སྡུག་བསྔལ་ཐམས་ཅད་ཀྱིས། རིགས་ཀྱི་བུ་ལ་ཅོད་པན་གྱི་དབང་བསྐུར་བས། མྱ་ངན་ལས་འདས་ཀྱང་ཁམས་གསུམ་དུ་གནས་ནས་སྲིད་པ་གསུམ་གྱི་སྡུག་བསྔལ་ཐམས་ཅད་བྲལ་བར་གྱུར་ཅིག །ཐུར་མ་ཐོགས་ཏེ། སྔོན་གྱི་མིག་མཁན་རྒྱལ་པོ་ཡི། །མིག་གི་ལིང་ཐོག་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །ལིང་ཐོག་རྒྱལ་བ་རྣམས་ཀྱི་བསལ། །ༀ་ཙཀྵུ་ཙཀྵུ་ཛྙཱ་ན་ཙཀྵུ་ཡེ་སྭཱ་ཧཱ། ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། རིགས་ཀྱི་བུ་ལ་ཐུར་མ་རྣམ་པ་ལྔས་དབང་བསྐུར་བས། མ་རིག་པའི་ལིང་ཐོག་བསལ་ཏེ་སྤྱན་ལྔ་དང་ལྡན་པར་གྱུར་ཅིག །མེ་ལོང་ཐོགས་ཏེ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །རྟེན་འབྲེལ་མཐུ་ལ་སྣང་བའི་ཕྱིར། །བརྗོད་མེད་རང་བཞིན་དག་པ་ནི། །དོན་དམ་ཆོས་ཉིད་བརྗོད་པར་འགྱུར། །ༀ་བཛྲ་ཨཱ་དཪྴ་ཨ་བྷི་ཥིཉྩ་ཧཱུྃ། ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། རིགས་ཀྱི་བུ་ལ་མེ་ལོང་གི་དབང་བསྐུར་བས། ཆོས་རྣམས་གཟུགས་བརྙན་ལྟར་དུ་རྟེན་འབྲེལ་སྒྱུ་མར་མཐོང་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །འཁོར་ལོ་ཐོགས་ཏེ། འོག་ཏུ་གསེར་གྱི་འཁོར་ལོ་དག །བརྗོད་པའི་དོན་དུ་འབྲུ་བཀོད་ནས། །གཞན་དོན་འདི་ལ་ཕན་བྱའི་ཕྱིར། །རྒྱལ་བའི་འཁོར་ལོ་བསྐོར་བར་ཤོག །ༀ་ཙཀྲ་རཏྣ་བྷི་ཥིཉྩ་ཨཱཿ ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། རིགས་ཀྱི་བུ་ལ་འཁོར་ལོའི་དབང་བསྐུར་བས། རྫུ་འཕྲུལ་གྱི་རྐང་པ་དང་ལྡན་པས་ཁམས་གསུམ་ཀུན་ཏུ་བསྒྲོད་ཅིང་འཁོར་ལོ་བསྒྱུར་བའི་རྒྱལ་པོ་ཐོབ་པར་གྱུར་ཅིག །དུང་ཐོགས་ཏེ། ཆོས་དུང་རྒྱས་པ་བོས་ནས་ནི། །འཇིགས་རྟེན་སེམས་ཅན་སྐལ་ཅན་ལ། །གཉིད་བསལ་སྡིག་སྦྱངས་ཆོས་ཐོབ་པའི། །སྐྱོབས་པ་མགོན་པོའི་ཚངས་སྐད་སྒྲོགས། །ༀ་བྷྲ་མ་ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿ ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་བུ་ལ་དུང་གི་དབང་བསྐུར་བས། ཆོས་སྟོན་པ་ལ་ཚངས་པའི་སྒྲ་སྐད་ཕུན་སུམ་ཚོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །རྡོ་རྗེ་རྒྱ་གྲམ་ཐོགས་ཏེ། རྡོ་རྗེ་འདི་ནི་སྣ་ཚོགས་པའི། །ལས་རྣམས་རྒྱ་མཚོ་དབང་བསྐུར་གྱི། །དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱི། །འགྲོ་བའི་དོན་ལ་འབད་པར་གྱིས། །ༀ་བི་ཤྭ་བཛྲ་ཨ་བྷི་ཥིཉྩ་ཨཱཿ ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། རིགས་ཀྱི་བུ་ལ་རྡོ་རྗེ་རྒྱ་གྲམ་གྱི་དབང་བསྐུར་བས། ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་རིགས་སྔགས་འཆང་གྲུབ་པ་རྣམས་ཀྱི་རྟག་ཏུ་བསྲུང་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །རྒྱལ་སྲིད་སྣ་བདུན་ཐོགས་ཏེ། བསོད་ནམས་དཔལ་ལ་ལེགས་གྲུབ་པའི། །རྒྱལ་སྲིད་རིན་ཆེན་སྣ་བདུན་འདི། །འགྲོ་བ་བདེར་ལེགས་འབྱུང་བའི་གནས། །ཕྱོགས་བཅུར་དགེ་བཅུ་བསྐོར་བར་གྱིས། །འཁོར་ལོའི་དབང་བསྐུར་བས་སངས་རྒྱས་ཀྱིས་ས་ལ་ངེས་པར་ལུང་བསྟན་པ་ཐོབ་པར་གྱུར་ཅིག །བཙུན་མོས་དབང་བསྐུར་བས་གཟུང་དང་ཏིང་ངེ་འཛིན་གྱི་ངེས་པའི་དོན་དང་ལྡན་པར་གྱུར་ཅིག །དམག་དཔོན་གྱི་དབང་བསྐུར་བས་ཕས་ཀྱི་རྒོལ་བ་ཟིལ་གྱིས་གནོན་པར་གྱུར་ཅིག །བློན་པོའི་དབང་བསྐུར་བས་བློ་དང་བརྩོན་འགྲུས་སུ་ལྡན་པར་གྱུར་ཅིག །རྟ་མཆོག་གི་དབང་བསྐུར་བས་མི་གནས་པའི་དབྱིངས་སུ་ཐོགས་མེད་དུ་བགྲོད་ནུས་པར་གྱུར་ཅིག །གླང་པོའི་དབང་བསྐུར་བས་རིགས་དྲུག་ཐར་པའི་གནས་སུ་འདྲེན་ནུས་པར་གྱུར་ཅིག །ནོར་བུའི་དབང་བསྐུར་བས་བསམ་པ་ཡིད་བཞིན་དུ་འགྲུབ་པའི་ཡོན་ཏན་ཐོབ་པར་གྱུར་ཅིག །ༀ་ཙཀྲ་རཏྣ། ཝ་ཏི་རཏྣ། ཏྲ་པ་ཏྲེ་རཏྣ། མ་ཐ་རཏྣ། ཏུ་རང་ག་རཏྣ། ཧ སྟི་རཏྣ། མ་ཎི་རཏྣ། ཨ་བྷི་ཥིཉྩ་ཨཱཿ ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་བུ་ལ་རིན་ཆེན་སྣ་བདུན་གྱི་དབང་བསྐུར་བས། ཕྱིར་མི་ལྡོག་པའི་འཁོར་ལོ་བསྒྱུར་བའི་དབང་ཕྱུག་དམ་པ་ཐོབ་པ་གྱུར་ཅིག །རལ་གྲི་ཐོགས་ཏེ། ལག་ཏུ་བྱིན་པས་དུག་གསུམ་གྱི་འཁྲུལ་པ་རྒྱུན་བཅད་དེ། བག་ཆགས་ཐམས་ཅད་རྩ་བ་ནས་དག་པར་གྱུར་ཅིག །མདའ་གཞུ་ཐོགས་ཏེ། མདའ་གཞུ་ལག་ཏུ་བྱིན་པས། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བས་ཡེ་ཤེས་དག་པའི་རྩེ་མོར་གནས་པར་གྱུར་ཅིག །སེང་གེ་ཐོགས་ཏེ། བརྗིད་པའི་སེང་གེ་ཤིན་ཏུ་མྱུར་བ་ཡི། །གཟུགས་ཅན་མཆོག་དེ་ལག་ཏུ་བྱིན་པ་ཡིས། །གསུང་རབ་རྒྱ་མཚོ་ཀུན་གྱི་སྒྲ་སྒྲོགས་ཏེ། །ལོག་པའི་ཕྱོགས་ཀུན་ཟིལ་གྱིས་གནོན་པར་ཤོག །ༀ་བཛྲ་སིང་ཧ་ཨ་བྷི་ཥིཉྩ་ཨཱཿ ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། རིགས་ཀྱི་བུ་ལ་བརྗིད་པ་སེང་གེའི་དབང་བསྐུར་བས། གསུང་རབ་རྒྱ་མཚོའི་སྒྲ་སྒྲོགས་པས་ལོགས་པའི་ཕྱོགས་ཟིལ་གྱི་གནོན་པའི་དབང་ཐོབ་པར་གྱུར་ཅིག །ཉི་ཟླ་ཐོགས་ཏེ། སྟེང་ཕྱོགས་མངའ་མཛད་ཐུགས་རྗེ་ཉི་མ་བརྡལ། །བརྩེ་བའི་མུན་སེལ་ཐུགས་རྗེ་ཟླ་བའི་འོད། །སྟོང་གསུམ་མུན་པ་དུས་གཅིག་བསལ་ནས་ནི། །འཇིག་རྟེན་ཀུན་ཏུ་སྣང་བ་བསྐྱེད་པར་ཤོག །ༀ་སུརྱ་ཙན་དྲ་ཨ་བྷི་ཥིཉྩ་ཧཱུྃ། ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། རིགས་ཀྱི་བུ་ལ་ཉི་ཟླས་དབང་བསྐུར་བས། སྐྱེ་འགྲོ་མ་ལུས་པའི་སེམས་ཅན་གྱི་རྒྱུད་ལ་ཡེ་ཤེས་ཀྱི་འོད་ཤར་ནས། ཁམས་གསུམ་གྱི་མུན་པ་ཐམས་ཅད་སྐད་ཅིག་ལ་སེལ་ནུས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བཀྲ་ཤིས་པའི་རྫས་བརྒྱད་ཐོགས་ཏེ། གསང་བདག་བསྟན་པ་རྒྱས་པ་ནི། །ཡུན་རིང་གནས་པར་གྱུར་པ་ཡི། །བཀྲ་ཤིས་རྫས་ཀྱི་དབང་མཆོག་འདི། །གསང་བ་རབ་ཏུ་སྦྱིན་པར་བྱ། །ཡུངས་དཀར་རྡོ་རྗེས་བགེགས་ཚོགས་འདུལ། །བགེགས་རྣམས་འཇོམས་པའི་མཐུ་བོ་ཆེ། །དགྲ་བགེགས་ཀུན་ལས་རྒྱལ་བ་ཡི། །བྱིན་རླབས་མཆོག་གི་དབང་ཐོབ་ཤོག །ཞོ་ནི་ཀུན་གྱི་སྙིང་པོ་གྱུར་པ་ཡི། །སྙིང་པོ་རྣམ་དག་བྱང་ཆུབ་སེམས་རྟོགས་ཏེ། །ཡོན་ཏན་ཀུན་གྱི་སྙིང་པོར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དུར་ཝས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །འཆི་མེད་རྡོ་རྗེ་ཚེ་ནི་རབ་གྲུབ་པའི། །སྡུག་བསྔལ་སྐྱེ་འཆིའི་རྩ་བ་རྒྱུན་བཅད་དེ། །བཀྲ་ཤིས་དེས་ཀྱང་ཚེ་ནི་བརྟན་གྱུར་ཅིག །ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ལུས་དབང་དུ་གྱུར་པ་ཡི། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་ཏེ། །བཀྲ་ཤིས་དེས་ཀྱང་རྒྱལ་སྲིད་བརྟན་གྱུར་ཅིག །དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོགས་པའི་ཚུལ། །ཡོན་ཏན་རྒྱ་མཚོའི་མཆོག་ཏུ་བདག་གྱུར་ཅིག །རྣམ་དག་ཆོས་ལ་ཐོག་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་ཚིག་གི་དབང་ཐོབ་ཤོག །གྷི་ཝང་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་དེས་ཀྱང་ཆོས་ཉིད་རབ་རྟོགས་ཏེ། ། ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་མེད་པར་ཤོག །མེ་ལོང་ཡེ་ཤེས་ཆེན་པོའི་གཟུགས་བརྙན་ཏེ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་བདག་གྱུར་ནས། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་དོན་གྱི་དབང་ཐོབ་ཤོག །བིལ་ཝ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེས་ནི་འགྲོ་བས་ཐོབ་པར་ཤོག །ཅེས་པས་མཆོག་དབང་བཅུ་དྲུག་རྫོགས་པར་བསྐུར་བའི་རྗེས་སུ་བུམ་ཆུས་ཀྱང་བཀྲུ་འཐུང་ངོ་། །དེ་ནས་ལམ་ཁྱེར་བཞི་ལས། ཐེག་པ་ཆེན་པོའི་སྐྱབས་འགྲོའི་བསླབ་བྱ། དབང་གི་དམ་ཚིག་གག་བརྒྱད་བསྲུང་བ། མཆོག་དབང་བཅུ་དྲུག་ལྷ་གསང་བའི་བདག་པོ། སྙིང་པོ་ནཱི་ལཾ་བྷ་ར་བཟླའོ། །དེ་ནས་མཆོད་པ་གསོ་སྟེ། ༀ་ཨརྒྷཾ་པུཥྤེ། དྷུ་པེ་དཱི་པཾ་གྷནྡྷེ་ནཻ་ཝེ་ཏེ། ཤབྟ་བྷ་ལིདྟ་སྭཱ་ཧཱ། པུཙྪ་མེ་ག་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་སྭཱ་ཧཱ། ས་མཆོད་ནས། ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བྱིན་གྱིས་བརླབས་ཤིང་དབང་བསྐུར་བས། །གསང་བདག་འཕགས་པ་གོས་སྔོན་ཅན། །འཁོར་བཅས་མ་ལུས་ཕྱག་འཚལ་ལོ། །ཞེས་བརྗོད་ལ། དཔོན་སློབ་ཚོགས་ལ་རོལ། གཏོར་མ་བཏང་། ལྷག་མས་འབྱུང་པོ་ཚིམ་པར་བྱེད། །ཡོ་བྱད་ལྷག་མ་བསགས་ནའང་དེའི་ཉིན་མོ་འཛོམ་པར་བྱའོ། །དེ་ཡན་ཆད་ཀྱི་སྔོན་འགྲོའི་ཆོ་གའོ། །དེ་ནས་དངོས་གཞིའི་ཆོ་ག་མདོ་ཡོངས་རྫོགས་དང་། ཁྱད་པར་གཉིས་ལས། དང་པོ་ཡན་ལག་གི་དཀྱིལ་འཁོར་དང་། རྩ་བའི་དཀྱིལ་འཁོར་རོ། །དེ་ཡང་དབང་གི་ཆུ་བོ་བཞི་ལས། ཡོ་ག་ལ་སོགས་ཐེག་དྲུག་ལས། །ཕྱི་རྒྱུད་དབང་གི་ཆུ་བོ་བྱ། །ཞེས་གསུངས་པས། ཐོག་མར་ཡན་ལག་གི་དཀྱིལ་འཁོར་བསྟན་པ་ནི། ལྷ་མི། ཉན་རང་། བྱང་སེམས། ཀྲི་ཡ། ཨུ་པ། ཡོ་ག་དང་དྲུག་གོ། །དེ་ལ་དང་པོ་ལྷ་མིའི་ཐེག་པའི་སྒྲུབ་ཁྲིགས་ལས། དལ་བཤམས་ཁུང་དང་མཆོད་པ་བཤམས། །རབ་གནས་ཆོག་གཞུང་ཆ་གསུམ་དང་། །དཔང་སྐོང་ཁྲུས་བྱས་སྡོམ་རྟེན་ཁྲི། །རྒྱན་ལྡན་ཁྲིར་འཛེགས་ཐུབ་པ་བསྒོམ། །གསོལ་བཏབ་སྡོམ་པ་དུས་ཁྲིམས་དཔོག །རིན་ཆེན་ལྡན་པའི་བུམ་པ་ལ། །བདག་འཇུག་རིན་ཆེན་ཆོས་བཤད་དང་། །ཀ་སྨད་ལྷ་དབང་ལམ་ཁྱེར་བཞི། །ཐེག་པ་ལྷ་སྙིང་བསླབ་བྱ་ལའང་། །ཐེག་སྒོ་ལྟ་ཁྲིམས་ཏིང་སྤྱོད་འབྲས། །འགག་གནས་སྟོན་འཁོར་ཐེག་ཕྱིར་དགོས། །གདམས་ངག་ངང་བསྒོམ་བཀྲ་ཤིས་བསྔོ། །ཞེས་དོན་བསྟན་ནོ། །དང་པོ་དལ་བཤམས་པ་ལ་དགོངས་པ་གསུམ། ས་མཚམས། བསྒོམས་པ་བྲི་ཐབས་སོ། །དང་པོ་ཆོ་ག་འཇུག་པ་ནས་བླ་མ་ཡི་དམ་ཆོས་སྐྱོངས་གཞི་བདག་ལ་མཆོད་གཏོར་བཤམ། ཚོགས་དང་ཟས་ཕུད་འབུལ། ཁྱད་པར་ཨེ་ཡཾ་རཾ་ཁཾ་ཞེས་ནམ་མཁའ་རླུང་མེ་ཆུ་རྣམས་མས་བརྩེགས་སུ་ཆགས་པའི་ཆུའི་དལ་ལ་ལྷ་མི་དགོད་པའོ། །གཉིས་པ་ནི་ཚོགས་ཆེན་འདུས་པའི་དཀྱིལ་འཁོར་རྫོགས་པ་ལ། རྟ་བབས་ལ་ལྷ་མིའི་ཐེག་པ་བསྒོམ་པའོ། །གསུང་པ་ལྷ་མིའི་དཀྱིལ་འཁོར་སྒོས་སུ་བྲི་བ་ནི། རི་རྒྱལ་ཕྱོགས་མདོག་རི་བདུན་སེར། རོལ་མཚོ་སྣ་ཚོགས། ནང་གི་ལྕགས་རི་སྔོ། ཕྱིའི་རྒྱ་མཚོ་གླིང་བཅུ་གཉིས་ལ་ཤར་ཟླུམ་པོ་དཀར། ལྷོ་སོག་ཁ་སྔོ། ནུབ་ཟླ་གམ་དམར། བྱང་གྲུ་བཞི་སེར། ཕྱི་ལྕགས་རིལ་གླིང་བཞི་བྱེ་བ་ཕྲག་བརྒྱའི་ཐིག་དགོད་དོ། །གཉིས་པ་ནི་རྐང་སྟོང་ལས། ཐེག་པའི་དང་པོ་བཅུ་དྲུག་མགོན། ཞེས་པས། མི་ཆོས་བཅུ་དྲུག་བ་འདི། འཁོར་བ་དང་ངན་སོང་ལས་སྐྱོབ་པའི་སྟ་གོན་དུ་བསྟན་ནོ། །གསུམ་པ་མཆོད་པ་བཤམ་པ་ནི། ཚ་ཚྭ་དཀར་ཞལ་སྟོན་པའི་མིང་གྲངས་སམ། སོ་སོའི་ལོ་གྲངས་དཀྱིལ་འཁོར་གྱི་མཐའ་བསྐོར་དུ་བཞུགས། བསྙེན་སྔགས་ཀྱི་རབ་གནས་བྱ། ཙཀླི་བཀྲམ། བུམ་པ་རིན་པོ་ཆེ་སྨན་འབྲུ་སྣ་དྲི་བཟང་དང་ལྷ་ཁྲུས་མེ་ལོང་ལ་གནས་པའི་ཆུ་བླུགས། ཁ་རྒྱན་མགུལ་ཆིང་གཟུང་ཐག་དང་བཅས་པའི་མཆུ་བླ་མ་ལ་བསྟན་པ་བཞག་ལ། གཙོ་བོ་ལྷ་ལྔའི་སྙིང་པོ་བརྒྱ་རྩ་བཟླས་ལ་ཕོ་བྲང་དུ་དགོད། མི་འཁྲུགས་དལ་པདྨ་འདབ་བརྒྱད་དབུས་སྔོ། འདབ་བཞི་ཕྱོགས་མདོག །མཚམས་མཛེས་ཚོན། དུས་བཟང་གི་དལ་གསུམ་འདབ་བཞི་ཕྱོགས་མདོག །དབུས་སེར་པོ་དམར་པོ་སྔོན་པོ་བྱ། གཞན་སྤྱི་དང་མཐུན། དུས་གསུམ་སངས་རྒྱས་དཀོན་མཆོག་གསུམ་གྱི་དལ་པདྨ་བརྒྱ་ལྡན་དབུས་སེར། འདབ་མ་སྣ་ཚོགས་པ་གཅིག་སྟེ་ལྔ། དེ་རྣམས་སྒོ་རྟ་བབས་ཡོད་མེད་གང་མོས་བྱའོ། །ཨརྒྷཾ། མེ་ཏོག །བདུག་པ། མར་མེ། དྲི་ཆབ། ལྷ་བཤོས་རོལ་མོ་དང་། གཏོར་མ་གསུམ་དང་མཎྜལ་ཡང་བཤམ་མོ། །བཞི་པ་རབ་གནས་ནི་རྟེན་འབྲེལ་རབ་གནས་བྱའོ། །ལྔ་པ་ནི་ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པ་པའམ། རྟོག་པ་ཆེན་པོ་དཔང་ཀོང་ཕྱག་རྒྱ་པའི་ཆོ་གས་གཞུང་བསྲང་ངོ་། །དྲུག་པ་ཁྲུས་ནི་བུམ་པའི་ཆུས་ཐམས་ཅད་ཁྲུས་བྱས་ལ་གོས་གསར་པ་གོན་པར་བྱའོ། །བདུན་པ༴ བརྒྱད་པ་བསྡམ་རྟེན་ལ་གསུམ་སྟེ། མདོ་དབང་ཐོས་པའི་ཤེས་རབ་ལ་དབང་བསྐུར་བྱེད། དུས་གཞུག་བསམ་པའི་ཤེས་རབ་ལ་བཤད་པར་བྱེད་པ་དང་། བསྒོམ་པའི་ཤེས་རབ་ལ་ཁྲིད་དུ་བྱེད་པ་དང་གསུམ་ལས། དབང་བསྐུར་མཇུག་ཆོག་དང་བཅས་པ་ཙཀླི་ཡིན། བཤད་སྒོ་རིམ་པས་བརྟན། སྐབས་འདིར་ཕྱག་རྟེན་གང་ཡོད་ངན་སོང་ལས་ངེས་པར་འབྱུང་བའི་བློས་འབུལ་ལོ། །དགུ་པ་ཁྲི་ནི་བླ་མ་འཇིག་རྟེན་སྐྱོངས་བ་དེ། སེམས་ཅན་ལ་བརྩེ་བས་ཞིང་ཁམས་ལ་དབང་བསྐུར་བའི་ཕྱིར་སློབ་མས་རྩིག་གོ། །བཅུ་པ་རྒྱན་ནི་ཞིང་ཁམས་ལ་དབང་མཛད་པ་དེ་མངའ་གསོལ་བའི་ཕྱིར་རྒྱན་མཛེས་ཤིང་བརྗིད་པར་བྱའོ། །བཅུ་གཅིག་པ་ཁྲིར་འཛེག་པ་ནི་ལྷས་གནང་བར་བསམ་ལ། ལུས་དཀྱིལ་ཀྲུང་ཚུགས་ཐུབ་པར་བྱའོ། །བཅུ་གཉིས་པ་ཐུབ་པ་བསྒོམ་པ་ནི། དགེ་བཅུ་འཁོར་ལོ་བསྒྱུར་བའི་རྒྱལ་པོའི་ཁྲིམས་ཡིན། དེའང་བསྟན་པ་དང་ལྷའི་གཙོ་བོ་སྟོན་པ་སངས་རྒྱས་ཡིན། དེ་ལ་ལྷ་མིའི་འཁོར་བཞི་ཡོད་པས་དེ་བསྒོམ་ན་བསྙེན་གནས་འབོག་པའོ། །བཅུ་གསུམ་པ་གསོལ་བ་གདབ་པ་ནི། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱངས་པ། །དེ་རིང་བཤད་པའི་རིན་ཆེན་མཆོག །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ཞེས་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་མཐོ་རིས་ཀྱི་ལེགས་སྨོན་དང་ངན་འགྲོའི་ངེས་འབྱུང་གི་བློས་བྱའོ། །བཅུ་བཞི་པ་སྡོམ་པ་ནི། སྐྱབས་འགྲོ་དཔང་པོར་གསོལ་ནས། སྡོམ་པའི་ཚུལ་ཁྲིམས་ཅི་སྲིད་འཚོའི་བར་དུ་བསྲུང་བའོ། །བཅྭོ་ལྔ་པ་དུས་ཁྲིམས་ནི། ཉ་སྟོང་ཚེས་བརྒྱད་དེ། དེ་ཡང་སྐུ་གསུང་ཐུགས་ཀྱི་རྟེན་བཤམས། མཆོད་པ་བཤམས་ལ་ཕྱག་འཚལ་ལ་ཙོག་པུར་འདུག་ལ་ངན་སོང་ལས་ཐར་པའི་ཕྱིར་ཅི་སྲིད་འཚོའི་བར་དུ་ལྷ་མིའི་ཐེག་པར་འཇུག་སྙམ་དུ་སོང་ལ། བླ་མས་སྡོམ་པ་ཀུན་ལ་ཡོད་མོད་ཀྱི། །སྐྱབས་སུ་མ་སོང་བ་མེད། ཅེས་པ་དང་སངས་རྒྱས་ཆོས་དང་དགེ་འདུན་ནི། །ཐར་པ་འདོད་པ་རྣམས་ཀྱིས་སྐྱབས། །ཞེས་གསུངས། ཤེས་རབ་བརྒྱ་པ་ལས། མིའི་ཆོས་ལུགས་ལེགས་སྤྱོད་ན། །ལྷ་ཡུལ་བསྒྲོད་པ་ཐག་མི་རིང་། །ལྷ་དང་མིའི་ཐེམ་སྐས་ལ། །འཛེག་ན་ཐར་པ་གམ་དུ་འདུག །ཅེས་གསུངས་པས། སྡོམ་པ་ཐོབ་འདོད་ཀྱི་བློ་དང་ལྡན་པར་བྱའོ། །བཅུ་དྲུག་པ་སྡོམ་པ་འབོག་པ་ནི། སྔར་ཆོས་འབྲེལ་མེད་ན་བཙུན་པ་ཞེས་བརྗོད། བརྗོད་པ་གསུམ་གྱི་མཐར། སློབ་དཔོན་གྱི་བཟུང་དུ་གསོལ་བྱ། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། དུས་འདི་ནས་བཟུང་སྟེ། ཅི་སྲིད་འཚོའི་བར་དུ། རྐང་གཉིས་རྣམས་ཀྱིས་མཆོག །སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག །དགེ་འདུན་ལ༴ བདག་ཅི་སྲིད་འཚོའི་བར་དུ་ལྷ་མིའི་ཐེག་པ་ལ་གནས་པར་སློབ་དཔོན་གྱིས་བཟུང་དུ་གསོལ། ཞེས་ལན་གསུམ་བྱ། སློབ་དཔོན་གྱི་ཐབས་ཡིན་ནོ། །སློབ་མས། ལེགས་སོ། །བྱའོ། །དེ་ནས་བསླབ་པ་བརྗོད་པ་ནི། སློབ་དཔོན་དགོངས་སུ་གསོལ། ཅི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་འཕགས་པ་དགྲ་བཅོམ་པ་རྣམས་ཀྱི། ལྷ་མིའི་ཐེག་པ་ལ་ཞུགས་ཏེ། ཅི་སྲིད་འཚོའི་བར་དུ་སྲོག་གཅོད་པ་དང་། མ་བྱིན་པ་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། རྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ངག་འཆལ་བ་དང་། ཚིག་རྩུབ་མོ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་ལ་སོགས་པ་མི་དགེ་བ་བཅུ་སྤངས། མི་དགེ་བ་བཅུ་ལས་སླར་ལོག་པར་བགྱིའོ། །སྔོན་གྱི་འཕགས་པ་དགྲ་བཅོམ་པ་རྣམས་ཀྱིས་རྗེས་སུ་སློབ་པའི་ལྷ་མིའི་ཐེག་པ་བཟང་པོ་ལ་རྗེས་སུ་སློབ་བོ། །རྗེས་སུ་བསྒྲུབ་བོ། །རྗེས་སུ་བགྱིད་དོ། །ཐབས་ཡིན་ནོ། །ལེགས་སོ། །ཡང་ན་དགེ་བཅུ་སྤྱོད་ཅིང་མི་དགེ་སྤང་བྱེད་པ། །འདོད་ཁམས་ལྷ་དང་མི་རུ་སྐྱེ་བའི་རྒྱུ། །ཚད་མེད་བཞི་སྤྱོད་ལྷ་མི་བསྒོམ་བྱེད་པ། །ཚངས་པའི་གནས་སོགས་རིམ་པར་སྐྱེ་བའི་རྒྱུ། །ཞེས་གསུངས་པས། འདི་ཡི་རྗེས་ཟློས་མཛོད། སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་འཕགས་པ་དྲང་སྲོང་ཆེན་པོ་དེ་དག་གི་ལྷ་མིའི་ཐེག་པར་ཞུགས་ཏེ། བསམ་གཏན་དང་སྙོམས་འཇུག་གི་སེམས་བསྒྲུབས་ཏེ། བསམ་གཏན་དང་མངོན་པར་ཤེས་པ་བརྙེས་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བས་ཀྱང་། བྱམས་པ་དང་། སྙིང་རྗེ་དང་དགའ་བ་དང་། བཏང་སྙོམས་ཚད་མེད་པ་དང་། བསམ་གཏན་གྱི་སེམས་རྟོག་དཔྱོད་བྲལ་བ་དང་། སྙོམས་འཇུག་མི་གཡོན་བ་ལ་གནས་ཏེ། བསམ་གཏན་དང་མངོན་པར་ཤེས་པ་ཐོབ་པར་བགྱིའོ། །ཅི་ལྟར་སྔོན་གྱི་འཕགས་པ་དྲང་སྲོང་ཆེན་པོ་རྣམས་ཀྱི་རྗེས་སུ་སློབ་བོ། །རྗེས་སུ་བསྒྲུབ་བོ། །རྗེས་སུ་བགྱིད་དོ། །ཐབས་ཡིན་ནོ། །ལེགས་སོ། །བསྙེན་གནས་ནི། གཅིག་དང་བརྒྱད་དང་བཅྭོ་ལྔ་ལ། བསྙེན་གནས་ཡན་ལག་བརྒྱད་བསྲུང་ན། །ང་ཅི་འདྲ་བ་དེ་འདྲར་འགྱུར། །ཞེས་གསུངས། གནམ་སྟོང་གི་གསོ་སྦྱོང་མི་ཐུབ་པ་ན། ཚེས་གཅིག་ལ་ཡང་རུང་སྟེ། འདུལ་བ་ལ་ཡང་། ཉ་ནས་གནམ་སྟོང་གི་བར་ལ། ཚེས་གང་ཡང་རུང་བ་གཅིག་ཆད་ནའང་གནམ་སྟོང་གི་ངོ་བོ་དེ་ཉིད་ཡིན་ནོ། །ཞེས་སྐྱབས་འགྲོ་བྱས་ནས། བསླབ་པ་བརྗོད་པ་ནི། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་ཟླ་བ་ཟུང་ངོ་ཅོག་གི་ཉ་དང་གནམ་སྟོང་ཚེས་བརྒྱད་ལ་ཅི་སྲིད་འཚོའི་བར་དུ་བསྙེན་གནས་ཡན་ལག་བརྒྱད་པར་སློབ་དཔོན་གྱི་བསྲུང་དུ་གསོལ། ཅི་ལྟར་སྔོན་གྱི་འཕགས་པ་དགྲ་བཅོམ་པ་ཆེན་པོ་རྣམས་ཀྱིས་ཟླ་ཟུང་གི་ཉ་དང་ཚེས་བརྒྱད་གནམ་སྟོང་ལ་སྲོག་གཅོད་པ་དང་། མ་བྱིན་པ་ལེན་པ་དང་། མི་ཚངས་བར་སྤྱོད་པ་དང་། རྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་གྱུར་པའི་གནས་དང་། གླུ་གར་དང་། རོལ་མོའི་སྒྲ་དང་། སྤོས་ཉུག་པ་དང་། རྒྱན་དང་ཁ་དོག་འཆང་བ་དང་། ཁྲི་སྟན་ཆེན་པོ་དང་། དུས་མ་ཡིན་པའི་ཁ་ཟས་སྤང་སྟེ། དུས་མ་ཡིན་པའི་ཁ་ཟས་ལས་སླར་ལོག་པ་དེ་བཞིན་དུ། ཡན་ལག་བརྒྱད་པ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ། རྗེས་སུ་སློབ་བོ། །རྗེས་སུ་བསྒྲུབ་བོ། །རྗེས་སུ་བགྱིད་དོ། །ཡང་ན་ཡན་ལག་བཅུ་པ་ལ་ཁྲི་སྟ་མཐོན་པོ་དང་། གསེར་དངུལ་ལེན་པའོ། །རྩ་བ་ཡན་ལག་ཀྱང་གང་ཐུབ་པ་སྲུང་ཞིང་བླང་དུ་རུང་བ་ལ། དུས་ཀྱང་ཉ་སྟོང་བརྒྱད་གསུམ་ཀ་རེ་རེའང་རུང་ངོ་། །དེ་ལ་ཉམས་པ་ན་གཞི་ནས་བསྐྱར ། ཡན་ལག་ཉམས་ན་བཤགས་པས་དག་གོ། །སྦྱོར་དངོས་རྗེས་དང་རྣམ་པ་བཞི་ལས། རྗེས་མ་ཚངས་ན་ཉེས་པ་སྨད་པ་ཅེས་བྱའོ། །བཅུ་བདུན་པ་རིན་ཆེན་ལྡན་པའི་བུམ་པ་ནི་རྒྱལ་རིགས་མ་ཉམས་པ་ལ་གསེར་དངུལ་གྱི་བུམ་པ། ཉམས་ནས་མ་འབྱེད་ན་རྫ་བུམ་དུ་རིན་པོ་ཆེ་བཅུག་ལ་བྱའོ། །བཅྭོ་བརྒྱད་པ་བདག་འཇུག་ནི། སླར་དབང་ཐོབ་པའི་བླ་མ་ལ་ཡིད་ཀྱི་བླང། བསྙེན་གནས་སྔར་བླངས་དུས་ལ་བླངས་ཀྱང་བསྐྱར་མ་བསྐྱར་ཡང་སྐྱེ། འཇུག་སྒོ་མ་བསྐྱར་ཡང་ཆོག །བསྐྱར་ཡང་འགལ་བ་མེད། ངང་སྒོམ་དང་ལམ་ཁྱེར་ཡང་བསྐྱར་བས་བཟང་དུ་འགྲོའོ། །བཙུན་པ་རིན་ཆེན་བདག་ཤཱཀྱ་ཐུབ་པའི་ང་རྒྱལ་དང་ལྡན་པ་བྱས་ཏེ། སྣང་སྲིད་ཀྱི་བཅུད་བསྡུས་ལ་བུའི་སྤྱི་བོར་བསྟིམ་པས། རིན་པོ་ཆེ་འབར་བར་གྱུར་དེ་ལས་འོད་འཕྲོས། དཀྱིལ་འཁོར་གྱི་ལྷ་དང་དཀོན་མཆོག་མཆོད་ནས་བྱིན་རླབས་ཀྱི་འོད་ཟེར་རང་ལ་བསྟིམ། ལྷ་ལ་རྗེས་སུ་གནང་བར་ཞུ། ཡང་འོད་འཕྲོས། སེམས་ཅན་གྱི་དགོས་འདོད་བསྐང་བས་ཡི་གེའི་རྣམ་པར་རང་ལ་ཐིམ་པས་ཆོས་ཐམས་ཅད་ལྷུན་གྲུབ་ཏུ་འབྱུང་བར་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབ་པར་བསམ་མོ། །ཉི་ཤུ་པ་ཆོས་བཤད་པ་ནི། ལྷ་འདི་རྣམས་ནི་ལྷ་ཀུན་གྱི་ཕྱི་མོ་ཡིན་པས་དགེ་བ་ལ་མཐོ་རིས་དང་། མི་དགེ་བ་ལ་ངན་འགྲོ་དང་། མི་གཡོ་བའི་ལས་ཀྱི་ཁམས་གོང་མ་དང་། དཀོན་མཆོག་གསུམ་ལ་དད་པས་ཆོས་ཀྱི་རྒྱལ་པོ་ཐོབ་པའོ། །ཉེར་གཅིག་པ་ཀ་ཁ་བུམ་པའི་དབང་ནི། རྒྱ་ཡིག་དང་བོད་ཡིག་ཆ་གཉིས་སུ་བྱུང་བའི་རྒྱ་ཡིག་ཀུན་བཟང་། བོད་ཡིག་ཐུབ་པ། རང་བུམ་པ་ཙཀ་ལི་ལ་ཐིམ། བླ་མ་དང་ཙཀླི་ལ་མར་མེ་གཅིག་ལས་གཉིས་ཆད་པ་ལྟ་བུ་བྱུང་། སློབ་མ་ལ་ཐིམ་པས་དགོས་འདོད་ཐམས་ཅད་འབྱུང་བར་བསམ་ཞིང་རིམ་པར་ཐོགས་ཏེ། རྒྱ་ཡིག་ཀ་སྨད་ཐོག་྅྅྅ ཨཿནི་མ་སྐྱེས་ཡེ་ཤེས་ཡིན། །རང་བཞིན་ཐམས་ཅད་སྟོང་པར་སྟོན། ། ྅྅྅ཀ་ནི་བྱ་བའི་ཡེ་ཤེས་ཏེ། །ལས་ཀྱིས་ཐམས་ཅད་གྲོལ་བར་བཤད། ། ྅྅྅ཁ་ནི་ཁྱད་པར་བྱེད་པའི་སྒོ། །མི་དམིགས་ཐམས་ཅད་གྲོལ་བར་སྟོན། ། ྅྅྅ ག་ནི་དོན་དུ་གྱུར་པའི་སྒོ། །ཡུལ་མེད་ཐམས་ཅད་གྲོལ་བར་སྟོན། ། ྅྅྅ གྷ་ནི་གནས་པའི་སྒོ་ཡིན་ནོ། །གཅིག་ཏུ་མ་ངེས་གྲོལ་བར་སྟོན། ། ྅྅྅ ང་ནི་འཛིན་པ་མེད་པའི་སྒོ། །འཛིན་ཡུལ་ཐམས་ཅད་གྲོལ་བར་སྟོན། ། ྅྅྅ ཙ་ནི་འགགས་པ་མེད་པའི་སྒོ། །ཅིར་ཡང་སྣང་བས་ཐམས་ཅད་གྲོལ། ། ྅྅྅ ཚ་ནི་འདའ་བ་མེད་པའི་སྒོ། །བྲལ་བ་མེད་པར་ཐམས་ཅད་གྲོལ། །ཛ་ནི་མ་བྱུང་བ་ཡི་སྒོ། །མི་གནས་པས་ནི་ཐམས་ཅད་གྲོལ། ཛྙཱ་ནི་རྟོག་པ་མེད་པའི་སྒོ། །དྲི་མ་དག་པས་ཐམས་ཅད་གྲོལ། །ཉ་ནི་སྤྱོད་པ་བྲལ་བའི་སྒོ། །བྱ་བ་མེད་པས་ཐམས་ཅད་གྲོལ། །ཏ་ནི་ང་རྒྱལ་མེད་པའི་སྒོ། །ངོ་བོ་མེད་པས་ཐམས་ཅད་གྲོལ། །ཐ་ནི་སྒྱུ་སྩལ་མེད་པའི་སྒོ། །བྱེད་པ་མེད་པས་ཐམས་ཅད་གྲོལ། །ད་ནི་འདྲེན་པ་མེད་པའི་སྒོ། །རྩོལ་བ་མེད་པས་ཐམས་ཅད་གྲོལ། །དྷ་ནི་བསླུ་བ་མེད་པའི་སྒོ། །སྒྱུ་མ་ཐམས་ཅད་གྲོལ་བར་བྱེད། །ན་ནི་ཀུན་ཏུ་འགྱུར་བའི་སྒོ། །གཡོ་བ་སྐྱོབས་པས་ལས་རྣམས་གྲོལ། །ཊ་ནི་ཐ་སྙད་མེད་པའི་སྒོ། །བརྗོད་པ་མེད་པས་ཐམས་ཅད་གྲོལ། །ཋ་ནི་རྟེན་དང་བྲལ་བའི་སྒོ། །གནས་པ་མེད་པས་ཐམས་ཅད་གྲོལ། །ཌ་ནི་རང་བཞིན་མེད་པའི་སྒོ། །མཚན་ཉིད་མེད་པས་ཐམས་ཅད་གྲོལ། །ཌྷ་ནི་གཏང་དང་བྲལ་བའི་སྒོ། །ལེན་པ་མེད་པས་ཐམས་ཅད་གྲོལ། །ཎ་ནི་ཡུལ་དང་བྲལ་བའི་སྒོ། །འཛིན་པ་མེད་པས་ཐམས་ཅད་གྲོལ། །པ་ནི་ངེས་པར་འབྱུང་བའི་སྒོ། །འགག་པ་མེད་པས་ཐམས་ཅད་གྲོལ། །ཕ་ནི་དངོས་པོ་མེད་པའི་སྒོ། །ཅིར་ཡང་མེད་ལ་ཐམས་ཅད་གྲོལ། །བ་ནི་བརྗོད་པ་མེད་པའི་སྒོ། །སྨྲ་བ་མེད་པས་ཐམས་ཅད་གྲོལ། །བྷ་ནི་རྡུལ་དང་བྲལ་བའི་སྒོ། །རྟོག་པ་མེད་པས་ཐམས་ཅད་གྲོལ། །མ་ནི་ཆགས་པ་མེད་པའི་སྒོ། །ཞེན་པ་མེད་པས་ཐམས་ཅད་གྲོལ། །ཡ་ནི་དྲི་མ་མེད་པའི་སྒོ། །གོས་པ་མེད་པར་ཐམས་ཅད་གྲོལ། །ཝ་ནི་རྒྱུ་རྐྱེན་མེད་པའི་སྒོ། །འབྲས་བུ་མེད་པར་ཐམས་ཅད་གྲོལ། །ར་ནི་རྐྱེན་དང་བྲལ་བའི་སྒོ། །དོར་བ་མེད་པས་ཐམས་ཅད་གྲོལ། །ལ་ནི་བླང་བ་མེད་པའི་སྒོ། །ཡོན་ཏན་མེད་པར་ཐམས་ཅད་གྲོལ། །ཤ་ནི་སྤྲོས་པ་མེད་པའི་སྒོ། །ཞི་བས་ཐམས་ཅད་གྲོལ་བར་བྱེད། །ཥ་ནི་ཁུར་དང་བྲལ་བའི་སྒོ། །ལྕི་བ་མེད་པས་ཐམས་ཅད་གྲོལ། །ས་ནི་ཡང་དག་གསང་བའི་སྒོ། །ངེས་པས་ཐམས་ཅད་གྲོལ་བར་བྱེད། །ཧ་ནི་རྒྱུ་དང་བྲལ་བའི་སྒོ། །རྐྱེན་དང་བྲལ་བས་ཐམས་ཅད་གྲོལ། །ཀྵ་ནི་ཁམས་དང་བྲལ་བའི་སྒོ། །མཚན་ཉིད་མེད་པར་གྲོལ་བར་བྱེད། །ཨ་ཨཱ་ནི་མ་སྐྱེས་ཡེ་ཤེས་ཡིན། །རང་བཞིན་ཐམས་ཅད་སྟོང་བར་སྟོན། །ཨི་ཨཱི་ནི་མཐོང་བ་མེད་པའི་སྒོ། །གཟུགས་དང་བྲལ་བས་ཐམས་ཅད་གྲོལ། །ཨུ་ཨཱུ་ནི་ཐོས་པ་མེད་པའི་སྒོ། །སྒྲ་ནི་བྲལ་བས་ཐམས་ཅད་གྲོལ། །ཨེ་ཨཱཻ་ནི་ཚོར་བ་མེད་པའི་སྒོ། །དྲི་དང་བྲལ་བས་ཐམས་ཅད་གྲོལ་བར་བྱེད། །ཨོ་ཨཱ་ནི་ཚོར་བ་མེད་པའི་སྒོ། །རེག་དང་བྲལ་བས་ཐམས་ཅད་གྲོལ། །ཨ་ཨཱ་ནི་ཆོ་འཕྲུལ་འབྱུང་བའི་སྒོ། །ཅིར་ཡང་སྣང་བས་ཐམས་ཅད་གྲོལ། །ཞེས་བརྗོད་ཅིང་། དབང་བསྐུར་རོ། །བོད་ཡིག་ཐོག་སྟེ། ཀ་ནི་དབང་བྱེད་སྒྲོལ་བའོ། །ཞེས་ཁམས་གསུམ་གྱི་སེམས་ཅན་ལ་དབང་བྱེད་ཅིང་ཉོན་མོངས་པ་སྒྲོལ་བར་བྱེད་པའོ། །དེའི་བྱིན་རླབས་ཀྱི་ཆོས་སྐུ་དོན་གྱི་གསུངས། གཟུགས་བརྙན་དུ་བྱུང་བའི་སྒྲ་འདིས་ཀྱང་། སེམས་ཅན་ཐམས་ཅད་དབང་དུ་བྱེད་ཅིང་ཉོན་མོངས་པ་ལས་སྒྲོལ་བའི་དབང་དང་ལྡན་པར་གྱུར་ཅིག །རྒྱ་ཡིག་ལོངས་སྐུ་ལྷ་ཡི་ཡི་གེ་མཚོན། བོད་ཡིག་ཐུབ་པ་སྤྲུལ་སྐུའི་ཡི་གེ་བསྟན་པ། ཕྱོགས་ཀུན་ཏུ་རྒྱས་ནས་ཐམས་ཅད་སྐད་དུ་ཆོས་སྟོན་པར་མཚོན། ཁ་ནི་ཁམས་གསུམ་ཀུན་གྱི་རྒྱན། །ཞེས་པས་ཁམས་གསུམ་སེམས་ཅན་ཀུན་གྱི་རྒྱན་དུ་འབྱུང་བ་ཡིན་ནོ། །དེའི་བྱིན་རླབས་དོན་གྱི་གསུང་སྒྲ་སྙན་ཚིག་འདི་སེམས་ཅན་གྱི་རྒྱན་དུ་གྱུར་ཏེ། འཁོར་བ་ལས་སྒྲོལ་བའི་དབང་དང་ལྡན་པར་གྱུར་ཅིག །ག་ནི་མ་ཆགས་དག་པར་མཛད། །ཅེས་པས་དུས་གསུམ་དུ་ཆོས་སྐུ་བདེ་བ་ཆེན་པོ་ཅི་ལ་ཡང་མ་ཆགས་ཤིང་རྣམ་པར་དག་པ་ཡིན་པས། དེའི་བྱིན་རླབས་ཀྱི་ཆོས་སྐུའི་གསུངས་འདིས་ཀྱང་འགྲོ་བ་རྣམས་ཅི་ལ་ཡང་མ་ཆགས་ཤིང་རྣམ་པར་དག་པའི་དབང་དང་ལྡན་པར་གྱུར་ཅིག །ང་ནི་ང་མེད་དང་ལས་རྒྱལ། །ཞེས་པས་དུས་གསུམ་དུ་ཆོས་སྐུ་བདེ་བ་ཆེན་པོ་མཉམ་པ་ཉིད་ཀྱི་ངང་ལས་མ་གཡོས་ཤིང་། མཚན་མ་ལས་རྒྱལ་བའི་བྱིན་རླབས་ཀྱིས། སེམས་ཅན་ཐམས་ཅད་ཆོས་ཀྱི་དབྱིངས་མཉམ་པ་ཉིད་ཀྱི་ངང་ལས་མ་གཡོས་ཤིང་མཚན་མ་ལས་རྒྱས་བའི་དབང་དང་ལྡན་པར་གྱུར་ཅིག །ཅ་ནི་གཉིས་མེད་དོན་རྟོགས་ཏེ། །ཞེས་པས་དུས་གསུམ་དུ་ཆོས་སྐུ་བདེ་བ་ཆེན་པོའི་དེ་མཚན་མ་དང་མཚན་མ་མེད། གཉིས་སུ་མེད་པའི་བྱིན་རླབས་ཀྱིས་སེམས་ཅན་ཐམས་ཅད་མཚན་འཛིན་གཉིས་སུ་མེད་པའི་དབང་དང་ལྡན་པར་གྱུར་ཅིག །ཆ་ནི་ཐབས་དང་ཤེས་རབ་སྟེ། །ཞེས་པས་ཆོས་སྐུ་བདེ་བ་ཆེན་པོ་ལ་ཐབས་ཤེས་གཉིས་སུ་མེད་པའི་སྤྲུལ་པ་ཅི་སྙེད་ཅིག་བྱུང་ནས་འགྲོ་བའི་དོན་བྱེད། དེའི་བྱིན་རླབས་ཀྱིས་ཐབས་ཤེས་རབ་ཟུང་དུ་འབྲེལ་བའི་དབང་དང་ལྡན་པར་གྱུར་ཅིག །ཇ་ནི་ཆོས་སྐུ་དག་པར་མཛད། །ཅེས་པས་ཆོས་སྐུ་བག་ཆགས་ཀྱི་མ་གོས་ཤིང་། རྣམ་པར་དག་པའི་བྱིན་རླབས་བུ་རྣམས་ཀྱི་རྒྱུད་དང་བག་ཆགས་ཀྱི་མ་གོས་ཤིང་དག་པའི་དབང་དང་༴ ཉ་ནི་ཆོས་ཉིད་གདར་ཤ་གཅོད། །ཅེས་པས་ཆོས་ཉིད་རྒྱལ་བ་རྒྱལ་མཚོ་དང་འདྲ་བ་ལ། རིགས་པའི་ཡེ་ཤེས་རླབས་དང་འདྲ་བས་གདར་ཤ་གཅོད་པའི་བྱིན་རླབས་ཀྱི་བུ་རྣམས་ཆོས་ཉིད་རྒྱ་མཚོ་ལས་རིག་པའི་ཡེ་ཤེས་ཀྱི་བྱིན་གྱིས་བརླབས་པའི་དབང་དང་ལྡན་པར་གྱུར་ཅིག །ཏ་ནི་མཁས་པའི་འོད་ཟེར་ཅན། །ཞེས་པས་ཆོས་སྐུ་ལས་ཐུགས་རྗེའི་སྐུ་ལས་ཐུགས་རྗེའི་འོད་ཟེར་བྱུང་བའི་བྱིན་རླབས་ཀྱི་བུ་རྣམས་ཀྱི་སེམས་ལ་སྙིང་པོའི་འོད་ཟེར་བྱུང་བའི་དབང་༴ ཐ་ནི་དཀོན་མཆོག་འབྱུང་བའི་རྒྱུ། །ཞེས་པས་དུས་གསུམ་དུ་ཆོས་སྐུ་བདེ་བ་ཆེན་པོ་ལ་དགོངས་པ་ཟབ་མོ་འབྱུང་བ་དེའི་བྱིན་རླབས་ཀྱི་ཆོས་སྐུའི་དགོངས་པ་ཟབ་མོའི་ཡེ་ཤེས་རྟོག་པའི་དབང་༴ ད་ནི་རྒྱུ་འབྲས་གཉིས་མེད་ལ། ཞེས་པས་ཆོས་སྐུ་བདེ་བ་ཆེན་པོ་རྒྱུ་འབྲས་ཀྱི་ཆོས་གཉིས་སུ་མེད་པའི་བྱིན་རླབས་ཀྱིས་ཆོས་ཀྱི་འཁོར་བའི་སྡུག་བསྔལ་ལས་གྲོལ་ཏེ། མཉམ་པ་ཉིད་ཀྱི་ངང་བདེ་བའི་དབང་༴ ན་ནི་སྡུག་བསྔལ་མེད་པས་བདེ། །ཞེས་པས་ཆོས་སྐུ་བདེ་བ་ཆེན་པོ་ལ་ལས་བདེ་བའི་ངང་རྒྱུན་དུ་འབྱུང་བའི་བྱིན་རླབས་ཀྱིས། འཁོར་བའི་སྡུག་བསྔལ་གཏན་ནས་སྤང་བའི་དབང་༴ པ་ནི་ཐམས་ཅད་བསྐྱེད་པར་བྱེད། །ཅེས་པས་ཆོས་སྐུ་བདེ་བ་ཆེན་པོ་ཡེ་ཤེས་བསྐྱེད་པའི་བྱིན་རླབས་ཀྱི། གསུང་འདི་མཐོང་བ་ཙམ་གྱི་གཞན་གྱི་རིགས་བསྐྱེད་པའི་དབང་༴ ཕ་ནི་ཕ་རོལ་ཕྱིན་ལ་གནས། །ཞེས་པས་ཆོས་སྐུ་བདེ་བ་ཆེན་པོ་འཁོར་བའི་ཕ་རོལ་དུ་ཕྱིན་པ་ལ་གནས་པའི་བྱིན་རླབས་ཀྱིས། འཁོར་བའི་སྡུག་བསྔལ་མཐར་ཕྱིན་ནས་མྱ་ངན་ལས་འདས་པའི་དབང་དང་ལྡན་པར་གྱུར་ཅིག ། བ་ནི་བདེ་བ་ཆེན་པོ་སྟེ། །ཞེས་པས་ཆོས་སྐུ་བདེ་བ་ཆེན་པོ་མཉམ་པ་ཉིད་ཀྱི་བྱིན་རླབས་ཀྱི་དངོས་པོ་དང་མཚན་མ་ཐམས་ཅད་མཉམ་པ་ཉིད་ཀྱི་དབང་༴ མ་ནི་སྲིད་གསུམ་ཡོངས་ཀྱི་མ། །ཞེས་པས་ཆོས་སྐུ་བདེ་བ་ཆེན་པོ་ཀུན་གྱི་གཞི་མར་གྱུར་པའི་བྱིན་རླབས་ཀྱི། སྲིད་པ་གསུམ་ལས་རྒྱལ་ཞིང་ཀུན་གྱི་གཞི་རྟེན་དུ་གྱུར་པའི་དབང་། ཙ་ནི་འདུ་འབྲལ་མེད་པ་སྟེ་ཞེས་པས་ཆོས་སྐུ་བདེ་བ་ཆེན་པོ་སྐུ་དང་ཡེ་ཤེས་སྟོབས་དང་མི་འཇིགས་པ་ལ་སོགས་འདུ་འབྲལ་མེད་པའི་བྱིན་རླབས་ཀྱི་ཆོས་སྐུ་དང་འདུ་འབྲལ་མེད་པའི་དབང་༴ ཚ་ནི་དོན་དམ་ལུས་ལ་རྫོགས། །ཞེས་པས་དོན་དམ་ཆོས་ཀྱི་སྐུ་ནི་རྒྱུ་དང་འབྲས་བུའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་ནོ། །དེའི་བྱིན་རླབས་ཀྱི་ཆོས་སྐུའི་རྒྱུ་འབྲས་ཐམས་ཅད་ཡོངས་སུ་རྫོགས་པའི་དབང་༴ ཛ་ནི་བར་མཱི་ལུས་ལ་གནས། །ཞེས་པས་ཆོས་སྐུ་ལས་ཐུགས་རྗེའི་འོད་ཟེར་འབྱུང་བའི་བྱིན་རླབས་ཀྱིས། ཐུགས་རྗེའི་འོད་ཟེར་འབྱུང་བའི་དབང་༴ ཝ་ནི་མྱ་ངན་ཐམས་ཅད་འདུལ། །ཞེས་པས་ཆོས་སྐུ་བདེ་བ་ཆེན་པོའི་ངང་ལ་འཁོར་བའི་མྱ་ངན་ཐམས་ཅད་འདུལ་བའི་བྱིན་རླབས་ཀྱིས། འཁོར་བའི་མྱ་ངན་ཐམས་ཅད་འདུལ་བའི་དབང་༴ ཞ་ནི་གཞལ་ཡས་ཆེན་པོ་སྟེ། །ཞེས་པས་ཆོས་སྐུ་བདེ་བ་ཆེན་པོ་ཐམས་ཅད་ཀྱི་གནས་ཡིན་པའི་བྱིན་རླབས་ཀྱིས། གཞལ་ཡས་ཆེན་པོའི་དབང་དང་ལྡན་པར་གྱུར་ཅིག །ཟ་ནི་སྐྱེ་མཆེད་ཆེས་ལས་འཕགས། །ཞེས་པས་ཆོས་ཐམས་ཅད་རྒྱུ་རྐྱེན་ལས་མ་སྐྱེས་པའི་བྱིན་རླབས་ཀྱིས། ཆོས་ཉིད་གསལ་བའི་ཡེ་ཤེས་ཀྱི་མ་རིག་པའི་མུན་པ་སེལ་བའི་དབང་དང་ལྡན་པར་གྱུར་ཅིག །འ་ནི་གོམས་པའི་ཚོགས་ལ་བཙན། །ཞེས་པས་གསུང་གིས་ཚོགས་རང་བཞིན་མེད་པར་སྒྲ་སྒྲོགས་པའི་དབང་དང་། ཡ་ནི་མཐར་བྱེད་ཕོ་ཉའི་བདག །ཅེས་པས་གཟུགས་སྐུ་རྣམ་པ་གཉིས་ཀྱིས། གྲོའ་བའི་དོན་བྱེད་པའི་དབང་༴ ར་ནི་གཅོད་བྱེད་ཡུལ་ལ་དབང་། །ཞེས་པས་ཡེ་ཤེས་ཀྱི་བཅད་པར་བྱ་བའི་ཡུལ་ཉོན་མོངས་པ་གཅོད་པའི་དབང་༴ ལ་ནི་མཉམ་ཉིད་སྤྲུལ་པའི་སྐུ། །ཞེས་པས་མཉམ་པ་ཉིད་ལས་སྤྲུལ་པའི་སྐུ་བྱུང་ནས་སེམས་ཅན་གྱི་དོན་བྱེད་པའི་དབང་། ཤ་ནི་སྣང་བྱེད་མཁའ་ལ་ཤར། །ཞེས་པས་ཆོས་སྐུ་ལས་ཡེ་ཤེས་ཀྱི་རོལ་པ་ཤར་ནས་འགྲོ་བའི་དོན་བྱེད་པའི་དབང་༴ ས་ནི་འཁོར་བའི་རང་བཞིན་ཏེ། །ཞེས་པའི་ཐུགས་ཕྱག་མཚན་ལས་སྣ་ཚོགས་བྱུང་ནས་འགྲོ་བའི་དོན་བྱེད་པའི་དབང་༴ ཧ་ནི་ཐབས་མཁས་དབྱིངས་ནས་བྱོན། །ཞེས་པས་བདེ་བ་ཆེན་པོའི་དབྱིངས་ནས་ཐབས་མཁས་པའི་མཛད་སྤྱོད་བསམ་གྱིས་མི་ཁྱབ་པས། འགྲོ་བའི་དོན་མཐར་ཕྱིན་པའི་དབང་༴ ཨ་ནི་སྐྱེ་མེད་ཆོས་ཀྱི་དབྱིངས། །ཞེས་པས་རྒྱུ་རྐྱེན་དང་བྲལ་བའི་དབྱིངས་ནས་འགྲོ་བའི་དོན་ལ་མ་འགགས་པར་འགྲོ་དོན་མཐར་ཕྱིན་པའི་དབང་དང་ལྡན་པར་གྱུར་ཅིག །གླེགས་ཤིང་ཀ་བ་ལི་ཟུང་གཅིག་གཏད་དེ། ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་རླབས་ཀྱིས། ཡིག་ཤིང་གི་དབང་བསྐུར་བས། ཆོས་ཀྱི་སྒྲ་སྒྲོགས་པའི་དབང་དང་ལྡན་པར་གྱུར་ཅིག །ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། མིང་གི་དབང་བསྐུར་བས། ཤེས་བྱའི་ཡེ་ཤེས་ལ་ཐོག་པ་མེད་པའི་གཞན་དོན་འགྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །རྣམ་སྣང་འོད་དུ་ཞུ་བའི་བུམ་པ་ཡོངས་སུ་གྱུར་པ་ལས། ༀ་བྷུདྡྷ་བཻ་རོ་ཙ་ན་ༀ། དབང་བསྐུར་བས་ལུས་ངག་གི་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལ་རྣམ་སྣང་གི་དབང་བརྒྱན། བུམ་ཆུ་འཐུང་། བུམ་རྫས་ཆུའི་དབང་བསྐུར་བས། ཉོན་མོངས་པའི་བག་ཆགས་ཀྱི་དྲི་མ་དག་པའི་དབང་དམ་པ་ཐོབ་པར༴ ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་རླབས་ཀྱིས། རིགས་ཀྱི་བུ་ལ་རིན་པོ་ཆེའི་དབུ་རྒྱན་གྱི་དབང་བསྐུར་བས། རྒོལ་བའི་ཕྱོགས་ཐམས་ཅད་ཟིལ་གྱི་མནན་པའི་དབང་དང་ལྡན་པར་གྱུར་ཅིག །ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་རླབས་ཀྱིས། ཡུམ་གྱིས་ཕྱག་གིས་རེག་ཅིང་དབང་བསྐུར་བས། ཉོན་མོངས་པའི་སྡུག་བསྔལ་ཞི་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །སེང་གེའི་ཕྲུ་གུ་ཟུང་གཅིག་གི་དབང་བསྐུར་བས། རྒོལ་བའི་ཕྱོགས་ཐམས་ཅད་ཟིལ་གྱིས་གནོན་པའི་དབང་དམ་པར་ཐོབ་པར་གྱུར་ཅིག །གླང་པོ་ཆེའི་ཕྲུ་གུ་ཟུང་གཅིག་གིས་དབང་བསྐུར་བས། འཇིག་རྟེན་ཐམས་ཅད་འདྲེན་པའི་དབང་ཐོབ་པར་གྱུར་ཅིག །ན་བཟའ་ཀ་ཤི་ཀའི་རས་ཀྱི་དབང་བསྐུར་བས། མཁྱེན་པའི་ཡེ་ཤེས་གསལ་ཞིང་མ་འདྲེས་པའི་དབང་དམ༴ ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་རླབས་ཀྱིས། རིགས་ཀྱི་བུ་ལ་རྒྱན་གྱི་བྱེ་བྲག་གི་དབང་བསྐུར་བས། འགྲོ་བ་ཐམས་ཅད་ཀྱི་སེམས་ཤེས་པའི་དབང་དམ་པ་ཐོབ་པར༴ ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་རླབས་ཀྱིས། རིགས་ཀྱི་བུ་ལ་གནམ་རུ་ཟུང་གཅིག་གིས་དབང་བསྐུར་བས། སྙན་པའི་སྒྲ་སྒྲོགས་ཅིང་བདུད་དཔུང་འདུལ་བའི་འཕང་རྩལ་དང་ལྡན་པར༴ ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་རླབས་ཀྱིས། རིགས་ཀྱི་བུ་ལ་བཙུན་མོའི་དབང་བསྐུར་བས། །བསྟན་པའི་རིགས་མི་ནུབ་ཅིང་། ཅི་ལྟར་འདུལ་བ་དེ་བཞིན་དུ་འགྲོ་བའི་དོན་བྱེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་ལྟར་དབང་བཅུ་གཅིག་པོ་དེས་ལྷ་མི་མཐོ་རིས་ཀྱི་ཆས་སུ་བཅུག་པའོ། །ཉེར་གཉིས་པ་ལྷ་དབང་ནི། དེ་ནས་རྣམ་སྣང་དང་ཚེས་བརྒྱད་ཀྱི་ལྷ་རྣམས་རིམ་པར་ཐོག་སྟེ། ན་མོ། མཆོད་འོས་རྣམས་ཀྱི་མཆོད་གནས་དམ་པ་ལྷ་མིའི་གཙོ་བོ་ལོངས་སྤྱོད་རྫོགས་པའི་སྐུ། བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ངན་སོང་ཐམས་ཅད་ཡོངས་སུ་སྦྱངས་ཤིང་མངོན་ཤེས་དང་རྫུ་འཕྲུལ་སྟེར་བའི་དབང་ཐོབ་པར༴ ༀ་སརྦ་བྷུདྡྷ་ཨ་བྷི་ཥིཉྩ་ཨ༴ ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་བུ་ལ་མངོན་པར་དགའ་བའི་ཞིང་ཁམས་ནས། བཅོམ་ལྡན་འདས་མི་བསྐྱོད་པ་སྐུ་མདོག་སྔོན་པོ་གཡས་ས་གནོན་གཡོན་མཉམ་བཞག་མཛད་པའི་སྐུ་མཐོང་བའམ། མཚན་ཐོས་པའམ། དྲན་པ་ཙམ་གྱི་མི་དམིགས་པ་དང་། སྡིག་སྒྲིབ་ངན་འགྲོ་ཐམས་ཅད་སེལ་ཞིང་མཐོ་རིས་དང་ཐར་པ་ཐོབ་པར་མཛད་པ་དེའི་དབང་མཆོག་ཐོབ་པར་གྱུར་ཅིག །ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་བུ་ལ། སྟོང་གི་ལྷ་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ་གཡས་ས་གནོན་གཡོན་མཉམ་བཞག །ལྷུང་བཟེད་ཅན་དེ་ཉིད་ཀྱི་སྔོན་སྦྱིན་པའི་བསོད་ནམས་ཐོབ་པ་ལས་བསྔོས་ཏེ། བདག་མངོན་པར་རྫོགས་པར་སངས་རྒྱས་པ་ན། བདག་གི་འཁོར་རྣམ་བཞི་འཚོ་བས་མི་བྲེལ་བར་སྨོན་ལམ་གྲུབ་པའི་བྱིན་རླབས་ཀྱིས་སྟོང་ལ་བསྙེན་གནས་བསྲུང་བས་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་མུ་གེའི་བསྐལ་པ་ནས་ཐར་པའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག །ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་བུ་ལ། ཉ་ཡི་ལྷ་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་མཉམ་བཞག་ཚེ་བུམ་ཅན། དེ་ཉིད་ཀྱིས་ཐོས་བསམ་བསྒོམ་པའི་ཤེས་རབ་ཀྱི་བསོད་ནམས་ཐོབ་པ་ལས་བསྔོས་ཏེ། བདག་མངོན་པར་རྫོགས་པར་སངས་རྒྱས་པས་ན་བདག་གི་འཁོར་རྣམས་ཀྱིས། བདེ་བ་ཅན་གྱི་ཞིང་ཁམས་སུ་ཕྱིར་མི་ལྡོག་པའི་འཕགས་པ་ཐོབ་པར་སྨོན་ལམ་གྲུབ་པའི་བྱིན་རླབས་ཀྱིས་ཉ་ལ་བསྙེན་གནས་བསྲུང་བས་ཕྱོགས་དུས་ཐམས་ཅད་ཀྱི་མཚོན་གྱི་བསྐལ་པ་ལས་ཐར་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་བུ་ལ་ཚེས་བརྒྱད་ཀྱི་ལྷ་སྨན་གྱི་ལྷ་བཻཌཱུརྱ་འོད་ཀྱི་རྒྱལ་པོ་སྐུ་མདོག་མཐིང་ཀ་གཡས་མཆོད་སྦྱིན་ཨ་རུ་ར། གཡོན་མཉམ་བཞག་ལྷུང་བཟེད་ཅན། སྨོན་ལམ་གྱི་མཐུ་ལས་གང་གིས་བདག་གི་མཚན་ལན་བདུན་བརྗོད་ཅིང་ཕྱག་འཚལ་བ་དང་། བསྐོར་བ་དང་ཚེས་བརྒྱད་ལ་བསྙེན་གནས་བསྲུང་བས། ཕྱོགས་དུས་ཐམས་ཅད་དུ་རྨི་ལམ་ངན་པ་དང་། མཚན་མ་རྩུབ་པ་དང་། མ་ངེས་པ་དང་། ཐེ་ཚོམ་ཡིད་གཉིས་དང་། ནད་ཀྱི་བསྐལ་པ་ལས་ཐར་པའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག །ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་རླབས་ཀྱི་རིགས་ཀྱི་བུ་ལ། ཉི་མ་ཤར་བའི་ཤར་ཕྱོགས་ལ། ཤར་ཕྱོགས་མཐའ་ཡས་ཀྱི་ཐུབ་པའི་ཆོས་ཐམས་ཅད་དང་གང་ཟག་ཆོས་ལྡན་སྐྱོང་བ། འཛམ་བུ་གླིང་དུ་མངའ་གསོལ་བ། དྲི་ཟའི་རྒྱལ་པོ་ཡུལ་འཁོར་བསྲུང་གི་དབང་དམ་པ༴ ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་རླབས་ཀྱི་རིགས་ཀྱི་བུ་ལ། ཉི་མ་འཕེལ་བ་ལྷོའི་ཕྱོགས། ལྷོ་ཕྱོགས་མཐའ་ཡས་ཀྱི་ཐུབ་པའི་ཆོས་དང་གང་ཟག་ཆོས་ལྡན་སྐྱོང་བ། འཛམ་བུའི་གླིང་༴ གྲུལ་བུམ་གྱི་རྒྱལ་པོ་འཕགས་སྐྱེས་པོའི་དབང་དམ༴ ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་བུ་ལ་ཉི་མ་དབུས་ནས་ལྷུན་པོའི་ནུབ། ནུབ་ཕྱོགས་མཐའ་ཡས་ཀྱི་ཐུབ་པའི་ཆོས་དང་གང་ཟག་ཆོས་ལྡན་སྐྱོང་བ། འཛམ་བུ་གླིང་གི༴ ཀླུ་ཡི་རྒྱལ་པོ་སྤྱན་མི་བཟང་གི་དབང་དམ༴ ན་མོ། འགྲེས་སོ། །རིགས་ཀྱི་བུ་ལ༴ ཉི་མ་དབུས་ནས་ལྷུན་པོའི་བྱང་ཕྱོགས་མཐའ་ཡས་ཀྱི་ཐུབ་པའི་ཆོས་དང་གང་ཟག་ཆོས་ལྡན་སྐྱོང་བ། འཛམ་བུའི་གླིང་༴ གནོད་སྦྱིན་གྱི་རྒྱལ་པོ་རྣམ་ཐོས་སྲས་ཀྱི་དབང་དམ༴ ན་མོ། འགྲེས་སོ། །རིགས་ཀྱི་བུ། ཤར་ཕྱོགས་དབང་པོ་དང་བཙུན་མོ་འགྲོ་བ་ཐམས་ཅད་ལ་བདེ་བ་སྟེར་བ་དེའི་དབང་༴ ན་མོ། འགྲེས་སོ། །རིགས་ཀྱི་བུ་ལ། ཤར་གླིང་གཡས་ན་མངག་གཞུག་པ། འགྲོ་བ་ཀུན་གྱི་ཡིད་དུ་འོང་བ༴ སྐྱེ་འགྲོའི་ཉོན་མོངས་པ་གཅོད་པ་དེའི་དབང་མཆོག་དམ་པ༴ ན་མོ། འགྲེས་སོ། །ཤར་གླིང་གཡོན་ན་ཕོ་ཉ་རབ་ཏུ་མྱུར་བའི་ཤུགས་ཅན། ངན་སོང་གསུམ་གྱི་སྡུག་བསྔལ་ལས་རབ་ཏུ་སྒྲོལ་བ་དེའི༴ ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་རླབས་ཀྱིས་རིགས་ཀྱི་བུ་ལ། འཛམ་བུ་གླིང་ན་ལྷ་ཚངས་པ་དང་། བཙུན་མོ་ཚངས་མ་འདོད་ཁམས་ཀྱི་སྡུག་བསྔལ་དང་བྲལ་ཞིང་། འཁོར་གྱོད་ཁྲིམས་དང་འདྲ་བའི་སྐྱོན་གྱི་མ་གོས་པ་དེའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག །ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་རླབས་ཀྱིས་རིགས་ཀྱི་བུ་ལ། ལྷོ་གླིང་གཡས་ན་མངག་གཞུག་པ། །འགྲོ་བ་ཡིད་དུ་འོང་བ་ཉོན་མོངས་པའི་དྲྭ་བ་གཅོད་པ་དེའི་དབང་དམ༴ ན་མོ། འགྲེས་སོ། །བུ་ལ། ལྷོ་གླིང་གཡས་ན་ཕོ་ཉ་རབ་ཏུ་མྱུར་བའི་ཤུགས་ཅན་ངན་སོང་གསུམ་གྱིས་སྡུག་བསྔལ་ལས་གྲོལ་བ་དེའི་དབང་༴ ན་མོ། ཕྱོགས་བཅུ༴ ནུབ་ན་ལྷ་ཁྱབ་འཇུག་བཙུན་མོ་དཔལ་ལྷ་མོ་ཕྲིན་ལས་ཀྱིས་ཀུན་ཏུ་ཁྱབ་པར་དེའི་དབང་༴ ན་མོ། འགྲེས་སོ། །ནུབ་གླིང་གཡས་ན་མངག་གཞུག་པ་རྡོ་རྗེ་བདེ་བས་ཉོན་མོངས་པ་གཅོད་པ་དེའི་དབང་༴ ན་མོ། འགྲེས་སོ། །ནུབ་གླིང་གཡོན་ན་ཕོ་ཉ་རྡོ་རྗེ་དེད་དཔོན་འགྲོ་བ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་དེའི་དབང་དམ༴ ན་མོ། འགྲེས་སོ། །བྱང་ན་ལྷ་དབང་ཕྱུག་ཆེན་པོ་དང་། བཙུན་མོ་དཀའ་ཐུབ་ཟློག་མ་དུག་གསུམ་འཇོམས་པར་བྱེད་པ་དེའི་དབང་ཐོབ་པར་གྱུར་ཅིག །ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་རླབས་ཀྱིས་རིགས་ཀྱི་བུ་ལ། བྱང་གི་གླིང་གཡས་ཕྱོགས་ན་དབང་ཕྱུག་ཆེན་པོའི་མངག་གཞུག་པ། དེད་དཔོན་ནག་པོ་མདུང་ཐོགས་པ། འགྲོ་བ་སེམས་ཅན་སྡུག་བསྔལ་སྒྲོལ་བར་བསྐུལ་བ་དེའི་དབང་དམ་པ་ཐོབ་པར་གྱུར་ཅིག །ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་རླབས་ཀྱིས་རིགས་ཀྱི་བུ་ལ། བྱང་གླིང་གཡོན་ན་ཕོ་ཉ་མངག་གཞུག་དྲང་སྲོང་ཁྲོས་པའི་ཆ་བྱད་ཅན། འགྲོ་བ་ཀུན་ལ་རྣམ་པར་སྣང་བ་དེའི་དབང་དམ་པར་ཐོབ་པར་གྱུར་ཅིག །ཅེས་སུམ་ཅུ་རྩ་དྲུག་པོ་དབང་བསྐུར་བར་བྱའོ། །ཉེར་གསུམ་པ་ལམ་ཁྱེར་ལ་བཞི། ཐེག་པ་ལམ་ཁྱེར་ལྷ་མིའི་ཐེག་པའོ། །དེ་ཡང་དང་པོ་འཇུག་སྒོ་ཆོས་སྤྱོད་བཅུ་སྟེ། ཆོས་སྤྱོད་མངོན་རྟོགས་ལས། ཡི་གེ་བྲི་མཆོད་སྦྱིན་པ་དང་། །ཉན་དང་བསྒོམ་དང་ཁ་ཏོན་ཀློག །འཆད་དང་རྩོམ་དང་དེ་སེམས་པ། །འདི་བཅུ་ཆོས་ཀྱི་སྒོ་མོ་ཡིན། །ཞེས་གསུངས་སོ། །གཉིས་པ་ལྟ་བ་ནི། ལས་རྒྱུ་འབྲས་ལ་ཡིད་ཆེས་པ་སྟེ། ལས་བརྒྱ་པ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན ། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་སོ། །གསུམ་པ་བསྲུང་བྱ་ནི། སྒོ་གསུམ་མི་དགེ་བ་རྣམས་ཏེ། ཀླུ་སྒྲུབ་ཀྱིས། ལུས་ཀྱི་མེ་དགེ་རྣམ་གསུམ་སྟེ། །ངག་གི་ལས་ནི་བཞི་ཡིན་ཏེ། །ཡིད་ཀྱི་ལས་ནི་རྣམ་གསུམ་སྟེ། །མི་དགེ་བཅུ་ནི་སྤང་བྱ་སྟེ། །ཞེས་སོ། །བཞི་པ་བསྒོམ་བྱའི་ཏིང་ངེ་འཛིན་ནི། རིགས་བརྒྱད་བྱེ་བ་ལས། ཚད་མེད་བཞི་སྤྱོད་མི་གཡོ་བསྒོམ་བྱེད་པ། །ཚངས་གནས་ལ་སོགས་རིམ་པར་སྐྱེས་པའི་རྒྱུ། །ཞེས་སོ། །ལྔ་པ་སྤྱོད་པ་ནི། དགེ་བ་བཅུ་ནི་ཅི་ནུས་ཀྱི་བསྒྲུབ་སྟེ། དགེ་བཅུ་སྤྱོད་ཅིང་མི་དགེ་སྤང་བྱེད་པ། །འདོད་ཁམས་ལྷ་དང་མི་རུ་སྐྱེ་བའི་རྒྱུ། །ཞེས་སོ། །དྲུག་པ་འབྲས་བུ་ནི། ལྷའི་གོ་འཕང་ཐོབ་པའོ། །ཉེར་བཞི་པ་ལྷ་ལམ་ཁྱེར་ནི། དཀྱིལ་འཁོར་གྱི་དབུས་སུ་རི་རབ་ཀྱི་ལྟེ་བར་སེང་གེའི་ཁྲི། པདྨ་ཟླ་བའི་གདན་ལ། རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། ཤར་གྱི་དབུས་སུ་བརྒྱ་བྱིན་དཀར་པོ་རྡོ་རྗེ་གདེངས་བ། གཡོན་ནོར་བུ་ལས་མཆོད་སྦྱིན་སྟེར་བ། དབང་མོ་གོ་རྒྱུད་མང་བསྣམས་པ། གཡོན་ནས་བརྟེན་པའོ། །གཡས་ཀྱི་གླིང་དུ་མངག་གཞུག་ལ་འགྲོ་བའི་ཡིད་འོང་ལྗང་ཀུ་གཡས་རལ་གྲི་འཛིན་པ། གཡོན་དུ་ཕོ་ཉ་མྱུར་བའི་ཤུགས་ཅན་སྔོན་པོ་གཡས་མདུང་རྩེ་གསུམ་པ་འཛིན་པའོ། །ལྷོའི་དབུས་སུ་ཚངས་པ་སེར་པོ་གཡས་སྤྱི་བླུག་འཛིན་པ། ཚངས་པ་གྷེནྡྷེ་འཛིན་པ། གཡས་སུ་མངག་གཞུག་པ། བལྟ་ན་སྡུག་ལྗང་ཀུ་རལ་གྲི་འཛིན་པ། གཡོན་དུ་ཕོ་ཉ་མགྱོགས་བྱེད་དམར་པོས་པད་དཀར་འཛིན་པའོ། །དབུས་ཀྱི་ནུབ་ཕྱོགས་སུ་ལྷ་ཁྱབ་འཇུག་སྔོ་ནག་འཁོར་ལོ་འཛིན་པ། དཔལ་ལྡན་ལྷ་མོ་གསལ་ཤིང་འཛིན་པ། གཡས་སུ་མངག་གཞུག་རྡོ་རྗེ་བདེ་བ་དཀར་མོ་མཆེ་བ་འཛིན་པ། གཡོན་དུ་ཕོ་ཉ་རྡོ་རྗེ་སྡེ་དཔོན་ལྗང་སེར་འཁོར་ལོ་འཛིན་པའོ། །བྱང་གི་དབུས་སུ་དབང་ཕྱུག་ཆེན་པོ་དམར་པོ་རྩེ་གསུམ་འཛིན་པ། དཀའ་བཟློག་མ་པདྨ་འཛིན་པ། གཡས་སུ་མངག་གཞུག་དེད་དཔོན་ནག་པོ་མདུང་ཐུང་འཛིན་པ། གཡོན་ན་ཕོ་ཉ་དྲང་སྲོང་ཁྲོས་པ་དམར་པོ་མདའ་གཞུ་འགེང་པའོ། །སྒོ་བཞིར་ཡུལ་འཁོར་སྲུང་དཀར་པོ་པི་ཝཾ་འཛིན་པ། འཕགས་སྐྱེས་པོ་སྔོན་པོ་རལ་གྲི་འཛིན་པ། གཡོན་མིག་མི་བཟང་དམར་པོ་སྤྲུལ་ཞགས་བསྣམས་པ། རྣམ་ཐོས་སྲས་སེར་པོ་ནེའུ་ལེ་འཛིན་པ། གཞན་ཡང་ཞིང་སྦྱོང་བའི་ལྷ་མི་འཁྲུགས་པ་དང་། སྟོང་གི་ལྷ་སྟོན་པ་ཤཱཀྱ་ཐུབ་པ་དང་། ཉའི་ལྷ་སངས་རྒྱས་སྣང་བ་མཐའ་ཡས་དང་། ཚེས་བརྒྱད་ཀྱི་ལྷ་སངས་རྒྱས་སྨན་གྱི་བླ་དང་། སྟོན་པ་ཤཱཀྱའི་གཙོ་བོ་ལ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བསྐོར་བ་རྣམས་དྲན་ཞིང་། དེ་དག་གི་བཀའ་ལས་མི་འདའ་བའོ། །ཉེར་ལྔ་པ་སྙིང་པོ་ལམ་ཁྱེར་ནི། རྣམ་སྣང་གི། ༀ་ན་མོ་བྷ་ག་ཝ་ཏི། ཚང་བར་བཟླས་སོ། །མི་བསྐྱོད་པའི་ༀ་ཀཾ་ཀ་ནི་ཚང་བར་བཟླས་སོ། །ཐུབ་པའི་མུ་ནེ་སྣང་བ་མཐའ་ཡས་ཀྱི། ༀ་པདྨ་ཏ་ཀྲིད་ཧཱུྃ་དང་། སྨན་ལྷའི་ཏདྱ་ཐཱ། ༀ་བྷི་ཥ་ཛྱཻ་ཚངས་བར་བཟླས་སོ། །ཞེས་ཅི་ནུས་བཟླས། སྔགས་མི་ཤེས་ན་སྐྱབས་འགྲོ་བྱའོ། །ཉེར་དྲུག་པ་བསླབ་བྱ་ནི། མི་ཆོས་བཅུ་དྲུག་སྟེ། འབྱེད་པ་དགུ་ཆུང་ལས། དཀོན་མཆོག་ལ་དད་པ་སྐྱོ་ངལ་མེད་པར་བྱེད་པ་དང་། དོན་དམ་པར་དམ་པའི་ཆོས་བཙལ་བ་དང་། གཙུག་ལག་བཟང་པོ་མཁས་པར་བསླབ་པ་དང་། ཅི་ཡང་དྲན་ཅིང་ཚོད་ཟིན་པར་བྱ་བ་དང་། མ་བཅོལ་བའི་ལས་གཏོགས་འདོད་མི་བྱེད་པ་དང་། མིག་གི་མཐོང་སར་བལྟ་ཞིང་གོང་མ་རྣམས་ཀྱི་རྗེས་སྙག་པ་དང་། དུས་གསུམ་གྱི་ཕ་མ་ལ་དྲིན་ལན་དུ་བླན་པ་དང་། ཕུ་ནུ་དང་ཕ་ཚན་ནང་དུ་ཤོང་ཡངས་ཆེ་བ་དང་། རིམ་པས་རྒན་ལ་བཀུར་སྟི་བྱ་བ་དང་། ཁྱིམ་མཚེས་ལ་བྱམས་པར་བྱ་བ་དང་། གཉེན་གྲོགས་ཀྱི་དགེ་བཤེས་ལ་དཀའ་ལས་ཀྱི་ཕན་འདོགས་པ་དང་། སྲིད་ཀྱི་འབྲེལ་བའི་ཉེ་རིང་ལ་ཆབ་གང་མཐར་དབྱུང་བ་དང་། རིག་བྱེད་བཟོ་ལ་མཁས་པས་གཞན་ལ་ཕན་འདོགས་པ་དང་། ལྟོས་པའི་མི་དྲན་གྱི་སྐྱབས་འོག་ཏུ་གཞུག་པ་དང་། ངན་བྱེད་ཀྱི་གྲོས་བཀག་ལ་རྒྱལ་ཁམས་བདེ་ཡངས་ཀྱི་གྲོས་གཞི་བཏིང་པ་དང་། ལས་མཐའ་ཆོས་ལ་གཏད་དེ་ཕྱི་མ་བུ་སྨད་ཀྱི་བྱང་ཆུབ་ཀྱི་གཞི་ཐོབ་པར་བྱའོ། །དེ་ལྟར་གང་ནུས་ཁས་ལེན་དུ་བཞག་གོ། །ཉེར་བདུན་པ་འགག་དྲུག་ནི། གནས་ཆུ་བོ་ནེ་ར་ཛ་ནའི་འགྲམ། སྟོན་པ་ཆེན་པོ། འཁོར་བྱང་ཆུབ་སེམས་དཔའ་དོན་འགྲུབ། ཆོས་ལྷ་མིའི་ཐེག་པ། དབང་ཀ་ཁ་སོ། དགོས་པ་འཇིག་རྟེན་པའི་བྱ་བ་ལས་འདས་པའོ། །དེ་ཡང་མཚན་ཉིད་ཀྱི་ཐེག་པ་དང་མཚམས་སྦྱར་རོ། །གཞུང་ལས། གང་གི་གང་ལ་ཅི་ཕྱིར་གང་དགོད་པ། །འདི་ནི་ལྷ་མིའི་ཐེག་པའི་འགག་དྲུག་ཡིན། །ཞེས་སོ། །ཉེར་བརྒྱད་པ་ངང་བསྒོམ་ནི། ཁྲིད་དུ་བྱེད་ན་མི་རྟོག་ངང་བསྒོམ་ཆུང་དུ། གདམས་ངག་ཅོག་བཞག །དེས་གར་སྤྱིན་ལ་སྦྲང་མ་ཟིན་པ་ལྟ་བུ། ཤེས་པ་སྔ་ཕྱིའི་འཁྲུལ་ཐག་བཅད་པ་གནད། སེམས་ནང་དུ་ཟིན་པ་སྲོག་ཕྱི་ནང་སྣང་བ་མཐོང་སྟེ་གོལ་སའོ། །དེའང་དང་པོ་རྟེན་ཅན་ལ་བཞག །དེ་ནས་ཅི་ལ་ཡང་རྟེན་མི་བཅའ། ཡུལ་གང་ལ་ཡང་མི་དམིགས། ལུས་ངག་ཁོང་ཀློད། སེམས་རང་སར་མ་བསྐྲོག་པའི་རི་དྭགས་ལྟར། ཆུ་བཅད་པའི་རང་འཐག་གམ། འབེན་འབིག་པའི་མདའ་ལྟར་བཞག་གོ། །ཞིབ་ཏུ་དགྲོལ་ན་བག་མར་ལྟ་བུའི་ལུས་ཀློད། གར་སྤྱིན་སྦྲང་མ་ལྟ་བུ་དབུགས་ཀློད་པ་སྔ་ཕྱིའི་མི་འཁྲུལ་བར་སེམས་འགྱུ་བ་ནང་དུ་ཟིན་པའི་སེམས་ཀྱི་རང་གཟུགས། སྟོང་ཉིད་དངོས་ཟིན་པ་སྲོག་སེམས་ཡུལ་དུ་སྣང་བ་ཁམས་གསུམ་ས་དགུ་སྟེ། འཕྲང་རང་སྣང་སྟོང་པའི་རྩལ་དུ་ཤར་བ་དེ་སྟོང་པའི་རང་གཟུགས་སུ་མ་ཤེས་པས་ཆགས་སྡང་གི་བླང་དོར་བྱས་པས་ངན་སོང་གསུམ་དུ་སྐྱེ་བ་ལ་གོལ་བའོ། །དེའང་ལམ་རིམ་ལས། འཇིག་རྟེན་དང་པོ་བསམ་གཏན་བཞི། སྙོམས་འཇུག་བཞི་གོལ་ས་དགུ་སྟེ། ཞེས་པས་ས་གཅིག་པ་འདོད་ཁམས་དང་། གཟུགས་ཁམས་བསམ་གཏན་དང་པོ་གཉིས་པ། གསུམ་པ། བཞི་པ། སྙོམས་འཇུག་བཞི་གཟུགས་མེད་སྐྱེ་མཆེད་མུ་བཞི་སྟེ་དགུའོ། །སེམས་རང་གསོ་འཛིན་པ་དགུ་བསྐྱེད་ཅིང་མི་འཆིང་སྟེ། ནམ་མཁའ་ཀློང་ཡངས་ལས། སྣང་བས་མ་འཆིང་ཞེན་པས་འཆིང་། །ཞེན་མེད་ཆོས་སྐུ་སྤྱོད་པར་བཤད། །ཅེས་སོ། །དེ་ནས་ལྷ་མི་ངང་བསྒོམ་བསྟན་པའོ། །དེ་ནས་གང་དུ་བསྟན་པའི་ཆོ་གས་ཆ་གསུམ་བཏང་། དཀྱིལ་འཁོར་གྱི་ལྷ་ལ་མཆོད་བསྟོད་བཀྲ་ཤིས་བརྗོད་པ་ནི། སྟོན་མཆོག་དམ་པ་ལྷ་མིའི་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཞི་བ་ཆགས་བྲལ་ལྷ་མིའི་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག༴ དེ་དག་ཐམས་ཅད༴ ཚོགས་ཀྱི་དམ་པ་ལྷ་མིའི་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དེང་༴ སེམས་ཅན་གང་དག༴ དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཞེས་པས་མེ་ཏོག་གཏོར། དགེ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ། ལྷ་མིའི་དཀྱིལ་འཁོར་གྱི་ཆོ་གའོ། ༈ །ཉན་ཐོས་ཀྱི་དལ་སྒྲུབ་ཁྲིགས་ལ་དཀྱིལ་འཁོར་བྱ་ཞིང་མཆོད་པ་བཤམས། རབ་གནས་ཆོག་གཞུང་ཆ་གསུམ་དང་། དབང་དང་ཁྲུས་བྱ་སྡོམ་རྟེན་འདྲི། རྒྱན་ལྡན་ཁྲིར་འཛེགས་སྟོན་པ་སྒོམ། ཚུལ་ཁྲིམས་ལྡན་པའི་བུམ་དབང་ལ། གསོ་སྦྱོང་ཚུལ་ཁྲིམས་བཙུན་ཆས་ལྷ་གསོལ་བཏབ་སྡོམས་པ་བསླབ་བྱ་འབོག །ཆོས་བཤད་དབང་ལུང་ངང་བསྒོམ་ཁྱེར། །ཐེག་པ་ལྷ་སྙིང་བསླབ་བྱ་ལའང་། ཐེག་སྒོ་ལྷ་ཁྲིམས་ཏིང་སྤྱོད་འབྲས། །འགག་གནས་སྟོན་འཁོར་ཐེག་ཕྱིར་དགོས། །གདམས་ངག་ངང་བསྒོམ་བཀྲ་ཤིས་བསྔོ། །ཞེས་དོན་བསྟན་ཏེ། དང་པོ་དཀྱིལ་འཁོར་ལ་གསུམ་ལས། དང་པོ་ནི། ཨེ་ཡྃ་རྃ་ཁྃ་ལྃ། ཞེས་པས་མཁའ་རླུང་མེ་ཆུ་སའི་དཀྱིལ་འཁོར་རིམ་བརྩེགས་ཀྱི་དཀྱིལ་འཁོར་ལ་ཉན་ཐོས་འགོད་པ། གཉིས་པ་དཀྱིལ་འཁོར་ཡོངས་རྫོགས་ཀྱི་ཐེམ་བརྒྱད་ཀྱི་གཉིས་པ་ཡན་ཆད་ལ། ཉན་ཐོས་རྒྱུ་ལ་གནས་པ། རྒྱན་གྱི་རྟ་བབས་གཉིས་མན་ཆད་ལ་ཉན་ཐོས་འབྲས་བུ་ལ་གནས་པ་འགོད་པའོ། །གསུམ་པ་བྲི་བ་དལ་ལྔ་སྟེ། པདྨ་འདབ་མ་བཞི་པ་གཉིས་དང་། ནང་དུ་འདབ་བཞི། དེའི་ཕྱི་རིམ་བརྒྱད་དེའི་ཕྱི་རིམ་ཡང་བརྒྱད་པ་གཅིག །འདབ་མ་བཅུ་དྲུག་བྱས་པ་གཉིས་སོ། །དེ་རྣམས་ཀྱི་ལྟེ་བ་སེར། འདབ་མ་ཕྱོགས་མདོག །མཚམས་མཛེས་ཚོན་ནོ། །གཉིས་པ་ཁུངས་ནི། སྐས་གདངས་ལས། འདུ་ཤེས་བཅུ་ལྡན་ཉན་ཐོས་རྣམས། །ཞེས་སོ། །གསུམ་པ་མཆོད་པ་བཤམ་པ་ནི། སྐུ་གསུང་ཐུགས་ཀྱི་རྟེན་དང་། མཆོད་པ་ལྔ་དང་། དཀར་གསུམ་དང་། མངར་གསུམ་དང་། གཏོར་མ་ཆ་གསུམ་དང་། ཆོས་གོས་སྣམ་སྦྱར། མཐང་གོས། གདིང་བ། མཁར་སིལ། ལྷུང་བཟེད། སྤུ་གྲི། ཆུ་ཚགས་ལ་སོགས་པ་དང་། རྡོར་དྲིལ་རོལ་མོ་དང་། མཎྜལ་ལ་སོགས་པ་བཤམ་མོ། །བཞི་པ་རབ་གནས་ནི། རང་ཐུབ་པ་བསྒོམ། བུམ་པའི་སྟེང་དུ་ཨ་ལས་ཟླ་བའི་སྟེང་་དུ་སྔགས་ཀྱི་ཕྲེང་བ་དཀར་པོ་བསམ་སྟེ། ཡེ་དྷརྨཱ་ལན་བདུན་བཟླས་པས་སྔགས་ཕྲེང་ལས་འོད་ཟེར་འཕྲོས། འཇིག་རྟེན་གྱི་ཁམས་ཐམས་ཅད་ལྷའི་བདུད་རྩིར་ཞུ། ཚུར་འདུས་བུམ་པར་ཐིམ། དེ་ནས་གཟུང་ཐག་ལ་བཟུང་སྟེ། སྔགས་བརྒྱ་རྩ་བརྒྱད་བཟླས་ཏེ། ཕྱོགས་ཐམས་ཅད་དུ་ཀུ་ཤས་གཏོར་བས། རྟེན་དང་མཆོད་པ་མ་དག་པ་བསང་། སོ་སོའི་ཡེ་ཤེས་པ་ཐིམ་པས་དག་ཅིང་། བཟང་བ་ཕུན་སུམ་ཚོགས་པར་བསམ་མོ། །ལྔ་པ་ཆོག་གཞུང་སྨན་ལྷའི་མདོ་ཆོག་དང་། གནས་བརྟན་བཅུ་དྲུག་གི་ཆོ་གའོ། །དྲུག་པ་ཆ་གསུམ་ལ་རྡོ་རྗེ་སེམས་དཔའི་ཚབ་ཏུ་ཤཱཀྱ་ཐུབ་པ་བསྒོམ་གཞན་འདྲའོ། །བདུན་པ་ནི་དཔང་སྐོང་གི་ཡན་ལག་བདུན་པའོ། །བརྒྱད་པ་ནི་བུམ་པའི་ཆུས་ཐམས་ཅད་ཁྲུས་བྱའོ། །དགུ་པ་ནི། སྡོམ་པ་ཞུ་བའི་ཡོན་དངོས་པོ་དག་པ་གཅིག་འབུལ་ལོ། །བཅུ་པ་ནི་ཁྲུ་གང་ཡང་ལྷག་པའི་སྟེང་དུ་མི་རུང་ཡང་། འདིར་ཆོས་པས་ཁྲིའི་སྟེང་དུ་འདུག་པར་བྱའོ། །བཅུ་གཅིག་པ་རྒྱན་གྱི་མཆོག་ཚུལ་ཁྲིམས་ཡིན་པས་ཧྲུལ་ཡང་བཙུན་ཆས་བགོ། །འཛོམ་ན་བཟང་པོ་ཁོ་ན་མཆོག་ཏུ་མཛེས་པའོ། །བཅུ་གཉིས་པ་ཁྲི་ནི་རྒྱན་གྱི་ཚོགས་རྫོགས་ཤིང་ཆོས་ཀྱི་ཆེ་བ་འབྱིན་པ་དེ་ལ་འཛེགས་པའོ། །བཅུ་གསུམ་པ་ནི་སྟོན་པ་བསྒོམས་པས་རང་བཞིན་གྱི་བློ་འགྱུར། བྱིན་རླབས་འབྱུང་སྟེ། སེར་མོ་ཙམ་ཞིག་གོན་པའང་། །སྟོན་པའི་འདུ་ཤེས་བསྐྱེད་པར་བྱ། །ཞེས་པའོ། །བཅུ་བཞི་པ་བུམ་པ་ནི། རིལ་བ་སྤྱི་བླུག །ལྷུང་བཟེད། བྱ་མ་བུམ་དང་། ཆུ་བོ་ཆེན་པོ་ནས་བླང་བའི་ཆུས། རྟེན་གསུམ་མེ་ལོང་གི་ངོས་ལ་ཁྲུས་གསོལ། སླར་བུམ་པར་བླུག་སྟེ། ལྷ་རྣམས་ཀྱི་ཐུགས་རྗེའི་བདུད་རྩིར་བསམ་མོ། །བཅྭོ་ལྔ་པ་གསོ་སྦྱོང་ནི། དཀོན་མཆོག་རྟེན་དྲུང་དུ་མཆོད་པ་དང་། ཡན་ལག་བདུན་པ་བྱ་སྟེ། ངག་ཏུ། ཅི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རྟ་ཅང་ཤེས་ལྟ་བུ། གླང་པོ་ཆེན་པོ། བྱ་བ་བྱས་ཤིང་། བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པ་ཡང་དག་པར་སྦྱོར་བ། ཉོན་མོངས་པ་ཡོངས་སུ་ཟད་པ། ཡང་དག་པའི་བཀའ། ལེགས་པར་རྣམ་པར་གྲོལ་བའི་ཐུགས། ལེགས་པར་རྣམ་པར་གྲོལ་བའི་ཤེས་རབ་ཅན། སེམས་ཅན་ཐམས་ཅད་གྱི་དོན་གྱི་ཕྱིར་དང་། ཕན་པར་བྱ་བའི་སེམས་དང་། གྲོལ་བར་བྱ་བའི་སེམས་དང་། མུ་གེ་མེད་པར་བྱ་བའི་ཕྱིར་དང་། བྱང་ཆུབ་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་དང་། གསོ་སྦྱོང་ལེན་པར་མཛད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ། ཅི་སྲིད་སང་ཉི་མ་མ་ཤར་གྱི་བར་དུ། གསོ་སྦྱོང་ལེགས་པར་ཡང་དག་པ་བླང་བར་བགྱིའོ། །དེང་ནས་སྲོག་གཅོད་མི་བྱ་ཞིང་། །གཞན་གྱི་ནོར་ཡང་བླང་མི་བྱ། །འཁྲིགས་པའི་ཆོས་ཀྱང་མི་བྱ་ཞིང་། །རྫུན་གྱི་ཚིག་ཀྱང་མི་སྨྲའོ། །སྐྱོན་ནི་མང་པོ་ཉེར་བསྟེན་པའི། །ཆང་ནི་ཡོངས་སུ་སྤང་བར་བྱ། །ཁྲི་གདན་མཐོན་པོ་མི་བྱ་ཞིང་། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་ཕྲེང་བ་རྒྱན་དང་ནི། །གར་དང་གླུ་སོགས་སྤང་བར་བྱ། །ཅི་ལྟར་དགྲ་བཅོམ་རྟག་ཏུ་ནི། །སྲོག་གཅོད་ལ་སོགས་མི་བྱེད་ལྟར། །དེ་བཞིན་སྲོག་གཅོད་ལ་སོགས་སྤང་། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །སྡུག་བསྔལ་མང་འཁྲུགས་འཇིག་རྟེན་འདི། །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །ཅེས་ལན་གསུམ་དག་པར་བླང་བའི་རྗེས་སུ། ཚུལ་ཁྲིམས་རྣམ་དག་གི་གཟུངས་འདི་ཉེར་གཅིག་གམ། བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །ཡང་གང་ཕྱིར་དགེ་བ་མ་ལུས་གསོ་བ་དང་། རྙེད་པ་སྲིད་པ་འདི་ནི་ཡང་དག་བྱེད། དེ་བཞིན་གཤེགས་པས་གསོ་སྦྱོང་ལེན་གསུངས་སོ། །ༀ་ཨ་མོ་གྷ་ཤཱི་ལ། སཾ་བྷ་ར་སཾ་བྷ་ར། བྷ་ར་བྷ་ར། མ་ཧཱ་ཤུདྡྷ་ས་ཏྭ། པདྨ་བི་བྷུ་ཥི་ཏ་བྷུ་ཛ། དྷ་ར་དྷ་ར། ས་མནྟ། ཨ་ཝ་ལོ་ཀི་ཏེ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཚིག་གཞན་གྱི་བར་མ་ཆོད་པར་བཟླའོ། །ཡང་ན་སོ་སོར་ཐར་པའི་སྡོམ་པ་ལ་རྩ་བའི་ལྟུང་བ་བྱུང་ན། ལྷག་མ་གང་ཡོད་ཕུལ་ལ། རྩ་བ་ནས་བསྐྱར་བར་བྱ། ཡན་ལག་གི་ཉེས་པ་ཕྲ་རག་གང་ཡང་ངོ་ཤེས་པར་བྱས་ཏེ། འཆབ་སེམས་རྩོད་སེམས་མེད་པར་ལྟུང་བར་ངོ་ཤེས་ཤིང་། དྲན་པས་ཉ་སྟོང་ལ་སོགས་པ་ལ་སྤྱི་བཤགས་བྱས་པས། ཉམས་ཆག་ཐམས་ཅད་སོར་ཆུད་ཅིང་གསོ། སྒྲིབ་པ་དག་པ་རང་བཞིན་གྱི་དགེ་བ་གསོ་ཞིང་སྡིག་པ་སྦྱོང་སྟེ། ཐམས་ཅད་ཀྱི་ཐལ་མོ་སྦྱར་ཏེ། བླ་མ་རྡོ་རྗེ་འཛིན་པ་ལ་སོགས་ཏེ། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། དགེ་འདུན་བཙུན་པ་རྣམས་བདག་ལ་དགོངས་སུ་གསོལ། བདག་ཤཱཀྱའི་དགེ་སློང་མིང་འདི་ཞེས་བགྱི་བས། ཚེ་འཁོར་བ་ཐོག་མ་མེད་པ་ནས་ཐ་མ་ད་ལྟ་ལ་ཐུག་གི་བར་དུ། ཉོན་མོངས་པ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དབང་གི། ཞེས་པ་ནས། མ་མཐོལ་མ་བཤགས་ན་ནི་དེ་ལྟར་མི་འགྱུར་བ་ལགས་སོ། །ཞེས་པའི་བར་ལན་གསུམ་བརྗོད། བླ་མས་ཐབས་ཡིན་ནོ། །ཀུན་གྱི་ལེགས་སོ་བྱའོ། །བཅུ་དྲུག་པ་ཚུལ་ཁྲིམས་ནི། ལྷ་མིའི་ཡུལ་གྱི་ཆོས་ལུགས་དང་། རྒྱལ་བའི་ལུང་གི་ཆོས་ལུགས་འདུལ་བ་དང་། མདོ་སྡེ་མངོན་པ་ནས་འབྱུང་བའོ། །བཅུ་བདུན་པ་བཙུན་ཆས་ནི། རབ་ཏུ་བྱུང་བ་ལ་འོས་པ་རྣམས་དགེ་བསྙེན་གྱིས་ཀྱང་མོས་རྟེན་དུ་བཅང་བར་བྱའོ། །བཅྭོ་བརྒྱད་པ་ལྷ་ནི་གཙོ་བོ་སྟོན་པ་ཤཱཀྱ་ཐུབ་པའོ། །དུས་བཟང་གི་ལྷ། ལྷ་མི་ལྟར་དང་། ཁྱད་པར་དུས་ཆེན་པོའི་ལྷ་འདས་པའི་སངས་རྒྱས་ཐམས་ཅད་སྐུ་ཚབ་སངས་རྒྱ་མར་མེ་མཛད་དོན་དམ་པའི་ཆོས་སྟོན་པས་རྟེན་འབྲེལ་གྱི་ཕྱག་རྒྱ། ད་ལྟར་སངས་རྒྱས་ཐམས་ཅད་ཀྱི་སྐུ་ཚབ་ཤཱཀྱ་ཐུབ་པ་སྐྱེ་འགྲོ་ཐུགས་རྗེས་སྐྱོང་བས་ས་གནོན་མཉམ་བཞག །མ་འོངས་པའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་ཚབ་མགོན་པོ་བྱམས་པ་གདུལ་བྱ་རྗེས་སུ་འཛིན་པས་མཆོད་སྦྱིན་སྤྱི་བླུག་སྐྱབས་སྦྱིན་ཀླུ་ཤིང་ཅན་ནོ། །འདིར་དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོ་ཐུབ་པ། འཁོར་ནི་གཡས་སུ་ཤཱ་རིའི་བུ། གཡོན་དུ་མོའུ་འགལ་གྱི་བུ། མདུན་དུ་རབ་བྱུང་། རྒྱབ་ཏུ་ཁྱིམ་པའོ། །ཡང་གཡས་སུ་དགེ་སློང་། གཡོན་དུ་དགེ་སློང་མ། མདུན་དུ་དགེ་བསྙེན། རྒྱབ་ཏུ་དགེ་བསྙེན་མ། ཡང་གཡས་སུ་དགྲ་བཅོམ། གཡོན་དུ་ཕྱིར་མི་འོང་། རྒྱབ་ཏུ་རྒྱུན་ཞུགས། དེའི་ཕྱི་རོལ་དུ་དེ་དག་ལས་གྱེས་པའི་སྤྲུལ་པ་བརྒྱད། དེའི་ཕྱི་རོལ་དུ་རང་རྒྱུད་པ་བརྒྱད། ཡང་མདུན་ནས་རིམ་པར་མཆོག་བཅུ་དྲུག་ནི། ཀུན་དགའ་བོ་བསིལ་གཡབ་ཤཱ་རིའི་བུ་རིན་པོ་ཆེ། མོ་འགལ་བུ་པདྨ། རབ་འབྱོར་ཟླ་ཚེས། མ་འགགས་པ་མེ་ལོང་། འཆར་ཀ་འཁོར་ལོ། ཀཎྜི་ནྱ། རིན་པོ་ཆེའི་སྒྲོམ་བུ། རྟ་ཐུལ་ཕྲེང་བ། ཉེ་བར་འཁོར་ལྷུང་བཟེད། བ་གླང་བདག་མེའི་པདྨ། འོད་སྲུང་པད་སྡོང་། སྒྲ་གཅན་འཛིན་གདུགས། ཀུན་དགའ་བོ་གདུང་བུ། མིང་ཆེན་ཆན་པ། ནོར་སྦྱིན་ནེའུ་ལེ། གང་པོ་ནོར་བུ་འཛིན་པ། ཀུན་ཀྱང་དབུ་རེག་ཞབས་རྗེན་རབ་ཏུ་བྱུང་བའི་ཆ་ལུགས་ཅན་ནོ། །ཡང་གནས་བརྟན་བཅུ་དྲུག་ནི། ཕྱོགས་རེ་རེར་བཞི་བཞི་སྟེ། ཤར་ནས་རིམ་པ་བྷ་ར་ངྷྭ་ཛ་བསོད་སྙོམས་པ། གསེར་ཅན། མི་ཕྱེད་པ། ཤིང་ཀུན་བ། ཤིང་ཤུན་ཅན། བཟང་པོ། འདས་པ། བྷ་ར་དྷྭ་ཛ། བ་གླང་སྐྱོང་། ལམ་ཆེན། ལམ་ཕྲན་བསྟན། སྒྲ་གཅན་འཛིན། ཀླུའི་སྡེ། ཟུར་གྱིས། མ་ཕམ་པ། ཙུནྡྷ། དྷརྨ་ཏཱ་ལའོ། །ཀུན་ཀྱང་དགྲ་བཅོམ་པ་མཁར་གསིལ་ལྷུང་བཟེད་འཛིན་པའོ། །ཙུན་དྷ་དགེ་ཚུལ། དྷརྨ་ཏཱ་ལ་དགེ་བསྙེན་ནོ། །བཅུ་དགུ་པ་གསོལ་བ་གདབ་པ་ལ་གཉིས། ཉན་ཐོས་རང་གཞུང་དང་། ཐེག་ཆེན་ཁ་བསྐང་ངོ་། །དང་པོ་ནི། སངས་རྒྱས་ཀྱི་སྐུ་གཟུགས། ཆོས་ཀྱི་སྙིང་པོ། དགེ་འདུན་གསུམ་ལ་ཕྱག་གསུམ་བྱས་ལ། དཀོན་མཆོག་གསུམ་དུ་མོས་གུས་བྱའོ། །གཉིས་པ་ནི། བླ་མ་ཐུབ་པར་བསྒོམ་པའི་དབུ་གཙུག་ཏུ་ནོར་བུ་འཕྲོས་པ་ལས། རང་གི་དགོས་འདོད་འབྱུང་བར་བསམ་ལ། ཐལ་མོ་སྦྱར་ཏེ། གསོལ་བ་གདབ་པ་ནི། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམས་སྦྱངས་པ། །དེ་རིང་བཤད་པའི་རིན་ཆེན་མཆོག །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ཞེས་ལན་གསུམ་གསོལ་བ་གདབ་བོ། །ཉི་ཤུ་པ་སྡོམ་པ་ཞུ་བ་ནི། དགེ་བསྙེན། དགེ་ཚུལ། དགེ་སློང་གསུམ་ལས། ཐ་མ་ནི། དགེ་བསྙེན་གོང་དུ་བསྟན། ཁྱད་པར་དགེ་བསྙེན་ལ་བར་ཆད་དྲིས་པ་དང་། ཆས་གཞུག་མི་དགོས། མཁན་པོར་འདུ་ཤེས་བསྐྱེད་མི་དགོས། དགེ་ཚུལ་དགེ་སློང་མ་ལ་སུན་ཕྱུང་བ་མ་ཡིན་ནམ། དགེ་སློང་ལ་དགོས་སོ། །སྐབས་འདིར་དགེ་ཚུལ་གྱི་བར་ཆད་དྲི་བ་ནི། བར་ཆད་ཡོད་མེད་དྲིས་པས། ཡིན་པ་ལ་ཡིན་པ་དང་། མ་ཡིན་པ་ལ་མ་ཡིན་ཞེས། ངེད་ཀྱི་དྲི་བ་རྣམས་ལ་སེམས་མ་ཡེངས་བར། ཅི་ལྟར་ཡིན་པ་བཞིན་དུ་ལན་ཐོངས་ཤིག་བྱ་བ་དང་། ཡང་། ཁྱོད་མུ་སྟེགས་ཅན་མ་ཡིན་ནམ། ལོ་བཅོ་ལྔ་མ་ལོན་པ་མ་ཡིན་ནམ། ལོ་བཅྭོ་ལྔ་ལོན་པ་ཡང་བྱ་རོག་སྐྲོད་མི་ནུས་པ་མ་ཡིན་ནམ། བྱ་རོག་སྐྲོད་མི་ནུས་པ་ལ་ལོ་བདུན་མ་ལོན་པ་མ་ཡིན་ནམ། བྲན་ལ་སོགས་པ་མ་ཡིན་ནམ། བུ་ལོན་ཆགས་པ་མ་ཡིན་ནམ། ཕས་མ་གནང་བ་མ་ཡིན་ནམ། མས་མ་གནང་བ་མ་ཡིན་ནམ། ཕ་མས་གནང་ཡང་ཡུལ་ཐག་མི་རིང་བ་མ་ཡིན་ནམ། ནད་པ་མ་ཡིན་ནམ། དགེ་སློང་མ་སུན་ཕྱུང་བ་མ་ཡིན་ནམ། རྐུ་ཐབས་སུ་གནས་པ་མ་ཡིན་ནམ། ཐ་དད་དུ་གནས་པ་མ་ཡིན་ནམ། གནས་པར་མི་བྱ་བ་མ་ཡིན་ནམ། ཟ་མ་མ་ཡིན་ནམ། མ་ནིང་མ་ཡིན་ནམ། སྤྲུལ་པ་མ་ཡིན་ནམ། དུད་འགྲོ་མ་ཡིན་ནམ། མུ་སྟེགས་ཅན་དུ་ཞུགས་པ་མ་ཡིན་ནམ། མ་བསད་པ་མ་ཡིན་ནམ། ཕ་བསད་པ་མ་ཡིན་ནམ། དགྲ་བཅོམ་པ་བསད་པ་མ་ཡིན་ནམ། དགེ་འདུན་གྱི་དབྱེན་བྱས་པ་མ་ཡིན་ནམ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཁྲག་ཕྱུང་བ་མ་ཡིན་ནམ། ཕམ་པར་གྱུར་པའི་ལྟུང་བ་བཞི་པོ་དག་ལས་ལྟུང་བ་གང་ཡང་རུང་བ་བྱུང་བ་མ་ཡིན་ནམ། རྒྱུ་ལས་བཟློག་པའི་ཆད་པ་ཁས་མི་ལེན་པ་གནས་ནས་ཕྱུང་བ་མ་ཡིན་ནམ། ལག་རྡུམ་ལ་སོགས་པ་མ་ཡིན་ནམ། སྐྲ་སེར། སོར་མོ་གཅིག་པ་ལ་སོགས་པ་མ་ཡིན་ནམ། རྒྱལ་པོས་བཀྲབས་པ་མ་ཡིན་ནམ། རྒྱལ་པོས་མ་གནང་བ་མ་ཡིན་ནམ། རྒྱལ་པོས་མ་གནང་བའི་ཡུལ་ཐག་མི་རིང་བ་མ་ཡིན་ནམ། ཆོམ་རྐུན་པར་གྲགས་པ་མ་ཡིན་ནམ། ཕུང་ཁྲོལ་བ་མ་ཡིན་ནམ། ལྷམ་མཁན་མ་ཡིན་ནམ། ཀོ་ལྤགས་མཁན་མ་ཡིན་ནམ། གདོལ་བ་མ་ཡིན་ནམ། གཡུང་པོ་མ་ཡིན་ནམ། མི་མ་ཡིན་པའི་འགྲོ་བ་མ་ཡིན་ནམ། བྱང་སྒྲ་མི་སྙན་པ་མ་ཡིན་ནམ། མཚན་ལན་གསུམ་དུ་གྱུར་པ་མ་ཡིན་ནམ། སྐྱེས་པ་འདྲ་བའི་བུད་མེད་མ་ཡིན་ནམ། སྡིག་སྡིག་ལྟ་བུའི་མཚན་ཉིད་ཅན་མ་ཡིན་ནམ། གླིང་གཞན་ནས་སྐྱེས་པའི་ཚུལ་བྱེད་མི་འདྲ་བ་མ་ཡིན་ནམ། མ་ལགས་ཟེར་ན། ཁྱོད་བར་ཆད་བཞི་དང་མི་ལྡན་པས་བསྟན་པའི་སྣོད་དུ་རུང་བར་འདུག་པས་ཁྱོད་ཁོ་བོས་རབ་ཏུ་བྱུང་བར་བྱའོ། །ཞེས་སྐབས་དབྱེ། གོས་སྟེར། སློབ་དཔོན་ལ་སྤྲོད་དོ། །སློབ་དཔོན་གྱི་བར་ཆད་དག་གམ་དྲིས། དག་ཞེ་ན་ལས་བྱེད་པའི་དགེ་སློང་ལ་གཏད་དེ། དགེ་འདུན་ལ་ཞུ་བ་བྱ། དགེ་འདུན་གྱི་གནང་ནས་གལ་ཏེ་ཡོངས་སུ་ད ག་ནའོ། །ཞེས་གསུངས་ནས་གཙུག་ཕུད་བྲེག་པར་སྤྲོ་འམ་དྲི། སློབ་དཔོན་གྱི་བསླབ་པ་འབོགས་པར་གསོལ་ཏེ། སྡོམ་པ་འབོག །བསླབ་བྱ་འབོག །རྒན་པས་དུས་གོ་བར་བྱེད་པ་ཡིན་པས་འདི་སློབ་མཁན་གཉིས་དང་དགེ་ཚུལ་གསུམ་དྲིལ་ནས། མཁན་པོས་དགེ་ཚུལ་དུ་སློབ་མ་ཚར་བར་བྱེད་པའི་ལུགས་སོ། །སྡོམ་པ་དངོས་ལ་གསུམ་ཀ་ཚང་དགོས་པ་ལས། འདིར་མཁན་པོ་ལ་སངས་རྒྱས་སུ་མོས། དེའི་བཀའ་ལུང་གི་ཚིག་དང་མཐུན་པའི་དོན་ཡིད་ལ་རྗེས་སུ་བཟུང་བ་དང་། རང་རྗེས་ཟློས་ལན་གསུམ་གྱིས་ཐ་མ་ལ། བསླབ་སྡོམ་ཚུལ་ཁྲིམས་ཐབས་ཤེས་ཀྱི་སེམས་ལ་གདེངས་བརྟན་པོ་དང་། གྲོགས་དགེ་འདུན་དངོས་དང་། ཙཀ་ལིའི་གཟུགས་རྣམས་ཀྱིས་ཀྱང་བར་ཆད་ཡོངས་སུ་དག་པར་ངེས་ཤིང་། སྡོམ་པ་མཐར་ཕྱིན་པ་ལས་འཕྲོ་བའི་འདུན་ལྡན་དུ་ངེས་པའོ། །ཆོ་ག་བརྗོད་པ་ནི། སློབ་དཔོན་གྱི། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། དུས་འདི་ནས་བཟུང་སྟེ། ཅི་སྲིད་འཚོའི་བར་དུ། རྐང་གཉིས་དམ་པ་རྣམས་ཀྱི་མཆོག །སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཤཱཀྱ་ཐུབ་པ། ཤཱཀྱ་སེང་གེ་ཤཱཀྱའི་རྒྱལ་པོ་གཙོ་བོ་དེ་རབ་ཏུ་བྱུང་བའི་རྗེས་སུ་བདག་རབ་ཏུ་བྱུང་བའི་རྗེས་སུ་བདག་རབ་ཏུ་དབྱུང་བར་འཚལ་ཏེ། བདག་མིང་འདི་ཞེས་བགྱི་བས་ཁྱིམ་པའི་རྟགས་སྤང་ཞིང་། རབ་ཏུ་བྱུང་བའི་རྟགས་ཡང་དག་པར་ལེན་ཏོ། སློབ་དཔོན་མཁན་པོས་བདག་རབ་ཏུ་དབྱུང་དུ་གསོལ། བརྗོད་པ་གསུམ་གྱི་ས་ཐ་མ་ར་མཁན་བོས། ཐབས་ཡིན་ནོ། །སློབ་མས་ལེགས་སོ། །བརྗོད་དོ། །དེ་ནས་གནང་བ་སྦྱིན་པ་ནི། དངོས་དང་ཡིད་ཀྱི་དཀྱིལ་འཁོར་ལ་བཀོད་པའི་གནས་བརྟན་དགེ་སློང་ཐམས་ཅད་ཀྱི་གལ་ཏེ་ཡོངས་སུ་དག་ནའོ། །ཞེས་གསུང་བར་བསམ་མོ། །དེ་ནས་སྨད་ཀྱི་མཐང་གོས། སྟོད་ཀྱི་བླ་གོས་དང་། གདིང་བ། ཆུ་ཚགས། མཁར་གསིལ། ལྷུང་བཟེད་ལ་སོགས་བླ་མས་ཕྱག་ནས་གནང་ཞིང་མཁོ་བའི་ཡོ་བྱད་རྣམས་གཏད་དེ། བདེན་པ་བརྗོད་པ་ནི། ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་ཡོངས་སུ་རྫོགས་པར་གྱུར་ཅིག །ཅེས་ཐམས་ཅད་ཀྱིས་མཐུན་འགྱུར་བརྗོད། དེ་ནས་མཁན་པོའམ། མཁན་པོས་གཏད་པའི་སློབ་དཔོན་གྱི་ཆོས་བཤད་ནས། བུས་འཁོར་བ་ལ་ཡིད་དབྱུང་། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོས། འཁོར་བའང་སྡུག་བསྔལ་ལས་གྲོལ་ནས། སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་དགེ་ཚུལ་གྱི་སྡོམ་པ་བླ་ན་མེད་པ་བསྲུང་ལ། སངས་རྒྱས་ཀྱི་གདོང་སོབ་ཏུ་བྱ་སྙམ་པའི་རྗེས་ཟློས་མཛོད་བྱས་ལ། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། དུས་འདི་ནས་བཟུང་སྟེ་ཅི་སྲིད་འཚོའི་བར་དུ། རྐང་གཉིས་དམ་པ་རྣམས་ཀྱི་མཆོག །སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ༴ ཚོགས་རྣམས་ཀྱི༴ མཁན་པོས། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་སྟེ། ཅི་སྲིད་འཚོའི་བར་དུ། དགེ་ཚུལ་དུ་མཁན་པོས་བཟུང་དུ་གསོལ། ཅི་ལྟར་སྔོན་གྱི་འཕགས་པ་དགྲ་བཅོམ་པ་དེ་དག་གི་སྲོག་གཅོད་པ་སྤང་སྟེ། སྲོག་གཅོད་པ་ལས་སླར་དུ་ལོག་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བས། དུས་འདི་ནས་བཟུང་སྟེ། ཅི་སྲིད་འཚོའི་བར་དུ། སྲོག་གཅོད་པ་སྤང་སྟེ། སྲོག་གཅོད་པ་ལས་སླར་ལོག་པར་བགྱིའོ། །ཡན་ལག་དང་པོ་འདིས་བདག་སྔོན་གྱི་འཕགས་པ་དགྲ་བཅོམ་པ་དེའི་རྗེས་སུ་སློབ་བོ། །རྗེས་སུ་བསྒྲུབ་བོ། །རྗེས་སུ་བགྱིད་དོ། །གཞན་ཡང་འཕགས་པ་དགྲ་བཅོམ་པ་དེ་དག་གི་ཅི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང་། མི་ཚངས༴ རྫུན་དང་༴ འབྲུའི་ཆང་དང་། བཅོས་པའི་ཆང་དང་། བག་མེད་པའི་གནས་དང་། གར་སོགས་དང་། ཕྲེང་རྒྱན་སོགས་དང་། རོལ་མོའི་སྒྲ་དང་། སྤོས་ཉུག་པ་དང་། རྒྱན་དང་། ཁ་དོག་འཆང་བ་དང་། ཁྲི་ཆེན་པོ་དང་། ཁྲི་མ ཐོན་པོ་དང་། དུས་མ་ཡིན་པའི་ཁ་ཟས་དང་། གསེར་དངུལ་ལེན་པ་ལས་སྤངས་ཏེ། གསེར་དངུལ་ལེན་པ་ལས་སླར་ལྡོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ། ཅི་སྲིད་འཚོའི་བར་དུ། མ་སྦྱིན་བར་ལེན་པ་དང་། ཞེས་པ་ནས། གསེར་དངུལ་ལེན་པ་ལས་སླར་ལོག་པར་བགྱིའོ། །ཡན་ལག་ཕྱི་མ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་བསླབ་པོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །ལན་གསུམ་བྱ། ཐབས་ཡིན་ནོ། །ལེགས་སོ། །བརྗོད། དགེ་སློང་ལྟར་བར་ཆད་བྲི་བ་ནི། འཕགས་པ་གཅིག་དགེ་སློང་བཅུ་དང་མཉམ་པར་གསུང་པས། འཕགས་པ་སྡེ་སྣོད་འཛིན་པ་གཅིག་ལའང་རྟེན་དུ་རུང་མོད་ཀྱི་དགེ་སློང་ཕལ་པས་ཡུལ་དབུས་དང་། མཐའ་འཁོབ་ཏུ་ལྔ་ལ་གནང་བ་ཐོབ་དགོས་པས། འདིར་མཁན་སློབ་དགེ་འདུན་གྱི་གཙོ་སངས་རྒྱས། འཁོར་འཕགས་པ་དགྲ་བཅོམ་པའི་ཚོགས། ཆོས་ཆོ གའི་ཚིག་རྣམས་བཀའ་ཡིན་པས་གུས་པར་མཛོད། ཁྱོད་མ་འཛེམ་པར་བྱོས་ལ་ཡིན་པ་ལ་ཡིན་པར་སྨོས། མ་ཡིན་པ་ལ་མ་ཡིན་པར་སྨྲོས་ཤིག །ཁྱོད་སྐྱེས་པ་ཡིན་ནམ། སྐྱེས་པའི་དབང་པོ་ལྡན་ནམ། ཞེས་པ་ནས། ཁྱོད་བབ་པ་ནས་བསླབ་པ་ལེགས་པར་ཕུལ་ལམ། མ་ཕུལ་ཞེ་ན། ལྷག་མ་ཕུལ། ཉེས་པ་བཤགས་ལ། དགེ་ཚུལ་བྱས། སླར་དྲི། མ་བྱུང་ཞེ་ན། ཅི་ལྟར་ཁྱོད་རབ་ཏུ་བྱུང་བ་ཡིན་ནམ། དྲི། ཡིན་ཞེ་ན། སྐབས་འདིར་བསམ་པ། བདག་དགེ་ཚུལ་བསྙེན་པར་རྫོགས་པ་དགེ་སློང་ཐོབ་པར་སྨོན་པས། སྣམ་སྦྱར་དང་། དགེ་སློང་གི་རྟགས་བྱིན། མེ་ཏོག་བཀྲམ་ལ་གཏོར་ཞིང་། ཆས་སུ་བཅུག་སྟེ་རྩ་དང་གདིང་བ་བཞག་ལ་མཁན་པོས། སྟོན་པ་སངས་རྒྱས་དང་། ཆོས་སྨྲ་བའི་འཕགས་པ། དགེ་སློང་མཁན་སློབ་ལ་སོགས་པ་དགེ་འདུན་གྲངས་དང་མཚན་ཉིད་ཚང་བ་ཐམས་ཅད། ཚེ་དང་ལྡན་པ་མིང་འདི་ཞེས་གསལ་བ་ལ་དགོངས་སུ་གསོལ། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ། དགེ་སློང་དུ་བཟུང་དུ་གསོལ། ཞེས་ལན་གསུམ། ཐབས་ཡིན་ནོ། །ལེགས་སོ། །བྱའོ། །དེ་ནི་དཀོན་མཆོག་གི་བྱིན་རླབས་དང་། སྡོམ་པ་རྒྱུད་ལ་སྐྱེ་བས་ཐམས་ཅད་ཀྱི་དགེ་སློང་དུ་གྱུར་པའི་མོས་པ་བྱས་པས་བསྐྱེད་རིམ་བརྟན་པས་ལྷར་མཐོང་བ་བཞིན་ཏེ། ཉེར་གཅིག་པ་དགེ་སློང་གི་བསླབ་བྱ་ཞིབ་ཏུ་བསྟན་མི་དགོས་སོ། །མདོར་བསྡུས་ཏེ་བཤད་ན། དགེ་སློང་གི་ཆོས་བཞི། བརྡེག་ཀྱང་སླར་མི་བརྡེག །གཤེ་ཡང་སླར་མི་གཤེ། ཁྲོ་ཡང་སླར་མི་ཁྲོ། མཚང་བྲུ་ཡང་སླར་མི་བྲུ་བར་བྱའོ། །ཉེར་གཉིས་པ་ཆོས་བཤད་པ་ནི། བདེན་བཞི་དང་སྦྱར་ཤེས་དགོས་པས་སྡིག་པ་འཁོར་བའི་ཆོས་རྒྱུ་ཀུན་འབྱུང་། དེའི་འབྲས་བུ་སྡུག་བསྔལ་གྱི་སྐྱོན་སྤང་བར་བྱ། དགེ་བ་ཐར་པ་ཐོབ་པའི་རྒྱུ་ལམ་བསྒོམ་པར་བྱ། འབྲས་བུ་འགོག་པའི་ཡོན་ཏན་མངོན་དུ་བྱ་ཞེས་བསྟན་ཏོ། །ཉེར་གསུམ་པ་དབང་བསྐུར་བ་ནི། དབང་རྫས་རྣམས་ཐོག་སྟེ། ཅི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་མངོན་པར་སངས་རྒྱས་པ། ཤཱཀྱའི་རྒྱལ་པོ། ཤཱཀྱ་སེང་གེ། ཤཱཀྱའི་གཙོ་བོ་དེ་རབ་ཏུ་བྱུང་བའི་ན་བཟའ་ངུར་སྨྲིག་གི་ཆོས་གོས་འདི་མཁན་པོ་ངས་ཁྱོད་ལ་བསྐོན་གྱི། ཁྱོད་ཀྱི་འཆང་ཤིང་གཅེས་པའི་ཚད་ནི། མིག་གི་འབྲས་བུ་ལྟར་གྱིས། མི་འབྲལ་བའི་ཚད་ནི་ཤ་དང་རུས་པ་ལྟར་གྱིས་ལ་གོན་ཤོག །ཁྱོད་ཀྱི་གོས་ཀྱི་བྱ་བ་གྱིས་ལ། བག་ཡོད་པར་སྤྱོད་ཅིག །ན་མོ། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱི། བཅོམ་ལྡན་འདས་ཀྱི་ན་བཟའ་ངུར་སྨྲིག་གི་རྒྱལ་མཚན་འདིས། སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། དབང་བསྐུར་བས་ཚེ་རབས་ཐམས་ཅད་དུ་ངོ་ཚ་ཁྲེལ་ཡོད་ཀྱི་གོས་གོན་ཏེ། ཚུལ་ཁྲིམས་རྣམ་པར་དག་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱ་ཧཱ། ཨ་བྷི་ཥིཉྩ་མུྃ། བུམ་པས་དབང་བསྐུར་བས། བདེན་བཞིའི་དབང་ཐོབ་བོ། །སྲེག་པར་ཐོག་ལ། ཨུ་ཧུ་ལགས། དགེ་སློང་མིང་འདི་ཞེས་བགྱི་བའི། ལྷུང་བཟེད་འདི་ནི་མི་ཆེའམ། མི་ཆུང་ངམ། རན་ནམ། མཛེས་སམ། མ་ཆག་གམ། མ་གས་སམ། མི་སྐྱའམ། མི་ཆེ་མི་ཆུང་རན། མཛེས་མ་ཆག་མ་གས་མི་སྐྱ་ལ། ལྷུང་བཟེད་བཟང་ངོ་། །ཅི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཞལ་ཟས་ཀྱི་བྱ་བ་བྱེད་པའི་ལྷུང་བཟེད་འདི། དགེ་སློང་ཁྱོད་ལ་ཟས་ཀྱིས་སྣོད་དུ་གཏད་པས། ཁྱོད་ཀྱི་ཟས་ཀྱིས་བྱ་བ་གྱིས་ཤིག །ན་མོ། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། བཅོམ་ལྡན་འདས་ཀྱི་མཁར་སིལ་ལྷུང་བཟེད་ཀྱི་དབང་བསྐུར་བས། འདི་ན་ལྡེབ་གཅིག་ཆད་ཡོད། དེ་ནི་མ་དཔེ་གསར་རྙིང་གཉིས་ཀར་མེད། མ་དཔེ་གཞན་དག་ནང་གཟིགས་རོགས་ཞུ། ྅྅྅ གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། འཕགས་པ་མ་འགགས་པའི་དབང་བསྐུར་བས། ལྷའི་མིག་མཆོག་གི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་མུ་ནེ༴ ཨ་བྷི༴ ན་མོ། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། འཕགས་པ་འཆར་ཀའི་དབང་བསྐུར་བས། ཁྱིམ་བདག་དད་པ་སྐྱེ་བའི་དབང་དམ་པ༴ ༀ་མུ་ནེ༴ ཨ་བྷི༴ ན་མོ། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། འཕགས་པ་ཀཎྜི་ནྱའི་དབང་བསྐུར་བས། ཐོས་གྲོལ་སྔ་བ་མཆོག་གི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་མུ་ནེ༴ ཨ་བྷི༴ ན་མོ། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། འཕགས་པ་རྟ་ཐུལ་གྱི་དབང་བསྐུར་བས། སྤྱོད་ལམ་མཛེས་པ་མཆོག་གི་དབང་དམ་པ་ཐོབ་པར༴ ༀ་མུ་ནེ༴ ཨ་བྷི༴ ན་མོ། དཀོན་མཆོག༴ འཕགས་པ་ཉེ་བར་འཁོར་གྱི་དབང་བསྐུར་བས། འདུལ་བ་འཛིན་པ་མཆོག་གི་དབང་དམ་པ་ཐོབ་པར་གྱུར་ཅིག༴ ༀ་མུ༴ ཨ་བྷི༴ ན་མོ༴ དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། འཕགས་པ་བ་གླང་བདག་གིས་དབང་བསྐུར་བས། འགོག་པའི་ཏིང་ངེ་འཛིན་གྱི་མཆོག་གི༴ ༀ་མུ་ནེ༴ ཨ་བྷི༴ ན་མོ། དཀོན་མཆོག༴ འཕགས་པ་འོད་སྲུང་གི་དབང་བསྐུར་བས། སྦྱངས་པའི་ཡོན་ཏན་ཆེ་བའི་མཆོག་གི་དབང་དམ༴ ༀ་མུ་ནེ་མུ་ནེ༴ ཨ་བྷི་ཥིཉྩ་མུྃ། ན་མོ། དཀོན་མཆོག་གསུམ་གྱི་བདེན་པའི༴ འཕགས་པ་སྒྲ་གཅན་འཛིན་གྱི་དབང་བསྐུར་བས། བསླབ་པ་ལ་གུས་པ་རྣམས་ཀྱི་མཆོག་གི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་མུ་ནེ་མུ་ནེ༴ ཨ་བྷི་ཥིཉྩ་མུྃ། ན་མོ། དཀོན་མཆོག་གསུམ་གྱི་བདེན༴ འཕགས་པ་གཅུང་དགའ་བོས་དབང་བསྐུར་བས། མཚན་དང་དཔེ་བྱད་མཆོག་གི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་མུ་ནེ་མུ་ནེ༴ ཨ་བྷི་ཥིཉྩ་མུྃ། ན་མོ། དཀོན་མཆོག་གསུམ་གྱི་བདེན༴ འཕགས་པ་མིང་ཅན་གྱི་དབང་བསྐུར་བས། རྒྱལ་བའི་བཀའ་ལ་གུས་པ་མཆོག་གི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་མུ་ནེ་མུ་ནེ༴ ཨ་བྷི་ཥིཉྩ་མུྃ། འཕགས་པ་ནོར་སྦྱིན་འཛིན་གྱི་དབང་བསྐུར་བས། དབུལ་བ་སེལ་བ་མཆོག་གི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱ་ཧཱ། ཨ་བྷི་ཥིཉྩ་མུྃ། ན་མོ། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། འཕགས་པ་གང་པོས་དབང་བསྐུར་བས། ཡོན་ཏན་སྦྱངས་པ་མཆོག་གི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱ་ཧཱ། ཨ་བྷི་ཥིཉྩ་མུྃ། ༀ་ཡེ་དྷརྨ༴ དེ་ནས་གནས་བརྟེན་ཆེན་པོ་བཅུ་དྲུག་གི་སྐུ་ཐོགས་ལ། ན་མོ། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། སྐལ་ལྡན་རྣམས་ལ། འཕགས་པ་གནས་བརྟན་ཆེན་པོ་བྷ་ར་དྷྭ་ཛ་བསོད་སྙོམས་ལེན་པའི་དབང་བསྐུར་བས། རྒྱལ་བའི་བསྟན་པ་ཅི་སྲིད་གནས་ཀྱི་བར་དུ་སྐྱོངས་བ་དང་། དམ་པའི་ཆོས་ཀྱི་ཆབ་སྲིད་འཛིན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཏདྱ་ཐཱ། ༀ་མུ་ནེ་མུ་ནེ༴ ཨ་བྷི༴ ན་མོ། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས་སྐལ་ལྡན་རྣམས་ལ། འཕགས་པ་གནས་བརྟན་ཆེན་པོ་གསེར་ཅན་གྱི་དབང་བསྐུར་བས། རྒྱལ་བའི་བསྟན་པ་གནས་ཀྱི་བར་དུ་སྐྱོངས་བ་དང་། དམ་པའི་ཆོས་ཀྱི་ཆབ་སྲིད་འཛིན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཏདྱ་ཐཱ། ༀ་མུ་ནེ་མུ་ནེ༴ ན་མོ། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས་སྐལ་ལྡན་རྣམས་ལ། འཕགས་པ་གནས་བརྟན་ཆེན་པོ་མི་ཕྱེད་པས་དབང་བསྐུར་བས། རྒྱལ་བའི་བསྟན་པ་གནས་ཀྱི་བར་དུ་དབང་དམ་པ་ཐོབ་པར་གྱུར་ཅིག །ཏདྱ་ཐཱ། ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱ་ཧཱ། ན་མོ། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས་སྐལ་ལྡན་རྣམས་ལ། འཕགས་པ་གནས་བརྟེན་ཆེན་པོ་ཤིང་ཀུན་པའི་དབང་བསྐུར་བས། རྒྱལ་བའི་བསྟན་པ་གནས་བར་དུ་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ༴ ན་མོ། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས་སྐལ་ལྡན་རྣམས་ལ། འཕགས་པའི་གནས་བརྟན་ཆེན་པོ་ཤིང་ཤུན་པའི་དབང་བསྐུར་བས། རྒྱལ་བའི་བསྟན་པ་ཅི་སྲིད་གནས་ཀྱི་བར་དུ་སྐྱོང་བ་དང་། དམ་པའི་ཆོས་ཀྱི་ཆབ་སྲིད་འཛིན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཏདྱ་ཐཱ། ༀ་མུ་ནེ་མུ་ནེ༴ ན་མོ། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས་སྐལ་ལྡན་རྣམས་ལ། འཕགས་པའི་གནས་བརྟན་ཆེན་པོ་བཟང་པོ་པའི་དབང་བསྐུར་བས། རྒྱལ་བའི་བསྟན་པ༴ ཏདྱ་ཐཱ། ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱ་ཧཱ། ན་མོ། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས་སྐལ་ལྡན་རྣམས་ལ། འཕགས་པའི་གནས་བརྟན་ཆེན་པོ་འདས་པ་དུས་ལྡན་གྱི་དབང་བསྐུར་བས། རྒྱལ་བའི་བསྟན༴ ཏདྱ་ཐཱ། ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱ་ཧཱ། ན་མོ། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས་སྐལ་ལྡན་རྣམས་ལ། འཕགས་པའི་གནས་བརྟན་ཆེན་པོ་བྷ་ར་དྷྭ་ཛ་གསེར་ཅན་གྱི་དབང་བསྐུར་བས། རྒྱལ་བའི་བསྟན་པ༴ ཏདྱ་ཐཱ། ༀ་མུ་ནེ༴ ན་མོ། དཀོན་མཆོག་གསུམ་གྱི༴ འཕགས་པའི་གནས་བརྟན་ཆེན་པོ་བ་གླང་སྐྱོང་གི་དབང་བསྐུར་བས། རྒྱལ་བའི༴ ཏདྱ་ཐཱ། ༀ་མུ་ནེ་མུ་ནེ་མ་ཧཱ༴ ན་མོ། དཀོན་མཆོག་གསུམ་གྱི༴ འཕགས་པའི་གནས་བརྟན་ཆེན་པོ་ལམ་ཕྲན་བསྟན་གྱི་དབང་བསྐུར་བས། རྒྱལ་བའི༴ ཏདྱ་ཐཱ། ༀ་མུ་ནེ༴ ན་མོ། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། སྐལ་ལྡན་རྣམས་ལ། འཕགས་པའི་གནས་བརྟན་ཆེན་པོ་སྒྲ་གཅན་འཛིན་གྱི་དབང་བསྐུར་བས། རྒྱལ་བའི༴ ཏདྱ་ཐཱ༴ ༀ་མུ་ནེ་མུ་ནེ་མ༴ ན་མོ། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། སྐལ་ལྡན་རྣམས་ལ། འཕགས་པའི་གནས་བརྟན་ཆེན་པོ་ཀླུའི་སྡེའི་དབང་བསྐུར་བས། རྒྱལ་བའི་བསྟན་པ་ཅི་སྲིད་གནས་ཀྱིས་བར་དུ་སྐྱོང་བ་དང་༴ ཏདྱ་ཐཱ། ༀ་མུ་ནེ༴ ན་མོ། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། སྐལ་ལྡན་རྣམས་ལ། འཕགས་པའི་གནས་བརྟན་ཆེན་པོ་ནགས་སུ་གནས་ཀྱི་དབང་བསྐུར་བས། རྒྱལ་བའི་བསྟན་པ༴ ཏདྱ་ཐཱ། ༀ་མུ་ནེ་མུ་ནེ་མ་ཧཱ་མུ༴ ན་མོ། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། སྐལ་ལྡན་རྣམས་ལ། འཕགས་པའི་གནས་བརྟན་ཆེན་པོ་མ་ཕམ་པའི་དབང་བསྐུར་བས། རྒྱལ་བའི༴ ཏདྱ་ཐཱ། ༀ་མུ་ནེ་མུ་ནེ༴ ན་མོ། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། སྐལ་ལྡན་རྣམས་ལ། འཕགས་པའི་གནས་བརྟན་ཆེན་པོ་ཙུན་དྷའི་དབང་བསྐུར་བས། རྒྱལ་བའི༴ ཏདྱ་ཐཱ། ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ༴ ན་མོ། དཀོན་མཆོག་གསུམ་གྱི༴ སྐལ་ལྡན༴ འཕགས་པའི་གནས་བརྟན་ཆེན་པོ་དྷརྨ་ཏཱ་ལའི་དབང་བསྐུར་བས། རྒྱལ་བའི་བསྟན་པ་གནས་བར་དུ༴ ༀ་མུ་ནེ་མུ་ནེ་མ་ཧཱ༴ ཨ་བྷི་ཥིཉྩ་མུྃ། ཡེ་དྷརྨ༴ ན་མོ། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། སྐལ་ལྡན་རྣམས་ལ། བུམ་རྫས་ཆུའི་དབང་བསྐུར་བས། ཉོན་མོངས་པ་བག་ཆགས་ཀྱི་དྲི་མ་དག་པའི་དབང་དམ་པ༴ ༀ་མུ་ནེ་མུ་ནེ་མ་ཧཱ་མ་ཧཱ་མུ་ནེ་ཡེ་སྭཱ་ཧཱ། ན་མོ། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། སྐལ་ལྡན་རྣམས་ལ། མིང་གི་དབང་བསྐུར་བས། ཤེས་བྱ་ཐམས་ཅད་ལ་རྟོགས་པ་མེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱ་ཧཱ། ན་མོ། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས་སྐལ་ལྡན་རྣམས་ལ། ཤིང་རྟ་འཁོར་ལོའི་དབང་བསྐུར་བས། འཁོར་ལོ་བསྒྱུར་རྒྱལ་བདག་པོས་དབང་བསྐུར་ཐོབ་ནས། གླིང་བཞི་ལ་དབང་བསྒྱུར་ཅིང་། སྐྱེ་རྒས་ན་འཆིའི་སྡུག་བསྔལ་རྣམས་སུན་དབྱུང་བའི་དབང་དམ་པ་ཐོབ་པར༴ ༀ་མུ་ནེ་མུ་ནེ༴ ན་མོ། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། སྐལ་ལྡན་རྣམས་ལ། ཆིབས་ཀྱི་དབང་བསྐུར་བས། རྟག་ཏུ་རབ་ཏུ་བྱུང་ཞིང་ཉོན་མོངས་པའི་འཆིང་བ་ལས་གྲོལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱ་ཧཱ། ན་མོ། དཀོན་མཆོག་གསུམ་གྱི༴ ཤན་རལ་གྲིའི་དབང་བསྐུར་བས། འཁྲུལ་བའི་དྲྭ་བ་གཅོད་པའི་དབང་༴ ༀ་མུ་ནེ་མུ་ནེ༴ ན་མོ། དཀོན་མཆོག་གསུམ་གྱི༴ སྐལ་ལྡན༴ གསེག་པར་གྱི་དབང་བསྐུར་བས། བདག་དང་འགྲོ་བའི་དོན་མཐར་ཕྱིན་པ་རྫོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག ། ༀ་མུ་ནེ་མུ་ནེ༴ ན་མོ། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། སྐལ་ལྡན་རྣམས་ལ། ན་བཟའ་ངུར་སྨྲིག་གི་དབང་བསྐུར་བས། འཁོར་བའི་གདུང་བ་ལས་སྐྱོབས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་མུ་ནེ་མུ་ནེ་མ་ཧཱ༴ ན་མོ། དཀོན་མཆོག་གསུམ་གྱི་བདེན༴ བཀྲ་ཤིས་སྦྲང་རྩིའི་དབང་བསྐུར་བས། འབྲས་བུ་ཕུན་སུམ་ཚོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་མུ་ནེ་མུ་ནེ༴ ན་མོ། འོ་ཐུག་འབྲས་ཆན་གྱི་དབང་༴ མཚན་དང་དཔེ་བྱད་འབར་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་མུ་ནེ་མུ་ནེ་མ་ཧཱ། ན་མོ། རྩ་གདིང་བའི་རྫས་ཀྱི་དབང་བསྐུར་བས། བཀྲ་ཤིས་ཐོབ་ཅིང་བར་ཆད་ཀྱི་མི་ཚུགས་པའི་དབང་དམ༴ ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ༴ ན་མོ། དཀོན་མཆོག་གསུམ་གྱི༴ སྐལ་ལྡན་རྣམས་ལ། དེ་ལས་སྙིང་པོའི་དབང་བསྐུར་བ་ནི། བདག་ལྷར་བསྒོམ་པའི་མདུན་གྱི་དཀྱིལ་འཁོར་སངས་རྒྱས་སུ་དམིགས་ཏེ། འོད་ཟེར་སྤྲོ་བསྡུ་བྱ་ཞིང་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བར་བསམ་ཞིང་། ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཤཱཀྱ་མུ་ནེ་ཡེ་སྭཱ་ཧཱ། ཀུན་གྱི་འཛབ་སུ་བཟླས་ཏེ། ན་མོ། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། སྐལ་ལྡན་རྣམས་ལ། ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་ཚང་བའི་སྙིང་པོའི་དབང་བསྐུར་བས། ཆོས་ཐམས་ཅད་ཀྱི་མཛོད་འཛིན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱ་ཧཱ། བརྗོད། བུམ་པའི་ཆུས་ཀྱང་དབང་བསྐུར་འཐུང་། ཁྲུས་བྱའོ། །ཡེ་དྷརྨ༴ མེ་ཏོག་གཏོར་རོ། །ཉེར་བཞི་པ་ངང་བསྒོམ་ལ་གསུམ་གྱིས། དང་པོ། སྔོན་ཤེས་པ་བཅུ་ནི། སྡུག་བསྔལ་མིན་པར་ཤེས། ཀུན་འབྱུང་སྤང་བར་ཤེས། འགོག་པ་སྡུག་བསྔལ་འགག་པར་ཤེས། འཕགས་ལམ་ཡན་ལག་བརྒྱད་མྱ་ངན་འདས་ཀྱི་རྒྱུར་ཤེས། ཟད་པ་ཤེས་པ་ནི། ཆགས་སྡང་རྨོངས་གསུམ་ཟད་ནས་སྐུ་གསུང་ཐུགས་སུ་ཤེས། མི་དགེ་བ་ཤེས་པ་ག་པུར་ལྟར་ཕན་གནོད་མེད་པར་ངེས་པ་མེད་པར་ཤེས། ཆོས་ཤེས་པ་ནི་སྒྱུ་མ་ལྟ་བུར་ཤེས། རྗེས་སུ་ཤེས་པ་ནི། ཕུང་ཁམས་སྐྱེ་མཆེད་རྟེན་འབྲེལ་སྒྱུ་མ་ཤེས། ཀུན་རྫོབ་ཤེས་པ་ནི། འཁོར་འདས་ལམ་གྱིས་ཆོས་ཐམས་ཅད་ཀུན་རྫོབ་སྟེ་ཐབས་སུ་ཤེས་པའོ། །གཞན་སེམས་ཤེས་པ་ནི། དད་འདུན་གདམས་ངག་དང་། སྨོན་ལམ་གྱི་མཐུ་སེམས་སོགས་བཅུ་ཤེས་པའོ། །འཕགས་ལམ་ཡན་ལག་བརྒྱད་ནི། ལྟ་བ་རྟོགས་པ་ལས་མཐའ་མཚམས་རྩོལ་དྲན་ཏིང་སྟེ། ཡང་དག་པའི་ལྟ་བ་ལ་གསུམ། མི་རྟོག་པའི་ཡེ་ཤེས་གཞི་མི་འགྱུར་བའི་དངོས་གྲུབ་དང་། རྗེས་ལ་སྐྱེ་བའི་ཡེ་ཤེས། རྒྱུ་ལས་སྐྱེས་པའི་ལམ། ཕྱི་ཅི་མ་ལོག་པའི་ཡེ་ཤེས་ཡོངས་གྲུབ་དང་། སྤྲུལ་སྐུ་ཡེ་ཤེས་འབྲས་བུ་མ་དག་པའི་ཡེ་ཤེས་དང་། འབྲས་བུ་དག་པའི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དང་གསུམ་མོ། །ཡང་དག་པའི་རྟོགས་པ་ནི། ཡེ་ཤེས་གསུམ་ལས་ཡང་དུ་རྟོགས་པའོ། །ཡང་དག་པའི་ངག་ནི་སེམས་ཅན་ཐམས་ཅད་ཀྱི་ཆོས་དགེ་བ་བཅུ་རྟག་ཏུ་སྨྲའོ། །ཡང་དག་པའི་ལས་མཐའ་ནི་ཐམས་ཅད་དུ་ཆོས་དགེ་བ་བཅུ་སྤྱོད། མི་དགེ་བཅུ་སྤང་བའོ། །འཚོ་བ་ནི་དམ་པའི་ཆོས་འཚོ་བའོ། །རྩོལ་བ་ཆེར་བྱེད། དྲན་པས་གསོ། ཏིང་ངེ་འཛིན་ལ་ནང་དུ་ཡང་དག་པར་འཇོག་པའོ། །གཉིས་པ་དངོས་གཞི་ཡེ་ཤེས་ངང་བསྒོམ་ནི། དེ་ནས་དབང་བརྟན་པའི་ཕྱིར་གསལ་གདབ་ནི། རང་གི་དཔྲལ་བར་རུས་པའི་ཐིག་ལེ་ཡུངས་ཀར་ཙམ་གཅིག་བསྒོམ། དེ་ལས་ཤེས་པ་གཏད་པས་ཐེག་ལེ་ཇེ་ཆེར་འཕེལ། སྣང་སྲིད་ཐམས་ཅད་ཀེང་རུས་པའི་དལ་དུ་བསམ། དེ་ཡང་ཡུལ་རང་རྒྱུད་པ་ལ་བརྟེན་ནས་ཆགས་སྡང་རྨོངས་གསུམ་སྐྱེ་བས་ཉོན་མོངས་པ་འཁོར་བའི་རྒྱུ་ཡིན། དེས་འབྲས་བུ་སྡུག་བསྔལ་མྱོང་བ་ཡིན། དེའི་གཉེན་པོར་ཡུལ་མི་སྡུག་པ་བསྒོམ་པས་ཆགས་སྡང་མི་དགེ་བ་ཀུན་འབྱུང་། ཉོན་མོངས་པ་རྩ་བ་བཅད་པས་འབྲས་བུ་སྡུག་བསྔལ་གྱི་རང་བཞིན་འགག །དེ་འགོག་པ་དང་ལམ་བདེན་པ་ཡིན་ནོ། །དེ་ལས་ལམ་ཁྱེར་བཞི་ལས། ཐེག་པ་ལམ་ཁྱེར་ནི་ཉན་ཐོས་ཀྱི་ཐེག་པ། དེ་ལ་དང་པོ་འཇུག་སྒོ་ནི། སྡུག་བསྔལ། ཀུན་འབྱུང་། འགོག་པ། ལམ་བདེན་བཞི། དེ་དག་དབྱེ་ན་བདེན་ཆུང་བཅུ་དྲུག་དེ་ནི། སྤང་བྱེད་ཡེ་ཤེས་བཅུ་དྲུག །ཀུན་འབྱུང་གི་བདེན་པ་བཞི། འཁོར་བའི་རྒྱུ། སྡུག་བསྔལ་གྱི་བདེན་པ་བཞི་འཁོར་བའི་འབྲས་བུ་ཤེས་ནས་སྤོང་། འགོག་པ་ནི་བདེན་པ་འདས་པའི་རྒྱུ། ལམ་གྱི་བདེན་པ་འདས་པའི་འབྲས་བུར་ཤེས་ནས་བསྒྲུབ། དེ་ལ་ཕྱེ་ན་བདེན་ཆུང་བཅུ་དྲུག་སྟེ། ཀུན་འབྱུང་ལ་རྒྱུ་ཀུན་འབྱུང་། རྐྱེན་སྐྱེ་བའོ། །སྡུག་བསྔལ་ལ། མི་རྟག་སྡུག་བསྔལ། སྟོང་པ། བདག་ཉིད་དོ། །འགོག་པ་ལ་འགོག་པ། ཞི་བ། གྱ་ནོམ། ངེས་འབྱུང་ངོ་། །ལམ་ལ། ལམ་རིག་པ། བསྒྲུབ་པ་ངེས་འབྱིན་ནོ། །དེ་དག་སྤོང་བྱེད་ཡེ་ཤེས་བཅུ་དྲུག་སྟེ། དང་པོ་ཀུན་འབྱུང་ལ་ཤེས་པ་དང་། ཀུན་འབྱུང་ཤེས་པའི་ཆོས་ཤེས་པ་དང་། བཟོད་པའི་ཤེས་པ་དང་། བཟོད་པ་ལ་ཤེས་པའི་ཆོས་ཤེས་པའོ། །དང་པོ་ནི་རྟ་བའོ། །གཉིས་པ་ནི་དེའི་དོན་ལ་མི་སྐྲག་པའོ། །གསུམ་པ་ནི་བསྒོམ་པའོ། །བཞི་པ་ངེས་པའི་དོན་ལ་མི་སྐྲག་པའོ། །གཞན་གསུམ་དེའི་འགྲེས། དེའང་རིགས་བརྒྱད་དབྱེ་བ་ལས། བདེན་བཞིའི་དོན་རྟོགས་རབ་ཏུ་སྤངས་བྱེད་ཅིང་། །ཡེ་ཤེས་བཅུ་དྲུག་རབ་ཏུ་སྦྱངས་བྱེད་ཅིང་། །རྒྱུན་ཞུགས་ལ་སོགས་རིམ་པས་སྦྱངས་ནས་ནི། །ཉོན་མོངས་དགྲ་བཅོམ་ཞི་བའི་ས་རུ་འགྲོ། །ཞེས་སོ། །ལྟ་བ་གང་ཟག་གི་བདག་མེད་རྟོགས། ཆོས་ཀྱི་བདག་དང་བཅས་པའོ། །གང་ཟག་གི་བདག་ལ་གཉིས་ལས། རང་བཞིན་ལྷན་སྐྱེས་གང་ཟག་གི་བདག་དང་། ཆེད་དུ་བྱས་པའི་གང་ཟག་གི་བདག་གོ། །རིགས་དབྱེ་ལས། ཕུང་པོ་ལྔའི་རྒྱུ་ལ་བདག་དང་བདག་གིར་འཛིན། རང་བཞིན་ལྷན་ཅིག་སྐྱེས་པའི་བདག་ཅེས་བྱ། ཅེས་སོ། །དེ་ལས་བརྟེན་ནས་མུ་སྟེགས་ལྷ་རྣམས་འཇུག་པ་སོ་སོ་སྐྱེ་བོ་ཕུང་པོ་ལྔའི་རྒྱུ་རྐྱེན་ལས་རྣམ་པར་མ་ཕྱེས་ཏེ་བདག་ཏུ་འཛིན་པ་དང་། དེ་ལ་བརྟེན་ནས་མུ་སྟེགས་ཀྱི་ཕྱིན་ཅི་ལོག་ཏུ་བརྟགས་པའི་བདག་རང་བཞིན་མེད་པར་རྟོགས་པའོ། །གཉིས་པ་ཆོས་ཀྱི་བདག་ལ་གཉིས། གཟུངས་ཡུལ་དང་འཛིན་སེམས་སོ། །གཟུང་ཡུལ་ལ་བདག་མ་གྲུབ་སྟེ། རང་བཞིན་མེད་པ་ཡིན་ཀྱང་ཉན་ཐོས་བློ་ཆུང་བས་མུ་སྟེགས་ཆད་པ་གོལ་གྱི་དོགས་ནས་རྡུལ་ཕྲ་རབ་ཏུ་ཡོད་པར་འདོད། དེ་ལས་མདོ་སྡེ་བ་དང་བྱེ་བྲག་པ་གཉིས་རྡུལ་གྱིས་འདུས་ལུགས་ཙམ་ཚུལ་མ་ནི་མཐུན་ཏེ། མདོ་སྡེ་པས་པོ་ཏིའི་ཤོག་བུའམ་འབྲུའི་ཕུང་པོ་ལྟར་རེག་ལ་མ་འབྱར་བར་འདོད། བྱེ་བྲག་པས་གཡག་རྔའམ་ནེའུ་སེང་ལྟར་བསྐོར་བ་བར་བཅས་སུ་འདོད། དེ་ཡང་། འདི་ལྟར་སྣང་བ་འདི་ནི་སྒྱུ་མ་ཙམ། །ཡང་དག་ཉིད་ན་ཡོད་པ་མ་ཡིན་ཏེ། །ཤིན་ཏུ་ཆད་ལྟར་གྱུར་ན་མི་རུང་བས། །ཉན་ཐོས་བྱིས་པ་རྣམས་ལ་ངས་མ་བསྟན། །ཅེས་སོ། །ནང་འཛིན་པའི་སེམས་ལ་བདག་མ་གྲུབ་སྟེ། ཀུན་གཞི་མཐའ་བྲལ་དུ་གནས་པ་ཡིན་ཀྱང་། ཉན་ཐོས་པ་བློ་ཆུང་བས་ཀུན་གཞི་གསང་སྟེ། སྐད་ཅིག་མ་སྐྱེ་འགག་དང་བཅས་པར་འདོད་ཅེས་བཅོམ་ལྡན་འདས་ཀྱི་གསུང་སྟེ། དེའང་ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། བདག་ཏུ་རྟོགས་པར་གྱུར་ན་མི་རུང་ངོ་ཞེས། ཉན་ཐོས་བྱིས་པ་རྣམས་ལ་ངས་མ་བསྟན། ཅེས་སོ། །གཟུང་ཡུལ་ཕྱི་རོལ་རྡུལ་དུ་གྲུབ། །འཛིན་པའི་ཤེས་པ་སྐད་ཅིག་མ། །བདེན་པ་བཞི་ལ་ངེས་པའི་རྟེན་ཅན་ཅེས། །མདོ་སྡེ་བ་དང་། བྱེ་བྲག་པ་གཉིས། ཕྱི་རོལ་རྡུལ་ལ་རྩོད་བྱེད་ཅིང་། ཞེས་སོ། །བསྲུང་བའི་ཚུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་བསྲུང་བའོ། །བསྒོམ་པའི་ཏིང་ངེ་འཛིན་ནི། བློ་རབ་ཀུན་འབྱུང་སྤྱི་འཁོར་བའི་རྒྱུར་ཤེས་ན་འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་སོགས། གཉེན་པོ་སྒོ་དྲུག་གི་སྒོ་ནས་ཚོགས་དྲུག་བཀག་ནས་འགོག་པ་སྙོམས་པར་འཇུག་གོ། །སྤྱོད་པ་ནི་སེམས་བསྐྱེད་རྒྱ་ཆུང་བས་སྤྱོད་པ་གཞན་དོན་སྤྱད་ཀྱང་རང་དོན་ལ་དམིགས་པས་གཞན་ཕན་སྙིང་རྗེ་མ་འབྱུང་བར་འདོད་དོ། །ཡང་། སྤྱོད་པ་རྐྱལ་མཁན་རང་ཐར་འདྲ། །ཅེས་སོ། །འབྲས་བུ་ནི་སྐྱེས་བུ་ཟུང་བཞི་གང་ཟག་ཡ་བརྒྱད་དོ། །ལྷ་ལམ་ཁྱེར་ནི་དུས་གསུམ་སངས་རྒྱས་སམ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བསྒོམ་པའོ། །སྙིང་པོ་མུ་ནེ་བཟླས་པའོ། །འདུག་ཚུལ་ནི་བློ་ཕེབ་པ་དང་སྡུག་གཏམ་བཏང་བ་ལྟ་བུའོ། །བསླབ་བྱ་ལམ་ཁྱེར་མི་དགེ་བཅུ་སྤོང་། དགྲ་དང་ཉོན་མོངས་པ་ཚེར་མ་ལྟར་སྤོང་། དགེ་བཅུ་སྨན་དང་ཁ་ཟས་ལྟར་ལེན། དེའང་ཐུན་མོང་དུ་འདུ་ཤེས་བཅུ་སྟེ། སྲོག་གཅོད་པ་ལ་བཙན་དུག་ལྟ་བུའི་འདུ་ཤེས། གོས་ལ་རྨ་དཀྲིས་ལྟ་བུའི་འདུ་ཤེས། ཉོན་མོངས་པ་ལ་དུག་སྦྲུལ་ལྟ་བུའི་འདུ་ཤེས། ཁ་ཟས་ལ་རྒན་རྒོན་བུ་ཤ་ཟ་བ་ལྟ་བུའི་འདུ་ཤེས། བསྙེན་བཀུར་ལ་རྒྱ་དང་རྙི་ལྟ་བུའི་འདུ་ཤེས། བླ་མ་དཀོན་མཆོག་ལ་ནོར་བུ་རིན་པོ་ཆེ་ལྟ་བུའི་འདུ་ཤེས། ཆོས་ལ་ལམ་བཟང་པོ་ལྟ་བུའི་འདུ་ཤེས། སངས་རྒྱས་ཀྱི་བསྟན་པ་ལ་གསེར་ལྟ་བུའི་འདུ་ཤེས། ཚུལ་ཁྲིམས་ལ་རྒྱན་ལྟ་བུའི་འདུ་ཤེས། ཆོས་ཉིད་མངོན་དུ་གྱུར་པ་ལ་མུན་ཁང་དུ་སྒྲོན་མེ་བཏེག་པ་ལྟ་བུའི་འདུ་ཤེས་དང་བཅུའོ། །དེ་དག་དབང་རྡོ་རྗེ་ཟམ་པ་ལས་གསུངས། གཉིས་པ་འགག་དྲུག་སྟེ། གནས་ཝ་ར་ཎ་སིའི་བསིལ་ཁང་། སྟོན་པ་ཐུབ་པ། འཁོར་མཆོག་བརྒྱད་དམ་བཅུ་དྲུག་སོགས། ཆོས་བདེན་བཞི་ཉན་ཐོས་ཀྱི་ཐེག་པ། དགོས་མུ་སྟེགས་རྟགས་ཆད་རང་རྒྱུད་པར་འདོད་པ་ལས་གྲོལ་བའོ། །གང་དུ་གང་གི་གང་ལ་བསྟན། ཅིའི་ཕྱིར་དགོས་པ་བཅས་པ་སྟེ། འདི་ནི་ཉན་ཐོས་འགག་དྲུག་ཡིན། ཅེས་སོ། །དེ་ནས་སླར་ཡང་མཆོད་གཤེགས། དལ་བསྡུ། བླ་མ་ལ་ཡོན་ཕུལ་ལ། དེ་ནས་མེ་ཏོག་བཀྲམ་ལ། བཀྲ་ཤིས་བརྗོད་པ་ནི། བཅོམ་ལྡན་རྣམ་པར་གཟིགས་ནི་རྒྱལ་རིགས་གཟི་བརྗིད་ཅན། །ཚེ་ལོ་བརྒྱད་ཁྲིའི་དུས་ན་གྲོང་ཁྱེར་གཉེན་དྲུང་དུ། པོ་ཏ་ལ་ཡི་ཤིང་དྲུང་མངོན་པར་སངས་རྒྱས་པའི། བཀྲ་ཤིས་ཕུན་སུམ་ཚོགས་པ་དེང་འདིར་བདེ་ལེགས་ཤོག །བདེ་གཤེགས་གཙུག་ཏོར་ཅན་ནི་རྒྱལ་རིགས་རྫུ་འཕྲུལ་ཅན། །ཚེ་ལོ་བདུན་ཁྲིའི་དུས་ན་ཀ་ནིའི་གྲོང་ཁྱེར་དུ། །པུནྡ་རི་ཀའི་ཤིང་དྲུང་མངོན་པར་སངས་རྒྱས་པའི། །བཀྲ་ཤིས་ཕུན་སུམ་ཚོགས་པ་དེང་འདིར་བདེ་ལེགས་ཤོག །རྒྱལ་བ་ཐམས་ཅད་སྐྱོབས་ནི་རྒྱལ་རིགས་བློ་གྲོས་ཅན། །ཚེ་ལོ་དྲུག་ཁྲིའི་དུས་ན་གྲོང་ཁྱེར་མཉན་ཡོད་དུ། །ཤིང་མཆོག་སཱ་ལའི་དྲུང་དུ་མངོན་པར་སངས་རྒྱས་པའི། །བཀྲ་ཤིས་ཕུན་སུམ་ཚོགས་པ་དེང་འདིར་བདེ་ལེགས་ཤོག །ཐུབ་པ་འཁོར་བ་འཇིགས་ནི་སྟོབས་ལྡན་བྲམ་ཟེའི་རིགས། །ཚེ་ལོ་བཞི་ཁྲིའི་དུས་ན་གྲོང་ཁྱེར་བདེ་ལྡན་དུ། །ཤི་རི་ཤའི་དྲུང་དུ་མངོན་པར་སངས་རྒྱས་པའི། །བཀྲ་ཤིས་ཕུན་སུམ༴ འདྲེན་པ་གསེར་ཐུབ་བསླབ་པ་མཆོག་ལྡན་བྲམ་ཟེའི་རིགས། ཚེ་ལོ་སུམ་ཁྲིའི་དུས་ན་གྲོང་ཁྱེར་མཛེས་ལྡན་དུ། ཨུ་དུམ་ཝ་རིའི་ཤིང་དྲུང་མངོན་པར་སངས་རྒྱས་པའི། བཀྲ་ཤིས་ཕུན་སུམ༴ སྐྱོབས་པ་འོད་སྲུང་བྲམ་ཟེ་བླ་མེད་ཡོན་ཏན་ཅན། ཚེ་ལོ་ཉིས་ཁྲིའི་དུས་ན་ཝ་ར་ཎ་སི་རུ། ནྱ་གྲོ་དྷའི་ཤིང་དྲུང་མངོན་པར་སངས་རྒྱས་པའི། བཀྲ་ཤིས༴ འགྲོ་མགོན་ཤཱཀྱ་ཐུབ་པ་རྒྱལ་རིགས་བརྩོན་འགྲུས་ཅན། །ཚེ་ལོ་བརྒྱ་པའི་དུས་ན་སེར་སྐྱའི་གྲོང་ཁྱེར་དུ། །ཨ་ཤོ་ཏའི་ཤིང་དྲུང་མངོན་པར་སངས་རྒྱས་པའི། །བཀྲ་ཤིས་ཕུན་སུམ་ཚོགས་པ་དེང་འདིར་བདེ་ལེགས་ཤོག །ཅེས་བརྗོད་པས་མེ་ཏོག་གཏོར། ཡེ་དྷརྨས་བརྟེན་པར་བྱ། དགེ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོའོ། །ཉན་ཐོས་ཀྱི་ཐེག་པ་འགྲིག་རིམ་མོ། ༈ །རང་སངས་རྒྱས་ཀྱི་ཐེག་པའི་བསྒྲུབ་ཁྲིག་ལས། དཀྱིལ་འཁོར་བཤམས་ཁུང་མཆོད་པ་བཤམས། །རབ་གནས་ཆོག་གཞུང་ཆ་གསུམ་དང་། །དཔང་ཀོང་ཁྲུས་བྱ་སྡོམ་བརྟན་ཁྲི། །རྒྱན་ལྡན་ཁྲིར་འཛེག་སྟོན་པ་བསྒོམ། །གསོལ་གདབ་སྡོམ་པ་བསླབ་བྱ་འབོག །དཀའ་ཐུབ་ལྡན་པའི་བུམ་དབང་ལྷ། །བཀྲ་ཤིས་ཁྲིམ་ཆས་དྲང་སྲོང་ལྷ། །ཆོས་བཤད་དབང་བསྐུར་ལམ་ཁྱེར་བཞི། །ཐེག་པ་ལྷ་སྙིང་བསླབ་བྱ་དང་། །ཐེག་སྒོ་ལྟ་ཁྲིམས་ཏིང་སྤྱོད་འབྲས། །འགག་གནས་སྟོན་འཁོར་ཐེག་ཕྱིར་དགོས། །གདམས་ངག་ངང་བསྒོམ་བཀྲ་ཤིས་བསྔོ། །ཞེས་དོན་བསྟན་ཏེ། དང་པོ་དཀྱིལ་འཁོར་ལ་ཡོངས་རྫོགས་ལས་འབྱུང་བ་ལྔ་རི་རབ་གཅིག་ཏུ་འདྲེས་པའི་གཞལ་ཡས་ཁང་གི་ཕྱིའི་མེ་རི་འདོད་ཁམས། རྡོ་རྗེས་རྭ་བ་གཟུགས་ཁམས། པདྨ་གཟུགས་མེད་ཁམས་ཏེ། ཐེམ་འོག་མ་ཉན་ཐོས། གོང་མ་རང་རྒྱལ་ལོ། །རང་རྒྱལ་རྟེན་འབྲེལ་བཅུ་གཉིས་ནི། བསྭེ་རུ་ལ་དབུས་གྲུ་བཞི་རྐེད་ཉག །དེའི་ཕྱིར་འདབ་མ་བཅུ་གཉིས་ནི། གཙོ་བོའི་ཆུང་བ་ལས་པདྨ་འདབ་བཞི། །དེའི་ཕྱིར་བརྒྱད། ཚོགས་སྤྱོད་ཆེ་འབྲིང་ལ་རང་བརྒྱུད་པ་དང་། སྤྲུལ་པའི་འདབ་མ་བཅུ་པ་གཉིས་སོ། །ཐམས་ཅད་ཀྱི་ལྟེ་བ་སེར། འདབ་མ་དམར། མཚམས་མཛེས་ཚོན། སྒོ་རྟ་བབ་སོགས་སྤྱི་དང་འདྲ། ཕྱིའི་ཁྱམས་སུ་དཔག་བསམ་ཤིང་། རྩ་བ་མྱུ་གུ་སྡོང་བུ། ལོ་མ། མེ་ཏོག །འབྲས་བུ། ནམ་མཁའ་རླུང་མེ་ཆུ་ས། དུས་ཀྱི་ཁ་དོག་དང་། མ་རིགས་པ་སོགས། རྟེན་འབྲེལ་བཅུ་གཉིས་ཀྱི་མཚན་མ་དགོད་དོ། །གཉིས་པ་ཁུངས་ནི། རྩ་བའི་བསྟོད་པར། རྟེན་འབྲེལ་དོན་ལ་བརྟེན་གནས་པའི། འཕགས་པ་རང་རྒྱལ་བཅུ་གཉིས་ནི། །འབྱུང་དང་ལྡོག་ལ་རབ་ཞུགས་པའི། །ཞེས་སོ། །གསུམ་པ་མཆོད་བཤམ་ནི། ཉན་ཐོས་དང་མཐུན། བུམ་པ་ལ་ཀེང་རུས་ཀྱི་མཚན་མ་བྱའོ། །བཞི་པ་རབ་གནས་ནི། དཀྱིལ་འཁོར་གྱི་གཞི་དྲི་བཟང་གི་བྱུག་པར་བུམ་པ་མགུལ་ཆིང་ཁ་རྒྱན་གཟུང་ཐག་བུམ་རྫས་འབྲུ་ཆུས་བཀང་བའི་གཟུངས་ཐག་དྲང་ཞིང་མཆོད་པ་བསང་སྦྱང་། བྱིན་རླབས་སྐྱབས་འགྲོ་བདག་ཉིད་ཚད་མེད་པ་བཞི་བསྒོམ། ཙན་དན་དཀར་པོ་བརྡར་བའི་སྣག་ཚས་མེ་ལོང་ལ་རྟེན་འབྲེལ་སྙིང་པོ་ཚར་བདུན་བྲི། ཚར་རེ་ཞིང་ལན་བདུན་བདུན་བཟླས་ཏེ། བུམ་པའི་ཁར་བཞག །དེར་ཟླ་བ་ལ་སྔགས་ཕྲེང་དཀར་པོ་ལས་འོད་འཕྲོས་པས། འཇིག་རྟེན་གྱི་ཁམས་ཐམས་ཅད་བདུད་རྩིའི་རང་བཞིན་དུ་ཞུ། ཚུར་འདུས་བུམ་པར་ཐིམ་པར་བསྒོམ་ཞིང་། ལག་པ་གཡས་པས་བུམ་པ་ལ་བཀབ་སྟེ་སྔགས་བརྒྱ་རྩ་བརྒྱད་བཟླས་སོ། །དེ་ནས་མེ་ལོང་ཆུས་བཀྲུ་ནས་བུམ་པར་བླུག །ཡང་སྔགས་ཕྲེང་གི་འོད་ཀྱི་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཉན་ཐོས་སྤྱན་དྲངས་ཏེ། རྟེན་དང་དཀྱིལ་འཁོར་གྱི་ལྷ་ལ་ཐིམ་པར་བསམ། དེ་ནས་ལུགས་སྐུ་ལ་སོགས་ལ་དངོས་སུ་ཁྲུས་གསོལ། རས་བྲིས་པོ་ཏི་སོགས་ལ་མེ་ལོང་གི་ངོས་ལ་ཁྲུས་གསོལ་ལ་དེའི་ཆུས་མཆོད་རྫས་ཐམས་ཅད་ལ་གཏོར་ཏེ། མ་དག་པ་སྦྱངས། ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་བསམ་ཞིང་སྔགས་བཟླས་པས་བྱིན་གྱིས་བརླབས་སོ། །དེ་ནས། ཧཱུྃ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །འདས་དང་མ་བྱོན་ད་ལྟར་གྱི། །དཀོན་མཆོག་བླ་མེད་རིན་ཆེན་གསུམ། །རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །འགྲོ་བ་སེམས་ཅན་དོན་སླད་དུ། །ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། །ༀ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུན་ཏེ་ཥན་ཏ་ཐཱ་ག་ཏོ་ཧྱ་ཝ་དད་ཏེ་ཥཱན་ཙ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ་ཡེ་སྭཱ་ཧཱ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །གནས་མཆོག་ཕོ་བྲང་གཞལ་ཡས་འདིར། །རིན་ཆེན་པདྨའི་གདན་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ༀ་ཡེ་དྷརྨཱ་༴ རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །དཀོན་མཆོག་བླ་མེད་རིན་ཆེན་གསུམ། །སྐུ་ནི་རྟེན་ཅིང་འབྲེལ་བའི་སྐུ། །གསུང་ནི་རྟེན་འབྲེལ་འགག་པ་མེད། །ཐུགས་ནི་རྟེན་འབྲེལ་ཐམས་ཅད་མཁྱེན། །སྐུ་གསུང་ཐུགས་ལ་ཕྱག་འཚལ་བསྟོད། །ༀ་ཡེ༴ རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །བླ་མེད་དཀོན་མཆོག་གསུམ་ལ་འབུལ། །རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །འགྲོ་བ་སེམས་ཅན་དོན་སླད་དུ། །ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། །ༀ་ཡེ་དྷརྨཱ་ཧེ་དུ་པྲ་བྷ༴ རྟེན་ཅིང་འབྲེལ་བར༴ ལྷ་རྫས་དམ་པའི་བདུག་སྤོས་འདི། །བླ་མེད་དཀོན་མཆོག་གསུམ་ལ་འབུལ། །རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །འགྲོ་བ་སེམས་ཅན་དོན་སླད་དུ། །ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། །ༀ་ཡེ་དྷརྨཱ་༴ རྟེན་ཅིང་འབྲེལ་བར༴ ལྷ་རྫས་དམ་པའི་མེ་ཏོག་འདི། །བླ་མེད་དཀོན་མཆོག༴ རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །འགྲོ་བ་སེམས་ཅན་དོན༴ ཐུགས་རྗེས་དགོངས་ཏེ་བཞེས༴ ༀ་ཡེ་དྷརྨཱ༴ རྟེན་ཅིང་འབྲེལ་བར༴ ལྷ་རྫས་དམ་པའི་མར་མེ་འདི། །བླ་མེད་དཀོན་མཆོག༴ རྟེན་ཅིང་འབྲེལ༴ འགྲོ་བ་སེམས་ཅན༴ ཐུགས་རྗེས་དགོངས་ཏེ༴ ༀ་ཡེ༴ རྟེན་ཅིང་འབྲེལ་༴ ལྷ་རྫས་དམ་པའི་དྲི་མཆོག་འདི། །བླ་མེད་དཀོན་མཆོག༴ རྟེན་ཅིང་འབྲེལ་བར༴ འགྲོ་བ་སེམས་ཅན་དོན༴ ཐུགས་རྗེས༴ ༀ་ཡེ་དྷརྨཱ་ཧེ་དུ་པྲ༴ རྟེན་ཅིང་འབྲེལ་བར༴ ལྷ་རྫས་དམ་པའི་ཞལ་ཟས་འདི། །བླ་མེད་དཀོན་མཆོག༴ རྟེན་ཅིང་འབྲེལ་བར༴ འགྲོ་བ་སེམས་ཅན༴ ཐུགས་རྗེས་དགོངས༴ ༀ་ཡེ་དྷརྨཱ་༴ རྟེན་ཅིང་འབྲེལ༴ ལྷ་རྫས་དམ་པའི་རོལ་མོ་འདི། །བླ་མེད་དཀོན་མཆོག༴ རྟེན་ཅིང་འབྲེལ་བར༴ འགྲོ་བ་སེམས་ཅན༴ ཐུགས་རྗེས་དགོངས༴ ༀ་ཡེ༴ རྟེན་ཅིང་འབྲེལ་བར༴ རྒྱལ་བ་འཁོར་དང་བཅས་པ་རྣམས། །འགྲོ་བ་སེམས་ཅན་དོན་སླད་དུ། །ཅི་སྲིད་ཆོ་ག་མ་གྲུབ་བར། །ཐུགས་རྗེས་དགོངས་ཏེ༴ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ༀ་ཡེ་དྷརྨཱ་༴ རྒྱལ་བ་དགྲ་རྒྱལ་བདེན་པའི་བྱིན་རླབས་ཀྱིས། །བདེན་པ་གསུང་པ་དེ་ལ་སྡིག་མེད་ཅིང་། །ལྷར་བཅས་ལྷ་མིན་གྱིས་ནི་རྟག་མཆོད་ཅིང་། །བདེན་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ༀ་ཡེ་དྷརྨཱ་༴ དམ་ཆོས་བདུད་རྩི་ཐམས་ཅད་མཁྱེན་པ་ཡིས། །ཞལ་ནས་གསུང་པ་བསིལ་བའི་རོ་འདི་ཡི། །ཉོན་མོངས་འབར་བ་མེ་ཡི་གདུང་བ་ཡི། །འགྲོ་བའི་སྡུག་བསྔལ་རྟག་ཏུ་ཞི་བྱེད་ཤོག །ༀ་ཡེ་དྷརྨཱ་༴ འབྱུང་པོ་གང་དག་འདི་ནི་ལྷག་གྱུར་ཏེ། །ཞེས་ནས། ཤོག་ཅིག །བར་རོ། །ༀ་ཡེ་དྷརྨཱ་ཧེ་དུ་པྲ་བྷ་ཝཱ་ཧེ་དུན་ཏེ་ཥཱན་ཏ་ཐཱ་ག་ཏོ་ཧྱ་བ་དད་ཏེ་ཥཱན་ཙ་ཡོ་ནི་རོ་དྷ་ཨེ་ཝཾ་ཝ་དཱི་མ་ཧཱ་ཤྲ་མ་ཎ་ཡེ་སྭཱ་ཧཱ། ཞེས་པས་མེ་ཏོག་ཐམས་ཅད་དུ་གཏོར་རོ། །ལྔ་པ་ཆོག་གཞུང་དང་། དྲུག་པ་ཆ་གསུམ། བདུན་པ་དཔང་ཀོང་། བརྒྱད་པ་ཁྲུས། དགུ་པ་སྡོམ་བརྟན། བཅུ་པ་ཁྲིམས། བཅུ་གཅིག་པ་རྒྱན། བཅུ་གཉིས་པ་སྟོན་པ། བཅུ་གསུམ་པ་གསོལ་གདབ། བཅུ་བཞི་པ་སྡོམ་པ་ཡན་ཆད་ཉན་ཐོས་དང་མཐུན་ནོ། །བཅྭོ་ལྔ་པ་བསླབ་བྱ་ནི། བཟོད་འབྲིང་ཡན་ཆད་ཉན་ཐོས་ལྟར། །འབྲིང་ན་ཉན་རང་སོ་སོར་དབྱེ་བའོ། །བཅུ་དྲུག་པ་བུམ་དབང་ནི། དཀའ་ཐུབ་ཤོར་ནས་རྫུ་འཕྲུལ་ཉམས་འགྲོ་བ་ལྟར། དཀའ་ཐུབ་དང་ལྡན་པས་དབང་བསྐུར་དགོས་པའི་ཕྱིར། སྡིག་བཤགས་གསོ་སྦྱང་བླང་། རྟེན་འབྲེལ་སྙིང་པོ་བཟླས། ཁྲུས་བྱ། བཀྲ་ཤིས་བརྗོད། བཅུ་བདུན་པ་ཁྲིམས་ནི། དྲང་སྲོང་གི་བརྟུལ་ཞུགས་སྨྲ་བཅད་དང་རྫུ་འཕྲུལ་ལོ། །བཅྭོ་བརྒྱད་པ་ཁྲིམས་ཆས་ནི་རབ་བྱུང་ཡིན་ཡང་སྣམ་སྦྱར་དང་འཁར་གསིལ་མེད་དོ། །བཅུ་དགུ་པ་ལྷ་ནི་ཀུན་གྱི་གཙོ་བོ་ཐུབ་པ་ཡིན་ལ། རང་རྒྱལ་རྣམས་ཀྱང་བསླབ་སྦྱངས་མཐར་ཕྱིན་པས། སྨོན་པ་ཡིད་བཞིན་འགྲུབ་ཅིང་བློ་ཆེ་ཆུང་གི་བསེ་རུ་ནེ་ཙོ་གཉིས་སུ་འབྱུང་ལ། ཡེ་ཤེས་གཅིག་པས་གཙོ་བོ་གཅིག་པའོ། །རྟེན་འབྲེལ་ལ་རིགས་མང་ཡང་གཙོ་བོ་བཅུ་གཉིས་སུ་འདུས་པས། གྲངས་བཅུ་གཉིས་སུ་ངེས་པའོ། །ཉི་ཤུ་པ་ཆོས་བཤད་པ་ནི། བརྗོད་པ་སྒྲར་བཅས་རྣམ་གཡེང་གི་སྐྱོན་རིག་པས་སྨྲ་བ་བཅད་དེ་བརྡའི་ཆོས་སྟོན་པའོ། །ཉེར་གཅིག་པ་དབང་བསྐུར་བ་ནི་རྫས་དང་། ལྷ་དབང་རིམ་པར་ཐོགས་ཏེ། གྱུར་ཤོག་དང་ཡེ་དྷརྨཱ་ཐམས་ཅད་ཀྱི་བརྗོད་པར་བྱའོ། །ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དཀོན་མཆོག་རིན་ཆེན་རྣམ་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། རིགས་ཀྱི་བུ་ལ་བུམ་རྫས་ཆུའི་དབང་བསྐུར་བས། ཉོན་མོངས་པའི་བག་ཆགས་ཐམས་ཅད་བྱང་ཞིང་དག་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་ཡེ་དྷརྨཱ་ཧེ་དུ་པྲ་བྷ་ཝཱ་ཧེ་དུན་ཏེ་ཥན་ཏ་ཐཱ་ག་ཏོ་ཧྱོ་ཝ་དད་ཏེ་ཥཱན་ཙ་ཡོ་ནི་རོ་དྷ་ཨེ་ཝཾ་བྷ་ཏི་མ་ཧཱ་ཤྲ་མ་ཎ་ཡེ་སྭཱ་ཧཱ། ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དཀོན་མཆོག་རིན་ཆེན་རྣམ་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། རིགས་ཀྱི་བུ་ལ་མིང་གི་དབང་བསྐུར་བས། ཤེས་བྱ་ལ་མ་རྨོངས་པ་རང་སངས་རྒྱས་ཀྱི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་ཡེ་དྷརྨཱ་༴ ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དཀོན་མཆོག༴ རིགས་ཀྱི་བུ་ལ། ཤན་རལ་གྲིའི་དབང་བསྐུར་བས། འཁྲུལ་བའི་དྲྭ་བ་ཐམས་ཅད་གཅོད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་ཡེ༴ ན་མོ། ཕྱོགས་བཅུ་དུས་གསུམ་གྱི༴ རིགས་ཀྱི་བུ་ལ། ན་བཟའ་ངུར་སྨྲིག་གི་དབང་བསྐུར་བས། ཉོན་མོངས་པའི་གདུང་བ་ལས་སྐྱོབ་པའི་དབང་དམ་པ༴ ༀ་ཡེ༴ ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དཀོན་མཆོག་རིན་ཆེན་རྣམ་གསུམ༴ རིགས་ཀྱི་བུ་ལ། བཀྲ་ཤིས་པའི་སྦྲང་རྩིས་དབང་བསྐུར་བས། མཐུ་ཕུན་སུམ་ཚོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་ཡེ་དྷརྨཱ་༴ ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དཀོན་མཆོག་རིན་ཆེན༴ རིགས་ཀྱི་བུ་ལ། རྩ་གདིང་བའི་རྫས་ཀྱི་དབང་བསྐུར་བས། བཀྲ་ཤིས་ཤིང་བར་ཆད་གང་གིས་ཀྱང་མི་ཚུགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་ཡེ་དྷརྨཱ་༴ རྟེན་འབྲེལ་སྐྱེ་མཆེད་བཅུ་གཉིས་ནི། མ་རིག་རྒན་མོ་ལོང་མ་འདྲ། །ལུགས་འབྱུང་ལུགས་ལྡོག་མངོན་གྱུར་ནས། །ཡིད་བཞིན་བདེ་མཆོག་ཐོབ་པར་ཤོག །ༀ་ཡེ༴ འདུ་བྱེད་རྫ་མ་མཁན་པོ་འདྲ། །ལུགས་འབྱུང་ལུགས་ལྡོག༴ ཡིད་བཞིན་བདེ་མཆོག༴ ༀ་ཡེ༴ རྣམ་པར་ཤེས་པ་སྤྲེལ་དང་འདྲ། །ལུགས་འབྱུང་༴ ཡིད་བཞིན༴ ༀ་ཡེ་དྷརྨཱ་༴ མིང་དང་གཟུགས་ནི་གྲུ་དང་འདྲ། །ལུགས་འབྱུང་ལུགས་ལྡོག༴ ཡིད་བཞིན་བདེ་མཆོག༴ ༀ་ཡེ༴ སྐྱེ་མཆེད་ཅིག་ཆར་གྲོང་ལྟ་བུ། །ལུགས་འབྱུང་ལུགས༴ ཡིད་བཞིན་བདེ༴ ༀ་ཡེ་དྷརྨཱ་༴ རེག་པ་འོ་བྱེད་ནང་གི་ནང་། །ལུག་འབྱུང་ལུགས་བཟློག༴ ཡིད་བཞིན་བདེ་མཆོག༴ ༀ་ཡེ་དྷརྨཱ་༴ ཚོར་བ་པུས་མོ་མདའ་ཟུག་འདྲ། །ལུག་འབྱུང་༴ ཡིད་བཞིན་བདེ་མཆོག༴ ༀ་ཡེ༴ སྲེག་པ་འོ་ཐུག་འཐུང་བ་འདྲ། །ལུགས་འབྱུང་༴ ཡིད་བཞིན་བདེ༴ ༀ་ཡེ་དྷརྨཱ་༴ ལེན་པ་མེ་ཏོག་ཐུ་བ་འདྲ། །ལུགས་འབྱུང་༴ ཡིད་བཞིན་བདེ༴ ༀ་ཡེ་དྷརྨཱ་༴ སྲིད་པ་སྦྲུམ་མ་བུ་སྐྱེ་འདྲ། །ལུགས་འབྱུང་ལུགས་ལྡོག་མངོན་གྱུར་ནས། །ཡིད་བཞིན་བདེ་མཆོག༴ ༀ་ཡེ་དྷརྨཱ་༴ སྐྱེ་བ་ན་ཆུང་གཞོན་ནུ་འདྲ། །ལུགས་འབྱུང་༴ ཡིད་བཞིན༴ ༀ་ཡེ་དྷརྨཱ་ཧེ༴ རྒ་ཤི་རྒུད་དང་ཤི་བ་འདྲ། །ལུགས་འབྱུང་༴ ཡིད་བཞིན༴ ༀ་ཡེ་དྷརྨཱ་༴ མཁའ་རླུང་མེ་ཆུས་ས་ཁམས་ལྔ། །དུས་ཀྱི་འགྱུར་དང་དྲུག་ཕྱི་ནང་། །རྒྱུ་དང་འབྲེལ་བ་དྲུག་ཅེས་བྱ། །ལུགས་འབྱུང་༴ ཡིད་བཞིན༴ ༀ་ཡེ་དྷརྨཱ༴ ས་བོན་མྱུ་གུ་སྡོང་པོ་འདྲ། །ལོ་མ་མེ་ཏོག་འབྲས་བུ་དྲུག །དཔག་བསམ་ཤིང་དང་རྟེན་འབྲེལ་ཏེ། །ལུགས་འབྱུང་༴ ཡིད་བཞིན༴ ༀ་ཡེ་དྷརྨཱ་༴ ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དཀོན་མཆོག་རིན་ཆེན་རྣམ་པ་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། རིགས་ཀྱི་བུ་ལ། ཧཱུྃ། བསྭེ་རུ་དང་ནི་ནེ་ཙོ་ལྟ་བུ་ཡི། །འབྲས་བུ་ལ་སོགས་ཕྱིའི་རྟེན་འབྲེལ་དང་། །མ་རིག་ལ་སོགས་ནང་གི་རྟེན་འབྲེལ་དང་། །ལུགས་འབྱུང་འཁོར་བའི་རྒྱུ་འབྲས་སྤང་བྱ་ཤིང་། །ལུགས་ལྡོག་འདས་པའི་རྒྱུ་འབྲས་རབ་བསྒྲུབ་ནས། །འཇིག་རྟེན་པ་དང་ཉན་ཐོས་རང་ས་དྲུག །འདས་ནས་རང་སངས་རྒྱས་སར་ཕྱིན་པར་ཤོག །ༀ་ཡེ་དྷརྨཱ་ཧེ་དུ༴ ཨ་བྷི་ཥིཉྩ་ཧཱུྃ། རིགས་ཀྱི་བུ་ཁྱོད་ལ་རྟེན་འབྲེལ་གྱི་དབང་བསྐུར་བས། ཡིད་བཞིན་བདེ་བ་མཆོག་གི་དབང་དང་ལྡན་པར་གྱུར་ཅིག །ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དཀོན་མཆོག་རིན་ཆེན་རྣམ་པ་གསུམ་གྱིས་བདེན་པའི་བྱིན་རླབས་ཀྱིས། རིགས་ཀྱི་བུ་ལ། བཅོམ་ལྡན་འདས་གཙོ་བོའི་དབང་བསྐུར་བས། འཁོར་བའི་སྡུག་བསྔལ་གྲོལ་བར་ཤོག །ༀ་ཡེ༴ ན་མོ། ཕྱོགས་བཅུ་དུས་གསུམ༴ རིགས་ཀྱི་བུ་ལ། རང་རྒྱལ་བསེ་རུ་དང་ནེ་ཙོ་ལྟ་བུའི་དབང་བསྐུར་བས། གཅིག་པུར་བསམ་གཏན་ལ་གནས་པ་དང་། ཚོགས་སྤྱོད་ཀྱི་གྲོགས་ལ་བསྟེན་ནས། བསམ་གཏན་མཐར་ཕྱིན་ནས། ཡིད་བཞིན་བདེ་བ་མཆོག་གི་ས་ཐོབ་པར་གྱུར་ཅིག །ༀ་ཡེ་དྷརྨ་ཧེ༴ ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དཀོན་མཆོག་རིན་ཆེན་རྣམ་པ་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། རིགས་ཀྱི་བུ་རྣམས་ལ། རང་སངས་རྒྱས་རྡོ་རྗེ་འཇིགས་བྱེད། རྡོ་རྗེ་རྩེ་དགུ་པའི་དབང་བསྐུར་བས། འཁོར་བ་བསྲེག་པར་བྱེད་པའི་དབང་དམ་པ༴ ༀ་ཡེ་དྷརྨཱ་ཧེ་དུ༴ ན་མོ། ཕྱོགས་བཅུ་དུས་གསུམ༴ རིགས་ཀྱི་བུ་རྣམས་ལ། རང་སངས་རྒྱས་སྣང་བ་བརྩེགས་པ་རིན་པོ་ཆེའི་དབང་བསྐུར་བས། ཏིང་ངེ་འཛིན་རབ་ཏུ་སྣང་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་ཡེ་དྷརྨཱ༴ ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དཀོན་མཆོག་རིན་ཆེན་རྣམ་པ་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། རིགས་ཀྱི་བུ་རྣམས་ལ། རང་སངས་རྒྱས་དཔའ་བོ་འདུལ་བའི་རྡོ་རྗེ་རྩེ་ལྔ་པས་དབང་བསྐུར་བས། སྲིད་པ་བསྙིལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་ཡེ་དྷརྨཱ༴ ན་མོ། ཕྱོགས་བཅུ་དུས་གསུམ༴ རིགས་ཀྱི་བུ་རྣམས་ལ། རང་སངས་རྒྱས་གདུང་བ་སེལ་བས་དབང་བསྐུར་བས། ཉོན་མོངས་པའི་གདུང་བ་སེལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་ཡེ་དྷརྨཱ༴ ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དཀོན་མཆོག་རིན་ཆེན་རྣམ་པར་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། རིགས་ཀྱི་བུ་རྣམས་ལ། རང་སངས་རྒྱས་ཤེས་རབ་མགྱོགས་ཆེན་གྱི་དབང་བསྐུར་བས། ཤེས་རབ་རྩལ་དང་ལྡན་པའི་དབང་དམ་པ༴ ༀ་ཡེ་དྷརྨཱ༴ ན་མོ། ཕྱོགས་བཅུ་དུས་གསུམ༴ རིགས་ཀྱི་བུ་རྣམས་ལ། རང་སངས་རྒྱས་རྫུ་འཕྲུལ་ཆེར་སྟོན་གྱི་དབང་བསྐུར་བས། སྤྲུལ་པའི་ཆོ་འཕྲུལ་དང་ལྡན་པའི་དབང་དམ་པ༴ ༀ་ཡེ་དྷརྨཱ༴ ན་མོ། ཕྱོགས་བཅུ་དུས་གསུམ་གྱི༴ རིགས་ཀྱི་བུ་རྣམས་ལ། རང་སངས་རྒྱས་སྨྲ་བའི་སྒྲ་ཆེན་གྱི་དབང་བསྐུར་བས། གསུང་གི་དབང་ཕྱུག་གི་དབང་དམ་པ༴ ༀ་ཡེ་དྷརྨཱ༴ ན་མོ། ཕྱོགས་བཅུ༴ རིགས་ཀྱི་བུ་རྣམས་ལ། རང་སངས་རྒྱས་བསྭེ་རུ་ལྟ་བུའི་དབང་བསྐུར་བས། ཏིང་ངེ་འཛིན་རྩེ་གཅིག་ཏུ་གྱུར་པའི་དབང་དམ༴ ༀ་ཡེ་དྷརྨཱ༴ ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དཀོན༴ རིགས་ཀྱི་བུ་རྣམས་ལ། རང་སངས་རྒྱས་རིའི་རྒྱལ་པོའི་དབང་པོས་དབང་བསྐུར་བས། འཁོར་བའི་རླུང་གི་མི་བསྐྱོད་པའི་དབང་དམ་པ༴ ༀ་ཡེ་དྷརྨཱ༴ ན་མོ། ཕྱོགས་བཅུ༴ རིགས་ཀྱི་བུ་རྣམས་ལ། རང་སངས་རྒྱས་སེང་གེ་ལྟ་བུའི་དབང་བསྐུར་བས། འཇིགས་པ་ཐམས་ཅད་བྲལ་བའི་དབང་དམ་པ༴ ༀ་ཡེ་དྷརྨཱ༴ ན་མོ། ཕྱོགས་བཅུ་དུས་གསུམ༴ རིགས༴ སངས་རྒྱས་ཡིད་མྱུར་བའི་དབང་བསྐུར་བས། ཏིང་ངེ་འཛིན་རྫུ་འཕྲུལ་མྱུར་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་ཡེ་དྷརྨ་ཧེ་དུ་པྲ་བྷ་ཝ༴ ཅེས་པས་དབང་བསྐུར་ཏེ། སླར་ཡང་བུམ་པས་དབང་བསྐུར་ཁྲུས་བྱའོ། །ཉེར་གཉིས་པ་ལྷ་ལམ་ཁྱེར་ནི། གཙོ་བོ་ཤཱཀྱ་ཐུབ་པ་སེར་པོ་ས་གནོན་མཉམ་བཞག་དང་། གཡས་གཡོན་བསྭེ་རུ་ནེ་ཙོ་རབ་བྱུང་གི་ཚུལ་ཐལ་མོ་སྦྱར་བ། རང་རྒྱལ་བཅུ་གཉིས་ནི། འཇིགས་མེད་རྡོ་རྗེ། སྣང་བརྩེགས་རིན་ཆེན། དཔའ་བོ་འདུལ་བ་རྡོ་རྗེ་རྩེ་ལྔ། ཉོན་མོངས་གདུང་སེལ་བསིལ་ཡབ། ཤེས་རབ་མགྱོགས་ཅན་ཟླ་ཚེས། རྫུ་འཕྲུལ་ཆེར་སྟོན་མེ་དཔུང་། གདུང་བ་བསིལ་བྱེད་རུང་། སྒྲ་ཆེན་ཆ་ལང་། བསྭེ་རུ་ལྟ་བུ་མཉམ་བཞག །རི་རྒྱལ་རིན་ཆེན་སྙེ་མ། སེང་གེ་ལྟ་བུ་རྡོ་རྗེ། ཡིད་མྱུར་རྔ་ཡབ་བསྣམས་པའོ། །ཉེར་གསུམ་པ་སྙིང་པོ་ནི། ཡེ་དྷརྨའོ། །ཉེར་བཞི་པ་དབང་ལམ་ཁྱེར་ནི། རྟེན་འབྲེལ་བཅུ་གཉིས་ཀྱི་དབང་ངོ་། །ཉེར་ལྔ་པ་ཐེག་པ་རང་སངས་རྒྱས་ཀྱི་ཐེག་པ་སྟེ། དེ་ལ་འཇུག་སྒོ་ཕྱི་ནང་གི་རྟེན་འབྲེལ་བཅུ་གཉིས། དེའང་རྫས་གཡུང་དྲུང་ཤུག་པའི་འབྲས་བུ་ལས་ཤེས་ཏེ། འབྲས་བུ་དེ་ཅི་ལས་བྱུང་བརྟགས་པས། མེ་ཏོག་ལས་བྱུང་། དེ་འདབ་མ། དེ་མྱུ་གུ། དེ་ས་བོན་ལ་ཐུགས་ཏེ་རྒྱུ་དང་འབྲེལ་བ་དྲུག་གོ། །རྐྱེན་དང་འབྲེལ་བ་དྲུག་ནི། ནམ་མཁས་གོ་འབྱེད་། སས་བརྟེན། ཆུས་བསྡུས། མེས་སྨིན། རླུང་གིས་བསྐྱོད། དུས་ཀྱིས་མི་རྟག་པར་གྱུར་ནས་འབྱུང་བར་ཤེས་ཏེ་ཕྱིའི་རྟེན་འབྲེལ་བཅུ་གཉིས་སོ། །ཕྲ་བ་བག་ཆགས་ཀྱི་ཚུལ་དུ་འཁོར་བར་འདོད། དེའང་ཉན་ཐོས་བྱེ་བྲག་པའི་ཚོགས་ལམ་པ་དང་མཉམ་པར་སྦྱངས་ནས་སྦྱོར་ལམ་བཟོད་འབྲིང་ནས་རིག་བྱེད། ཤེས་རབ་ཆེ་བས་དུར་ཁྲོད་དུ་ཕྱིན་ཏེ་ཀེང་རུས་ཀྱི་ཕུང་པོ་ལ་བརྟགས་པས། ཤི་བ་ལས་བྱུང་བ་ཤེས། དེ་ན་བ་ལས། དེ་རྒས་པ་ལས། དེ་སྐྱེ་བ་ལས། དེ་སྲིད་པ་ལས། དེ་ཚོར་བ་ལས། དེ་རེག་པ་ལས། དེ་སྐྱེ་མཆེད་དྲུག་ལས། དེ་མིང་གཟུགས་ལས། དེ་རྣམ་ཤེས། དེ་འདུ་བྱེད། དེ་མ་རིགས་པ་ལས་གང་བྱུང་བརྟགས་པས་མ་རྙེད་དེ་སྟོང་པར་རྟོགས་པས་ཐམས་ཅད་སྟོང་ཉིད་དུ་ཤེས་ཏེ། རྒ་ཤི་ནས་ལུགས་ལྡོག་ཏུ་རྟེན་འབྲེལ་བཅུ་གཉིས་བཀག་ཤུལ་དུ་སྟོང་ཉིད་རེ་བསྒོམ་པས་ལུགས་ལྡོག །དེ་མྱང་འདས་ཀྱི་རྒྱུར་ཤེས། རྒྱུ་སྔ་མ་ལ་བརྟེན་ནས་འབྲས་བུ་ཕྱི་མ་འབྱུང་བ་ལ་མ་རིག་པ་ནས་རྒ་ཤིའི་བར་བརྟགས་པས་འ གྲོ་བའི་རྒྱུར་ཤེས་སོ། །དེའང་རྟེན་འབྲེལ་མདོ་ལས། དང་པོ་བརྒྱད་དང་དགུ་ཉོན་མོངས་། །གཉིས་པ་བཅུ་པ་ལས་ཡིན་ཏེ། །ལྷག་མ་བདུན་གྱི་སྡུག་བསྔལ་ལོ། །ཞེས་སོ། །བསྒོམ་ཀློང་ལས། དང་པོ་བརྒྱད་དང་དགུ་པ་རྒྱུ། །གཉིས་པ་བཅུ་པ་རྐྱེན་ཡིན་ནོ། །བདུན་པ་སྡུག་བསྔལ་ཉིད་འགྲུབ་འབྲས། །ཞེས་སོ། །དེའང་ཚེ་དུམ་བུ་གསུམ་དང་། རྒྱུ་རྐྱེན་འབྲས་གསུམ་དང་འཕེལ་འགྲིབ་ཡན་ལག་ལྔར་འདོད་དེ། ནང་གི་རྟེན་འབྲེལ་བཅུ་གཉིས་པོ་དངོས་སུ་འཁོར་བའོ། །དེ་ཡང་། ཕྱི ནང་རྟེན་འབྲེལ་སྒྱུ་མ་མིག་ཡོར་ཚུལ་ཤེས་ནས། །དངོས་པོ་གཟུགས་ལ་ཐོགས་པ་མེད་པར་འཇུག །དགེ་བཤེས་མི་སློབ་རང་གི་རིག་པས་རྟོགས། །ཞེས་སོ། །ཉེར་དྲུག་པ་ལྟ་བ་གང་ཟག་གི་བདག་མེད་རྟོགས་པའི་སྟེང་དུ་ཆོས་ཀྱིས་བདག་ཕྱོགས་གཅིག་པ་ལ་བདག་མེད་པར་རྟོགས་པ་སྟེ། དེ་གཟུང་ཡུལ་དང་འཛིན་སེམས་གཉིས་ལས། གཟུང་ཡུལ་རྡུལ་ཕྲན་རང་བཞིན་མེད་པར་སྟོང་པ་ཉིད་དུ་རྟོགས། འཛིན་པའི་ཤེས་པ་སྐད་ཅིག་མ་སྐྱེ་འགག་དང་བཅས་པ་ཉན་ཐོས་ལྟར་འདོད། དྲི་མེད་ལུང་བསྟན་པ་ལས། འཛིན་པའི་སེམས་ནི་མ་སྤང་སྟེ། །གཟུང་བྱའི་ཡུལ་ནི་རྣམ་རྟོག་བཅོམ། །རང་སངས་རྒྱས་ཀྱི་ལྟ་བ་སྟེ། །ཉན་ཐོས་པ་ལས་ཁྱད་ཕར་འཕགས། །ཞེས་སོ། །ཉེར་བདུན་པ་བསྲུང་བྱ་ཚུལ་ཁྲིམས་ནི། ཉན་ཐོས་དང་མཐུན་ནོ། །ཉེར་བརྒྱད་པ་ཏིང་ངེ་འཛིན་ནི། རྟེན་འབྲེལ་བཅུ་གཉིས་ལུགས་ལྡོག་ཏུ་བསྒོམ་སྟེ། དེ་ཡང་། མ་རིག་པ་དང་སྲེད་ལེན་གསུམ། །སྔ་མའི་དུས་ཏེ་རྒྱུ་རུ་འདོད། །འདུ་བྱེད་དང་ནི་སྲིད་པ་གཉིས། །ད་ལྟའི་དུས་ཀྱི་རྐྱེན་དུ་འདོད། །རྣམ་ཤེས་མིང་དང་སྐྱེ་མཆེད་དྲུག །རེག་པ་དང་ནི་ཚོར་བ་དང་། །སྐྱེ་བ་རྒ་ཤི་བདུན་པོ་ནི། །ཕྱི་མའི་དུས་དེར་འབྲས་བུར་འདོད། །ཉེར་དགུ་པ་སྤྱོད་པ་ནི། སྟོད་ནས་མེ་འབར་སྨད་ནས་ཆུ་འབྲུབ། བར་ན་རླུང་གཡོ་བ་སོགས་རྫུ་འཕྲུལ་ཡ་མ་ཟུང་བསྟན་ནས། རིགས་མཐུན་དུ་དོན་མཛད་པའོ། །དགོངས་འདུས་ལས། ངག་གི་རྡོ་རྗེ་ཡི་གེ་མེད། །ལུས་ཀྱི་རྡོ་རྗེ་སྣང་བྱས་ནས། །བརྗོད་མེད་སྤུལ་པའི་ཆོས་སྟོན་པའོ། །ཞེས་སོ། །སུམ་ཅུ་པ་འབྲས་བུ་ནི། རང་སངས་རྒྱས་ཀྱི་དགྲ་བཅོམ་པའོ། །སོ་གཅིག་པ་འགག་ནི། གནས་རི་བོ་བྱ་རྐང་ཅན། སྟོན་པ་སངས་རྒྱས། འཁོར་ཉན་ཐོས་དབང་རྣོན། དབང་རྟེན་འབྲེལ་བཅུ་གཉིས། དགོས་པ་ལུགས་འབྱུང་ལུགས་ལྡོག་གི་འཁོར་འདས་དབྱེར་མེད་དུ་རྟོགས་པའོ། །སོ་གཉིས་པ་ནི། དབང་དེ་ཆགས་ཤིང་བརྟན་པའི་ཕྱིར་ངང་བསྒོམ་གདམས་ངག་གསལ་གདབ་པ་ནི། རང་གི་སྤྱོ་བོར་ཐིག་ལེ་དམར་པོ་སྲན་མ་ཙམ་གཅིག་བསམ། དེ་ལས་ཁྲུ་གང་གིས་མཐོ་བར་དཀར་པོ་སྲན་མ་ཙམ་ཞིག་བསམ། ཐིག་ལེ་དམར་པོ་དེ་ལ་ཤེས་པ་གཏད་པས་ཇེ་ཆེར་འཕེལ། སྣང་སྲིད་ཐམས་ཅད་དམར་ལམ་གྱི་སོང་བར་བསམ། དམར་པོ་དེ་ཆགས་པའི་རང་བཞིན་ལུགས་འབྱུང་འཁོར་བའི་ཆོས་སོ། །ཡང་དཀར་པོ་ལ་ཤེས་པ་གཏད་པས་ཇེ་ཆེར་སྣང་སྲིད་དཀར་ལམ་གྱི་སོང་བར་བསམ། དེ་ལུགས་ལྡོག་མྱ་ངན་ལས་འདས་པའི་ཆོས་ཡིན། དཀར་དམར་གཉིས་པོ་དེ་འདྲེས་ནས་སྤྱི་བོ་ནས་མར་བབ། སྙིང་གི་དཀྱིལ་དུ་ཐིམ་ནས་རང་གི་སེམས་དང་དབྱེར་མེད་དུ་འདྲེས་ནས་འཁོར་འདས་གཉིས་མེད་ངང་དུ་བཞག་གོ། །སོ་གསུམ་པ་ནི། མཆོད་ཅིང་གཏོར་མ་བསྡུ། གཤེགས་སུ་གསོལ། དཀྱིལ་འཁོར་བསྡུ་སྟེ་མི་རྟོག་པ་བསྒོམ་མོ། །སོ་བཞི་པ་བཀྲ་ཤིས། དེ་ནས་མེ་ཏོག་སོ་སོར་བཀྲམ་སྟེ། རོལ་མོ་སྒྲ་དང་བཅས་པས། ཤིན་ཏུ་བརྒལ་དཀའ་འཁོར་བའི་མཚོ་ལས་བརྒལ། །བསོད་ནམས་ཡེ་ཤེས་དཔག་མེད་ཚོགས་གཉིས་རྫོགས། །འགྲོ་བ་ཀུན་གྱ ི་གཉེན་གཅིག་དེ་བཞིན་གཤེགས། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྐྱེ་རྒས་ན་འཆི་རྟག་ཏུ་མཐའ་དག་སྤངས། །མ་རིགས་མུན་པ་འཇོམས་པའི་སྒྲོན་མེ་མཆོག །དམིགས་པའི་མཐའ་སྤངས་ལམ་གྱི་བདེ་འགྲོར་བཞུགས། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རང་དོན་སྤང་ཞིང་གཞན་དོན་ལྷུར་ལེན་པ། །འདོད་པའི་ཡོན་ཏན་ལྟ་བས་རྒྱང་བསྲིང་སྟེ། །དད་དང་བརྩོན་འགྲུས་གྲོགས་མཆོག་བྱང་ཆུབ་སེམས། །བཀྲ་ཤིས་དེས་ཀྱང་༴ སྙིགས་དུས་སྨོན་ལམ་དབང་གི་སྐུ་སྤྲུལ་ནས། །ཤིན་ཏུ་ཉོན་མོངས་གདུལ་དཀའ་འདུལ་མཛད་པ། །ཐབས་མཁས་ཐུགས་རྗེ་ཆེ་མངའ་རྐང་གཉིས་གཙོ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་བརྗོད་པ་དང་། མེ་ཏོག་གཏོར་རོ། །དགེ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་བྱའོ། །དེ་ནི་རང་རྒྱལ་གྱི་ཆོ་གའོ། ༈ །བྱང་ཆུབ་སེམས་དཔའི་ལས་ཁྲིག་ལས། དལ་མཆོད་བཤམས་དང་ལྷ་ཚོགས་བསྐྱེད། །རབ་གནས་ཆོག་གཞུང་ཆ་གསུམ་བཏང་། །སྤང་སྐོང་ཁྲུས་བྱ་སྡོམ་རྟེན་ཁྲི། །རྒྱན་ལྡན་ཁྲིར་འཛེགས་སྟོན་པ་བསྒོམ། །གསོལ་བཏབ་སྡོམ་པ་བསླབ་བྱ་འབོག །ཆོས་བཤད་དབང་བསྐུར་ལམ་ཁྱེར་བཞི། །ཐེག་པ་ལྷ་སྙིང་བསླབ་བྱ་ལའང་། །ཐེག་དག་ལྟ་ཁྲིམས་ཏིང་སྤྱོད་འབྲས། །འགག་གནས་རྟེན་འཁོར་ཐེག་ཕྱིར་འཕྲོས། །གདམས་ངག་ངང་བསྒོམ་བཀྲ་ཤིས་བརྗོད། །ཅེས་པས། དང་པོ་དལ་གྱིས་མཚམས་རི་རབ་ཀྱི་ཁ་ཁྱེར་མུ་ཏིག་དང་ནོར་བུ་བཀྲམ་པའི་བྲག །གཉིས་པ་བསྒོམ་པའི་རྟ་བབས་བང་རིམ་བཞི་པའོ། །གསུམ་པ་བྲི་བ་ནི་དཀྱིལ་འཁོར་བཅུ་སྟེ། པདྨ་འདམ་མ་བཞི་པ་གཉིས་དང་། འདབ་བརྒྱད་པ་གཉིས་དང་། ནང་འདབ་བཞི་པ་ལྷ་སྣམ་ཅན་གཉིས་དང་། ནང་གི་ལིང་རྩེ་དགུ། ཕྱིར་འཁོར་ལོ་རྩིབ་བཅུར་པདྨ་འདབ་མ་བཞི་བཞི་གྲུ་ཆད་ལྷ་སྣམ་ཅན་གཉིས་དང་། ནང་འདབ་བརྒྱད་ཕྱི་ལྷོ་བྱང་དྲང་པོའི་རྩིབ་དྲུག་ལ་འདབ་བརྒྱད་པ་རེ་རེ་སྟེ། གྲུ་ཆད་ལྷ་སྣམ་ཅན་དང་། ནང་འདབ་བརྒྱད་ཀྱི་ཕྱིར་ཡང་འདབ་བརྒྱད་ཆེ་བའི་ནང་དུ་འདབ་བརྒྱད་རེ་རེ་སྟེ། ཤར་ནུབ་ཏུ་གཉིས་གཉིས་སོ། །འདབ་བཞི་དམར། མཚམས་མཛེས་ཚོན། མྱུ་ཁྱུད་ལྕགས་ཁ། གེ་སར་སེར། ལྟེ་བ་ལྗང་། གྲུ་ཆད་ལྷ་རྣམས་ཕྱོགས་མདོག །སྒོ་རྟ་བབས་འཁོར་ཡུག་ལ་སོགས་ཕྱོགས་སྤྱི་དང་མཐུན་ནོ། །གཉིས་པ་མཆོད་པ་བཤམས་པ་ནི། རྒྱན་བླ་རེ་སོགས་དང་། མེ་ཏོག་ལ་སོགས་རོལ་མོ་སྟ་གོན་བྱ། བུམ་པ་མགུལ་ཆིང་སོགས་དང་མཛད་པ་ཉི་ཤུའི་དབང་རྫས་ཆ་གསུམ་ལ་སོགས་པ་བཤམ་མོ། །གསུམ་པ་ལྷ་བསྐྱེད་པ་ནི། རང་ཉིད་སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པ་བྱས་ནས་ཕྱག་འཚལ་མཆོད་པ་འབུལ། སྡིག་པ་བཤགས། དགེ་བ་རྗེས་སུ་ཡི་རངས་བ་དང་། མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། དགེ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོས་ཏེ། བསོད་ནམས་ཀྱི་ཚོགས་བསག་གོ། །དེ་ནས། ༀ་སྭ་བྷ་ཝ་ཤུདྡྷོ་སརྦ་དྷརྨ་སྭ་བྷ་ཝ་ཤུདྡྷོ྅་ཧྂ། ཞེས་པས། བདག་དང་སྣང་བ་ཐམས་ཅད་སྟོང་པར་བསམ། །དེའི་ངང་ལས་རྡོར་སེམས་སུ་མོས་པའི་སྙིང་ཁར་ཧཱུྃ། དེ་ལས་ཨེ་ཡཾ་རཾ་ལཾ་སུཾ་ཆད་པ་ལས་ནམ་མཁའ་རླུང་མེ་ཆུ་ས་རི་རབ་ཀྱི་སྟེང་དུ། བྷྲཱུྂ་རཏྣ་བི་ཤྭ་བྷི་ཤུདྡྷེ་མཎྜལ། ཞེས་པས། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་གསལ་དྭངས་སྒྲིབ་གཡོགས་མེད་པའི་དབུས་སུ་རིན་པོ་ཆེའི་ཁྲི། ཉི་ཟླ་པདྨའི་གདན་ལ་མུཾ་ལས་ཐུབ་པ་སེར་པོ་ས་གནོན་མཉམ་བཞག །ཤར་དུ་པཾ་ལས་ཡུམ་ཆེན་མོ་སེར་མོ་མཉམ་བཞག །གཡས་འོག་མ་ན་རྡོ་རྗེ། གཡོན་འོག་མ་ན་པོ་ཏི། ལྷོར་ཧཱུྃ་ལས་ཕྱག་ན་རྡོ་རྗེ་སྔོན་པོ་གཡས་རྡོ་རྗེ། གཡོན་པདྨ། ནུབ་ཏུ་མཾ་ལས་ཤ་རིའི་བུ་སེར་པོ་མཁར་བསིལ་ལྷུང་བཟེད་ཅན། བྱང་དུ་ཧྲཱིཿལས་སྤྱན་རས་གཟིགས་དཀར་པོ་གཡས་པདྨ། གཡོན་པོ་ཏི་འཛིན་པའོ། །དེ་དག་གི་སྙིང་པོ་རིམ་པ་བཞིན་མུ་ནེ་དང་། ༀ་དི་པྲ་བྷ་ཝ་ཡེ་ཡ་ཏི་དུད་པྲ་ཏི་དུད་པྲ་ནི་བྷི་ཤུདྡྷེ་བྷྱ་དྷརྨཱ་དྷཱར་ཏུ་བྷ་ག་ཝན་ཛཿཧཱུྃ་བྃ་ཧོཿ ཨ་ལ་ལ་ཧོ། ༀ་ཨ་མྲྀ་ཨ་ར་ཧི་ཛ་ཧཱུྃ། ༀ་བཛྲ་ཙནྜ་མ་ཧཱ་རོ་ཥ་ན་ཧཱུྃ་ཕཊ། ༀ་ན་མཿས་མནྟ་བྷུདྡྷཱ་ནཱཾ་བྷ་ག་ཝན་པྲ་ས་ཏ་ཐཱ་ག་ཏ་བྷི་ཤ་ཡ་སྭ་བྷཱ་ཝ་སྭཱ་ཧཱ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཀ་རུ་ནཾ་མ་ར་ཡ་བཛྲ་སྭཱ་ཧཱ། ཞེས་པའོ། །ཡང་ཡུམ་དང་ཐུབ་པ་གནས་བརྗེས་པས་དཀྱིལ་འཁོར་གཉིས་སུ་འགྱུར་རོ། །ཡང་། དབུས་དང་ཕྱོགས་བཅུར་ཨ་སིང་ཨ་ཧྲི་ལས། རིན་པོ་ཆེའི་ཁྲི་ཉི་ཟླའི་གདན་རེ་ལས། དབུས་སུ་ཡུམ་ཆེན་དཀར་མོ་གཡས་མཆོད་སྦྱིན། གཡོན་པདྨ་པོ་ཏིའི་མཚན་པ། ཤར་དུ་སངས་རྒྱས་དཀོན་མཆོག་འབྱུང་གནས་དཀར་པོ། གཡས་མཆོད་སྦྱིན། གཡོན་མཉམ་བཞག །ལྷོར་མྱ་ངན་མེད་པ་སྔོན་པོ་གཡས་འཁོར་ལོ། ནུབ་ཏུ་རིན་ཆེན་འོད་འཕྲོ་དཀར་པོ་གཡས་མཆེ་བ། བྱང་དུ་རྒྱལ་བའི་དབང་པོ་གཡས་པདྨ། བྱང་ཤར་དུ་རིན་ཆེན་གླང་པོ་དམ་པའི་དཔལ་སེར་པོ་གཡས་ཆོས་འཆད། ཤར་ལྷོར་སངས་རྒྱས་པདྨོ་དམ་པའི་དཔལ་དཀར་པོ་པདྨ། ལྷོ་ནུབ་ཏུ་ཉི་མ་སྣང་བ་དམ་པའི་དཔལ་དམར་པོ་ཉི་མ། ནུབ་བྱང་དུ་གདུགས་ཆེན་དམ་པའི་དཔལ་ལྗང་ཀུ་སྣ་ཚོགས་རྡོ་རྗེ། སྟེང་དུ་དགའ་བའི་དཔལ་སྔོ་སྐྱ་བུམ་པ། འོག་ཏུ་པདྨོ་དམ་པའི་དཔལ་སེར་པོ་པདྨ། དེ་དག་གི་སྙིང་པོ་རིམ་པ་བཞིན་དུ། ༀ་དི་པྲ་ཛྙཱ་མ་ཧཱ་པྲ་ཛྙཱ་ཧཱུྃ་དྷརྨ་དྷཱ་ཏུ་ཡེ་སྭཱ་ཧཱ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ཡུ་པུ་ར་ག་ཏི་སྭཱ་ཧཱ། ༀ་སརྦ་ཏ་ཐཱ་ག་ཏ་རཏྣ་ཨ་ཙི་ཡ་ནི་སྭཱ་ཧཱ། ༀ་སརྦ་ཏ་ཐཱ་ག་ཏ་རཏྣ་ཏྲི་ཐི་ཤ་ག་པ་རི་བི་ས་རི་སྭཱ་ཧཱ། ༀ་སརྦ་ཏ་ཐཱ་ག་ཏ་བྷི་ཤ་རཏྣ་སི་ཏི་སྭཱ་ཧཱ། ༀ་སརྦ་ཏ་ཐཱ་ག་ཏ་བད་ཏེ་བྷི་ཤ་ཡ་སཾ་བྷ་ཝེ་སྭཱ་ཧཱ། ༀ་སརྦ་ཏ་ཐཱ་ག་ཏ་དུ་དུ་མ་ལེ་ཀེ་ཏ་ཏོ་བ་ཡེ་སྭཱ་ཧཱ། ༀ་མུག་ཏི་བྷི་མུག་ཏི་མརྒཾ་ཤ་དུ་མ་ཏི་སྭཱ་ཧཱ། ༀ་སརྦ་ཏ་ཐཱ་ག་ཏ་སུདྱ་བྷི་ལ་ཏ་སྭཱ་ཧཱ། ༀ་སརྦ་ཏ་ཐཱ་ག་ཏ་ར་ཏི་ར་མ་ཏི་བཛྲ་སྭཱ་ཧཱ། ༀ་སརྦ་ཏ་ཐཱ་ག་ཏ་པདྨ་པ་ལ་སྭཱ་ཧཱ། ཞེས་པའོ། །ཡང་ཐུབ་པ་དང་ཡུམ་གནས་བརྗེས་པས་དལ་གཉིས་སུ་འགྱུར་རོ། །ཡང་། དབུས་སུ་མཾ་ལས་ཐུབ་པ། ཤར་དུ་ཏྲི་ལས་ཡུམ་ཆེན་མོ། །ལྷོར་ཧཱུྃ་ལས་ཕྱག་ན་རྡོ་རྗེ། །ནུབ་ཏུ་མཾ་ལས་ཤཱ་རིའི་བུ། །བྱང་དུ་ཏྲཾ་ལས་སྤྱན་རས་གཟིགས། །ལྷ་རྣམས་ཤར་དུ་ཧྲིཿལས་སངས་རྒྱས་གླང་པོའི་དཔལ། ལྷོར་ཧྲཱིཿལས་རིན་ཆེན་འབྱུང་གནས། ནུབ་ཏུ་ཧྲཱིཿལས་པདྨ་དམ་པའི་དཔལ། བྱང་དུ་ཧྲཱིཿལས་ཏིང་འཛིན་རྒྱལ་པོ། ཤར་ལྷོར་ཉ་ལས་རྡོ་རྗེའི་སེམས་མ། ལྷོ་ནུབ་ཏུ་ས་ལས་རིན་ཆེན་སེམས་མ། ནུབ་བྱང་དུ་ར་ལས་ཆོས་ཀྱི་སེམས་མ། བྱང་ཤར་དུ་མི་ལས་ལས་ཀྱི་སེམས་མའོ། །དེ་དག་གི་སྔགས་ཀྱང་རིམ་པ་བཞིན་དུ་གཙོ་བོ་ལྷ་གང་དང་འདྲ། ༀ་ཀྵུ་བན་ཨ་ཙེ་ནན་སརྦ་བྷུ་ཏ་ནཾ་མརྒ་བྷི་ཤ་ག་ཏེ་སྭཱ་ཧཱ། ༀ་རཏྣ་བི་ལོ་ཀ་རི་སྭཱ་ཧཱ། ༀ་པདྨ་བྷི་ཤོ་དྷ་ནི་ཤུདྡྷེ་སི་ཏི་ནཾ་སྭཱ་ཧཱ། ༀ་པ་ཏི་པ་མ་ཏི་པྲ་ས་མ་ཡེ་སྭཱ་ཧཱ། ༀ་བཛྲ་ས་ཏྭ་ཛི་མ་ཏི་སྭཱ་ཧཱ། ༀ་རཏྣ་ཛི་རཏྣ་བ་ཏི་སྭཱ་ཧཱ། ༀ་པདྨ་ཛི་པདྨ་ཧྲཱི་ཤོ་དྷ་སྭཱ་ཧཱ། ༀ་ཀརྨ་ཛི་ཀརྨ་ཧྲི་ཤོ་དི་སྭཱ་ཧཱ། ཞེས་པའོ། །འདིར་ཡང་ཡུམ་དང་ཐུབ་པ་གནས་བརྗེས་པས་དཀྱིལ་འཁོར་གཉིས་སུ་འགྱུར་རོ། །ཡང་ལིང་རྩེ་དགུའི་དབུས་སུ་ཡུམ་ཆེན་མོ། ཕྱོགས་བཞིར་རིགས་བཞིའི་སངས་རྒྱས། འཁོར་ལོ་རྩིབས་བཅུར་ཕྱོགས་བཅུའི་སངས་རྒྱས་རེ་ལ་བྱང་ཆུབ་སེམས་དཔའ་བཞི་བཞིའི་བསྐོར་བ། གྲུ་ཆད་བཞི་ལ་སྒེགས་སོགས་བཞི། ཁྱམས་ལ་སེམས་དཔའ་བཅུ་དྲུག །འདོད་སྣམ་ལ་བཀྲ་ཤིས་ཀྱི་ལྷ་མོ་བརྒྱད། སྒོ་མ་བཞི་སྟེ་དགུ་བཅུ་རྩ་གཅིག་གོ། །འདིར་ཐུབ་པས་གཙོ་བྱས་ཡང་དཀྱིལ་འཁོར་གཉིས་སུ་འགྱུར་རོ། །འདི་དག་གི་སྐུ་མདོག་ཕྱག་མཚན་སྔགས་རྣམས་འོག་ཏུ་ཞིབ་ཏུ་བསྟན་ནམ། ཡང་ན་འདབ་མ་བརྒྱད་ཀྱི་ལྟེ་བར། ཐུབ་པའི་ངོ་བོ་དཔལ་རྡོ་རྗེ་སེམས་དཔའ་སྔོན་པོ་ས་ནོན་མཉམ་བཞག་གི་ཕྱག་རྒྱ་ཅན། ཤར་དུ་དགའ་བའི་སྤྱན་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། ལྷོར་ཡོངས་སུ་དགོངས་པའི་རྒྱལ་པོ་སྔོ་སེར་མཆོད་སྦྱིན་གྱི་ཕྱག་རྒྱ་ཅན། ནུབ་ཏུ་གསེར་གྱི་འོད་ཟེར་དམར་པོ་ཏིང་ངེ་འཛིན་རྒྱལ་པོའི་ཕྱག་རྒྱ་ཅན། ཤར་ལྷོ་ཞི་བའི་དབང་པོ་སྔོན་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། ལྷོ་ནུབ་ཏུ་མེ་ལོང་འོད་དཀར་ལྗང་སྐྱ་སྐྱབས་སྦྱིན་ཅན། ནུབ་བྱང་དུ་ཡིད་འོང་དབྱངས་དམར་ལྗང་ཏིང་ངེ་འཛིན། བྱང་ཤར་དུ་མེ་ལོང་འོད་དཀར་ལྗང་སྐྱབས་སྦྱིན་ཅན། དེའི་ཕྱི་ལ་བྱང་ཤར་གྱི་རྩིབས་ཀྱི་དབུས་སུ་ཐུབ་པ་ཆེན་པོ། ཤར་དུ་ཡུམ་ཆེན་མོ་སེར་མོ་ཕྱག་བཞི་མ་གོང་བཞིན། ཤར་ལྷོར་ལྷའི་ཐུབ་པ་སྲིད་ཐུབ་འཛིན་སྔོན་པོ་གོ་མཚོན་ཅན། ལྷོར་རྣམ་པར་སྣང་མཛད་སེར་པོ་མཉམ་བཞག་ཅན། ལྷོ་ནུབ་ཏུ་ཡི་དྭགས་ཀྱི་ཐུབ་པ་སྣང་བྱེད་དམར་ནག་སྒྲོམ་བུ་ཅན། ནུབ་ཏུ་ཤཱ་རིའི་བུ་སེར་པོ་གསེག་པར་ཅན། ནུབ་བྱང་དུ་བྱོལ་སོང་ཐུབ་པ་རྣམ་གནོན་སེར་ནག་པོ་ཏི་ཅན། བྱང་དུ་ལྷ་མིན་ཐུབ་པ་རྣམ་རྒྱལ་མཐིང་ཀ་པདྨ་ཅན། བྱང་ཤར་དུ་དམྱལ་བའི་ཐུབ་པ་རབ་རྒྱལ་དུད་ཀ་མེ་ཆུ་ཅན། ཤར་ལྷོ་རྩིབས་ཀྱི་དབུས་སུ་རྣམ་སྣང་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། ཤར་དུ་ཟླ་འོད་དཔལ་དཀར་པོ་ས་གནོན་ཅན། ལྷོར་ཉི་མའི་སྙིང་པོ་སེར་པོ་མཆོག་སྦྱིན་ཅན། ནུབ་ཏུ་སྤོས་ཀྱི་དཔལ་དམར་པོ་ཏིང་འཛིན་ཅན། བྱང་དུ་སྔོན་འཕྲོའི་རྒྱལ་པོ་ལྗང་སྐྱ་སྐྱབས་སྦྱིན་ཅན། ཤར་ལྷོ་རིན་ཆེན་རྒྱལ་པོ་དཀར་སེར་ས་གནོན་ཅན། ལྷོ་ནུབ་ཏུ་འོད་ཟེར་དཔལ་སེར་སྐྱ་མཆོད་སྦྱིན་ཅན། ནུབ་བྱང་དུ་དཀའ་ཐུབ་རྒྱལ་དམར་སྐྱ་ཏིང་ངེ་འཛིན་ཅན། བྱང་ཤར་དུ་གཙུག་ཏོར་སྙིང་པོ་དཀར་ལྗང་སྐྱབས་སྦྱིན་ཅན་ནོ། །ལྷོའི་རྩིབས་ཀྱི་དབུས་སུ་རིན་འབྱུང་སེར་པོ་མཆོད་སྦྱིན་ཅན། ཤར་དུ་གསེར་འོད་འཕྲོ་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། ལྷོར་བཀོད་པའི་རྒྱལ་པོ་སེར་པོ་ས་གནོན་ཅན། ནུབ་ཏུ་གསེར་གྱི་གཟུགས་དམར་པོ་ཏིང་ངེ་འཛིན་ཅན། བྱང་དཔལ་གྱི་རྒྱལ་པོ་སྔོན་པོ་སྐྱབས་སྦྱིན་ཅན། ཤར་ལྷོ་སྣང་བ་བརྩེགས་པ་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། ལྷོ་ནུབ་ཏུ་མྱ་ངན་མེད་པ་དམར་སེར་ས་གནོན་ཅན། ནུབ་བྱང་དུ་དགའ་བའི་དཔལ་དམར་ལྗང་མཉམ་བཞག་ཅན། བྱང་ཤར་དུ་གཟི་བརྗིད་དཔལ་དཀར་ལྗང་སྐྱབས་སྦྱིན་ཅན་ནོ། །ལྷོ་ནུབ་ཀྱི་རྩིབས་ཀྱི་དབུས་སུ་ཤཱཀྱ་སེང་གེ༴ ལྗང་གུ་པོ་ཏི་ཐུགས་ཀར་བསྣམས་པ། ཤར་དུ་དྲི་མེད་སྒྲ་དཀར་པོ་བྱང་ཆུབ་མཆོག །ལྷོར་དཀོན་མཆོག་སྤྲིན་སྔོན་པོ་མཆོག་སྦྱིན་ཅན། ནུབ་ཏུ་ཡོན་ཏན་འབྱུང་དམར་པོ་མཉམ་བཞག་ཅན། བྱང་དུ་སེང་གེ་སྒྲ་ལྗང་གུ་སྐྱབས་སྦྱིན་ཅན། ཤར་ལྷོ་མཛེས་པའི་ཏོག་དཀར་སེར་བྱང་ཆུབ་མཆོག །ལྷོ་ནུབ་ཏུ་གཟི་བརྗིད་རྒྱལ་དམར་སེར་མཆོད་སྦྱིན་ཅན། ནུབ་བྱང་དུ་ཙནྡན་དཔལ་དམར་ལྗང་མཉམ་བཞག་ཅན། བྱང་ཤར་སྙིང་པོའི་རྒྱལ་དཀར་ལྷང་སྐྱབས་སྦྱིན་ནོ། །ནུབ་བྱང་གི་རྩིབས་ཀྱི་དབུས་སུ་སྣང་བ་མཐའ་ཡས་དམར་པོ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན། ཤར་དུ་ངེས་པར་གཤེགས་དཀར་པོ་བྱང་ཆུབ་མཆོག །ལྷོར་ངེས་པའི་གསུང་སྔོན་པོ་མཆོད་སྦྱིན་ཅན། ནུབ་ཏུ་བདལ་བ་ཆེ་དམར་པོ་ས་གནོན། བྱང་དུ་མེ་ཏོག་དབྱངས་ལྡན་ལྗང་གུ་སྐྱབས་སྦྱིན་ཅན། ཤར་ལྷོ་གྲགས་པའི་དཔལ་དམར་སྐྱ་བྱང་ཆུབ་མཆོག །ལྷོ་ནུབ་ཏུ་སྤྲུལ་པའི་རྒྱལ་དམར་པོ་ཆོས་འཆད། ནུབ་བྱང་དུ་སྒྲ་དབྱངས་མི་ཟད་པ་དམར་པོ་ས་གནོན་ཅན། བྱང་ཤར་དུ་སྨན་གྱི་རྒྱལ་པོ་དམར་ལྗང་སྐྱབས་སྦྱིན་མཛད་པའོ། །བྱང་གི་རྩིབས་ཀྱིས་དབུས་སུ་བཅོམ་ལྡན་དོན་ཡོད་གྲུབ་པ་ལྗང་ཀུ་སྐྱབས་སྦྱིན་ཅན། ཤར་དུ་དགེ་བའི་བཤེས་གཉེན་དཀར་པོ་བྱང་ཆུབ་མཆོག །ལྷོར་ངན་སོང་སྦྱོངས་བ་སྔོན་པོ་ཆོས་འཆད། ནུབ་ཏུ་ཀུན་གྱི་སློབ་དཔོན་དམར་པོ་མཉམ་བཞག །བྱང་དུ་རྣམ་པར་རྒྱལ་བ་ལྗང་གུ་ས་གནོན། ཤར་ལྷོ་མེ་ཏོག་བཀོད་པའི་རྒྱལ་པོ་ལྗང་སྔོན་བྱང་ཆུབ་མཆོག །ལྷོ་ནུབ་ཏུ་ཐམས་ཅད་སྣང་ལྗང་སེར་ཆོས་འཆད། ནུབ་བྱང་དུ་ཙནྡན་དྲི་དམར་ལྗང་མཉམ་བཞག །བྱང་ཤར་དུ་སེང་གེ་འབུམ་ལྗང་སྐྱ་ས་གནོན། གྲྭ་བཞིའི་ནང་དུ་སྒེག་མོ་དཀར་མོ་རབ་ཏུ་བསྙེན་མ། ཕྲེང་བ་སེར་མོས་ཕྲེང་བ་འཛིན་པ། གླུ་མ་དམར་མོས་པི་ཝང་འདྲེན་པ། གར་མ་ལྗང་གུས་གར་བྱེད་པའོ། ཕྱིར་བདུག་པ་མ་སྔོན་མོས་སྤོས་ཁང་འཛིན་པ། མེ་ཏོག་མ་སེར་མོས་མེ་ཏོག་གི་ཟ་མ་ཏོག་འཛིན་པ། མར་མེ་མ་དམར་མོས་མར་མེའི་སྡོང་བུ་འཛིན་པ། དྲི་ཆབ་མ་ལྗང་གུས་དྲིའི་དུང་ཆོས་འཛིན་པ། ལྷ་རྣམས་ལ་ཤར་དུ་བྱམས་པ། མཐོང་བ་དོན་ཡོད། ངན་སོང་ཀུན་འདྲེན། མྱ་ངན་མུན་འཇོམས། ལྷོར་སྤོས་ཀྱི་གླང་པོ། དཔལ་བར་འགྲོ། ནམ་མཁའ་མཛོད། ཡེ་ཤེས་ཏོག །ནུབ་ཏུ་འོད་དཔག་མེད། ཟླ་འོད། བཟང་སྐྱོངས། དྲྭ་བ་ཅན་གྱི་འོད་ཟེར། བྱང་དུ་རྡོ་རྗེའི་སྙིང་པོ། བློ་གྲོས་མི་ཟད་པ། སྤོབས་པ་བརྩེགས་པ། ཀུན་ཏུ་བཟང་པོའོ། །ཤར་སྒོར་ལྕགས་ཀྱུ་མ་དཀར་མོ་ལྕགས་ཀྱུ། ལྷོ་སྒོར་ཞག་པ་མ་སེར་མོ། ནུབ་སྒོར་ལྕགས་སྒྲོག་མ་དམར་མོ། བྱང་སྒོར་དྲིལ་བུ་མ་ལྗང་ཀུའོ། །འདོད་སྣམས་ལ་ཤར་དུ་དཔལ་བེའུ་འཁོར་ལོ་འཛིན་པའི་ལྷ་མོ་གཉིས་དཀར། ལྷོར་པདྨ་རྒྱལ་མཚན་འཛིན་པའི་ལྷ་མོ་གཉིས་སེར། ནུབ་ཏུ་གདུགས་དང་བུམ་པ་འཛིན་པའི་ལྷ་མོ་གཉིས་དམར། བྱང་དུ་དུང་དང་ཉ་འཛིན་པའི་ལྷ་མོ་གཉིས་ལྗང་སྟེ་ལྷ་དགུ་བཅུ་རྩ་དགུའོ། །དེ་ཡི་སྔགས་ནི། ༀ་བཛྲ་སཏྭ་ཧཱུྃ། ཞེས་པའོ། །མུ་ནེ། འོ། ཡང་། དབུས་སུ་རིན་ཆེན་སེང་གེ་བརྒྱད་ཀྱི་བཏེགས་པའི་སྟེང་དུ་ཉི་ཟླའི་པདྨའི་གདན་ཆ་གཉིས་དྷི་པྲཿལས་ཡུམ་ཆེན་མོ་སེར་མོ། གོང་བཞིན་ནོ། །དེའི་མདུན་ཞལ་སྤྲོད་དུ་མུཾ་ལས་ཐུབ་པ་ཆེན་པོ་ཕྱོགས་བཞིར་ཧྲི་ལས་གླང་པོ་དམ་པའི་དཔལ། རིན་ཆེན་འབྱུང་གནས། པདྨའི་དཔལ། ཏིང་འཛིན་རྒྱལ་པོ། ཤར་ལྷོར་ཉ་ལས་རྡོ་རྗེ་སེམས་མ། ལྷོ་ནུབ་ཏུ་པ་ལས་རིན་ཆེན་སེམས་མ། ནུབ་བྱང་དུ་ར་ལས་ཆོས་ཀྱི་སེམས་མ། བྱང་ཤར་དུ་མི་ལས་ལས་ཀྱིས་སེམས་མའོ། །དེའི་ཕྱིར་ཤར་གྱི་པདྨའི་དབུས་སུ་དྷྲིཿལས་མྱ་ངན་མེད་པའི་དཔལ། དེའི་ཤར་དུ་ཨ་ལས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྒྱལ་མཚན། ལྷོར་ཏྲྃ་ལས་དབང་ཕྱུག་རྒྱལ་པོ། ནུབ་ཏུ་ཧྲཱིཿལས་བཀོད་པའི་རྒྱལ་པོ། བྱང་དུ་ཏྲྃ་ལས་རིན་ཆེན་འོད་འཕྲོ། མཚམས་བཞིར་ཡུམ་བཞི། གོང་བཞིན་ནོ། །ལྷོའི་པདྨའི་དབུས་སུ་དི་ལས་རིན་ཆེན་དཔལ། ཤར་དུ་ཨ་ལས་སྣང་བའི་མཆོག །ལྷོར་ཧཱུྃ་ལས་ཕྱག་རྒྱའི་རྒྱལ་པོ། ནུབ་ཏུ་ཏྲཱྃ་ལས་སྤོས་ཀྱི་གླང་པོ། བྱང་དུ་དྷུ་ལས་སྤོབས་པ་བརྩེགས་པ། མཚམས་བཞིར་ཡུམ་བཞིའོ། །ནུབ་ཀྱི་པདྨའི་དབུས་སུ་དི་ལས་གདུགས་པའི་དཔལ། ཤར་དུ་ཧྲཱིཿ ལས་པདྨའི་རྒྱལ་པོ། ལྷོར་པ་ལས་པདྨ་སེམས་དཔའ། ནུབ་ཏུ་ཧཱུྃ་ལས་མི་གཡོ་བ། བྱང་དུ་ཨེ་ལས་ཐོགས་མེད་རྒྱལ་པོ། མཚམས་བཞིར་ཡུམ་བཞིའོ། །བྱང་གི་པདྨའི་དབུས་སུ་དི་ལས་དབང་དུ་གྱུར་པ། ཤར་དུ་ཏྲྃ་ལས་རིན་ཆེན་དབང་ཕྱུག །ལྷོར་ཏྲྃ་ལས་གྲུབ་པའི་དཔལ། ནུབ་ཏུ་ༀ་ལས་དགའ་བ་སྟོན་པ། བྱང་དུ་ༀ་ལས་མི་བསྐྱོད་པ། མཚམས་སུ་ཡུམ་བཞིའོ། །བྱང་ཤར་པདྨའི་དབུས་སུ་དི་ལས་ཤཱཀྱ་སེང་གེ། ཤར་དུ་དུ་ལས་ཕྱག་ན་རྡོ་རྗེ། ལྷོར་ཧཱུྃ་ལས་སྤྱན་རས་གཟིགས། ནུབ་ཏུ་ཏྲྃ་ལས་ནམ་མཁའི་སྙིང་པོ། བྱང་དུ་དྷིཿལས་སའི་སྙིང་པོ། མཚམས་སུ་ཡུམ་བཞིའོ། །ཤར་ལྷོར་པདྨའི་དབུས་སུ་དི་ལས་ཆགས་པའི་འོད། ཤར་དུ་ཏྲྃ་ལས་ཀུན་ཏུ་བཟང་མོ། ལྷོར་ༀ་ལས་འཇམ་དཔལ་གཞོན་ནུ། ནུབ་ཏུ་ཨ་ལས་སྒྲིབ་པ་རྣམ་སེལ། བྱང་དུ་མཻ་ལས་བྱམས་པ། མཚམས་བཞིར་ཡུམ་བཞིའོ། །ལྷོ་ནུབ་ཏུ་པདྨའི་དབུས་སུ་དི་ལས་རྣམ་པར་གྲོལ་བའི་པདྨ། ཤར་དུ་པ་ལས་མཐུ་ཆེན་ཐོབ། ལྷོར་ཧཾ་ལས་པདྨའི་རྒྱལ། ནུབ་ཏུ་ཏྲཾ་ལས་ཡོན་ཏན་སྙིང་པོ། བྱང་དུ་ཨ་ལས་མཐོང་ན་དགའ། མཚམས་སུ་ཡུམ་བཞིའོ། །ནུབ་བྱང་དུ་པདྨའི་དབུས་སུ་དི་ལས་བདུད་རྩི་རྒྱལ་བ། ཤར་དུ་ཨ་ལས་གཞོན་ནུ་རྒྱན། ལྷོར་ཧཱུྃ་ལས་སྐྱེས་བུ་དམ་པ། ནུབ་ཏུ་ཧྲཱིཿལས་སེང་གེ་སྒྲ། བྱང་དུ་ཧཱུྃ་ལས་སྤྱན་གསལ། མཚམས་བཞིར་ཡུམ་བཞིའོ། །སྟེང་གི་པདྨའི་དབུས་སུ་དི་ལས་དགའ་བའི་དཔལ། ཤར་དུ་ཧཱུྃ་ལས་བཟང་སྐྱོངས། ལྷོར་ཏྲྃ་ལས་དཀོན་མཆོག་འབྱུང་གནས། ནུབ་ཏུ་ཧྲཱིཿལས་དཔའ་བར་འགྲོ་བ། བྱང་དུ་ཨ་ལས་ཟླ་འོད་གཞོན་ནུ། མཚམས་བཞིར་ཡུམ་བཞིའོ། །འོག་གི་པདྨའི་དབུས་སུ་དྷིཿལས་པདྨོ་དམ་པའི་དཔལ། ཤར་དུ་ཏྲཾ་ལས་ཡེ་ཤེས་མེ་ཏོག །ལྷོར་ཨ་ལས་མྱ་ངན་ཀུན་སེལ། ནུབ་ཏུ་ཧ་ལས་བློ་གྲོས་མི་བཟད་པ། བྱང་དུ་ཨ་ལས་ཡེ་ཤེས་འོད་ཟེར། མཚམས་བཞིར་ཡུམ་བཞིའོ། །གྲྭ་བཞིར་སྒེག་མོ། ཕྲེང་བ། གླུ་མ། གར་མ། བདུག་སྤོས་མ། མེ་ཏོག་མ། མར་མེ་མ། དྲི་ཆབ་མའོ། །ལྷ་སྣམས་ལ་ཤར་དུ་བརྒྱ་བྱིན། ཤར་ལྷོ་མེ་ལྷ། ལྷོར་གཤིན་རྗེ། ལྷོ་ནུབ་ཏུ་སྲིན་པོ། ནུབ་ཏུ་ཆུ་ལྷ། ནུབ་བྱང་དུ་རླུང་ལྷ། བྱང་དུ་ནོར་བདག །བྱང་ཤར་དུ་དབང་ལྡན། སྟེང་དུ་ཚངས་པ། འོག་ཏུ་སའི་ལྷ་མོའོ། །ཤར་སྒོར་ཡུལ་འཁོར་སྲུང་། ལྷོ་སྒོར་འཕགས་སྐྱེས་པོ། ནུབ་སྒོར་སྤྱན་མི་བཟང་། བྱང་སྒོར་རྣམ་ཐོས་སྲས། དེ་དག་གི་སྔགས་གཙོ་བོ་ཡབ་ཡུམ་གཉིས། དེ་བཞིན་གཤེགས་པ་བཅུ། ཡུམ་བཞི་གོང་དུ་བསྟན། འཁོར་སེམས་དཔའ་བཞི་བཅུའི་སྔགས་རིམ་པ་བཞིན། ༀ་ན་མཿས་མན་ཏ་བུདྡྷ་ནཱཾ་དྷརྨཱ་ཀེ་ཏུ་སྭཱ་ཧཱ། ༀ་ཀེ་ཏུ་ཤྭ་རཱ་ཙ་སྭཱ་ཧཱ། ༀ་པདྨ་པ་ལ་པདྨ་དྷ་ར་སྭཱ་ཧཱ། ༀ་རཏྣ་བྷ་ཏྲ་ཏ་སྭཱ་ཧཱ། ༀ་རཏྣ་ཨ་ཙི་ཡ་རཏྣ་སྭཱ་ཧཱ། ༀ་ཨ་ཀྲ་ཨ་ལོ་ཀེ་སྭཱ་ཧཱ། ༀ་ཙ་ར་མུ་ཙ་པྲ་བྷ་ཏ་སྭཱ་ཧཱ། ༀ་པྲ་ཏི་རཱ་ཛ་ནོ་སྭཱ་ཧཱ། ༀ་པྲ་ཏི་བན་ཀུན་ཏི་སྭཱ་ཧཱ། ༀ་དྷརྨཱ་ཧྲི་ཏོ་ཡ་བ་ཏི་སྭཱ་ཧཱ། ༀ་ཀ་མཱ་ལ་ཙ་པདྨ་དྷ་ར་སྭཱ་ཧཱ། ༀ་བཛྲ་ཨཀྵོ་བྷྱོ་སྭཱ་ཧཱ། ༀ་ཨ་མོ་ག་རཱ་ཛ་དྷ་ར་སྭཱ་ཧཱ། ༀ་རཏྣ་ཤ་ར་ད་ར་སྭཱ་ཧཱ། ༀ་ཀརྨ་སིདྡྷི་ད་ར་སྭཱ་ཧཱ། ༀ་རུ་ཏི་ཨ་དར་ཤ་ད་ར༴ ༀ་ཨ་ཤོ་ས་མ་ཡ་ད་ར་སྭཱ་ཧཱ། ༀ་བཛྲ་ཙཎྜ་རོ་ཥ་ནི་སྭཱ་ཧཱ། ༀ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ཡ་ཨ་ཀཪྴ་གརྦྷེ་སྭཱ་ཧཱ། ༀ་ཀྵི་ཏི་གརྦ་རཏྣ་ད་ར་སྭཱ་ཧཱ། ༀ་ས་མནྟ་རཏྣ་ད་ར་སྭཱ་ཧཱ། ༀ་མནྫུ་ཤྲཱི་ཀུ་མ་ར་མུཾ་སྭཱ་ཧཱ། ༀ་ས་ན་སརྦ་བི་ཤྭ་དྷ་ནི་སྭཱ་ཧཱ། ༀ་མཻ་ཏྲི་མ་ཧཱ་མ་ཏི་སྭཱ་ཧཱ། ༀ་བི་མུ་གེ་མརྒ་ལ་ད་ར་སྭཱ་ཧཱ། ༀ་ཀ་རུ་ཎ་བྷ་དྲ་ད་ར་སྭཱ་ཧཱ། ༀ་གུ་ན་ཧྲི་ཏོ་ཡ་བ་སྭཱ་ཧཱ། ༀ་རཏྣ་ཨ་མ་ཀི་ཏི་སྭཱ་ཧཱ། ༀ་ས་ན་ད་ཀུ་མ་ར་ད་ར་སྭཱ་ཧཱ། ༀ་བུ་ལིང་ཨ་ཙེ་ན་སིང་ཧཱ་ཧྲཱིཿཤང་ཀ་ར་སྭཱ་ཧཱ། ༀ་བཛྲ་ཙཀྵུ་ད་ར་སྭཱ་ཧཱ། ༀ་ས་ལ་པྲ་ཝ་ལེ་སྭཱ་ཧཱ། ༀ་རཏྣ་སྭ་བྷཱ་ཝ་ད་ར་སྭཱ་ཧཱ། ༀ་ཤུཾ་རཾ་ག་མེ་ས་ཏི་སྭཱ་ཧཱ། ༀ་ཙན་ཏྲ་པྲ་བྷ་ཀུ་མཱ་ར་སྭཱ་ཧཱ། ༀ་སརྦ་ཤོ་ག་ནག་ཏི་སྭཱ་ཧཱ། ༀ་མ་ཏི་ཕུ་བ་རི༴ ༀ་ཛྙཱ་ན་པྲ་བ་བྷ་ཏ་ད་ར་སྭཱ་ཧཱ། ཞེས་པའོ། །འདིར་གཙོ་བོ་ཡབ་ཡུམ་གཉིས་བསྡོམ་པས་ལྷ་བརྒྱད་ཅུ་རྩ་གཅིག་གོ། །བཞི་པ་རབ་གནས་གོང་བཞིན་ནོ། །ལྔ་པ་ཆོ་ག་གཞུང་བསྲང་བ་ནི། ན་མོ། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །རང་བཞིན་དཀྱིལ་འཁོར་ཆེན་པོ་ནས། །གཟུགས་བརྙན་སྤྲུལ་པའི་དཀྱིལ་འཁོར་འདིར། །ཐུགས་རྗེའི་དབང་གི་གཤེགས་སུ་གསོལ། །ཞེས་སྙན་གསན་དབབ་ལ། དེ་ནས་སྤོས་དང་རོལ་མོ་དང་། ས་མ་ཡ་ཛ་ཛཿ ཧཱུྃ། ཆོས་ཀྱི་དབྱིངས་ནས་ཡེ་ཤེས་དབྱེར་མེད་ཀྱང་། །གཞི་དང་ལམ་དང་རྣམ་པ་ཐམས་ཅད་མཁྱེན། །བདག་ཉིད་སྟོང་པ་དོན་དམ་ཡན་ལག་མཐའ། །ཡུམ་ཆེན་ཕ་རོལ་ཕྱིན་མ་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་བ་བརྩེ་ཕྱིར་ཐུགས་རྗེས་རྣམ་སྦྱངས་ནས། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །སྟོན་པ་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཤར་ཕྱོགས་རིན་ཆེན་སྤྱོད་པའི་ཞིང་ཁམས་ནས། །བདེར་གཤེགས་རིན་ཆེན་འབྱུང་གནས་འཁོར་བཅས་གཤེགས། །ལྷོ་ཕྱོགས་མྱ་ངན་མེད་པའི་ཞིང་ཁམས་ནས། །བདེར་གཤེགས་མྱ་ངན་མེད་པ་འཁོར་བཅས་གཤེགས། །ནུབ་ཕྱོགས་བདེ་དང་ལྡན་པའི་ཞིང་ཁམས་ནས། །བདེར་གཤེགས་རིན་ཆེན་འོད་འཕྲོ་འཁོར་བཅས་གཤེགས་སུ་གསོལ། །བྱང་ཕྱོགས་རྒྱལ་བ་ཅན་གྱི་ཞིང་ཁམས་ནས། །བདེར་གཤེགས་རྒྱལ་བའི་དབང་པོ་འཁོར་བཅས་གཤེགས། །བྱང་ཤར་ཏིང་འཛིན་བརྒྱན་པའི་ཞིང་ཁམས་ནས། །ཏིང་འཛིན་གླང་པོ་དཔལ་ལ་འཁོར་བཅས་གཤེགས། །ཤར་ལྷོར་སྙིང་པོ་བྱང་ཆུབ་ཞིང་ཁམས་ནས། །བདེར་གཤེགས་པདྨོའི་དཔལ་ལ༴ ལྷོ་ནུབ་རྡུལ་ཚོགས་བྲལ་བའི་ཞིང་ཁམས་ནས། །བདེར་གཤེགས་ཉི་མ་ཉིད་སྣང་དཔལ་ལ༴ ནུབ་བྱང་དབང་དུ་གྱུར་པའི་ཞིང་༴ བདེར་གཤེགས་གདུགས་མཆོག་དམ་པ་གཤེགས་སུ་གསོལ། །འོག་ཕྱོགས་པདྨ་ཅན་གྱི་ཞིང་ཁམས་ནས། །བདེར་གཤེགས་པདྨོ་དཔལ་བ་འཁོར་བཅས༴ སྟེང་ཕྱོགས་འཇིག་རྟེན་མདངས་དགའི་ཞིང་ཁམས་ནས། །བདེར་གཤེགས་དགའ་བ་དཔལ་བ་འཁོར་བཅས་གཤེགས། །ༀ་ཨེ་ཧྱ་ཧི་བྷ་ག་ཝན་མ་ཧཱ་ཀ་རུ་ཎི་ཀ་ཏྲི་ཤྱ་ཧོ་ས་མ་ཡ་སྟྭཾ། ཞེས་པས་སྤྱན་དྲངས་ལ། གདན་འབུལ་བ་ནི། མྱ་ངན་མི་འདའ་ཐུགས་རྗེའི་དང་། །ཉོན་མོངས་མ་སྤངས་གོས་པ་མེད། །མ་ཆགས་རང་བཞིན་དག་པས་ན། །མཉམ་ཉིད་ངང་དུ་བཞུགས་སུ་གསོལ། །ཕོ་བྲང་གཞལ་ཡས་དམ་པ་འདིར། །ཐུགས་རྗེས་དགོངས་པའི་ཕྲིན་ལས་རྣམས། །འགྲོ་དོན་རྫོགས་མཛད་དེ་བཞིན་དུ། །ཡུན་རིང་བརྟན་པར་བཞུགས་སུ་གསོལ། །པདྨ་ཨ་སི་ཏི་ཏིཥྛ་ས་མ་ཡ་སྟྭྃ། ཕྱག་འཚལ་བ་ནི། སྨྲ་བསམ་བརྗོད་མེད་ནས། ཕྱག་འཚལ་ལོ། །ཞེས་པ་དང་། རྣམ་དག་སྐུ་ལྔ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་རི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་བཀྲ་ནས་ལྷམ་མེ་བ། །མགོན་པོ་མཆོག་ཉིད་ལ་ནི་ཕྱག་འཚལ་ལོ། །ཞིང་བཅུར་སྐུས་ཁྱབ་ཟབ་ཡངས་གསུང་སྒྲ་ཅན། །ཇི་སྙེད་ཐམས་ཅད་མཁྱེན་པའི་ཐུགས། །དུས་རྣམས་ཀུན་ཏུ་ལྷུན་གྲུབ་པས། །ཕྱོགས་བཅུའི་རྒྱལ་བ་རྣམས་ལ་ཕྱག་འཚལ་བསྟོད། །གདུལ་བྱའི་ཞིང་དུ་འགྲོ་དོན་རྫོགས་མཛད་ཕྱིར། །མི་སྙེལ་ཐུགས་རྗེས་འཁོར་བའི་མཐའ་ལ་གཟིགས། །ཐབས་མཁས་ཐུགས་རྗེས་འགྲོ་དོན་ལྷུར་མཛད་པ། །བླ་མེད་བྱང་ཆུབ་སེམས་དཔའི་ཚོགས་ལ་ཕྱག་འཚལ་བསྟོད། །ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །བདེར་གཤེགས་མཆོད་སྤྲིན་སྐུར་སྤྲུལ་བ། །ལྷ་མོ་བརྒྱད་ལ་ཕྱག་འཚལ་བསྟོད། །སངས་རྒྱས་བསྟན་པ་སྲུངས་མཛད་ཅིང་། །སོ་སོའི་བགེགས་རྣམས་འདུལ་མཛད་པ། །ཕྱོགས་སྐྱོངས་རྒྱལ་ཆེན་ཕྱག་འཚལ་ལོ། །བླ་མེད་དཀོན་མཆོག་གསུམ་པོ་དང་། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། །ཡིད་འོང་མཆོད་སྤྲིན་ཐམས་ཅད་དང་། །རོལ་མོ་སིལ་སྙན་འཕན་གདུགས་དང་། །བླ་རེ་རྒྱལ་མཚན་ལྷབ་ལྷུབ་དང་། །མེ་ཏོག་ཕྲེང་བ་བདུག་སྤོས་དང་། །མར་མེ་དྲི་བྱུག་ཞལ་ཟས་སོགས། །མཆོད་སྤྲིན་སྣ་ཚོགས་ཕྱོགས་བཅུར་འབུལ། །སྣ་ཚོགས་རིགས་པའི་བདེན་པ་དང་། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པ་ཡི། །སངས་རྒྱས་ཞིང་ཁམས་རབ་འབྱམས་སུ། །བླ་མེད་མཆོག་པའི་སྤྲིན་བྱུང་ཞིང་། །ཡོན་ཏན་དཔག་མེད་ཐམས་ཅད་ཀྱི། །ཞབས་ལ་སྤྱི་བོས་གཏུག་གྱུར་ཅིག །ཅེས་པ་དང་། འཇིག་རྟེན་ཁམས་དང་འཇིག་རྟེན་གཞན་དག་ན། །མཆོད་པར་འོས་པའི་གཟུགས་སྒྲ་དྲི། །རོ་དང་རེག་བྱ་ཐུགས་དང་མི་འགལ་བའི། །གཙང་དང་མ་ཉམས་སྨན་གྱི་མཆོག་གྱུར་པ། །ཆུ་གཙང་བསིལ་དང་མེ་ཏོག་ཁྱད་པར་ཅན། །དབྱིབས་ལེགས་དྲི་ཞིམ་ཁ་དོག་སྣ་ཚོགས་འདི། །ཙནྡན་གུརྒུཾ་ག་པུར་སྦྱར་བ་དང་། །སོ་སོར་བསགས་པའི་གཏོར་མ་ཅི་སྙེད་པ། །ཉི་ཟླ་ལྟར་གསལ་རིན་ཆེན་འབར་བ་ཡི། །རིན་ཆེན་སྒྲོན་མེ་མར་མེ་མཛེས་པའི་འོད། །གླ་རྩི་ཧུ་ལུ་ཀ་སོགས་ལེགས་སྦྱར་དྲི། །སྐུ་མཛེས་དོན་དུ་བྱི་དོར་བྱུག་པའི་རྫས། །སྨན་དང་ཤིང་འབྲས་སྣ་ཚོགས་དམ་པ་དང་། །ཡུལ་རིགས་འཚོ་བ་རྣམས་ཀྱང་ལེགས་པར་འབུལ། །སྒྲ་སྙན་དབྱངས་དང་སིལ་སྙན་རོལ་མོ་བཅས། །རིན་ཆེན་རྒྱན་དང་རིན་ཆེན་གཞན་རྣམས་དང་། །བཀྲ་ཤིས་རྟགས་བརྒྱད་གཞན་ཡང་བཀྲ་ཤིས་རྫས། །བདག་གི་ལུས་ངག་ཡིད་བཅས་ཁྱེད་ལ་འབུལ། །རྒྱལ་བ་སྲས་བཅས་ཐུགས་རྗེས་བརྩེར་དགོངས་ལ། །འགྲོ་རྣམས་བདེ་བར་བྱ་ཕྱིར་བཞེས་སུ་གསོལ། །ཞེས་པ་དང་། གཞན་ཡང་མཆོད་པ་རྒྱས་པར་བྱས་ལ། གོང་བཞིན་ཆ་གསུམ་བཏང་ངོ་། །བདུན་པ་སྤང་སྐོང་ནི། ཐར་པ་ཆེན་པོ་ཕྱོགས་བཅུར་རྒྱས་པའི་མདོ་དང་། རྟོག་པ་ཆེན་པོ་དང་། སྤང་སྐོང་ཕྱག་རྒྱ་པ་དང་། སྨན་ལྷའི་མདོ་ཆོག་དང་། གནས་བརྟན་བཅུ་དྲུག་གི་གསོལ་འདེབས་ལ་སོགས་པ། པདྨ་སྟོང་ལྡན་གྱི་ལྷ་ཚོགས་ལ་ཚོགས་དང་། སྒྲིབ་གཉིས་སྦྱངས་པའི་ཆོ་ག་ཐམས་ཅད་ཀྱི་རྒྱས་པར་བྱའོ། །བརྒྱད་པ་བུམ་པ་ལྷར་བསྐྱེད་བཟླས་པ་བྱས་ཏེ། དཔོན་སློབ་ཀུན་ཁྲུས་བྱའོ། །དགུ་པ་སྡོམ་བརྟན་ནི། གཞན་དོན་དུ་ཚོགས་གསོགས་སྒྲིབ་པ་སྦྱངས་བའི་ཕྱིར་ཕྱག་རྟེན་བཟང་པོ་ཕུལ་ལོ། །བླ་མའི་ཁྲི་རྩིག་གོ། །དགུ་པ་བླ་མ་བྱང་ཆུབ་ཀྱི་སེམས་དང་ལྡན་པས་ཁྲི་ལ་འདུག་སྟེ་སྟོན་པ་བསྒོམ་མོ། །བཅུ་གཅིག་པ་དཀོན་མཆོག་གི་རྟེན་དང་མཆོད་པ་བཤམ་ལ། དགེ་བའི་བཤེས་གཉེ ན་ལ་སྟོན་པ་དངོས་ཀྱི་འདུ་ཤེས་བསྐྱེད། སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ཏེ་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། དེའི་ཕྱིར་བྱང་ཆུབ་སེམས་མཆོག་བླང་སྙམ་པས་བླ་མ་ལ་ཕྱག་འཚལ། ཡོན་དང་མཎྜལ་ཕུལ་ཏེ། ཐལ་མོ་སྦྱར་ལ་འདི་སྐད་དུ། ཀྱཻ། རིགས་ཀྱི་བུ་ལ་ལ་དག་ལ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་བསྒྲོད་པ་གཅིག་ཏུ་གྱུར་པའི་ལམ་སྐྱབས་སུ་སྔོན་དུ་འགྲོ་བ་ཅན་གྱི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་སྩལ་དུ་གསོལ། །སློབ་དཔོན་གྱི་ནུས་པ་ཅི་ལྟ་བ་བཞིན་དུ་སྦྱིན་ནོ། །ཞེས་ཁས་བླངས་སོ ། །དེ་ནས་ཡན་ལག་བདུན་པ་རྒྱས་བསྡུས་གང་རུང་བྱས་ལ་ཐལ་མོ་སྦྱར་ལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་རྣམས་ལ་སྐྱབས་སུ་མཆིའོ། །ཞི་བ་འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཕྱོགས་བཅུ་ན་བཞུགས་པའི་དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག །ཕྱོགས་བཅུ་ན་བཞུགས་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ཕྱིར་མི་ལྡོག་པ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་བརྗོད། ཡང་། ཐལ་མོ་སྦྱར་ཏེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། །ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་མ་བསྒྲལ་བ་རྣམས་སྒྲོལ་བ་དང་། མ་གྲོལ་བ་རྣམས་གྲོལ་བ་དང་། དབུགས་མ་དབྱུང་བ་རྣམས་དབུགས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་མྱ་ངན་ལས་འདས་པའི་ས་ལ་འགོད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བ་དང་། མ་གྲོལ་བ་རྣམས་གྲོལ་བ་དང་། དབུགས་མ་དབྱུང་བ་རྣམས་དབུགས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བགྱིའོ། །ཞེས་ལན་གསུམ་བཟླས་ཏེ། སློབ་དཔོན་གྱི་ཐབས་ཡིན་ནོ། །སློབ་མས་ལེགས་སོ། །བྱའོ། །བཅུ་གསུམ་པ་ཆོས་སྤྱོད་བཅུའི་བཤད་པ་འཆད་པ་ཆོས་བཤད་པ་ནི། དེའང་ཁྱོད་རྣམས་དེ་རིང་ནས་བྱང་ཆུབ་སེམས་དཔར་གྱུར་པས། མི་ལུས་ཐོབ་པ་དོན་ཆེན་ཡིན་ནོ། །དེང་དུས་བདག་ཚེ་འབྲས་བུ་ཡོད། །མིའི་སྲིད་པ་ལེགས་པར་ཐོབ། །བདག་གི་གསོན་པའང་འབྲས་བུར་བཅས། །དེ་རིང་སངས་རྒྱས་རིགས་སུ་སྐྱེ། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ཞེས་གསུངས་པས། དགའ་བས་སྤྲོ་བ་ཆེན་པོ་མཛད་དོ། །དེའང་བདག་གི་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩོན་ཞིང་། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱའོ། །ཞེས་པས་བླ་མ་ལ་གུས་པ་དང་། ནག་པོའི་ཆོས་བཞི་སྤངས་བ་དང་། སེམས་ཅན་བློས་མི་བཏང་བ་ལ་བསླབ་པ་བསོད་ནམས་དཔག་ཏུ་མེད་དེ། དཔལ་བྱིན་གྱི་ཞུས་པ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའ་འདི་ནི་ཀུན་བཀང་སྟེ། །དེ་ལས་ཀྱང་ནི་ལྷག་གྱུར་པ། །ཞེས་སོ། །བཅུ་བཞི་པ་དབང་བསྐུར་བ་ནི། བླ་མ། སངས་རྒྱས། ཐུབ་པ། ཡུམ་དེ་བཞིན་གཤེགས་པ་བཅུའི་ང་རྒྱལ་གྱི། སློབ་མ་རྣམས་མཎྜ་ལ་ཕུལ། ཐལ་མོ་སྦྱར་ཏེ། སློབ་དཔོན་སངས་རྒྱས་དགོངས་སུ་གསོལ། །བདེན་གཉིས་དོན་རྟོགས་ཐེག་ཆེན་གྱི། །རྒྱལ་བའི་མཛད་པ་མཐར་ཕྱིན་པ། །ཟབ་ཅིང་རྒྱ་ཆེའི་དབང་རྣམས་སྩོལ། །ཞེས་ལན་གསུམ་གསོལ་བ་གདབ་བོ། །པདྨ་འདབ་བཞི་སྒོ་ཁྱུད་ཅན་གཉིས་ལྷའོ། །དེ་ནས་བླ་མས་དབང་རྫས་རྣམས་རིམ་པར་ཐོགས་ཏེ། ཧཱུྃ། གསེར་གྱི་མདོག་ཅན་རྐང་གཉིས་གཙོ། །སྤྱན་ཡངས་མཛོད་སྤུ་མཐིང་ཀར་ལྡན། །སྐུ་ཡི་སྒོ་ནས་འོད་ཟེར་འགྱེད། །བསྟན་པའི་མངའ་བདག་འགྲོ་བ་འདྲེན། །ཤཱཀྱའི་རྒྱལ་པོས་བྱིན་གྱིས་རློབས། །དབང་མཆོག་དམ་པ་ཐོབ་པར་ཤོག །ༀ་མུ་ནེ་བརྗོད། ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ཤར་ཕྱོགས་པདྨ་ཟླ་རྒྱས་སྟེང་། །ཡུམ་ཆེན་རྒྱན་ལྡན་རྡོ་རྗེ་སྐྱིལ། །གསེར་མདོག་སྐུ་ནི་ཤིན་ཏུ་རྒྱས། །ཕྱག་བཞི་དང་པོ་མཉམ་བཞག་ཅན། །འོག་གཉིས་ཆོས་འཆད་པོ་ཏི་བསྣམས། །འགྲོ་བ་སེམས་ཅན་དོན་མཛད་པ། །དེའི་དབང་མཆོག་ཐོབ་པར་ཤོག །ༀ་དྷི་པྲ་ཛྙཱ་ན་མ་ཧཱ་པྲ་ཛྙཱ་ཧཱུྃ་དྷརྨཱ་དྷརྡུ་ཡེ་སྭཱ་ཧཱ། ཨ་བྷི༴ ལྷོ་ཕྱོགས་པདྨ་ཟླ་རྒྱས་སྟེང་། །ཕྱག་ན་རྡོ་རྗེ་ཞི་བའི་ཞལ། །མཐིང་ཀ་རྡོ་རྗེ་པདྨ་འཛིན། །རིན་ཆེན་རྒྱན་ལྡན་སེམས་དཀྱིལ་བཞུགས། །དེའི་བྱིན་རླབས་དབང་ཐོབ་ཤོག །ༀ་བཛྲ་ཙཎྜ་རོ་ཥ་ན་ཧཱུྃ་ཕཊ། ཨ་བྷི༴ ནུབ་ཕྱོགས་པདྨ་ཟླ་རྒྱས་སྟེང་། །ཤཱ་རིའི་བུ་ནི་གསེར་མདོག་ཅན། །རབ་བྱུང་འཁར་གསིལ་ལྷུང་བཟེད་བསྣམས། །དེའི་དབང་མཆོག་ཐོབ་པར་ཤོག །བྷ་ག་ཝན་པྲ་ཝ་ཏ་ཐཱ་ག་ཏ་བྷི་ཤ་ཡ་སྭ་བྷཱ་ཝ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུྃ། བྱང་ཕྱོགས་པདྨ་ཟླ་རྒྱས་སྟེང་། །སྤྱན་གཟིགས་དཀར་པོ་ཞི་བའི་ཞལ། །པདྨ་མཆོད་སྦྱིན་པོ་ཏི་འཛིན། དེའི་དབང་མཆོག་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཀ་རུ་ན་མ་བཛྲ། ཨ་བྷི༴ གཞལ་ཡས་ལྷ་རྣམས་ཤར་ཕྱོགས་སུ། །བདེ་གཤེགས་དཀོན་མཆོག་འབྱུང་གནས་ནི། །སྐུ་མདོག་ཤེལ་ལྟར་དཀར་བ་ལ། །མཆོད་སྦྱིན་རིན་ཆེན་གཡོན་མཉམ་བཞག །དེའི་དབང་མཆོག་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཨ་ཡུ་ར་ག་ཏི་སྭཱ་ཧཱ། ཨ་བྷི༴ གཞལ་ཡས་ལྷོ་ཕྱོགས་པད་ཟླའི་སྟེང་། །བདེར་གཤེགས་མྱ་ངན་མེད་པའི་དཔལ། །སྔོན་པོ་འཁོར་ལོ་གཡོན་མཉམ་བཞག །དེའི་དབང་མཆོག་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་རཏྣ་ཨ་ཙི་ཡ་ནི་སྭཱ་ཧཱ། ཨ་བྷི༴ གཞལ་ཡས་ནུབ་ཕྱོགས་པད་ཟླའི་སྟེང་། །བདེ་གཤེགས་རིན་ཆེན་འོད་འཕྲོ་རབ་ཏུ་དཀར། །གཡས་པས་མཆེ་བ་གཡོན་མཉམ་བཞག །དེའི་དབང་མཆོག༴ ༀ་སརྦ་ཏ་ཐཱ་ག་ཏ་ཏྲི་ཐི་ཤ་ག་པ་རི་བྷེ་ཤ་རི་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུྃ། བྱང་ཕྱོགས་པད་སྟེང་བདེར་གཤེགས་རིགས། །རྒྱལ་བའི་དབང་པོ་སྐུ་མདོག་ལྗང་། །གཡས་པས་པད་དཀར་གཡོན་མཉམ་བཞག །དེའི་དབང་མཆོག་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་བྷི་ཤ་ར་ན་སན་ཏི་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུྃ། ཤར་ལྷོ་བདེར་གཤེགས་པད་མའི་དཔལ། །དུང་ལྟར་པདྨ་གཞན་མཉམ་བཞག །འགྲོ་ལ་བསྟན་པས་བག་ཆགས་འཇོམས། །དེའི་དབང་༴ ༀ་སརྦ་ཏ་ཐཱ་ག་ཏ་དུ་མ་ལོ་ཀ་དེ་བ་ཡེ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུྃ། ལྷོ་ནུབ་པད་སྟེང་བདེར་གཤེགས་རིགས། །ཉི་མ་སྣང་བ་དམ་པའི་དཔལ། དམར་སྨུག་ཉི་མ་གཡོན་མཉམ་བཞག །དེའི་དབང་མཆོག༴ ༀ་སརྦ་ཏ་ཐཱ་ག་ཏ་བི་མུ་ཏི་མརྒད་དུ་ཤ་མ་ཏི་སྭཱ་ཧཱ། ཨ་བྷི༴ ནུབ་བྱང་པད་ཟླ་བདེར་གཤེགས་རིགས། །གདུགས་ཆེན་དམ་པ་ཨིན་དྲའི་མདོག །སྣ་ཚོགས་རྡོ་རྗེ་གཡོན་མཐིལ་སྟོན། །དེའི༴ ༀ་སརྦ་ཏ་ཐཱ་ག་ཏ་སུརྱ་བྷི་ཏ་ལ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུྃ། བྱང་ཤར་པད་ཟླ་བདེར་གཤེགས་རིགས། །གླང་པོ་དམ་པ་གསེར་ལྟར་འཚེར། །གཡས་པས་ཆོས་འཆད་གཡོན་གོས་འཛིན། །དེའི་དབང་མཆོག༴ ༀ་སརྦ་ཏ་ཐཱ་ག་ཏ་དྷ་ཐིརྱ་བྷི་ཤ་ཡ་བྷ་ཝ་སྭཱ་ཧཱ། ཨ་བྷི༴ སྟེང་གི་བདེར་གཤེགས་དགའ་བའི་དཔལ། །སྔོན་པོ་རིན་ཆེན་བུམ་པ་གཡས། །གཡོན་པས་དཀུར་བསྟེན་དཀྱིལ་ཀྲུང་བཞུགས། །དེའི་དབང་༴ ༀ་སརྦ་ཏ་ཐཱ་ག་ཏ་ར་ཏི་ར་མ་ཏི་བཛྲ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུྃ། འོག་གི་སངས་རྒྱས་པདྨའི་དཔལ་གསེར་མདོག་གཡས་པས་པདྨ་བསྣམས། གཡོན་པས་ལྟེ་བར་མཐིལ་ཕྱིར་བསྟན། དེའི་དབང་མཆོག་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་པདྨ་བྷ་ལ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུྃ། ཞེས་པས་ཐུབ་པ་ལ་ཕྱོགས་བཅུའི་སངས་རྒྱས་ཀྱི་བསྐོར་བའི་དབང་དང་། ལྷ་བཅྭོ་ལྔ་མའི་དབང་། ཡུམ་ཆེན་མོ་ལ་ཕྱོགས་བཅུའི་སངས་རྒྱས་ཀྱི་བསྐོར་བའི་དབང་ངོ་། །འདབ་བརྒྱད་པ་གཉིས་ཀྱི་ལྷ་རྣམས་སོ། །ཧཱུྃ། ཕྱོགས་བཅུའི་དབུས་སུ་སེང་གེ་ཁྲི། །ཉི་ཟླ་པདྨའི་གདན་སྟེང་དུ། །དབུས་ཕྱོགས་བདེ་བར་གཤེགས་པ་ཡུམ། །སྐུ་མདོག་དཀར་གསལ་གཡས་མཆོད་སྦྱིན། །གཡོན་ན་པདྨ་པོ་ཏིའི་མཚན། །དེའི་དབང་མཆོག་ཐོབ་པར་ཤོག །ༀ་དྷི་པྲད་ཛྙཱ་ཧཱུྃ་དྷརྨ་དྷརྟུ་ཡེ་སྭཱ་ཧཱ། ཨ་བྷི༴ ཧཱུྃ། ཤར་ཕྱོགས་སངས་རྒྱས་དཀོན་མཆོག་འབྱུང་། །དཀར་གསལ་མཆོད་སྦྱིན་རིན་ཆེན་གཡས། །གཡོན་པས་ལྟེ་བར་དཀུ་བསྟེན་ཚུལ། །དེའི་དབང་མཆོག༴ ཨ་བྷི༴ ཧཱུྃ། ལྷོ་ཕྱོགས་སངས་རྒྱས་མྱ་ངན་མེད། །མཁའ་ལྟར་ཕྱག་གཡས་འཁོར་ལོ་བསྣམས། །གཡོན་པས་དཀུར་བརྟེན་སྙེམས་པའི་ཚུལ། །དེའི་དབང་མཆོག་ཐོབ་པར་ཤོག །ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ནུབ་ཕྱོགས་རིན་ཆེན་འོད་འཕྲོ་ནི། །གཡས་པས་མཆེ་བ་གཡོན་དཀུར་བསྟེན། །སངས་རྒྱས་པད་ཟླ་ཉི་མར་བཞུགས། །དེའི༴ ཨ་བྷི༴ ཧཱུྃ། བྱང་ཕྱོགས་རྒྱལ་བའི་དབང་པོ་ནི། །ཉི་ཟླ་པད་སྟེང་སྐུ་མདོག་ལྗང་། །པད་དཀར་གཡས་ལ་གཡོན་དཀུར་བརྟེན། །དེའི༴ ཨ་བྷི༴ བྱང་ཤར་པད་སྟེང་གསེར་གྱིས་མཆོག །ཏིང་འཛིན་གླང་པོ་དམ་པའི་དཔལ། །ཆོས་འཆད་གཡས་ཏེ་གཡོན་དཀུར་བརྟེན། །དེའི་དབང་མཆོག༴ ཨ་བྷི༴ ཤར་ལྷོ་པདྨ་དམ་པའི་དཔལ། །དུང་ལྟར་པད་དཀར་གཡས་ན་སྟེ། །གཡོན་པས་དཀུར་བརྟེན་སྙེམས་པའི་ཚུལ། །དེའི་དབང་མཆོག༴ ཨ་བྷི༴ ལྷོ་ནུབ་ཉི་སྣང་དམ་པའི་དཔལ། །མར་གད་ལྟ་བུ་གཡས་ཉི་མ། །གཡོན་པས་སྙེམས་ཚུལ་དཀུ་ལ་བརྟེན། །དེའི༴ ཨ་བྷི༴ ནུབ་བྱང་སངས་རྒྱས་གདུགས་དམ་པ། །ལྗང་གུ་སྣ་ཚོགས་རྡོ་རྗེ་གཡས། །གཡོན་པས་དཀུར་བརྟེན་འགྱིང་ཚུལ་ཅན། །དེའི་དབང་མཆོག༴ ཧཱུྃ། སྟེང་ཕྱོགས་དགའ་བར་བྱེད་པ་པོ། །སངས་རྒྱས་ཨུཏྤལ་ལྟ་བུའི་མདོག །བུམ་པ་གཡས་ལ་དཀུ་བརྟེན་གཡོན། །དེའི་དབང་༴ ཨ་བྷི༴ འོག་གི་སངས་རྒྱས་པདྨའི་དཔལ། །གསེར་མདོག་པདྨ་དམར་པོ་གཡས། །གཡོན་པས་དཀུ་བརྟེན་ཐུགས་རྗེའི་བདག །དེའི་དབང་མཆོག་ཐོབ་པར་ཤོག །ཨ་བྷི་ཥིཉྩ་ཧཱུྃ། དེ་ཡང་ལྷ་ལྔ་མ་དང་། གོ་དགུ་མ་དང་། བརྒྱ་ཉེར་གཅིག་མའི་གཙོ་བོ་ཡབ་ཡུམ་འདྲ། འདི་ནས་བཟུང་སྟེ། རྩ་བའི་ལྷ་བཅུ་དྲུག་ཅུ་རྩ་གསུམ་པ་འདི། པད་འདབ་བརྒྱད་འཁོར་ལོ་རྩིབ་དྲུག་གོ། །ཧཱུྃ། དབུས་སུ་པད་ཟླའི་གདན་སྟེང་ནས། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་ནི། །སྔོན་པོ་ས་གནོན་ཕྱག་རྒྱ་ཅན། །དེའི་དབང་མཆོག་ཐོབ་པར་ཤོག །ཨ་བྷི་ཥིཉྩ་ཧཱུྃ། རིན་ཆེན་བཀོད་པའི་འཇིག་རྟེན་ནས། །སངས་རྒྱས་དག་པའི་སྤྱན་དཀར་པོ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །དེའི་དབང་མཆོག༴ ཨ་བྷི༴ རྣམ་པར་བཀྲམ་པའི་འཇིག་རྟེན་ནས། །ཡོངས་སུ་དགོངས་པའི་རྒྱལ་པོ་ནི། །སྔོ་སེར་མཆོད་སྦྱིན་ཕྱག་རྒྱ་ཅན། །དེའི་དབང་མཆོག༴ ཨ་བྷི༴ བཻ་ཌཱུརྱ་ཡི་སྙིང་པོ་ནས། །སངས་རྒྱས་གསེར་གྱི་འོད་ཟེར་ནི། །དམར་པོ་ཏིང་འཛིན་ཕྱག་རྒྱ་ཅན། །དེའི༴ ཨ་བྷི༴ གསེར་འོད་དམ་པའི་འཇིག་རྟེན་ནས། །དེ་བཞིན་གཤེགས་པ་འོད་ཀྱི་དཔལ། །ལྗང་གུ་སྐྱབས་སྦྱིན་ཕྱག་རྒྱ་ཅན། །དེའི་དབང་མཆོག༴ ཨ་བྷི༴ ཧཱུྃ། རྣམ་པར་ཞི་བའི་འཇིག་རྟེན་ནས། །སངས་རྒྱས་ཞི་བའི་དབང་པོ་སྟེ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །དེའི༴ ཨ་བྷི༴ སྤྲིན་རྣམས་བཀོད་པའི་འཇིག་རྟེན་ནས། །དེ་བཞིན་གཤེགས་པ་སྤྲིན་གྱི་དཔལ། །སེར་ལྗང་མཆོད་སྦྱིན༴ དེའི་དབང་མཆོག༴ ཨ་བྷི༴ མེ་ལོང་དཀྱིལ་འཁོར་ཤིན་ཏུ་སྦྱངས་པ་ནས། །སངས་རྒྱས་མེ་ལོང་འོད་སྣང་ནི། །ལྗང་དཀར་སྐྱབས་སྦྱིན་ཕྱག་རྒྱ་ཅན། །དེའི་དབང་མཆོག༴ ཨ་བྷི༴ ཡིད་མངོན་དགའ་བའི་ཞིང་ཁམས་ནས། །སངས་རྒྱས་ཡིད་དུ་འོང་བའི་དབྱངས། །དམར་ལྗང་ཏིང་འཛིན་ཕྱག་རྒྱ་ཅན། །དེའི་དབང་མཆོག༴ ཨ་བྷི༴ དཀྱིལ་འཁོར་བྱང་ཤར་འཁོར་ལོའི་དབུས། །བཅོམ་ལྡན་ཤཱཀྱ་ཐུབ་པ་ནི། །གསེར་མདོག་ཕྱག་རྒྱ་ཆོས་འཆད་ཅན། །དེའི༴ ཨ་བྷི༴ ཤར་དུ་ཡུམ་ཆེན་ཕ་རོལ་ཕྱིན། །སྐུ་མདོག་སེར་པོ་མཉམ་བཞག་དང་། །རྡོ་རྗེ་པོ་ཏི་འཛིན་མཛད་པ། །དེའི་དབང་མཆོག༴ ཨ་བྷི༴ ཤར་ལྷོ་ལྷ་ཡི་ཐུབ་པ་ཆེ། །སྲིད་ཐུབ་འཛིན་ཞེས་བྱ་བ་ནི། །སྐུ་མདོག་དཀར་པོ་པི་ཝང་ཅན། །དེའི་དབང་མཆོག་ཐོབ་པར༴ ཨ་བྷི༴ ལྷོ་ཕྱོགས་མི་ཡི་ཐུབ་པ་ཆེ། །ཤཱཀྱ་སེང་གེ་སྐུ་མདོག་སེར། །གསེག་ཤིང་པར་བུ་མཉམ་བཞག་ཅན། །དེའི༴ ཨ༴ ལྷོ་ནུབ་ཡི་དྭགས་ཐུབ་པ་ཆེ། །རྣམ་པར་སྣང་མཛད་ཅེས་བྱ་ནི། །སྐུ་མདོག་དམར་ནག་སྒྲོམ་བུ་ཅན། །དེའི་དབང་མཆོག༴ ཨ་བྷི༴ ནུབ་ཕྱོགས་པདྨའི་གདན་སྟེངས་སུ། །ཤཱ་རིའི་བུ་ནི་སྐུ་མདོག་སེར། །གསེག་ཤང་དང་ནི་པར་བུ་ཅན། །དེའི༴ ཨ་བྷི༴ ནུབ་ཕྱོགས་བྱོལ་སོང་ཐུབ་པ་ཆེ། །རྣམ་པར་གནོན་པའི་ཞེས་བྱ་ནི། །སྐུ་མདོག་སེར་ནག་པོ་ཏི་ཅན། །དེའི་དབང་མཆོག༴ ཨ་བྷི༴ བྱང་དུ་ལྷ་མིན་ཐུབ་པ་ཆེ། །རྣམ་པར་རྒྱལ་བ་ཞེས་བྱ་ནི། །སྐུ་མདོག་མཐིང་ཀ་གོ་མཚོན་ཅན། །དེའི་དབང་མཆོག༴ ཨ་བྷི༴ བྱང་ཤར་དམྱལ་བའི་ཐུབ་པ་ཆེ། །ཆོས་ཀྱི་རྒྱལ་པོ་ཞེས་བྱ་ནི། །སྐུ་མདོག་དུང་ཀ་མེ་ཆུ་ཅན། །དེའི་དབང་མཆོག༴ ཨ་བྷི༴ །དཀྱིལ་འཁོར་ཤར་ལྷོ་འཁོར་ལོའི་དབུས། །རྣམ་པར་སྣང་མཛད་དཀར་པོ་ནི། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །དེའི་དབང་༴ ཨ་བྷི༴ ཟླ་བས་བརྒྱན་པའི་ཞིང་ཁམས་ནས། །དེ་བཞིན་གཤེགས་པ་ཟླ་འོད་དཔལ། །དཀར་པོ་ས་གནོན་མཉམ་བཞག་ཅན། །དེའི༴ ཨ་བྷི་ཥིཉྩ་ཧཱུྃ། ཉི་མའི་འོད་ཟེར་བརྒྱན་པའི་ཞིང་ཁམས་ནས། །སངས་རྒྱས་ཉི་མའི་སྙིང་པོ་དཔལ། །སེར་པོ་མཆོད་སྦྱིན་ཕྱག་རྒྱ་ཅན། །དེའི་དབང་མཆོག༴ ཨ་བྷི༴ སྤོས་ངད་ལྡན་པའི་ཞིང་ཁམས་ནས། །སངས་རྒྱས་སྤོས་ཀྱི་རྒྱལ་པོ་ནི། །དམར་པོ་ཏིང་འཛིན་ཕྱག་རྒྱ་ཅན། །དེའི་དབང་༴ ཨ་བྷི༴ རྣམ་པར་སྤྲོས་པའི་ཞིང་ཁམས་ནས། །མངོན་པར་སྤྲོ་བའི་རྒྱལ་པོ་ནི། །ལྗང་གུ་སྐྱབས་སྦྱིན་ཕྱག་རྒྱ་ཅན། །དེའི་དབང་མཆོག༴ ཨ་བྷི༴ རིན་ཆེན་སྤྲོས་པའི་ཞིང་ཁམས་ནས། །སངས་རྒྱས་རིན་ཆེན་རྒྱལ་པོ་ནི། །དཀར་སེར་ས་གནོན་ཕྱག་རྒྱ་ཅན། །དེའི་དབང་མཆོག༴ ཨ་བྷི་ཥིཉྩ་ཧཱུྃ། འོད་ཟེར་འབྱུང་བའི་ཞིང་ཁམས་ནས། །དེ་བཞིན་གཤེགས་པ་འོད་ཟེར་དཔལ། །སེར་སྐྱ་མཆོད་སྦྱིན་ཕྱག་རྒྱ་ཅན། །དེའི་དབང་མཆོག༴ ཨ་བྷི་ཥིཉྩ་ཧཱུྃ། དག་པ་རྣམ་པར་སྤྱོད་པའི་ཞིང་ཁམས་ནས། །སངས་རྒྱས་དཀའ་ཐུབ་རྒྱལ་པོ་ནི། །དམར་སྐྱ་ཏིང་འཛིན་ཕྱག་རྒྱ་ཅན། །དེའི་དབང་མཆོག༴ ཨ་བྷི༴ གཙུག་ཏོར་བཀོད་པའི་ཞིང་ཁམས་ནས། །སངས་རྒྱས་གཙུག་ཏོར་སྙིང་པོ་ནི། །དཀར་ལྗང་སྐྱབས་སྦྱིན་ཕྱག་རྒྱ་ཅན། །དེའི༴ ཨ་བྷི༴ དཀྱིལ་འཁོར་ལྷོ་ཕྱོགས་འཁོར་ལོ་དབུས། །བཅོམ་ལྡན་རིན་ཆེན་འབྱུང་ལྡན་ནི། །སེར་པོ་མཆོད་སྦྱིན་ཕྱག་རྒྱ་མཉམ་བཞག་ཅན། །དེའི༴ ཨ་བྷི༴ གསེར་འོད་སྣང་བའི་ཞིང་ཁམས་ནས། །སངས་རྒྱས་གསེར་གྱི་འོད་འཕྲོ་དཀར། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །དེའི་དབང་༴ ཨ་བྷི༴ འོད་ཟེར་བཀོད་པའི་ཞིང་ཁམས་སུ། །སངས་རྒྱས་བཀོད་པའི་རྒྱལ་པོ་ནི། །སྐུ་མདོག་སེར་པོ་ས་གནོན་ཅན། །དེའི་དབང་མཆོག༴ ཨ་བྷི༴ ཞིང་ཁམས་གསེར་གྱི་འབྱུང་གནས་སུ། །སངས་རྒྱས་གསེར་གྱི་གཟུང་བ་ནི། །དམར་པོ་ཏིང་འཛིན་ཕྱག་རྒྱ་ཅན། །དེའི༴ ཨ་བྷི༴ ཞིང་ཁམས་དཔལ་གྱི་འབྱུང་གནས་ནས། །སངས་རྒྱས་དཔལ་གྱི་རྒྱལ་པོ་ནི། །སྔོ་སྐྱ་སྐྱབས་སྦྱིན་ཕྱག་རྒྱ་ཅན། །དེའི༴ ཨ་བྷི༴ སྣང་བ་དམ་པའི་ཞིང་ཁམས་ནས། །སངས་རྒྱས་སྣང་བ་བརྩེགས་པ་དཀར། །བྱང་ཆུབ་མཆོག་གི༴ དེའི༴ ཨ་བྷི༴ མྱ་ངན་མེད་པའི་ཞིང་ཁམས་ནས། །སངས་རྒྱས་མྱ་ངན་མེད་པའི་དཔལ། །དམར་སེར་ས་ནོན་ཕྱག་རྒྱ་ཅན། །དེའི་དབང་མཆོག༴ ཨ་བྷི༴ དགའ་བའི་མདངས་ཀྱི་ཞིང་ཁམས་ནས། །དེ་བཞིན་གཤེགས་པ་དགའ་མཆོག་དཔལ། །དམར་ལྗང་མཉམ་བཞག་ཕྱག་རྒྱ་ཅན། །དེའི་དབང་མཆོག༴ ཨ་བྷི༴ གཟི་བརྗིད་དམ་པའི་ཞིང་ཁམས་ནས། །དེ་བཞིན་གཤེགས་པ་གཟི་བརྗིད་དཔལ། །དཀར་ལྗང་མཉམ་བཞག༴ དེའི་དབང་མཆོག༴ ཨ་བྷི༴ དཀྱིལ་འཁོར་ལྷོ་ནུབ་འཁོར་ལོའི་དབུས། །བཅོམ་ལྡན་ཤཱཀྱ་སེང་གེ་ནི། །སེར་པོ་ཆོས་འཆད་ཕྱག་རྒྱ་ཅན། །དེའི་དབང་༴ ཨ་བྷི༴ ཤར་ཕྱོགས་འཇིག་རྟེན་དྲི་མ་མེད་པ་ནས། །དེ་བཞིན་གཤེགས་པ་དྲི་མེད་སྒྲ་དཀར་པོ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །དེའི་དབང་༴ ཨ་བྷི༴ ལྷོ་ཕྱོགས་ཡོན་ཏན་འབྱུང་བའི་ཞིང་ཁམས་ནས། །དེ་བཞིན་གཤེགས་པ་དཀོན་མཆོག་སྤྲིན། །སྔོན་པོ་མཆོད་སྦྱིན་ཕྱག་རྒྱ་ཅན། །དེའི༴ ཨ་བྷི༴ ནུབ་ཕྱོགས་རྒྱན་རྣམས་ཤིན་ཏུ་བཀྲམ་པའི་ཞིང་། །དེ་བཞིན་གཤེགས་པ་ཡོན་ཏན་འབྱུང་གནས་ནི། །དམར་པོ་མཉམ་བཞག་ཕྱག་རྒྱ་ཅན། །དེའི་དབང་༴ ཨ་བྷི༴ བྱང་ཕྱོགས་བག་ཚ་མེད་པའི་ཞིང་ཁམས་ནས། །དེ་བཞིན་གཤེགས་པ་སེང་གེའི་སྒྲ། །སྐུ་མདོག་ལྗང་སྐྱ་སྐྱབས་སྦྱིན་ཕྱག་རྒྱ་ཅན། །དེའི་དབང་མཆོག༴ ཨ་བྷི༴ ཤར་ལྷོ་རྣམ་པར་མཛེས་པའི་འཇིག་རྟེན་ནས། །དེ་བཞིན་གཤེགས་པ་ཐུབ་པ་མཛེས་པའི་ཏོག །དཀར་སེར་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །དེའི༴ ཨ་བྷི༴ ལྷོ་ནུབ་རབ་ཏུ་སྣང་བའི་འཇིག་རྟེན་ནས། །དེ་བཞིན་གཤེགས་པ་རིན་ཆེན་རྒྱན། །དམར་སེར་མཆོད་སྦྱིན་ཕྱག་རྒྱ་ཅན། །དེའི་དབང་མཆོག༴ ཨ་བྷི༴ ནུབ་བྱང་འཇིག་རྟེན་རབ་ཏུ་དང་བ་ནས། །དེ་བཞིན་གཤེགས་པ་ཙནྡན་དྲི་མཆོག་དཔལ། །དམར་ལྗང་མཉམ་བཞག་ཕྱག་རྒྱ་ཅན། །དེའི་དབང་མཆོག༴ ཨ་བྷི༴ བྱང་ཤར་གདུང་བ་སེལ་བའི་འཇིག་རྟེན་ནས། །དེ་བཞིན་གཤེགས་པ་སྙིང་རྗེའི་རྒྱལ་པོ་ནི། །དཀར་ལྗང་སྐྱབས་སྦྱིན་ཕྱག་རྒྱ་ཅན། །དེའི་དབང་མཆོག༴ ཨ་བྷི༴ དཀྱིལ་འཁོར་ནུབ་བྱང་འཁོར་ལོའི་དབུས། །བཅོམ་ལྡན་སྣང་བ་མཐའ་ཡས་ནི། །དམར་པོ་ཏིང་འཛིན་ཕྱག་རྒྱ་ཅན། །དེའི༴ ཨ་བྷི༴ ངེས་པ་ཅན་གྱི་ཞིང་ཁམས་ནས། །སངས་རྒྱས་ངེས་པར་གཤེགས་པ་ནི། །དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །དེའི་དབང་མཆོག༴ ཨ་བྷི༴ ངེས་པར་འཕགས་པའི་ཞིང་ཁམས་ནས། །སངས་རྒྱས་ངེས་པར་གསུང་བ་ནི། །སྔོན་པོ་མཆོད་སྦྱིན༴ དེའི་དབང་མཆོག༴ ཨ་བྷི༴ བདེ་སྤྱོད་ཅེས་བྱའི་ཞིང་ཁམས་ནས། །སངས་རྒྱས་བདེ་བ་ཆེན་པོ་ནི། །དམར་པོ་ས་གནོན་ཕྱག་རྒྱ་ཅན། །དེའི་དབང་༴ ཨ་བྷི༴ མེ་ཏོག་བཀྲམ་པའི་ཞིང་ཁམས་ནས། །སངས་རྒྱས་མེ་ཏོག་དབང་པོའི་དབྱངས། །ལྗང་གུ་སྐྱབས་སྦྱིན་ཕྱག་རྒྱ་ཅན། །དེའི༴ ཨ་བྷི༴ ཡོངས་སུ་གྲགས་པའི་འཇིག་རྟེན་ནས། །དེ་བཞིན་གཤེགས་པ་གྲགས་པའི་དཔལ། །དམར་སྐྱ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །དེའི༴ ཨ་བྷི༴ རྣམ་པར་སྤྲུལ་པའི་ཞིང་ཁམས་ནས། །སངས་རྒྱས་སྤྲུལ་པའི་རྒྱལ་པོ་ནི། །དམར་པོ་ཆོས་འཆད་ཕྱག་རྒྱ་ཅན། །དེའི༴ ཨ་བྷི༴ རྣམ་པར་སྦྱངས་བའི་ཞིང་ཁམས་ནས། །སངས་རྒྱས་སྒྲ་དབྱངས་མི་བཟད་པ། །དམར་པོ་ས་གནོན་ཕྱག་རྒྱ་ཅན། །དེའི༴ ཨ་བྷི༴ སྨན་གྱི་བརྒྱན་པའི་ཞིང་ཁམས་ནས། །སངས་རྒྱས་སྨན་གྱི་རྒྱལ་པོ་ནི། །དཀར་ལྗང་སྐྱབས་སྦྱིན་ཕྱག་རྒྱ་ཅན། །དེའི༴ ཨ་བྷི༴ དཀྱིལ་འཁོར་བྱང་ཕྱོགས་འཁོར་ལོའི་དབུས། །བཅོམ་ལྡན་དོན་ཡོད་གྲུབ་པ་ནི། །ལྗང་གུ་སྐྱབས་སྦྱིན་ཕྱག་རྒྱ་ཅན། །དེའི་དབང་༴ ཨ་བྷི༴ སངས་རྒྱས་མང་འདུས་ཞིང་ཁམས་ནས། །སངས་རྒྱས་ཀུན་གྱི་དགེ་བའི་བཤེས་གཉེན་ནི། །དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །དེའི༴ ཨ་བྷི༴ ཡོངས་སུ་སྦྱངས་བའི་ཞིང་ཁམས་ནས། །ངན་སོང་ཐམས་ཅད་སྦྱངས་བྱེད་ནི། །སྔོན་པོ་ཆོས་འཆད་ཕྱག་རྒྱ་ཅན། །དེའི་དབང་༴ ཨ་བྷི༴ ཐ་དད་སྤྱོད་པའི་ཞིང་ཁམས་ནས། །སངས་རྒྱས་འཇིག་རྟེན་ཀུན་གྱི་སློབ་དཔོན་ནི། །དམར་པོ་མཉམ་བཞག་ཕྱག་རྒྱ་ཅན། །དེའི་དབང་མཆོག༴ ཞིང་ཁམས་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ནས། །སངས་རྒྱས་རྣམ་པར་རྒྱལ་བ་ནི། །ལྗང་གུ་ས་ནོན་ཕྱག་རྒྱ་ཅན། །དེའི་དབང་མཆོག༴ ཨ་བྷི༴ མེ་ཏོག་མཛེས་པས་བརྒྱན་པའི་ཞིང་ཁམས་ནས། །སངས་རྒྱས་མེ་ཏོག་བཀོད་པའི་རྒྱལ་པོ་ནི། །ལྗང་སྔོན་བྱང་ཆུབ་མཆོག་གི༴ དེའི་དབང་༴ ཨ་བྷི༴ མཛེས་པར་སྣང་བའི་ཞིང་ཁམས་ནས། །སངས་རྒྱས་ཐམས་ཅད་སྣང་བ་ནི། །ལྗང་སེར་ཆོས་འཆད་ཕྱག་རྒྱ་ཅན། །དེའི་དབང་མཆོག༴ ཨ་བྷི༴ ཙནྡན་བཀོད་པའི་ཞིང་ཁམས་ནས། །སངས་རྒྱས་ཙནྡན་དྲི་མཆོག་ནི། །དམར་ལྗང་མཉམ་བཞག༴ དེའི་དབང་༴ ཨ་བྷི༴ སེང་གེ་འབྱུང་གནས་ཞིང་ཁམས་ནས། །སངས་རྒྱས་སེང་གེ་འབུམ་གཟིགས་ནི། །ལྗང་སྐྱ་ས་ནོན་ཕྱག་རྒྱ་ཅན། །དེའི་དབང་མཆོག་ཐོབ་པར་ཤོག །ཨ་བྷི་ཥིཉྩ་ཧཱུྃ། ཞེས་ལྷ་དགུ་བཅུ་རྩ་དགུ་མའི་དཀྱིལ་འཁོར། རྩ་བའི་ལྷ་དྲུག་ཅུ་རྩ་གསུམ་གྱི་ལྷ་དབང་ངོ་། །ཕྱི་ནང་གི་ལྷ་མོ་བརྒྱད། བྱང་ཆུབ་སེམས་དཔའ་བཅུ་དྲུག །བཀྲ་ཤིས་ལྷ་མོ་བརྒྱད། སྒོ་མ་བཞི་ནི། གཞན་དང་ཐུན་མོང་ངོ་། །ལྷ་དབང་འདི་རྣམས་ནི། པདྨ་འདབ་བརྒྱད། དེའི་ཕྱིར་འདབ་བརྒྱད་རེ་རེའི་ནང་དུ་ཡང་འདབ་བརྒྱད་རེ་རེ། ཤར་ནུབ་གཉིས་ལྡན་རེ་རེའི་ལྷའོ། །ཧཱུྃ། རྣམ་དག་དབུས་ཀྱི་པདྨའི་དཀྱིལ་འཁོར་ནས། །ཡང་དག་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ། །ས་གནོན་མཉམ་བཞག་གསེག་ཤང་པར་བུ་ཅན། །བྱིན་རླབས་དབང་བསྐུར་དམ་པ་མཛད་དུ་གསོལ། །ༀ་མུ་ནེ༴ ཨ་བྷི༴ ཡུམ་ཆེན་གསེར་མདོག་རལ་གྲི་མཆོད་སྦྱིན་གཡས། །གཡོན་པས་ཨུཏྤལ་པོ་ཏི་ཕྲེང་བ་ཅན། །རྒྱལ་བའི་ཡུམ་གྱི་འགྲོ་ལ་ཐུགས་རྗེས་བཟུང་། །བྱིན་རླབས་དབང་བསྐུར་དམ་པ་མཛད་དུ་གསོལ། །ༀ་གྷ་ཏེ༴ ཨ་བྷི༴ མདུན་དུ་གླང་པོ་དམ་པ་དཀར་པོ་ནི། །གཡས་པས་རྡོ་རྗེ་གཡོན་པས་མཉམ་བཞག་ཅན། །འགྲོ་ལ་ཐུགས་རྗེས་བྱིན་གྱིས་བརླབ་པ་དང་། །སྒྲིབ་སྦྱངས་དབང་བསྐུར་དམ་པ་མཛད་དུ་གསོལ། །མུ་ནེ༴ གྷ་ཏེ༴ ཨ་བྷི༴ གཡས་སུ་རིན་ཆེན་འབྱུང་གནས་ནི། །སེར་པོ་རིན་ཆེན་མཉམ་བཞག་མཛད། །འགྲོ་ལ་ཐུགས་རྗེས་བྱིན་གྱིས་རློབས་པ་དང་། །སྒྲིབ་སྦྱངས་དབང་བསྐུར་དམ་པ་མཛད་དུ་གསོལ། །ༀ་མུ་ནེ༴ གྷ་ཏེ༴ ཨ་བྷི་ཥིཉྩ་ཧཱུྃ། རྒྱབ་ཏུ་པདྨོ་དམ་པའི་དཔལ། །དམར་པོ་པདྨོ་མཉམ་བཞག་ཅན། །འགྲོ་ལ་ཐུགས་རྗེ་བྱིན་གྱིས་རློབ་པ་དང་། །སྒྲིབ་སྦྱངས་དབང་བསྐུར་དམ་པ་མཛད་དུ་གསོལ། །མུ་ནེ༴ གྷ་ཏེ༴ ཨ་བྷི༴ གཡོན་དུ་ཏིང་འཛིན་རྒྱལ་པོ་ལྗང་། །རྒྱ་གྲམ་དང་ནི་མཉམ་བཞག་ཅན། །འགྲོ་ལ་ཐུགས་རྗེས་བྱིན་གྱིས་རློབ་པ་དང་། །སྒྲིབ་སྦྱངས་དབང་བསྐུར་དམ་པ༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ རྡོ་རྗེ་སེམས་མ་སྐུ་མདོག་དཀར་མོ་སྟེ། །གཡས་གཡོན་ཕྱག་ནི་ཆོས་འཆད་ཕྱག་རྒྱ་མཛད། །འགྲོ་ལ་ཐུགས་རྗེས༴ སྒྲིབ་སྦྱངས་དབང་བསྐུར༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ རིན་ཆེན་སེམས་མ་སྐུ་མདོག་སེར་མོ་སྟེ། །ཕྱག་གཉིས་རིན་པོ་ཆེ་དང་མཉམ་བཞག་ཅན། །འགྲོ་ལ༴ སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ ཆོས་ཀྱི་སེམས་མ་སྐུ་མདོག་དམར་མོ་སྟེ། །གཡས་གཡོན་ཕྱག་གཉིས་ཆོས་འཆད་ཕྱག་རྒྱ་སྟེ། །འགྲོ་ལ༴ སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ ལས་ཀྱི་སེམས་མ་སྐུ་མདོག་ལྗང་གུ་སྟེ། །གཡས་པས་རྒྱ་གྲམ་གཡོན་པས་མཉམ་བཞག་ཅན། །འགྲོ་ལ༴ སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ ཤར་གྱི་དབུས་སུ་མྱ་ངན་མེད་པའི་དཔལ། །སྐུ་མདོག་དཀར་པོ་འཁོར་ལོ་མཉམ་བཞག་ཅན། །འགྲོ་ལ༴ སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ མདུན་དུ་སེམས་དཔའ་ཆོས་ཀྱི་རྒྱལ་མཚན་ནི། །སེར་པོ་ཆུ་སྲིན་རྒྱལ་མཚན་མཉམ་བཞག་ཅན། །འགྲོ་ལ༴ སྒྲིབ་སྦྱངས༴ ༀ་མུ་ནེ༴ གྷ་ཏེ༴ ཨ་བྷི༴ གཡས་སུ་སེམས་དཔའ་དབང་ཕྱུག་རྒྱལ་པོ་སེར། །གཡས་པས་ལྕགས་ཀྱུ་གཡོན་པས་མཉམ་བཞག་ཅན། །འགྲོ་ལ་ཐུགས་རྗེ་བྱིན༴ སྒྲིབ་སྦྱངས་དབང་བསྐུར་དམ་པ་མཛད་དུ་གསོལ། །མུ་ནེ༴ གྷ་ཏེ༴ ཨ་བྷི༴ རྒྱབ་ཏུ་སེམས་དཔའ་བཀོད་པའི་རྒྱལ་པོ་དམར། །གཡས་པས་མེ་ཏོག་གཡོན་པ་མཉམ་བཞག་ཅན། །འགྲོ་ལ༴ སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཨ༴ གཡོན་དུ་སེམས་དཔའ་རིན་ཆེན་འོད་འཕྲོ་ལྗང་། །གཡས་པས་རིན་ཆེན་གཡོན་པ་མཉམ་བཞག་ཅན། །འགྲོ་ལ་ཐུགས༴ སྒྲིབ་སྦྱངས་དབང་བསྐུར་དམ༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ ལྷོ་ཡི་པདྨའི་དབུས་སུ་རིན་ཆེན་དཔལ། །སྐུ་མདོག་སྔོ་སྐྱ་རིན་ཆེན་མཉམ་བཞག་ཅན། །འགྲོ་ལ༴ སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ མདུན་དུ་སེམས་དཔའ་སྣང་བ་མཆོག་དཀར་པོ། །ཕྱག་གཡས་རྡོ་རྗེ་གཡོན་པས་མཉམ་བཞག་ཅན། །འགྲོ་ལ༴ སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ གཡས་སུ་སེམས་དཔའ་ཕྱག་རྒྱའི་རྒྱལ་པོ་སེར། །གཡས་པས་རྒྱ་གྲམ་གཡོན་པས་མཉམ་བཞག་ཅན། །འགྲོ་ལ༴ སྒྲིབ༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ རྒྱབ་ཏུ་སེམས་དཔའ་སྤོས་ཀྱི་གླང་པོ་དཀར། །གཡས་པས་འབུད་དུང་གཡོན་པ་པོ་ཏི་ཅན། །འགྲོ་ལ་ཐུགས༴ སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ གཡོན་དུ་སེམས་དཔའ་སྤོབ་པ་བརྩེགས་པ་ལྗང་། །ཟ་མ་ཏོག་དང་མཉམ་བཞག་ཕྱག་རྒྱ་ཅན། །འགྲོ་ལ༴ སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ ནུབ་ཀྱི་དབུས་སུ་གདུགས་མཆོག་དམ་པའི་དཔལ། །དམར་པོ་པདྨ་གཡོན་པས་མཆོད་སྦྱིན་ཅན། །འགྲོ་ལ་ཐུགས་རྗེས༴ སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ མདུན་དུ་པདྨའི་རྒྱལ་པོ་སྐུ་མདོག་དཀར། །པདྨ་སྒྲོམ་བུ་གཡོན་པས་མཉམ་བཞག་ཅན། །འགྲོ་ལ་ཐུགས་རྗེས༴ སྒྲིབ་སྦྱངས་དབང་བསྐུར་དམ་པ་མཛད་དུ་གསོལ། །མུ་ནེ༴ གྷ་ཏེ༴ ཨ་བྷི༴ གཡས་སུ་པདྨའི་སེམས་དཔའ་སྐུ་མདོག་སྔོ། གཡོན་པས་པདྨ་གཡས་པས་ཁ་འབྱེད་མཛད། །འགྲོ་ལ་ཐུགས་རྗེས༴ སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ རྒྱབ་ཏུ་རྡོ་རྗེ་མི་གཡོ་དམར་པོ་ཡི། གཡས་པས་ལྕགས་ཀྱུ་གཡོན་པས་མཉམ་བཞག་ཅན། །འགྲོ་ལ༴ སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ གཡོན་དུ་ཐོགས་མེད་རྒྱལ་པོ་སྐུ་མདོག་ལྗང་། །གཡས་པ་རལ་གྲི་གཡོན་པ་མཉམ་བཞག་ཅན། །འགྲོ་ལ༴ སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ ཧཱུྃ། བྱང་གི་དབུས་སུ་རྒྱལ་བའི་དབང་པོ་ལྗང་། །གཡས་པས་སྐྱབས་སྦྱིན་མཛད་ཅིང་ཉི་མ་འཛིན། །གཡོན་པས་མཆོད་སྦྱིན་ཐུགས་རྗེ་ཆེན་པོ་ཡིན། །འགྲོ་ལ་ཐུགས་རྗེས༴ སྒྲིབ༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ མདུན་དུ་རིན་འབྱུང་རིན་ཆེན་ཟུར་བརྒྱད་འཛིན། །སྐུ་མདོག་དཀར་པོ་གཡོན་པ་མཉམ་བཞག་ཅན། །འགྲོ་ལ༴ སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ གཡས་སུ་གྲུབ་པའི་དཔལ་ནི་སྐུ་མདོག་སྔོ། །གཡས་པས་རྒྱ་གྲམ་གཡོན་པས་མཉམ་བཞག་ཅན། །འགྲོ་ལ༴ སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ རྒྱབ་ཏུ་དགའ་བ་སྟོན་པ་སྐུ་མདོག་དམར། །གཡས་པས་མེ་ལོང་གཡོན་པ་མཉམ་བཞག་ཅན། །འགྲོ་ལ༴ སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ གཡོན་དུ་སེམས་དཔའ་མི་བསྐྱོད་སྐུ་མདོག་ལྗང་། །གཡས་གཡོན་ཕྱག་གཉིས་མཉམ་བཞག་ཕྱག་རྒྱ་མཛད། །འགྲོ་ལ་ཐུགས༴ སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ བྱང་ཤར་དབུས་སུ་ཤཱཀྱ་སེང་གེ་ལྗང་། །གཡས་པས་པོ་ཏི་གཡོན་པས་ཆོས་གོས་འཛིན། །འགྲོ་ལ༴ སྒྲིབ༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ མདུན་དུ་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོ། །གཡས་པས་རྡོ་རྗེ་གཡོན་པས་དྲིལ་བུ་འཛིན། །འགྲོ་ལ༴ སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ གཡས་སུ་སྤྱན་རས་གཟིགས་དབང་སྐུ་མདོག་དཀར། །གཡས་པས་པདྨ་གཡོན་པས་སྐྱབས་སྦྱིན་མཛད། །འགྲོ་ལ༴ སྒྲིབ་སྦྱངས་དབང་བསྐུར༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ རྒྱབ་ཏུ་ནམ་མཁའི་སྙིང་པོ་སྐུ་མདོག་དམར། །ཟ་མ་ཏོག་དང་གཡོན་པས་མཉམ་བཞག་ཅན། །འགྲོ་ལ༴ སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ གཡོན་དུ་ས་ཡི་སྙིང་པོ་སྐུ་མདོག་ལྗང་། །རིན་ཆེན་མྱུ་གུ་གཡོན་པས་མཉམ་བཞག་མཛད། །འགྲོ༴ སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ ཤར་ལྷོར་པདྨའི་དབུས་སུ་ཆགས་པའི་འོད། །དཀར་སེར་ཉི་མ་གཡོན་པ་མཉམ་བཞག་ཅན། །འགྲོ་ལ་ཐུགས་སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ མདུན་དུ་ཀུན་ཏུ་བཟང་པོ་སྐུ་མདོག་དཀར། །རིན་ཆེན་སྡོང་བུ་གཡས་ལ་གཡོན་མཉམ་བཞག །འགྲོ་ལ་ཐུགས༴ སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ གཡས་སུ་འཇམ་དཔལ་གཞོན་ནུ་སྐུ་མདོག་སེར། །གཡས་པས་རལ་གྲི་གཡོན་པས་ཨུཏྤལ་འཛིན། །འགྲོ་ལ༴ སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ རྒྱབ་ཏུ་སྒྲིབ་པ་རྣམ་སེལ་སྐུ་མདོག་དམར། །གཡས་པས་པོ་ཏི་གཡོན་པས་མཉམ་བཞག་མཛད། །འགྲོ་ལ༴ སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ གཡོན་དུ་བྱམས་པ་མགོན་པོ་སྐུ་མདོག་ལྗང་། །གཡས་པས་ཀླུ་ཤིང་གཡོན་པས་གྷེནྡེ་འཛིན། །འགྲོ་ལ་ཐུགས་རྗེས༴ སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ ལྷོ་ནུབ་དབུས་སུ་རྣམ་གྲོལ་པདྨོ་ནི། །དམར་སེར་ཉི་མ་གཡོན་པས་མཉམ་བཞག་མཛད། །འགྲོ་ལ༴ སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ མདུན་དུ་མཐུ་ཆེན་ཐོབ་ནི་སྐུ་མདོག་དཀར། །གཡས་པས་རྡོ་རྗེ་གཡོན་པས་མཉམ་བཞག་མཛད། །འགྲོ་ལ༴ སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ གཡས་སུ་སྨན་གྱི་རྒྱལ་པོ་སྐུ་མདོག་སྔོ། །གཡས་པས་བུམ་པ་གཡོན་པས་མཉམ་བཞག་མཛད། །འགྲོ་ལ་ཐུགས་རྗེས༴ སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ རྒྱབ་ཏུ་ཡོན་ཏན་སྙིང་པོ་སྐུ་མདོག་དམར། །གཡས་པས་རིན་ཆེན་སྙེ་མ་གཡོན་མཉམ་བཞག །འགྲོ་ལ༴ སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ གཡོན་དུ་མཐོང་ན་དགའ་བ་སྐུ་མདོག་ལྗང་། །ཀླུ་ཤིང་ལོ་མ་གཡོན་པས་མཉམ་བཞག་མཛད། །འགྲོ་ལ༴ སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ ནུབ་བྱང་དབུས་སུ་བདུད་རྩི་རྒྱལ་བ་ནི། །དམར་ལྗང་གདུགས་འཛིན་གཡོན་པ་མཉམ་བཞག་མཛད། །འགྲོ་ལ༴ སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཨ་བྷི་ཥིཉྩ༴ མདུན་དུ་གཞོན་ནུ་རྒྱན་ནི་སྐུ་མདོག་དཀར། །གཡས་པས་ཨུཏྤལ་གཡོན་པས་མཉམ་བཞག་མཛད། །འགྲོ་ལ༴ སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ གཡས་སུ་སྐྱེས་བུ་དམ་པ་སྐུ་མདོག་སྔོ། །གཡས་པས་དུང་དང་གཡོན་པས་རྔ་ཡབ་འཛིན། །འགྲོ་ལ༴ སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ རྒྱབ་ཏུ་སེང་གེ་སྒྲ་ནི་སྐུ་མདོག་དམར། །ཀུ་མུ་ཏ་དང་གཡོན་པ་མཉམ་བཞག་མཛད། །འགྲོ་ལ༴ སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཨ་བྷི་ཥིཉྩ༴ ཧཱུྃ། གཡོན་དུ་སྤྱན་གསལ་སྐུ་མདོག་ལྗང་གུ་ནི། །གཡས་པས་མར་མེ་གཡོན་མཉམ་བཞག །འགྲོ་ལ་ཐུགས་རྗེས༴ སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཧཱུྃ། སྟེང་གི་དབུས་སུ་དགའ་བའི་དཔལ་དཀར་པོ། །གཡས་པས་རྒྱལ་མཚན་གཡོན་མཉམ་བཞག །འགྲོ་ལ་ཐུགས༴ སྒྲིབ་སྦྱངས༴ མུ་ནེ༴ གྷ༴ ཨ་བྷི༴ མདུན་དུ་བཟང་སྐྱོང་སྐུ་མདོག་དཀར། །གཡས་པས་གསེར་བུམ་གཡོན་པས་མཉམ་བཞག་མཛད། །འགྲོ་ལ༴ སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ གཡས་སུ་དཀོན་མཆོག་འབྱུང་གནས་སེར་པོ་ནི། །རིན་ཆེན་སྒྲོམ་བུ་གཡོན་མཉམ་བཞག །འགྲོ་ལ༴ སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ རྒྱབ་ཏུ་དཔའ་བར་འགྲོ་བ་དམར་པོ་ནི། །གཡས་པས་རལ་གྲི་གཡོན་པས་མཉམ་བཞག་མཛད། །འགྲོ་ལ༴ སྒྲིབ་སྦྱངས་དབང་༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ གཡོན་དུ་ཟླ་འོད་གཞོན་ནུ་སྐུ་མདོག་ལྗང་། །གཡས་པས་ཟླ་ཚེས་གཡོན་པས་མཉམ་བཞག་མཛེས། །འགྲོ་ལ་ཐུགས་རྗེས༴ སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ འོག་གི་སངས་རྒྱས་པདྨོ་དམ་པའི་དཔལ། །སྐུ་མདོག་སྔོན་པོ་པདྨ་ཆོས་འཆད་མཛད། །འགྲོ་ལ་ཐུགས་རྗེས༴ སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ མདུན་དུ་སེམས་དཔའ་ཡེ་ཤེས་མེ་ཏོག་ནི། །གཡས་པས་ཏོག་དཀར་གཡོན་པས་མཉམ་བཞག་མཛད། །འགྲོ་ལ༴ སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ གཡས་སུ་མྱ་ངན་མེད་འཇོམས་སྔོན་པོ་སྟེ། །གཡས་པས་རལ་གྲི་གཡོན་པས་མཉམ་བཞག་མཛད། །འགྲོ་ལ༴ སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ རྒྱབ་ཏུ་བློ་གྲོས་མི་ཟད་སྐུ་མདོག་དམར། །གཡས་པས་པོ་ཏི་གཡོན་པས་མཉམ་བཞག་མཛད། །འགྲོ་ལ༴ སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ གཡོན་དུ་ཡེ་ཤེས་འོད་ཟེར་སྐུ་མདོག་སེར། །གཡས་པས་རྡོ་རྗེ་གཡོན་པས་མཉམ་བཞག་མཛད། །འགྲོ་ལ་ཐུགས་རྗེས༴ སྒྲིབ་སྦྱངས་དབང་༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ ཧཱུྃ། ཤར་དུ་གླང་པོའི་གདན་ཁྲི་ལ། །བརྒྱ་བྱིན་སེར་པོ་རྡོ་རྗེ་འཛིན། །འགྲོ་ལ༴ སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ ཤར་ལྷོ་ར་སྐྱེས་གདན་ཁྲི་ལ། །མེ་ལྷ་དམར་པོ་བགྲང་ཕྲེང་འཛིན། །འགྲོ་ལ་ཐུགས་རྗེས༴ སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ ཧཱུྃ། ལྷོ་ཕྱོགས་མ་ཧེའི་གདན་ཁྲི་ལ། །གཤིན་རྗེ་སྔོན་པོ་བེ་ཅོན་བསྣམས། །འགྲོ་ལ༴ སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ ལྷོ་ནུབ་རོ་ལང་གདན་ཁྲི་ལ། །སྲིན་པོ་སྨུག་ནག་རལ་གྲི་འཛིན། །འགྲོ་ལ་ཐུགས་རྗེས༴ སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ ནུབ་ཏུ་ཆུ་སྲིན་གདན་ཁྲི་ལ། །ཆུ་ལྷ་སྔོན་པོ་སྦྲུལ་ཞགས་འཛིན། །འགྲོ་ལ༴ སྒྲིབ་སྦྱངས་དབང་༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ ནུབ་བྱང་ཤྭ་བའི་གདན་ཁྲི་ལ། །རླུང་ལྷ་ལྗང་གུ་བ་དན་འཛིན། །འགྲོ་ལ༴ སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཨ༴ བྱང་དུ་རྟའི་གདན་ཁྲི་ལ། །གནོད་སྦྱིན་ལྗང་སྔོན་དབྱུག་པ་འཛིན། །འགྲོ་ལ༴ སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ བྱང་ཤར་ཁྱུ་མཆོག་གདན་ཁྲི་ལ། །དབང་ལྡན་ནག་པོ་རྩེ་གསུམ་འཛིན། །འགྲོ་ལ་ཐུགས་རྗེས༴ སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ སྟེང་དུ་ངང་པའི་གདན་ཁྲི་ལ། །ཚངས་པ་སེར་པོ་པདྨ་འཛིན། །འགྲོ་ལ༴ སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ འོག་ཏུ་ཕག་གི་གདན་ཁྲི་ལ། །བརྟན་མ་སེར་མོ་གཏེར་བུམ་འཛིན། །འགྲོ་ལ༴ སྒྲིབ་སྦྱངས༴ མུ་ནེ༴ གྷ་ཏེ༴ ཨ་བྷི༴ ཧཱུྃ། སྒེགས་ཕྲེང་གླུ་གར་མེ་ཏོག་སྤོས། །མར་མེ་དྲི་ཆབ་སྒོ་སྐྱོངས་བཞི། །རྒྱལ་བ་མཆོད་ཅིང་བསྟན་པ་བསྲུངས། །ཚད་མེད་ཕྲིན་ལས་གདུལ་བྱ་སྐྱོངས། །འགྲོ་ལ་ཐུགས་རྗེས་བྱིན་གྱིས་བརླབ་ཏུ་གསོལ། །སྒྲིབ་སྦྱང་དབང་བསྐུར་དམ་པ་མཛད་དུ་གསོལ། །མུ་ནེ༴ གྷ་ཏེ༴ ཨ་བྷི༴ དེ་རྣམས་ནི་ལྷའི་དབང་ངོ་། །དེ་ནས་རྫས་དབང་བསྐུར་བ་རིམ་པ་བཞིན་ཐོགས་ཏེ་འདི་སྐད་དུ། སྔོན་བྱང་ཆུབ་སེམས་དཔའ་དམ་པ་ཏོག་དཀར་པོ་དེ་དགའ་ལྡན་གྱི་གནས་ནས། ཡུམ་སྒྱུ་མ་ལྷ་མཛེས་ཀྱི་ལྷུམས་སུ་ཞུགས་པའི་དུས་སུ། དབུ་ལས་རིན་པོ་ཆེའི་པྲོག་ཞུ་ཕུད་ནས། མི་ཕམ་མགོན་པོ་ལ་ཆོས་ཀྱི་རྒྱལ་ཚབ་ཏུ་ལྷ་རྣམས་ཀྱིས་དབང་བསྐུར་རོ། །དེ་བཞིན་དུ་རིན་པོ་ཆེའི་ཅོད་པན་གྱི་དབང་བསྐུར་བས། ཆོས་ཀྱི་རྒྱལ་ཚབ་བྱེད་པའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ཏོག་གི་དབུ་ལས་རིན་ཆེན་ཅོད་པན་ཕུད། །དེ་ཉིད་ཕྱག་གི་བུ་ཡི་དབུ་ལ་བཞག །མི་ཕམ་མགོན་པོ་ཆོས་ཀྱི་རྒྱལ་ཚབ་རྗེ། །ཆོས་ཀྱི་རྒྱལ་སྲིད་ཆེན་པོ་བྱེད་པར་ཤོག །ཆོས་ཀྱི་དབྱིངས་ནས་བྱུང་ནས་ད་ལ་བར། །སྤྲུལ་སྐུ་ཀུན་ཁྱབ་ཡིད་བཞིན་འབྱུང་བའི་གཏེར། །དང་པོ་ཚོགས་རྫོགས་སྨོན་ལམ་མཐར་ཕྱིན་པ། །འདི་ནི་བསོད་ནམས་རྫོགས་པའི་བཀྲ་ཤིས་དང་པོའོ། །སྔོན་བྱང་བྱང་ཆུབ་སེམས་དཔའ་དམ་པ་ཏོག་དཀར་པོ་དེ་ཡུམ་གྱི་ལྷུམས་ན་ཞུགས་པའི་ཚེ། ཡུམ་གྱི་ཕྱག་གི་སེམས་ཅན་རྣམས་ལ་རེག་ཅིང་དབང་བསྐུར་བས། སེམས་ཅན་རྣམས་ཀྱི་ན་ཚ་དང་སྡུག་བསྔལ་ཐམས་ཅད་ཞི་བར་གྱུར་ཏེ། དེ་བཞིན་དུ་འདིར་ཡང་ཡུམ་གྱི་ཕྱག་གི་རེག་ཅིང་དབང་བསྐུར་བས། ཉོན་མོངས་པ་དང་ན་ཚ་སྡུག་བསྔལ་ཐམས་ཅད་ཞི་བར་གྱུར་ཅིག །སྒྱུ་མ་ལྷ་མཛེས་ལྷ་ཡི་ལྕམ། །ལྷ་ཡི་ལུས་ལ་རིན་ཆེན་མཛེས། །ཉོན་མོངས་སྡུག་བསྔལ་ཀུན་ཞི་ནས། །ན་ཚའི་སྡུག་བསྔལ་ཐར་བར་ཤོག །བྱིན་རླབས་ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིན། །ཀུན་ལ་བྱམས་སྙོམས་ཐུགས་རྗེ་ཆེ་བའི་མ། །གཞན་ལ་ཕན་མཛད་དོན་གཉིས་ལྷུན་གྱིས་གྲུབ། །འདི་ནི་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་གཉིས་པའོ། །སྔོན་བྱང་ཆུབ་སེམས་དཔའ་ལུམ་བིའི་ཚལ་དུ་སྐུ་བལྟམས་པའི་ཚེ། སེང་གེའི་ཕྲུ་གུ་ཟུང་གཅིག་གི་བསྐོར་བ་བྱས་ཤིང་དབང་བསྐུར་བས། རྒོལ་བའི་ཕྱོགས་ཐམས་ཅད་ཟིལ་གྱི་གནོན་པའི་དབང་ཐོབ་བོ། །དེ་བཞིན་དུ་འདིར་ཡང་སེང་གེའི་ཕྲུ་གུ་ཟུང་གཅིག་གི་དབང་བསྐུར་བས། ཕྱིར་རྒོལ་བ་ཐམས་ཅད་ཟིལ་གྱིས་གནོན་པའི་དབང་ཐོབ་པར་གྱུར་ཅིག །སེང་གེའི་ང་རོ་སྐད་ཆེན་ཐོགས་མེད་པའི། །འཇིགས་སྐྲག་མེད་པའི་སྒྲ་རྣམས་བསྒྲག་ནས་ཀྱང་། །བར་དུ་གཅོད་པའི་བདུད་ཀྱི་སྡེ་བཏུལ་ཏེ། །རྒོལ་བའི་ཕྱོགས་རྣམས་ཟིལ་གྱིས་གནོན་པར་ཤོག །ཐམས་ཅད་ཟིལ་གནོན་ཆོ་འཕྲུལ་ཆེ་བའི་ལྷ། །ཡོན་ཏན་ཀུན་ཚངས་གདུག་པ་ཟིལ་གྱིས་གནོན། །ཆེ་བའི་མཐུ་སྟོབས་གཞན་ལས་ཁྱད་པར་འཕགས། །འདི་ནི་མཐུ་སྟོབས་ལྡན་པའི་དབང་གི་བཀྲ་ཤིས་གསུམ་པའོ། །སྔོན་བྱང་ཆུབ་སེམས་དཔའ་གྲོང་ཁྱེར་སེར་སྐྱ་ན་བཞུགས་པའི་ཚེ། གླང་པོ་ཆེའི་ཕྲུ་གུ་གཉིས་ཀྱི་སྣས་བྱུག་ཅིང་དབང་བསྐུར་བས། འཇིག་རྟེན་འདེགས་པའི་དབང་ཐོབ་བོ། །དེ་བཞིན་དུ་འདིར་ཡང་གླང་པོ་ཆེའི་ཕྲུ་གུ་གཉིས་ཀྱི་དབང་བསྐུར་བས། འཇིག་རྟེན་འདེགས་པའི་དབང་ཐོབ་པར་གྱུར་ཅིག །འཇིག་རྟེན་འདེགས་པའི་སྟོབས་ལྡན་ཞིང་། །ཐེག་པ་བཞིའི་དོན་རྟོགས་ནས། །བྱེ་བྲག་འབྱེད་པའི་སྟོབས་རྫོགས་ཏེ། །སྟོབས་ཀྱིས་ཕ་རོལ་ཕྱིན་རྫོགས་ཤོག །མཐུ་སྟོབས་ཕུན་སུམ་ཚོགས་ལྡན་པའི། །རིན་ཆེན་གསེར་རྒྱན་ཀུན་གྱིས་སྤྲས། །དཔེ་བྱད་མཚན་རྫོགས་གླང་པོའི་སྟོབས། །འདི་ནི་སྟོབས་བཅུ་ལྡན་པའི་དབང་གི་བཀྲ་ཤིས་བཞི་པའོ། །སྔོན་བྱང་ཆུབ་སེམས་དཔའ་ལུམ་བིའི་ཚལ་དུ་སྐུ་བལྟམས་པའི་ཚེ། །ཚངས་པ་དང་བརྒྱ་བྱིན་གྱི་བླངས་ཏེ། ན་བཟའ་ཀ་ཤི་ཀའི་རས་གསོལ་ནས་དབང་བསྐུར་བས། མཁྱེན་པའི་ཡེ་ཤེས་གསལ་ཞིང་མ་འདྲེས་པའི་དབང་ཐོབ་པར་གྱུར་ཏོ། །དེ་བཞིན་ན་བཟའ་ཀ་ཤི་ཀའི་རས་ཀྱི་དབང་བསྐུར་བས། མཁྱེན་པའི་ཡེ་ཤེས་གསལ་ཤིང་མ་འདྲེས་པའི་དབང་ཐོབ་པར་གྱུར་ཅིག །ཉོན་མོངས་སྐྱོན་སྤངས་ཀ་ཤི་ཀའི་རས། །ལེགས་པའི་ཡོན་ཏན་མ་ལུས་ཀུན་རྫོགས་ཏེ། །ཉེས་པའི་སྐྱོན་ལས་གྲོལ་བ་དང་། །མཁྱེན་པའི་བྱེ་བྲག་སོ་སོར་གསལ་བར་ཤོག །བརྒྱ་བྱིན་བསོད་ནམས་དག་པའི་ལྷ། །ཚངས་པ་མངོན་ཤེས་ལྔ་དང་ལྡན། །བདུད་རྩི་ཆོས་འཁོར་ཞུ་བའི་བདག །འདི་ནི་ཡོན་ཏན་རིན་ཆེན་དབང་གི་བཀྲ་ཤིས་ལྔ་པའོ། །སྔོན་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམ་ནས་བལྟམས་པའི་ཚེ། ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའ་བོ་གཉིས་ཀྱི་ལྷོ་ཕྱོགས་ཆུ་མིག་རྟ་རྔ་འཛིན་ནས་བདུད་རྩིའི་ཆུ་བླངས་ནས་སྐུ་ཁྲུས་གསོལ་བས། ཉོན་མོངས་པའི་དྲི་མ་དག་པའི་དབང་ཐོབ་པ། དེ་བཞིན་དུ་འདི་ཡང་བུམ་ཆུའི་དབང་བསྐུར་བས་ཉོན་མོངས་པའི་བག་ཆགས་ཀྱི་དྲི་མ་དག་པའི་དབང་དང་ལྡན་པར་གྱུར་ཅིག །ཀླུ་རྒྱལ་བདུད་རྩིའི་ཆུ་བླང་སྟེ། །བཅོམ་ལྡན་དྲིན་ལན་བསབ་པའི་ཕྱིར། །སྐུའི་དྲི་མ་ཡོངས་སུ་བཀྲུས། །སྐྱོན་གྱི་དྲི་མ་དག་པར་ཤོག །ཡོན་ཏན་ཀུན་ལྡན་བྱང་ཆུབ་སེམས་དཔའི་རིགས། །བཅོམ་ལྡན་རྗེས་དྲན་སྨོན་ལམ་གྲུབ་པའི་མཆོག །དྲི་མ་ཀུན་བཀྲུ་ལེགས་པའི་མཐར་ཕྱིན་པའི། །འདི་ནི་སྐུ་ཚེ་རིང་བའི་དབང་གི་བཀྲ་ཤིས་དྲུག་པའོ། །སྔོན་བྱང་ཆུབ་སེམས་དཔའ་བལྟམས་ནས་དགུང་བདུན་ལོན་པའི་ཚེ། ཤཱཀྱའི་རིགས་རྣམས་ཚོགས་ནས་གཞོན་ནུ་དོན་གྲུབ་པར་མིང་བཏགས་ཏེ་དབང་བསྐུར་བས། ཤེས་བྱ་མ་རྨོངས་པའི་དབང་ཐོབ་པ། དེ་བཞིན་དུ་འདིར་ཡང་མིང་གི་དབང་བསྐུར་བས། ཤེས་བྱ་ལ་མ་རྨོངས་པའི་དབང་དང་ལྡན་པར་གྱུར་ཅིག །རིགས་ཀྱི་བུ་ཁྱོད་དེང་ཕྱིན་ཆད། །མིང་མཆོག་གྲགས་པས་དབང་བསྐུར་བས། །གཞོན་ནུ་དོན་གྲུབ་ཡིན་པའི་ཕྱིར། །རྒྱལ་བའི་དོན་ཀུན་གྲུབ་པར་ཤོག །རྒྱལ་ཁྲིམས་གཙང་མ་རྒྱལ་བུ་ཀུན་འདུས་པས། །ལྷ་མི་ཀུན་ལ་དབང་བསྒྱུར་རྒྱལ་པོར་བསྐོས། །ཀུན་ལས་འཕགས་པའི་རྒྱལ་དབང་དམ་པ་སྟེ། །འདི་ནི་ཀུན་གྱི་དབང་གི་བཀྲ་ཤིས་འདུན་པའོ། །སྔོན་བྱང་ཆུབ་སེམས་དཔའ་སྲུ་སྐྱེ་དགུའི་བདག་མོས་རིན་པོ་ཆེའི་བྱེ་བྲག་གི་བརྒྱན་ཅིང་དབང་བསྐུར་བས། ས་རྡོ་ལས་བྱས་པའི་བསམ་མནོ་མེད་པར་ཕྱག་གི་ཚུར་འཚལ་བའི་དབང་ཐོབ་པ། དེ་བཞིན་དུ་རྒྱན་གྱི་བྱེ་བྲག་གི་དབང་བསྐུར་བས། འགྲོ་བ་ཐམས་ཅད་ཤེས་པ་དང་ལྡན་པར་བྱེད་པའི་དབང་དང་ལྡན་པར་གྱུར་ཅིག །མཛེས་པའི་རྒྱན་རྣམས་མྱུར་དུ་བཏག་ནས་ཀྱང་། །ལེགས་པའི་ཡོན་ཏན་ཀུན་ཚང་ཡེ་ཤེས་སྐུ། །མ་རིགས་ཐར་ལམ་མ་ལུས་འདྲེན་པ་ཡི། །རྟོགས་པ་ཡེ་ཤེས་མཆོག་དང་ལྡན་པར་ཤོག །ཡོན་ཏན་ཀུན་ལྡན་སྲུ་མོས་མཛེས་པར་བརྒྱན། །ལེགས་པ་ཀུན་རྫོགས་ཡོན་ཏན་མཐར་ཕྱིན་པ། །ཆེ་བའི་ཡོན་ཏན་མཐར་ཕྱིན་མི་ལང་སྟེ། །འདི་ནི་ལེགས་བརྒྱན་དབང་གི་བཀྲ་ཤིས་བརྒྱད་པའོ། །སྔོན་བྱང་ཆུབ་སེམས་དཔའ་ཀུན་གྱི་བཤེས་གཉེན་ལ་ཡི་གེ་སློབ་པའི་ཚེ། ཙནྡན་སྦྲུལ་གྱི་སྙིང་པོ་ཅན་གྱི་བྱང་ཤིང་ལ་གསེར་གྱི་གཙང་མིག་བཏག །རིན་པོ་ཆེ་སྣ་ཚོགས་ཀྱི་བརྒྱན་ཏེ་ཡི་གེ་སློབ་པའི་དབང་བསྐུར་བས། ཡིག་དཔོན་ཡང་སྔངས་ཏེ་ལྷ་མིའི་ཡི་གེ་ཐམས་ཅད་ལ་མཁས་པའི་དབང་ཐོབ་པ། དེ་བཞིན་དུ་ཡི་གེ་ཤིང་གི་དབང་བསྐུར་བས། ཆོས་ཀྱི་སྒྲ་སྒྲོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཙནྡན་སྦྲུལ་གྱི་ཡིག་ཤིང་ལ། །རིན་ཆེན་གསེར་གྱི་གཙང་མིག་བཏགས། །འགྲོ་བའི་དོན་བྱེད་ཡི་གེའི་མཐུ། །ཕ་རོལ་ཟིལ་གནོན་ཀུན་ལས་རྒྱལ། །ཡོན་ཏན་བླ་མེད་ཡི་གེ་མཆོག །དབང་གི་བཀྲ་ཤིས་དགུ་པའོ། །སྔོན་བྱང་ཆུབ་སེམས་དཔའ་སྒྱུ་རྩལ་གྱི་སྟོབས་འདྲེན་པའི་ཚེ། མྱེས་སེང་གེ་འགྲམ་གྱི་གནམ་རུ་བརྡུང་བས་སྒྲའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་བྱུང་སྟེ། རྒྱུ་རྩལ་གྱི་འདུལ་བའི་དབང་ཐོབ་པ། དེ་བཞིན་དུ་གནམ་རུའི་དབང་བསྐུར་བས། སྙན་པའི་སྒྲ་སྒྲོགས་ཤིང་བདུད་དཔུང་བཞི་འདུལ་བའི་མཐུ་རྩལ་དང་ལྡན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །སྙན་པའི་སྒྲ་སྒྲོགས་གནམ་རུའི་མཆོག །འགྲོ་བ་ཀུན་གྱི་ཡིད་ཚིམ་ཤིང་། །གནོད་པའི་བདུད་རྣམས་བཅོམས་ནས་ནི། །མ་རུང་འདུལ་བའི་དབང་ཐོབ་ཤོག །ཐམས་ཅད་ཀུན་འདུལ་མཐུ་སྟོབས་ཕུན་སུམ་ཚོགས། །རྫུ་འཕྲུལ་ཐབས་ཀྱིས་ཕ་རོལ་ཟིལ་གྱི་གནོན། །དོན་དང་མི་ལྡན་གདུག་པ་ཞི་མཛད་པ། །འདི་ནི་གནམ་རུ་དབང་གི་བཀྲ་ཤིས་བཅུ་པའོ། །སྔོན་བྱང་ཆུབ་སེམས་དཔའི་རྒྱལ་སྲིད་ཁབ་ཏུ་བཞེས་པའི་ཚེ། ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོ། །ས་འཚོ་མ་ཕུལ་ཏེ་རིགས་མི་ནུབ་ཅིང་འགྲོ་བ་ཁྱིམ་དང་འདུ་འཛི་འདུལ་བའི་དབང་ཐོབ་པ། དེ་བཞིན་དུ་བཙུན་མོས་དབང་བསྐུར་བས། རིགས་མི་ནུབ་ཅིང་ཅི་ལྟར་འདུལ་བ་བཞིན་དུ་འགྲོ་བའི་དོན་བྱེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ནོར་བུ་རིན་ཆེན་བྱི་དོར་བྱས་ཤིང་གསལ། ཤཱཀྱ་ས་འཚོ་མ་བཀབ་ཕྱར་ན་ཡང་། བློས་མོས་ཡིད་གཅུག་དང་པོའི་སེམས་བསྐྱེད་དེ། །དགོས་པའི་དོན་རྣམས་ཡོངས་སུ་རྫོགས་པར་ཤོག །ཁྱིམ་དང་འདུ་འཛི་འདུལ་བར་གཟིགས་པ་ཡི། །ཁབ་དང་རྒྱལ་སྲིད་འཁོར་ལོ་བསྒྱུར་བའི་ཚུལ། །ཁམས་གསུམ་ཁྱིམ་པ་རྣམས་ཀྱིས་དོན་མཛད་པ། །བཙུན་མོའི་དབང་གི་བཀྲ་ཤིས་བཅུ་གཅིག་པའོ། །སྔོན་བྱང་ཆུབ་སེམས་དཔའ་གྲོང་ཁྱེར་གྱི་ཕྱོགས་བཞིར་ཤིང་རྟ་ཁ་ལོ་བསྒྱུར་བས་འཁོར་བའི་ཆོས་ཐམས་ཅད་མི་རྟག་པར་མཁྱེན་པའི་དབང་ཐོབ་པ། དེ་བཞིན་དུ་ཤིང་རྟ་ཁ་ལོ་བསྒྱུར་བའི་དབང་བསྐུར་བས། སྐྱེ་རྒས་ན་འཆིའི་སྡུག་བསྔལ་སུན་ཕྱུང་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །རྒྱལ་སྲིད་ལོངས་སྤྱོད་དཔལ་དང་ལྡན་པའི་མཆོག །འགྲོ་བའི་དོན་མཛད་འཁོར་ལོ་བསྒྱུར་བའི་ལྷ། །ལྷ་མི་ཡོངས་ཀྱི་སྤྱོད་པ་བསམ་མི་ཁྱབ། །སྐྱེ་ཤི་མི་རྟོག་པ་ལས་བཟློག་པར་ཤོག །རྒྱ་ཆེན་དཔལ་འབྱོར་ལོངས་སྤྱོད་ཕུན་སུམ་ཚོགས། །གླིང་བཞིའི་མཐའ་བསྐོར་སྐྱེ་རྒ་ན་འཆི་སྤོངས། །འཁོར་བའི་སྐྱོན་སེལ་བདེ་སྦྱིན་ཡོན་ཏན་མཛོད། །ཤིང་རྟ་དབང་གི་བཀྲ་ཤིས་བཅུ་གཉིས་པའོ། །སྔོན་བྱང་ཆུབ་སེམས་དཔའ་ཁབ་ནས་བྱུང་བའི་ཚེ། འབངས་མོས་པས་ཆིབས་ངང་པ་བསྔགས་ལྡན་བརྒྱན་ཏེ་ཕུལ་བས། མཚན་ཕྱེད་ལ་དཔག་ཚད་བརྒྱ་འདས་ཏེ་རབ་ཏུ་བྱུང་ནས་ཉོན་མོངས་པ་ལས་ཐར་པའི་དབང་ཐོབ་པ། དེ་བཞིན་ཆིབས་རྟའི་དབང་བསྐུར་བས་རབ་ཏུ་བྱུང་ཞིང་། ཉོན་མོངས་པ་ལས་གྲོལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །གར་ཡང་ཐོགས་མེད་བརྩོན་འགྲུས་མྱུར་བའི་ཤུགས། །ཚངས་པ་བརྒྱ་བྱིན་མཐུན་རྐྱེན་ཆེ་བ་ཡི། །རྒྱལ་ཆེན་རིགས་བཞིའི་འདེགས་པའི་སྟོབས་དང་ལྡན། །ཐོགས་མེད་ཚངས་པར་སྤྱོད་པའི་མཐུ་ལྡན་ཤོག །འཁོར་བའི་ཆོས་རྣམས་མཆིལ་མ་བཞིན་དུ་དོར། །ཉེས་པ་མ་ལུས་དགྲ་རྣམས་གཞོམ་པའི་ཕྱིར། །འདོད་པའི་རྒྱུ་སྤངས་རྣམ་རྟོག་འཇོམས་མཛད་པ། །ཆིབས་མཆོག་དབང་གི་བཀྲ་ཤིས་བཅུ་གསུམ་པའོ། །སྔོན་བྱང་ཆུབ་སེམས་དཔའ་མཆོད་རྟེན་རྣམ་དག་གི་དྲུང་དུ་རབ་ཏུ་བྱུང་བའི་ཚེ། སུམ་ཅུ་རྩ་གསུམ་གྱིས་ལྷས་མཛེས་པའི་ཏོག་གི་ཕྱག་ཤན་ཕུལ་ཏེ་དབང་བསྐུར་བས། ཉོན་མོངས་པའི་དྲྭ་བ་གཅོད་པའི་དབང་ཐོབ་པ། དེ་བཞིན་དུ་རལ་གྲིས་དབང་བསྐུར་བས། ཉོན་མོངས་པའི་དྲྭ་བ་གཅོད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཉོན་མོངས་དྲྭ་བ་གཅོད་པའི་རལ་གྲི་སྟེ། །མི་ཤེས་ཉོན་མོངས་རྒྱུ་རྣམས་བཅད་ནས་ཀྱང་། །བླ་མེད་བྱང་ཆུབ་གནས་སུ་དགོད་བྱའི་ཕྱིར། །ཉོན་མོངས་སྒྲིབ་པའི་དྲྭ་བ་གཅོད་པར་ཤོག །ཉོན་མོངས་དགྲ་རྣམས་མ་ལུས་བཅོམ་ནས་ཀྱང་། །བདེ་བའི་དོན་རྟོགས་ནགས་ཁྲོད་དབེན་པར་གནས། །བདག་དོན་ལྷུན་གྲུབ་གཞན་དོན་མཐར་ཕྱིན་པའི། །ཚུལ་ཁྲིམས་དབང་གི་བཀྲ་ཤིས་བཅུ་བཞི་པའོ། །སྔོན་བྱང་ཆུབ་སེམས་དཔའ་ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ་དཀའ་ཐུབ་རྫོགས་པའི་ཚེ། སུམ་ཅུ་རྩ་གསུམ་པའི་ལྷའི་བུ་ཡིད་བཞིན་འབྱུང་བས་གསེག་ཤང་དང་པར་བུ་ཕུལ་བས། འགྲོ་དོན་མཐར་ཕྱིན་པའི་དབང་ཐོབ་པ། དེ་བཞིན་དུ་གསེག་ཤང་དང་པར་བུའི་དབང་བསྐུར་བས། འགྲོ་དོན་མཐར་ཕྱིན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །སེར་སྣའི་མདུད་པ་གྲོལ་ཕྱིར་གསེག་ཤང་དང་། །ཆོག་ཤེས་དགོས་པ་བླང་ཕྱིར་པར་བུ་བསྣམས། །བསོད་ནམས་ཚོགས་རྫོགས་བྱང་ཆུབ་ཉིད་ཀྱི་སྐུ། །བདག་གཞན་དོན་གཉིས་མཐར་ཕྱིན་རྫོགས་པར་ཤོག །མ་རིགས་གཉིད་སློང་བསལ་བྱེད་སྒྲ། །ལྷུང་བཟེད་ཟག་མེད་ཡོན་ཏན་སྒོ། །ཞི་ཞིང་དབང་པོ་རབ་དུལ་བ། །ཞི་དུལ་དབང་གི་བཀྲ་ཤིས་བཅྭོ་ལྔ་པའོ། །སྔོན་བྱང་ཆུབ་སེམས་དཔའ་བསྙེན་པར་རྫོགས་པའི་ཚེ། སུམ་ཅུ་རྩ་གསུམ་པའི་ལྷའི་བུ་ཡིད་བཞིན་འབྱུང་བས། ན་བཟའ་ངུར་སྨྲིག་ཕུལ་བས་སྲིད་པའི་གདུང་བ་ལས་སྐྱོབ་པའི་དབང་ཐོབ་པ། དེ་བཞིན་དུ་ན་བཟའ་ངུར་སྨྲིག་གི་དབང་བསྐུར་བས། སྲིད་པའི་གདུང་བ་ལས་སྐྱོབས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ངན་འགྲོ་སྐྱོབས་ཕྱིར་ན་བཟའ་ཆོས་གོས་གསོལ། །མི་ཤེས་རྨོངས་པ་མ་ལུས་བསལ་བ་དང་། །བག་ཆགས་སྐྱོན་གྱི་དྲི་མས་མ་གོས་པའི། །འབྲས་བུ་བྱང་ཆུབ་གནས་སུ་གྲུབ་པར་ཤོག །བསླབ་གསུམ་ཚུལ་ཁྲིམས་སྒོ་གསུམ་རྣམ་པར་དག །བདེ་བ་མཆོག་བརྙེས་སྲིད་པའི་དགྲ་ལས་རྒྱལ། །རབ་བྱུང་དགེ་སློང་རྐང་གཉིས་ལྷ་མིའི་གཙོ། །ན་བཟའ་དབང་གི་བཀྲ་ཤིས་བཅུ་དྲུག་པའོ། །སྔོན་བྱང་ཆུབ་སེམས་དཔའ་ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ་དཀའ་ཐུབ་ལོ་གཉིས་ལ་འབྲས་ཉག་མ་རེ། ལོ་གཉིས་ལ་ཆུ་ཐིག་པ་རེ། ལོ་གཉིས་ལ་ཅི་ཡང་མ་གསོལ་བས། ཉིད་ལ་འཚོ་བ་མི་མངའ་བས་སྐུ་རིད་ཅིང་སྐེམ་པའི་ཚེ། གྲོང་པའི་བུ་མོ་ལེགས་སྐྱེས་མས། འོ་ཐུག་འབྲས་ཆན་གཞོང་གང་ཕུལ་བས། སྐུ་གསེར་གྱི་གཏན་པ་ཕྱིས་པ་ལྟར་གྱུར་ཏེ་མཚན་དང་དཔེ་བྱད་ཀྱི་དབང་ཐོབ་པ། དེ་བཞིན་དུ་འོ་ཐུག་འབྲས་ཆན་གྱི་དབང་བསྐུར་བས་སྐུ་མཚན་དང་དཔེ་བྱད་ཀྱི་བརྒྱན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཉོན་མོངས་མེད་པའི་འབྲས་བུ་མཆོག །ཞི་བའི་ངང་ལ་རབ་ཏུ་གནས། །བསོད་ནམས་ཐོབ་ཕྱིར་བསྔོས་པ་འདིས། །མཚན་དང་དཔེ་བྱེད་རྫོགས་པར་ཤོག །ཟག་མེད་བདུད་རྩི་ཆོས་ཀྱིས་རོ། །བསོད་ནམས་ལུས་རྫོགས་ཡེ་ཤེས་ཀྱི། །མཚན་དཔེས་རབ་བརྗིད་རྒྱལ་བའི་སྐུ། །དབང་མཆོག་འབྲས་ཆན་བཀྲ་ཤིས་བཅུ་བདུན་པའོ། །སྔོན་བྱང་ཆུབ་སེམས་དཔའ་བཀྲ་ཤིས་ཀྱི་ཤིང་དྲུང་དུ་གཤེགས་པའི་ཚེ། རྩྭ་ཚོང་བཀྲ་ཤིས་ཀྱི་རྩྭ་རྨ་བྱའི་མགྲིན་པ་ལྟར་སྔོ་བ་ཕྱག་ཏུ་ཕུལ་བ་གདན་དུ་བཏིང་སྟེ་བཞུགས་པས། བར་ཆད་ཀྱི་མི་ཚུགས་པའི་དབང་ཐོབ་པ། དེ་བཞིན་དུ་རྩྭ་དུར་བའི་དབང་བསྐུར་བས། བར་ཆད་ཀྱི་མི་ཚུགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །སྔོན་གྱི་དྲང་སྲོང་རྣམས་ཀྱི་གྲུབ་པའི་རྫས། །ངོ་མཚར་རྩྭ་མཆོག་རྨ་བྱའི་མགྲིན་པ་འདྲ། །ཉེས་མེད་ལེགས་པ་ཐ་དག་རྫོགས་བྱེད་པའི། །འགྲོ་བའི་དོན་དུ་བཀྲ་ཤིས་རྫོགས་པར་ཤོག །མཉམ་ཉིད་མི་གཡོ་རྡོ་རྗེ་ལྟ་བུའི་སྐུ། །ཏིང་འཛིན་འཇིགས་ཚོགས་ལྟ་བ་ཉི་ཤུ་འཇོམས། །བདུད་ཀྱི་ཚོགས་བཏུལ་མངོན་པར་སངས་རྒྱས་པའི། །རྩྭ་མཆོག་དབང་གི་བཀྲ་ཤིས་བཅྭོ་བརྒྱད་པའོ། །སྔོན་བཅོམ་ལྡན་འདས་མ་ག་དྷ་ར་བསོད་སྙོམས་ལ་གཤེགས་པའི་ཚེ། སྤྲེ འུས་སྦྲང་རྩི་ལྷུང་བཟེད་གང་ཕུལ་བས། བཀྲ་ཤིས་པའི་རྫས་ལ་མངའ་བརྙེས་པར་གྱུར་ཏེ། དེ་བཞིན་བཀྲ་ཤིས་པའི་རྫས་ཀྱི་དབང་བསྐུར་བས། འབྲས་བུ་ཕུན་སུམ་ཚོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །རྒྱལ་སྲིད་སྤྲེའུ་གཙོ་བོ་ཡི། །སྦྲང་རྩི་ཕུལ་བའི་བསོད་ནམས་མཆོག །ཐུགས་མཐུན་པ་ཡི་བྱིན་བརླབས་ཀྱིས། །བཀྲ་ཤིས་སྟོབས་མཆོག་ལྡན་པར་ཤོག །སྟོང་ཉིད་རང་བྱུང་ཟག་མེད་སྙིང་པོའི་བཅུད། །དུས་གསུམ་རྒྱལ་བས་ཞེན་མེད་རོལ་པར་མཛད། །གང་གི་འདི་འཐུང་མཉམ་ཉིད་སྐུ་གསུང་རྫོགས། །རྩི་མཆོག་དབང་གི་བཀྲ་ཤིས་དགུ་པའོ། །སྔོན་བཅོམ་ལྡན་འདས་སྐྱེས་བུ་བརྒྱད་ཀྱི་ཉེ་འཁོར་ན་བཞུགས་པའི་ཚེ། བྱང་ཕྱོགས་ཀྱི་ཚོང་དཔོན་ག་གོན་དང་། བཟང་པོས་བུ་རམ་སྦྲང་རྩི་ཕུལ་བ་བཞེས་པས་བཀྲ་ཤིས་པའི་རྫས་ལ་མངའ་བརྙེས་པར་གྱུར་ཏེ། དེ་བཞིན་དུ་བཀྲ་ཤིས་པའི་རྫས་ཀྱི་དབང་བསྐུར་བས་སྐྱེ་ཤི་མེད་པའི་དབང་ཐོབ་པར་གྱུར་ཅིག །ཀུན་གྱི་སྙིང་པོ་ཡོན་མཆོག་དད་པས་ཕུལ། །མཆོད་ནས་མཆོག་གི་རབ་བཞེས་འབྲས་བུ་ནི། །རྒྱལ་བས་ལུང་བསྟན་སྨོན་ལམ་མྱུར་ཐོབ་ཕྱིར། །འདི་དག་བཀྲ་ཤིས་ཐོགས་མེད་རྫོགས་པར་ཤོག །ཡོན་ཏན་རབ་རྫོགས་སངས་རྒྱས་མཁའ་ན་གནས། །གོ་འཕང་བླ་མེད་རྒྱལ་ཐབས་སྤྱོད་པ་གཅིག །འགྲོ་དོན་མཐར་ཕྱིན་འཇིག་རྟེན་གསུམ་གྱི་མགོན། །མཛད་པ་མཐར་ཕྱིན་དབང་མཆོག་ཉི་ཤུ་པའོ། །འདི་ཡན་ཆད་རྒྱ་ཆེ་རོལ་པ་འགྲོ་བ་འདུལ་བའི་རྒྱུ་མཚན་ཉིད་ཀྱི་ཐེག་པ་དབང་ངོ་། །བཅོ་ལྔ་པ་ལམ་ཁྱེར་ནི། ཐེག་པ་རྒྱུ་མཚན་ཉིད་བྱང་ཆུབ་སེམས་དཔའི་ཐེག་པའོ། །ལྷ་ཡུམ་ཆེན་མོ་ལ། ཕྱོགས་བཅུའི་སངས་རྒྱས་ཀྱི་བསྐོར་བའོ། །སྙིང་པོ་ཏདྱ་གྷ་ཏེ་བཟླས་པའོ། །དབང་མཛད་པ་ཉི་ཤུའི་དབང་ངོ་། །འཇུག་སྒོ་བདེན་པ་གཉིས་ཀྱི་སྒོ་ནས་འཇུག་སྟེ། དེའང་སངས་རྒྱས་རྣམས་ཀྱི་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པ་ཆོས་ཀྱི་བདེན་པའོ། །ཞེས་པས་ཀུན་རྫོབ་ཀྱི་བདེན་པ་ལ་བཞི། མཚན་གཞིའམ། ངོ་བོ་ནི་ཡུལ་སྣ་ཚོགས་སུ་སྣང་བའོ། །དེ་ཀུན་རྫོབ་ཀྱི་མཚོན་པའི་མཚན་ཉིད་ནི་རིགས་པས་དཔྱད་ན་མི་འཐད་པའོ། །དབྱེ་ན་གཉིས། མིང་དོན་ནམ། ངེས་ཚིག་ནི་ཐ་སྙད་པའི་ཤེས་པ་ལ་སྣང་ཞིང་ཡང་དག་པའི་དོན་ལ་སྒྲིབ་པ་མེད། སྣང་བ་ལས། གང་ཞིག་གི་སེམས་གང་ཞིག་ལ། །ཡང་དག་སྒྲིབ་བྱེད་ཀུན་རྫོབ་འདོད། །ཅེས་སོ། །བཞི་པ་དབྱེ་ན་གཉིས། སྣང་བ་དོན་བྱེད་ནུས་པས་ཡང་དག་པའི་ཀུན་རྫོབ་དང་། སྣང་བ་དོན་བྱེད་མི་ནུས་པ་ལོག་པའི་ཀུན་རྫོབ་བོ། །སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པ། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་སོ། །དོན་དམ་པའི་བདེན་པ་ལ་བཞི་སྟེ། མཚན་ཉིད་ངོ་བོ་ནི་སྤྲོས་པ་དང་བྲལ་བར་སྣང་བའོ། །དོན་དམ་མཚོན་པར་བྱེད་པའི་མཚན་ཉིད་ནི། རིགས་པས་དཔྱད་ན་འཐད་པ་སྟེ་ཤེས་བྱ་ཡིན་ལུགས་ལྟར་གནས་པའོ། །གོ་དོན་ནམ་ངེས་ཚིག་ནི། རིགས་ཤེས་ཀྱི་ཡུལ་ཡིན་པས་དོན་མི་བསླུ་བས་དམ་པ། ཡུན་གྱི་དེའི་ངོ་བོར་བདེན་པའོ། །དབྱེ་ན་གཉིས་ཏེ། རྣམ་གྲངས་ཀྱི་དོན་དམ་བདེན་པ་དང་། རྣམ་གྲངས་མ་ཡིན་པའི་དོན་དམ་བདེན་པའོ། །དང་པོ་ནི། སྤྲོས་པ་ཕྱོགས་གཅིག་པ་དང་བྲལ་བ་སྟེ། སྐྱེ་བ་ལ་སོགས་བཀག་པ་ནི། ཡང་དག་པ་དང་མཐུན་ཕྱིར་འདོད། །ཅེས་སོ། །གཉིས་པ་སྤྲོས་པ་ཐམས་ཅད་དང་བྲལ་བ་སྟེ། སྣང་བ་ལས། ཡོད་མེད་ཅེས་བྱ་འདི་ཡང་མཐའ། དེ་ཕྱིར་མཐའ་གཉིས་རྣམ་སྤངས་ནས། །མཁས་པས་དབུས་ལ་གནས་མི་བྱ། །ཞེས་པས་དབུ་མ་རང་རྒྱུད་པ་དང་། ཐལ་འགྱུར་བའི་འདོད་ལུགས་མང་དུ་ཡོད་དོ། །ཀུན་རྫོབ་རྣམ་དཔྱོད་དགག་བྱར་བྱས་ནས་བཀག །དོན་དམ་ཡོངས་སྤྱོད་བསྒྲུབ་པར་བྱས་ནས་བསྒྲུབ་པ་དེ་འཇུག་གོ། །གཉིས་པ་ལྟ་བ་ནི། གང་ཟག་གི་བདག་གཅིག་དང་དུ་བྲལ་གྱི་རྟག་འཛིན་གྱི་རང་བཞིན་མེད་པར་རྟོགས་ལ། ཆོས་ཀྱི་བདག་དང་གཟུང་ཡུལ་ཐམས་ཅད་སྒྱུ་མ་ལྟར་རྟོགས་པས་ཕྱི་རོལ་ཡུལ་ལ་བདག་མ་གྲུབ་ལ། འཛིན་པའི་ཤེས་པ་ཀུན་གཞི་མཐའ་བྲལ་དུ་གནས་པ་དེ་ལ་སྐད་ཅིག་ཏུ་གྲུབ་པ་མེད་དོ། །དེའང་ཆོས་དང་གང་ཟག་བདག་མེད་ན། །འདི་ནི་བྱང་ཆུབ་སེམས་དཔའ་ཡིན། །ཞེས་སོ། །གསུམ་པ་བསྲུང་བའི་ཚུལ་ཁྲིམས་ནི། བྱང་ཆུབ་སེམས་དཔའ་རྩ་བའི་སྡོམ་པ་བཞི་ནི་སྡོམ་པ་ཉི་ཤུ་པ་ལས། གཞན་གྱི་བཤགས་ཀྱང་མི་ཉན་པར། །སྤྲོས་པ་གཞན་ལ་འཚོགས་པ་སོགས། །སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་ཆོས་ནོར་མ་བྱིན་ལེན། །རྙེད་དང་བཀུར་སྟིར་ཆགས་པ་ཡི། །བདག་བསྟོད་གཞན་ལ་སྨོད་པ་སོགས། །ཐེག་པ་ཆེན་པོ་སྤངས་བྱེད་ཅིང་། །དམ་ཆོས་འདྲར་སྣང་སྟོན་པ་རྫུན། །ཅེས་པའི་རྩ་བ་བཞི། ཡན་ལག་ཉི་ཤུ། ཉིང་ལག་དུ་མ་མ་ཉམས་བསྲུངས་པའོ། །ཞེས་གསུངས། བཞི་པ། ཏིང་ངེ་འཛིན་ནི། སྒོམ་གྱི་ངོ་བོ་བྱང་ཆུབ་ཕྱོགས་སོ་བདུན་ཏེ། ཆོས་ཉིད་དུ་དྲན་པ་ཉེར་བཞག་བཞི་ཡང་དག་པར་སྤོང་བ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞིའོ། །སྦྱོར་ལམ་དུ་དབང་པོ་ལྔ། སྟོབས་ལྔའོ། །མཐོང་ལམ་དུ་བྱང་ཆུབ་ཡན་ལག་བདུན། བསྒོམ་ལམ་དུ་འཕགས་པའི་ལམ་ཡན་ལག་བརྒྱད། མཐོང་ལམ་དུ་གཟུངས་ཀྱི་སྒོ་ལྔ་བརྒྱ། ཏིང་ངེ་འཛིན་གྱི་སྒོ་འབུམ་ཕྲག་གོ། །ལྔ་པ་སྤྱོད་པ་ནི། བདག་བས་གཞན་གཅེས་ཀྱི་སྒོ་ནས། སེམས་ཅན་གྱི་དོན་བྱེད་པ་སྟེ། དེའང་སྤྱོད་པའི་རང་བཞིན་ཕར་ཕྱིན་བཞི་ལ་སྤྱོད་པ་སྟེ། སྦྱིན་པ་ལ་གསུམ། ཟང་ཟིང་སྐྱབས། ཆོས་ཀྱི་སྦྱིན་པའོ། །དང་པོ་ལ་གཉིས་སོ། །ཕྱི་ཡོངས་སུ་གཏོང་བ། འཁོར་གསུམ་ཡོངས་སུ་དག་པ་འཛིན་ཆགས་མེད་པ་སྟེ། སྡུར་པར། གླིང་བཞི་ལེགས་པར་བརྒྱན་པ་མཆིལ་མའི་ཐལ་བ་འདྲ། །བྱིན་ན་དགའ་བར་གྱུར་གྱི་གླིང་ཐོབ་དེ་ལྟར་མིན། །ཞེས་སོ། །ནང་ཡོངས་སུ་བཏང་བ་ནི། རང་གི་ལུས་སྲོག་དང་བུ་དང་ཆུང་མ་ལ་སོགས་པ་གཏོང་བ་སྟེ། མགོ་དང་ཡན་ལག་གཏོང་ཞིང་ཞུམ་པའི་སེམས་མེད་ཀྱང་། །བདོག་པ་ཐམས་ཅད་བཏང་ཞིང་ཞེན་མེད་པ། ཞེས་སོ། །ཚུལ་ཁྲིམས་ལ་གསུམ། མི་དགེ་བ་སྡོམ། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་གསུམ་མོ། །བརྩོན་འགྲུས་ལ་གསུམ། གོ་ཆའི་དང་། འཇུག་པའི་དང་། ཕྱིར་མི་ལྡོག་པའི་བརྩོན་འགྲུས་སོ། །བཟོད་པ་ལ་གསུམ། གནོད་པ་ལ་ཅི་མི་སྙམ་པ། ཆོས་ལ་ངེས་པར་སེམས་པ། སྡུག་བསྔལ་དང་ལེན་ནོ། །དྲུག་པ་འབྲས་བུ་ནི། ལམ་ལྔ་ས་བཅུ་རིམ་པར་བསྒྲོད་ནས། སྐུ་གསུམ་ཡེ་ཤེས་ལྔ་ལྡན་ཀུན་ཏུ་འོད་ཀྱི་ས་ཐོབ་པའོ། །དེ་ཡང་། བདག་ཉིད་གཉིས་དོན་ཕ་རོལ་ཕྱིན་རྟོགས་པ། །ས་བཅུ་རིམ་གྱི་སྒོམ་པའི་རྣལ་འབྱོར་པ། །བདེན་གཉིས་སངས་རྒྱས་གོ་འཕང་ཐོབ་པར་འགྱུར། །ཅེས་སོ། །འགག་ནི། གནས་ནི་བྱ་རྒོད་ཕུང་པོའི་རིའམ། རྒྱལ་པོའི་ཁབ། སྟོན་པ་ཕུན་སུམ་ཚོགས་པ་སངས་རྒྱས། འཁོར་བྱང་ཆུབ་སེམས་དཔའ་དོན་གྲུབ། དབང་མཛད་པ་ཉི་ཤུ། ཅིའི་ཕྱིར་ན་མཛད་པ་ཡོངས་སུ་རྫོགས་པའི་ཆེད་དུའོ། །དགོས་པ་བདུད་དཔུང་བཅོམ་ནས་ཆོས་ཀྱི་རྒྱལ་སྲིད་འཛིན་པའོ། །དེའང་གང་གི་གང་དུ་ཅི་ལྟ་བར། ཚུལ་དགོས་པ་རྣམས་བཅས་པ་རྣམ་དྲུག་གིས། འདི་ནི་བྱང་སེམས་འགག་དྲུག་ཡིན། ཞེས་སོ། །གདམས་ངག་ལ་བསྒོམ་ཚུལ་ནི། ཡུལ་དཔོན་ཡུལ་རྩིས་བྱེད་པ་ལྟ་བུ་སྟེ། གཞན་དོན་ཁོ་ན་ལ་ཡོངས་སུ་དམིགས་པའོ། །དེ་དང་བསྒོམ་གྱི་དབང་དུ་བྱས་ན་བདེན་གཉིས་ཀྱི་དོན་བསྒོམ་པ་སྟེ། དེའང་ཀུན་རྫོབ་ཀྱི་དབང་དུ་བྱས་ན་དབང་རྫས་གཏད་ཆོ་ག་དང་། ཏིང་ངེ་འཛིན་གྱི་དབང་བསྐུར་བྱ་བསྐུར་བྱེད་དང་བཅས་པ་ཡེ་ཤེས་ཆེན་པོ་མཛད་པ་ཉི་ཤུའི་དབང་དེ་ཀ་ཡིན་ལ། དོན་དམ་པར་སྙིང་གི་དཀྱིལ་དུ་ཐིག་ལེ་ལྕོག་སྒོང་ཙམ་འོད་ཁ་དོག་གང་དུ་ཡང་མ་ངེས་པ་གཅིག་བསྒོམ། དེའང་ཐིག་ལེ་སྟོང་པ་སྐྱེ་མེད་པ། ཞེས་སོ། །དེ་ལ་བརྟགས་པས་ཁོའི་རྣམ་པ་མ་འགག་པ་ཅིར་ཡང་སྣང་བ་ལ། ཁ་དོག་དེ་དག་ལ་བརྟགས་པས། ཕྱོགས་གཅིག་པ་གང་ཡང་མ་གྲུབ། དེ་བཞིན་དུ་དབང་བསྐུར་བ་དང་བཅས་པ་མ་འགག་པར་ཤར་ཡང་། དོན་དམ་པར་གང་དུ་ཡང་མ་དམིགས། ཆོས་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་ཅིའི་ངོ་བོར་ཡང་མ་གྲུབ་བར་གནས་པ་ཡིན་ནོ། །དེ་ལྟར་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངང་ལས་མ་གཡོས་པར་གནས་པ་མེད་པའི་ཚུལ་གྱི་གནས་པར་བྱའོ། །དེའི་རྗེས་སུ་ཀུན་རྫོབ་མ་འགག་པའི་སྣང་ཆའི་ཉིད་ཡུམ་ཤེར་ཕྱིན་དུ་ལམ་གྱི་བསྒོམ་ཞིང་སྤྱོད་ལམ་རྣམ་བཞི་ལྷ་དང་མི་འབྲལ་བར་བདེན་གཉིས་ཟུང་འཇུག་གི་ལམ་སྟེ་ཡེ་ཤེས་ངང་བསྒོམ་ཆེན་པོའོ། །དེ་ནས་བཀྲ་ཤིས་བརྗོད་པ་ནི། མེ་ཏོག་བཀྲམ་སྟེ་རོལ་མོ་དང་བཅས་པས། དབྱངས་ཀྱི་འདིའོ། །དམ་པ་ཏོག་དཀར་དགའ་ལྡན་ཕོ་བྲང་དམ་པ་རུ། །མི་ཕམ་མགོན་ལ་རྒྱལ་ཚབ་དམ་པར་དབང་བསྐུར་ཞིང་། །འཛམ་བུའི་གླིང་ཉིད་དུ་ནི་གླང་ཆེན་ཐལ་དཀར་ལྷུམས་སུ་གཤེགས། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རྒྱལ་པོའི་ཁབ་ཀྱི་སེར་སྐྱའི་གྲོང་ཁྱེར་ཟས་གཙང་སྲས། །བུད་མེད་མཆོག་གྱུར་གཡོ་སྒྱུ་སྤང་བ་ལྷ་མཛེས་ཡུམ། །ལྷུམས་སུ་ཟླ་བཅུར་བཞུགས་ནས་འབྱོར་ལྡན་ཤཱཀྱའི་རིགས། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ལུམ་བིའི་ཚལ་ནི་ཉམས་དགའ་པཱཀ་ཤ་ལྗོན་པ་ཡི། །ཡལ་ག་ནས་བཟུང་བལྟམས་ཚེ་ཚངས་པ་བརྒྱ་བྱིན་འདུས། །མཁའ་ལ་གཤེགས་ཏེ་ཕྱོགས་བཅུར་པདྨ་བྱུང་གྱུར་གང་། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཕོ་བྲང་གཞལ་ཡས་ཁང་མཛེས་དྲང་སྲོང་མདུན་བཞག་ནས། །མཚན་ལྟས་ཤིས་པ་བརྗོད་མེད་སྟོན་པར་འགྱུར་རོ་ཞེས། །ཤཱག་རིགས་བུད་མེད་འཁོར་གྱི་བསྐོར་ཞིང་རབ་ཏུ་བརྒྱན། །བཀྲ་ཤིས་དམ་པ་དེས་ཀྱང་དེང་༴ ཕོ་བྲང་ནས་བྱུང་ཕྱོགས་བཞིར་སྐྱེ་རྒ་ན་འཆི་གཟིགས། །མི་རྣམས་སྨིན་མཛད་ལྷ་ཡིས་བཏེགས་ཏེ་མཁའ་ལ་གཤེགས། །སྲིད་གསུམ་རྒྱལ་ཕྱིར་རབ་བྱུང་དབུ་སྐྲ་མཐོན་མཐིང་བྲེག །བཀྲ་ཤིས་དམ་པ་དེས་ཀྱང་དེང་༴ ལྷའི་རྫུ་འཕྲུལ་བླང་ནས་ན་བཟའ་ངུར་སྨྲིག་ཕུལ། །ནཻ་ར་ཛ་ན་ཐུབ་པའི་དཀའ་ཐུབ་ལོ་དྲུག་རྫོགས། །བསམ་གཏན་ནས་བཞེངས་ལེགས་སྐྱེས་མས་ཕུལ་འོ་ཐུག་བཞེས། །བཀྲ་ཤིས་དམ་པ༴ པདྨ་ལ་སོགས་ཁྱུ་མཆོག་བྱང་ཆུབ་ཤིང་དྲུང་དུ། །དཀྱིལ་མོ་ཀྲུང་བཅས་མི་གཡོ་མཆོག་བརྙེས་བདུད་བཏུལ་ནས། །ཐོ་རངས་བདུད་རྩི་འཆི་མེད་ཕུན་སུམ་ཚོགས་པ་བརྙེས། །བཀྲ་ཤིས་དམ་པ༴ ཝ་ར་ཎ་སིར་ཐོག་མར་ཆོས་ཀྱི་འཁོར་ལོ་བསྐོར། །ཀུན་མཁྱེན་སྟོན་པས་ལྔ་སྡེ་བཟང་ལ་བདེན་བཞི་བསྟན། །ལྷ་དང་མི་དང་ལྷ་མིན་རྣམས་ཀྱང་འདུས་གྱུར་པ། །བཀྲ་ཤིས་དམ་པ་དེས་ཀྱང་༴ ང་རྒྱལ་དྲེགས་པའི་མུ་སྟེགས་སྟོན་པ་དྲུག་བཏུལ་ནས། །གླང་ཆེན་རབ་མྱོས་རྦད་པས་མ་རུང་ལྷ་སྦྱིན་བཏུལ། །དྲང་སྲོང་མཆོག་དང་སྤྲེའུས་ཅང་ཤེས་སྦྲང་རྩི་ཕུལ། །བཀྲ་ཤིས་དམ་པ༴ བྱམས་པ་སྟོབས་ཀྱི་འགྲོ་བ་མ་ལུས་རབ་ཏུ་སྒྲོལ། །སེམས་ཅན་ཐམས་ཅད་སྨིན་གྲོལ་ཞི་བའི་ལམ་ལ་བཀོད། །རྩ་མཆོག་དྲུང་དུ་མཛད་པ་མཐར་ཕྱིན་དགོངས་པ་རྫོགས། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །པདྨ་ལྟ་བུར་སྐྱོན་གྱི་མ་གོས་ཤཱཀྱའི་རིགས། །ཟས་གཙང་སྲས་པོ་རྒྱལ་རིགས་མཆོག་གྱུར་འཁོར་ལོས་བསྒྱུར། །སྐུ་བལྟམས་གྱུར་པ་དེའི་མཛད་པ་མ་ལུས་རྫོགས། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་བརྗོད་ཅིང་མེ་ཏོག་གཏོར། ཡེ་དྷརྨས་དལ་བསྡུ། དགེ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོའོ། །དེ་ནི་བྱང་ཆུབ་སེམས་དཔའི་ཆོག་འགྲིག་གོ། ༈ །ཀྲི་ཡའི་ཐེག་པའི་ཆོ་ག་ནི། ད་ལ་མཆོད་བཤམས་ལྷ་ཚོགས་བསྐྱེད། །རབ་གནས་ཆོག་གཞུང་ཆ་གསུམ་དང་། །ཁྲུས་བྱ་ནང་ཞུག་གསོལ་བ་གདབ། །སྡོམ་བཟུང་ཆོས་བཤད་བསླབ་བྱ་འབོག །དབང་བསྐུར་ལམ་ཁྱེར་བཞི་ཡང་བསྟན། །ཐེག་སྒོ་ལྟ་ཁྲིམ་ཏིང་སྤྱོད་འབྲས། །འགག་གནས་སྟོན་འཁོར་ཐེ ག་ཕྱིར་དགོད། །གདམས་ངག་གསང་སྒོ་བཀྲ་ཤིས་སོགས། །ཞེས་པས། དང་པོ་དལ་གྱི་ས་མཚམས་ནི། །རབ་ཀྱི་རྡོ་རྗེའི་བྲག་རི་ལའོ། །བྲི་བ་ནི། པདྨ་འདབ་བཞིའི་ལྟེ་བ་སེར་དཀར་སྔོ་བ་གསུམ་དང་། འདབ་དྲུག་ནང་དུ་འཁོར་ལོ་སེར་པོ་རྩིབ་བཞི་པ། དེའི་ཕྱི་ལ་པདྨ་དམར་པོ་འདབ་བཞི་པ། དེའི་ཕྱི་སྔོན་པོ་རྒྱ་གྲམ་ཅན་གསུམ་མོ། །སྒོ་རྟ་བབས་སོགས་སྤྱི་དང་མཐུན། རྒྱས་པར་ལྷ་ཉེར་བདུན་ལ་བསྐྱེད་པ་ལྟར་ལྷ་རྣམས་ཡང་བྱའོ། །དེ་ནས་བུམ་པའི་ནང་དུ་རིགས་གསུམ་བསྐྱེད་ལ་དཀྱིལ་འཁོར་དབུས་སུ་བཞུགས་སོ། །དེ་ནས་བདག་འཇུག་བྱ། མཆོད་པ་རྣམ་ལྔ་དང་། གཏོར་མ་ཆ་གསུམ་བཤམས། དལ་མཐའ་མར། མདའ། རལ་གྲི། ཕུར་བུ། ཐུགས་རྗེས་རྒྱུན་ཐག་བཤམས། ཙཀླི་དགོད་པར་བྱའོ། །དེ་ནས་རང་ཉིད་ཁྲུས་བྱ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་བས་བདུན་རྣམ་དག་ཡང་བྱ། སྭ་བྷཱ་ཝས་བདག་སྣང་ཐམས་ཅད་སྟོང་པར་བསམ། དེའི་ངང་ལས་མདུན་བསྐྱེད་དལ་རྣམས་རིམ་པ་བཞིན། མུཾ་ལས་འཇམ་དཔལ་སེར་པོ་གཡས་རལ་གྲི། གཡོན་ཨུད་པ་ལ་འཛིན་པ་དང་། ཧྲཱིཿལས་སྤྱན་གཟིགས་དཀར་པོ་ཐལ་མོ་སྦྱར་ཞིང་འོག་མ་གཉིས་ཀྱི་ཤེལ་ཕྲེང་དང་མེ་ཏོག་དཀར་པོ་འཛིན་པ། ཧཱུྃ་ལས་ཕྱག་ན་རྡོ་རྗེ་གཡས་རྡོ་རྗེ་གཡོན་སྡིག་མཛུབ་ཅན་ཏེ་ལྷ་གསུམ་པའོ། །དབུས་སུ་སྐུ་གསུང་ཐུགས་ཀྱི་རིགས་གང་མོས། ཤར་ནས་རིམ་པ་བཞིན་སྦྱང་བའི་ལྷ་ཤཱཀྱ་ཐུབ་པ་ཐུགས་ཀ་ཐལ་མོ་ཁོང་སྟོང་དུ་སྦྱར་བའི་ནང་དུ་ཨ་དཀར་པོ་ཅན། སྔགས་ནི། སྭ་བྷཱ་ཝའོ། །སྤེལ་བའི་ལྷ་རྣམ་པར་སྣང་མཛད་མཛོད་སྤུར་རིན་པོ་ཆེའི་སྒྲོམ་བུ་སྔོན་པོ་ཕྱག་རྒྱ་ཁ་བསྡམ་ཅན། སྔགས་ནི། ༀ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བྷི་ཤྭ་མུ་ཁེ། ནས་སྭཱ་ཧཱའི་བར་རོ། །བསྒྱུར་བའི་ལྷ་བདུད་རྩི་འཁྱིལ་པ་མགྲིན་པར་ཐལ་མོ་ཁ་གྱེད་ལ་ཛ་དམར་པོ་ཅན། སྔགས་ནི། ༀ་ཨ་མྲྀ་ཏ་ཚང་བའོ། །ཐོབ་པའི་ལྷ་རིན་ཆེན་འབྱུང་ལྡན་གཡོན་མཛུབ་མོ་ཐུགས་ཀར་བསྒྲེངས་བ། གཡས་མཆོད་སྦྱིན་ལ་ཏྲཾ་སེར་པོ་ཅན། སྔགས་ནི། ཨ་ཝ་ལོ་ཀི་ཏེ་ཚང་བའོ། །ཚིམ་པའི་ལྷ་དོན་ཡོད་གྲུབ་པ་ལྗང་ཀུ་གཡས་ཁུ་ཚུར། གཡོན་མཆོད་སྦྱིན་འདེགས་པ་ཧ་ལྗང་གུ་ཅན། སྔགས་ནི། ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་དང་དབང་དུ་བྱེད་པའི་ལྷ་ཕྱག་ན་རྡོ་རྗེ་སྤྱི་བོར་སོར་མོ་ནང་དུ་བསྣོལ་བར་ཛ་དམར་པོ་ཅན། སྔགས་ནི། ན་མཿས་མནྟ་བྷུ་ཏ་ནཾ། ཚང་བ་དང་། ཞེས་པའོ། །ལྷ་བཅྭོ་ལྔ་ལ་སྟེང་གི་དབུས་སུ་རྣམ་སྣང་། མདུན་དུ་སངས་རྒྱས་སྤྱན་མ། གཡས་སུ་འཇམ་དཔལ། གཡོན་དུ་ཁྲོ་བོ་གཤིན་རྗེ་གཤེད། རྒྱབ་ཏུ་ཕོ་ཉ་སྔོན་པོ། བར་གྱི་དབུས་སུ་འོད་དཔག་མེད། མདུན་དུ་གོས་དཀར་མོ། གཡས་སུ་སྤྱན་རས་གཟིགས། གཡོན་དུ་ཁྲོ་བོ་རྟ་མགྲིན། རྒྱབ་ཏུ་ཕོ་ཉ་རྡོ་རྗེ་ཕུར་བུའོ། །འོག་གི་དབུས་སུ་རྡོ་རྗེ་སེམས་དཔའ། མདུན་དུ་ཀུན་ཏུ་བཟང་མོ། གཡས་སུ་ཕྱག་ན་རྡོ་རྗེ། གཡོན་དུ་ཁྲོ་བོ་བདུད་རྩི་འཁྱིལ་བ། རྒྱབ་ཏུ་ཕོ་ཉ་རྡོ་རྗེ་ཁྲོ་བོའོ། །ལྷ་ཉེར་བདུན་བྱེད་ན། ལྷ་རྣམས་ལ་ཁྲོ་བོ་བཅུའོ། །གྲྭ་བཞིར་ལྷ་མོ་བརྒྱད། ཡང་ན་ལྷ་རྣམས་ལ་བསྐལ་བཟང་གི་སེམས་དཔའ་བཅུ་དྲུག་དགོད་པའོ། །གང་མོས་སུ་བྱའོ། །རབ་གནས་ཡང་གོང་བཞིན་བྱའོ། །ལྷའི་བུམ་པའི་བཟླས་པ་ཚར་བ་དང་། ལས་ཀྱི་བུམ་པར། ཁམས་གསུམ་རྣམ་རྒྱལ་དཀར་ལྗང་ཕྱག་གཉིས་ཕུར་བུ་ཅན་བསྐྱེད་དེ། སྔགས་ནི། ༀ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ་ཕཊ། ཅེས་བཟླས་ཏེ། དང་པོ་ཁྲུས་བྱ། དེ་ནས། བུས་ཏིང་ཀ་ར་ཡེ་སྭཱ་ཧཱ། ཞེས་པས་མྱུར་གཅིག་ཅིང་། ཉེར་དྲུག་འཐོར་འཐུང་བྱའོ། །དེ་ནས་བུམ་ཆུ་ཕྱོགས་བཅུར་གཏོར་ཏེ། སྟོང་གསུམ་ཀུན་དུ་དྲི་མཆོག་འབྱུང་གྱུར་པའི། །སྤོས་དང་སྨན་སྦྱར་ཆུ་གཙང་རྒྱལ་བའི་ཁྲུས། །ཡེ་ཤེས་སྤྲིན་དཔུང་མཁའ་ལ་ཆར་འབེབས་པ། །མི་གཙང་དྲི་མའི་ཚོགས་རྣམས་དག་གྱུར་ཅིག །ༀ་ཤུདྡྷེ་ཤུདྡྷེ་ཤྭོ་དྷ་ན་ཡེ་སྭཱ་ཧཱ། ཞེས་བཟླས་ལ་ཐལ་མོ་སྦྱར་ཏེ། ན་མོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ་ལོ། །དུས་འདི་ནས་བཟུང་སྟེ་ཐོག་མ་མ་མཆིས་པའི་བར་དུ་མི་དགེ་བའི་ལས་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། བགྱིད་པ་ལ་རྗེས་སུ་ཡི་རང་བ་ཐམས་ཅད་མཐོལ་ལོ་བཤགས་སོ། །སངས་རྒྱས་ཆོས་དང་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་གི་ལུས་འབུལ་གྱི་བཞེས་སུ་གསོལ། །ན་མོ། སྐྱབས་དམ་པ་མཆོག །མགོན་དམ་པ་གླིང་། བསོད་ནམས་དམ་པའི་དཔལ་གྱི་ཞིང་། ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས། ཐུགས་རྗེས་མངའ་བདག །འགྲོ་བ་ཡོངས་ཀྱི་དཔལ་མགོན། མཆོད་གནས་བླ་ན་མེད་པའི་མགོན་པོ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། བདེན་པ་ཡང་དག་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་དང་། གསང་སྔགས་དང་། རིགས་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། ལྷ་དང་དྲང་སྲོང་རྣམས་ཀྱི་བཀའ་བདེན་པ་དང་། བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་། འོད་དཔག་མེད་དང་། མི་བསྐྱོད་པ་དང་། འཇམ་དཔལ་དང་། སྤྱན་རས་གཟིགས་དང་། ཕྱག་ན་རྡོ་རྗེ་ལ་སོགས་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། མཆོད་པ་ཆོ་ག་ལ་བར་དུ་གཅོད་པའི་བགེགས་དང་ལོག་འདྲེན་མེ་ལྟར་གཡོ་ཞིང་རླུང་ལྟར་འཚུབ་པ། སྦལ་པ་རྨ་ཅན་དང་། ལོག་འདྲེན་གོད་སྐྱ་དང་། ཏྲི་ལི་ངད་ལྡན་དང་། གྲིབ་ནོན་ཧྲུལ་པོ་དང་། ཚངས་པ་སྦྱིན་ངན་དང་། ལོག་འདྲེན་སྣ་ཡོ་ལ་སོགས་པ་ཐམས་ཅད་འདིར་མ་གནས་པ་དེང་ཤིག །ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མངག་གཞུག་ཕོ་ཉ་ལས་བྱེད་པ། །ཁྲོ་ཆེན་བདུད་རྩི་འཁྱིལ་བ་ཡིས། །བགེགས་ཀྱི་སྦྱོར་བ་རྒྱུན་ཆོད་ཅིག །ཕ྄ཊ། ན་མོ་རཏྣ་ཏྲ་ཡ་ཡཱ། ན་མཿས་མནྟ་བཛྲ་ཀྲོ་ཏ་ཡ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ན་མཿས་མན་ཏ་བྷུ་ཏ་ནན། ཀ་ཡ་ཝ་ཀ་ཙིཏྟ་བཛྲ་ནན། ན་མཿབཛྲ་ཀྲོ་ཏ་ཡ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ན་མཿས་མནྟ་བྷུ་ཏ་ནན། ཀ་ཡེ་ཝཀ་ཙིཏྟ་བཛྲ་ནན། མ་ཧཱ་དི་ཥ་དོ་བེ་རེ་ཡ་ཨ་མི་མུ་ས་ལ་ཏ་ར་ཡ་པ་རི་ཤུ་པ་ཤ་ཧ་སྟྭ་ཡ་ཏད་ཡ་ཐཱ། ༀ་ཨ་མྲྀ་ཏ་ཀུནྡྷ་ལི་ཁ་ཁ་ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། བྷནྡྷ་བྷནྡྷ། ད་ཧ་ད་ཧ། ཧ་ན་ཧ་ན། གྷྲྀཧྞ་གྷྲྀཧྞ། ད་ཧ་ད་ཧ། པ་ཙ་པ་ཙ། གརྫ་གརྫ། སྥོ་ཊ་སྥོ་ཊ། བྷི་སྥོ་ཊ་བྷི་སྥོ་ཊ་ཡ། སརྦ་བིགྣན། པི་ན་ཡཀྵ་ན། མ་ཧཱ་ནཱ་ག་གྷ་ནཱ་ཏི་པ་ཡེ། ཛྷི་ཏྲ་བི་ཚིནྡྷ་ཨན་དྷ་ཀ་ར་ཡ། ཧཱུྃ་ཕཊ། ཅེས་བཟླས་ཏེ་བསྐྲད། མཚམས་བཅད་དོ། །དེ་ནས། ༀ་འཛི་ན་ཛིཀ །ༀ་ཨཱ་ཱརོ་ལིག །ཧཱུྃ་བཛྲ་དྷྲིག །ཏ་ཐཱ་ག་ཏོ་བ་བྷ་ཡེ་སྭཱ་ཧཱ། ༀ་བཛྲོད་བྷ་ཝ་ཡེ་སྭཱ་ཧཱ། ཞེས་བརྗོད་པས་རིགས་གསུམ་འཁོར་དང་བཅས་པ་དམིགས་ལ། འཇིག་རྟེན་དག་ནི་ཕྱོགས་བཅུ་ན། །དེ་བཞིན་གཤེགས་པ་གང་བཞུགས་དང་། །དགྲ་བཅོམ་བྱང་ཆུབ་སེམས་དཔའ་རྣམས། །བདག་གི་མ་འཚམས་སྡིག་བགྱིས་དང་། གང་ཡང་བགྱིད་དུ་སྩལ་བ་དང་། །རྗེས་སུ་ཡི་རང་བགྱིས་ལ་སོགས། །བག་མེད་པ་ནི་ཕྲ་མོ་ཡང་། །ལུས་ངག་ཡིད་ཀྱི་བགྱིས་པ་རྣམས། །ཡང་དང་ཡང་དུ་མཐོལ་ཞིང་བཤགས། །སླན་ཆད་དེ་ལྟར་ཡང་མི་བགྱིད། །བདག་གི་མི་དགེ་བགྱིས་པ་རྣམས། །རྫོགས་སངས་རྒྱས་ཀྱི་མཁྱེན་པ་ལྟར། །བདག་ཀྱང་དེ་ལྟར་དམ་བཅའ་འོ། །སྲོག་ཆགས་སྡུག་བསྔལ་ཞི་བྱའི་ཕྱིར། །ཅི་སྲིད་བྱང་ཆུབ་སྙིང་པོའི་བར། །དེ་ནས་མཆོག་གི་ས་བོན་གང་། །ཐར་པའི་བདུད་རྩི་འབྲས་བུ་སྨིན། །ཤིན་ཏུ་སྒོམ་པས་མཆོག་གྱུར་ཏེ། །དངོས་གྲུབ་ཕྱིར་ནི་དེ་བསྐྱེད་དོ། །དགེ་བའི་ལས་རྣམས་གང་དག་ཀུན། །འདི་དང་གཞན་དུ་བསགས་རྣམས་ཀྱི། །ཆོས་ཀྱི་ལོངས་སྤྱོད་སྣ་ཚོགས་ལ། །མཉམ་པར་བཞག་པས་ཡིད་རང་ངོ་། །སྔོན་གྱི་རྒྱལ་བ་སྲས་བཅས་ཀྱི། །སྨོན་ལམ་ཅི་ལྟར་བཏབ་པ་ལྟར། །བདག་ཀྱང་དགེ་བ་ཀུན་རྟོགས་ནས། །དེ་བཞིན་དུ་ནི་སྨོན་ལམ་འདེབས། །འཕགས་པ་རྣམས་ཀྱི་རྗེས་དགོངས་ཏེ། །མགོན་མ་མཆིས་པ་བདག་མྱུར་དུ། །སངས་རྒྱས་གྲུབ་པར་མཛད་དུ་གསོལ། །ན་མོ། འཕགས་པའི་ཚོགས་རྣམས་གསན་ཅིང་དགོངས་སུ་གསོལ། །མཁྱེན་པའི་ཡེ་ཤེས་ཀྱི་གཟིགས་སུ་གསོལ། དེའང་དུས་དྲུག་ལྷའི་ཉི་མ་ཐམས་ཅད་དགེ། གཟའ་སྐར་ཐམས་ཅད་བཀྲ་ཤིས། དགྲ་བཅོམ་ཐམས་ཅད་ཟག་པ་ཟད། སངས་རྒྱས་ཐམས་ཅད་རྫུ་འཕྲུལ་ཆེ་བའི་སྐབས་འདིར། ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་འཁོར་དང་བཅས་པ་ཐམས་ཅད་སྤྱན་འདྲེན་ཕྱག་འཚལ་གཤེགས་སུ་གསོལ། སྟོབས་བཅུའི་རྩལ་མངའ་མིའི་སེང་གེ་གཤེགས། གཏི་མུག་མུན་སེལ་འཇིག་རྟེན་སྒྲོན་མ་གཤེགས། །ཉོན་མོངས་ནད་སེལ་སྨན་པའི་རྒྱལ་པོ་གཤེགས། །བདུད་བཞི་ཕམ་མཛད་ཐར་པའི་ལམ་སྟོན༴ དབང་མཆོག་རྒྱལ་པོ་འདིར་བྱོན་ཕྲིན་ལས་མཛོད། ན་མཿས་མནྟ་བྷུ་ཏ་ནཾ། བྷུདྡྷ་དྷརྨཱ་སཾ་ག་ཡ། ས་མི་ཏྲི་ས་མེ་མ་ཧཱ་ས་མ་ཡེ་སྭཱ་ཧཱ། ཕྱོགས་བཅུར་རྒྱ་ཡང་མ་ཆད་པའི། །རིན་ཆེན་ལྷུན་གྲུབ་གཞལ་ཡས་ཁང་། །དབྱེ་སྡོམ་རྟོགས་པ་མི་མངའ་ཡང་། །སྲིད་ཞུའི་ཚུལ་དུ་སྒོ་དབྱེའོ། །ༀ་བཛྲ་སྥོ་ཊ་ག་ཏ་ཡེ་སྭཱ་ཧཱ། བདེར་གཤེགས་འཁོར་བཅས་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་གི་མཆོད་པ་བཞེས་ནས་ཀྱང་། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །ༀ་ཨ་ཧ་ར་ཨ་ཧ་ར་སརྦ་བྷི་དྷ་ར་པཱུ་ཛ་ག་ན་ས་མ་ཡེ་སྭཱ་ཧཱ། རིན་ཆེན་ཡེ་ཤེས་གཞལ་ཡས་ནས། །པདྨ་ཉི་མའི་གདན་སྟེང་དུ། །བདེ་གཤེགས་འཁོར་དང་བཅས་པ་རྣམས། །འགྲོ་བའི་དོན་དུ་བཞུགས་སུ་གསོལ། །ༀ་པདྨ་ཨ་ཝ་ན་ཡེ་སྭཱ་ཧཱ། དེ་ནས་མཆོད་པ་འབུལ་བ་ནི། རབ་འབྱམས་རྒྱ་ཚོ་དཔག་མེད་དུ། །མཆོད་ཡོན་ཅི་སྙེད་ཡོད་པ་དང་། །བདག་གི་གུས་པས་བཤམས་པ་འདི། །རྒྱལ་བ་སྲས་དང་བཅས་ལ་འབུལ། །ལྷ་རྫས་བཟང་དང་མེ་ཏོག༴ བདུག་སྤོས༴ མར་མེ༴ དྲི་མཆོག༴ ཞལ་ཟས༴ རོལ་མོ༴ རྒྱལ་བ་སྲས་དང་༴ འགྲོ་བའི་དོན་དུ་བཞེས་སུ་གསོལ། ༀ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏི་ཛ་ཡེ་སྭཱ་ཧཱ། པུཥྤེ་དྷུཥྤེ། ཨ་ལོ་ཀེ། གྷེནྡྷེ། ནཻ་ཝེ་ཧྱ། ཤབྡ་པྲ་ཏི་ཛ་ཡེ་སྭཱ་ཧཱ། དེ་ནས། ཡོན་ཏན་རིན་ཆེན་མང་པོའི་ཚོགས་མངའ་ཞིང་། །མཚན་རབ་ཡེ་ཤེས་ཡོངས་སུ་དག་པའི་སྐུ། །གསེར་གྱི་མདོག་ཅན་ལྷ་དང་མིས་མཆོད་པ། །བཅོམ་ལྡན་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ། །དམ་ཆོས་ཉི་མའི་འོད་ཟེར་སྟོང་འཕྲོ་བས། །སྐྱེ་བོ་སྲིད་པའི་ཆུ་བོ་སྒྲོལ་བར་མཛད། །ཐར་པའི་ལམ་སྟོན་འདྲེན་པའི་ཐེམ་སྐས་མཆོག །མ་ལུས་སྐེམ་པའི་གཙོ་ལ་ཕྱག་འཚལ་ལོ། །བདེར་གཤེགས་སྲས་པོ་དགེ་འདུན་མེ་ཏོག་གྲོལ། །ཐུགས་རྗེ་ཆེན་པོས་ཡིད་ནི་རང་བྱུང་སྟེ། །བློ་སྤྱན་བྱེ་བར་གྱུར་པ་དེ་དག་ལ། །རྒྱུན་མི་ཆད་པར་སྤྱི་བོས་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་བཅོམ་ལྡན་འདས། །མི་གདུང་མི་གཡོ་མཉམ་བཞག་ཀྱང་། །ཡིད་བཞིན་ནོར་བུ་རིན་ཆེན་གཏེར། །བསམ་པ་ཙམ་གྱི་གནས་སུ་ཕྱིན། །བལྟས་པ་ཙམ་གྱི་གྲུབ་པར་མཛད། །སྣང་མཛད་ཁྱེད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་སྣང་བ་མཐའ་ཡས་ནི། །སྔོན་དུས་བསྐལ་པ་གྲངས་མེད་ནས། །འཁོར་བའི་སྐྱོན་རྣམས་སེལ་མཛད་པ། །ལས་དང་ཉོན་མོངས་ས་བོན་ལས། །དགོངས་ནས་སྲིད་པ་སྟོང་མཛད་པ། །སྣང་མཐའ་ཁྱེད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་མི་བསྐྱོད་རྡོ་རྗེ་ནི། །འཇིག་རྟེན་འདས་པའི་ཤེས་རབ་ཀྱི། །ལྟ་བ་རྟོགས་པ་རྣམ་བསིལ་ཏེ། །བརྩོན་འགྲུས་མི་འཇིགས་གོ་ཆ་སྲ། །སྤྱན་འདྲེན་དུས་ལྡན་བྱིན་རླབས་སོ། །མི་བསྐྱོད་པ་ལ་ཕྱག་འཚལ་ལོ། །དཔལ་གྱི་དམ་པ་འཇམ་དབྱངས་དཔལ། །ཡེ་ཤེས་གསུང་མཛེས་གསུང་སྙན་ནི། །མཐོང་ཐོས་ཀུན་དང་ཡིད་མཐུན་པའི། །གཞོན་ནུར་གྱུར་ལ་ཕྱག་འཚལ་ལོ། །ཤེས་རབ་ཐུགས་རྗེ་ཆེ་བ་ཡི། །མཚན་བརྒྱ་ཕྲག་བཅུའི་སྤྱན་གྱིས་གཟིགས། །སེམས་ཅན་ཀུན་གྱི་དཔུང་དང་སྐྱབས། །རྟག་པར་བརྩེ་ལ་ཕྱག་འཚལ་ལོ། །རིགས་པའི་རྒྱལ་པོ་གྲུབ་པའི་ལྷ། །མཐུ་སྟོབས་རྫུ་འཕྲུལ་བསམ་ཡས་པའི། །བདུད་བགེགས་འབྱུང་པོ་འདུལ་མཛད་པ། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །རིགས་ཀྱི་ཡུམ་མཆོག་སངས་རྒྱས་སྤྱན། །སྐུ་མདོག་དཀར་ལས་འོད་ཟེར་འབར། །ཕྱག་ན་ཐོར་གཙུག་རྒྱན་གྱིས་སྤྲས། །སངས་རྒྱས་མཁའ་འགྲོ་ཕྱག་འཚལ་ལོ། །རིགས་ཀྱིས་ཡུམ་ཆེན་གོས་དཀར་མོ། །སྐུ་མདོག་དམར་ལས་འོད་ཟེར་འབར། །ཕྱག་ན་འདོམ་སྐྱེས་པདྨ་བསྣམས། །པདྨ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །རིགས་ཀྱི་ཡུམ་མཆོག་མ་མ་ཀི། །སྐུ་མདོག་སྔོ་ལ་འོད་ཟེར་འབར། །ཕྱག་ན་རྡོ་རྗེ་རྩེ་གསུམ་བསྣམས། །རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །དཔལ་གྱི་ལྷ་མོ་སྐུ་མདོག་དཀར། །ཆུ་སྐྱེས་དཀར་པོ་ཕྱག་ན་བསྣམས། །གྲགས་ལྡན་མ་ནི་ཤེལ་ལྟར་དཀར། །འདམ་སྐྱེས་པདྨ་ཕྱག་ན་མཛེས། །སྟོབས་ཆེན་མ་ནི་མིག་སྨན་མདོག །ཕྱག་ན་རྡོ་རྗེ་རྩེ་གཅིག་གོ། །མཛོད་སྤྲུལ་མ་ནི་ཟླ་བའི་འོད། །ཕྱག་གི་ཡིད་བཞིན་ནོར་བུ་འཛིན། །ལུ་གུ་རྒྱུད་ལ་གསེར་གྱིས་མདོག །ལྕགས་སྒྲོག་འབར་བས་འཆིང་བའི་ཚུལ། །རྣམ་པར་རྒྱལ་མ་ཀུན་དྷའི་མདོག །ཕྱག་ན་འཁོར་ལོ་འབར་བས་བརྗིད། །གཤིན་རྗེ་གཤེད་པོ་སྨུག་ནག་འབར། །བཻ་ཅོན་དབྱུག་ཏོ་ཀླད་ལ་ཕྱར། །ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དམར། །རལ་གྲི་མེ་འབར་འདེབ་པའི་ཚུལ། །ཁྲོ་ཆེན་བདུད་རྩི་འཁྱིལ་པ་ལྗང་། །ཕོ་ཉ་སྐྲ་ཆེན་མ་མོའི་མདོག །ཕོ་ཉ་ཕུར་བུ་ལེ་བརྒན་མདོག །རྡོ་རྗེ་ཕུར་བུ་དྲག་ཏུ་བསྒྲིལ། །ཕོ་ཉ་ལྕགས་ཀྱུ་སྔོ་ཞིང་ནག །ལྕགས་ཀྱུས་དབང་དུ་སྡུད་པའི་ཚུལ། །སེམས་དཔའི་མདོག་ཅན་སེང་གེ་བཅིབས། །དམར་པོ་པདྨ་རྒྱས་པ་ཅན། །ལྷ་ཆེན་དམར་པོ་རྩེ་གསུམ་སྟེ། །ཁྱབ་མཇུག་མཐིང་ག་འཁོར་ལོ་ཅན། །མཐུ་སྟོབས་དབང་ཕྱུག་ཕུན་ཚོགས་པའི། །འཁོར་དང་བཅས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད་ལ། དེ་དག་ཀྱང་རིམ་པ་བཞིན་དུ། ན་མཿས་མནྟ་བུདྡྷ་ནཾ། བཻ་རོ་ཙ་ན་ༀ་སྭཱ་ཧཱ། ཨ་མི་དྷེ་ཝ་ཧྲཱིཿསྭཱ་ཧཱ། བཛྲ་ཨ་ཀྵོ་བྷྱ་ཧཱུྃ་སྭཱ་ཧཱ། ༀ་མཉྫུ་ཤྲཱི་ཀུ་མ་ར་མུཾ་སྭཱ་ཧཱ། ཨ་ཝ་ལོ་ཀི་ཏྱ་ཀ་རུ་ན་མ་རཾ་ཧཱུྃ་ཛ་སྭཱ་ཧཱ། ༀ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ་སྭཱ་ཧཱ། ༀ་རུ་རུ་ཕུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སྭཱ་ཧཱ། ༀ་བཎྜ་ལོ་ཀི་ཏ་རཾ་པ་སྭཱ་ཧཱ། ༀ་སུག་སྨེ་ཛྙཱ་ན་ཛ་ཧཱུྃ་སྭཱ་ཧཱ། ༀ་མ་ཧཱ་ཤྲཱི་ཡ་ཙི་རི་མི་རི་ཡེ་སྭཱ་ཧཱ། ༀ་ཏྲ་ཀ་པ་རི་ཏེ་ཏེ་ཤན་ཏེ་ཤན་སྭཱ་ཧཱ། ན་མཿས་མནྟ་བཛྲ་ནན། སརྦ་དྷརྨ་ནི་པེ་ཏ་ནི་བཛྲ་སི་པ་རི་ནི་སྭཱ་ཧཱ། བཛྲ་ཏ་བཛྲེ་པྲ་བྷ་ཏེ་སྭཱ་ཧཱ། བྷདྷ་བྷན་མེ་ཧཱ་ཡ་བཛྲོད་བྷ་ཡེ་སྭཱ་ཧཱ། བྷན་དྷ་བྷན་མོ་ཧ་ཡ་མོ་ཧཱ་ཡ་བཛྲོད་བྷ་ཡེ་སྭཱ་ཧཱ། ༀ་ཛྭ་ལ་ཛྭ་ལ་སྭཱ་ཧཱ། ༀ་བཛྲ་ཡཀྴ་ཀྲོ་ཏ་ཧཱུྃ་ཕཊ། ༀ་ཁ་རྒ་བྷ་ན་སྥོ་ཊ་ཡ་སྭཱ་ཧཱ། ཨ་མྲྀ་ཏ་ཧ་ན་བི་དུ་ན་བི་དུ་ན་གོ་པ་ཁ་ཨ་མྲྀ་ཏེ་མ་ཁ་སྭཱ་ཧཱ། ༀ་བྷྲ་མ་ནི་སྭཱ་ཧཱ། ༀ་ག་ན་པ་ཏི་སྭཱ་ཧཱ། བྷེ་ཤ་བྷེ་སྭཱ་ཧཱ། ཞེས་པའོ། །དེ་ནས་ཆ་གསུམ་རྒྱས་པ་གོང་བཞིན་བཏང་ངོ་། །དེ་ནས་སློབ་བུ་རྣམས་ཁྲུས་བྱ་ཕྱག་དང་མཎྜལ་ཕུལ། ཐལ་མོ་སྦྱར་ཏེ་གསོལ་བ་གདབ་པ་ནི། བླ་མ་དཀོན་མཆོག་གསུམ་པོ་དང་། །འགྲོ་བ་སེམས་ཅན་དོན་སླད་དུ། །བདག་ལ་དགོངས་ཤིང་གཟིགས་སུ་གསོལ། །བླ་མ་རྡོ་རྗེ་འཛིན་པ་དང་། །ཡི་དམ་གཙོ་འཁོར་དགོངས་སུ་གསོལ། །ལྷ་དང་བྱིན་རླབས་དམ་ཚིག་དང་། །དབང་རྣམས་རིམ་པར་བསྐུར་དུ་གསོལ། །ཞེས་གསོལ་བ་ལན་གསུམ་གདབ། དེ་ནས་བླ་མས། ཡི་དམ་དབང་བསྐུར་དམ་ཚིག་སྦྱིན། །གུས་པའི་སེམས་ཀྱི་བསྒྲུབ་པར་བགྱིས། །ཉེས་པ་དག་ནི་མ་གོས་ན། །འབྲས་བུ་དམ་པ་ཐོབ་པར་འགྱུར། །ཞེས་གནང་བ་སྦྱིན། དེ་ནས་རིགས་གསུམ་སྤྱིའི་དམ་ཚིག་བཟུང་བའི་བསམ་པས། བླ་མེད་དཀོན་མཆོག་གསུམ་པོ་ལ། །བདག་ནི་རྟག་ཏུ་སྐྱབས་སུ་མཆི། །བདག་གི་སངས་རྒྱས་བསྟན་པ་ལ། །སྤྱི་དང་མི་འགལ་ལེགས་གནས་ཏེ། །ཐེག་ཆེན་གསང་སྔགས་བྱ་བའི་གཞུང་། །ཁྱད་པར་དམ་ཚིག་བདག་གི་བཟུང་། །ཡང་དག་ཉིད་དུ་བཟུང་བར་བགྱི། །ཐེག་པ་ཆེན་པོ་སྔགས་ཀྱི་ལྷ། །དོན་གཅིག་གཉིས་མེད་ཡེ་ཤེས་དོན། །ཡང་དག་ཉིད་དུ་བདག་གི་བཟུང་། །སྐུའི་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་སྡོམ་པ་ལ་གནས་ཏེ། །བསྒྲུབ་པ་དག་ཀྱང་ཅི་ནུས་བརྩམ། །པདྨའི་རིགས་མཆོག་དག་པ་ཡི། །ཕྱི་ནང་གསང་བའི་གསུང་སྒྲོགས་ཏེ། །དམ་པའི་ཆོས་ཀྱི་མ་ལུས་བཟུང་། །རྡོ་རྗེ་རིགས་མཆོག་དམ་ཚིག་ནི། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །བླ་མ་རྡོ་རྗེ་རིགས་བརྟེན་བྱ། །མཐའ་ཡས་སེམས་ཅན་དོན་གྱི་ཕྱིར། །གསང་སྔགས་དམ་ཚིག་བདག་གི་བླང་། །ཡང་དག་པར་ནི་བཟུང་བར་བྱ། །བྱང་ཆུབ་སེམས་དཔའ་མཆོག་བསྒྲུབ་བགྱི། །ཞེས་ལན་གསུམ་མོ། །ཆོས་བཤད་པ་ནི། ཕྱི་པ་མུ་སྟེགས་པ་ལས་ནང་པ་ཁྱད་པར་འཕགས་ཤིང་། ནང་པ་ལ་ཡང་ལྷ་མི། ཉན་ཐོས། རང་རྒྱལ། བྱང་སེམས་དེ་དག་རྒྱུ་མཚན་ཉིད་ཀྱི་ཐེག་པ་སྟེ། དེ་དག་ལས་འདིར་གསང་སྔགས་ཀྱི་ཐེག་པ་ཁྱད་པར་དུ་འཕགས་ཏེ། ཚུལ་གསུམ་སྒྲོན་མ་ལས། དོན་གཅིག་ལ་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོ་དབང་བྱས་པས། །གསང་སྔགས་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་སོ། །བསླབ་བྱ་ནི། ཀྲི་ཡའི་དམ་ཚིག་བཅུ་གསུམ་སྟེ། །དེ་རིང་ཕན་ཆད་ཁྱེད་རྣམས་ཀྱིས། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །གསང་སྔགས་གཟུགས་སྔགས་ཚོགས་རྣམས་ལ། །དད་པས་རབ་ཏུ་བརྟན་པར་བྱ། །རྟག་ཏུ་ཕྱག་རྒྱ་ཆེན་པོ་ལ། །ཁྱད་པར་དུ་ཡང་མོས་པར་བྱ། །དམ་ཚིག་ཅན་དང་འཛའ་བོ་བྱ། །བླ་མ་ལ་ནི་གུས་པར་བྱ། །ལྷ་རྣམས་ཀུན་ལ་སྡང་མི་བྱ། །དུས་མཚམས་དག་ཏུ་མཆོད་པ་བྱ། །སྟོན་པ་གཞན་གྱི་གཞུང་མི་ཆོད། །རྟག་ཏུ་བླ་མ་མཆོད་མགྲོན་བྱ། །སྲོག་ཆགས་རྣམས་ལ་བྱམས་པའི་སེམས། །རབ་ཏུ་བརྟན་པོར་ཉེ་བར་བཞག །ཐེག་པ་མཆོག་ལ་དགའ་རྣམས་ཀྱི། །བསོད་ནམས་ཚོགས་ལ་ནན་ཏན་བསྐྱེད། །བཟླས་བརྗོད་བྱེད་ལ་འབད་པར་བྱ། །གསང་སྔགས་རྒྱུད་ལ་བསྟན་པ་ཡི། །དམ་ཚིག་རྣམས་ཀྱང་བསྲུང་བར་བྱ། །དམ་ཚིག་མེད་པ་རྣམས་ལ་ནི། །སྔགས་དང་ཕྱག་རྒྱ་སྦྱིན་མི་བྱ། །གསང་སྔགས་རྒྱུད་ནས་ལེགས་གསུང་ཞིང་། །དེ་ཡང་བདག་གི་རྟོགས་པར་གྱིས། །ཞེས་བསླབ་བོ། །དེ་ནས་བུམ་པའི་ཆུ་སྦྱིན་ཞིང་། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་བསྲེགས་པར་བྱེད་། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་གྲུབ། །ཅེས་དམ་ལ་བཞག །དེ་ནས་མཎྜལ་དུ་མེ་ཏོག་གཏོར་ཏེ། རིག་བརྟགས་ཏེ་མིང་བཏག་གོ། །དེ་ནས་ལྷ་དབང་རིམ་བཞིན་ཐོགས་ཏེ། བུམ་པ་སྤྱི་བོར་གཏུག་ལ། ཧཱུྃ། དོན་དམ་བདེན་པའི་ཆོས་ཉིད་ལ། །མི་དམིགས་སེམས་དཔའི་མངོན་སུམ་དུ། །རིགས་བཞི་རྡོ་རྗེ་འཆང་གནས་པའི། །རིགས་གསུམ་ཀྲི་ཡའི་དབང་ཐོབ་ཤོག །བྷུདྡྷ་བེ་རོ་ཙ་ན་ༀ། པདྨ་ཨ་མི་དྷེ་ཝ་ཧྲཱིཿ བཛྲ་ཨཀྵོ་བྷྱ་ཧཱུྃ། ཝཱ་གི་ཤྭ་རི་ཨ་བྷི་ཥིཉྩ་ཧཱུྃ། དཀོན་མཆོག་གསུམ་དང་ཀྲི་ཡ་རིགས་གསུམ་ལྷ་ཚོགས་ཀྱི་བྱིན་རླབས་ཀྱི། རིགས་གསུམ་བུ་ལ་བུམ་པས་དབང་བསྐུར་བས། །ཀྲི་ཡ་དོན་གྱི་ལྷ་དྲུག་གི་དབང་ཐོབ་པར་གྱུར་ཅིག །བུམ་ཆུ་བཏུང་ཁྲུས་བྱའོ། །འཇམ་དཔལ་སྐུ་ཐོགས་ལ། དྷཱི་དཔལ་གྱི་འབྱུང་གནས་འཇམ་དཔལ་ཀུན་གྱི་དཔལ། ཐ་དག་ཡོངས་ལ་ཁྱབ་པ་འཇམ་དཔལ་ངང་། །འཇམ་དང་དཔལ་དུ་གྲགས་པའི་དོན་དང་ལྡན། །འཇམ་དཔལ་ཡང་དག་དཔལ་གྱི་དབང་བསྐུར་རོ། །ༀ་ཝཱ་གི་ཤྭ་རི་ཨ་བྷི་ཥིཉྩ་ཧཱུྃ། ༀ། ཡོན་ཏན་རྒྱས་པའི་སྐུ་མདོག་གསེར་དང་མཚུངས། །ཤེས་རབ་རྟགས་སུ་པོ་ཏི་རལ་གྲི་བསྣམས། །འཕགས་པ་འཇམ་དཔལ་ཤེས་བྱ་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ༀ་ཧྲཱིཿ དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ། །གཟི་བརྗིད་འོད་དཔག་མེད་ཀྱི་དབང་བསྐུར་རོ། ༀ་མ་ཎི་པདྨེ་ཧཱུྃ། ཨ་བྷི་ཥིཉྩ་ཧཱུྃ། ཐུགས་རྗེས་རྟག་ཏུ་སྐུ་མདོག་ཟླ་བའི་འོད། །མ་ཆགས་སྐྱོན་གྱི་མ་གོས་པདྨ་བསྣམས། །སྤྱན་རས་གཟིགས་ཀྱི་བཀྲ་ཤིས་དེང་འདིར་ཤོག །ཧཱུྃ། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ནི། །གསང་སྔགས་རིགས་སྔགས་ཀུན་གྱི་བདག་པོ་སྟེ། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ། །བཅོམ་ལྡན་རྡོ་རྗེ་ཅན་གྱི་དབང་བསྐུར་རོ། །ༀ་བཛྲ་པཱ་ཎི་ཧཱུྃ། ཨ་བྷི༴ ཆོས་ཉིད་མི་འགྱུར་རྟག་ཏུ་སྐུ་མདོག་སྔོ། །ཐབས་དང་ཤེས་རབ་དབྱེར་མེད་རྡོ་རྗེ་འཛིན། །མཐུ་སྟོབས་ཅན་གྱི་དེང་འདིར་བཀྲ་ཤིས་ཤོག །ཧཱུྃ། ཤཱཀྱ་ཐུབ་པ་ཉེས་སྐྱོན་སྦྱོངས་བའི་ལྷ། །སྐུ་མདོག་སེར་པོ་ཐལ་མོ་ཁོང་སྟོང་ཅན། །དེའི་དབང་མཆོག་དམ་པ་ཐོབ་པར་ཤོག །ༀ་སྭ་བྷཱ་ཝ་ཤུདྡྷོ་སརྦ༴ ཨ་བྷི༴ ཧཱུྃ། རྣམ་པར་སྣང་མཛད་ཡོན་ཏན་སྤེལ་བའི་ལྷ། །དཀར་པོ་མཛོད་སྤུར་རིན་ཆེན་སྒྲོམ་བུ་འཛིན། །དེའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བྷི་ཤྭ་མུ་ཁེ་བྷྱ། སོགས་དང་། ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། བདུད་རྩི་འཁྱིལ་བ་མོས་པར་བསྒྱུར་བའི་ལྷ། །ལྗང་གུ་མགྲིན་པར་ཐལ་མོ་ཁ་བསྐྱེད་མཛད། །དེའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག །ༀ་ཨ་མྲྀ་ཏ་ཀུནྡྷ་ལི་ཧཱུྃ། ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། རྒྱལ་ཆེན་ཤུགས་ལྡན་སེར་པོ་ཐོབ་པའི་ལྷ། །གཡས་པས་མཆོད་སྦྱིན་གཡོན་པས་མཛུབ་མོ་བསྒྲེང་། །དེའི་དབང་མཆོག༴ ཨ་ཝ་ལོ་ཀི་ཏེ༴ ཨ་བྷི༴ ཧཱུྃ། དོན་ཡོད་གྲུབ་པ་ཐམས་ཅད་ཚིམ་པའི་ལྷ། །ལྗང་གུ་གཡས་གཡོན་ཁུ་ཚུར་མཆོད་སྦྱིན་ཅན། །དེའི༴ ས་མཏྣ་ར་སྨི༴ ཨ་བྷི༴ ཧཱུྃ། ཕྱག་ན་རྡོ་རྗེ་དབང་དུ་བྱེད་པའི་ལྷ། །སྔོན་པོ་སྤྱི་བོར་སོར་བསྐུམ་ཐེའུ་བསྒྲེང་། །དེ་ཡི༴ ཨ་ས་མནྟ་བྷུ་ཏ་ནན། ཨ་བྷི༴ ཧཱུྃ། རིགས་བདག་སྐུ་མཆོག་རྣམ་སྣང་མཛད། །ཉེས་པའི་སྐྱོན་བྲལ་སྐུ་མདོག་དཀར། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །དེའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག །ཧཱུྃ། འཇམ་པའི་དབྱངས་ནི་སྐུ་ཡི་རིགས། །སྐུ་མདོག་སེར་པོ་འོད་ཟེར་འབར། །ཕྱག་ན་རལ་གྲི་ཨུཏྤལ་བསྣམས། །དེའི་དབང་༴ ཧཱུྃ། རིགས་ཀྱི་ཡུམ་མཆོག་སངས་རྒྱས་སྤྱན། །དཀར་མོའི་ཕྱག་ན་སྤྱན་འབྲས་བསྣམས། །དེའི་དབང་མཆོག༴ ཧཱུྃ། ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད། །སྨུག་ནག་བེ་ཅོན་ཀླད་ལ་ཕྱར། །དེའི་དབང་༴ ཨ་བྷི༴ ཧཱུྃ། རིགས་ཀྱི་ཕོ་ཉ་རྡོ་རྗེ་བསྣམས། །བ་མོའི་ལེན་སྐུ་ཆན་པ་འཛིན། །དེའི༴ ཧཱུྃ། མཛོད་སྤྲུལ་མ་ནི་ཟླ་བའི་འོད། །ཕྱག་གི་ཡིད་བཞིན་ནོར་བུ་འཛིན། །སྐུ་ཡི་རིགས་ཀྱིས་དབང་ཐོབ་ཤོག །ཧཱུྃ། ལྷ་ཆེན་ཚངས་པ་སེང་གེ་བཅིབས། །དམར་པོ་པདྨ་རྒྱས་པ་ཅན། །དེ་ཡི༴ ༀ་བཻ་རོ་ཙ་ན་ༀ། ཨ་བྷི༴ ཨཱཿ རིགས་བདག་གསུང་མཆོག་སྣང་མཐའ་ཡས། །ཐུགས་རྗེས་ཆགས་པས་སྐུ་མདོག་དམར། །ཏིང་འཛིན་མཆོག་གི་ཕྱག་རྒྱ་ཅན། །དེའི་དབང་མཆོག༴ ཧཱུྃ། སྤྱན་རས་གཟིགས་དབང་གསུང་གི་རིགས། །དམར་པོ་ཕྱག་ན་པདྨ་བསྣམས། །དེའི༴ ཧཱུྃ། རིགས་ཀྱི་ཡུམ་མཆོག་གོས་དཀར་མོ། །དམར་པོ་ཕྱག་ན་པདྨ་བསྣམས། །དེའི༴ ཧཱུྃ། ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དམར། །རལ་གྲི་མེ་འབར་འདེབས་པའི་ཚུལ། །དེའི་དབང་༴ ཧཱུྃ། ཕོ་ཉ་ཕུར་བུ་ལེ་བརྒན་མདོག །རྡོ་རྗེ་ཕུར་བུ་དྲག་ཏུ་བསྒྲིལ། །དེའི༴ ཧཱུྃ། ལུ་གུ་རྒྱུད་མ་གསེར་གྱི་མདོག །ལྕགས་སྒྲོག་འབར་བས་འཆིང་བའི་ཚུལ། །དེའི་དབང་༴ ཧཱུྃ། ལྷ་ཆེན་མ་ཧཱ་དྷེ་ཝ་ནི། །དམར་པོ་ཕྱག་ན་རྩེ་གསུམ་ཐོགས། །དེའི༴ ཧཱུྃ། རིགས་བདག་ཐུགས་མཆོག་རྡོ་རྗེ་སེམས། །ཆོས་ཉིད་མི་འགྱུར་སྐུ་མདོག་སྔོ། །ས་གནོན་ཆེན་པོའི་ཕྱག་རྒྱ་ཅན། །དེའི་དབང་མཆོག༴ ཧཱུྃ། ཕྱག་ན་རྡོ་རྗེ་ཐུགས་ཀྱི་རིགས། །སྔོན་པོ་ཕྱག་ན་རྡོ་རྗེ་བསྣམས། །དེའི་དབང་༴ ཧཱུྃ། ཡུམ་ཆེན་བཟང་མོ་སྐུ་མདོག་སྔོ། །ཕྱག་ན་རྡོ་རྗེ་རྩེ་གསུམ་ཅན། །དེའི་དབང་མཆོག༴ ཧཱུྃ། ཁྲོ་བོ་བདུད་རྩི་འཁྱིལ་པ་ལྗང་། །རྡོ་རྗེ་རྒྱ་གྲམ་ཀླད་ལ་བསྐོར། །དེའི་དབང་༴ ཧཱུྃ། ཕོ་ཉ་ལྕགས་ཀྱུ་སྔོ་ཞིང་ནག །ལྕགས་ཀྱུས་དབང་དུ་སྡུད་པའི་ཚུལ། །དེའི་དབང་མཆོག༴ ཧཱུྃ། རྣམ་པར་རྒྱལ་བ་ཀུན་དྷའི་མདོག །ཕྱག་ན་འཁོར་ལོ་འབར་བ་བརྗིད། །དེའི་དབང་༴ ཧཱུྃ། ལྷ་ཆེན་ཁྱབ་འཇུག་ཆེན་པོ་ནི། །སྐུ་མདོག་མཐིང་ག་འཁོར་ལོ་བསྣམས། །དེའི་དབང་༴ ཧཱུྃ། བསྐལ་པ་བཟང་པོའི་སེམས་དཔའ་ནི། །དཔའ་བར་འགྲོ་དཀར་རལ་གྲི་སྟེ། །དེའི་དབང་༴ ༀ་བྷོ་དྷི་ས་ཏྭ་ཧཱུྃ། ཨ་བྷི༴ ཧཱུྃ། བསྐལ་པ་བཟང་པོའི་སེམས་དཔའ་ནི། །ཀུན་ནས་གང་ལྟར་རང་བཞིན་ནི། །དེའི་དབང་མཆོག༴ ༀ་བྷོ་དྷི་ས་ཏྭ་ཧཱུྃ། ཨ་བྷི༴ ཧཱུྃ། བསྐལ་པ་བཟང་པོའི་སེམས་དཔའ་ནི། །ཟླ་འོད་བ་མོ་ཟླ་བ་འཛིན། །དབང་མཆོག༴ ༀ་བྷོ་དྷི་ས་ཏྭ་ཧཱུྃ། ཨ་བྷི༴ ཧཱུྃ། བསྐལ་པ་བཟང་པོའི་སེམས་དཔའ་ནི། །བཟང་སྐྱོངས་དུང་མདོག་བུམ་པ་ཅན། །དབང་མཆོག༴ ༀ་བྷོ་དྷི་ས་ཏྭ་ཧཱུྃ། ཨ་བྷི༴ ཧཱུྃ། བསྐལ་པ་བཟང་པོའི་སེམས་དཔའ་ནི། །དྲྭ་བ་ཅན་གྱི་འོད་ཟེར་འགྱེད། །དབང་མཆོག༴ ༀ་བྷོ་དྷི་ས་ཏྭ་ཧཱུྃ། ཨ་བྷི༴ ཧཱུྃ། བསྐལ་པ་བཟང་པོའི་སེམས་དཔའ་ནི། །ནམ་མཁའ་མཛོད་ནི་རིན་ཆེན་སྒྲོམ། །དབང་མཆོག་དམ་པ༴ ༀ་བྷོ་དྷི་ས་ཏྭ་ཧཱུྃ། ཨ་བྷི༴ ཧཱུྃ། བསྐལ་པ་བཟང་པོའི་སེམས་དཔའ་ནི། །ནམ་སྙིང་རྡོ་རྗེ་རྩེ་གསུམ་ཅན། །དབང་མཆོག༴ ༀ་བྷོ༴ ཨ་བྷི༴ ཧཱུྃ། བསྐལ་པ་བཟང་པོའི༴ འོད་དཔག་མེད་ནི་རིན་ཆེན་སྒྲོམ། །དབང་མཆོག༴ ༀ༴ ཨ་བྷི༴ ཧཱུྃ། བསྐལ་པ་བཟང་༴ མྱ་ངན་ཀུན་འཇོམས་རལ་གྲི་ཕྱར། །དབང་མཆོག༴ ༀ་བྷོ་དྷི་ས་ཏྭ་ཧཱུྃ། ཨ་བྷི༴ ཧཱུྃ། བསྐལ་པ་བཟང་པོའི་སེམས་དཔའ་ནི། །ཡེ་ཤེས་ཏོག་ནི་རིན་ཆེན་ཏོག །དབང་མཆོག༴ ༀ་བྷོ༴ ཨ་བྷི༴ ཧཱུྃ། བསྐལ་པ་བཟང་པོའི་སེམས་དཔའ་ནི། །སྤོབ་པ་བརྩེགས་ནི་རིན་ཆེན་གཉེར། །དབང་མཆོག༴ ༀ་བྷོ་དྷི་ས་ཏྭ་ཧཱུྃ། ཨ་བྷི༴ ཧཱུྃ། བསྐལ་པ་བཟང་པོའི་སེམས་དཔའ་ནི། །བློ་གྲོས་མི་བཟད་གླེགས་བམ་ཅན། །དབང་མཆོག༴ ༀ་བྷོ་དྷི༴ ཨ་བྷི༴ ཧཱུྃ། བསྐལ་པ་བཟང་༴ བྱམས་པ་ཀླུ་ཤིང་སྤྱི་བླུག་ཅན། །དབང་མཆོག༴ ༀ་བྷོ་དྷི༴ ཨ་བྷི༴ ཧཱུྃ། བསྐལ་པ་བཟང་པོའི༴ སྤོས་ཀྱི་གླང་པོས་དུང་དཀར་འབུད། །དབང་མཆོག༴ ༀ་བྷོ་དྷི༴ ཨ་བྷི༴ ཧཱུྃ། བསྐལ་པ་བཟང་པོའི་སེམས་དཔའ་ནི། །ངན་སོང་ཀུན་འདྲེན་ལྕགས་ཀྱུ་འདེབས། །དབང་མཆོག༴ ༀ་བྷོ་དྷི༴ ཨ་བྷི༴ ཧཱུྃ། བསྐལ་པ༴ དོན་ཀུན་འགྲུབ་བྱེད་རྒྱ་གྲམ་འཛིན། །དབང་མཆོག་དམ༴ ༀ་བྷོ༴ ཨ་བྷི༴ ཧཱུྃ། ཤར་དུ་དུས་ལྡན་པདྨ་ཅན། །དཀར་མོ་དཔལ་བེར་འཁོར་ལོ་བསྣམས། །ལྷ་མོ་དེའི་དབང་ཐོབ་ཤོག །ཏྲཾ་མཾ་ག་ལ་དེ་ཝི་ཨ་བྷི༴ ཧཱུྃ། ལྷོ་རུ་འཇིགས་བྲལ་འོད་ལྡན་མ། །སྔོན་མོ་པདྨ་རྒྱལ་མཚན་འཛིན། །ལྷ་མོ་དེའི་དབང་ཐོབ་ཤོག །ཏྲཾ་མཾ་ག་ལ་དེ་ཝི་ཨ་བྷི༴ ཧཱུྃ། ནུབ་ཏུ་མདངས་ཅན་དྲི་མ་མེད། །དམར་མོ་གདུགས་དང་བུམ་པ་འཛིན། །ལྷ་མོ་དེའི་དབང་ཐོབ་ཤོག །ཏྲཾ་མཾ་ག་ལ་དེ་ཝི་ཨ་བྷི༴ ཧཱུྃ། བྱང་དུ་སྐྱལ་གསུང་ཡིད་བཟང་མ། །ལྗང་གུ་དུང་དང་གསེར་ཉ་འཛིན། །ལྷ་མོ་དེའི་དབང་༴ ཏྲཾ་མཾ་ག་ལ་དེ་ཝི་ཨ་བྷི་ཥིཉྩ་ཧཱུྃ། ཞེས་པ་ཡན་ཆད་ལྷ་དབང་ངོ་། །དེ་ནས་རྫས། རྫས་དབང་འདི་འོག་ཨུ་པ་ཡ་ལའང་སྦྱོར་བྱས་ཀྱི། དེ་ནས་རྫས་དབང་རྣམས་ཀྱི་དང་པོ་རྒྱ་མཚོ་གཏད་ལ། གླིང་བཞི་ནི། སྔོན་བཅོམ་ལྡན་འདས་རྒྱ་མཚོ་ཆེན་པོའི་གླིང་དུ་གཤེགས་པའི་དུས་སུ། དཔལ་ཕྱག་ན་རྡོ་རྗེ་ལ་རྒྱ་མཚོ་ཆེན་པོས་དབང་བསྐུར་བས། སྐྱེ་བ་མེད་པའི་ཆོས་ཟབ་ཅིང་རྒྱ་ཆེ་བ་རྒྱུད་ལ་རྟོགས་པར་གྱུར་ཏོ། །དེ་བཞིན་དུ་རྒྱ་མཚོ་ཆེན་པོས་དབང་བསྐུར་བས། སྐྱེ་བ་མེད་པ་གཏིང་ཟབ་ཅིང་རྒྱ་མཚོ་ཡངས་པ་ཀུན་ཏུ་སྙམས་པའི་ཡོན་ཏན་ཆེན་པོ་སྟེ། སྐྱེ་འགགས་མེད་པ་རྒྱ་མཚོ་ཆེན་པོ་ལས་ཟབ་ཅིང་རྒྱ་མཚོ་ཆེན་པོ་ལས་ཟབ་ཅིང་རྒྱ་ཆེ་བའི་ཆོས་དོན་རྟོགས་པར་གྱུར་ཅིག །ཆོས་ཉིད་རྒྱ་མཚོ་ལྟ་བུ་ཐུགས་ཆུད་ནས། །ཟབ་ཅིང་གཏིང་དཔག་དཀའ་བའི་རྒྱ་མཚོ་ལ། །ཡིད་བཞིན་ནོར་བུ་ཁ་དོག་མཛེས་པའི་ཚུལ། །འདི་ནི་རྒྱ་མཚོ་དབང་གི་བཀྲ་ཤིས་གཅིག་པའོ། །མཆོད་རྟེན། སྔོན་བཅོམ་ལྡན་འདས་མཛད་པ་བཅུ་གཉིས་མཐར་ཕྱིན་པའི་དུས་སུ། ཨུ་དུམ་ཝ་རའི་མེ་ཏོག་དང་སྦྱར་ནས། དཔལ་ཕྱག་ན་རྡོ་རྗེ་ལ་རང་བྱུང་གི་མཆོད་རྟེན་དང་སྤྲུལ་པའི་མཆོད་རྟེན་ལ་སོགས་པས་དབང་བསྐུར་བས་རྣམ་པར་མི་རྟོག་པའི་ཆོས་ཀྱི་སྐུ་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་འདིར་ཡང་མཆོད་རྟེན་ཆེན་པོའི་དབང་བསྐུར་བས། ཆོས་སྐུ་ཐོབ་པའི་དབང་དང་ལྡན་པར་གྱུར་ཅིག །དྲན་པ་ཉེ་བར་བཞག་པའི་བང་རིམ་ལས། སྐྱེ་འགག་མེད་པའི་བུམ་པ་ཟླུམ་པོས་བརྒྱན། །ཆོས་ཀྱི་འཁོར་ལོ་མ་འདྲེས་རྟོགས་ལ་སོགས། །རྣམ་པར་མི་རྟོག་ཆོས་སྐུ་ཐོབ་པར་ཤོག །ལྟ་བའི་ས་དང་མངོན་པར་བྱང་ཆུབ་མཚུངས་པ་མི་མངའ་ཡང་། །ཆོས་ཀྱི་འཁོར་ལོ་བསྐོར་དང་ཆོ་འཕྲུལ་སྟོན་ལ་སོགས། །ལྷ་ཡུལ་ནས་གཤེགས་སྟོན་པ་དབྱིངས་སུ་བཞུགས། །སྟོབས་བཅུ་མཐར་ཕྱིན་མངའ་བའི་མཆོད་རྟེན་དབང་གི་བཀྲ་ཤིས་གཉིས་པའོ། །ལྗོན་ཤིང་། སྔོན་བཅོམ་ལྡན་འདས་གྱད་ཡུལ་གྱི་ཉེ་འཁོར་ན་བཞུགས་པའི་དུས་སུ། དཔལ་ཕྱག་ན་རྡོ་རྗེ་ལ་དཔག་བསམ་ཤིང་གི་དབང་བསྐུར་བས། དགོས་འདོད་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་གྱུར་ཏོ། །དེ་བཞིན་དུ་དཔག་བསམ་ཤིང་གི་དབང་བསྐུར་བས། དགོས་འདོད་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག །གང་ལ་ཅི་འདོད་དཔག་བསམ་ཤིང་ལྟ་བུ། །ཡོན་ཏན་ཟད་མེད་ཡིད་བཞིན་གཏེར་དང་ལྡན། །རྟེན་པའི་རྒྱུ་དང་འབྲས་བུའི་ཚུལ་ཡིན་ཏེ། །དགོས་པའི་དོན་རྣམས་ཡིད་བཞིན་འགྲུབ་པར་ཤོག །ལྷའི་རེ་བསྐང་དཔག་བསམ་ལྗོན་ཤིང་ལྟར། །འཕགས་པའི་ཡོན་ཏན་བརྗོད་ཀྱིས་མི་ལངས་ཏེ། །རེ་བ་ཡིད་བཞིན་ཕུན་སུམ་ཚོགས་པའི་རྫས། །འདོད་དགུའི་འབྱུང་གནས་རིན་ཆེན་དཔག་བསམ་ཤིང་། །འདི་ནི་དབང་གི་བཀྲ་ཤིས་གསུམ་པའོ། །དེ་ནས་རྫས་དབང་རིམ་པར་ཐོགས་ཏེ། སྔོན་བཅོམ་ལྡན་འདས་རི་རབ་ཀྱིས་ཟོམ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་སུ། དཔལ་ཕྱག་ན་རྡོ་རྗེ་ལ་རིན་ཆེན་སྣ་ལྔའི་རི་རབ་ཀྱི་དབང་བསྐུར་བས། མཐུ་སྟོབས་ཕུན་སུམ་ཚོགས་པ་དང་ལྡན་ཏེ། མི་འགྱུར་བའི་སྐུ་ཐོབ་པ་དེ་བཞིན་དུ། རིན་ཆེན་སྣ་ལྔའི་རི་རབ་ཀྱིས་དབང་བསྐུར་བས། མཐུ་སྟོབས་ཕུན་སུམ་ཚོགས་པ་དེ་མི་འགྱུར་བའི་སྐུ་ཐོབ་པར་གྱུར་ཅིག །གཟི་བརྗིད་ལྷུན་སྡུག་རི་རབ་མཆོག་གི་སྐུ། །ཆེ་བའི་ཡོན་ཏན་རྒྱས་པའི་བང་རིམ་མཆོག །ཐམས་ཅད་གནས་པའི་རི་བོ་ཆེན་པོ་ལ། །མཐུ་སྟོབས་མི་འགྱུར་སྐུ་རྣམས་རྫོགས་པར་ཤོག །སྐྱེ་བ་འགྲོ་དྲུག་ཁམས་རྣམས་ཡོངས་ཀྱིས་སྲོག །ཁ་དོག་མཛེས་ལེགས་རིན་ཆེན་སྣ་ཚོགས་ཞིང་། །ཕྱོགས་བཞི་དབུས་ཀྱིས་རིགས་དང་སྐུར་བསྟན་པ། །འདི་ནི་རིན་ཆེན་སྣ་ལྔའི་རི་རབ་ཀྱི། །དབང་གི་བཀྲ་ཤིས་ལེའུ་བཞི་པའོ། །སྔོན་བྱང་ཆུབ་སེམས་དཔའ་རྡོ་རྗེ་གདན་དྲུང་ན་བཞུགས་པའི་དུས་སུ། དཔལ་ཕྱག་ན་རྡོ་རྗེ་ལ་ས་གཞི་ཆེན་པོ་གནས་ཀྱི་དབང་བསྐུར་བས། བཀྲ་ཤིས་བྱིན་ཆགས་པའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་ས་གཞི་གནས་ཀྱི་ས་དབང་བསྐུར་བས། བཀྲ་ཤིས་བྱིན་ཆགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །རབ་ཏུ་དབེན་པའི་གནས་མཆོག་དམ་པ་སྟེ། །མེ་ཏོག་དྲི་བསུང་མང་པོ་སྐྱེ་བ་དང་། །ཡོན་ཏན་ཚངས་པ་མ་ལུས་ཀུན་རྫོགས་ཏེ། །བདེན་པའི་བཀྲ་ཤིས་འབྱོར་བའི་བཀྲ་ཤིས་ཤོག །མེ་ཏོག་མཛེས་ལྡན་ཡིད་འོང་བརྒྱན་པའི་གནས། །ཆོས་ཀྱི་སྒྲ་སྙན་སྣ་ཚོགས་སྒྲ་སྐད་སྒྲོགས། །ཡོན་ཏན་ཀུན་ལྡན་སྟོན་པའི་བྱིན་རླབས་ནས། །གནས་གཞི་དབང་གི་བཀྲ་ཤིས་ལྔ་པའོ། །སྔོན་བཅོམ་ལྡན་འདས་ཝ་ར་ཎ་སིར་བཞུགས་པའི་ཚེ། དཔལ་ཕྱག་ན་རྡོ་རྗེ་ལ་བདུད་རྩི་ཆུའི་དབང་བསྐུར་བས། སྐྱེ་འཆི་མི་མངའ་བའི་དབང་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་བདུད་རྩི་བུམ་པའི་ཆུས་དབང་བསྐུར་བས། སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་ཐོབ་པར་གྱུར་ཅིག །བདུད་རྩིའི་ཆུ་རྒྱུན་འགྲོ་བའི་གསོབ་ཀྱི་མཆོག །ཉོན་མོངས་སྡུག་བསྔལ་ནད་རྣམས་མ་ལུས་ལ། །མ་རིག་དག་བྱེད་བདུད་རྩིའི་ཆུ་མཆོག་སྟེ། །སྐྱེ་ཤི་མེད་པ་དག་པའི་སྐུ་ཐོབ་ཤོག །བུམ་པའི་ཁ་རྒྱན་དཔག་བསམ་ཤིང་། །དབང་བསྐུར་བུམ་པར་སྤྱི་བླུག་པ། །བདུད་རྩི་བུམ་པ་འདིར་སྩོལ་ཅིག །འདི་ནི་བདུད་རྩི་ཆུ་བོའི་རྒྱུན་དབང་གི་བཀྲ་ཤིས་དྲུག་པའོ། །སྔོན་བཅོམ་ལྡན་འདས་རི་རབ་ཀྱི་ཟོམ་ལ་བཞུགས་པའི་ཚེ། དབང་པོ་བརྒྱ་བྱིན་གྱི་ཆོས་ཞུས་པའི་ད་རུ་ཀད་ཟ་རང་ཚག་ཕུལ་བས་ཆོས་སྒྲ་ཆེན་པོ་སྒྲོག་པའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་བཞིན་ད་རུ་ཀད་ཀྱི་དབང་བསྐུར་བས། ཆོས་སྒྲ་ཆེན་པོ་སྒྲོགས་པའི་དབང་ཐོབ་པར་གྱུར་ཅིག །ཆོས་ཀྱི་རྒྱལ་སྲིད་ཆེན་པོ་མངའ་བརྙེས་ཤིང་། །མ་རིག་མུན་པ་མ་ལུས་བསལ་བ་དང་། །རྨོངས་པའི་ཤེས་པ་མ་ལུས་སྒྲོལ་བའི་ཕྱིར། །ཆོས་རྣམས་ཐམས་ཅད་གང་བཞིན་སྒྲོགས་པར་ཤོག །འཇམ་མཉེན་རེག་བདེ་དར་གྱི་ཟ་ར་ཚགས། །ལྷབ་ལྷུབ་དབང་གི་བཀྲ་ཤིས་བདུན་པའོ། །སྔོན་བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་གྱིི་གནས་སུ་བརྒྱ་བྱིན་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ། རིན་པོ་ཆེའི་ཁྲི་རྐང་ཕུལ་ནས་བཞུགས་པས་ཆོས་ཤེས་པའི་རྒྱུད་ལ་གོ་ཞིང་སྒྲོགས་པར་གྱུར་ཏོ། །དེ་བཞིན་དུ་རཏྣའི་ཁྲི་རྐང་གི་དབང་བསྐུར་བས། ཆོས་མ་ནོར་བར་གོ་ཞིང་སྒྲོགས་པའི་དབང་ཐོབ་པར་ཤོག །རིན་ཆེན་གསེར་གྱི་ཁྲི་སྟེངས་སུ། །ཆོས་སྒྲ་ཆེན་པོ་སྒྲོགས་པ་ཡི། །འགྲོ་བ་རྣམས་ཀྱི་མི་ཤེས་གྲོལ། །ཆོས་རྣམས་གོ་ཞིང་སྒྲོགས་པར་ཤོག །ཚད་མེད་བཞི་ལྡན་ལེགས་བྱེད་གསེར་གྱིས་ཁྲི། །ཡོན་ཏན་ཚོགས་རྫོགས་རིན་ཆེན་སྣ་ཚོགས་འཆར། །འགྲོ་བའི་ཡིད་བཞིན་ཟད་མེད་དགོས་འདོད་བསྐང་། །ཁྲི་མཆོག་དབང་གི་བཀྲ་ཤིས་བརྒྱད་པའོ། །སྔོན་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ། བརྒྱ་བྱིན་གྱི་མེ་ཏོག་ཆུན་པོ་བྲེས་པས་སེམས་ཅན་འཁོར་བ་ལས་བསླུ་ཤིང་བྲེད་པའི་མཆོག་ཏུ་གྱུར་ཏོ། །དེ་བཞིན་དུ་མེ་ཏོག་ཆུན་པོས་དབང་བསྐུར་བས། འཁོར་བ་ལ་ཡིད་དབྱུང་བ་མཛེས་པའི་རྒྱན་མཆོག་དམ་པ་ཐོབ་པར་གྱུར་ཅིག །སྡུག་ཅིང་མཛེས་པའི་མེ་ཏོག་དམ་པ་འདི། །ཁ་དོག་མ་འདྲེས་སོ་སོར་གསལ་བ་མཆོག །སེམས་ཅན་ཀུན་གྱི་ལྟ་བར་འོས་པའི་གནས། །མཛེས་པའི་རྒྱན་མཆོག་དམ་པ་ཐོབ་པར་ཤོག །མེ་ཏོག་ཆུ་སྐྱེས་ཐང་སྐྱེས་དམ་པ་འདི། །རིན་ཆེན་ཕྲེང་ལྡན་མེ་ཏོག་ཆུན་པོར་འབེབ། །འདི་ནི་དབང་གི་བཀྲ་ཤིས་དགུ་པའོ། །སྔོན་བཅོམ་ལྡན་འདས་རི་རབ་ཁང་པ་བརྩེགས་པར། ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ། སུམ་ཅུ་རྩ་གསུམ་གྱི་ལྷའི་བུ་ཉི་འོད་དམ་པས། རྔ་ཡབ་ཀྱི་གཡས་པས་གཟི་མདངས་དང་ལྡན་པར་གྱུར་ཏོ། །དེ་བཞིན་དུ་རྔ་ཡབ་ཀྱི་དབང་བསྐུར་བས། དགྱེས་པ་ཆེན་པོའི་གཟི་བརྗིད་དང་ལྡན་པར་གྱུར་ཅིག །སྙན་པའི་སྒྲ་རྣམས་མ་ལུས་སྒྲོགས་པ་དང་། །ཉོན་མོངས་སྡུག་བསྔལ་དྲི་མ་མ་ལུས་པ། །ཐམས་ཅད་མྱུར་དུ་གོ་བའི་བློ་ཐོབ་ནས། །བཀྲ་ཤིས་གཟི་མདངས་མཆོག་དང་ལྡན་པར་ཤོག །རྒྱལ་བའི་སྐུ་ལ་ཉེས་པ་མ་གོས་ཀྱང་། །དག་ཅིང་བསིལ་བར་བྱེད་པའི་རྔ་ཡབ་འདི། །སྐུའི་དྲི་མ་ལྗན་ལྗིན་དག་པར་བྱེད། །རྔ་ཡབ་དབང་གི་བཀྲ་ཤིས་བཅུ་པའོ། །སྔོན་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བཞུགས་པའི་ཚེ། སུམ་ཅུ་རྩ་གསུམ་གྱིས་ལྷའི་བུ་ཀུན་ནས་འོད་ཟེར་བྱུང་བས་རྡུལ་གཡབ་ཀྱི་རྡུལ་གཡབ་པས། ཆོས་ཉིད་སྐྱོན་གྱི་གོས་པར་གྱུར་ཏོ། །དེ་བཞིན་དུ་ལྷའི་རྡུལ་གཡབ་ཀྱི་དབང་བསྐུར་བས། ཆོས་ཉིད་ཟབ་མོའི་དོན་ལ་འཇུག་པའི་དབང་ཐོབ་པར༴ ཉོན་མོངས་རྡུལ་རྣམས་མ་ལུས་ཕྱི་བ་དང་། །དུས་གསུམ་བདེ་བར་གཤེགས་པ་བཞུགས་པའི་གནས། །མ་ཆགས་སྐྱོན་གྱི་དྲི་མ་བསལ་བའི་ཕྱིར། །བཀྲ་ཤིས་གཙང་མའི་རས་ཀྱི་སྐུ་ཕྱི་བས། །རྡུལ་གཡབ་དབང་གི་བཀྲ་ཤིས་བཅུ་གཅིག་པའོ། །སྔོན་བཅོམ་ལྡན་འདས་ནགས་ཚལ་ན་བཞུགས་པའི་ཚེ། སུམ་ཅུ་རྩ་གསུམ་ལྷའི་བུ་ཞིག་གི་སྦྲང་གཡབ་ཀྱི་གཡབ་པས། སེམས་ཅན་དུ་འཛིན་པའི་སྐྱོན་ལས་གྲོལ་བར་གྱུར་ཏོ། །དེ་བཞིན་དུ་ལྷའི་སྦྲང་གཡབ་ཀྱི་དབང་བསྐུར་བས། འཛིན་ཆགས་ཀྱི་སྐྱོན་ལས་གྲོལ་བའི་དབང་དང་ལྡན་པར་གྱུར་ཅིག །ཉོན་མོངས་སེམས་ཅན་མ་རིག་བསལ་བ་དང་། །འབྲས་བུ་ཐར་པའི་གོ་འཕང་ཐོབ་པ་དང་། །བདེ་བར་གཤེགས་པའི་ཞབས་དྲུང་འཁོར་བའི་ཕྱིར། །འཇིག་རྟེན་སྐྱོན་གྱི་དྲི་མ་དག་པར་ཤོག །དྲང་སྲོང་ཆེན་པོ་བསམ་གཏན་གནས་པ་ལ། །སྲོག་ཆགས་གདུག་པའི་གཟུགས་བརྙན་བསམ་པའི་ཕྱིར། །རྔ་ཡབ་རྒྱལ་བའི་རིང་བསྲེལ་བསྐོར་བའི་ཕྱིར། །སྦྲང་གཡབ་དབང་གི་བཀྲ་ཤིས་བཅུ་གཉིས་པའོ། །སྔོན་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བཞུགས་པའི་ཚེ། འཁོར་རྣམ་བཞིའི་བླ་རེ་བྲེས་པས་ཉོན་མོངས་པའི་གདུང་བ་ཞི་བར་གྱུར་ཏོ། །དེ་བཞིན་དུ་བླ་རེའི་དབང་བསྐུར་བས། ཉོན་མོངས་པའི་རྡུལ་གྱི་དྲི་མས་མ་གོས་པའི་དབང་དང་ལྡན་པར་གྱུར་ཅིག །ཆོས་འཁོར་བསྐོར་ཕྱིར་བླ་རེ་བྲེ། །མིའི་རྒྱལ་པོ་བདེར་གཤེགས་བཞུགས་པའི་གནས། །དབང་ཕྱུག་ཆེན་པོའི་མངའ་བདག་ཆེན་པོ་སྟེ། །ཉོན་མོངས་རྡུལ་གྱི་དྲི་མ་མེད་པར་ཤོག །དཔག་བསམ་ལྗོན་ཤིང་མེ་ཏོག་ལོ་འདབ་རྒྱས། །ཉི་ཟླ་གཟའ་སྐར་མང་པོས་སྤྲིན་གཏིབ་ནས། །བཀྲ་ཤིས་བྱ་སྐད་མང་པོ་འཕུར་ཞིང་ལྡིང་། །དར་ཟབ་དབང་གི་བཀྲ་ཤིས་བཅུ་གསུམ་པའོ། །སྔོན་བཅོམ་ལྡན་འདས་བྱ་རྒོད་ཕུང་པོའི་རིར་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ། འཁོར་རྣམ་བཞིས། རྒྱལ་མཚན་ཆེན་པོ་བཙུགས། ཆེ་བའི་ཡོན་ཏན་མི་ནུབ་ནུབ་པ་མེད་པའི་དབང་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་རྒྱལ་མཚན་གྱི་དབང་བསྐུར་བས། ཆེ་བའི་ཡོན་ཏན་ནུབ་པ་མེད་པའི་དབང་ཐོབ་པར་གྱུར་ཅིག །ལྷུན་གྲུབ་སྐུ་བརྙེས་རྫོགས་པའི་རྒྱལ་མཚན་ཏེ། ནུབ་དང་འཛད་མེད་དུས་མེད་སླར་ཞིང་རྒྱས། །ཡོན་ཏན་མཆོག་གྱུར་ཀུན་ལས་ཁྱད་པར་འཕགས། །ཆེ་བའི་ཡོན་ཏན་ནུབ་པ་མེད་པར་ཤོག །དཔའ་བརྗིད་མཛེས་པའི་འཇིག་རྟེན་ཡོངས་ཀྱིས་རྒྱན། །བདུད་དང་མུ་སྟེགས་ཚོགས་དཔུང་འཇོམས་པར་བྱེད། །རྒྱལ་བའི་སྐུ་དང་དབྱེར་མེད་ཚུལ་གཅིག་གིས། །རྒྱལ་མཚན་དབང་གི་བཀྲ་ཤིས་བཅུ་བཞི་པའོ། །སྔོན་བཅོམ་ལྡན་འདས་སྐྱེད་མོས་ཚལ་དུ་གཤེགས་པའི་ཚེ། འཁོར་རྣམས་ཀྱིས་ཚ་བའི་གདུང་བ་ལ་གདུགས་ཀྱི་བཀབ་པས་ཚ་བའི་གདུང་བ་ཞི་བར་གྱུར་ཏོ། །དེ་བཞིན་དུ་གདུགས་ཀྱི་དབང་བསྐུར་བས། ཉོན་མོངས་པའི་གདུང་བ་ཐམས་ཅད་ཞི་བའི་དབང་ཐོབ་པར་གྱུར་ཅིག །གདུགས་ཀྱིས་ཚ་བའི་གདུང་བ་ཀུན་སེལ་ཅིང་། །གྲང་ཞིང་བསིལ་བའི་གདུགས་མཆོག་དམ་པ་སྟེ། །འགྲོ་བའི་ཉོན་མོངས་ཚ་གདུང་ཞི་བའི་གསོས། །རིམ་བཞིན་སྡུག་བསྔལ་མ་ལུས་སེལ་བར་ཤོག །ཅི་ལྟར་ཉོན་མོངས་ཚ་བས་གདུངས་པ་ལས། །གདུགས་ཀྱིས་ཚ་བའི་སྡུག་བསྔལ་སྐྱོབ་པ་ལྟར། །འཁོར་བའི་སྡུག་བསྔལ་ཉེས་པ་སྐྱོབས་པའི་ཕྱིར། །གདུགས་མཆོག་དབང་གི་བཀྲ་ཤིས་བཅྭོ་ལྔ་པའོ། །སྔོན་བཅོམ་ལྡན་འདས་ཡངས་པ་ཅན་གྱི་གྲོང་ཁྱེར་དུ་སྤྲེའུ་རྫིང་གི་འགྲམ་ཁང་བུ་བརྩེགས་པ་ན་བཞུགས་པའི་ཚེ། བྲམ་ཟེ་ཁམ་པས་སྔོན་གྱི་ཉེས་པ་བརྡས་ནས་ཉ་པ་རྣམས་ཀྱིས་ཉ་ཟིན་པ་ལ་འགྱོད་པ་དྲན་ནས་ཉ་རྒྱ་ཆེ་ཆུང་ཕུལ་བས། ཉ་པ་ལྔ་བརྒྱ་སངས་རྒྱས་པར་གྱུར་ཏོ། །དེ་བཞིན་དུ་ཉ་རྒྱའི་རྟགས་དར་གྱི་ལྡ་ལྡིའི་དབང་བསྐུར་བས། ངན་སོང་དུ་སོང་ངེས་ཀྱང་དེ་ལས་ཐར་ཏེ། སངས་རྒྱས་པའི་དབང་ཐོབ་པར་གྱུར་ཅིག །དར་གྱི་ལྡ་ལྡིའི་ཉོན་མོངས་ཀུན་སྤངས་ཏེ། །ལེགས་པའི་ཡོན་ཏན་མ་ལུས་རབ་རྫོགས་ནས། །མ་རིག་འཁྲུལ་པའི་ཤེས་པ་བློ་དག་ཅིང་། །ཉོན་མོངས་འཁོར་བའི་ནད་ལས་ཐར་བར་ཤོག །འཁོར་བའི་ཉེས་པ་དག་བྱའི་ཕྱིར། །སྡུག་བསྔལ་རྒྱ་མཚོ་བཀྲ་ཤིས་རྫས། །བག་ཆགས་ཀུན་དག་ལྡ་ལྡིའི་བརྒྱན། །དབང་གི་བཀྲ་ཤིས་བཅུ་དྲུག་པའོ། །སྔོན་བཅོམ་ལྡན་འདས་སྐྱེད་མོས་ཚལ་དུ་གཤེགས་པའི་ཚེ། ཁྱིམ་བདག་གི་བུ་མོ་བཟང་ལྡན་མས། ཨ་པར་སེའི་སྐུ་རེག་ཕུལ་བས་སྐུ་བརྟན་པའི་དབང་མཆོག་དང་ལྡན་པར་གྱུར་ཏོ། །དེ་བཞིན་དུ་སྐུ་རེག་གི་དབང་བསྐུར་བས། ལུས་བརྟན་པའི་སྐུ་རེག་གི་དབང་ཐོབ་པར་གྱུར་ཅིག །དྲི་མ་དག་པའི་སྐུ་རེག་གཙང་མའི་མཆོག །ཁྱིམ་བདག་དད་པས་འབུལ་བའི་སྐུ་ཆིངས་འདི། །སྐུ་ལ་དཀྲིས་ཤིང་རབ་ཏུ་བསྡམ་པས་ན། །མི་འགྱུར་བརྟན་པའི་སྐུ་མཆོག་ཐོབ་པར་ཤོག །ཐར་པ་མཆོག་གི་ལེགས་པར་གང་གསུངས་པ། །མི་དམིགས་དག་པའི་ཡེ་ཤེས་ཆོས་སྐུ་ཡི། །ཉོན་མོངས་དྲི་མ་མེད་པའི་སྐུ་བརྟན་པ། །སྐུ་རེག་དབང་གི་བཀྲ་ཤིས་བཅུ་བདུན་པའོ། །སྔོན་བཅོམ་ལྡན་འདས་རི་བོ་གངས་ཆེན་ན་བཞུགས་པའི་ཚེ། གནོད་སྦྱིན་རྣམས་ཀྱིས་སྤོས་རྣམ་པ་ལྔ་ཕུལ་བ་ནི། ཙན་དན། ག་བུར། གུར་གུམ། ཨ་ཀ་རུ། དུ་རུ་ཀ་སྟེ་དེ་རྣམས་ཕུལ་ཞིང་དབང་པོ་ཚིམ་ནས་བཀྲ་ཤིས་པར་གྱུར་ཏེ། དེ་བཞིན་དུ་སྤོས་རྣམ་པ་ལྔས་དབང་བསྐུར་བས། དབང་པོ་ཚིམ་ནས་བཀྲ་ཤིས་པའི་དབང་ཐོབ་པར་གྱུར་ཅིག །དབང་པོ་ཚིམ་བྱེད་བདུག་པའི་སྤོས་མཆོག་འདི། །དུས་གསུམ་བདེ་བར་གཤེགས་པ་མཆོད་པ་དང་། །འགྲོ་བ་མ་ལུས་དབང་པོ་ཀུན་ཚིམ་ཞིང་། །དྲི་ཞིམ་འཕགས་པའི་སྐུ་དང་ལྡན་པར་ཤོག །དྲི་ཞིམ་ངད་ལྡན་ཡོན་ཏན་ཕུན་སུམ་ཚོགས། །མཁའ་ལ་མཆོད་པའི་སྤྲིན་དཔུང་གཏིབས་བྱེད་ཅིང་། །ཡོངས་སུ་ཁྱབ་པའི་བདུག་མཆོག་དམ་པ་འདི། །ཚིམ་བྱེད་དབང་གི་བཀྲ་ཤིས་བཅྭོ་བརྒྱད་པའོ། །སྔོན་བཅོམ་ལྡན་འདས་ནགས་ཚལ་ན་བཞུགས་པའི་ཚེ། ཀླུའི་རྒྱལ་པོ་རྣམས་ཀྱིས་ཚྭ་མར་སྦྲང་རྩི་ཀ་ར། ཏིལ་ཏེ་སྙིང་པོ་ལྔ་ཕུལ་བས། ཆོས་ཀྱི་སྙིང་པོ་མི་ཟད་པའི་མཛོད་དུ་བཀྲ་ཤིས་པར་གྱུར་ཏོ། །དེ་བཞིན་དུ་སྙིང་པོ་ལྔས་དབང་བསྐུར་བས། ཚེ་མི་ཟད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །སྙིང་པོ་ལྔ་ནི་གསོས་ཀྱི་མཆོག །མི་འཛད་པའི་དབྱིགས་ཐོབ་སྟེ། ལེགས་པའི་ཡོན་ཏན་མཐར་ཕྱིན་ནས། །ཚེ་དང་ལོངས་སྤྱོད་འཕེལ་བར་ཤོག །ཚྭའི་རོ་བསྒྱུར་མར་གྱི་མདངས་དང་ལྡན། །སྦྲང་རྩིས་སྟོབས་རྒྱས་ཀ་རས་ནད་རྣམས་ཞི། །ཏིལ་གྱི་སྡིག་ཞི་དགེ་ཚོགས་རྣམ་པར་འཕེལ། །སྙིང་པོ་དབང་གི་བཀྲ་ཤིས་བཅུ་དགུ་པའོ། །སྔོན་བཅོམ་ལྡན་འདས་རི་བོ་གྲུ་འཛིན་ན་བཞུགས་པའི་ཚེ། གནོད་སྦྱིན་གཏེར་འཆང་རྣམས་ཀྱི། གསེར། དངུལ། ཟངས་ལྕགས། མུ་མན་ཏེ་རིན་པོ་ཆེ་རྣམ་པ་ལྔ་ཕུལ་བས་འཛད་མི་ཤེས་པའི་དཀོར་མཛོད་དང་ལྡན་པར་གྱུར་ཏོ། །དེ་བཞིན་དུ་རིན་ཆེན་རྣམ་པ་ལྔས་དབང་བསྐུར་བས། ལོངས་སྤྱོད་འཛད་མི་ཤེས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །རིན་ཆེན་གསེར་དངུལ་ཟངས་ལྕགས་སོགས། །མི་འཛད་ནོར་གྱི་ཚོགས་འདི་ཡི། །འཕགས་པའི་ནོར་བདུན་དང་ལྡན་ཏེ། །འགྲོ་བའི་དབུལ་བ་སེལ་བར་ཤོག །དགོས་པའི་ནོར་འབྱུང་རིན་ཆེན་སྣ་ཚོགས་མཆོག །འཛད་མི་ཤེས་པར་རེ་བ་བསྐངས་པའི་གཏེར། །བཀྲ་ཤིས་དབུལ་འཕོང་སྡུག་བསྔལ་སེལ་བྱེད་པ། །དགོས་འབྱུང་དབང་གི་བཀྲ་ཤིས་ཉི་ཤུ་པའོ། །སྔོན་བཅོམ་ལྡན་འདས་ཡུལ་ཨང་ག་མ་ག་དྷ་ར་བཞུགས་པའི་ཚེ། རྒྱལ་པོ་གསལ་རྒྱལ་གྱི། ནས། གྲོ། འབྲས། ཏིལ། སྲན་མ་སྟེ་འབྲུ་ལྔ་ཕུལ་བས། མུ་གེ་མེད་ཅིང་བཀྲ་ཤིས་པར་གྱུར་ཏོ། །དེ་བཞིན་དུ་འབྲུ་ལྔའི་དབང་བསྐུར་བས། མུ་གེའི་བསྐལ་པ་ལས་ཐར་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །རིན་ཆེན་འབྲུ་མཆོག་འགྲོ་བ་ཀུན་གྱི་གསོས། །མུ་གེའི་བསྐལ་པ་ཀུན་ལས་ཐར་བྱེད་ཅིང་། །སྦྱིན་པའི་ལོངས་སྤྱོད་རྟག་ཏུ་འཕེལ་བའི་ཕྱིར། །ཟས་གོས་མི་འཛད་གཏེར་དང་ལྡན་པར་ཤོག །ལོངས་སྤྱོད་ཚོགས་ཆེན་འབྱོར་པ་ཀུན་ལྡན་པ། །གང་ལ་ཅི་བཞིན་འབྱུང་བའི་གཏེར་ཆེན་པོ། །ཕུན་སུམ་ཚོགས་པ་དགེ་བའི་སྟོབས་བསྐྱེད་པ། །ལོངས་སྤྱོད་དབང་གི་བཀྲ་ཤིས་ཉེར་གཅིག་པའོ། །སྔོན་བཅོམ་ལྡན་འདས་ཙན་དན་གྱི་ནགས་སུ་གཤེགས་པའི་ཚེ། གཅན་གཟན་གྱི་རྒྱལ་པོ་སྟག་གིས་སྨན་བྱཱ་གྲི་ཕུལ་བས་བཀྲ་ཤིས་པར་གྱུར་ཏོ། །དེ་བཞིན་དུ་སྨན་སྟག་ཚེར་གྱི་དབང་བསྐུར་བས། བཀྲ་ཤིས་པའི་དབང་དམ༴ བཅོམ་ལྡན་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱི། །བྱོལ་སོང་གཏི་མུག་ཀུན་ཀྱང་འཇོམས་མཛད་པ། །བྱཱ་གྲི་སྨན་མཆོག་གཅན་གཟན་སྟག་གི་ཕུལ། །སྨན་གྱི་ནང་རྣམས་མ་ལུས་ཞི་བར་ཤོག །སེམས་ཅན་གདུག་པ་མ་ལུས་འདུལ་མཛད་པ། །ཐབས་ཀྱི་ཀུན་ལ་ཆོ་འཕྲུལ་ཅིར་ཡང་སྟོན། །ཐུགས་རྗེ་ཆེན་པོས་གནས་ནས་འཛིན་མཛད་པའི། །ཆོ་འཕྲུལ་དབང་གི་བཀྲ་ཤིས་ཉེར་གཉིས་པའོ། །སྔོན་བཅོམ་ལྡན་འདས་སེང་ལྡིང་གི་ནགས་ཚལ་ན་བཞུགས་པའི་ཚེ། གཅན་གཟན་གྱི་རྒྱལ་པོ་སེང་གེས་སེང་ལྡིང་ཕུལ་བས། སྨན་གྱི་མཆོག་ཏུ་བཀྲ་ཤིས་པར་གྱུར་ཏོ། །དེ་བཞིན་དུ་སེང་ལྡིང་ཚེར་མས་དབང་བསྐུར་བས། སྨན་མཆོག་བཀྲ་ཤིས་པའི་དབང་དང་ལྡན་པར་གྱུར་ཅིག །སེང་ལྡིང་སྨན་མཆོག་གཅན་གཟན་རྒྱལ་པོས་ཕུལ། །བཅོམ་ལྡན་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །བྱོལ་སོང་གཏི་མུག་ཀུན་ཀྱང་གོ་མཛད་པ། །སྨན་མཆོག་ནད་རྣམས་ཀུན་ལས་ཐར་བར་ཤོག །གཟི་བརྗིད་འགྲོ་མཁས་འགྱིང་བའི་རྫུ་འཕྲུལ་ཅན། །གླིང་བཞི་འགྱིང་བའི་དུད་འགྲོའི་རྒྱལ་པོ་སྟེ། །སྒྲ་སྐད་བསྒྲགས་ཚེ་གཅན་གཟན་ཟིལ་གྱི་གནོན། །གདུལ་བྱེད་དབང་གི་བཀྲ་ཤིས་ཉེར་གསུམ་པའོ། །སྔོན་བཅོམ་ལྡན་འདས་རི་བཏང་བཟུང་ཆེན་པོར་བཞུགས་པའི་ཚེ། ཀླུའི་རྒྱལ་པོ་འཇོག་པོས་བྲི་ཧ་ཏི་ཕུལ་བས། མཆོག་གི་སྨན་བཀྲ་ཤིས་པར་གྱུར་ཏོ། །དེ་བཞིན་དུ་ཤུ་དག་དཀར་པོས་དབང་བསྐུར་བས། སྨན་མཆོག་བཀྲ་ཤིས་པའི་དབང་ཐོབ་པར་གྱུར་ཅིག །ཤུ་དག་སྨན་མཆོག་ཀླུ་ཡིས་ཕུལ་བ་སྟེ། །བཅོམ་ལྡན་ཐུགས་རྗེ་ཆེན་པོས་བྱིན་རླབས་ཀྱིས། །ཀླུ་རིགས་གཏི་མུག་ཀུན་ཀྱང་གོ་མཛད་པ། །སྨན་མཆོག་ནད་རྣམས་རབ་ཏུ་སེལ་བར་ཤོག །རིགས་པའི་ཆ་ལྡན་བྱང་ཆུབ་སེམས་དཔའ་ཡི། །འགྲོ་བའི་རེ་བསྐངས་གཙུག་ན་རིན་ཆེན་མཆོག །ཐབས་ཀྱི་དོན་མཛད་མཐུ་དཔུང་ཆེ་བའི་ཀླུ། །ནད་སེལ་དབང་གི་བཀྲ་ཤིས་ཉེར་བཞི་པའོ། །སྔོན་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པའི་ཚེ། ལྷའི་དབང་པོ་བརྒྱ་བྱིན་གྱི་སྨན་ཧ་ས་དྷེ་ཝ་ཕུལ་བས། སྨན་མཆོག་སྙིང་པོར་བཀྲ་ཤིས་པར་གྱུར་ཏོ། །དེ་བཞིན་དུ་དབང་པོ་ལག་པས་དབང་བསྐུར་བས། སྨན་མཆོག་དམ་པའི་དབང་ཐོབ༴ དབང་པོ་ལག་པ་ལྷའི་དབང་པོས་ཕུལ། །བཅོམ་ལྡན་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱི། །ཆེན་པོ་ལྷ་ཡི་སེམས་ཀྱང་གོ་མཛད་པ། །སྨན་མཆོག་ནད་ཀུན་རབ་ཏུ་ཞི་བར་ཤོག །ལོངས་སྤྱོད་ལྡན་པ་ལྷ་དབང་བརྒྱ་བྱིན་མཆོག །སུམ་ཅུ་རྩ་གསུམ་ལྷ་ལས་རྣམ་རྒྱལ་བའི། །ལོངས་སྤྱོད་དབང་གི་བཀྲ་ཤིས་ཉེར་ལྔ་པའོ། །སྔོན་བཅོམ་ལྡན་འདས་ནགས་ཚལ་ཆེན་པོའི་ཚལ་དུ་གཤེགས་པའི་ཚེ། ཤིང་གི་ལྷ་མོ་འོད་འཆང་མས། ཀན་ཏ་ཀ་རི་ཕུལ་བས་སྨན་མཆོག་སྙིང་པོ་བཀྲ་ཤིས་པར་གྱུར་ཏོ། །དེ་བཞིན་དུ་ཀན་ཏ་ཀ་རིས་ཀྱི་དབང་བསྐུར་བས། སྨན་མཆོག་སྙིང་པོའི་དབང་༴ བཅོམ་ལྡན་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ཤིང་གི་ལྷ་མོའི་སེམས་ཀྱང་གོ་མཛད་པ། །ཀན་ཏ་ཀ་རི་ཤིང་གི་ལྷ་མོས་ཕུལ། །སྨན་མཆོག་དེའི་ནད་ཀུན་ཞི་བར་ཤོག །ནགས་ཚལ་ཆེན་པོ་ལྗོན་ཤིང་ལ། །བདེ་བ་དགོས་པའི་རེ་བསྐང་བ། །ལྷ་མོ་འོད་འཆང་རབ་ཏུ་ཕུལ། །དབང་མཆོག་བཀྲ་ཤིས་ཉེར་དྲུག་པའོ། །ཞེས་པའང་དབང་རྫོགས་པར་བསྐུར་རོ། །དེ་ནས་ལམ་ཁྱེར་གྱི་ཐེག་པ་ཀྲི་ཡ། ལྷ་རིགས་གསུམ་མགོན་པོའི་སྙིང་པོ། ༀ་ཝཱ་གི་ཤྭ་རི་མུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་བཛྲ་པཱ་ཎི་ཧཱུྃ། དབང་ཀྲི་ཡའི་དབང་ཉི་ཤུ་རྩ་དྲུག་གོ། །དེའང་ཐེག་པ་འཇུག་སྒོ་ཁྲུས་དང་གཙང་སྦྲ་སྟེ། ལས་ལ་འཇུག་པའི་སྐབས་དག་ཏུ། །ལུས་ནི་ས་ཡི་དྲིལ་ཕྱིས་བྱས། །ཆུ་ནང་སྙོགས་མ་མེད་ཞུགས་ཏེ། །ཅི་ལྟར་འདོད་པ་བཞིན་དུ་བཀྲུ། །ཞེས་སོ། །ལྟ་བ་དོན་དམ་པའི་བདེན་པ་སེམས་དག་པའི་མཐའ་དང་བྲལ་བ་འདི་སྟོང་གསལ་གྱི་ཡེ་ཤེས་ཆེན་པོར་རྟོགས། དེའི་ཡོན་ཏན་ཀུན་རྫོབ་རིགས་གསུམ་ལྷའི་དལ་དུ་ཡེ་ནས་སངས་རྒྱས་པར་འདོད་དེ། དེའང་ཡུལ་ཕར་སྣང་ཕྱི་རོལ་གྱི་མཐོ་འཇམ་རྩུབ་དང་། འབྱུང་གསུམ་དང་། ཚུར་ནང་ནས་འཆར་བའི་སྒོ་གསུམ་དུག་གསུམ ། སྲིད་གསུམ་ལྷའི་དལ་དུ་འདོད་དེ། ཀུན་རྫོབ་སྣང་བ་རིགས་གསུམ་འདྲ། །རྗེ་དང་འདྲ་བ་གཙང་མས་འགྲུབ། །དོན་དམ་དག་པའི་ཆོས་ཉིད་དོ། །དྲུག་བྱེད་རིགས་ཀྱི་དཀྱིལ་འཁོར་དུ། །མཐོང་བའི་དངོས་པོ་མཐོ་འཇམ་རྩུབ། །ཅེས་སོ། །བསྲུང་བའི་དམ་ཚིག་ནི། སྡོམ་པ་གཅིག་གསུམ་ལ་སོགས། རིགས་གསུམ་ལའང་། བདུན་ནམ། ཉི་ཤུ་རྩ་དྲུག་ཏུ་བསྲུང་བའོ། །རིགས་གསུམ་དབང་བྱས་གསུམ་མམ་བདུན། ཡང་ན་ཉི་ཤུ་དག་ཏུ་བསྲུང་། ཏིང་འཛིན་ནི་ལྷ་ཡེ་ཤེས་སེམས་དཔའ་རྗེ། དམ་ཚིག་པ་བྲན་དུ་དམིགས་ཏེ། དཔུང་བཟང་ལས། ཡེ་ཤེས་སེམས་དཔའ་རྗེར་དམིགས་ཏེ། །དམ་ཚིག་སེམས་དཔའ་བྲན་དུ་ལྟ། །གཙང་མའི་ཕུད་ཀྱི་མཆོད་བྱེད་ནས། །དངོས་གྲུབ་དམ་པ་ཐོབ་པར་འགྱུར། །ཞེས་སོ། །སྤྱོད་པ་ནི་བྱ་བ་དྲུག་སྟེ། བཟའ་བ་ཟས་དཀར་གསུམ་དང་། མངར་གསུམ་དང་། བཟའ་བ་ཤ་ཆང་སྒོག་ཙོང་བསྲུང་བའོ། །བགོ་བ་གོས་ཀྱི་བྱ་བ་རས་ཁ་ཚར་མ་ཉམས་པ་གྱོན་པའོ། །གཙང་སྦྲ་ཁྲུས་ཀྱི་བྱ་བ་བཞི་སྟེ། ཉོན་མོངས་པ་མངོན་དུ་རྒྱུ་བ་རགས་པའི་བག་ཆགས་ལྟ་བ་རྟོགས་པས་དག །བག་ཉལ་གྱི་བག་ཆག་ཏིང་ངེ་འཛིན་སྒོམ་པས་དག །སྤྱོད་ལམ་ཉམས་པའི་དྲི་མ་ལྷའི་དལ་བསྡུ་ཞིང་ཡེ་ཤེས་པ་གཤེགས་པས་དག །ཐ་མལ་པའི་དྲི་མ་ཆུས་དག་པའོ། །དེའང་ཐ་མ་ལ་དྲི་མ་ཆུའི་དག །ཆུ་ནི་སྔགས་ཀྱི་དག་པར་བྱ། ཞེས་སོ། །དངོས་གྲུབ་རྟེན་གྱི་བྱ་བ་ནི། དམིགས་པའི་རྟེན་ཡི་དམ་ལྷའི་སྐུ་གཟུགས། གཙང་སྦྲའི་བཞེངས་ནས་བྱེད་པའོ། །འཇུག་པ་དུས་ཚོད་ཀྱི་བྱ་བ་ནི། དཔུང་བཟང་ལས། ཚེས་གྲངས་བཟང་པོ་ལ་འཇུག་སྟེ། ཚེས་གྲངས་ཡར་གྱི་བརྒྱད་ལ་བརྩམ། །ཤིན་ཏུ་སྐར་མ་རྒྱལ་རྣམས་ལ། །གཟའ་སྐར་ཤིས་པས་བླང་བར་བྱ། །བྱང་ཆུབ་སྤྱོད་པ་ཆེར་འཕེལ་འགྱུར། །ཞེས་སོ། བཟླས་བརྗོད་སྔགས་ཀྱི་བྱ་བ་ནི། དེ་ཉིད་གསུམ་དང་ལྡན་པ་སྟེ། ལྷའི་བདག་གི་འཕྲོ་འདུའི་དེ་ཉིད་དང་ལྡན། སྔགས་ཀྱི་སྐྱོན་བཅུ་སྤང་བཟླའོ། །དེ་ཉིད་འདུས་པ་ལས། གསང་བ་གསུམ་ལྡན་སྐྱོན་བཅུ་སྤངས་ཏེ་བླངས། མཚམས་མེད་ལྔ་དང་མི་དགེ་བཅུ་སྤྱོད་དང་། སྡིག་པ་གང་བྱས་བཟླས་བརྗོད་བྱས་པས་བྱང་། ཞེས་སོ། །འབྲས་བུ་ནི། རིགས་གསུམ་རྡོ་རྗེ་འཛིན་པའི་ས་ཐོབ་སྟེ། དག་པ་མཐའ་བཞི་དང་བྲལ་བ་ཆོས་སྐུ། རིགས་གསུམ་ལོངས་སྐུ། རིགས་ཀྱི་ཁྲོ་བོ་ཕོ་ཉ་ལ་སོགས་སྤྲུལ་སྐུའོ། །དེ་ཡང་། བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །རིགས་གསུམ་ཏིང་འཛིན་མཐུ་ཆེན་འགྱུར། །སངས་རྒྱས་ཕྲིན་ལས་ཀུན་རྫོགས་ནས། །རྡོ་རྗེ་འཛིན་སོགས་གནས་པར་འགྱུར། །ཞེས་སོ། །འགག་ནི། གནས། ཝ་ར་ཎ་སིའམ། མེ་ཏོག་འཇའ་ཚོན་གྱི་ཚལ། སྟོན་པ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ། འཁོར་ཕྱག་རྡོར་རམ། རྡོ་རྗེ་ཟླ་འབར་རྩལ། དབང་རི་རབ་མཆོད་རྟེན་ལ་སོགས་ཀྲི་ཡའི་དབང་ཉེར་དྲུག །གང་གི་ཕྱིར་ན་དམ་ཚིག་དང་ལྡན་པའི་རྗེས་སུ་བཟུང་ཕྱིར། དགོངས་པ་དབང་བསྐུར་བའི་འབྲས་བུ་དེ་དག་གོ། །དེ་ནས་དབང་དེ་མཐར་བརྟན་པའི་ཕྱིར། གདམ་ངག་ལམ་ཁྱེར་གསལ་གདབ་པ་ནི། སྤྱི་བོར་ཐིག་ལེ་དཀར་དམར་མཐིང་གསུམ་བརྩེགས་མར་བསལ། དཀར་པོ་ལ་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་མཆོད། ཚུར་འདུས་སྤྱི་བོར་ཐིམ་པས། འཇམ་དཔལ་སྐུ་མདོག་སེར་པོ་རལ་གྲི་ཨུཏྤལ་འཛིན་པར་བསམ། དམར་པོ་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་མཆོད། ཚུར་འདུས་མགྲིན་པར་ཐིམ། སྤྱན་གཟིགས་དཀར་པོ་པདྨ་འཛིན་པར་བསམ། མཐིང་ཀ་ལས་འོད་འཕྲོས། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་སྙིང་ཁར་ཐིམས་པས་ཕྱག་རྡོར་སྐུ་མདོག་སྔོན་པོ་རྡོ་རྗེ་འཛིན་པར་བསྒོམ། དེ་ལྟར་སྒོ་གསུམ་སྐུ་གསུང་ཐུགས་ཀྱི་ངོ་བོར་བསྒོམ་ནས་སྤྱོད་ལམ་རྣམ་བཞིར་ལ་གསུམ་གྱི་ངང་ལས་མི་འདའ་བར་བྱའོ། །དེ་ནས་དཀྱིལ་འཁོར་བསྡུ། ཡོན་འབུལ། བཀྲ་ཤིས་བརྗོད་པ་ནི། མེ་ཏོག་བཀྲམ། བཅོམ་ལྡན་གསེར་མདོག་རི་ཡི་རྒྱལ་པོ་འདྲ། །འཇིག་རྟེན་གསུམ་མགོན་འཇམ་པའི་དབྱངས་ཀྱིས་སྐུ། །བདེར་གཤེགས་སྐུ་ཡི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཅོམ་ལྡན་དུང་མདོག་རི་ཡི་རྒྱལ་པོ་འདྲ། །འཇིག་རྟེན་གསུམ་མགོན་སྤྱན་རས་གཟིགས་ཀྱི་གསུངས། །བདེར་གཤེགས་གསུང་གི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས༴ བཅོམ་ལྡན་མཐིང་མདོག་རི་ཡི་རྒྱལ་པོ་འདྲ། །འཇིག་རྟེན་གསུམ་མགོན་ཕྱག་ན་རྡོ་རྗེའི་ཐུགས། །བདེར་གཤེགས་ཐུགས་ཀྱི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས༴ ཤར་ལྷོ་ནུབ་བྱང་དཔལ་བེའུ་འཁོར་ལོ་དང་། །པདྨ་རྒྱལ་མཚན་གདུགས་བུམ་དུང་དང་ཉ། །ལྷ་མོ་བརྒྱད་ཀྱི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་བརྗོད་ཅིང་མེ་ཏོག་འཐོར། རྟེན་འབྲེལ་སྙིང་པོ། རོལ་མོ་དང་བཅས་བྱ། དགེ་རྩ་བྱང་ཆུབ་ཏུ་བསྔོ་བར་བྱའོ། །དེ་ནས་ཀྲི་ཡའི་ཆོ་གའི་འགྲིག་རིམ་མོ། ༈ །ཨུ་པ་ཡའོ། །ཨུ་པ་ཡའི་ཐེག་པ་ལ། དུས་བཟང་ས་བཙལ་བླང་བསྲུང་སྦྱངས། ས་བཟུང་བྱིན་རླབས་བསྙེན་ཐིག་གདབ། །གསོལ་བཏབ་དལ་བྲི་མཆོད་བཤམས་ཁྲུས། །ཆོས་བཤད་སྤྱན་དྲངས་ཕྱག་བྱ་བ། །གཞུག་བསྲུང་སྤྱན་དྲངས་མཆོད་པ་ཆ་གསུམ་བཏང་། བུམ་བཟླས་འཛབ་དབྱངས་སྦྱིན་བསྲེགས་བྱ། ཆོས་བཤད་སེམས་བསྐྱེད་དབང་བསྐུར་རོ། །ཐེག་སྒོ་ལྟ་ཁྲིམས་ཏིང་སྤྱོད་འབྲས། །ལམ་ཁྱེར་འགག་གནས་སྟོན་པ་འཁོར། །ཕྱིར་སྒོས་བཏང་རག་རིག་དབྱེ་བྱ། །གཤེགས་གསོལ་བཀྲ་ཤིས་བསྔོ་བའོ། །དེ་ལ་དང་པོ་དུས་ནི། སངས་རྒྱས་ཀྱི་དུས་མཆོད་ལ་བྱས་ནས་བསོད་ནམས་བྱེ་བ་ཕྲག་བརྒྱའི་འགྱུར་ཡོད་དེ། དེའང་རྒྱས་པ་ལས། རྒྱལ་གྱི་ཉ་ལ་བལྟམས་ཞིང་ཆོས་ལ་གཤེགས། །དགུན་གྱི་ཉི་མ་ལྡོག་པའི་དུས་ཡིན་ནོ། །སྟག་གི་ཡར་ངོ་ཆོ་འཕྲུལ་ཆེ་བར་བསྟན། །མུ་སྟེགས་སྟོན་པ་རྣམ་གསུམ་འཁོར་བཅས་བརྟུལ། །ཁྲ་ཟླའི་ཉ་ནས་ཞག་བཅུ་ཉེར་ལྔ་ལ། །ཚངས་པའི་དྲང་སྲོང་བརྟུལ་ནས་སྔགས་དབང་བསྐུར ། །ནག་པའི་བརྒྱད་ནས་བཅོ་ལྔ་སངས་རྒྱས་ཀུན། །དངོས་ཀྱི་དབང་བསྐུར་རྡོ་རྗེ་ཐེག་ལམ་སྟོན། །ས་གའི་ཉའི་དཀར་ནག་མཚམས་སངས་རྒྱས། །དཔྱིད་ཁ་ནམ་དང་ཉི་མ་མཉམ་དུས་ཡིན། །ཆུ་ཟླའི་ཚེས་ལྔ་ཚེས་བརྒྱད་ཆོས་འཁོར་བསྐོར། །དབྱར་ཉི་ཟློག་དུས་མེ་ཏོག་ཨུག་ཆོས་སྐྱེ། །དབྱུག་ཟླ་ཆོ་འཕྲུལ་ཆུང་བ་མུ་སྟེགས་ཀྱི། །སྟོན་པ་དྲུག་བཏུལ་སྟོན་ཁ་ཉིན་མཚན་མཉམ། །མྱ་ངན་འདས་ཏེ་ཆོས་བརྒྱད་ནམ་ཕྱེད་ཡིན། །ཞེས་པས་དུས་དེ་དག་ལ་འཇུག་པར་བྱའོ། །གཉིས་པ་ས་བཙལ་བ་ནི། ཞི་རྒྱས་ལ་བཀྲ་ཤིས་པའི་ས། །དྲག་པོ་ལ་གདུག་པ་ཅན་གྱི་སའོ། །གསུམ་པ་ས་བླང་བ་དང་། བཞི་པ་ས་བསྲུང་བ་དང་། ལྔ་པ་ས་སྦྱངས་བ་དང་། དྲུག་པ་ས་བཟུང་བ་རྣམས་གོང་ལྟར་བྱའོ། །བདུན་པ་བྱིན་བརླབ་ནི། སྤྱིར་ཐེག་པ་དགུའི་ཆོག་ཁྲིག་གང་རུང་བའི་རྒྱས་བསྡུས། གནས་དེའི་སྟེང་། སྲིད་རྩེ་ནས་འོག་དམྱལ་བའི་བར་གྱི་གནས་དང་། འགྲོ་བ་ཐམས་ཅད་འོད་ཟེར་གྱི་ཁྱབ་པའི་བསྐྱེད་རྫོགས་བསྟན་པ་གཅིག་བསྒོམ་པར་བྱའོ། །དེའང་བྱང་སེམས་ཀྱི་མཛད་པ་ཉི་ཤུའི་དབང་། ཀྲི་ཡའི་བཀྲ་ཤིས་ཉེར་དྲུག །ཡོ་གའི་དབང་དྲུག་ཅུ་རྩ་བཞི་ལ་ཚང་བར་བྱས་ནས། བྱ་རྒྱུད་གཙོར་བྱས་པའི་ཨུ་པ་དང་། རྣལ་འབྱོར་རྒྱུད་གཙོར་བྱེད་པའི་ཨུ་པའོ། །དང་པོ་ནི་ཕྱག་རྡོར་དབང་བསྐུར་བའི་རྒྱུད་དང་། རྡོ་རྗེ་རི་རབ་བརྩེགས་པའི་རྒྱུད་ལས། ཨུ་པ་ཡའི་དབང་སྒོས་སུ་མི་བྱེད་པ་ཡོད་ཀྱང་། དཀའ་ཐུབ་རིག་བྱེད་ཐེག་པ་ཡང་། །འདི་ཡང་ཡུལ་གྱི་གསུམ་ཉིད་དེ། ཞེས་འབྲིང་གི་ཐ་མ་ཀྲི་ཡ། འབྲིང་གི་འབྲིང་ཨུ་པ། འབྲིང་གི་རབ་ཡོ་གས་འདུལ་བར་གསུངས་པས། ཨུ་པ་ཅིས་ཀྱང་དགོས་སོ། །དེའང་འདི་ལ་ནི་ཤ་དང་། ཁྲག་དང་། ཙོང་དང་། སྒོག་སྐྱ་དང་། ཆང་ལ་སོགས་པ་ཡང་མ་བཀག །བྱ་བའི་རྒྱུད་དང་འགལ་བ་ལྟར་སྣང་ཡང་སྐྱོན་མེད་དེ། ཐུན་མོང་དུ་གསུང་པའོ། །ལྷ་རིགས་གསུམ་གང་བྱེད་ཀྱང་བུམ་བཟླས་ཀྱི་སྐབས་སུ་ཆུར་ཞུགས་པ་ལས་ཀྱི་ལྷ་གཅིག་དགོས་པ་གཞན་ཡང་དེ་ཉིད་དུ་ཁམས་གསུམ་རྣམ་རྒྱལ་བསྐྱེད་བཟླས་ནས་བར་ཆད་བསྲུང་བར་དགོས་པ་རིགས་གསུམ་ལས་ཀྱི་ལྷ་དང་བཞིའོ། །དེ་ཡང་ༀ་ལུས་སྣང་བ་ལྷ། ཨཱཿངག་གྲགས་པ་སྔགས། ཧཱུྃ་ཡིད་དྲན་པ་ཐུགས་ཏེ། སྒོ་གསུམ་སྐུ་གསུང་ཐུགས་ཏེ། མཆོག་དབང་ལས། སྐུ་གསུང་ཐུགས་སུ་ལྡན་པ་དང་། གསང་བ་གསང་ཆེན་གསང་མཆོག་གི། བདག་པོར་ཁྱོད་ཀྱི་དབང་བསྐུར་རོ། །ཞེས་པས། བདག་པོ་ནི། ཡེ་ཤེས་རྡོ་རྗེའོ། །གཉིས་པ་ནི། རྣམ་སྣང་མངོན་བྱང་ལས། ཡོ་ག་ནི་རིགས་གཅིག །ཨུ་པ་ཡ་ནི་རིག་གསུམ་དང་། རིགས་ལྔ་ལ་སོགས་པར་འདོད་ཅེས་གསུངས་ལ། ལིང་རྩེ་དགུའི་དབུས་སུ་རྣམ་སྣང་སེར་པོ་མཉམ་བཞག་ཅན། ཤར་དུ་རྡོ་རྗེ་སོགས་ཀྱང་གསུངས། ཕྱག་རྡོར་དབང་བྱས་ལ། ཡེ་ཤེས་རིན་པོ་ཆེའི་དབུ་རྒྱན་མཆོག །སངས་རྒྱས་རྒྱལ་བ་ཀུན་འདུས་པ། ཞེས་རིགས་ལྔ་ཚང་སྟེ། རྣམ་སྣང་ཚངས་ཏེ། རྣམ་སྣང་མཛད་ཀྱི་ཡེ་ཤེས་ནི། །སངས་རྒྱས་ཀུན་གྱི་ཐུགས་ལ་གསལ། །སངས་རྒྱས་ཀུན་གྱི་ཡེ་ཤེས་ནི། །རྣམ་སྣང་མཛད་ཀྱི་ཐུགས་ལ་གསལ། །ཅེས་པས། རྣམ་སྣང་མེ་ལོང་། མི་བསྐྱོད་ཆོས་དབྱིངས། མཉམ་ཉིད་རིན་འབྱུང་། སོར་རྟོགས་སྣང་མཐའ། བྱ་གྲུབ་དོན་གྲུབ་ཡོད་ཀྱང་། སློབ་དཔོན་པདྨའི་སྐུ་གསུམ་དབྱེ་བ་ལས། །རིགས་པ་རྣམ་སྣང་ཆོས་ཀྱིས་སྐུ། མི་བསྐྱོད་པ་སྙིང་པོ་བྱང་ཆུབ་ནས་བཞུགས་པའི་སྐུ། རིན་འབྱུང་ཡོན་ཏན་དང་སྣང་མཐའ་ལོངས་སྐུ། དོན་ཡོད་སྤྲུལ་སྐུའོ། །ཞེས་ཡེ་ཤེས་ལྔ་རིགས་ལྔ་ཡང་། ཡེ་ཤེས་དང་རྡོ་རྗེ་བཞིར་དབྱེར་མེད་པས་ཨུ་པ་ཡའོ། །ཡང་སེམས་དཔའ་བཞི་ལྟར་ན་བདག་དམ་ཚིག་སེམས་དཔའ། རྫས་ཡེ་ཤེས་སེམས་དཔའ། འཕྲོ་འདུ་ཏིང་འཛིན་གསུམ་གསལ་བ། ཕྱི་ལུས་དམ་ཚིག་སེམས་དཔའ། ནང་ཐུགས་ཡེ་ཤེས་སེམས་དཔའ། བར་ཏིང་ངེ་འཛིན་སེམས་དཔའ་གསུམ་གཅིག་ཏུ་གསལ་བར་རྡོ་རྗེ་སེམས་དཔའ་སྟེ། དེའི་དབུས་སུ་གཙང་སྨེ་མེད་པར་ཤ་ཆང་ལ་སྤྱོད་ཅིང་རྫས་མཆོད་པའམ་བྲན་པས་ཆོག་པའོ། །དེའང་བདག་བསྐྱེད་མདུན་བསྐྱེད་གཉིས་ཀའང་སེམས་དཔའ་བཞི་སྟེ། བྷི་མ་ལས། ད་ནི་བདུན་པ་ཨུ་པའི་ཁྲིད། །ལྷ་དང་བདག་ཉིད་དཔོན་གཡོག་ལྟར། །ལུས་ངག་ཡིད་གསུམ་ཕྱག་རྒྱ་བསྒོམ། །ཞེས་སོ། །བརྒྱད་པ་བསྙེན་པ་ནི། སྟེགས་བུ་དྲིས་བྱུག་ཐིག་བཀོད། དལ་པད་འདབ་བཞིའམ། འཁོར་ལོ་རྩིབ་བཞི། དབུས་དཀར། ཤར་སྔོ། ལྷོར་སེར། ནུབ་དམར། བྱང་ལྗང་། གཞན་སྤྱི་དང་མཐུན། དབུས་སུ་རྣམ་སྣང་ཆོས་འཆད་ཀྱི་སྟེང་ན་འཁོར་ལོ་ཅན། ཤར་དུ་མི་བསྐྱོད་པ་ས་གནོན་རྡོ་རྗེ་ཅན། ལྷོར་རིན་འབྱུང་མཆོག་སྦྱིན་རིན་ཆེན་ཅན། ནུབ་ཏུ་སྣང་མཐའ་མཉམ་བཞག་པདྨ་ཅན། བྱང་དུ་དོན་གྲུབ་སྐྱབས་སྦྱིན་རྒྱ་གྲམ་ཅན་ནོ། །ཀུན་རྡོ་རྗེ་སྐྱིལ་ཀྲུང་ཆོས་གོས་ཅན་རྒྱན་གྱི་སྤྲས་པའོ། །གྲྭ་བཞིར་མཆོད་པའི་ལྷ་མོ་དང་། སྣམ་བུ་ལ་བཀྲ་ཤིས་ཀྱི་ལྷ་མོ། ཁྱམས་ལ་དཔལ་མགོན་བདུན་ཅུ་རྩ་ལྔ་སྟེ། འདིར་ལྷ་ལྔའམ། བཅུ་གསུམ་མམ། ཉེར་གཅིག་གམ། གོ་དྲུག་སྟེ། རྒྱས་བསྡུས་གང་མོས་སུ་བྱའོ། །དེ་ནས་བུམ་པ་དང་། མཆོད་པ་བཤམས་ལ་ཐར་མོ་སྦྱར་ཏེ། རྒྱལ་བ་སྲས་བཅས་དགོངས་སུ་གསོལ། །གནས་འདིར་དཀྱིལ་འཁོར་བཞུགས་གསོལ་བ། །ཆཻ་གེ་མོའི་སློབ་མའི་དོན་ཕྱིར་རུ། །སྟ་གོན་ལ་ནི་དགོངས་སུ་གསོལ། །ཞེས་ཞུས་ལ་གནང་བ་ཐོབ་པར་བསམ་མོ། །ལྷ་ནི། སློབ་དཔོན་པདྨའི་སྐུ་གསུམ་དབྱེ་བ་ལས། ཨུ་པ་ཡའི་སྐུ་གསུམ་ནི། འདུ་ཤེས་ཙམ་སྤང་། རང་གི་ངོ་བོ་བསྟན་དུ་མེད་པས་ཡེ་ཤེས་རང་རིག་པ་ཙམ་གྱི་ཆོས་ཀྱི་སྐུའོ། །ལོངས་སྐུ་རྡོ་རྗེ་འཛིན་པ་ནི། ལག་ན་པདྨ་ལ་སོགས་པའོ། །སྤྲུལ་སྐུ་ནི་ཁ་གཅིག་ལས་ཉན་ཐོས་དང་ཁ་གཅིག་ལས་དབང་པོའི་གཟུགས་ཅན་ནོ། །ཞེས་སོ། །དགུ་པ་ཐིག་ནི། ནང་ལིང་རྩེ་དགུའམ། འདབ་བཞིའམ་རྩིབ་བཞི་གང་མོས་སུ་བྱའོ། །སྒོ་རྟ་བབས་ལ་སོགས་སྤྱི་དང་མཐུན་ནོ། །བཅུ་པ་བླ་མ་ལ་ཕྱག་འཚལ་མཎྜལ་ཕུལ། ཐལ་མོ་སྦྱར་ནས། བླ་མ་སློབ་དཔོན་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡི། །བླ་མ་དམ་པར་གསོལ་འདེབས་ཀྱི། །བདག་གི་བླ་མ་མཛད་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། བླ་མས། སྐལ་ལྡན་རིགས་ཀྱི་བུ། མ་བསྒྲལ་བ་རྣམས་བསྒྲལ་བར་བྱ། །མ་གྲོལ་བ་རྣམས་གྲོལ་བར་བྱ། །དབུགས་མ་དབྱུང་བ་རྣམས་དབྱུང་བར་བྱ། །མྱ་ངན་འདས་པ་འདོད་པའི་ཕྱིར། །བླ་མས། བུ་ཁྱོད་སྤྲོའམ། ཞེས་བྱ། སློབ་མས་སྤྲོ་ལགས་བྱ། དེ་ནས་སྐྱབས་འགྲོ་སེམས་བསྐྱེད་གོང་བཞིན་ཕོག་ལ། ༀ་ཨཱཿཧཱུྃ་ཞེས་དྲི་ཆུ་རྡོ་རྗེ་དང་བཅས་པ་གནས་གསུམ་དུ་རེག་ཅིང་བསྲུང་བ་བྱ། སྐྱོར་ཆུ་བླུད་དེ་དམ་ལ་བཞག །སོ་ཤིང་དོར་ལ་དངོས་གྲུབ་བརྟགས། བསྲུང་སྐུད་གདགས། ཀུ་ཤ་བྱིན་ལ་རྨི་ལམ་བརྟགས། བཅུ་གཅིག་པ་དཀྱིལ་འཁོར་བྲི་བ་ནི། རླུང་ཆེན་ཆུ་ཚོན་དང་། རླུང་ཆེན་བདལ་ཚོན། རང་བྱུང་གི་ཚོན་རྣམས་མེད་ན་བསྒྱུར་ཚོན་གྱི་གོང་དུ་བསྟན་པ་ལྟར་བྲི་བར་བྱའོ། །དེ་ནས་སླར་ཡང་མཆོད་པ་བཤམ། ཆ་གསུམ་དང་གཏོར་མ་གཞན་ན་བཤམ་མོ། །བཅུ་གཉིས་པ་རྟེན་འབྲེལ་རབ་གནས་བྱས་ཏེ། བུམ་པའི་ཆུས་ཐམས་ཅད་ཁྲུས་བྱའོ། །བཅུ་གསུམ་པ་ཆོས་བཤད་པ་ནི། སློབ་དཔོན་བྷི་མ་ལས། འཁོར་བའི་སྡུག་བསྔལ་གཏམ་གྱི་འཇིགས་པ་སྐྱེ། །མྱ་ངན་འདས་པ་གཏམ་གྱི་བྲོད་པ་བསྐྱེད། །དལ་འབྱོར་ཕུན་སུམ་ཚོགས་པའི་ལུས་འདི་ལ། །ཉོན་མོངས་དབང་གི་སྐྱོན་གྱི་ཆུད་མི་གསན། །ཞེས་པས་རང་ཡང་དེའི་དོན་དྲན་པས་དལ་དུ་ཞུགས་ལ་སློབ་མའི་རྒྱུད་ལའང་དེའི་དོན་བསྐྱེད་པར་བྱའོ། །དེ་ནས་བུ་ཅི་ལ་དགའ་དྲི། སྐལ་བཟང་བདག་བདེ་ཆེན་ལ་དགའ། །ཞེས་བྱ། དེ་ནས། བུ། ཚུར་ཤོག་ཐེག་པ་ཆེན་པོའི་སྣོད། །བླ་མེད་སྤྱོད་པའི་ཆུ་དབང་སྦྱིན། །ཞེས་རྡོ་རྗེས་དྲངས་ལ་གྲལ་དུ་བཞག་གོ། །དེ་ནས་ཡན་ལག་བདུན་རྣམ་བརྒྱད་པ་འབུལ། རིགས་གསུམ་སྤྱིའི་དམ་ཚིག་བཟུངས། དེ་ནས་རྡོ་རྗེ་དྲིལ་བུ་སྤོས་ཐོགས་ཏེ། ཧཱུྃ། མ་ལུས་སེམས་ཅན༴ བདུད་སྡེ༴ དངོས་རྣམས༴ བཅོམ་ལྡན༴ ཞེས་པས་མཆོད་བསྟོད་ལ་སོགས་པས་སྤྱན་དྲངས་ལ་ཆ་གསུམ་རྒྱས་པར་བཏང་ངོ་། །བུམ་པར་ཆ་གསུམ་གྱི་རྡོ་རྗེ་སེམས་དཔའ་བསྐྱེད་པ་དང་། དལ་དུ་རིགས་ལྔ་བསྐྱེད་ཅིང་། ༀ་བཛྲ་ས་ཏྭ་ཧཱུྃ། དང་། བྷཻ་རོ་ཙ་ན་ༀ། ༀ་ཨཀྵོ་བྷཻ་ཧཱུྃ། རཏྣ་སྭ་བྷཱ་ཝ་ཏྲཾ། ཨ་མི་དྷེ་ཝ་ཧྲཱིཿ ཨ་མོ་གྷ་སིདྡྷི་ཨཱཿ ཞེས་བཟླས་སོ། །སྐབས་འདིར་ཞི་རྒྱས་དབང་དྲག་གི་སྦྱིན་བསྲེགས་བྱའོ། །ཆོས་བཤད་པ་ནི། དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། བར་དུ་དགེ་བ་བྱ་བ་དང་། མཐར་དགེ་བ་བྱང་ཆུབ་ཏུ་བསྔོ་དགོས་པ་ཡང་བཤད་དོ། །དེ་ནས་རིགས་ལྔའི་སྐུའམ་ཕྱག་རྒྱ་ཐོགས་ལ། ཧཱུྃ། བྱང་ཆུབ་མཆོག་དང་ས་གནོན་དང་། །མཆོད་སྦྱིན་མཉམ་བཞག་ཕྱག་རྒྱ་རྣམས། །སྐྱབས་ཀྱི་ཕྱག་རྒྱ་རྣམ་པ་ལྔ། །རིགས་ལྔའི་ཕྱག་རྒྱའི་དབང་ཐོབ་ཤོག །ༀ་བྷུདྡྷ་བཻ་རོ་ཙ་ན་ༀ། བཛྲ་ཨཀྵོ་བྷྱ་ཧཱུྃ། རཏྣ་སྭ་བྷཱ་ཝ་ཏྲཾ། པདྨ་ཨ་མི་དྷེ་ཝ་ཧྲཱིཿ ཀརྨ་ཨ་མོ་གྷ་སིདྡྷི་ཨཱཿ ཨ་བྷི་ཥིཉྩ་ཧཱུྃ། ཞེས་བསྐུར་རོ། །དེ་ནས་བུམ་པའི་དབང་བསྐུར་བ་ནི། ཐོགས་ལ། ཧཱུྃ། སྤྲོས་མེད་སྤྲོས་བྲལ་ཆོས་ཀྱི་དབྱིངས། །བུམ་པ་ཟླུམ་པོ་ཆོས་དབྱིངས་གཏེར། །ཕན་བྱེད་སྨན་པའི་ཐུགས་ཡིན་ཏེ། །འགྲོ་བའི་ནད་སེལ་བཀྲ་ཤིས་ཤོག །ༀ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ ཨ་བྷི་ཥིཉྩ་མུཾ། ཞེས་བསྐུར་ལ། བུམ་ཆུའོ། །དེ་ནས་རྡོ་རྗེ་འཆང་གི་སྐུ་ཐོགས་ལ། ཧཱུྃ། དོན་དམ་བདེ་བའི་ཆོས་ཉིད་ལས། །མི་གཡོ་སེམས་དཔའ་མངོན་སུམ་དུ། །རིགས་བཞི་རྡོ་རྗེ་འཆང་གནས་པ། །ཨུ་པ་ཡ་ཡི་དབང་ཐོབ་ཤོག །ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དཀོན་མཆོག་རྣམས་ཀྱིས་བདེན་པའི་བྱིན་རླབས་ཀྱིས། སྐལ་ལྡན་རིགས་ཀྱིས་བུ་རྣམས་ལ་ཨུ་པ་ཡའི་དབང་བསྐུར་བས། རིགས་བཞི་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའི་དབང་དང་ལྡན་པར་གྱུར་ཅིག །དང་། ཡེ་དྷརྨས་བརྟན་པར་བྱའོ། །རྒྱས་པར་སྤྲོ་ན་ཀྲི་ཡའི་རྫས་ཉེར་དྲུག་ཀྱང་བསྐུར་བར་བྱའོ་གསུངས། ལམ་ཁྱེར་བཞི་ལས། ཐེག་ཆེན་ཨུ་པ་ཡའི། ལྷ་རྣམ་སྣང་གཙོ་འཁོར་སྙིང་པོ་རིགས་ལྔའི་སྔགས། དབང་སེམས་དཔའ་བཞི་ལམ་ཁྱེར་རོ། །ལྟ་བ་ཡོ་ག་དང་མཐུན། དམ་ཚིག་རྗེ་འབངས་ཀྱི་ཚུལ་ཏེ། ཤྲཱི་སེང་ཧས། ཁེ་འཕེལ་འདོད་པ་དམ་པས་སྟོང་། སྣང་བ་རིགས་བཞི་དཔོན་གཡོག་ཚུལ། །བྱ་བ་ཏུང་འཛིན་གཉིས་ཀྱིས་འགྲུབ། །ཅེས་གསུངས། ཏིང་ངེ་འཛིན་ནི། སེམས་རང་རིག་རང་གསལ་དུ་བསྒོམ་པའོ། །འབྲས་བུ་ནི། རིགས་བཞི་རྡོ་རྗེ་འཆང་ཐོབ་སྟེ། །རྣལ་འབྱོར་ཏིང་འཛིན་རབ་ལྡན་པས། །མི་གཡོ་སེམས་དཔའ་མངོན་དུ་གྱུར། །རིགས་བཞི་རྡོ་རྗེ་འཆང་ཐོབ་སྟེ། །ཞེས་སོ། །གདམ་པ་ལམ་ཁྱེར་ནི། བདག་ལྷ། སྔགས་ཆོས་ཉིད་དང་། དཔྲལ་བར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ལྟེ་བར་ཏྲཾ་སེར་པོ་བསྒོམ་པས། མིང་བཞིའི་ཕུང་པོ་སྦྱངས་ནས། རྡོ་རྗེ་བཞི་མངོན་དུ་གྱུར་པའོ། །འགག་དྲུག་ནི། གནས་མེ་རི་འབར་བ། སྟོན་པ་དཔལ་འབྱུང་ལག་ན་རྡོ་རྗེ། འཁོར་བདེ་བྱེད་ཨིནྡྲ་བྷོ་དྷི། དབང་རིགས་བཞི་རྟགས་མཚོན། དགོངས་པ་རྡོ་རྗེ་འཆང་བའོ། །དེ་ནས་དལ་བསྡུ། མཆོད་གཤེགས་དང་། མེ་ཏོག་བཀྲམ་ནས་བཀྲ་ཤིས་བརྗོད་པ་ནི། སངས་རྒྱས་གཙོ་ལ་ཡོན་ཏན་མཆོག་མངའ་གང་། །ཆེ་དགུས་མཆོད་ཅིང་སྨོན་ལམ་སྤྲིན་ཚོགས་འདུ། །གོ་འཕང་མཆོག་བརྙེས་བདེ་བའི་ཆར་འབེབ་པ། །སངས་རྒྱས་བདེན་པས་དེང་འདིར་བདེ་ལེགས་ཤོག །སྐྱོབས་པའི་ཆོས་ལ་ལེགས་པའི་མཆོག་མངའ་བ། །ཤིན་ཏུ་ཕན་ཞིང་བདེ་དང་བརྩེར་ལྡན་ཞིང་། །འཁོར་བ་རྟག་བདེ་མྱ་ངན་འདས་ཐོབ་པའི། །དམ་ཆོས་བདེན་པས་དེང་འདིར་བདེ་ལེགས་ཤོག །དགེ་འདུན་ཆེ་ལ་མཐུ་རྩལ་རྨད་མངའ་བ། །བསླབ་བཞི་ལེགས་བཅས་བརྩོན་པའི་རྣལ་འབྱོར་ཅན། །བདག་གཞན་དོན་ཆེན་བསྒྲུབ་པའི་ལམ་ཞུགས་པ། །དགེ་འདུན་བདེན་པས་དེང་འདིར་བདེ་ལེགས་ཤོག །ཅེས་བརྗོད། ཡེ་དྷརྨས་བརྟན་པར། དགེ་བ་བླ་ན་མེད་པའི་བྱང་ཆུབ་བསྔོ་བར་བྱའོ། །ཨུ་པ་ཡའི་ཆོག་འགྲིག་ལགས་སོ། ༈ །ཡོ་གའོ། །ཡོ་གའི་ཐེག་པ་ལ། དལ་བཤམ་ཁུང་དང་མཆོད་པ་བཤམས། རབ་གནས་ཆོག་གཞུང་ཆ་གསུམ། དབང་སྐོང་ཁྲུས་བྱ་བསྡོམ་རྟེན་ཁྲི། །རྒྱན་ལྡན་ཁྲིར་འཛེགས་དཀྱིལ་འཁོར་བསྒོམ། །མཆོད་བསྟོད་བདག་འཇུག་ཆོས་བཤད་དང་། །གསོལ་འདེབས་སྟ་གོན་སྒོ་འབྱེད་དཔོག །རྫས་དབང་ལྷ་དང་ལམ་ཁྱེར་བཞི། །ཐེག་པ་ལྷ་སྙིང་བསླབ་བྱ་དང་། །ཐེག་སྒོ་རྟ་ཁྲིམས་ཏིང་སྤྱོད་འབྲས། །འགག་གནས་སྟོན་འཁོར་ཐེག་ཕྱིར་དགོས། །མདམས་ངག་དང་བསྒོམ་བཀྲ་ཤིས་བསྔོ། །ཞེས་པ་ལ། དང་པོ་དལ་གྱི་བཀྲ་ཤིས་ཀྱི་ས་མཚམས་ནི། རི་རབ་ཀྱི་སྟེང་ནས་རྡོ་རྗེ་རྩེ་གཅིག་རྩེ་གསུམ་རྩེ་ལྔའི་བྲག་རི་ལ་བྱ་སྤྱོད་རྣལ་འབྱོར་གསུམ་མ་ཧཱ་ཡོ་གའི་གཞལ་ཡས་ཁང་། ཞི་ཁྲོའི་དལ་མན་ཆད་ལ། ཨ་ནུ་ཡོ་ག་ཡེ་ཤེས་ཀྱི་མེ་དཔུང་དང་ལུང་གི་ཞི་ཁྲོ་མན་ཆད། ཨ་ཏི་ཡོ་ག་དབུ་ཡི་གཙུག །སངས་རྒྱས་རྣམས་ཀྱི་སྟེང་གི་རྒྱལ་མཚན་རྩེ་གཅིག་ཏུ་འདུས་པ་ལ་དགོད་པའོ། །བསྒོམ་པ་ནི་རྟ་བབས་ཐེམ་སྐས་མན་ཆད་ལ་དབུ་སེམས་དང་། བྱ་སྤྱོད་རྣལ་འབྱོར་ཏེ་སྤྱོད་པའོ། །དེ་ནི་མ་ཧཱ་ཡོ་གའི་གཙོར་བྱས་པའི་ལུགས་སོ། །ཨ་ནུ་གཙོར་བྱེད་ན་དབུ་སེམས་གཅིག་ཏུ་དྲིལ་ནས་མ་ཧཱ་བརྒྱད་པ་ལའོ། །ཨ་ཏི་གཙོར་བྱེད་ན། ལྟ་སྤྱོད་གཅིག་ཏུ་དྲིལ་བ་ནས་ཨ་ནུ་བརྒྱད་པའོ། །བྲི་བ་ནི་ས་ཆོག་ལྟར་བྱས་པའི་ཤུལ་ཡིན་ན་མ་བྱས་ཀྱང་རུང་། བྱས་ཀྱང་ལེགས་པའོ། །ས་གཞི་དྲིས་བྱུག་ལ། དེའི་དབུས་སུ་ལིང་རྩེ་དགུའི་འཁོར་ལོ་རྩིབ་བརྒྱད་གློ་འབུར་གྲུ་ཆད་སྒོ་གཉིས་རིམ་བྱ། སྒོ་རྐྱང་བྱེད་ན་ལྷ་རྣམས་བྱ། འཁོར་ལོར་སེར་པོའམ། ཡང་ན་དབུས་ནས། དབུས་སེར་པོ། ཤར་དཀར། ལྷོ་སྔོ། ནུབ་དམར། བྱང་ལྗང་། སྒོ་མཚམས་ཕྱོགས་མདོག་གཞན་དང་སྤྱི་མཐུན་ནོ། །ཁུང་ནི་དེ་ཉིད་འདུས་པ་ལའོ། །མཆོད་པ། བུམ་པ། གཏོར་མ་ཆ་གསུམ་ལ་སོགས་གོང་བཞིན་དུ་བཤམས། རབ་གནས་རྒྱས་བསྡུས་གང་འོས་བྱའོ། །ཆོ་ག་གཞུང་འོག་ནས་འབྱུང་བ་ལྟར་བྱས་ལ་ཁྲུས་བྱ། སློབ་མས་ཡོན་ཕུལ་ནས་ཁྲིར་འཛེག་ལ་སྐྱབས་འགྲོ་སེམས་བསྐྱེད་བྱ། བགེགས་གཏོར་བཏང་ལ་སུམ་བྷ་ནིས་བགེགས་བསྐྲད་དོ། །དཀྱིལ་འཁོར་བསྐྱེད་པ་གཞན་ཕན་ལྟར་བྱ་གསུངས། འདི་ལྟར་བྱེད་ན་སྔགས་གཞན་ཕན་དང་འདྲ། དེ་ནས་ཚད་མེད་བཞི་བསྒོམ། ཤུ་ནྱཻ་ཏ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨདྨ་ཀོ྅་ཧྂ། ཞེས་པས་བདག་དང་སྣང་བ་ཐམས་ཅད་སྟོང་པར་བསམ། སྟོང་པའི་ངང་ལས་ཡཾ་ལས་རླུང་། རཾ་ལས་མེ། བཾ་ལས་ཆུ། ལཾ་ལས་ས། སུཾ་ལས་རི་རབ་ཀྱི་སྟེང་དུ། བྷྲཱུྂ་ལས་འོད་འཕྲོས། སྣོད་ཀྱི་མ་དག་པ་སྦྱངས། ཚུར་འདུས་ཡོངས་སུ་གྱུར་པ་ལས། ལྷའི་གཞལ་ཡས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། ཉི་རིམ་གྲུ་བཞི། རྟ་བབས་དང་བཅས་པའི་དབུས་སེང་གེའི་ཁྲི་ལ། རྣམ་སྣང་སེར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། ཤར་གླང་པོ་ཆེའི་ཁྲིར་མི་བསྐྱོད་པ་དཀར་པོ་ས་ནོན་གྱི་ཕྱག་རྒྱ་ཅན། ལྷོར་རྟའི་ཁྲི་ལ་རིན་ཆེན་འབྱུང་ལྡན་སྔོན་པོ་མཆོག་སྦྱིན་ཅན། ནུབ་ཏུ་རྨ་བྱའི་ཁྲི་ལ་སྣང་བ་མཐའ་ཡས་དམར་པོ་མཉམ་བཞག་གི་ཕྱག་རྒྱ་ཅན། བྱང་དུ་ཤང་ཤང་གི་ཁྲི་ལ་དོན་ཡོད་གྲུབ་པ་ལྗང་གུ་སྐྱབས་སྦྱིན་གྱི་ཕྱག་རྒྱ་ཅན། ཤར་ལྷོར་སྤྱན་མ་དཀར་མོ་རྡོ་རྗེ་ཅན། ལྷོ་ནུབ་ཏུ་མ་མ་ཀི་སྔོན་མོ་རིན་ཆེན་སྤྱན། ནུབ་བྱང་དུ་གོས་དཀར་མོ་དམར་མོ་པདྨ་ཅན། བྱང་ཤར་དུ་སྒྲོལ་མ་ལྗང་གུ་རྒྱ་གྲམ་ཅན་ནོ། །གཙོ་བོ་རིགས་བཞིའི་མདུན་རྒྱབ་གཡས་གཡོན་དུ་སེམས་དཔའ་བཞི་བཞི་སྟེ། མི་བསྐྱོད་པ་ནས་རིམ་པ་བཞིན། རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་ཅན། རྡོ་རྗེ་རྒྱལ་པོ་སེར་པོ་ལྕགས་ཀྱུ་ཅན། རྡོ་རྗེ་ཆགས་པ་དམར་པོ་མདའ་གཞུ་ཅན། རྡོ་རྗེ་ལེགས་པ་ལྗང་གུ་སེ་གོལ་ཅན། རྡོ་རྗེ་རིན་ཆེན་སྔོན་པོ་རིན་ཆེན་ཅན། རྡོ་རྗེ་གཟི་བརྗིད་དམར་པོ་ཉི་མ་ཅན། རྡོ་རྗེ་རྒྱལ་མཚན་སྔོན་པོ་རྒྱལ་མཚན་ཅན། རྡོ་རྗེ་བཞད་པ་དཀར་པོ་ཕྲེང་བ་ཅན། རྡོ་རྗེ་ཆོས་ཀྱི་དམར་པོ་པདྨ་ཅན། རྡོ་རྗེ་རྣོན་པོ་སྔོན་པོ་རལ་གྲི་ཅན། རྡོ་རྗེ་རྒྱུ་སེར་པོ་འཁོར་ལོ་ཅན། རྡོ་རྗེ་སྨྲ་བ་དམར་པོ་ལྗགས་ཅན། རྡོ་རྗེ་ལས་ལྗང་གུ་རྒྱ་གྲམ་ཅན། རྡོ་རྗེ་བསྲུང་བ་སེར་པོ་གོ་ཁྲབ་ཅན། རྡོ་རྗེ་གནོད་སྦྱིན་སྔོན་པོ་མཆེ་བ་ཅན། རྡོ་རྗེ་ཁུ་ཚུར་སེར་པོ་ཁུ་ཚུར་ཅན་ནོ། །ཤར་དུ་སྒེག་མོ་དཀར་མོ་མེ་ལོང་ཅན། ལྷོར་ཕྲེང་བ་མ་སེར་མོ་ཕྲེང་བ། ནུབ་ཏུ་གླུ་མ་དམར་མོ་པི་ཝང་། བྱང་དུ་གར་མ་ལྗང་གུས་གར་བྱེད་པ། ཤར་དུ་བདུག་སྤོས་མ་དཀར་མོ་སྤོས་ཁང་། ལྷོ་ནུབ་ཏུ་མེ་ཏོག་མ་སེར་མོ་མེ་ཏོག །ནུབ་བྱང་དུ་མར་མེ་མ་དམར་མོ་མར་མེ། བྱང་ཤར་དུ་དྲི་ཆབ་མ་ལྗང་གུ་དུང་ཆོས། ཤར་ལྷོར་ལྕགས་ཀྱུ་མ་དཀར་མོ། ལྷོ་སྒོར་ཞགས་པ་སེར་མོ། ནུབ་སྒོར་ལྕགས་སྒྲོག་མ་དམར་མོ། བྱང་སྒོར་དྲིལ་བུ་མ་ལྗང་གུའོ། །སྒོ་ཕྱི་ནང་གི་ཁྱམ་རྩིག་བར་ལ། ཤར་དུ་བྱང་ཆུབ་སེམས་དཔའ་བྱམས་པ། མཐོང་བ་དོན་ཡོད། ངན་སོང་ཀུན་འདྲེན། མྱ་ངན་དང་མུན་པ་ཐམས་ཅད་ངེས་པར་འཇོམས་པ། ལྷོར་སྤོས་ཀྱི་གླང་པོ། དཔའ་བར་འགྲོ་བ། ནམ་མཁའ་མཛོད། ཡེ་ཤེས་ཏོག །ནུབ་ཏུ་འོད་དཔག་མེད། ཟླ་འོད། བཟང་སྐྱོངས། དྲྭ་བ་ཅན་གྱི་འོད། བྱང་དུ་རྡོ་རྗེ་སྙིང་པོ། བློ་གྲོས་མི་བཟད་པ། སྤོབས་པ་བརྩེགས་པ། ཀུན་ཏུ་བཟང་པོ་རྣམས་ཕྱོགས་ཀྱི་མདོག་ཅན་རྡོ་རྗེ་དང་དྲིལ་བུ་འཛིན་པའོ། །དེ་ནས་རང་སྟོང་པ་ཉིད་ཀྱི་ལྐོག་མར་ཧྲཱིཿལས་པདྨ་འདབ་མ་བརྒྱད་པར་ལྕེ་ལས་ཧཱུྃ་ལས་རྡོ་རྗེ་རྩེ་གཅིག་པར་བསམ། ༀ་བཛྲ་འཛི་ཧ༴ ཞེས་པས་ལྕེ་བྱིན་བརླབ་ཀྱི། ལག་པ་གཉིས་སུ་ཨ་ལས་ཟླ་བའི་དལ་དུ་ཧཱུྃ་ལས་རྡོ་རྗེའི་སེར་མོ་རྣམས་ཀྱང་རྡོ་རྗེ་རྩེ་གཅིག་པར་གྱུར་པར་བསམ། དེ་ནས། ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་རྗེ་ཅན་གྱི་ཐམས་ཅད་ཀྱི། །ཞི་ཡང་སེམས་ཅན་འདུལ་དོན་དུ། །དྲི་མ་མེད་པའི་ཁྲོ་བོར་གྱུར། །ཧཱུྃ། བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །དཔའ་བོ་ཆེན་པོ་སྟང་སྟབས་བརྐྱང་བསྐུམ་ཚུལ། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གི། །བགེགས་དཔུང་བསྲེགས་པར་མཛད་ལ་ཕྱག་འཚལ་བསྟོད། །ཅེས་བསྐྲད་ཅིང་མཚམས་བཅད་དེ། སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་གུར་དང་ས་གཞིར་བསམ། དེ་ནས་བུམ་པའི་ཆུ་ཕྱོགས་ཀུན་དུ་གཏོར་ཞིང་། ཧཱུྃ། ཙནྡན་ཆུ་ལ་བདེན་པ་བརྡར་བ་ཡི། །ཕྱོགས་བཅུར་གཏོར་བས་ཡོངས་སུ་དག་གྱུར་ཏེ། །མི་གཙང་དྲི་མའི་ཚོགས་རྣམས་དག་གྱུར་ནས། །དྲི་མེད་ཡོན་ཏན་དག་དང་ལྡན་གྱུར་ཅིག །ༀ་སརྦ་བྷི་ཤྭོ་དྷ་ནི་ཧཱུྃ་ཧྲཱིཿཋཱཿ ཞེས་བརྗོད། རྡོ་རྗེ་མེའི་ཕྱག་རྒྱ་དང་། ༀ་བཛྲ་ཛྭ་ལ་ཨ་ན་ལ༴ ཞེས་པས་མཆོད་ལ། ཚོགས་རྟེན་སྤྱན་དྲངས་ལ། ༀ་ན་མཿསརྦ་ཏ་ཐཱ་ག་ཏ་ཀ་ཡ་ཝཀ་ཀ་ཙིཏྟ། པྲ་ན་མེ་ན་བཛྲ་བྷནྡྷ་ཀ་རོ་མི། ན་མོ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དེ་བཞིན་གཤེགས་པ་རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་སུ་གྱུར་པ་ཐམས་ཅད་དང་། སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིགས་སྔགས་ཀྱི་ལྷ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་ཕྱོགས་བཅུའི་རིགས་སྔགས་ཀྱི་ལྷ་ཐམས་ཅད་སྤྱན་སྔར་སྡིག་པ་ཐམས་ཅད་སོ་སོར་བཤགས་སོ། །ཕྱོགས་བཅུ་འདས་པ་དང་། མ་འོངས་པ་དང་། བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་ཡང་དག་པར་སོང་བ་དང་། ཡང་དག་པར་བཞུགས་པ་དང་། སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཚོགས་ལ་རྗེས་སུ་ཡི་རང་ངོ་། །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་མཛད་པ་རྣམས་ལ་འཁོར་ལོ་བསྐོར་བར་བྱ་བའི་ཕྱིར་བསྐུལ་བར་བྱའོ། །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་མྱ་ངན་ལས་འདའ་བར་བཞེད་པ་དེ་དག་ཐམས་ཅད་མྱ་ངན་ལས་མི་འདའ་བར་གསོལ་བར་འཚལ་ལོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ཉིད་ཀྱི་ལུས་འབུལ་གྱི་དུས་ཐམས་ཅད་དུ་སོ་སོར་བཞེས་སུ་གསོལ། ཐུགས་རྗེ་དང་ལྡན་པའི་མགོན་པོ་ཁྱེད་རྣམས་ཀྱི་དམ་ཚིག་ཆེན་པོའི་དངོས་གྲུབ་བདག་ལ་སྩལ་དུ་གསོལ། བདག་གི་དགེ་བའི་ལས་རྣམས་འདི་དག་གི། །འཇིག་རྟེན་འདི་ནས་མྱུར་དུ་སངས་རྒྱས་ཤོག །འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བྱེད་ཅིང་། །སེམས་ཅན་སྡུག་བསྔལ་མང་པོས་གཟེར་ལས་གྲོལ། །ཞེས་པས་བསོད་ནམས་ཀྱི་ཚོགས་བསགས། དེ་ནས་དེ་དག་མི་དམིགས་པའི་ངང་ལ་བཞག །བདག་བསྐྱེད་བུམ་པ་བསྒྲུབ། མདུན་བསྐྱེད། དེ་ནས། མ་ལུས་སེམས་ཅན་ཀུན་གྱི། ཞེས་པས་སྤྱན་དྲངས། བཅོམ་ལྡན་འདི་ནི་བྱོན་པ་ལེགས། །བདག་ཅག༴ བདག་གི༴ བྱིན་གྱིས་བརླབས་པར་མཛད་དུ་གསོལ། །ༀ་ག་ག་ན་ས་མ་ཡེ་ཧཱུྃ། ཅི་ལྟར་བལྟམས་པ་ཙམ་གྱི་ནི། ཞེས་པས་ཁྲུས་གསོལ་བར། ༀ་པྲ་བྷ་ར་སད་ཀ་ར་པྲ་ཏི་ཛ་ཧོཿ བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཞེས་པས་བཞུགས་སུ་གསོལ་བར། ༀ་པདྨ་ཨ་ས་ན་ཧཱུྃ། །གནས་མཆོག་འདིའམ་གཞན་དག་ཏུ། །ལྷ་སོགས་བདག་གི་མ་བྱས་པའི། །མེ་ཏོག་ཆུ་སྐྱེས་ཐང་སྐྱེས་རྣམས། །ཐུབ་པ་དབང་ཕྱུག་རྣམས་ལ་འབུལ། །པུཥྤེ་པཱུཙྪ་ཨཱཿ ཧཱུྃ། གང་དག་སྤོས་ཀྱི་ཤིང་བཟང་པོ། །ལྷ་དང་མིའི་སྤོས་མཆོག་རྣམས། །ཐུབ་པ་དབང་ཕྱུག་རྣམས་ལ་འབུལ། །དྷུཥྤེ་པཱུཙྪ་ཨཱཿཧཱུྃ། རིན་ཆེན་སྒྲོན་མེ་ཉི་ཟླའི་འོད། །ཕྱོགས་དུས་ཀུན་ནས་རབ་སྤྲོས་ཏེ། །ཐུབ་པ་དབང་ཕྱུག་རྣམས་ལ་འབུལ། །གྷེནྡྷེ་པཱུཙྪ་ཨཱཿཧཱུྃ། ཞལ་ཟས་རོ་མཆོག་བརྒྱ་ལྡན་པའི། །ཐམས་ཅད་སྦྱར་བའི་བཤོས་འདི་དག །ཐུབ་པ་དབང་ཕྱུག༴ ནཻ་ཝི་ཏྱེ་པཱུཙྪ་ཨཱཿཧཱུྃ། དྲི་མེད་ཡིད་དུ་འོང་བ་ཡི། །སིལ་སྙན་དམ་པ་འདི་དག་ནི། །ཐུབ་པ་དབང་ཕྱུག་རྣམས་ལ་འབུལ། །ཤབྡ་པཱུཙྪ་ཨཱཿཧཱུྃ། འབུལ། གཞན་ཡང་རྒྱལ་སྲིད་སྣ་བདུན་དང་། འདོད་ཡོན་ལྔས་ཀྱང་མཆོད་ལ། སྣང་སྟོང་རྡོ་རྗེ་ནམ་མཁའི་དབྱིངས། །ཞེས་པ་ནས། ཕྱག་འཚལ་དོན་ཡོད་གྲུབ་པ་ལའོ། །ཆ་གསུམ་བཏང་། འདི་ནས་བདག་འཇུག་སློབ་མ་གཉིས་ཀ་ཡིན་པར་སེམས། བར་དེ་ནས་རིགས་ལྔའི་སྡོམ་པ་བཟུང་ལ་རང་ཉིད་དལ་ལ་བཞུགས། ཆོས་བཤད་པ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཅེས་པ་ནས། དེ་བཞིན་གཤེགས་པ་ཉིད་དུ་གྱུར། །བར་ཞེས་པའོ་དོན་བཤད་དོ། །དེ་ནས། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །ཞེས་པ་ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་ཐོབ་ཤོག །བར་ཞེས་ལན་གསུམ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི། དུས་འདི་ནས་ནི་བཟུང་ནས་སུ། །ཅི་སྲིད་བྱང་ཆུབ་སྙིང་པོའི་བར། །ཅི་ལྟར་དུས་གསུམ་མགོན་པོ་རྣམས། །ཞེས་པ་ནས། སེམས་ཅན་མྱ་ངན་འདས་ལ་འགོད་ཀྱི་བར། ཞེས་ལན་གསུམ་གྱིས་དམ་ཚིག་འབོག །དེ་ནས་ཕྱག་འཚལ་མཎྜལ་འབུལ། ཐལ་མོ་སྦྱར་ཏེ། བཅོམ་ལྡན་ནམ་མཁའི་སྙིང་པོ་ཀུན། །ཐེག་པ་ཆེན་པོའི་མཐུ་ལྡན་ལེགས། །བདག་གི་རབ་ཏུ་བསྒྲལ་བའི་ཕྱིར། །རང་བཞིན་ཏིང་འཛིན་གཟུགས་མེད་ལྷས། །བདག་ལ་དབང་མཆོག་འདི་སྩོལ་ཅིག །སངས་རྒྱས་བཀའ་ཡི་དཀྱིལ་འཁོར་དུ། །བདག་གི་དད་པས་འབུལ་ལགས་ན། །དཀྱིལ་འཁོར་བཅས་པའི་ལྷ་ཚོགས་ཀྱིས། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །བདེ་བར་གཤེགས་སོ་བཅོམ་ལྡན་འདས། །བསོད་ནམས་ཅན་དུ་བདག་གཉིད་འགྱུར། །སྔོན་ལས་བཟང་པོ་འབྲེལ་བ་ལེགས། །ཐུགས་རྗེས་སྲས་སུ་དགོངས་པར་མཛོད། །ཅེས་གསོལ་བ་བཏབ་བོ། །དེ་ནས་ངན་སོང་གསུམ་གྱིས་སྡིག་པ་སྦྱངས་བ་ནི། ༀ་ད་ཧ་ད་ཧ་སརྦ་ན་ར་ག་ཏེ་ཧེ་དུན་ཧཱུྃ་ཕཊ། ༀ་པ་ཙ་པ་ཙ་དང་། ༀ་མ་ཐ་མ་ཐ་གཉིས་ཀྱང་བརྗོད། ༀ་ཨ་ས་མེ་ཏྲི་ས་མེ་མ་ཧཱ་ས་མ་ཡེ་ཧཱུྃ། ཞེས་པས་དམ་ཚིག་བསྐྱེད་ལ་ཤར་སྒོ་ནས་ལྕགས་ཀྱུའི་ཕྱག་རྒྱ། རབ་གནས་སྒོ་འདི་ཞེ་སྡང་གི། །ཐོག་མེད་དུས་ནས་བཅད་ལགས་ན། །སྙིང་རྗེའི་སྦྱིན་པ་རྡོ་རྗེའི་རིགས། །ཐུགས་རྗེས་ཐབས་མཁས་སྤྲུལ་པ་ཡི། །ལྕགས་ཀྱུའི་ཕྱག་རྒྱ་མཆོག་འདི་ཡི། །དེ་རིང་ཐར་པའི་སྒོ་དབྱེ་གསོལ། །ༀ་བཛྲ་ཀྲོ་ཏ་ཏ་ཐཱ་ག་ཏ་ས་མ་ཡེ་ཏ་ཐཱ་པྲ་སི་ཤི་སྐྲཾ་སྥ་ར་ཎ་ས་མ་ཡ་ཧཱུྃ་ཕཊ། ཅེས་རྡོ་རྗེ་འགྲོས་ཀྱི་འཇུག །དེ་ནས་ཞགས་པའི་ཕྱག་རྒྱས་ལྷོ་སྒོར། རབ་གནས་སྒོ་འདི་ང་རྒྱལ་གྱི། །ཐོག་མེད་དུས་ནས་བཅད་ལགས་ན། །བྱམས་པའི་རིགས་མཐུན་རིན་ཆེན་རིགས། །ཐུགས་རྗེས་ཐབས་མཁས་སྤྲུལ་པ་ཡི། །ཞགས་པའི་ཕྱག་རྒྱ་མཆོག་འདི་ཡི། །དེ་རིང་ཐར་པའི་སྒོ་དབྱེ་གསོལ། །ༀ་རཏྣ་ཀྲོ་ཏ་ཏ་ཐཱ་ག་ཏ༴ ཞེས་རིན་ཆེན་འགྲོས་ཀྱི་འཇུག །དེ་ནས་ལྕགས་སྒྲོག་གི་ཕྱག་རྒྱས་ནུབ་སྒོ་ནས། རབ་གནས་སྒོ་འདི་འདོད་ཆགས་ཀྱི། །ཐོགས་མེད་དུས་ནས་བཅད་ལགས་ན། །དགའ་བ་དོན་སྤྱོད་པདྨའི་རིགས། །ཐུགས་རྗེ་ཐབས་མཁས་སྤྲུལ་པ་ཡི། །ལྕགས་སྒྲོག་ཕྱག་རྒྱ་མཆོག་འདི་ཡི། །དེ་རིང་ཐར་པའི་སྒོ་དབྱེ་གསོལ། །ༀ་པདྨ་ཀྲོ་ཏ་ཏ་ཐཱ་ག་ཏ་ས་མ་ཡེ་ཏ་ཐཱ་པྲ་སེ་ཤི་ཀྲཾ་སྨ་རཏྣ་ས་མ་ཡ་ཧཱུྃ་ཕཊ། ཞེས་པདྨའི་འགྲོས་ཀྱིས་འཇུག །དེ་ནས་དྲིལ་བུའི་ཕྱག་རྒྱས་བྱང་སྒོར། རབ་གནས་སྒོ་འདི་ཕྲག་དོག་གི། །ཐོག་མེད་དུས་ནས་བཅད་ལགས་ན། །བཏང་སྙོམས་སྙན་སྨྲ་ལས་ཀྱི་རིགས། །ཐུགས་རྗེ་ཐབས་མཁས་སྤྲུལ་པ་ཡི། །དྲིལ་བུ་ཕྱག་རྒྱ་མཆོག་འདི་ཡི། །དེ་རིང་ཐར་པའི་སྒོ་དབྱེ་གསོལ། །ༀ་ཀརྨ་ཀྲོ་ཏ་ཏ་ཐཱ་ག་ཏ། ས་མ་ཡེ་ཏ་ཐཱ་པྲ་སི་ཤི་ཀྲཾ་སྨ་ར་ན་ས་མ་ཡ་ཧཱུྃ་ཕཊ། ཞེས་རྒྱ་གྲམ་འགྲོས་ཀྱིས་འཇུག་གོ། །དེ་ནས་བླ་མ་རིགས་ལྔ་དབྱེར་མེད་ལ་ཕྱག་བྱས་ཏེ། བཅོམ་ལྡན་སྙིང་པོའི་ཕོ་བྲང་འདིར། །རྒྱལ་བ་རིགས་ལྔ་འཁོར་བཅས་ལ། །སྐལ་ལྡན་རྒྱལ་སྲས་དག་པ་ཞིག །རབ་ཏུ་གུས་པས་ཕྱག་འཚལ་ལོ། །བདག་ནི་དམ་ཚིག་འཁོར་ལོ་སྟེ། །རིགས་ལྔའི་དམ་ཚིག་ཡིན་པའི་ཕྱིར། །འཁོར་ལོ་ཡེ་ཤེས་བླ་མེད་འདི། །དེ་རིང་བདག་ལ་དབབ་ཏུ་གསོལ། །ཞེས་ལན་གསུམ་ཞུ། བླ་མས། ང་ནི་དམ་ཚིག་འཁོར་ལོ་སྟེ། །རྒྱལ་བ་རིགས་ལྔ་ཡིན་པར་གྲགས། །འཁོར་ལོ་ཡེ་ཤེས་བླ་མེད་པ། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །ཞེས་གནང་བ་སྦྱིན། ཡང་སློབ་མས། སྙིང་པོ་ཕོ་བྲང་དམ་ཚིག་འདིར། །བླ་མེད་བྱང་ཆུབ་སེམས་བསྐྱེད་དེ། །དངོས་གྲུབ་དམ་པ་ཐོབ་པའི་ཕྱིར། །བདག་གི་དད་པས་འཇུག་ཏུ་གསོལ། །ཞེས་ལན་གསུམ་མོ། །བླ་མས། བཅོམ་ལྡན་སྙིང་པོའི་དཀྱིལ་འཁོར་འདི། །བྱང་ཆུབ་རིན་ཆེན་སེམས་བསྐྱེད་དོ། །འཁོར་བའི་གནས་ནས་རབ་དྲངས་ཏེ། །བདེར་གཤེགས་སྲས་སུ་བསྐྱེད་པ་དང་། །བླ་མེད་འབྲས་བུ་སྨིན་བྱའི་ཕྱིར། །བདག་གི་སློབ་མ་བཞུགས་པར་བགྱི། །ཞེས་བརྗོད་དེ། དབུས། ཤར་ལྷོ་ནུབ། བྱང་གི་བུམ་པས་རིམ་པ་བཞིན་དབང་བསྐུར་བས། གཉིས་མེད་བྱང་ཆུབ་སེམས་ཀྱིས་ཆུས། །གཏི་མུག་སྒྲིབ་པ་དག་གྱུར་ཅིག །ཞེ་སྡང་༴ འདོད་ཆགས༴ ང་རྒྱལ༴ ཕྲག་དོག་སྒྲིབ་པ་དག་གྱུར་ཅིག །ཅེས་བརྗོད། མགོར་བཞག་བཏུང་ཁྲུས་བྱའོ། །དེ་ནས་མེ་ཏོག་ཕྲེང་བ་བཟུང་། གདོངས་གཡོགས་ཏེ། སྔོན་གྱི་ཚེ་རབས་གྲངས་མེད་ནས། །དགེ་བའི་ལས་ཀྱིས་བསྙེན་པའི་ལྷ། །ལྷག་པའི་ལྷ་ནི་གང་ཡིན་པ། །ད་ལྟར་ཉིད་དུ་དབབ་པར་ཤོག །ༀ་ཨ་ས་མེ་ཏྲི་ས་མ་མ་ཧཱ་ས་མ་ཡེ་ཧཱུྃ་གི་ཡེ་ཤེས་དབབ། རྡོ་རྗེ་སྤྱི་བོར་བཞག་སྟེ། ༀ་བཛྲ་ཨ་དྷི་ཏིཥྛ་ཧཱུྃ་གི་བརྟན་པར་བྱ། དེ་ནས། སངས་རྒྱས་དངོས་གྲུབ་ཐོབ་བྱའི་ཕྱིར། །བདག་ལ༴ འགྲོ་ལ༴ སྨན་བར༴ ༀ་པྲ་ཏིཙྪ་བཛྲ་ཧོཿ ཞེས་པས་དཀྱིལ་འཁོར་དུ་མེ་ཏོག་གཏོར། ༀ་པྲ་ཏི་གྲྀཧྞ་སྭ་མི་མཾ་གྱིས་སྤྱི་བོར་བཞག་ལ་གང་བབས་པའི་ལྷ་བསམ། དེ་ནས་སློབ་མས། ཤིན་ཏུ་མ་རིག་རྨོངས་པ་ཡི། །བདག་གི་འདོད་པར་གྱུར་པ་ནས། །དེ་ཡི་ཐུགས་རྗེ་ཆེན་པོ་ཡི། །བདག་གི་མིང་འདི་དབྱེ་བར་གསོལ། །ཞེས་གསོལ་ལོ། །བླ་མས། རྡོ་རྗེ་སེམས་དཔའ་བདག་ཉིད་དེ། །ཁྱོད་ཀྱིས་མིག་ནི་རབ་འབར་ཡིན། །ཐམས་ཅད་རྡོ་རྗེ་འབར་བར་མིག །ཕྱེ་བས་ཐམས་ཅད་མཐོང་བར་འགྱུར། །ༀ་བཛྲ་ཧ་ས་ཨུད་ག་ཏ་ཡ་ཧཱུྃ། པྲ་ཝེ་ཤ་ཡ་ཕཊ། ཅེས་གདོང་གཡོག་བཀྲོལ་ལོ། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །གསང་སྔགས་ཆེན་པོའི་སྣོད་དུ་གྱུར། །རྙེད་པ་མཉམ་མེད་དེ་རིང་རྙེད། །དམ་ཚིག་གང་ཡང་འདའ་མི་བྱེད། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཞེས་བརྗོད་ལ། བྱང་ཆུབ་སེམས་ཀྱི་ཆུ་སྦྱིན་ཞིང་། འདི་ནི་ཁྱོད་ཀྱིས་དམ་ཚིག་ཆུ། ཞེས་པ་ནས། སྔགས་སོགས་དེ་བཞིན་ནོའི་བར་བརྗོད། ༀ་བཛྲ་ས་མ་ཡེ་ཧཱུྃ་ཕཊ། ཞེས་བརྗོད་དོ། །དེ་ནས་སློབ་མས། བླ་མ་རྡོ་རྗེ་འཛིན་པ་དགོངས་སུ་གསོལ། བཅོམ་ལྡན་རྡོ་རྗེ་དབྱིངས་ཀྱིས་དཀྱིལ་འཁོར་དུ་བདག་ལ་དབང་བསྐུར་དུ་གསོལ། ཞེས་ལན་གསུམ་མོ། །བླ་མས། སངས་རྒྱས་ཀུན་གྱི་ཡེ་ཤེས་དབང་། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང་། །ཞེས་སློབ་མ་ལ་རྡོ་རྗེ་འཛིན་དུ་གཞུགས་ལ་དབང་སྟེག་གི་ཁྲིར་འཁོར་ལོ་བསྒྱུར་བའི་འདུག་སྟེང་དུ་བཞག་ལ། དཀྱིལ་འཁོར་གྱི་ལྷ་མཁྱེན་པར་གསོལ་བ་ནི། བདག་རྡོ་རྗེ་སློབ་དཔོན་འདི་ཞེས་བགྱི་བས། སློབ་མ་འདི་ཞེས་བགྱི་བས་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་བྱ་བ་དང་། སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་མ་ལུས་པ་བསྒྲུབ་ཅིང་། སེམས་ཅན་གྱི་དོན་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བར་འཚལ་གྱི། བཅོམ་ལྡན་འདས་ཡེ་ཤེས་གཙོ་བོར་ཐུགས་རྗེའི་མངའ་བདག་རྣམས་ཀྱིས་དེ་བཞིན་གཤེགས་པའི་ཆེ་བའི་ཡོན་ཏན་གྱི་དབང་རྣམས་རིམ་པ་བཞིན་དུ་བསྐུར་ཞིང་བྱིན་གྱིས་བརླབས་ཏུ་གསོལ། དངོས་གཞི་དེ་ནས་ཐོག་མར་བུམ་དབང་ནི། རྡོ་རྗེ་སློབ་དཔོན་ངས། སློབ་མ་ཁྱོད་ལ་བུམ་པས་དབང་བསྐུར་བས། ལས་དང་ཉོན་མོངས་པའི་སྒྲིབ་པ་དག་ནས། བྱང་ཆུབ་ཀྱི་སེམས་དང་བྱིན་རླབས་ལྡན་པའི་མོས་པ་མཛོད། ཧཱུྃ། རིན་ཆེན་མཛེས་པའི་བཀྲ་ཤིས་བུམ་པ་འདིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །ལས་དང་ཉོན་མོངས་སྒྲིབ་པ་ཀུན་དག་སྟེ། །བྱང་ཆུབ་སེམས་མཆོག་རླན་གྱི་རློན་པར་ཤོག །ༀ་བཛྲ་བྷུདྡྷ་རཏྣ་པདྨ་ཀརྨ་ཀ་ལ་ཀྵ་ཨ་བྷི་ཥིཉྩ་ཧཱུྃ། སྤྱི་བོར་འགྲིམ། དེ་ནས་བུམ་པ་ལྔ་གཅིག་ཏུ་བསྡུས་པའི་ཚུལ་ནི། རྡོ་རྗེ་སློབ་དཔོན་ངས། སློབ་མ་ཁྱོད་ལ་མི་བསྐྱོད་བུམ་པ་ཆུའི་དབང་བསྐུར་བས། རྣམ་ཤེས་ཀྱི་ཕུང་པོ་སྨིན་ཞེ་སྡང་གནས་སུ་དག །མེ་ལོང་ལྟ་བུའི་ཡེ་ཤེས་རྒྱུད་ལ་སྐྱེས་པའི་མོས་པ་གྱིས་ཤིག །ཧཱུྃ། སྒྲིབ་པ་དག་བྱེད་བདུད་རྩི་དྲི་མེད་ཆུ། །བཀྲ་ཤིས་མཛེས་པའི་བུམ་པ་རབ་བསྐང་སྟེ། །རིགས་ཀྱི་སངས་རྒྱས་ཀུན་ཏུ་བསྒྲུབ་པའི་ཕྱིར། །བུམ་པ་ཆུའི་ཁྱོད་ལ་དབང་བསྐུར་རོ། །ༀ་བཛྲ་ཀ་ལ་ཀྵ་ཨ་བྷི་ཥིཉྩ་ཧཱུྃ། ༀ་བྷུདྡྷ་ཀཱ་ལ་ཀྵ་ཨ་བྷི་ཥིཉྩར་ༀ། ༀ་རཏྣ་ཀ་ལ་ཨ་བྷི༴ ༀ་པདྨ་ཀ་ལ༴ ༀ་ཀརྨ་ཀ་ལ་ཀྵ་ཨ་བྷི་ཥིཉྩ་ཨཱཿ ཡེ་དྷརྨའོ། དབུ་རྒྱན། རྡོ་རྗེ་སློབ་དཔོན་ངས། སློབ་མ་ཁྱོད་ལ་དབུ་རྒྱན་གྱི་དབང་བསྐུར་བས། ཚོགས་གཉིས་ཡོངས་སུ་རྫོགས་པའི་འབྲས་བུ་མཐར་ཕྱིན་པ་རྒྱལ་བ་རིགས་ལྔའི་སངས་རྒྱས་མྱུར་དུ་ཐོབ་པར་མོས་ཤིག །ཧཱུྃ། བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །མཁྱེན་པའི་ཡེ་ཤེས་རབ་བརྒྱན་པའི། །རིགས་ལྔའི་སངས་རྒྱས་འགྲུབ་པའི་ཕྱིར། །དབུ་རྒྱན་དབང་འདི་ཁྱོད་ཀྱིས་ལོངས། །ༀ་བྷུདྡྷ་ཨ་བྷི་ཥིཉྩ་ༀ། བཛྲ་ཨ༴ རཏྣ་ཨ་བྷི༴ པདྨ་ཨ༴ ཀརྨ་ཨ་བྷི་ཥིཉྩ་ཨཱཿ རྡོ་རྗེ་སློབ་དཔོན་ངས། སློབ་མ་ཁྱོད། རིན་པོ་ཆེའི་ཕྲེང་བའི་དབང་བསྐུར་བས། བསམ་པ་མྱ་ངན་ལས་འདས་ཀྱང་། སྦྱོར་བ་ཁམས་གསུམ་ན་འགྲོ་དོན་བྱེད་པ་ལ་མཛེས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པར་མོས་ཤིག །རིན་ཆེན་མཛེས་པའི་མེ་ཏོག་ཕྲེང་བ་འདིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །བསམ་པ་མྱང་འདས་སྦྱོར་བ་ཕུན་སུམ་ཚོགས། །མཛེས་པའི་ཡོན་ཏན་ཕུན་སུམ་ཚོགས་གྱུར་ཅིག །ༀ་རཏྣ་མ་ལེ་ཨ་བྷི་ཥིཉྩ་ཏྲཾ་ཏྲཾ་ཏྲཾ། ཞེས་དབུ་ལའོ། །རྡོ་རྗེ་སློབ་དཔོན་ངས། སློབ་མ་ཁྱོད་ལ་དར་གྱི་ཅོད་པན་གྱི་དབང་བསྐུར་བས། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པ་དང་། སེམས་ཅན་གྱི་དོན་བྱེད་པ་ལ་མཐུ་ཐོགས་པ་མེད་པའི་དབང་དང་ལྡན་པར་མོས་ཤིག །མཛེས་ཤིང་ཡིད་འོང་དར་གྱི་ཅོད་པན་འདིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །ཤེས་བྱ་ཀུན་ལ་ཐོགས་པ་མེད་པ་དང་། །འགྲོ་བའི་དོན་ལ་མཐུ་དབང་ཐོབ་པར་ཤོག །ༀ་བཛྲ་པ་ཏྲ་ཨ་ཝ་ལཾ་བ་ཨ་བྷི་ཥིཉྩ་ཧཱུྃ། གསུམ་ཀ་རིན་འབྱུང་ངོ་། །དེ་ནས་སྣང་བ་མཐའ་ཡས་རྡོ་རྗེའི་དབང་ལ། རྡོ་རྗེ་སློབ་དཔོན་ངས། སློབ་མ་ཁྱོད་ལ་རིགས་ལྔའི་ཕྱག་རྒྱས་དབང་བསྐུར་བས། ཡེ་ཤེས་ལྔའི་དབང་དང་དངོས་གྲུབ་ཐམས་ཅད་ཐོབ་པར་མོས་ཤིག །རིགས་ལྔའི་ཕྱག་རྒྱ་ལག་ཏུ་གཏད་ནས་ནི། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །སྐུ་གསུང་ཐུགས་ཀྱིས་ཡོན་ཏན་རབ་རྫོགས་ཏེ། །ཡེ་ཤེས་ལྔ་ནི་མྱུར་དུ་རྟོགས་པར་ཤོག །ༀ་བཛྲ་མུ་ཏྲ་ཨ་བྷི་ཥིཉྩ་ཧཱུྃ། བྷུདྡྷ་ཨ་བྷི་ཥིཉྩ་ༀ། རཏྣ་ཨ་བྷི༴ པདྨ༴ ཀརྨ་ཨ་བྷི་ཥིཉྩ་ཨཱཿ དེས་འོད་དཔག་མེད་རྡོ་རྗེའི་དབང་གི་དོན་དུའོ། །དེ་ནས་རྣམ་པར་སྣང་མཛད་མིང་གི་དབང་ནི། རྡོ་རྗེ་སློབ་དཔོན་ངས། སློབ་མ་ཁྱོད་རྣམས་ལ། མིང་གི་དབང་བསྐུར་བས། མ་འོངས་བའི་དུས་སུ་སངས་རྒྱས་ཀྱི་མཚན་ངེས་པ་ཅན་རྟོགས་ཤིང་ཐོབ་པའི་དབང་དང་ལྡན་པར་མོས་ཤིག །ཀུན་རྫོབ་མཚན་མ་མིང་གི་དབང་། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །མ་འོངས་སངས་རྒྱས་འཇིག་རྟེན་ཞིང་ཁམས་སུ། །དེ་བཞིན་གཤེགས་པ་མཚན་གྱི་དབང་ཐོབ་ཤོག །ༀ་བཛྲ་ན་མཿ ཨ་བྷི་ཥིཉྩ་ཧཱུྃ། བྷུདྡྷ་ཨ་བྷི་ཥིཉྩ་ༀ། རཏྣ༴ པདྨ༴ ཀརྨ་ན་མཿ ཨ་བྷི་ཥིཉྩ་ཨཱཿ ཀྱཻ་དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །དེ་ནས་དོན་ཡོད་གྲུབ་པ་དྲིལ་བུའི་དབང་ནི། རྡོ་རྗེ་སློབ་དཔོན་ངས། སློབ་མ་ཁྱོད་རྣམས་ལ་དྲིལ་བུའི་དབང་བསྐུར་བས། ཕྲིན་ལས་རྣམ་བཞིས་བདག་གཞན་གྱི་དོན་བྱེད་པའི་དབང་དང་ལྡན་པར་མོས་ཤིག །རྡོ་རྗེ་རྒྱ་གྲམ་ལག་ཏུ་གཏད་ནས་ནི། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །ཕྲིན་ལས་རྣམ་བཞིས་འགྲོ་དོན་མཐར་ཕྱིན་ནས། །ལས་ཀྱི་རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག །ༀ་བཛྲ་ཀརྨ་ཨ་བྷི་ཥིཉྩ་ཨཱཿ དེ་རྣམས་ནི་ཐུན་མོང་རིགས་པའི་དབང་ལྔའོ། །དེ་ནས་བདག་པོའི་དབང་ནི་གཡས་སུ་དུང་། གཡོན་དུ་འཁོར་ལོ་གཏད་ལ། རྡོ་རྗེ་སློབ་དཔོན་ངས། སློབ་མ་ཁྱོད་ལ་རིགས་ཐམས་ཅད་ཀྱི་བདག་པོ་དཀྱིལ་འཁོར་ཐམས་ཅད་ཀྱི་བྱེད་པ་པོས་དབང་བསྐུར་བས། འགྲོ་བའི་ཤེས་རྒྱུད་ལ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་། ཉེ་རིང་མེད་པར་ཐོས་པའི་ཆོས་སྒྲ་སྒྲོགས་པའི་རྡོ་རྗེ་སློབ་དཔོན་ཐོབ་པར་མོས་ཤིག །ཆོས་ལ་དབང་བསྒྱུར་བདག་པོ་དང་། །དཀྱིལ་འཁོར་ཀུན་གྱི་གཙོ་བྱེད་པའི། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །བདག་པོའི་དབང་འདི་ཁྱོད་ལ་སྦྱིན། །ༀ་བཛྲ་ཙཀྲ་ཨ་ཏི་པ་ཏི་སྟྭཾ། ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ་ཧཱུྃ། བྷུདྡྷ་ཙཀྲ་ཨ་བྷི་ཥིཉྩ་ཨཱཿ རཏྣ་ཨ་བྷི༴ པདྨ་ཨ་བྷི༴ ཀརྨ་ཙཀྲ་ཨ་བྷི་ཥིཉྩ་ཨ་ཨ་ཨཱཿ རྣམ་སྣང་སྐུ་ཐོགས་ལ། ཧཱུྃ། དབུས་ཕྱོགས་སྙིང་པོ་རྣམ་སྣང་མཛད། །སྐུ་མདོག་དཀར་པོ་གངས་རི་འདྲ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད། །དེའི་དབང་མཆོག་ཐོབ་པར་ཤོག །ༀ་བཻ་རོ་ཙ་ན་ཨ་བྷི་ཥིཉྩ་ༀ། །ཤར་ཕྱོགས་མངོན་དགའི་མི་བསྐྱོད་པ། །སྐུ་མདོག་སྔོན་པོ་བཻ་ཌཱུར་འདྲ། །ས་ནོན་ཆེན་པོའི་ཕྱག་རྒྱ་མཛད། །དེའི་དབང་མཆོག་ཐོབ་པར་ཤོག །ཨ་ཀྵོ་བྷཻ་ཨ་བྷི་ཥིཉྩ་ཨཱཿ ལྷོ་ཕྱོགས་དཔལ་ལྡན་རིན་ཆེན་འབྱུང་། །སྐུ་མདོག་སེར་པོ་གསེར་རི་འདྲ། །མཆོད་སྦྱིན་ཆེན་པོ་ཕྱག་རྒྱ་མཛད། །དེའི་དབང་༴ རཏྣ་སྭ་བྷཱ་ཝ་ཨ་བྷི་ཥིཉྩ་ༀ། ནུབ་ཕྱོགས་བདེ་ལྡན་སྣང་མཐའ་ཡས། །སྐུ་མདོག་དམར་པོ་བྱུ་རུའི་མདོག །བསམ་གཏན་ཆེན་པོ་ཕྱག་རྒྱ་མཛད། །དེའི་དབང་མཆོག༴ པདྨ་ཨ་མི་དྷེ་ཝ་ཨ་བྷི་ཥིཉྩ་ཧཱུྃ། བྱང་ཕྱོགས་རྣམ་དག་གདོད་མི་ཟ། །སྐུ་མདོག་ལྗང་གུ་ཨིནྡྲའི་མདོག །སྐྱབས་སྦྱིན་ཆེན་པོ་ཕྱག་རྒྱ་མཛད། །དེའི་དབང་མཆོག༴ ཀརྨ་ཨ་མོ་གྷ་སིདྡྷི་ཨ་བྷི་ཥིཉྩ༴ ཤར་ལྷོ་ཡུམ་ཆེན་སངས་རྒྱས་སྤྱན། །སྐུ་མདོག་དཀར་ལ་འོད་ཟེར་འཕྲོ། །དམ་ཚིག་ཕྱག་རྒྱ་རྡོ་རྗེ་བསྣམས། །དེའི་དབང་མཆོག་ཐོབ་པར་ཤོག །བྷུདྡྷ་ལོ་ཙ་ནི་ཨ་བྷི་ཥིཉྩ་ཧཱུྃ། ལྷོ་ནུབ་ཡུམ་ཆེན་མ་མཱ་ཀི། །སྐུ་མདོག་སྔོ་ལས་འོད་ཟེར་འཕྲོ། །དམ་ཚིག་ཕྱག་རྒྱ་རྡོ་རྗེ་བསྣམས། །དེའི་དབང་མཆོག༴ མ་མཱ་ཀི་ཏྲཾ་ཨ་བྷི་ཥིཉྩ་ཧཱུྃ། ནུབ་བྱང་ཡུམ་ཆེན་ན་བཟའ་དཀར། །སྐུ་མདོག་དམར་ལས་འོད་ཟེར་འཕྲོ། །དམ་ཚིག་ཕྱག་རྒྱ་པདྨ་འཛིན། །དེའི་དབང་མཆོག༴ བཛྲ་བ་རི་དྷི་ཏི་ཨ་བྷི༴ བྱང་ཤར་ཡུམ་ཆེན་དམ་ཚིག་སྒྲོལ། །སྐུ་མདོག་ལྗང་ལས་འོད་ཟེར་འཕྲོ། །དམ་ཚིག་ཕྱག་རྒྱ་ཏིང་འཛིན་ནི། །དེའི་དབང་༴ ༀ་ཏཱ་རེ་ཏུ་རེ་ཨ་བྷི་ཥིཉྩ༴ སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །མཐའ་ཡི་འགྱུར་བ་མེད་པའི་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང་། །བཛྲ་སཏྭ་ཨ་བྷི༴ ཏིཥྛ་བཛྲ་ས་མ་ཡ་སྟྭཾ། སངས་རྒྱས་ཀུན་གྱི་ལྕགས་ཀྱུའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །ཐམས་ཅད་གནས་ནས་འགུགས་པའི་ཕྱིར། །ལྕགས་ཀྱུ་འདི་ནི་ཁྱོད་ཀྱིས་ལོང་། །བཛྲ་ས་ཏྭ་ཨ་བྷི༴ ཏིཥྛི་བཛྲ་ས་མ་ཡ་སྟྭཾ། སངས་རྒྱས་ཀུན་གྱི་མདའ་གཞུའི་དབང་། །དེ་ཡི་དབང་མཆོག༴ འབིག་ཅིང་ཐམས་ཅད་རྒྱུད་བསྐུལ་ཕྱིར། །མདའ་གཞུ་འདི་ནི་ཁྱོད་ཀྱི་ལོང་། །བཛྲ་སཏྭ་ཨ་བྷི་ཥིཉྩ་ཨཱཿ ཏིཥྛ་བཛྲ་ས་མ་ཡ་སྟྭཾ། སངས་རྒྱས་ཀུན་གྱི་སེ་གོལ་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །ཚོགས་གཉིས་དགའ་བའི་གཟིང་བསྟོད་ཕྱིར། །སེ་གོལ་འདི་ནི་ཁྱོད་ཀྱིས་ལོང་། །བཛྲ་སཏྭ་ཨ་བྷི༴ ཏིཥྛ་བཛྲ་ས་མ་ཡ་སྟྭཾ། སངས་རྒྱས་ཀུན་གྱི་རིན་ཆེན་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །ཆོས་ཀྱིས་རྒྱལ་པོར་དབང་བསྒྱུར་ཕྱིར། །རིན་ཆེན་འདི་ནི་ཁྱོད་ཀྱིས་ལོང་། །བཛྲ་སཏྭ་ཨ་བྷི་ཥིཉྩ་ཨཱཿ ཏིཥྛ་བཛྲ་ས༴ སངས་རྒྱས་ཀུན་གྱི་གཟི་བརྗིད་དབང་། །དེ་རིང་༴ གཏི་མུག་མུན་པ་བསལ་བའི་ཕྱིར། །ཉི་མ་འདི་ནི་ཁྱོད་ཀྱི་ལོང་། །བཛྲ་སཏྭ༴ ཏིཥྛི་བཛྲ་ས་མ་ཡ་སྟྭཾ། སངས་རྒྱས་ཀུན་གྱི་རྒྱལ་མཚན་དབང་། །དེ་རིང་༴ སྦྱིན་པས་དབུལ་བ་སེལ་བའི་ཕྱིར། །རྒྱལ་མཚན་འདི་ནི་ཁྱོད་ཀྱི༴ བཛྲ་སཏྭ་ཨ་བྷི༴ ཏིཥྛི་བཛྲ༴ སངས་རྒྱས་ཀུན་གྱི་བཞད་པའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སྐྱེས་བུ་འཛུམ་གྱི་ལུང་བསྟན་ཕྱིར། །སོ་ཕྲེང་འདི་ནི་ཁྱོད་ཀྱི་ལོང་། །བཛྲ་སཏྭ༴ ཏིཥྛ༴ སངས་རྒྱས་ཀུན་གྱི་པདྨའི་དབང་། །དེ་རིང་ཁྱོད༴ ཐམས་ཅད་ཆགས་མེད་གཟིགས་པའི་ཕྱིར། །པདྨ་འདི་ནི༴ བཛྲ་སཏྭ༴ ཏིཥྛ༴ སངས་རྒྱས་ཀུན་གྱི་རལ་གྲིའི་དབང་། །དེ་རིང་༴ ཤེས་རབ་དམ་པས་གཅོད་པའི་ཕྱིར། །རལ་གྲི་འདི་ནི་ཁྱོད་ཀྱིས༴ བཛྲ་སཏྭ༴ ཏིཥྛ༴ སངས་རྒྱས་ཀུན་གྱི་རྒྱུ་ཡི་དབང་། །དེ་རིང་༴ ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར། །འཁོར་ལོ༴ བཛྲ་སཏྭ༴ ཏིཥྛ་བཛྲ་༴ སངས་རྒྱས་ཀུན་གྱི་སྨྲ་བའི་དབང་། །དེ་རིང་ཁྱོད་ལ༴ གདུལ་བྱའི་བསམ་པར་ཆོས་སྟོན་ཕྱིར། །རྡོ་རྗེ་ལྗགས་འདི་ཁྱོད་ཀྱིས་ལོང་། །བཛྲ་སཏྭ༴ ཏིཥྛ༴ སངས་རྒྱས་ཀུན་གྱི་རྒྱ་གྲམ་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །ཕྲིན་ལས་ཐམས་ཅད་ལྷུན་གྲུབ་ཕྱིར། །རྒྱ་གྲམ་འདི་ནི་ཁྱོད༴ བཛྲ་སཏྭ༴ ཏིཥྛ༴ སངས་རྒྱས་ཀུན་གྱི་གོ་ཆའི་དབང་། །དེ་རིང་ཁྱོད་ལ༴ འཇིགས་པ་གཉིས་ལས་ཐར་བའི་ཕྱིར། །གོ་ཆ་འདི་ནི༴ བཛྲ་སཏྭ༴ ཏིཥྛ་བཛྲ༴ སངས་རྒྱས་ཀུན་གྱི་མཆེ་བའི་དབང་། །དེ་རིང་ཁྱོད་ལ༴ གདུགས་པ་ཐམས་ཅད་ཚར་བཅད་ནས། །མཆེ་བ་འདི་ནི༴ བཛྲ་སཏྭ༴ ཏིཥྛ༴ སངས་རྒྱས་ཀུན་གྱི་ཁུ་ཚུར་དབང་། །དེ་རིང་༴ ཐམས་ཅད་གཅིག་ཏུ་འདུས་པའི་ཕྱིར། །རྡོ་རྗེ་ཁུ་ཚུར༴ བཛྲ་སཏྭ༴ ཏིཥྛ༴ སངས་རྒྱས་ཀུན་གྱི་སྒེག་མོའི་དབང་། །དེ་རིང་༴ མེ་ལོང་ལྟ་བུ་ཡེ་ཤེས་ཀྱི། །རྡོ་རྗེ་སྒེགས་མོ་ཁྱོད་ཀྱིས་ལོང་། །བཛྲ་སཏྭ༴ ཏིཥྛ༴ སངས་རྒྱས་ཀུན་གྱི་ཕྲེང་བའི་དབང་། །དེ་རིང་༴ མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི། །རྡོ་རྗེ་ཕྲེང་བ་ཁྱོད་ཀྱི་ལོང་། །སངས་རྒྱས་ཀུན་གྱི་གླུ་མའི་དབང་། །དེ་རིང་ཁྱོད་ལ༴ སོ་སོར་རྟོག་པའི་ཡེ་ཤེས་ཀྱི། །རྡོ་རྗེའི་དབང་མཆོག་ཁྱོད་ཀྱིས༴ སངས་རྒྱས་ཀུན་གྱི་གར་མཁན་དབང་། །དེ་རིང་༴ བྱ་བ་ནན་ཏན་ཡེ་ཤེས་ཀྱི། །རྡོ་རྗེ་གར་མཁན་ཁྱོད༴ སངས་རྒྱས་ཀུན་གྱི་བདུག་པའི་དབང་། །དེ་རིང་ཁྱོད་ལ༴ སྙིང་རྗེ་ཚད་མེད་ལྡན་པའི་ཕྱིར། །རྡོ་རྗེ་བདུག་པ༴ སངས་རྒྱས་ཀུན་གྱི་མེ་ཏོག་དབང་། །དེ་རིང་ཁྱོད་ལ་བསྐུར༴ བྱམས་པ་ཚད་མེད་ལྡན་པའི་ཕྱིར། །རྡོ་རྗེ་མེ་ཏོག༴ སངས་རྒྱས་ཀུན་གྱི་མར་མེའི་དབང་། །དེ་རིང་༴ དགའ་བ་ཚད་མེད་ལྡན་བྱའི་ཕྱིར། །རྡོ་རྗེ་སྣང་བ་ཁྱོད་ཀྱིས༴ སངས་རྒྱས་ཀུན་གྱི་དྲི་ཡི་དབང་། །དེ་རིང་༴ བཏང་སྙོམས་ཚད་མེད་ལྡན་པའི་ཕྱིར། །རྡོ་རྗེ་དྲི་ཆབ་ཁྱོད༴ སངས་རྒྱས་ཀུན་གྱི་ལྕགས་ཀྱུའི་དབང་། །དེ་རིང་༴ སྦྱིན་པའི་ལྕགས་ཀྱུས་འགུགས་པའི་ཕྱིར། །རྡོ་རྗེ་ལྕགས་ཀྱུ་ཁྱོད་ཀྱི་ལོང་། །སངས་རྒྱས་ཀུན་གྱི་ཞགས་པའི་དབང་། །དེ་རིང་ཁྱོད༴ སྙན་པའི་ཞགས་པས་བཅིང་བའི་ཕྱིར། །རྡོ་རྗེ་ཞགས་པ་ཁྱོད་ཀྱི་ལོང་། །སངས་རྒྱས་ཀུན་གྱི་ལྕགས་སྒྲོག་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །དོན་དང་མཐུན་པར་བསྡམས་པའི་ཕྱིར། །རྡོ་རྗེ་ལྕགས་སྒྲོག་ཁྱོད་ཀྱི་ལོང་། །སངས་རྒྱས་ཀུན་གྱི་དྲིལ་བུའི་དབང་། །དེ་རིང་༴ དོན་སྤྱོད་གནས་ལ་དབབ་པའི་ཕྱིར། །རྡོ་རྗེ་འབེབས་མ་ཁྱོད་ཀྱི་ལོང་། །བསྐལ་པ་བཟང་པོའི་རྒྱལ་སྲས་མཆོག །བྱམས་པ་མཐོང་བ་དོན་ཡོད་དང་། །ངན་སོང་ཀུན་འདྲེན་མྱ་ངན་འཇོམས། །ཤར་ན་བཞུགས་པས་དབང་བསྐུར་རོ། །བསྐལ་པ་བཟང་པོའི་རྒྱལ་སྲས་མཆོག །སྤོས་ཀྱི་གླང་པོ་དཔལ་བར་འགྲོ། །ནམ་མཁའ་མཛོད་དང་ཡེ་ཤེས་རྟོགས། །ལྷོ་ན་བཞུགས་པས་དབང་བསྐུར་རོ། །བསྐལ་པ་བཟང་པོའི་རྒྱ༴ འོད་དཔག་མེད་དང་ཟླ་འོད་དང་། །བཟང་སྐྱོང་དྲྭ་བ་ཅན་གྱི་འོད། །ནུབ་ན་བཞུགས་པས་དབང་བསྐུར་རོ། །བསྐལ་པ་བཟང་པོའི༴ རྡོ་རྗེ་སྙིང་པོ་བློ་མི་བཟད། །སྤོབས་པ་བརྩེགས་དང་ཀུན་ཏུ་བཟང་། །བྱང་ན་བཞུགས་པའི་དབང་བསྐུར་རོ། །ཞེས་ལྷ་དབང་རྫོགས་པར་བསྐུར་ནས། དེ་ནས་རྫས་དབང་རིམ་པ་བཞིན་ཐོགས་ཏེ། སྔོན་བཅོམ་ལྡན་འདས་རི་རབ་ཀྱི་རྩེ། ཁང་བརྩེགས་འབར་བའི་དབུས་སུ། དཔལ་ཀུན་རིགས་རྣམ་པར་སྣང་མཛད་ཀྱི། བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་འགྲུབ་པ་ལ་ཕྱག་རྒྱ་ཆེན་པོ་ལྔས་དབང་བསྐུར་བས། རིགས་ལྔ་ཡེ་ཤེས་ལྔའི་དབང་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་ཕྱག་རྒྱ་ལྔས་དབང་བསྐུར་བས། སྐུ་ལྔ་ཡེ་ཤེས་མཐར་ཕྱིན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཧཱུྃ། བྱང་ཆུབ་མཆོག་དང་ས་གནོན་དང་། །མཆོད་སྦྱིན་མཉམ་བཞག་སྐྱབས་སྦྱིན་ཏེ། །རྒྱལ་བ་རིགས་ལྔ་སྐུའི་ཕྱག་རྒྱ། །ཕྱག་རྒྱ་ཆེན་པོའི་མཆོག་ཐོབ་ཤོག །རྒྱལ་པོ་མཆོག་གི་ཕྱག་རྒྱ་ནི། །ཕྱག་རྒྱའི་དབང་མཆོག་མི་འདའ་བ། །ཡེ་ཤེས་ལྔ་དང་རིགས་ལྔའི་དབང་། །དབང་གི་བཀྲ་ཤིས་དང་པོའོ། །ཨ་བྷི་ཥིཉྩ་ཧཱུྃ། སྔོན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་འཁོར་རྣམས་ལ། སྙིང་པོ་སྔགས་ཀྱི་དབང་བསྐུར་བས། རྟོགས་པ་ཡེ་ཤེས་ཕུང་པོར་གྱུར་ཏོ། །དེ་བཞིན་དུ་སངས་རྒྱས་ཀྱི་ཐུགས་ཡེ་ཤེས་ཀྱི་བྱིན་རླབས་སྙིང་པོ་སྔགས་ཀྱི་དབང་བསྐུར་བས། རྟོགས་པའི་ཡེ་ཤེས་ཕུན་སུམ་ཚོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཐུགས་ཀྱི་ས་བོན་ཡིག་འབྲུ་མཆོག །སྔགས་ཀྱི་བྱིན་རླབས་བསམ་མི་ཁྱབ། །ཡེ་ཤེས་ཐུགས་ཀྱི་ས་བོན་མཆོག །འབྲས་བུ་སྔགས་ཀྱི་བཀྲ་ཤིས་ཤོག །སྙིང་པོ་རིགས་ལྔ་སངས་རྒྱས་ཀུན་གྱི་མཆོག །གསུང་མཆོག་སྔགས་ཀྱི་ཕྱག་རྒྱ་ཆེན་པོ་སྟེ། །བྱིན་རླབས་ཆེན་པོ་བླ་ན་མེད་པ་ཡི། །སྔགས་མཆོག་དབང་གི་བཀྲ་ཤིས་གཉིས་པའོ། །ༀ་ཧཱུྃ་ཏྲཾ་ཧྲཱིཿཨཱཿ ཨ་བྷི་ཥིཉྩ་ཧཱུྃ། སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་འཁོར་རྣམས་ལ་གསེར་གྱི་ཐུར་མས་དབང་བསྐུར་བས། མ་རིག་པའི་ལིང་ཏོག་བྱང་ནས་ཤེས་རབ་ཀྱི་མིག་གསལ་བར་གྱུར་ཏོ། །དེ་བཞིན་དུ་གསེར་གྱི་ཐུར་མས་དབང་བསྐུར་བས། མ་རིག་པའི་ལིང་ཏོག་བསལ་ནས་ཤེས་རབ་ཀྱི་མིག་གསལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །གསེར་གྱི་ཐུར་མ་ཐོགས་ནས་ནི། །མིག་མཁན་རྒྱལ་པོས་དབང་བསྐུར་བཞིན། །བུ་ཁྱོད་མ་རིག་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །རིན་ཆེན་གསེར་གྱི་ཐུར་མ་ཡི། །འབར་བའི་ཡེ་ཤེས་གསལ་ཕྱེས་ནས། །ངེས་པར་ལོགས་པའི་དགོངས་པ་འགྲུབ། །ཤེས་རབ་ཡེ་ཤེས་སྤྱན་ལྡན་པའི། །དབང་གི་བཀྲ་ཤིས་གསུམ་པའོ། །ཧྲཱིཿསྟེ་པུ་ཀེ་ཧཱུྃ། ཨ་བྷི་ཥིཉྩ་ཧཱུྃ། སྔོན་རི་རབ་ཀྱི་རྩེ་མོར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི། འཁོར་རྣམས་ལ་མེ་ལོང་གི་དབང་བསྐུར་བས། ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པར་རྟོག་པར་གྱུར་ཏོ། །དེ་བཞིན་དུ་མེ་ལོང་གི་དབང་བསྐུར་བས། ཆོས་ཐམས་ཅད་གཟུགས་བརྙན་རྟེན་འབྲེལ་སྒྱུ་མ་ཙམ་དུ་རྟོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཆོས་ཀུན་གཟུགས་བརྙན་ལྟ་བུ་སྟེ། །རྟེན་འབྲེལ་མཐུ་ལ་སྣང་བའི་ཕྱིར། །བརྗོད་མེད་རང་བཞིན་དག་པའི་དོན། །ཆོས་ཉིད་སྒྱུ་མ་གསལ་བར་ཤོག །སྣང་སེམས་དྲི་མ་མེད་པ་དང་། །མངོན་ཤེས་དབང་པོ་གསལ་བ་དང་། །ཡེ་ཤེས་གསལ་བའི་མེ་ལོང་གི། །དབང་གི་བཀྲ་ཤིས་བཞི་པའོ། །ཨ་བྷི་ཥིཉྩ་ཧཱུྃ། སྔོན་རི་རབ་ཀྱིས་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་འཁོར་རྣམས་ལ། འཁོར་ལོ་བཞིས་དབང་བསྐུར་བས། འགྲོ་དོན་ཐོགས་པ་མེད་པར་གྱུར་ཏོ། །དེ་བཞིན་དུ་འཁོར་ལོ་བཞིས་དབང་བསྐུར་བས། རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་ཞིང་ཁམས་གསུམ་དུ་འགྲོ་དོན་ཐོགས་པ་མེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །འོག་ཏུ་གསེར་གྱི་འཁོར་ལོ་དག །བརྗོད་པ་མེད་པའི་འབྲུ་བཀོད་ནས། །གཞན་གྱི་དོན་ལ་ཕན་པའི་ཕྱིར། །རྒྱལ་བའི་འཁོར་ལོ་བསྐོར་བར་ཤོག །ཉོན་མོངས་མ་ལུས་གཞོམ་པ་དང་། །ལེགས་པའི་ཡོན་ཏན་རྫོགས་པ་དང་། །འབྲས་བུ་ཀུན་ཏུ་འཕགས་པའི་ཕྱིར། །དབང་གི་བཀྲ་ཤིས་ལྔ་པའོ། །ཨ་བྷི་ཥིཉྩ་ཧཱུྃ། སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་འཁོར་རྣམས་ལ། དུང་གི་དབང་བསྐུར་བས། ཚངས་པའི་དབྱངས་སྒྲོགས་པས་དབང་ཐོབ་པར་གྱུར་རོ། །དེ་བཞིན་དུ་དུང་གི་དབང་བསྐུར་བས། ཚངས་པའི་དབྱངས་སྒྲོགས་པའི་དབང་ཐོབ་པར་གྱུར་ཅིག །ཆོས་དུང་རྒྱལ་བས་བོས་ནས་ནི། །འཇིག་རྟེན་སེམས་ཅན་སྐལ་ལྡན་ལ། །རྣམ་གསལ་སྡིག་སྦྱངས་ཆོས་ཐོས་པའི། །ཚངས་པའི་སྒྲ་སྐད་ཐོབ་པར་ཤོག །སྐྱོབས་པའི་མགོན་པོ་ཚངས་པའི་དབྱངས། །ཚངས་པའི་གསུང་མཆོག་འགྲོ་བ་སྒྲོལ། །འཇིག་རྟེན་གསུམ་དུ་གསལ་བའི་སྒྲ། །དབང་གི་བཀྲ་ཤིས་དྲུག་པའོ། །ཨ་བྷི་ཥིཉྩ་ཧཱུྃ། སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་འཁོར་རྣམས་ལ། མེ་ཏོག་ཕྲེང་བས་དབང་བསྐུར་བས། །ཚུལ་ཁྲིམས་ཡོངས་སུ་རྫོགས་པར་གྱུར་ཏོ། །དེ་བཞིན་དུ་མེ་ཏོག་ཕྲེང་བས་དབང་བསྐུར་བས། ཚུལ་ཁྲིམས་ཡོངས་སུ་རྫོགས་པར་གྱུར་ཏེ། ངན་སོང་ལས་ཐར་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །སྡུག་ཅིང་མཛེས་པའི་མེ་ཏོག་བརྒྱན། །དགོས་པའི་དོན་རྣམས་མྱུར་བར་འབྱིན། །ཐམས་ཅད་ཀུན་གྱི་ཡིད་དུ་འོང་། །འབྱོར་བའི་ལོངས་སྤྱོད་རྒྱན་དུ་ཤོག །ཁ་དོག་དབྱིབས་ལེགས་རིན་ཆེན་མེ་ཏོག་འདི། །ནམ་མཁའ་གང་ཞིང་ས་གཞི་ཁེབ་བྱེད་པའི། །མཆོད་པའི་སྤྲིན་དཔུང་དུས་གསུམ་ཆར་འབེབ་པ། །མཛེས་པའི་དབང་གི་བཀྲ་ཤིས་བདུན་པའོ། །ཨ་བྷི༴ སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་འཁོར་རྣམས་ལ། རྡོ་རྗེས་དབང་བསྐུར་བས། ཐུགས་རྡོ་རྗེའི་དབང་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་རྡོ་རྗེས་དབང་བསྐུར་བས་ཐུགས་ཡེ་ཤེས་རྡོ་རྗེ་ལྟ་བུའི་དབང་ཐོབ་པར་གྱུར་ཅིག །སྐུ་ཡི་ཕྱག་རྒྱ་རབ་རྟེན་དང་། །ཡེ་ཤེས་རྡོ་རྗེ་ལྟ་བུ་སྟེ། །རྡོ་རྗེ་ཐུགས་ཀྱིས་རང་བཞིན་ནི། །མེ་ལོང་ཡེ་ཤེས་ཐོབ་པར་ཤོག །རྡོ་རྗེའི་རིགས་མཆོག་རྡོར་སེམས་ཏེ། །དཀར་ལ་དག་པ་ཤར་ཕྱོགས་སངས་རྒྱས་ཞིང་། །བདེ་བ་ཆེན་པོ་ཀུན་ལ་ཁྱབ་པའི་བདག །འདི་ནི་དབང་གི་བཀྲ་ཤིས་བརྒྱད་པའོ། །ཨ་བྷི་ཥིཉྩ་ཧཱུྃ། སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་འཁོར་རྣམས་ལ། རིན་པོ་ཆེའི་དབང་བསྐུར་བས། ཡོན་ཏན་རིན་པོ་ཆེའི་མཛོད་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་རིན་པོ་ཆེའི་དབང་བསྐུར་བས་ཡོན་ཏན་རིན་པོ་ཆེའི་དབང་དམ་པ་ཐོབ་པར་གྱུར་ཅིག །སྐུ་ཡི་ཕྱག་རྒྱ་རྟག་བརྟན་པ། །འགྲོ་བ་ཀུན་གྱི་རེ་བ་བསྐངས། །ཡོན་ཏན་རིན་ཆེན་རང་བཞིན་ཏེ། །མཉམ་ཉིད་ཡེ་ཤེས་ཐོབ་པར་ཤོག །རིན་ཆེན་མཆོག་གི་ཡོན་ཏན་སེམས་དཔའ་སྟེ། །སེར་ལ་དག་པ་ལྷོ་ཕྱོགས་རིན་ཆེན་སངས་རྒྱས་ཞིང་། །བདེ་བ་ཆེན་པོ་ཀུན་ལ་ཁྱབ་པའི་བདག །འདི་ནི་དབང་གི་བཀྲ་ཤིས་དགུ་པའོ། །ཨ་བྷི༴ སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་འཁོར་རྣམས་ལ། པདྨའི་དབང་བསྐུར་བས། གསུང་པདྨའི་རིགས་ཀྱི་དབང་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་པདྨའི་དབང་བསྐུར་བས། འགྲོ་དོན་བྱེད་པ་ལ་ཉེས་པའི་སྐྱོན་གྱི་མ་གོས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །སྐུ་ཡི་ཕྱག་རྒྱ་རྟག་བརྟེན་པ། །པདྨ་དབང་གི་རང་བཞིན་ཏེ། །གསུང་གི་རང་བཞིན་འབྱུང་བའི་མཛོད། །ཀུན་རྟོགས་ཡེ་ཤེས་ཐོབ་པར་ཤོག །པདྨའི་རིགས་མཆོག་ཆོས་ཀྱི་སེམས་དཔའ་སྟེ། །དམར་ལ་དག་པ་ཕུང་པོས་སངས་རྒྱས་ཞིང་། །བདེ་བ་ཆེན་པོ་ཀུན་ལ་ཁྱབ་པའི་བདག །འདི་ནི་དབང་གི་བཀྲ་ཤིས་བཅུ་པའོ། །ཨ་བྷི༴ སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་འཁོར་རྣམས་ལ། སྣ་ཚོགས་རྡོ་རྗེའི་དབང་བསྐུར་བས། །ཕྲིན་ལས་བཞིའི་དབང་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་རྒྱ་གྲམ་གྱི་དབང་བསྐུར་བས། ཕྲིན་ལས་བཞིའི་དབང་ཐོབ་པར་གྱུར་ཅིག །སྐུ་ཡི་ཕྱག་རྒྱ་སྟག་བརྟན་པས། །ལས་རྣམས་མ་ལུས་རྫོགས་པའི་མཆོག །ཕྲིན་ལས་འགྲོ་དོན་གྲུབ་པ་སྟེ། །བྱ་གྲུབ་ཡེ་ཤེས་ཐོབ་པར་ཤོག །བྱ་བའི་རིགས་མཆོག་ལས་ཀྱིས་སེམས་དཔལ་སྟེ། །ལྗང་གུ་དག་པས་བྱང་ཕྱོགས་སངས་རྒྱས་ཞིང་། །བདེ་བ་ཆེན་པོ་ཀུན་ལ་ཁྱབ་པའི་བདག །འདི་ནི་དབང་གི་བཀྲ་ཤིས་བཅུ་གཅིག་པའོ། །ཨབྷི༴ སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་འཁོར་རྣམས་ལ། བདུད་རྩི་བུམ་པའི་དབང་བསྐུར་བས། རྣམ་པར་དག་པ་སིལ་བར་གྱུར་ཏོ། །དེ་བཞིན་དུ་ཐུགས་བདུད་རྩི་བུམ་པས་དབང་བསྐུར་བས། ལས་དང་ཉོན་མོངས་པའི་དྲི་མ་བྱང་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །སྤྲོས་མེད་སྤྲོས་བྲལ་ཆོས་ཀྱི་དབྱིངས། །བུམ་པ་བཟང་པོ་ཡུམ་གྱི་གཏེར། །ཕན་བྱེད་སྨན་པའི་མཆོག་ཡིན་ཏེ། །འགྲོ་བའི་ནད་རྣམས་སེལ་བར་ཤོག །བུམ་པ་བཟང་པོ་སྤྲོས་མེད་ཆོས་ཀྱི་དབྱིངས། །ཐུགས་རྗེ་ཆེན་པོ་ཕན་མཛད་ཡུམ་གྱི་ཚུལ། །འཁོར་བའི་གནས་སྐྱོབ་དྲི་མ་དག་མཛད་པ། །སྒྲིབ་སེལ་དབང་གི་བཀྲ་ཤིས་བཅུ་གཉིས་པའོ། །ཨ་བྷི༴ སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ། སེང་གེའི་དབང་བསྐུར་བས། ལོག་པའི་ཕྱོགས་ཟིལ་གྱི་གནོན་པའི་དབང་དམ་པ་ཐོབ་པར་གྱུར་ཏེ། དེ་བཞིན་དུ་སེང་གེའི་དབང་བསྐུར་བས། གསུང་རབ་རྒྱ་མཚོའི་སྒྲས་ཐམས་ཅད་ཟིལ་གྱི་གནོན་ནས་སྟོང་སྤྱི་ཕུད་ཀྱི་སེམས་ཅན་ཐམས་ཅད་སྐད་ཅིག་ལ་སངས་རྒྱས་པར་བྱེད་པ་བཅོམ་ལྡན་འདས་ཀུན་ཏུ་བཟང་པོའི་དབང་དམ་པ་ཐོབ་པར་ཤོག །གཟུགས་བཟང་སེམས་ཅན་ཀུན་གྱི་གཙོ་བོ་སྟེ། །ཟིལ་གནོན་སྒྲ་འབྱིན་སྡེར་ཆགས་སྐྲག་པར་བྱེད། །ཕྱོགས་མཐུན་ཀུན་སྐྱོབ་སེང་གེའི་དཔལ་དང་ལྡན། །ཐམས་ཅད་ཟིལ་གནོན་དབང་མཆོག་ཐོབ་པར་ཤོག །སེང་གེའི་ང་རོ་སྒྲ་ཆེན་ཐོགས་མེད་པ། །འཇིགས་མེད་འཇོམས་པའི་སྒྲ་རྣམས་བསྒྲག་ནས་ཀྱང་། བདུད་དཔུང་མ་ལུས་ཟིལ་གྱི་གནོན་མཛད་པ། །ཆེ་མཆོག་དབང་གི་བཀྲ་ཤིས་བཅུ་གསུམ་པའོ། །ཨ་བྷི༴ སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས༴ ཉི་མས་དབང་བསྐུར་བས། མ་རིག་པའི་མུན་པ་སེལ་བའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་ཉི་མས་དབང་བསྐུར་བས། སྐྱེ་འགྲོ་རྣམས་ཀྱི་རྒྱུད་ལ་ཡེ་ཤེས་འཆར་བའི་དབང་དམ་པ༴ ཉི་མས་མུན་སེལ་ཤེས་རབ་སྒྲོན། །ཀུན་ལ་གསལ་བའི་རིན་པོ་ཆེ། །ཐམས་ཅད་ཀུན་གྱི་དཔལ་དུ་ཤར། །མ་རིག་སེལ་བའི་སྒྲོན་མེར་ཤོག །ཡེ་ཤེས་གསལ་བ་ཕྱོགས་བཅུར་ཁྱབ་པར་བདལ། །ཐུགས་རྗེ་མཆོག་གྱུར་མུན་པ་ཐ་དག་གསལ། །རང་བཞིན་འོད་གསལ་འགྲོ་བའི་དོན་མཛད་པ། །ཤེས་རབ་དབང་གི་བཀྲ་ཤིས་བཅུ་བཞི་པའོ། །ཨ་བྷི༴ སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས༴ ཟླ་བས་དབང་བསྐུར་བས། ཉོན་མོངས་པའི་གདུང་བ་སེལ་བའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་ཟླ་བས་དབང་བསྐུར་བས། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་གདུང་བ་ཐམས་ཅད་སེལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཐམས་ཅད་ཀུན་གསལ་ཆུ་ཤེལ་ལྟ་བུ་སྟེ། །དགོས་པའི་དོན་འབྱིན་དཀར་ལ་དག་པའི་ཚུལ། །ཚད་མེད་ཐབས་མཆོག་ཟླ་བ་རིན་པོ་ཆེ། །མ་རིག་མུན་སེལ་ཡེ་ཤེས་སྒྲོན་མར་ཤོག །དཀར་ལ་དག་པའི་ཟླ་བ་དྲི་མ་མེད། །ཐབས་ཀྱི་མཚན་ཉིད་སྐྱོན་གྱི་མ་གོས་ཏེ། །ཡོངས་སུ་དག་པ་མུན་པ་སེལ་བའི་སྨན། །ཐབས་མཆོག་དབང་གི་བཀྲ་ཤིས་བཅྭོ་ལྔ་པའོ། །ཨ་བྷི༴ སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་འཁོར་རྣམས་ལ། སྔོན་གྱི་འཁོར་ལོ་བསྒྱུར་བའི་རྒྱལ་པོ་ཚུལ་ཅི་ལྟ་བུ་དང་ལྡན་ཞེ་ན། རྒྱལ་པོའི་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བས། གསོ་སྦྱོང་གི་ཉི་མ་ལ་ཁྲུས་བྱས་པས་ཕོ་བྲང་སྟེང་སྐོར་དབུས་གནས་པའི་ཚེ། ཤར་ཕྱོགས་ཀྱི་ནམ་མཁའ་ལ་འཁོར་ལོ་རྩིབ་སྟོང་ཡོད་པ་ལྟེ་བ་མུ་ཁྱུད་གསེར་ལས་གྲུབ་པ། གཟོ་བོས་མ་བྱས་པ་རང་བྱུང་རྒྱལ་པོའི་ལག་པ་གཡས་སུ་བབ་པབོ། །དེའི་ཚེ་རྒྱལ་པོའི་བསམ་པ་ལ་རྟག་འདི་དང་སྦྱར་ནས། བདག་ནི་འཁོར་ལོ་བསྒྱུར་བའི་རྒྱལ་པོ་ཡིན་ངེས་སྙམས་ནས། འཁོར་ལོ་བསྐོར། ཞིང་ནམ་མཁའ་ལ་འགྲོ་ཞིང་དཔུང་གི་ཚོགས་དང་བཅས་པ་ལ་གླིང་བཞིའི་རྒྱལ་པོ་ཐམས་ཅད་ཀྱི་མདུན་དུ་བསུས་ཤིང་གནས་པའི་ཚེ། ཐམས་ཅད་དགེ་བ་བཅུའི་ནམ་མཁའ་ལ་འགྲོ་ཞིང་། འགོད་པའི་དཔལ་དང་ལྡན་པར་གྱུར་ཏོ། །དེ་བཞིན་དུ་འཁོར་ལོ་རིན་པོ་ཆེས་དབང་བསྐུར་བས། འཇིག་རྟེན་གྱི་འགྲོ་བ་མ་ལུས་པ་སྨིན་གྲོལ་གྱི་ལམ་ལ་འགོད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དུས་གསུམ་རྒྱལ་བས་བསྐོར་བའི་འཁོར་ལོ་འདི། །མི་ཁོམས་རྒྱུན་གཅོད་རྒྱུ་དང་འབྲས་བུར་སྟོན། །འཁོར་ལོ་བསྒྱུར་བའི་དབང་ཕྱུག་རིན་པོ་ཆེ། །བླ་མེད་འཁོར་ལོ་དམ་པ་བསྐོར་གྱུར་ཅིག །སྟོང་ཉིད་ཡེ་ཤེས་གསལ་བའི་འཁོར་ལོ་ལ། །ཆོས་ཉིད་དབྱིངས་ལས་ཕྲིན་ལས་ཅིར་ཡང་སྟོན། །སེམས་ཅན་ཁ་ལོ་གྱེན་དུ་བསྒྱུར་མཛད་པ། །ཆོས་འཁོར་དབང་གི་བཀྲ་ཤིས་བཅུ་དྲུག་པའོ། །ཨ་བྷི་ཥིཉྩ་ཧཱུྃ། སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་འཁོར་རྣམས་ལ། འཁོར་ལོ་བསྒྱུར་བའི་གླང་པོ་ནི་ཁ་དོག་དཀར་པོ་ཡན་ལག་བདུན་དང་ལྡན་པ། ལྷ་མ་ཡིན་དང་གཡུལ་འགྱེད་པས་གཡུལ་ལས་རྒྱལ་བར་བྱེད་པའི་མཐུ་དང་ལྡན་པའི་དབང་བསྐུར་བས། རྒོལ་བ་ཐམས་ཅད་ཟིལ་གྱི་གནོན་པའི་དབང་དམ་པ༴ དེ་བཞིན་དུ་འགྲེས་སོ། །ཐེག་པའི་དོན་དམ་བླ་མེད་སྟོན་པའི་མཆོག །ཡན་ལག་བདུན་མཛེས་ཀུ་མུ་ཏ་ཡི་མདོག །འདུལ་དཀའ་སྟོབས་ཆེན་གླང་པོ་རིན་པོ་ཆེ། །ཁྱུ་མཆོག་བརླབ་ཆེན་སྟོབས་ལྔ་རྫོགས་པར་ཤོག །སྟོབས་མཆོག་ཕ་རོལ་གནོན་པའི་མཐུ་མངའ་བ། །གདུལ་བ་སྟོབས་ལྡན་གཞན་གྱི་མི་བརྫི་བས། །ཕ་རོལ་རྫུ་འཕྲུལ་མཐུ་སྟོབས་གནས་མཛད་པའི། །མཐུ་སྟོབས་དབང་གི་བཀྲ་ཤིས་བཅུ་བདུན་པའོ། །ཨ་བྷི༴ སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་འཁོར་རྣམས་ལ། འཁོར་ལོ་བསྒྱུར་བའི་རྟ་མཆོག་རིན་པོ་ཆེ་ནི། སྔོན་པོ་རྔོག་མ་དམར་པོས་གླིང་བཞི་ཡུད་ཀྱིས་བསྐོར་ནས་རྫུ་འཕྲུལ་དང་ལྡན་ཞིང་ཐུགས་རྗེ་ལ་ཐོགས་པ་མེད་པའི་དབང་ཐོབ་པར་གྱུར་ཅིག །འཁོར་བའི་སྡུག་བསྔལ་ཆུ་བོ་བཞི་ལས་གྲོལ། །བརྩོན་འགྲུས་མྱུར་བའི་རྫུ་འཕྲུལ་ཤུགས་ཀྱི་སྤྱོད། །ཅང་ཤེས་སྤྲིན་གྱི་ཤུགས་འཆང་རིན་པོ་ཆེ། །མི་གནས་ཡེ་ཤེས་ཡིད་བཞིན་སྤྱོད་པར་ཤོག །རྫུ་འཕྲུལ་ཐོགས་མེད་ཀུན་ཏུ་མྱུར་བའི་ཤུགས། །ཀུན་ཏུ་བསྒྲོད་པའི་དོན་ལ་མྱུར་བ་དང་། །རྫུ་འཕྲུལ་སྣ་ཚོགས་ཀུན་ཏུ་སྟོན་མཛད་པའི། །ཐོགས་མེད་དབང་གི་བཀྲ་ཤིས་བཅྭོ་བརྒྱད་པའོ། །ཨ་བྷི༴ སྔོན་རི་རབ་ཀྱི་རྩེར༴ སོགས། འཁོར་ལོ་བསྒྱུར་བའི་ནོར་བུ་རིན་པོ་ཆེ་ནི། བཻ་ཌཱུརྱའི་རང་བཞིན་ཅན་ཟུར་བརྒྱད་ལ་མུན་པ་སེལ་བའི་གང་འདོད་མཐོང་བ། ཅི་ཙམ་འབྱུང་བ་དང་དཔག་ཚད་འོད་ཀྱི་ཁྱབ་པའི་དབང་བསྐུར་བས། ཉོན་མོངས་པའི་མུན་པ་བསལ་ཏེ། ལྷག་མཐོང་གི་ཡེ་ཤེས་རྟོགས་པའི་དབང་༴ དཀོན་མཆོག་གསུམ་གྱི་ཡོན་ཏན་རིན་པོ་ཆེ། །འཁོར་བའི་མུན་སེལ་བདེ་བའི་སྙིང་པོ་འབྱུང་། །དགོས་པའི་མཆོད་སྦྱིན་ལོངས་སྤྱོད་ཕུན་སུམ་ཚོགས། །ཡིད་བཞིན་ནོར་བུ་རིན་ཆེན་སྤྱོད་པར་ཤོག །དགོས་འདོད་འབྱུང་བའི་ནོར་བུ་རིན་པོ་ཆེ། །ཐམས་ཅད་ཀུན་གྱི་ཡིད་དང་མཐུན་པ་དང་། །ཆེ་བའི་ཡོན་ཏན་ཕུན་སུམ་ཚོགས་པར་ཤོག །ཡིད་བཞིན་དབང་གི་བཀྲ་ཤིས་བཅུ་དགུ་པའོ། །ཨ་བྷི༴ སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས༴ འཁོར་ལོ་བསྒྱུར་བའི་བློན་པོ་རིན་པོ་ཆེ་ནི། མཁས་པ་གསལ་བའི་ཡིད་གཞུངས་པ་དཔག་ཚད་ཚུན་ཆད་ཀྱི་གཏེར་མཐོང་བ་རྒྱལ་པོའི་དགོངས་པ་ཐམས་ཅད་འགྲུབ་པ་དེའི་དབང་བསྐུར་བས། ལྷའི་མིག་རྣམ་པར་དག་པ་ཐོབ་ཅིང་འཕགས་པའི་ནོར་བདུན་དང་ལྡན་པའི་དབང་དམ་པ༴ གང་ལ་ཅི་འདོད་དཔག་བསམ་ཤིང་ལྟ་བུ། །འགྲོ་ལ་སྙིང་བརྩེ་ཚོགས་གཉིས་རྫོགས་པ་དང་། །དབང་ཕྱུག་བཙུན་པའི་བློན་པོ་རིན་པོ་ཆེ། །འཁོར་ལོ་བསྒྱུར་བའི་རྒྱལ་མཚན་ཐོབ་པར་ཤོག །འཚང་པ་འཕྲུལ་འབྱིན་བློན་པོ་རིན་པོ་ཆེ། །ལེགས་ཉེས་ཀུན་བྱེད་གཅོད་པའི་དོན་ལ་མཁས། །འགལ་བ་ཆོམ་འབེབ་འཛངས་པའི་འཕྲུལ་བག་ཅན། །བློན་པོའི་དབང་གི་བཀྲ་ཤིས་ཉི་ཤུ་པའོ། །ཨ་བྷི༴ སྔོན་རི་རབ་ཀྱི་རྩེར༴ འཁོར་ལོ་བསྒྱུར་བའི་བཙུན་མོ་རིན་པོ་ཆེ་ནི། རྒྱལ་རིགས་སུ་སྐྱེས་པ་གཟུགས་མཛེས་བལྟ་ན་སྡུག་པ། མིའི་མདོག་ལས་འདས་པ། བ་སྤུའི་ཁུང་ནས་ཙནྡན་གྱི་དྲི་འབྱུང་བ། ལུས་ལ་རེག་པ་ཙམ་གྱི་བདེ་བ་དེའི་དབང་བསྐུར་བས། ཏིང་ངེ་འཛིན་ཞི་བའི་ཆོས་ལ་དབང་འབྱོར་ཏེ་འཇིག་རྟེན་ལས་འདས་པའི་སྤྱོད་ཡུལ་ཡོངས་སུ་དག་པའི་དབང་དམ་པ༴ ཕ་རོལ་ཕྱིན་བཅུ་སེམས་ཅན་སྐྱབ་པའི་ཕྱིར། །ཤེས་རབ་གཟུགས་མཛེས་བཙུན་མོ་རིན་པོ་ཆེ། །བསྡུ་བ་རྣམ་བཞི་ཚད་མེད་བཞི་པོ་ཡི། །ཚེ་དང་ལོངས་སྤྱོད་གཏེར་ལ་སྤྱོད་པར་ཤོག །ཤེས་རབ་དབྱིངས་ལ་གྲུབ་པའི་ལྷ། །དགོས་པའི་དོན་གྲུབ་བཙུན་མོ་སྟེ། །སྨོན་ལམ་མཐུ་སྟོབས་འབྲེལ་བ་ཡི། །དབང་གི་བཀྲ་ཤིས་ཉེར་གཅིག་པའོ། །ཨ་བྷི༴ སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས༴ འཁོར་ལོ་བསྒྱུར་བའི་དམག་དཔོན་རིན་པོ་ཆེ་ནི། མཁས་པ་དཔའ་བ་ཕ་རོལ་གྱི་དཔུང་འཇོམས་པའི་དགྲ་ཐབས་ཀྱི་སྦྱོར་བ་ལ་མཁས་པ། བསྡོ་བ་འཇོམས་པའི་དབང་བསྐུར་བས། འཇིགས་ཚོགས་ཀྱི་རི་བོ་ཉི་ཤུ་འཇོམས་པའི་དབང་༴ དམ་པ༴ ཕན་པའི་གོ་བསག་གནོད་པའི་དཔུང་འཇོམས་ཤིང་། །འཇིགས་པའི་སྐྱབ་བྱེད་འགྲོ་ལ་མི་འཇིགས་སྦྱིན། །ཐབས་དང་ཤེས་རབ་ལྡན་པའི་དམག་དཔོན་འདིས། །མཐུ་སྟོབས་རྫུ་འཕྲུལ་དཔུང་གི་བསྲུང་བར་ཤོག །དྲག་ཤུལ་དྲེག་པའི་ཕ་རོལ་འཇོམས་མཛད་པ། །ཉོན་མོངས་མི་ཤེས་གཡུལ་ངོ་སེལ་བྱེད་ཅིང་། །རྣམ་པར་རྟོག་པའི་ཚོགས་ཀྱི་མི་ཚུགས་པའི། །འདུལ་ཐབས་དབང་གི་བཀྲ་ཤིས་ཉེར་གཉིས་པའོ། །ཨ་བྷི༴ སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས༴ ཡེ་ཤེས་ཀྱི་རལ་གྲིའི་དབང་བསྐུར་བས། ཉོན་མོངས་པའི་དྲྭ་བ་གཅོད་པའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་རལ་གྲིའི་དབང་བསྐུར་བས། འཁྲུལ་བའི་དྲྭ་བ་གཅོད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །སྒྲིབ་པའི་དྲྭ་བ་ཀུན་བཅད་དེ། །མི་ཤེས་དྲྭ་བ་གཅོད་ཚུལ་དུ། །གནོན་པོས་བག་ཆགས་གཅོད་པ་སྟེ། །ཐམས་ཅད་ཀུན་ལས་རྒྱལ་བར་ཤོག །སྒྲིབ་གཉིས་དྲྭ་བ་གྲལ་བྱེད་པ། །ཡེ་ཤེས་རྣམ་པ་ཐོགས་པ་མེད། །མི་ཤེས་བག་ཆགས་གཅོད་བྱེད་པའི། །དབང་གི་བཀྲ་ཤིས་ཉེར་གསུམ་པའོ། །ཨ་བྷི༴ སྔོན་རི་རབ་ཀྱི༴ མདའ་གཞུའི་དབང་བསྐུར་བས། ཐབས་ཤེས་རབ་འབྲེལ་བའི་དབང་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་མདའ་གཞུའི་དབང་བསྐུར་བས་ཐབས་ཤེས་རབ་བཟུང་འཇུག་རྣམ་པར་རྒྱལ་མཚོའི་དབང་དམ་པ༴ རྒོལ་བའི་ཚོགས་འཇོམས་མྱུར་བའི་ཤུགས་འཆང་བའི། །ཐབས་ཀྱིས་འདུལ་ལ་ཉེས་པས་མ་གོས་ཏེ། །དངོས་པོ་ཀུན་འཇོམས་ཕ་རོལ་འབིག་བྱེད་པའི། །ཐབས་ཀྱི་འདུལ་བའི་དབང་མཆོག་ཐོབ་པར་ཤོག །ཐབས་ཤེས་དབྱེར་མེད་རང་བཞིན་རོ་གཅིག་པ། །ཐུགས་རྗེ་མྱུར་མགྱོག་ཐབས་མཆོག་འགྲོ་ལ་འབྱུང་། །ཡང་རབ་རྩལ་མཆོག་བློ་གྲོས་རྣམ་པར་ནོན། །ཐབས་ཤེས་དབང་གི་བཀྲ་ཤིས་ཉེར་བཞི་པའོ། །ཨ་བྷི༴ སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས༴ གནམ་རལ་གྱི་དབང་བསྐུར་བས། བར་ཆད་ཀྱི་བདུད་འཇོམས་པར་གྱུར་ཏོ། །དེ་བཞིན་དུ་གནམ་རལ་གྱི་དབང་བསྐུར་བས། བདུད་དཔུང་ཐ་དག་འཇོམས་པའི་དབང་ཐོབ་པར་གྱུར་ཅིག །སྟོབས་ལྡན་དབང་ཕྱུག་མཐུ་སྟོབས་ཆེ་བ་ཡི། །བདུད་དཔུང་ཕས་ཀྱི་བསྡོ་བ་ཀུན་བཏུལ་ནས། །ཆེ་བཙན་དྲག་པོ་ཀུན་ལ་རྒྱལ་བ་དང་། །ཐམས་ཅད་མཐུ་སྟོབས་དག་གི་དབང་བྱེད་ཤོག །རིན་ཆེན་རྒྱན་མཛེས་གནམ་རལ་རིན་པོ་ཆེ། །ལོག་པའི་ཕྱོགས་ཀུན་ཚར་གཅོད་ཟིལ་གྱི་གནོན། །ཐབས་ལ་མཁས་པའི་སྡེ་དཔུང་ཆེན་པོ་སྟེ། །རྒྱལ་ཐབས་དབང་གི་བཀྲ་ཤིས་ཉེར་ལྔ་པའོ། །ཨ་བྷི༴ སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་འཁོར་རྣམས་ལ། ཤན་ཉེ་བའི་རལ་གྲི་རིན་པོ་ཆེའི་དབང་བསྐུར་བས། འཁོར་བའི་སྒྲིབ་པ་གཅོད་པའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་ཤན་ཉེ་བ་རིན་པོ་ཆེའི་དབང་བསྐུར་བས། འཁོར་བའི་སྒྲིབ་པ་གཅོད་པའི་དབང་དམ་པ། །ཉོན་མོངས་སྒྲིབ་པའི་དྲྭ་བ་གཅོད་པ་དང་། །དངོས་པོ་མཚན་མ་མ་ལུས་གཞོན་པ་དང་། །མི་ཤེས་རྣམ་པར་རྟོག་པ་བསྒྲལ་བའི་ཕྱིར། །གདུག་པ་འཇོམས་པའི་དབང་རྣམས་ཐོབ་པར་ཤོག །རིན་ཆེན་མཛེས་པའི་ཤན་མཆོག་རིན་པོ་ཆེ། །རྣམ་གཅོད་རྣམ་པས་ཕ་རོལ་ཉེས་པ་གཅོད། །ཡེ་ཤེས་རྣོན་མཆོག་ཀུན་གྱི་ཡིད་དུ་འོང་། །ཉེས་གཅོད་དབང་གི་བཀྲ་ཤིས་ཉེར་དྲུག་པའོ། །ཨ་བྷི༴ སྔོན་རི་རབ་ཀྱི་རྩེར༴ ཞྭ་ཉེ་བའི་རིན་པོ་ཆེས་དབང་བསྐུར་བས། བགེགས་དང་ལོག་འདྲེན་མེད་པ་ཚེའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་ཞྭ་ཉེ་བའི་རིན་པོ་ཆེའི་དབང་བསྐུར་བས་བགེགས་དང་བར་ཆད་གང་གིས་ཀྱང་མི་ཚུག་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཚ་གྲང་བསིལ་འཇོམས་དབུ་ཞྭ་འདི། །གདུང་བ་སེལ་བའི་ཉེས་མཁོ་སྟེ། །འབྲས་བུ་ཐར་པ་ཐོབ་པའི་ཕྱིར། །འཇིགས་པ་བཞི་ཡི་སྐྱབས་སུ་ཤོག །རིན་ཆེན་རྒྱན་མཆོག་དབུ་ཞྭ་རིན་པོ་ཆེ། །འཇིགས་པ་བཞི་སྐྱོབས་ལོག་པའི་སྐྱོན་ལས་གྲོལ། །མི་འགྱུར་གཡུང་དྲུང་ཚེའི་དབང་ཐོབ་པའི། །གཡུང་དྲུང་དབང་གི་བཀྲ་ཤེས་ཉེར་བདུན་པའོ། །ཨ་བྷི༴ སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས༴ ཚངས་པའི་ཁབ་སྐུད་ཀྱི་དབང་བསྐུར་བས། ལེགས་པའི་ཡོན་ཏན་འགྲུབ་པའི་དབང་དམ་ཐོབ་པར་གྱུར་ཅིག །དེ་བཞིན་དུ་ཉེ་བའི་རིན་ཆེན་ཁབ་སྐུད་ཀྱི་དབང་བསྐུར་བས། ལེགས་པའི་ཡོན་ཏན་འགྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཚངས་པའི་ཁབ་སྐུད་ཉེ་བའི་བཀྲ་ཤིས་ཏེ། །ལེགས་པའི་ཡོན་ཏན་ཚང་པ་རྫོགས་པའི་དཔལ། །ཉེས་པ་ཀུན་གྲོལ་ལེགས་པའི་རང་བཞིན་ཅན། །ཕུན་སུམ་ཚོགས་པ་དཔལ་གྱི་འབྱོར་བར་ཤོག །ཚངས་པའི་ཁབ་སྐུད་ལེགས་པའི་དགོངས་པ་འགྲུབ། །གང་ལ་ཡིད་དང་འཚམ་པ་འཚེམ་བྱེད་ནས། །དོན་གྱི་ཐུགས་རྗེ་ཆེན་པོས་མཚམས་སྦྱོར་བ། །ཚངས་སྐུད་དབང་གི་བཀྲ་ཤིས་ཉེར་བརྒྱད་པའོ། །ཨ་བྷི༴ སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས༴ ན་བཟའ་རིན་པོ་ཆེའི་དབང་བསྐུར་བས། གྲང་བའི་སྡུག་བསྔལ་ལས་སྐྱོབས་པའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་གོས་རིན་པོ་ཆེའི་དབང་བསྐུར་བས། འདི་ཕྱིར་གྲང་བའི་ཉེས་པ་ཞི་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཉེས་པ་ཀུན་སྐྱོབས་ན་བཟའ་རིན་པོ་ཆེ། །བདེ་བའི་ཡིད་བཞིན་ཟད་པ་མེད་པ་སྟེ། །ཡོན་ཏན་ཚང་བའི་ན་བཟའ་དམ་པ་འདི། །འདི་དང་ཕ་རོལ་གཉིས་སུ་གོན་བར་ཤོག །རིན་ཆེན་ན་བཟའ་ཅི་ལྟར་བལྟ་ན་སྡུག །ཆེ་ཆུང་འཚམ་ལ་འགྲོ་ལ་དབྱིབས་ལེགས་མཛེས། །ཡོན་ཏན་བླ་མེད་འཕགས་པའི་སྐུ་དང་མཚུངས། །ཆོས་རྟགས་དབང་གི་བཀྲ་ཤིས་ཉེར་དགུ་པའོ། །ཨ་བྷི༴ སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས༴ ཆགས་ཉེ་བ་རིན་པོ་ཆེའི་དབང་བསྐུར་བས། ཐུགས་རྗེ་འགྲོ་བ་ལ་ཆགས་པའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་ཆགས་ཉེ་བ་རིན་པོ་ཆེའི་དབང་བསྐུར་བས། ཐུགས་རྗེ་འགྲོ་བ་ལ་ཆགས་པའི་དབང་དམ་པ༴ རིན་ཆེན་ཆགས་ཀྱིས་དབང་བསྐུར་བས། །ཀུན་ལ་སྙོམས་པའི་ཐུགས་རྗེ་ཡི། །སེམས་ཅན་དོན་ལ་ཐོགས་མེད་དེ། །འགྲོ་བ་འདྲེན་པའི་དཔལ་དུ་ཤོག །རིན་ཆེན་མཛེས་པའི་ཆགས་མཆོག་དམ་པ་འདི། །གར་ཡང་ཐོགས་མེད་ཕྱོགས་བཅུ་བསྒྲོད་ནས་ཀྱང་། །དོན་རྣམས་མ་ལུས་ཡོངས་སུ་རྫོགས་པ་ཡི། །ཡོངས་གྲུབ་དབང་གི་བཀྲ་ཤིས་སུམ་ཅུ་པའོ། །ཨ་བྷི༴ སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་འཁོར་རྣམས་ལ། ཁྲི་སྟན་པགས་པ་རིན་པོ་ཆེས་དབང་བསྐུར་བས། སྙིང་རྗེས་སེམས་ཅན་འདྲེན་པའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་ཁྲི་སྟན་པག་པ་རིན་པོ་ཆེའི་དབང་བསྐུར་བས། ཐུགས་རྗེས་སེམས་ཅན་འདྲེན་པའི་དབང་དམ་པ༴ ཁྲི་སྟན་ས་ལེའི་པག་པ་མཆོག་ཏུ་ཤེས། །སེམས་ཅན་ཀུན་ལ་སྙམས་པའི་སྙིང་རྗེ་ཅན། །ཡོན་ཏན་མཐའ་དག་ཚངས་བའི་བྱང་ཆུབ་སེམས། །སྙིང་རྗེས་འགྲོ་དོན་དགོངས་པ་འགྲུབ་པར་ཤོག །སྙིང་རྗེ་ཚད་མེད་སེམས་ཅན་ཀུན་ལ་དགོངས། །ཉམས་ཐག་འཕོངས་པ་མགོན་མེད་རྣམས་ཀྱི་སྐྱབས། །སེམས་ཅན་འཁོར་བའི་གནས་ནས་འདྲེན་མཛད་པའི། །འགྲོ་དོན་དབང་གི་བཀྲ་ཤིས་སོ་གཅིག་པའོ། །ཨ་བྷི་ཥིཉྩ༴ སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་འཁོར་རྣམས་ལ། ཡུངས་དཀར་བགེགས་ཀྱི་གཉེན་པོར་བྱིན་གྱིས་བརླབ་པ་དེ་བཞིན་དུ། འདིར་ཡང་དབང་བསྐུར་བས། བགེགས་རིགས་སྟོང་ཕྲག་བརྒྱད་ཅུས་མི་ཚུགས་ཤིང་། མཐུ་སྟོབས་ཕུན་སུམ་ཚོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཡུངས་དཀར་རྡོ་རྗེའི་རིགས་མཆོག་ཆེན་པོ་སྟེ། །རྟོགས་བྲལ་མཉམ་ཉིད་ཡེ་ཤེས་རྡོ་རྗེ་ཡིས། །རྟོག་པའི་བགེགས་རྣམས་རབ་ཏུ་འཇོམས་མཛད་པ། །ཕྱོགས་དུས་ཀུན་ཏུ་བགེགས་རྣམས་ཞི་བར་ཤོག །ཡུངས་དཀར་རྡོ་རྗེའི་བགེགས་ཚོགས་འཇོམས། །བདུད་དཔུང་འདུལ་བྱེད་ཐུགས་རྗེ་ཅན། །དགྲ་བགེགས་ཀུན་ལ་རབ་རྒྱལ་བའི། ། དབང་གི་བཀྲ་ཤིས་སོ་གཉིས་པའོ། །ཨ་བྷི༴ སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས༴ རིགས་བཞིའི་སངས་རྒྱས་ཀྱི་བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་འགྲུབ་པ་ལ། མངོན་ཤེས་ལྔའི་དབང་བསྐུར་བ་དང་། འབྲས་བུ་རི་རབ་རྩེར་རིན་པོའི་ཁང་པ་རྣམ་པར་སྣང་མཛད་རྡོ་རྗེ་དབྱིངས་སུ་མངོན་པར་བྱང་ཆུབ་ལྔས་དབང་བསྐུར་བས། དེ་བཞིན་དུ་རིགས་ཀྱི་བུ་ལ་འབྲས་བུ་རི་རབ་ཀྱི་རྩེར་མངོན་པར་བྱང་ཆུབ་པར་གྱུར་ཅིག །མངོན་ཤེས་ལྔ་ལྡན་འབྲས་བུ་ས་བཅུར་འདས། །འབྲས་བུ་དམ་པ་མངོན་པར་སངས་རྒྱས་ཏེ། །ལོངས་སྤྱོད་རྫོགས་པའི་དབང་མཆོག་ཐོབ་པར་ཤོག །དབང་མཆོག་དམ་པ་ཡོངས་སུ་རྫོགས་པ་ཡིས། །ཆོས་རྣམས་མ་ལུས་ཐོབ་པ་སྟེ། །རྡོ་རྗེ་རྒྱལ་པོའི་དབང་མཆོག་ཡོངས་རྫོགས་པའི། །ཕྱིའི་དབང་གི་བཀྲ་ཤིས་སོ་གསུམ་པའོ། །ཙི་ཏ་པྲ་ཏི། བྷི་ར་ཙ་ན། ཡ་ཏ་ཙི་ཏ། ཏ་ཐཱ། ཙི་ཏ། ཨ་ཧཾ། ཙི་ཏ། ༀ་ཧཱུྃ་ཏྲྃ་ཧྲཱིཿཨཱཿ ཨ་བྷི་ཥིཉྩ་ཧཱུྃ། སྔོན་བཅོམ་ལྡན་འདས་ལ། ཁྱིམ་བདག་བཟང་སྐྱོང་གི་ཞོ་ཕུལ་བས། བཟའ་བའི་མདངས་དང་ལྡན་པའི་རྫས་སུ་བྱིན་གྱིས་བརླབ་པ་དེ་བཞིན་དུ། ཏིང་ངེ་འཛིན་གྱི་གཟི་བརྗིད་དང་ལྡན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བ་ཞོ་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་བྱང་ཆུབ་སེམས་རྟོགས་ཏེ། །ཡོན་ཏན་ཀུན་གྱི་སྙིང་པོར་གྱུར་པ་ཡི། །བཀྲ་ཤིས་དེས་ནི་སྙིང་པོ་ཐོབ་པར་ཤོག །ཞོ་ནི་བཅུད་ལྡན་བཀྲ་ཤིས་རྫས་ཀྱི་མཆོག །འདོད་པའི་དོན་འབྱུང་འདོད་འཇོ་བ་ལས་བྱུང་། །ཉོན་མོངས་འཕོངས་པ་ངོམ་ཞིང་ཚིམ་བྱེད་པའི། །བཅུད་ལྡན་དབང་གི་བཀྲ་ཤིས་སོ་བཞི་པའོ། །ཨ་བྷི༴ སྔོན་བཅོམ་ལྡན་འདས་ལ། བྲམ་ཟེ་ཀོ་དེ་ལས། རྩྭ་དུར་ཝ་ཕུལ་བས། རྒྱུ་ཆུང་ངུ་ལས། འབྲས་བུ་མང་པོ་བྱིན་གྱིས་བརླབས་པ་དེ་བཞིན་དུ། དགེ་བ་ཆུང་ངུ་ལ་བསོད་ནམས་ཕུན་སུམ་ཚོགས་པའི་དབང་དམ༴ དུར་ཝས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་འགྲུབ་པའི། །སྐྱེ་ཤི་གཉིས་ཀྱི་སྡུག་བསྔལ་རྒྱུན་ཆད་དེ། །འཆི་བ་མེད་པ་ཚེ་ཡི་རིག་འཛིན་ཤོག །དུར་ཝས་རྩ་མཆོག་བསོད་ནམས་མང་པོ་འཕེལ། །བཀྲ་ཤིས་བདེ་ལེགས་འབྲས་བུ་ཡོན་ཏན་རྒྱས། །ཡིད་ལ་གང་བསམ་འཕྲལ་དུ་འགྲུབ་བྱེད་པའི། །འདོད་འབྱུང་དབང་གི་བཀྲ་ཤིས་སོ་ལྔ་པའོ། །ཨ་བྷི༴ སྔོན་བཅོམ་ལྡན་འདས་ལ། སའི་ལྷ་མོའི་ལི་ཁྲི་ཕུལ་བས་དབང་གི་རང་བཞིན་དུ་བྱིན་གྱིས་བརླབ་པ་དེ་བཞིན་དུ་ཐུགས་རྗེ་ཆེན་པོས། སེམས་ཅན་ལ་རྗེས་སུ་འཛིན་པའི་དབང་དམ་པ༴ ལི་ཁྲི་དམར་པོ་དབང་གི་རང་བཞིན་ལ། །ཆོས་རྣམས་མ་ལུས་དབང་དུ་གྱུར་པ་ཡི། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པ། །རྒྱལ་བའི་བསྟན་པ་རབ་ཏུ་བརྟན་གྱུར་ཅིག །ཁ་དོག་དམར་པོ་ནུབ་ཕྱོགས་པདྨའི་རིགས། །ཆགས་པ་གཉིས་ལྡན་བདག་གཞན་དོན་གཉིས་འགྲུབ། །གསུང་གི་བདག་ཉིད་དོན་སྟོན་བཀྲ་ཤིས་རྫས། །སྐུ་ཚེ་དབང་གི་བཀྲ་ཤིས་སོ་དྲུག་པའོ། །ཨ་བྷི༴ སྔོན་བཅོམ་ལྡན་འདས་ཀྱི་ཀུན་གཞིའི་རྣམ་ཤེས་གསུམ་དུ་གནས་གྱུར་པས། མེ་ལོང་ལྟ་བུའི་ཡེ་ཤེས་བརྙེས་ནས། མངོན་པར་སངས་རྒྱས་པ་དེ་བཞིན་དུ་མེ་ལོང་གི་དབང་བསྐུར་བས། བག་ལ་ཉལ་གྱི་དྲི་མ་ཕྲ་མོ་ཡང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བཅོམ་ནས་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག །མེ་ལོང་ཡེ་ཤེས་ཆེན་པོའི་གཟུགས་བརྙན་ཏེ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་བདག་གྱུར་ནས། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ནི་སྒྲིབ་པ་དག་གྱུར་ཅིག །མེ་ལོང་གདོང་བསྟན་བཞིན་གྱི་དྲི་མ་སེལ། །དེ་བཞིན་ཉོན་མོངས་ཤེས་བྱའི་དྲི་མ་དག །གསལ་ལས་རང་བཞིན་མེད་པའི་ཆོས་ཉིད་ལ། །གསལ་བའི་དབང་གི་བཀྲ་ཤིས་སོ་བདུན་པའོ། །ཨ་བྷི་ཥིཉྩ་ཧཱུྃ། སྔོན་བཅོམ་ལྡན་འདས་ལ། བརྒྱ་བྱིན་གྱི་དུང་གཡས་འཁྱིལ་ཕུལ་བས། གསུང་དབྱངས་ཡན་ལག་དྲུག་ཅུས་ཆོས་ཀྱི་འཁོར་ལོ་བསྐོར་བ་བཞིན་དུ། དུང་ཚངས་པའི་སྒྲ་སྐད་ཕུན་སུམ་ཚོགས་པས་ཆོས་ཀྱི་འཁོར་ལོའི་དབང་དམ་པ་ཐོབ་པར་གྱུར་ཅིག །དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོགས་པའི་ཚུལ། །ཡོན་ཏན་རྒྱ་མཚོ་བདག་ཉིད་མཆོག་གྱུར་ནས། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ནི་ཚེ་ལ་དབང་ཐོབ་ཤོག །ཆོས་སྒྲ་ཆེན་པོ་ཕྱོགས་བཅུར་གྲགས་པ་དང་། །རྒྱལ་བའི་གསུང་མཆོག་དུང་གི་སྒྲ་བུས་ཏེ། །མ་ལུས་འགྲོ་བ་ཀུན་གྱི་རྒྱུད་གྲོལ་བའི། །གསུང་མཆོག་དབང་གི་བཀྲ་ཤིས་སོ་གསུམ་པའོ། །ཨ་བྷི༴ སྔོན་བཅོམ་ལྡན་འདས་ལ། གླང་པོ་ཆེ་ས་སྐྱོང་གི་གྷི་ཝང་ཕུལ་ནས། བདུད་བཞི་ལས་གྲོལ་བར་བྱིན་གྱིས་བརླབ་པ་བཞིན་དུ། ཉོན་མོངས་པའི་ནད་བཞི་བརྒྱ་རྩ་བཞི་ལས་ཐར་པའི་དབང་༴ གྷི་ཝང་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ནས། །ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་ཞི་བྱེད་ཤོག །ཡོན་ཏན་ཕུན་ཚོགས་བཞི་བརྒྱ་རྩ་བཞིའི་ནད་རྣམས་སེལ། །སྨན་མཆོག་སྐྱེ་འགྲོ་མ་ལུས་ཀུན་གྱི་གསོས། །བྱིན་གྱིས་བརླབ་པས་བཀྲ་ཤིས་ཚེ་ཡི་རྒྱུ། །ནད་མེད་དབང་གི་བཀྲ་ཤིས་སོ་དགུ་པའོ། །ཨ་བྷི༴ སྔོན་བཅོམ་ལྡན་འདས་ལ། ཤིང་གི་ལྷ་མོའི་འོད་འཆང་མས་བིལ་བའི་འབྲས་བུ་ཕུལ་བས། འབྲས་བུ་རྣམས་ཡོངས་སུ་རྫོགས་པ་དེ་བཞིན་དུ་སྐུ་དང་ཡེ་ཤེས་སྟོབས་དང་མི་འཇིགས་པ་སོགས་པའི་འབྲས་བུའི་ཆོས་རྣམས་ཡོངས་སུ་རྫོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བིལ་བ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་གནས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེས་ནི་འཇིག་རྟེན་འགྲུབ་པར་ཤོག །ཡལ་ག་ལོ་འདབ་མེ་ཏོག་གཡུ་ལོར་འཁྱིལ། །འབྲས་བུ་ཡིད་བཞིན་འབྱོར་བའི་ལོངས་སྤྱོད་ལྡན། །འདོད་དགུ་ཀུན་དང་མཐུན་པའི་ལོངས་སྤྱོད་པ། །ཕུན་ཚོགས་དབང་གི་བཀྲ་ཤིས་བཞི་བཅུ་པའོ། །ཨ་བྷི༴ སྔོན་བཅོམ་ལྡན་འདས་བྱང་ཆུབ་ཤིང་དྲུང་དུ་བཞུགས་པ་ལ་བདུད་ཀྱི་རྒོལ་བའི་དུས་སུ། ཐུགས་དཔལ་ཝེར་བཀྲ་ཤིས་པ་དེ་བཞིན་དུ་ཐུགས་ལ་དཔལ་ཝེར་འབར་ཞིང་བཀྲ་ཤིས་པའི་དབང་དམ་པ༴ དཔལ་ཝེར་ཐུགས་ཀྱིས་བཀྲ་ཤིས་ཏེ། །འདྲེན་པ་རྣམས་ཀྱི་ཐུགས་ལགས་པའི། །བླ་མེད་ཐར་ལམ་དྲངས་བའི་ཕྱིར། །ཐུགས་ལ་དཔའ་ཝེར་བཀྲ་ཤིས་ཤོག །གཞན་གྱི་མི་ཐུབ་ཆེ་བའི་རྟག་དང་ལྡན། །བསྔོ་བའི་ཆོས་རྣམས་ཀུན་ལས་ཁྱད་པར་འཕགས། །ཐུགས་ཀ་ཉིད་ལ་མངོན་པར་གསལ་བར་སྟོན། །དཔལ་ཝེར་དབང་གི་བཀྲ་ཤིས་ཞེ་གཅིག་པའོ། །ཨ་བྷི༴ སྔོན་བཅོམ་ལྡན་འདས་ལ། བདུད་ཀྱི་རྒོལ་བའི་དུས་སུ་ཕྱག་ཞབས་འཁོར་ལོ་བཀྲ་ཤིས་པ་དེ་བཞིན་དུ། འཁོར་ལོའི་དབང་བསྐུར་བས། ཕྱག་ཞབས་འཁོར་ལོས་མཚན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །འཁོར་ལོའི་བཀྲ་ཤིས་ཕྱག་ཞབས་མཐིལ། །སྐྱོབ་པའི་སངས་རྒྱས་འདྲེན་པའི་ལྷ། །ཉོན་མོངས་སེམས་ཅན་དམྱལ་བའི་གསོས། །ཕྱག་ཞབས་འཁོར་ལོས་བཀྲ་ཤིས་ཤོག །གཞན་གྱི་མི་ཐུབ་ཆེ་བའི་རྟག་དང་ལྡན། །བསྔོ་བའི་ཕྱོགས་རྣམས་ཀུན་ལས་ཁྱད་པར་འཕགས། །ཕྱག་ཞབས་མཐིལ་ལ་མངོན་པར་གསལ་བར་སྟོན། །འཁོར་ལོ་དབང་གི་བཀྲ་ཤིས་ཞེ་གཉིས་པའོ། །ཨ་བྷི༴ སྔོན་བཅོམ་ལྡན་འདས་ལ། བདུད་རྣམས་ཀྱི་རྒོལ་བའི་དུས་སུ་ལྗགས་པདྨར་བཀྲ་ཤིས་པ་དེ་བཞིན་དུ། པདྨས་དབང་བསྐུར་བས། ལྗགས་པདྨས་མཚན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །གསུང་མཆོག་པདྨ་ཆོས་ཀྱི་རྒྱལ། །ཉོན་མོངས་མ་གོས་པདྨའི་ཐུགས། །ཐམས་ཅད་སྒྲོལ་བའི་གསུང་ལགས་ཏེ། །ལྗགས་མཆོག་པདྨའི་བཀྲ་ཤིས་ཤོག །གཞན་གྱི་མི་ཐུབ་ཆེ་བའི་རྟགས་དང་ལྡན། །བསྔོ་བའི་ཆོས་རྣམས་ཀུན་ལས་ཁྱད་པར་འཕགས། །ལྗགས་ཀྱི་མཆོག་ལས་མངོན་པར་གསལ་བར་སྟོན། །པདྨ་དབང་གི་བཀྲ་ཤིས་ཞེ་གསུམ་པའོ། །ཨ་བྷི༴ སྔོན་བཅོམ་ལྡན་འདས་ལ། བདུད་ཀྱི་རྒོལ་བའི་དུས་སུ། སྐུ་རྒྱལ་མཚན་བཀྲ་ཤིས་པ་དེ་བཞིན་དུ་རྒྱལ་མཚན་གྱི་དབང་བསྐུར་བས། རྒྱལ་མཚན་གྱི་མཚན་པའི་དབང་དམ་པ༴ མི་ནུབ་རྒྱལ་མཚན་འདྲེན་པའི་སྐུ། །ཐམས་ཅད་བདུད་ཀྱི་སྡེ་བཏུལ་ནས། །དཔུང་འཇོམ་སངས་རྒྱས་སྐུ་བསྟོད་དེ། །སྐུ་མཆོག་སངས་རྒྱས་བཀྲ་ཤིས་ཤོག །གཞན་གྱི་མི་ཐུབ་ཆེ་བའི་རྟག་དང་ལྡན། །བསྔོ་བའི་ཆོས་རྣམས་ཀུན་ལས་ཁྱད་པར་འཕགས། །སྐུ་ཡི་མཆོག་ལ་མངོན་པར་གསལ་བར་སྟོན། །རྒྱལ་མཚན་དབང་གི་བཀྲ་ཤིས་ཞེ་བཞི་པའོ། །ཨ་བྷི༴ སྔོན་བཅོམ་ལྡན་འདས་ལ། བདུད་ཀྱི་རྒོལ་བའི་དུས་སུ། མགུར་ལ་བུམ་པས་བཀྲ་ཤིས་པ་དེ་བཞིན་དུ། བུམ་པས་དབང་བསྐུར་བས། མགུར་བུམ་པས་མཚན་པའི་དབང་དམ་པ༴ བཀྲ་ཤིས་བུམ་པ་དམ་པ་འདི། །བཅོམ་ལྡན་འདས་ཀྱི་མགུལ་ལགས་ཏེ། །མགུལ་མཆོག་བཀྲ་ཤིས་འདི་བྱིན་པས། །བུམ་པའི་བཀྲ་ཤིས་ཐོབ་པར་ཤོག །གཞན་གྱི་མི་ཐུབ་ཆེ་བའི་རྟགས་དང་ལྡན། །བསྔོ་བའི་ཆོས་རྣམས༴ མགུལ་གྱི་མཆོག་ལ་མངོན་པར་གསལ་བར་སྟོན། །བུམ་པའི་དབང་གི་བཀྲ་ཤིས་ཞེ་ལྔ་པའོ། །ཨ་བྷི༴ སྔོན་བཅོམ་ལྡན་འདས་ལ་བདུད་ཀྱི་རྒོལ་བའི་དུས་སུ། དབུ་ལ་གདུགས་ཀྱི་བཀྲ་ཤིས་པ་དེ་བཞིན་དུ། གདུགས་ཀྱི་དབང་བསྐུར་བས། དབུ་གདུགས་ཀྱི་མཚན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །གདུགས་ཀྱི་ཚ་བའི་སྡུག་བསྔལ་ཀུན་བསལ་ཏེ། །ཉོན་མོངས་མ་ལུས་ཀུན་ལ་བསིལ་བ་དང་། །ཆེ་བའི་ཡོན་ཏན་མ་ལུས་རྒྱས་པ་སྟེ། །ལོག་པའི་ཕྱོགས་རྣམས་ཟིལ་གྱི་གནོན་པར་ཤོག །གཞན་གྱི་མི་ཐུབ༴ བསྔོ་བའི་ཆོས་རྣམས༴ དབུ་སྐྲའི་མཆོགལ༴ གདུགས་མཆོག་དབང་གི་བཀྲ་ཤིས་ཞེ་དྲུག་པའོ། །ཨ་བྷི༴ སྔོན་བཅོམ་ལྡན་འདས་ལ། བདུད་ཀྱི་རྒོལ་བའི་དུས་སུ། ཚེམས་ལ་དུང་གི་བཀྲ་ཤིས་པ་དེ་བཞིན་དུ། ཚེམས་དུང་གི་དབང་བསྐུར་བས། ཚེམས་དུང་གི་མཚན་པའི་དབང་དམ་པ༴ སྙན་པའི་སྒྲ་རྣམས་ཕྱོགས་བཅུར་སྒྲོགས་པ་དང་། །མུ་སྟེགས་ལོགས་པའི་ཕྱོགས་རྣམས་སྐྲག་བྱེད་ཅིང་། །སེམས་ཅན་ཀུན་གྱི་ཤེས་པ་གྲོལ་བའི་ཕྱིར། །གསུང་མཆོག་དུང་གི་རྒྱལ་པོའི་བཀྲ་ཤིས་ཤོག །གཞན་གྱི་མི་ཐུབ་ཆེ་བའི་རྟགས་དང་ལྡན། །བསྔོ་བའི་ཆོས་རྣམས་ཀུན་ལས་ཁྱད་པར་འཕགས། །གསུང་གི་མཆོག་ལ་མངོན་པར་གསལ་བར་སྟོན། །དུང་དཀར་དབང་གི་བཀྲ་ཤིས་ཞེ་བདུན་པའོ། །ཨ་བྷི༴ སྔོན་བཅོམ་ལྡན་འདས་ལ། བདུད་ཀྱི་རྒོལ་བའི་དུས་སུ། ཉ་བཞི་ཉར་བཀྲ་ཤིས་པ་དེ་བཞིན་དུ་ཉའི་དབང་བསྐུར་བས། སྤྱན་དང་ཉ་བཞི་མཚན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཕྱག་ཞབས་ཉ་ཤར་བྱིན་རླབས་ཏེ། །འཇམ་མཉེན་ཡིད་འོང་ཀུན་གྱི་དཔལ། །ཉོན་མོངས་གནས་ནས་འདྲེན་མཛད་པའི། །ཉ་ལྟར་ཉའི་བཀྲ་ཤིས་ཤོག །གཞན་གྱི༴ བསྔོ་བའི༴ ཉ་བཞི་མཆོག་ལ༴ ཉ་བཞི་དབང་གི་བཀྲ་ཤིས་ཞེ་བརྒྱད་པའོ། །ཨ་བྷི༴ སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་འཁོར་རྣམས་ལ། སྣ་ཚོགས་རྡོ་རྗེའི་དབང་བསྐུར་བས། ཕྲིན་ལས་བཞི་འགྲུབ་པར་གྱུར་ཏོ། །དེ་བཞིན་དུ་རྒྱ་གྲམ་གྱི་དབང་བསྐུར་བས། རིག་སྔགས་འཆང་བ་རྣམས་ཀྱི་བསྲུང་ཞིང་ཕྲིན་ལས་བཞི་ཐོག་པ་མེད་པར་འགྲུབ་པའི་དབང་དམ་པ༴ དོག་དང་ལམ་གཉིས་མེད་པ་ལ། །གཙུག་ཏུ་རྒྱ་གྲམ་དབང་བསྐུར་བས། །རྡོ་རྗེ་འཛིན་པ་རྣམས་ཀྱི་ཀྱང་། །བསྲུང་ཞིང་རྟག་ཏུ་སྐྱོབས་པར་ཤོག །འཕྲིན་ལས་ཐོགས་པ་མེད་པ་ཡི། །བྱ་བ་ནན་ཏན་ཡེ་ཤེས་ལ། །དགོས་པའི་དོན་རྣམས་ཀུན་འགྲུབ་པའི། །དབང་གི་བཀྲ་ཤིས་ཞེ་དགུ་པའོ། །ཨ་བྷི༴ སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་འཁོར་རྣམས་ལ། ཅོད་པན་གྱི་དབང་བསྐུར་བས། རྡུལ་གྱི་བག་ཆགས་དང་བྲལ་བར་གྱུར་ཏོ། །དེ་བཞིན་དུ་ཅོད་པཎ་གྱི་དབང་བསྐུར་བས། །སྦྱོར་བ་ཁམས་གསུམ་ན་གནས་ཀྱང་རྡུལ་གྱི་བག་ཆགས་དང་བྲལ་བར་གྱུར་ཅིག །བཀྲ་ཤིས་རྟག་ལྡན་དར་གྱི་ཅོད་པཎ་འདི། །དབང་གི་རང་བཞིན་དམར་པོ་འབར་བ་སྟེ། །དབང་བསྐུར་སྤྱི་བོར་བཏགས་པའི་ཡོན་ཏན་གྱི། །དབང་གི་བཀྲ་ཤིས་དམ་པ་ཐོབ་པར་ཤོག །ཆོས་ཉིད་དར་དང་འདྲ་བར་མཚུངས་པ་ཡི། །དོན་དམ་ཉིད་དུ་རྟོགས་པ་མངོན་བྱུང་བའི། །འདི་ནི་ལེགས་པའི་དོན་ཉིད་མངོན་སྟོན་པ། །ཅོད་པཎ་དབང་གི་བཀྲ་ཤིས་ལྔ་བཅུ་པའོ། །ཨ་བྷི༴ སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་འཁོར་རྣམས་ལ། མཆོད་པ་རྣམ་ལྔས་དབང་བསྐུར་བས། རྡོ་རྗེ་རྒྱལ་ཐབས་ཀྱི་དབང་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་མཆོད་པའི་རྫས་ཀྱི་དབང་བསྐུར་བས། རྡོ་རྗེ་རྒྱལ་ཐེབ་མཐའ་དག་བྱེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཐབས་ཆེན་སྟོབས་ལྡན་མཆོད་འོས་རྣམ་པ་སྟེ། །དམིགས་པ་ལྔ་དང་ཏིང་འཛིན་ཆ་དབྱེ་སྟེ། །རྐྱེན་དང་འཚམ་པའི་མཆོད་པ་དམ་པ་སྟེ། །ཐམས་ཅད་ཕུལ་བའི་སྟོབས་མཆོག་བཀྲ་ཤིས་ཤོག །དྲི་ཆབ་དྲི་བསྲུང་མེ་ཏོག་མཛེས་པར་བཀྲམ། །བདུག་སྤོས་ཡིད་ཚིམ་ཨརྒྷཾ་བདུད་རྩིའི་ཆུ། །ལྷ་བཤོས་རོ་ལྡན་འོད་གསལ་མར་མེ་སྟེ། །མཆོད་རྫས་དབང་གི་བཀྲ་ཤིས་ང་གཅིག་པའོ། །ཨ་བྷི༴ སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་འཁོར་རྣམས་ལ། ཆོས་ལ་ཉན་པའི་དབང་བསྐུར་བས། །གསང་སྔགས་ཀྱི་རྒྱུད་མཐའ་དག་ཉན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་བཞིན་དུ་ཀ་པཱ་ལིའི་དབང་བསྐུར་བས། སྔགས་རྒྱུད་མཐའ་དག་ཉན་པའི་དབང་དམ་པ༴ གདུང་བས་སེམས་བསྐྱེད་དད་པའི་ཤུགས་ཕྱུང་ནས། །བརྩོན་འགྲུས་དབུས་ཀྱི་ཐམས་ཅད་ཐོབ་པ་དང་། །དད་པའི་ཤུགས་ཀྱི་ཀུན་ཏུ་ཉན་པ་དང་། །ཤེས་རབ་སྟོབས་ཀྱི་ཐམས་ཅད་ཤེས་པར་ཤོག །ཤེས་རབ་རྒྱ་ཆེན་ཉན་པ་ཕྱོགས་མེད་བྱེད། །བདེ་བར་གཤེགས་པའི་བཀའ་ཞེས་རྗེས་སུ་སློབ། །སེམས་དང་ཆོས་ཉིད་གཉིས་སུ་མེད་པ་ཡི། །ཉན་པའི་དབང་གི་བཀྲ་ཤིས་ང་གཉིས་པའོ། །ཨ་བྷི༴ སྔོན་རི་རབ་ཀྱིས་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་འཁོར་རྣམས་ལ། ཆགས་ཤིང་གི་དབང་བསྐུར་བས། ཐེག་པ་མཐའ་དག་འཆད་པའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་ཆགས་ཤིང་གི་དབང་བསྐུར་བས། ཐེག་པ་མཐའ་དག་འཆད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །རིན་ཆེན་ཆགས་ཤིང་འཁོར་བའི་ཁ་ལོ་འདྲེན། །འགྲོ་བ་མ་ལུས་ཐར་པའི་གནས་སུ་སྐྱེལ། །སྐྱེས་མཆོག་དུས་གསུམ་སྨན་པའི་རྒྱལ་པོ་སྟེ། །མ་རིག་རྨོངས་པའི་འགྲོ་བ་འདྲེན་པར་ཤོག །གཏི་མུག་རྨོངས་པའི་ཤེས་པ་བཀྲོལ་ནས་ཀྱང་། །མ་རིག་ལོག་པར་རྟོག་པ་གྲོལ་མཛད་པའི། །ཐུགས་རྗེ་ཆེ་བས་ཤེས་རྒྱུད་བཀྲོལ་བ་ཡི། །ཆོས་འཆད་དབང་གི་བཀྲ་ཤིས་ང་གསུམ་པའོ། །ཨ་བྷི༴ སྔོན་རི་རབ་ཀྱིས་རྩེར། བཅོམ་ལྡན་འདས་རྣམ་པར་སྣང་མཛད༴ གླེགས་བམ་གྱི་དབང་བསྐུར་བས། ཆོས་ཀྱི་སྒོ་མོ་ཐམས་ཅད་ལ་མཁས་པའི་དབང་དམ་པ༴ གསུང་རབ་གླེགས་བམ་ཆོས་ཀྱི་གཟུགས་བརྙན་ཏེ། །ལེགས་པའི་ཡོན་ཏན་མ་ལུས་བསྐྱེད་མཛད་པ། །ཐམས་ཅད་ཀུན་གྱི་དབང་པོ་སྒྲོལ་བའི་ཕྱིར། །ཆོས་རྣམས་ཐམས་ཅད་འཆད་པའི་དབང་ཐོབ་ཤོག །གསུང་རབ་ཆོས་འཆད་གཞུང་མཆོག་གླེགས་བམ་སྟེ། །ཆོས་ཀྱི་སྒྲ་སྒྲོགས་ཡི་གེའི་ཕྲེང་བས་བསྐོར། །བློ་ལ་རབ་འབྲིང་ཅི་ལྟར་འཚམ་པར་སྟོན། །གླེགས་བམ་དབང་གི་བཀྲ་ཤིས་ང་བཞི་པའོ། །ཨ་བྷི༴ སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས༴ རྡོ་རྗེ་དྲིལ་བུའི་དབང་བསྐུར་བས། ཡེ་ཤེས་ཐོབ་ནས་འགྲོ་བའི་དོན་བྱེད་པར་གྱུར་ཏོ། །དེ་བཞིན་དུ་རྡོ་རྗེ་དྲིལ་བུས་དབང་བསྐུར་བས། ཡེ་ཤེས་རྟོགས་ནས་འགྲོ་བའི་དོན་བྱེད་པའི་དབང་༴ དབྱིངས་དང་ཡེ་ཤེས་གཉིས་མེད་ཆོས་ཀྱི་སྐུ། །འདུ་འབྲལ་མེད་པ་ཆོས་ཀྱི་དབྱིངས་མཆོག་སྟེ། །འབྲས་བུ་སྟོབས་ལྡན་ཕྱག་རྒྱ་ཆེན་པོ་ཉིད། །རྡོ་རྗེ་དྲིལ་བུ་འཆང་བའི་དབང་ཐོབ་ཤོག །རིག་པའི་ཡེ་ཤེས་རྡོ་རྗེ་རྩེ་ལྔ་པ། །ཡེ་ཤེས་ལྔ་ཡི་རྟགས་ཀྱི་ངོ་བོ་ཉིད། །གཡོན་པས་དྲིལ་བུས་གསུང་རབ་རྒྱ་མཚོ་སྒྲོགས། །ཐབས་ཤེས་རབ་དབང་གི་བཀྲ་ཤིས་ང་ལྔ་པའོ། །ཨ་བྷི༴ སྔོན་རི་རབ་ཀྱིས་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་འཁོར་རྣམས་ལ། དབུ་རྒྱན་གྱི་དབང་བསྐུར་བས། ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ལ་མངའ་བརྙེས་པའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་རིན་པོ་ཆེའི་དབུ་རྒྱན་གྱི་དབང་བསྐུར་བས། ཆོས་ཀྱི་རྒྱལ་སྲིད་འཛིན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །མྱ་ངན་འདས་པ་ཐུགས་རྗེའི་དཔལ། །རིན་ཆེན་དབུ་རྒྱན་ཆོས་ཀྱི་རྒྱལ། །དབང་གི་བྱིན་རླབས་སྦྱིན་པའི་ཕྱིར། །ཆོས་ཀྱི་རྒྱལ་སྲིད་བྱེད་པར་ཤོག །རིན་ཆེན་སྣ་ཚོགས་མཛེས་པའི་དབུ་རྒྱན་ཅན། །ལེགས་པར་ཀུན་སྐྱོབ་ཆོས་ཀྱི་རྒྱལ་སྲིད་བྱེད། །ཕྱག་རྒྱ་རིགས་ལྔ་མཐུ་དང་ལྡན་བྱེད་པའི། །དབུ་རྒྱན་དབང་གི་བཀྲ་ཤིས་ང་དྲུག་པའོ། །ཨ་བྷི༴ སྔོན་རི་རབ་ཀྱིས་རྩེར༴ དཔུང་རྒྱན་གྱི་དབང་བསྐུར་བས། མི་འཇིགས་པ་བཞི་ལ་མངའ་བརྙེས་པར་གྱུར་ཏོ། །དེ་བཞིན་དུ་དཔུང་རྒྱན་གྱི་དབང་བསྐུར་བས། མི་འཇིགས་པ་བཞིའི་དབང་དམ་པ༴ མི་འཇིགས་ཕས་ཀྱི་རྒོལ་བ་ཐུལ་བ་དང་། །མཛེས་པའི་རྒྱན་མཆོག་བཀྲ་ཤིས་ཐུབ་པ་ཡི། །མངའ་མཛེས་ཕུང་པོ་རྟགས་ཀྱིས་དམ་པ་སྟེ། །རྒྱན་མཆོག་དམ་པ་སྟོན་པའི་དབང་ཐོབ་ཤོག །རིན་ཆེན་དཔུང་རྒྱན་ཤ་རི་རའི་རྒྱན། །ཆོས་ཉིད་དོན་རྟོགས་རྟག་དང་མཐུན་པའི་ཕྱིར། །དགོངས་པ་ཏིང་འཛིན་ལེགས་པར་དབང་བསྐུར་བས། །དཔུང་རྒྱན་དབང་གི་བཀྲ་ཤིས་ང་བདུན་པའོ། །ཨ་བྷི༴ སྔོན་རི་རབ་ཀྱིས་རྩེར༴ དོ་ཤལ་ཕྲེང་བའི་དབང་བསྐུར་བས། །ཆེ་བའི་ཡོན་ཏན་རྒྱས་ཤིང་མངའ་བརྙེས་པའི་དབང་དང་ལྡན་པར་གྱུར་ཏོ། །དེ་བཞིན་དུ་དོ་ཤལ་གྱི་དབང་བསྐུར་བས༴ ཆེ་བའི་ཡོན་ཏན་རྒྱས་པའི་དབང་དམ་པ། །རིན་ཆེན་ཕྲེང་བས་འགྲོ་བའི་རེ་བ་བསྐངས། །ཕྲེང་བ་དོ་ཤལ་འགྲོ་བའི་དོན་མཛད་པ། །སྐུ་ཡི་རྒྱན་མཆོག་ཡོན་ཏན་སྐུ་ལ་རྫོགས། །ཕྲེང་ཐག་བཟང་པོས་ཕྲིན་ལས་རྒྱུན་མི་འཆད། །རྟག་ཏུ་ཡོན་ཏན་ཟླ་ལྟར་འཕེལ་བར་ཤོག །རིན་ཆེན་དབང་པོ་རྒྱས་པའི་ཡོན་ཏན་ཚོགས། །སྐུ་ཚེ་ཞིང་ཁམས་མཛད་པ་བསམ་མི་ཁྱབ། །འགྲོ་བའི་དབུལ་སེལ་བདེ་ལེགས་ཀུན་འབྱུང་བའི། །ཕྲེང་བའི་དབང་གི་བཀྲ་ཤིས་ང་བརྒྱད་པའོ། །ཨ་བྷི༴ སྔོན་རི་རབ་ཀྱིས་རྩེར་བཅོམ་ལྡན་འདས་རྣམ་པར༴ ཕྱག་གདུབ་ཀྱི་དབང་བསྐུར་བས། ཚུལ་ཁྲིམས་རྣམ་པར་དག་པའི་དབང་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་གདུ་བུའི་དབང་བསྐུར་བས། ཚུལ་ཁྲིམས་རྣམ་པར་དག་པའི་དབང་དམ་པ༴ སིལ་སྙན་མཛེས་པའི་རྒྱན་ལེགས་ཏེ། །ཡིད་དུ་འོང་བའི་ཕྱག་གདུབ་འདི། །འབྲས་བུ་ཐོབ་པའི་དབང་མཆོག་གོ། །འགྲོ་བའི་ཡིད་དུ་འོང་བར་ཤོག །རིན་ཆེན་ཕྱག་གདུབ་དམ་པ་འདི། །ལེགས་པར་མཛེས་པའི་ཡོན་ཏན་གྱི། །ངེས་ལེགས་ཡོན་ཏན་ཀུན་འབྱུང་བའི། །དབང་གི་བཀྲ་ཤིས་ང་དགུ་པའོ། །ཨ་བྷི༴ སྔོན་རི་རབ་ཀྱིས་རྩེར༴ ཞབས་གདུབ་ཀྱི་དབང་བསྐུར་བས། སྟོབས་བཅུ་ལ་མངའ་བརྙེས་པའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་ཞབས་གདུབ་ཀྱི་དབང་བསྐུར་བས། སྟོབས་བཅུ་ལ་མངའ་བརྙེས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །རྒྱན་གྱི་བྱེ་བྲག་རྒྱལ་པོའི་ཚུལ། །རྡོ་རྗེ་ཞབས་ཀྱིས་ཆས་རབ་འདི། །ཁྱོད་ཀྱིས་ཞབས་ལ་དབང་བསྐུར་བས། །འགྲོ་བའི་དོན་ལ་ཆགས་པར་ཤོག །རིན་ཆེན་ཞབས་གདུབ་དམ་པ་འདི། །ལེགས་པར་མཛེས་པའི་ཡོན་ཏན་གྱི། །ངེས་པར་མཛེས་པའི་ཡོན་ཏན་འགྲུབ། །དབང་གི་བཀྲ་ཤིས་དྲུག་ཅུ་པའོ། །ཨ་བྷི༴ སྔོན་རི་རབ་ཀྱིས་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་འཁོར་རྣམས་ལ། དར་ཕྱང་གི་དབང་བསྐུར་བས། འཁོར་འདས་ཀྱི་ཆོས་ལ་དབང་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་དར་ཕྱང་གི་དབང་བསྐུར་བས། འཁོར་འདས་མཉམ་པ་ཉིད་དུ་རྟོགས་པའི་དབང་དམ་པ༴ དར་ཕྱང་གྱེན་དུ་འཕུར་བ་ནི། །ཆོས་ཀྱི་སྐུ་དང་གཉིས་སུ་མེད། །འཕྲེད་དང་མཐུར་དུ་འཕྱང་བ་ནི། །ལོངས་སྤྲུལ་སྐུ་གཉིས་ཐོབ་པར་ཤོག །དམར་པོ་གཡས་ཕུལ་ཆོས་ཉིད་གྱེན་དུ་རྟོགས། །སྔོན་པོ་འཕྲེད་འཕུལ་ཕྲིན་ལས་རྣམ་བཞི་མཛད། །མཐིང་ཀ་མར་འཕྱང་ཀླུ་གདོན་ཟིལ་གནོན་པའི། །དར་འཕྱང་དབང་གི་བཀྲ་ཤིས་རེ་གཅིག་པའོ། །ཨ་བྷི༴ སྔོན་རི་རབ་ཀྱིས་རྩེར༴ རྡོ་རྗེ་མིང་གི་དབང་བསྐུར་བས། རིགས་ངེས་པའི་རྫས་སུ་གྱུར་ཏེ། རྡོ་རྗེ་འཆང་གི་གྲལ་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་རྡོ་རྗེ་མིང་གི་དབང་གི་བསྐུར་བས། ངེས་པའི་སྲས་ཀྱི་དབང་དམ་པ་ཐོབ་པར་གྱུར་ཅིག །རྡོ་རྗེའི་མིང་མཆོག་དམ་པའི་དཔེ་ལ་དྲངས། །ཐུགས་ལས་གསུང་དུ་བྱུང་ནས་གཏད་པ་འདི། །དག་ཅིང་ཚུལ་བཞིན་ཡོད་ལ་དབང་བསྐུར་བའི། །ཐམས་ཅད་སྟོན་པའི་མིང་མཆོག་ཐོབ་པར་ཤོག །སྟོན་པའི་ཐུགས་རྗེ་ངེས་པའི་མིང་བཏགས་པས། །ཐུགས་ཀྱི་ངང་ནས་ངེས་པའི་སྲས་སུ་མཛད། །རྡོ་རྗེ་འཆང་གི་མཚན་གྱི་དབང་ཐོབ་ནས། །མཚན་མཆོག་དབང་གི་བཀྲ་ཤིས་རེ་གཉིས་པའོ། །ཨ་བྷི༴ སྔོན་རི་རབ་ཀྱིས་རྩེར་རིགས་བཞིའི་སངས་རྒྱས་ཀྱི་བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་འགྲུབ་པ་ལ་མེ་ལོང་ལྔའི་དབང་བསྐུར་བ་དང་། འབྲས་བུ་རི་རབ་ཀྱིས་རྩེར་རིན་པོ་ཆེའི་ཁང་པར་རྣམ་པར་སྣང་མཛད་ཀྱི་རྡོ་རྗེ་དབྱིངས་སུ་མངོན་པར་བྱང་ཆུབ་པ་ལྔས་དབང་བསྐུར་རོ། །དེ་བཞིན་དུ་འབྲས་བུ་རི་རབ་ཀྱི་རྩེར་མངོན་པར་བྱང་ཆུབ་པར་གྱུར་ཅིག །མངོན་ཤེས་ལྔ་ལྡན་འབྲས་བུ་ས་བཅུ་ནས། །ཡི་གེ་འཁོར་ལོ་རྫོགས་པ་ཆེ་ལ་གནས། །འབྲས་བུས་དམ་པ་མངོན་པར་སངས་རྒྱས་ཏེ། །ལོངས་སྤྱོད་རྫོགས་པའི་དབང་མཆོག་ཐོབ་པར་ཤོག །དབང་མཆོག་དམ་པ་ཡོངས་སུ་རྫོགས་པ་ཡི། །ཆོས་རྣམས་ཐམས་ཅད་མ་ལུས་ཐོབ་པ་སྟེ། །རྡོ་རྗེ་རྒྱལ་པོའི་དབང་མཆོག་ཡོངས་རྫོགས་པའི། །ཕྱིའི་དབང་གི་བཀྲ་ཤིས་རེ་གསུམ་པའོ། །ཙི་ཏི་པྲ་ཏི་ན། ཡ་ཏ་ཙི་ཏ། ཏ་ཐཱ་ཙི་ཏ། ཨ་ཧཾ་ཙི་ཏ། ༀ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཨ་བྷི་ཥིཉྩ་ཧཱུྃ། བུམ་ཆུ་སྒྲིབ་པ་དག་བྱེད་བདུད་རྩི་དྲི་མེད་ཆུ། བཀྲ་ཤིས་མཛེས་པའི་བུམ་པར་རབ་བཀང་སྟེ། །རིགས་ཀྱིས་སངས་རྒྱས་ཀུན་དུ་བསྒྲུབ་པའི་ཕྱིར། །བུམ་པ་མཆོག་གི་ཁྱོད་ལ་དབང་བསྐུར་རོ། །བཛྲ་ཀ་ལ་ཀྴ་ཨ་བྷི༴ ཞེས་ཡོ་གའི་དབང་དྲུག་ཅུ་རྩ་གསུམ་པོ་རྫོགས་པར་བསྐུར་རོ། །དེ་ནས་བུམ་པའི་དབང་ཡང་བསྐུར་འབྱུང་ཁྲུས་བྱའོ། །ལམ་ཁྱེར་བཞི་ལས། ལྷ་རིགས་ལྔས་གཙོ་བྱས་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས། སྙིང་པོ། ༀ་བྷུདྡྷ་བཻ་རོ་ཙ་ན་ༀ། ༀ་བཛྲ༴ ༀ་རཏྣ༴ ༀ་པདྨ༴ ༀ་ཀརྨ་ཨ་མོ་ག་སིདྡྷི་ཨཱཿ ཡོ་གའི་དབང་དྲུག་ཅུ་རྩ་གཉིས་པའོ། །ཐེག་པ་ཡོ་གའི་ཐེག་པའོ། །འཇུག་སྒོ་ཏིང་ངེ་འཛིན་གཙོ་ཆེ་སྟེ་མཚན་བཅས་ལྷའི་དམ་དང་། མཚན་མེད་ཆོས་ཉིད་གཉིས་སོ། །དེའང་རྡོ་རྗེ་རྩེ་མོ་ལས། དཀའ་ཐུབ་བསྙུང་གནས་འདིར་མི་དགོས། །ཁྲུས་དང་གཙང་སྒྲ་འདིར་མི་དགོས། །སངས་རྒྱས་ཐམས་ཅད་སེམས་དཔའ་ཆེ། །བདག་ཏུ་སྦྱོར་བས་འགྲུབ་པར་འགྱུར། །ཅེས་སོ། །ལྟ་བ་དོན་དམ་པའི་བདེན་པ་མཚན་ཉིད་མེད་པ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་རྟོག་པའི་བྱིན་རླབས་ལྷའི་དལ་དུ་འདོད་ཏེ། གཏེར་གཏད་ལས། རིགས་ལྔ་གསལ་བ་གྲོགས་པོའི་ཚུལ་དམ་པ་རྣམ་སྣང་ཆེན་པོར་རྟོགས། ཞེས་སོ། །བསྲུང་བའི་དམ་ཚིག་ནི། རང་བྱུང་གི་བསླབ་པ་གསུམ་ལྡན་དུ་བསྲུང་། ཁྱིམ་པས་རིགས་ལྔའི་དམ་ཚིག་བསྲུང་སྟེ། རྩེ་མོ་ལས། སྡོམ་པ་གསུམ་ལ་གནས་པར་བྱ། །གལ་ཏེ་རབ་ཏུ་བྱུང་བ་ནི། །སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ནང་གི་སྡོམ་པའོ། །ཁྱིམ་པའི་ཚུལ་དུ་བྱ་བ་ནི། །རིགས་ལྔ་རྒྱལ་པོ་རྟག་ཏུ་བསྲུང་། །ཞེས་སོ། །བསྒོམ་པའི་ཏིང་ངེ་འཛིན་ནི། ཡིག་འབྲུ་ལྷ་སྐུ་དམ་ཚིག་པ། །ཡེ་ཤེས་སེམས་དཔའ་གྲོགས་པོའི་ཚུལ་དུ་དམིགས་ནས་མངོན་པར་བྱང་ཆུབ་བསྒོམ་མོ། །དེའང་ཆོས་ཉིད་སྟོང་པ། གདན་པད་ཟླ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན། སྐུ་ཡོངས་རྫོགས་སོ། །སྤྱོད་པ་ནི། ལྷའི་ཏིང་ངེ་འཛིན་དང་མ་བྲལ་བས་ཕྲིན་ལས་བཞིའི་སྒོ་ནས་རང་གཞན་གྱི་དོན་གཙོར་བྱེད་པ་སྟེ། རྩེ་མོ་ལས། ལྷའི་ཏིང་ངེ་འཛིན་ལ་གནས་ཏེ། སེམས་ཅན་ཐམས་ཅད་ཡོངས་མི་གཏོང་། །རྟག་ཏུ་སངས་རྒྱས་ཡིད་ལ་བྱེད། །རྟག་ཏུ་སངས་རྒྱས་མཆོད་པ་མཆོག །ཅེས་སོ། །གསང་རྫས་ཀྱང་སྐབས་སུ་སྤྱོད་དེ། མགོ་བོ་ཐོད་པའི་དུམ་བུ་དག །མ་མོ་བརྟན་པའི་རྫས་སུ་བཞག །བུམ་པ་ཁྲག་གི་བཀང་བ་ཡང་། །དཀྱིལ་འཁོར་གྲྭ་བཞིར་བཞག་པར་བྱ། །ཞེས་སོ། །དོན་དམ་པའི་ཡེ་ཤེས་རྟོགས་པ་ཆོས་སྐུ། རིགས་ལྔ་ལོངས་སྐུ། དེ་ལས་ཤར་བ་སྤྲུལ་སྐུའོ། །གཏེར་གཏད་ལས། རིགས་ལྔ་ཤར་བ་གྲོགས་པོས་ཚུལ། །དམ་པ་རྣམ་སྣང་ཆེན་པོར་རྟོགས། །ཡན་ལག་དགུ་ལྡན་སྟུག་པོ་བཀོད། །ཅེས་སོ། །འགག་ནི། གནས་ལྷ་བྱ་སྐད་སྙན་ལྗོན་ཤིང་གི་ཚལ། རྡོ་རྗེ་དབྱིངས་ཀྱིས་དཀྱིལ་འཁོར་དུའོ། །སྟོན་པ་ནི། སློབ་དཔོན་མ་ཀུ་ཏིའོ། །འཁོར་སློབ་མ་ནི། རྡོ་རྗེ་ཁྱུང་དྲག་རྩལ་ལ་སོགས་པའོ། །དབང་ནི། ཡོ་གའི་དྲུག་ཅུ་རྩ་གསུམ་མོ། །རྒྱུ་མཚན་ནི། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་ཆེ་བའི་ཡོན་ཏན་བརྗོད་པའོ། །དགོས་པ་ནི། དབང་ཐོབ་པས་བཀྲ་ཤིས་ཤིང་ཡོན་ཏན་རྒྱུད་ལ་སྐྱེ་བའོ། །དེ་ནས་དབང་དེ་མི་ཉམས་ཤིང་། གདམས་ངག་གསལ་གདབ་པ་ནི། རང་གི་སྙིང་གི་དཀྱིལ་དུ་དྭངས་མ་ཆེན་པོ་ལྔ་གནས་པ་ནི། རང་བཞིན་གྱི་རིགས་ལྔ་དང་ཡེ་ཤེས་ལྔའི་ངོ་བོར་གདོད་ནས་གནས་པའོ། །དེ་ཡང་སྤྱི་བོར་ཐིག་ལེ་དཀར་པོ་རིལ་མ་ཙམ་གཅིག་བསམ། དེ་གསལ་བ་དང་ནམ་མཁའི་དཀྱིལ་ནས་ཐིག་ལེ་ཤར། ཞེས་པས་ཐིག་ལེ་དཀར་པོ་དེ་ཡར་མར་བབས་པས་སྙིང་གི་དཀྱིལ་འཁོར་དུ་དྭངས་མ་རིགས་ལྔར་གནས་གཉིས་མེད་དུ་འདྲེས་པར་བསམ། དེ་དོན་དམ་མཚན་ཉིད་མེད་པའི་ངོ་བོ་ཉིད་དོ། །རིགས་ལྔ་རྡོ་རྗེ་དབྱིངས་ཀྱི་ལྷ། །སྣང་བ་ཀུན་རྫོབ་ཡེ་ཤེས་ཀྱི་སྣང་བ་དེ་རང་བཞིན་གཉིས་སུ་མེད་པའི་ངང་ལས་བློས་མ་བཅོས་པར་གནས་པ་དབྱིངས་ཆོས་ཉིད་ཡིན་ཏེ། དེ་ནས་དཀྱིལ་འཁོར་ལ་མཆོད་བསྟོད། དངོས་གྲུབ་བླངས། འདོད་གསོལ། གཤེགས་གསོལ་བྱ། དལ་བསྡུ། བླ་མ་ལ་ཡོན་འབུལ། མེ་ཏོག་བཀྲམ་ལ་རོམ་མོ་དང་བཅས་པས། བཀྲ་ཤིས་བརྗོད་པ་ནི། རྣམ་པར་སྣང་མཛད་ཡེ་ཤེས་དམ་པ་མཚོ་ཆེན་ལྡན། །ཟླ་བ་ཉ་འདྲའི་སྐུ་མངའ་སྲིད་པ་མཐར་ཕྱིན་པ། །དགོངས་པ་མཐའ་དག་རྫོགས་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་ཞི་བྱེད་བདེ་ལེགས་ཤོག །མི་འཁྲུགས་རྒྱལ་པོ་སྲིད་དང་གཏི་མུག་རྣམ་སྦྱངས་པ། །དགེ་བ་མཉམ་མེད་སེམས་ཅན་དོན་རྫོགས་རབ་ལྡན་པ། །མགོན་པོ་ཡོན་ཏན་མཐའ་དག་རྫོགས་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་ཞི་བྱེད་བདེ་ལེགས་ཤོག །སངས་རྒྱས་ཀུན་གྱི་ཡོན་ཏན་རྣམས་ཀྱིས་རྒྱན་གནས་ཤིང་། །ཡང་དག་འབྱོར་བའི་སྦྱིན་པ་སྦྱིན་མཛད་མི་བསླུ་བ། །རིན་ཆེན་འབྱུང་ལྡན་ཞེས་བྱའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས༴ བསམ་གཏན་དང་ནི་ཏིང་འཛིན་ཕ་རོལ་ཕྱིན་གནས་ཤིང་། །ཡེ་ཤེས་པདྨའི་སྟེང་གཞིས་དཔག་མེད་ཚེ་ལྡན་པའི། །འོད་དཔག་མེད་པའི་བྱིན་རླབས་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་ཞི་བྱེད་བདེ་ལེགས་ཤོག །སེམས་ཅན་དོན་ཕྱིར་ལས་ལ་ཐུགས་ནི་སྦྱོར་མཛད་ཅིང་། །འགྲོ་བ་ཐམས་ཅད་འཆིང་བའི་བཅིང་ལས་སྒྲོལ་མཛད་པ། །ཐུགས་མཆོག་དོན་ཡོད་གྲུབ་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་ཞི་བྱེད་བདེ་ལེགས་ཤོག །ཅེས་བརྗོད་ལ་མེ་ཏོག་གཏོར། དགེ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་བྱའོ། །ཡོ་གའི་ཆོ་གའོ། །མངྒ་ལམ།། །


previousཟུར་ཧམ་ཤཱཀྱ་འབྱུང་གནས་ཀྱི་ཡིག་ཆ་སྒྲུབ་ཕྲིན་དབང་ཆོག་འདུས་པ་མདོའི་དབང་ཆོག་རིན་ཆེན་ཕྲེང་བ། དམྱལ་བ་བདེ་ལེགས་པ།no next