Nitartha Digital Library
Tibetan
 
previousཞི་བ་རིན་ཆེན་དྲྭ་བ། སློབ་དཔོན་སངས་རྒྱས། next

ཞི་བ་རིན་ཆེན་དྲྭ་བ། སློབ་དཔོན་སངས་རྒྱས།

ཞི་བ་རིན་ཆེན་དྲྭ་བ་ཞེས་བྱ་བ་བཞུགས་པ་ལགས་ས྄ོཧ྅྅྅། །ཕྱག་འཚལ་བ་ལ་གསུམ་སྟེ། དགོས་པའི་དོན་དང་། བསྡུས་པའི་དོན་དང་། ཚིག་གི་དོན་ནོ། །དགོས་པའི་དོན་ལ་གསུམ་སྟེ། མན་ངག་རྩོམ་པ་ལ་བར་ཆད་ཀྱི་བགེགས་ཞི་བར་བྱ་བའི་དགོས་པ་དང་། ཡ་རབས་དམ་པ་དང་ཚུལ་བསྟུན་པའི་སྒོ་ནས་དད་པའི་རྒྱུར་འགྱུར་བའི་དགོས་པ་དང་། ཡི་དམ་གྱི་ལྷ་མི་སྤོང་བའི་དགོས་པ་ཡོད་པའོ། །བསྡུས་པའི་དོན་ནི་བཞི་སྟེ། ཡུལ་གང་ལ་རྩལ། གང་ཟག་གང་གིས་རྩལ། ཚུལ་ལམ་ཐབས་ཇི་ལྟར་རྩལ། རྩལ་བ་ལ་དོན་ཆེད་ཅི་ཡོད་དོ། །དེ་ལ་ཡུལ་གང་ཞེ་ན། དཔལ་ཀུན་ཏུ་བཟང་པོ་རྒྱལ་བ་དྲུག་པའོ། །གང་ཟག་གང་གིས་ན། སྔོན་འབྱུང་དུ་སློབ་དཔོན་སངས་རྒྱས་གསང་བའོ། །རྗེས་འཇུག་ཏུ་བཤད་པ་པོ་རྣམས་སོ། །ཚུལ་ལམ་ཐབས་ནི། ལུས་གུས་པ་དང་ངག་སྙན་པ་དང་བཅས། སེམས་དང་བ་དང་བཅས་ནས་བརྩལ་བའོ། །བརྩལ་བའི་དགོས་ཆེད་ནི། དོན་གྱི་ཕྱག་འཚལ་བས་རིག་པ་ཉིད་ཀུན་ཏུ་བཟང་པོར་རྟོགས་པའོ། །ཚིག་གི་ཕྱག་བཙལ་བས། མཆོག་དང་ཐུན་མོང་གི་དངོས་གྲུབ་ཀྱི་རྒྱུར་འགྱུར་བའི་དོན་ནོ། །ཚིག་གི་དོན་ནི་གཉིས་ཏེ། རྒྱུད་དང་དཀྱིལ་འཁོར་གྱི་བདག་པོ་ངོས་བཟུང་བ་དང་། དེའི་ཆེ་བ་ལ་སྐུ་ལྔ་ལྷུན་གྲུབ་ཏུ་བསྟན་པའོ། །དང་པོ་རྒྱུད་དང་དཀྱིལ་འཁོར་གྱི་བདག་པོ་ངོས་གཟུང་བ་ལ་གསུམ་སྟེ། རང་བཞིན་༼དེ་བཞིན་༽དང་། དགོངས་༼ཡེ་ཤེས་དང་དཀྱིལ་༽ དཔྱོད་དང་། ངོ་༼རྡོ་རྗེ་ཡིད་༽ བོའོ། གཉིས་པ་དེའི་ཆེ་བ་ནི་ལྔ་སྟེ། ཆོས་༼དེ་བཞིན་༽སྐུ་དང་། ལོངས་༼ཡེ་ཤེས་༽སྐུ་དང་། མངོན་པར་བྱང་ཆུབ་༼ཐུགས་༽པའི་སྐུ་དང་། རྡོ་རྗེའི་༼གཏེར་༽སྐུ་དང་། སྤྲུལ་པའི་སྐུ་དང་༼དཀྱིལ་འཁོར་༽ ལྔའོ། ༈ །དེ་བཞིན་གཤེགས་པ་ཀུན་གྱི་བདག །དེ་མ་ནོར་བཞིན་མ་བཅོས། དེའི་ངང་དུ་གཤེགས་པ་ནི་གཉིས་ཏེ། གྲོལ་ལམ་དུ་གཤེགས་པ་དང་། ཐབས་ལམ་དུ་གཤེགས་པའོ། །གྲོལ་ལམ་ནི་རང་འབྱུང་ཡེ་ཤེས་སྐུ་ཉམས་སུ་གཏར་བའོ། །ཐབས་ལམ་དུ་གཤེགས་པ་ནི། ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐུ་ཉམས་སུ་གཏར་བའོ། །ཀུན་གྱི་ནི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱིར་བསྡུས་པའོ། །བདག་ནི་ཆོས་ཉིད་ཡེ་ནས་མ་བཅོས་མ་སླད་པའི་དོན་ཇི་ལྟ་བར་རང་གིས་མངོན་གསུམ་དུ་བྱས་པ་ནི། དཔལ་ཀུན་ཏུ་བཟང་པོ་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད། རྒྱལ་བ་དྲུག་པ་དེ། དངོས་སུ་མཉམ་པ་ཉིད་ཀྱི་ཆོས་ཀྱི་སྐུའི་རང་བཞིན་དུ་གནས་པའོ། །ཡེ་ཤེས་རྒྱ་མཚོའ་རབ་ཟབ་ཐུགས། །ཡེ་ཤེས་ནི་གཉིས་ཏེ། གྲོལ་ལམ་རང་འབྱུང་གི་ཡེ་ཤེས་ཆེན་པོ་དང་། ཐབས་ལམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །དེ་གཉིས་ཇི་ལྟ་བར། རྟོགས་པས་ན་ཡེ་ཤེས་སོ། །དེའི་དཔེའ་ནི་རྒྱ་མཚོའ་སྟེ། གཏིང་དཔག་པར་དཀའ་བས་ཟབ་པའོ། །དེ་དང་ཀུན་བཟང་གི་ཐུགས་འདྲ་བས་ན་ཐུགས་སོ། །དེ་བས་ན་དེ་བཞིན་གཤེགས་པའི་ཐུགས་རང་བྱུང་གི་ཡེ་ཤེས་ནི། རབ་ཏུ་ཟབ་པའི་ཕྱིར། གདུལ་བྱས་དཔག་པར་དཀའ་བ་ནི་དཔེའ་རྒྱ་མཚོའི་ལྟ་བུའོ། །དེ་ནི་ལོངས་སྤྱོད་རྫོགས་སྐུར་འབྱུང་ངོ་། །དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར། །ཐུགས་ཡང་དག་པའི་ཡེ་ཤེས་དེ་ལས་མ་གཡོས་པར་ཞི་བ་དང་ཁྲོ་བོའི་དཀྱིལ་འཁོར་ཐམས་ཅད་མ་ལུས་མ་རྩལ་བར་གདུལ་བྱ་ཡི་སྣང་བ་ལ་འབྱུང་བ་ནི། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཏེར་དང་འདྲའོ་དེ་ཡང་ཟད་མི་ཤེས་ཤིང་འདོད་དགུར་འབྱུང་བ་ནི་སྤྲུལ་པའི་སྐུའོ། །རྡོ་རྗེ་ཡིད་ལ་ཕྱག་འཚལ་ཏེ། །ཆོས་ཉིད་འདུས་མ་བྱས་པ་ཡིན་པས་ཐམས་ཅད་དུ་སྣང་བ་ནི། མ་རྩལ་བའི་ཕྱིར་ན་རྡོ་རྗེ་ཡིད་དོ། །དེ་ཡང་རྡོ་རྗེ་ནི་དཔལ་རྡོ་རྗེ་སེམས་དཔའི་སྟེ། དལ་གྱི་གཙོའ་བོའོ། །ཡིད་ནི་ཀུན་ཏུ་བཟང་པོ་སྟེ། རྒྱུད་ཀྱི་སྟོན་པའོ། །ལ་ནི་བཞི་སྟེ་དེ་གཉིས་ཡུལ་དུ་བྱས་པའོ། །ཕྱག་ནི་དོན་དང་ཚིག་ཏུ་རྩལ་ལོ། །དེ་ནི་ལྷག་མ་ཅན་གྱི་ཚིག་སྟེ། རྒྱུད་ཀྱི་དོན་བསྟུས་སྙིང་པོ་ཙམ། །ཞེས་བཤད་པར་དམ་བཅའ་བ་དང་འབྲེལ་བ་ཡིན་ནོ། །བཤད་པར་དམ་བཅའ་བ་ནི་གསུམ་སྟེ། དགོས་པའི་དོན་དང་། བསྟུས་པའི་དོན་དང་། ཚིག་གི་དོན་ནོ། །དགོས་པའི་དོན་ནི། དམ་བཅས་པས་གདུལ་བྱ་ཡལ་བར་མི་དོར་བ་དང་། བསྟན་ཆོས་རྩོམ་པ་མཐར་ཕྱིན་པའི་དགོས་པ་ཡོད་དོ། །བསྟུས་པའི་དོན་ནི། གང་གིས་བཤད། གང་བཤད། ཚུལ་ལམ་ཐབས་ཇི་ལྟར་བཤད། བཤད་པའི་དགོས་པ་ཅི་ཡོད་པའོ། །དེ་ཡང་གང་གིས་བཤད་ན། སངས་རྒྱས་གསང་བས་བཤད་དོ། །གང་བཤད་ན་ཞི་བ་རིན་ཆེན་དྲ་བའོ། །ཚུལ་ལམ་ཐབས་ནི། ཕྱག་འཚལ་ནས་བཤད་པར་དམ་བཅའ་བའོ། །དགོས་པ་ནི་བདེ་བར་གཤེགས་པའི་སྙིང་པོ་མ་རིག་པར་རང་གི་རྣམ་རྟོག་གིས་བཅིངས་པའི་སེམས་ཅན་རྣམས། རང་འབྱུང་གི་ཡེ་ཤེས་ཆེན་པོ་རྒྱུད་ལ་སྐྱེད་པའི་དགོས་པ་ཡོད། ཚིག་དོན་ནི་ཨེ་མའོ་ཞེས་པ་ལ་སོགས་པའོ། །ཨེ་མའོ་བདེའ་གཤེགས་སྙིང་པོ་ལས། གཞིའ་རིག་པའི་གནས་ཐབས་བསྟན། ཨེ་མའོ་ནི་ངམ་ཞིང་ངོ་མཚར་བ་སྟེ། ངོ་གང་ལ་མཚར་ན་སེམས་ཅན་གྱི་སེམས་ཉིད་བདེ་བར་གཤེགས་པའི་སྙིང་པོར་གནས་པ་དེ་མ་རྟོགས་པར་གནས་པས་དེ་ལ་ངོ་མཚར་བའོ། །དེ་བས་ན་ཁམས་གསུམ་ན་གནས་པའི་སེམས་ཅན་ལ། སྙིང་པོ་བྱང་ཆུབ་ཀྱི་སེམས་རང་ལ་རང་ཆས་སུ་ཡོད་ཀྱང་ངེས་པའི་ཤེས་པ་མ་སྐྱེས་པའི་ཕྱིར་འཁྲུལ་བ་ནི། ངོ་མཚར་ཏེ། སྙིང་པོ་བྱང་ཆུབ་ཀྱི་སེམས་མ་རྟོགས་པ་དེ་ཉིད་འཁོར་བའི་རྒྱུར་གྱུར་པའོ། །རང་གི་རྣམ་རྟོག་ལས་ཀྱིས་བཅིངས། །ལམ་སྐྱོན་གྱིས་འཁྲུལ་བ་བསྟན། རྒྱུད་པའི་རྒྱུར་གྱུར་པ་དེ་ཁོ་ན་རང་གི་རྣམ་རྟོག་སྟེ། ལྷན་ཅིག་སྐྱེས་པའི་མ་རིག་པ་ཞེས་ཀྱང་བྱའོ། །རྒྱུ་དེ་ལ་རྐྱེན་ནི་ལས་དང་ཉོན་མོངས་པའི་དབང་གིས་རང་གི་རྒྱུད་བཅིངས་ནས། འབྲས་བུ་འགྲོ་བ་རིགས་དྲུག་གི་རྟོག་པས་བཅིངས་ནས་ཐར་པའི་དུས་མེད་དོ། །རང་བྱུང་ཡེ་ཤེས་སྐྱེད་པའི་ཕྱིར། །འབྲས་བུ་ཡེ་ཤེས་སྐྱེད་ཐབས་བསྟན། འགྲོ་དྲུག་ནས་ཐར་དུས་མྱེད་པ་དེ་ལྟ་བུ་ལ། རང་འབྱུང་ཡེ་ཤེས་ཀྱི་སྣང་བ་སྔར་མ་སྐྱེས་པ་དེ་སྐྱེད་པ་དེ་སྐྱེད་པའི་ཕྱིར་སློབ་དཔོན་སངས་རྒྱས་གསང་བས་རྒྱུད་གསང་བ་སྙིང་པོའི་དོན་བསྡུས་ནས་རྩོམ་པའོ། །ཇི་ལྟར་རྩོམ་ན་རྒྱུད་ཀྱི་དོན་ཅེས་སྦྱར་རོ། །རྒྱུད་ཀྱི་དོན་བསྡུས་སྙིང་པོ་རྩམ། །རང་གཟོག་སྤངས་པའི་ཕྱིར་ཐུས་པའི་རྒྱུད་ཀྱི་ཁུངས་བ སྟན། རྒྱུད་ནི་དཔལ་གསང་བ་སྙིང་པོ་ལ ། དེའི་དོན་ནི་བདུན་ཏེ། ལྟ་བ་དང་། སྤྱོད་པ་དང་། དབང་དང་། དམ་ཚིག་དང་། འཕྲིན་ལས་དང་། སྒྲུབ་པ་དང་། དལ་དང་། བདུན་གྱི་དོན་མན་ངག་འདིར་བསྟུས་པས་ན། མན་ངག་གི་སྙིང་པོ་ལྟ་བུའོ། །དེ་བས་ན་རྒྱུད་དོན་གྱི་མན་ངག་འདིར་བསྡུས་ནས་སྙིང་པོ་རྩམས་སོ། །ཐོས་བསམ་བསྒོམས་ལ་རབ་སྦྱངས་པའི། །གཞིའ་རིག་པའི་གནས་ཐབས་བསྟན། སོ་སོ་སྐྱེ་བོ་རིག་པའི་རྩལ་སྦྱོང་ན་ཤེས་རབ་རྣམ་པ་གསུམ་ནི། སྒྲ་དང་དོན་ཡུལ་དུ་བྱས་པ་ལས་སྐྱེ་བ་ཡིན་ཏེ། དེ་ཡང་སྒྲ་ཡུལ་དུ་བྱས་པ་ལས་ཐོས་པའི་ཤེས་རབ་སྐྱེ་བ་དང་། སྒྲ་དོན་གཉིས་ཀ་ཡུལ་དུ་བྱས་པ་ལས་བསམ་པའི་ཤེས་རབ་སྐྱེ་བ་དང་། སྒྲ་སྤངས་ནས་དོན་བྷ་ཞིག་ཡུལ་དུ་བྱས་པ་ལས་སྒོམ་པའི་ཤེས་རབ་སྐྱེའོ། །དེའི་དུས་སུ་སྣོད་ཀྱི་སྐྱོན་བཞི་སྤངས་ཏེ། སྣོད་ཁ་སྦུབ་དང་། གཞོག་རལ་དང་། ཞབས་རྡོལ་དང་། དུག་ཅན་ནོ། །དེ་བས་ན་དང་པོ་ཐོས་པའི་ཤེས་རབ། བར་དུ་བསམ་པའི་ཤེས་རབ། ཐ་མར་སྒོམ་པའི་ཤེས་རབ། ཐོས་བསམ་སྒོམ་གསུམ་ལ་བློ་རབ་ཏུ་སྦྱངས་པ་བྱས་པའོ། །ཤེས་རབ་དམིགས་ལྡན་རྣམས་ཀྱིས་བཟུང་། །སྔོན་དུ་ཐེག་པ་འོག་མ་ལ་བློ་སྦྱང་བ་བསྟན། དེ་ལྟར་ཤེས་རབ་གསུམ་གྱིས་ཐུན་མོང་གི་ཐེག་པ་ལ། ཚེ་སྔ་མ་ལའམ། སྔོན་དུ་བློ་སྦྱངས་པས། དུས་ད་ལྟ་ཤེས་རབ་ཀྱི་སྤྱན་གྱིས་བློ་མཆོག་ཏུ་གྱུར་པའི་དེ་ལྟ་བུའི་གང་ཟག་རྣམས་ཀྱིས་འདི་ཟུང་ཞིག །དེ་མ་ཡིན་པའི་གཞན་སྦྱངས་པ་སྔོན་དུ་མ་སོང་བ་དང་། ཤེས་རབ་དང་མི་ལྡན་པ་རྣམས་ཀྱིས་འདིའི་དོན་མི་རྟོགས་པའོ། །དེ་བས་ན་སྣོད་ལྡན་ངང་ཚུལ་བཟང་ལ་བསྟན་ཅེས་བྱའོ། །དེ་རྣམས་ནི་སྦྱངས་པའི་ཡོན་ཏན་ནོ། །སྣོད་ལྡན་ངང་ཚུལ་བཟང་ལ་བསྟན། །སྦྱངས་པ་ཅན་གྱི་གང་ཟག་དེ་ཉིད་སྣོད་དང་ལྡན་པར་བྱ་བ་བསྟན། དེ་ལྟར་སྣོད་དང་ལྡན་པར་གྱུར་པ་ནི། ངང་རིང་བ་ཆུ་བོའི་རྒྱུན་ལྟ་བུ་སྟེ། བཟོད་པ་ཁྱད་ཅན་ཐོབ་པ་དང་། ཚུལ་ཤེས་པ་དགེ་སློང་གསང་བ་ལྟ་བུ་སྟེ། ཐོ་ཆོ་དང་བབ་ཆོལ་གྱི་སྤྱོད་པ་སྤངས་པ་དང་། རང་བཞིན་གྱིས་བཟང་བ་ཉི་མ་ལྟ་བུ་སྟེ། སེམས་ཅན་ལ་སྙིང་རྗེ་ཆེན་པོ་དང་ལྡན་པས། ཕྱོགས་སུ་འཛིན་པ་ཐམས་ཅད་སྤངས་པ་དང་། རིགས་ལྡན་པས་རི་བོ་ལྟ་བུ་སྟེ། གསང་བའི་ཐེག་པའི་སྒོར་ཞུགས་ནས། ཕྱིས་ཐེག་པ་དམན་པ་ལ་མྱི་ལྡོག །དེ་ལྟ་བུ་ལ་ཆོས་བསྟན་པར་བྱའོ། །དེ་རྣམས་ནི་རང་བཞིན་གྱི་ཡོན་ཏན་ཡིན་ནོ། །ལུས་དང་ལོངས་སྤྱོད་གཏོང་ལ་སྦྱིན། །སྤྱིར་ན་བླ་མ་མཉེས་པའི་ཡོན་ཏན་གསུམ་སྟེ། རབ་ཤེས་རབ་ཀྱིས་མཉེས་པ་དང་། འབྲིང་ལུས་ཀྱིས་མཉེས་པ་དང་། ཐ་མ་ལོངས་སྤྱོད་ཀྱིས་མཉེས་པའོ། །རབ་ནི་ཐེག་པ་འོག་མ་བ་ལ་བློ་སྦྱངས་པས། ཤེས་རབ་ཀྱི་སྤྱན་དང་ལྡན་པའོ། །འབྲིང་ནི་བླ་མ་ལ་ལུས་སྲོག་འབུལ་བའོ། །ཐ་མ་ནི་བླ་མ་ལ་ནོར་འབུལ་བའོ། །མདོར་ན་མཆེད་ལྕམ་དྲལ་དང་སློབ་དཔོན་གྱི་དོན་དུ་རང་གི་ལུས་དང་ལོངས་སྤྱོད་གཏོང་ནུས་པ་སྟེ། དེ་ལྟ་བུའི་གང་ཟག་ལ་མན་ངག་སྦྱིན་ནོ། །དེས་ནི་བླ་མ་མཉེས་པའི་ཡོན་དབུལ་ལོ། །སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་སྒོ་ཡོན་གྱིས་འབྱེད་པ་བསྟན། སྤྱིར་ནི་སློབ་དཔོན་ལ་དྲུག་སྟེ། སྤྱིའི་སློབ་དཔོན་དང་། འདྲེན་པའི་༼ཆོས་སྒོ་འདྲེན་པ་༽དང་། དབང་སྐུར་བའི་༼དབང་སྐུར་བྱས་པ་༽ དང་། ཉམས་ཆག་༼སྙན་ཆེན་ལྟ་བུ་༽ སྐོང་བའི་དང་། ཤེས་རྒྱུད་༼བཤད་པ་༽ འགྲོལ་བའི་དང་། མན་ངག་༼གཏེར་༽ལུང་གི་སློབ་དཔོན་ལས། འདིར་རྡོ་རྗེ་སློབ་དཔོན་དེ་ལ་རྡོ་རྗེ་སློབ་དཔོན་གྱི་ལུས་ངག་ཡིད་གསུམ། རྫས་དང་ཡོ་བྱད་ཤེས་རབ་རྣམ་པ་གསུམ་གྱིས་མཉེས་པར་མ་བྱས་ཤིང་། དབང་རྣམས་ཐོབ་པར་མ་བྱས་ན། །ཆོས་སྒོ་དབང་གིས་འབྱེད་པ་བསྟན། དབང་རྣམས་ནི། དབང་བཅོའ་བརྒྱད་དེ། ཕྱིའི་དབང་བཅུ་ནི་ཕན་དབང་དང་། ནང་དབང་ནི་ནུས་པའི་དབང་ལྔ་དང་། གསང་བའི་དབང་ནི་ཟབ་མོའི་དབང་གསུམ་སྟེ། དབང་བཅོའ་བརྒྱད་པོ་རིམ་པར་ཐོབ་པར་མ་བྱས་ན་ཞེས་སོ། །ཉན་པ་ལ་སོགས་རྩོམ་པ་རྣམས། །དབང་རིམ་པར་ནོད་པ་བ སྟན། དབང་མ་ཐོབ་པར་གསང་བ་བླ་ན་མྱེད་པའི་དོན་ལ་ཉན་པ་དང་། འཆད་པ་དང་འཕྲིན་ལས་དང་། བསྒོམ་བསྒྲུབ་དང་། གཞན་གྱི་སློབ་དཔོན་བྱེད་པར་རྩོམ་པ་རྣམས་ནི། གསང་སྔགས་ལ་ར་ཆོད་དང་། གཟུའ་ལུམས་སུ་འགྲོ་བས། དབང་ཐོབ་པ་གཅེས་ཏེ། རབ་ཏུ་གཅེས་པར་གདམས་པའོ། །འབྲས་བུ་མྱེད་ཅིང་བརླག་པར་འགྱུར། །དེ་རྣམས་མ་བྱས་ན་སྐྱོན་ཆེ་བར་བསྟན། དང་པོར་བླ་མ་མཉེས་པར་མ་བྱས། བར་དུ་དབང་མ་ནོས། ཐ་མར་ར་ཆོད་དང་གཟུའ་ལུམས་སུ་གྱུར་པས་ན། ཚེ་འདིར་བྱས་པ་རྣམས་ནི་འབྲས་བུ་མྱེད་ཅིང་། ཕྱི་མ་ལ་བྱས་པ་ཆུད་ཟོས་ཏེ་བཀའ་བཞིན་དུ་མ་སྤྱད་པས། འབྲས་བུ་ངན་སོང་དུ་སྐྱེ་བས་ན། བདེ་གཤེགས་སྙིང་པོ་འཁོར་བར་གནས་པར་འགྱུར་བའོ། ༈ །སྐྱོན་ཆེ་བ་དེ་བས་ན། འབྲས་བུ་ཆོས་སྐུ་ཐོབ་པས་ན། རྐྱེན་བསྒོམ་བསྒྲུབ་ལ་རག་ལས། དེ་ཆོས་སྒོ་ལ་རག་ལས། ཆོས་སྒོ་དབང་གིས་འབྱེད། དབང་སྒོ་ཡོན་གྱིས་སླུ་བས་ན། དང་པོ་སློབ་དཔོན་མཉེས་པར་བྱ། དེ་མཉེས་ན་དབང་ནོད། དབང་ཐོབ་ནས་ཉན་བཤད་མཐར་དབྱུང་། དེ་མཐར་ཕྱིན་པས་འབྲས་བུ་མཆོག་དང་ཐུན་མོང་འགྲུབ་པར་འགྱུར་རོ། །དེ་བས་ན་ཤིན་ཏུ་སྐྱོན་ཆེ་བར་བསྟན་པའོ། །དེ་ནས། སློབ་དཔོན་མཉེས་པར་རབ་བྱས་ནས། །དབང་རྣམས་ཐོབ་པར་གྱུར་པ་ནི། །ཉན་པ་ལ་སོགས་རྩོམ་པ་རྣམས། །མཆོག་དང་ཐུན་མོང་འབྲས་བུ་འགྲུབ། །ཅེསསོ། །མཉམ་དོན་དམ་ལ་མཉམ་པར་ཀུན་རྫོབ་སྦྱོར་བ་དབྱེར་མེད་ཡིས། །མཉམ་པར་བྱ་བའི་ངོ་བོ་བསྟན། གསུམ་སྟེ། དོན་དམ་མ་སྐྱེས་པར་མཉམ་པ་དང་། ཀུན་རྫོབ་སྒྱུ་མར་མཉམ་པ་དང་། དོན་དམ་ཀུན་རྫོབ་དབྱེར་མྱེད་དུ་མཉམ་པའོ། །དང་པོ་ནི། ཆོས་ཐམས་ཅད་ནི་ཡེ་ཤེས་ཀྱི་རང་བཞིན་ཏེ། ཐོག་མ་ནས་ཆོས་ཐམས་ཅད་མ་སྐྱེས་པར་མཉམ་སྟེ། གཉིས་པ་ནི། ཀུན་རྫོབ་ཏུ་ཕུང་པོ་ལྔ་རིགས་ལྔར་མཉམ། འབྱུང་བ་ལྔ་ཡུམ་ལྔར་མཉམ། རྣམ་པར་ཤེས་པའི་ཚོགས་བརྒྱད་སེམས་དཔའ་སེམས་མར་མཉམ། ལུས་ཀྱི་རེག་བྱ་བཞི་སྒོ་བར་མཉམ། ཉོན་མོངས་པ་དྲུག་ཐུབ་པར་མཉམ་པའོ། །གསུམ་པ་ནི། དོན་དམ་ཀུན་རྫོབ་ངོ་བོ་གཅིག་པར་མཉམ་པར་སྦྱོང་བ་སྟེ། ལྟ་བ་བདེན་པ་དབྱེར་མྱེད། རིག་པ་སྤྱོད་ཡུལ། སྐོར་བདུན་ངོ་བོ་ཉིད་ཀྱི་རྒྱུར་ལྷུན་གྱིས་གྲུབ་ནས་གནས་སོ། །མཉམ་པའི་དམ་ཚིག་ལ་གནས་སྔགས། །མཉམ་པའི་དགོས་པ་བ སྟན། དེ་ལྟར་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི་རང་བཞིན་ལས། མྱི་འདའ་བར་དུས་གསུམ་དུ་གནས་ན། རང་བཞིན་ལྟ་བའི་དམ་ཚིག་སྟེ། འབྲས་བུ་དེ་ཉིད་མངོན་དུ་བྱེད་པར་མ་གསུངས་སོ། །དེ་ཡང་གསལ་བཀྲ་ལས། དམ་ཚིག་དམ་ཚིག་ཅེས་བྱ་བ། །གུད་ན་ཡོད་པ་མ་ཡིན་ཏེ། །རང་གི་ལྟ་བ་དམ་ཚིག་ཡིན། །ཞེས་སོ། །མཉམ་རྫོགས་ཆེན་པོ་ཐོབ་པར་འགྱུར། །མཉམ་པའི་ཡོན་ཏན་བསྟན། དོན་དམ་སྐྱེ་མྱེད་དུ་མཉམ། ཀུན་རྫོབ་སྒྱུ་མར་མཉམ། དེ་གཉིས་དབྱེར་མྱེད་དུ་མཉམ་རྫོགས་སོ། །དེ་ནི་ཆེན་པོ་ཞེས་བྱ་སྟེ། མཉམ་རྫོགས་ཆེན་པོའི་ལྟ་བ་ལ་གནས་ན། རྟེན་གྱི་གང་ཟག་གིས་ཚེ་འདི་ཉིད་ལ་མངོན་པར་རྫོགས་པར་སངས་རྒྱས་པ་ཐོབ་པར་འགྱུར་རོ། །འདས་ན་སངས་རྒྱས་མ་ཡིན་ནོ། །མཉམ་པ་མ་རྟོགས་པའི་སྐྱོན་བསྟན། དེ་ལྟ་བུའི་དམ་ཚིག་ལས་འདས་ན། ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཡིན་ནོ་ཞེས་བྱ་སྟེ། ཆོས་ཐམས་ཅད་མཉམ་པ་ཆེན་པོར་མ་ཤེས་ཏེ། ཐེག་པ་འོག་མ་ལྟར་དོན་དམ་ཀུན་རྫོབ་ཐ་དད་དུ་མར་འཛིན་པ་ནི་དེ་ལས་འདས་པའོ། །དེ་བས་ན་ཐ་དད་ཀྱི་གཉིས་འཛིན་གྱིས་སངས་རྒྱས་ཐོབ་པར་མི་འགྱུར་རོ། །དེ་བས་ན་མཉམ་པ་ཆེན་པོའི་ལྟ་བས་ཐག་ཆོད་པར་བྱ་བ་གལ་ཆེའོ། །དུས་བཞི་ཕྱོགས་བཅུ་གང་ནས་ཀྱང་། །གནས་གང་ནས་ཙམ་ནས། དུས་བཞི་ནི། རྒྱུ་རྐྱེན་འཚོགས་ནས་འབྲས་བུ་སྤྱད་ཟིན་པ་ནི་འདས་པའི་དུས། རྒྱུ་རྐྱེན་འཚོགས་པ་ལས་འབྲས་བུ་མ་སྤྱད་པ་ནི་ད་ལྟ་བ། རྒྱུ་ཙམ་ཡོད་པ་ནི་འབྱུང་བར་མ་ངེས་པའི་དུས། རྒྱུ་རྐྱེན་གང་ཡང་མ་འཚོགས་པ་ནི་མ་འོངས་པའི་དུས་སོ། །ཕྱོགས་བཅུ་ནི་གནས་པ་རང་བཞིན་གྱི་ཕྱོགས་བཅུ་དང་། སྒྲུབ་པ་པོ་དམྱིགས་པས་གཟུང་བའི་ཕྱོགས་བཅུ་དང་། དེ་ལྟར་ཕྱོགས་དང་དུས་ཀྱིས་བསྡུས་པ་གང་ནས་ཀྱང་སངས་རྒྱས་རྩལ་དུ་མྱེད་པར་བསྟན་པའོ། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །ངོ་བོ་གང་རྩལ་ན། དེ་ལྟར་ན་གནས་བཅུ་དང་། དུས་བཞིར་རྫོགས་པའི་སངས་རྒྱས་གཞན་ནས་རྩལ་ཀྱང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འབྲས་བུ་གཞན་ནས་མི་རྙེད་དོ། །གང་ནས་རྙེད་ཞེ་ན། རང་སེམས་ལ་བརྩལ་ལོ། །སེམས ཉིད་རྟོགས་ན་སངས་རྒྱས་པས། །བཙལ་བའི་ཐབས་ཇི་ལྟར་རྩལ་ན། རང་གི་སེམས་ཉིད་རིག་པ་བྱང་ཆུབ་སེམས་ནི་ཡེ་ནས་འབྲས་བུ་ཆོས་ཀྱི་སྐུའི་ངོ་བོ་ཡིན་ཏེ། དེའི་དོན་རྟོགས་པར་མངོན་དུ་གྱུར་པ་ལ་འབྲས་བུ་ཐོབ་ཅེས་གདགས་ཀྱིས་དེ་ལས་གཞན་དུ་སངས་རྒྱས་མ་ཚོལ་ཅིག །སངས་རྒྱས་གཞན་དུ་མ་ཚོལ་ཅིག །མཉམ་པ་མ་རྟོགས་པའི་སྐྱོན་བསྟན། རང་རིག་པ་དེ་ལས་མ་རྟོགས་པ་མྱེད་པ་ལ། རིག་པ་དེ་ལས་སངས་རྒྱས་གཞན་དུ་ཚོལ་ན་ནི། རྒྱ་མཚོའི་ངོས་ནས་སོང་སྟེ་དམྱིགས་སྒྱུའི་ཆུ་རྙོག་པ་དང་འདྲའོ། །དེ་མྱི་སྙེད་པའི་ཕྱིར་ན་དེ་ལས་མ་རྟོགས་པ་མྱེད་པ་མ་ཚོལ་ཅིག་ཅེས་གདམས་སོ། །གང་ཞིག་གླང་ཆེན་མྱོས་འདྲའི་སེམས། །དཔེའ་བསྟན། དཔེར་ན་གླང་པོ་ཆེ་སྙོན་པ་འདུལ་བའི་དུས་ན། སྐྱེས་བུ་གོས་དམར་པོ་གོན། དབྱངས་སྙན་པ་བླངས་ནས། ལག་པ་གཡོན་དུ་སྤོས་དུད་ཐོགས། གཡས་སུ་ལྕགས་ཀྱུ་ཐོགས་ནས། གླང་བྲིད་ནས་རྩར་བྱུང་ཙ་ན་ལྕགས་ཀྱུས་གླང་སྣ་ནས་བཟུང་ནས། འབྲས་ཆང་བླུད་པས་གླང་མྱོས་པ་ལ། དམག་མང་པོ་ཞོན་ནས་བཏུལ་ནས། དེ་ཐུལ་ཙམ་ན་གཞན་གྱི་དམག་དཔུང་འཇོམས་པའོ། །དཔེའ་དེ་བཞིན་དུ་རྣལ་འབྱོར་པ་གང་ཞིག་གི་སེམས་ནི། གླང་པོ་ཆེ་སྙོན་པ་དང་འདྲ་སྟེ། འདུལ་ཐབས་ནི། སྔགས་དང་ཕྱག་རྒྱས་མཉམ་པར་བཞག །ཅེས་པའོ། །མཉམ་པར་བཞག་ལ་བཏུལ་ནས་སུ། །སྔགས་དང་ཕྱག་རྒྱ་རབ་བསྟན་ན། །དོན་བསྟན། དཔེའ་དེ་བཞིན་དུ། འཁྲུལ་པའི་སེམས་གླང་པོ་དང་འདྲ་བ་དེ་ལ། བླ་མ་དམ་པའི་གདམ་ངག་ལྕགས་ཀྱུ་དང་འདྲ་བས་གཟུང་ནས། ཆོས་ཉིད་རྣམ་པ་མི་རྟོག་པའི་ངང་ལ་བློ་མཉམ་པར་བཞག་པ་དང་། གཟུང་འཛིན་གྱི་རྣམ་པར་རྟོག་པ་དེ་དག་བརྟུལ་ནས། སེམས་དང་ཡེ་ཤེས་ཀྱི་ཕྱག་རྒྱས་ཐམས་ཅད་དུ་སྣང་བར་འགྱུར་རོ། །དེ་ཡང་སྒྱུ་མ་ནོར་བ་རྩ་བའི་སྔགས་ཀྱིས་སྐྱེད་པའི་རྒྱུ་བྱེད། སྐྱེད་པ་རྐྱེན་གྱི་སྔགས་ཀྱིས་གསལ་བར་བྱེད། བཟླས་པ་ལས་ཀྱི་སྔགས་ཀྱིས་བསྟན་པར་བྱེད་པའོ། །སྔགས་དེ་གསུམ་གྱིས་ལྷའི་སྐུ་གསལ་བ་དེ་ལ་ནི། ཕྱག་རྒྱ་ཆེན་པོ་བཞི་དང་ལྡན་པ་ཞེས་པ་སྟེ། དམ་ཚིག་གི་ཕྱག་རྒྱ་དང་། ལས་ཀྱི་དང་། ཆོས་ཀྱི་དང་། སྐུ་ཕྱག་རྒྱ་ཆེན་པོ་རབ་ཏུ་བསྟན་ན་དངོས་གྲུབ་འབྱུང་ངོ་། །དངོས་གྲུབ་ཡ་མཚན་ཆེན་པོར་འགྱུར། །དེ་ལྟར་ལྡན་ན་ཐུན་མོང་གི་དངོས་གྲུབ་དང་། མཆོག་གི་དངོས་གྲུབ་དང་། ལེགས་པའི་ཡོན་ཏན་ཐམས་ཅད་ཐོབ་པར་འགྱུར་རོ། །དགོན་པ་ཆེན་པོའི་ས་ཕྱོགས་སུ། །གནས་ཀྱི་རིང་ཐུང་གི་ཚད་བསྟན། བསྒྲུབ་པའི་གནས་ནི། དགོན་པ་དེ་གྲོལ་ཡུལ་ལ་དཔག་ཚད་དང་རྒྱང་གྲགས་ཀྱིས་རིང་བར་གྱུར་པ་སྟེ། དེའི་དགོས་པ་ནི། བསམ་གྱི་དགྲ་མྱི་འབྱུང་བའི་ཕྱིར་རོ། །དེ་བས་ན་ཆེན་པོ་ཞེས་སོ། །གནས་དེར་ས་གཞིའ་བརྟག་པ་ནི། གནམ་འཁོར་ལོ་རྩིབས་བརྒྱད་འདྲ་བ། ས་གཞིའ་པད་མ་འདབ་བརྒྱད་འདྲ་བ། ས་སྣུམ་ལ་བཀྲག་ཆགས་པའོ། །གནམ་དེར་ཕྱོགས་བརྟག་པ་ནི། ཤར་འཇམ་པ། ལྷོ་གཞོལ་བ། ནུབ་དཔུང་པ་བཞིན་དུ་འཐོ་བ། བྱང་རི་འདུད་པའོ། །དེ་བས་ན་ས་ཕྱོགས་སུ་ཞེས་པའོ། །ཙན་དན་ནགས་དང་མེ་ཏོག་འཚལ། །གནས་ཀྱི་དབྱིབས་བསྟན། ས་ཕྱོགས་དེར་སྔོན་བཀྲ་ཤིས་པའི་གནས་ནི། ཙན་དན་གྱི་ནགས་ཚལ་དང་། མདུན་ན་མེ་ཏོག་གི་གླིང་ཆགས་པ་སྟེ། ཁ་དོག་མཛེས་ཤིང་བཀྲ་ཤིས་པའི་ཡན་ལག་གོ། །ཡིད་འོང་བཀྲ་ཤིས་ཉམས་དགའ་བའི། །གནས་ཀྱི་རང་བཞིན་བསྟན། དེ་རྣམས་ནི་རྣལ་འབྱོར་པ་འཕྲལ་ཉམས་དགའ་བ་ཡིད་དུ་འོང་བའི་གནས་སོ། །གྲུབ་པ་ཐོབ་པས་བཀྲ་ཤིས་པའི་གནས་ནི། ལི་ཡུལ་ལྕང་ར་སྨུག་པོ འམ། སྤ་གྲོ་སྟག་ཚལ་ལམ། ལྷོ་བྲག་མཁར་ཆུ་ལྟ་བུའོ། །དེ་ལྟ་བུ་རྣལ་འབྱོར་པས་སྒྲུབ་པ་ཐོབ་པའོ། །བདེའ་བར་གཤེགས་པའི་ཞབས་ཀྱིས་བཅག་པའི་གནས་ནི། རྒྱ་གར་རྡོ་རྗེ་གདན་དང་། རི་མ་ལ་ཡ་དང་། འཕགས་པ་ཤིང་ཀུན་ལ་སོགས་པ་ལྟ་བུའོ། །བདག་དབང་བར་ཆད་མྱེད་པའི་གནས། །གནས་ཀྱི་སྐྱོན་གསལ་བའི་བསྟན། གནས་དེ་བདག་གི་དབང་དུ་བྱེད་པས་ན། ས་བླང་བ་ནི་སྣང་བ་དང་མི་སྣང་བ་ལ་རིན་བསྩལ་ལ་བདག་གི་དབང་དུ་བྱ་བ་དང་། གནས་དེ་ཧ་ཅང་ཐག་རིང་ན་རྫས་ཀྱི་བར་ཆད་འབྱུང་། གཡེལ་ན་དགྲའི་བར་ཆད་འབྱུང་། ལྷ་འདྲེའི་ལམ་ཆོད་ན་བགེགས་ཀྱི་བར་ཆད་འབྱུང་བས་ན་བཀྲ་ཤིས་ལ་ཡིད་དུ་འོང་བ་ཕྱི་ནང་གི་བར་ཆད་གང་ཡང་མི་འབྱུང་བའི་གནས་བཙལ་བར་བྱའོ། ༈ །བདག་དང་མཐའ་ཡས་སེམས་ཅན་རྣམས། །སྒྲུབ་པ་པོ་བདག་དང་འགྲོ་བ་དྲུག་གི་སེམས་ཅན། བསམ་གྱིས་མི་ཁྱབ་པ་མཐའ་ཡས་པ་ཐམས་ཅད་རྣམས་སོ། །ཡེ་ནས་སངས་རྒྱས་ཡིན་མོད་ཀྱང་། །གང་གིས་སེམས་བསྐྱེད་ན། ཡེ་ཐོག་མ་ཉིད་ནས། སྐུ་ལྔ་ཡེ་ཤེས་ལྔར་སངས་རྒྱས་པ་ཡིན་མོད་ཀྱང་ཞེའམ། ཡང་ན་རང་བཞིན་ལྷུན་གྱིས་གྲུབ་པའི་སངས་རྒྱས་གཅིག་ཡིན་ཀྱང་། དེ་ལྟར་མ་རྟོགས་པའི་དབང་གིས་ན་བྷུ་ཏ་ཡིན་ཀྱང་ངོ་མ་ཤེས་པའོ། །རྟོག་པའི་དབང་གིས་འཁོར་བ་ལ། །ཚུལ་ཇི་ལྟར་སེམས་བསྐྱེད་ན། དེ་ལྟར་མ་རྟོགས་པའི་བདག་དང་བདག་གི་རྟོག་པའི་དབང་གིས། ཁམས་གསུམ་གྱི་འཁོར་བ་མཐོ་དམན་དུ་འཁོར་བས་ན། ད་ལྟ་ཉིད་དུ་སྐུ་ལྔ་ཡེ་ཤེས་ལྔར་སངས་རྒྱས་པའི་སེམས་བསྐྱེད་དོ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །དགོས་པ་གང་གི་ཕྱིར་སེམས་བསྐྱེད་ན། ངོ་བོ་གང་སྐྱེད་ན། བདག་ཀྱང་ཁམས་གསུམ་ལས་ཐར་བར་བྱ་བ་དང་། བདག་ཉིད་ཐར་ནས་ཀྱང་སེམས་ཅན་ཐམས་ཅད་ཐར་བར་བྱའོ། །ཞེས་བྱང་ཆུབ་མཆོག་ཏུ་སྐུ་ལྔ་ཡེ་ཤེས་ལྔར་སངས་རྒྱས་པ་ཡིན་པར་རྟོགས་པར་སེམས་བསྐྱེད་དོ། ༈ །སྤྱིར་གནས་ལ་གསུམ་སྟེ། ཕྱིའི་གནས་དང་། ནང་གི་གནས་དང་། གསང་བའི་གནས་སོ། །ཕྱིའི་གནས་ལ་གཉིས་ཏེ། ཚུལ་ཤིས་པའི་གནས་དང་། ཚུལ་དང་འཐུན་པའི་གནས་སོ། །ཚུལ་ཤིས་པའི་གནས་ནི་གསུམ་སྟེ། བདེའ་བར་གཤེགས་པའི་ཞབས་ཀྱིས་བཅག་པས་བྱིན་གྱིས་བརླབས་པའི་གནས་དང་། དངོས་གྲུབ་ཐོབ་པ་བཀྲ་ཤིས་པའི་གནས་དང་། རང་ཡིད་དུ་འོང་བས་ཉམས་དགའ་བའི་གནས་སོ། །ཚུལ་དང་འཐུན་པའི་གནས་ནི། ཞི་བའི་དགོན་གནས་དང་། རྒྱས་པའི་འཕེན་གནས་དང་། དབང་གི་འདུ་གནས་དང་། དྲག་པོའི་འགྱེད་གནས་དང་། ལྷུན་གྲུབ་ཀུན་འབྱུང་གི་གནས་སོ། །ནང་གི་གནས་ནི། རང་གི་རིག་པས་ངོ་ཤེས་ཏེ་ཉམས་དགའ་བའོ། །གསང་བའི་གནས་ནི། ཡུམ་མཚན་ལྡན་ནོ། །དགོན་པ་ཆེན་པོ་ནི་ཡུམ་ལ་ཟེར་བ་ཡང་ཡོད་དོ། །གཞན་མ་རང་གི་གནས་སྐབས་སུ་ངོས་གཟུང་བའོ། །དེ་ནི་ཕྱིའི་གནས་གཙོའ་ཆེའོ། ༈ །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །ཆོས་ཀྱི་སྐུ་དང་སྟོང་པ་ཉིད་ཀྱི་ཡེ་ཤེས་སེམས་བསྐྱེད་པ་བསྟན། ཨེ་མའོ་ནི་ངམ་པ་སྟེ། དེ་ཡང་གང་ལ་ངམ་ན་ཆོས་ཐམས་ཅད་སྐུ་ལྔ་ཡེ་ཤེས་ལྔའི་རང་བཞིན་དུ་སངས་རྒྱས་པ་ཡིན་པ་ལ། སེམས་ཅན་རྣམས་ཀྱིས་དེ་ལྟར་མ་རྟོགས་པ་ལ་ངོམ་པའོ། །རྨད་ཀྱི་ཆོས་ནི་ཚིག་ངོ་མཚར་ཅན་ལས། དོན་རྨད་དུ་བྱུང་བའི་དོན་སྟོན་པ་ལ་བྱའོ། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །ཆོས་དེ་གང་གིས་གསུངས་ན། རྒྱུ་བསོད་ནམས་དང་འབྲས་བུ་ཡེ་ཤེས་ཀྱི་ཚོགས་རྫོགས་པའི་སངས་རྒྱས། སྐུ་ལྔ་ཡེ་ཤེས་ལྔར་ལྷུན་གྱིས་གྲུབ་པ་དེས་གསུངས་ལ་སངས་རྒྱས་ཉིད་ཀྱི་ཐུགས་ཀྱི་གནག་པ་ཡང་འདི་ཡིན་པས་ན་གསང་བའོ། །སྐྱེ་བ་མྱེད་ལས་ཐམས་ཅད་སྐྱེས། །སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནི། ཆོས་ཐམས་ཅད་ཀྱི་ངོ་བོ་སྟོང་ཞིང་བདག་མྱེད་པ་དེ་ལ། རྒྱུ་གང་ཡང་སྐྱེ་བ་མྱེད་པའོ། །དེ་ལྟར་དོན་དམ་པར་སྐྱེ་བ་མྱེད་པས། ཀུན་རྫོབ་ཏུ་ཆོས་ཐམས་ཅད་རྒྱུ་ལས་སྐྱེད་པ་ལྟར་སྣང་བའོ། །སྐྱེས་པ་ཉིད་ན་སྐྱེ་བ་མྱེད། །དེ་ལྟར་ཀུན་རྫོབ་ཏུ་སྐྱེས་པ་ཉིད་ན་དོན་དམ་པར་མ་སྐྱེས་པའི་ངང་ལས་མ་གཡོས་པ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་ཆོས་ཀྱི་སྐུར་སེམས་བསྐྱེད་པའོ། ༈ །སྤྱིར་ན་སེམས་བསྐྱེད་པ་ལ་གཉིས་ཏེ། ཀུན་རྫོབ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། དོན་དམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའོ། །ཀུན་རྫོབ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། སྨོན་པ་འབྲས་བུར་སེམས་བསྐྱེད་པ་དང་། འཇུག་པ་རྒྱུར་སེམས་བསྐྱེད་པའོ། །དོན་དམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། གནས་པ་བྱང་ཆུབ་ཀྱི་སེམས་དང་། བསྟན་པ་བྱང་ཆུབ་ཀྱི་སེམས་དང་། མཐར་ཕྱིན་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པའོ། །འདིར་ནི་ཀུན་རྫོབ་གཞན་ལས་ཁྱད་པར་བྱས་པས་ན། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། དོན་དམ་པ་འོད་གསལ་མངོན་དུ་བྱས་པས་ན་ཡེ་ཤེས་ལྔར་སེམས་བསྐྱེད་པའོ། །འདི་ལྔ་དོན་དམ་ཀུན་རྫོབ་དབྱེར་མྱེད་སྟོན་པར་འདུག་པས་འདབས་སོ་ཞེ་ན། རྩམ་གཞི་སོ་སོ་ལས་རྩམ་བྱ་ཐ་དད་པར་དང་། བརྗོད་བྱ་སོ་སོ་ལ་དོན་སོ་སོར་སྟོན་པའི་ཚིག་ཡིན་ནོ། ༈ །ཨེ་མའོ་མེ་ལོང་ལྟ་བུའི་ཡེ་ཤེས་དང་ལོངས་སྐུར་སེམས་བསྐྱེད་པ་བསྟན་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །ཨེ་མའོ་ནི་ངམ་ཞིང་ངོ་མཚར་བ་སྟེ། ངོ་གང་ལ་མཚར་ན། རང་སེམས་སྟོང་པ་སྐྱེ་མྱེད་དུ་གཏན་ལ་འབེབས་པའི་དེ་ཁོ་ན་ལ་ངོ་མཚར། དེ་གང་གི་ཆོས་ལུགས་ཡིན་ན། གསང་བ་རྨད་དུ་བྱུང་བ་མ་ཧཱ་ཡོ་གའི་ཆོས། དེ་གང་གི་གསུང་ཡིན་ན། རྫོགས་པའི་སངས་རྒྱས་དཔལ་ཀུན་ཏུ་བཟང་པོ་རྒྱལ་བ་དྲུག་པའི་གསུང་། བློ་དམན་དང་ཐེག་པ་འོག་མ་བའི་སྤྱོད་ཡུལ་དུ་མ་གྱུར་པས་ན་གསང་བའོ། །འགག་པ་མྱེད་ལས་ཐམས་ཅད་འགག །ཆོས་ཐམས་ཅད་གསལ་ལ་རྟོག་པ་མྱེད་པའམ། གསལ་ལ་འགག་པ་མྱེད་པ་ཡིན་པ་དེ་ལས་མ་གཡོས་བཞིན་དུ། ཆོས་ཐམས་ཅད་ཀྱི་རྐྱེན་དུ་གྱུར་པ་འགག་པ་ལྟར་སྣང་ངོ་། །སོ་སོར་རྟོག་པའི་ཡེ་ཤེས་དང་སྤྲུལ་པའི་སྐུར་སེམས་བསྐྱེད་པ་བསྟན་ནོ། །འགག་པ་ཉིད་ན་འགག་པ་མྱེད། །དེ་ལྟར་ཀུན་རྫོབ་ཏུ་འགག་པ་ལྟར་སྣང་བའི་དུས་ཉིད་ན། དོན་དམ་པར་འགག་པ་ཅི་ཡང་མྱེད་དོ། །དེ་ལྟར་རྟོགས་པ་ནི། མེ་ལོང་ལྟ་བུའི་ཡེ་ཤེས་དང་ལོངས་སྤྱོད་རྫོགས་པའི་སྐུར་སེམས་བསྐྱེད་པ་ཡིན་ནོ། ༈ །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། མངོན་པར་བྱང་ཆུབ་པའི་སྐུར་སེམས་བསྐྱེད་པ་བསྟན། རྫོགས་པའི་སངས་རྒྱས་ཀུན་གྱིས་གསང་། །ཨེ་མའོ་ནི་ངམ་ཞིང་ངོ་མཚར་བ་སྟེ། གང་ལ་ངོ་མཚར་ན། རང་སེམས་མཉམ་པ་ཉིད་ཆེན་པོར་སྟོན་པས་ངོ་མཚར་བའོ། །དེ་གང་གི་ཆོས་ལུགས་ཡིན་ན། གསང་བ་རྨད་དུ་བྱུང་བ་སྒྱུ་འཕྲུལ་དྲ་བའི་ཆོས། དེ་གང་གི་གསུང་ཡིན་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་གྱི་གསང་བའོ། །གནས་པ་མྱེད་ལས་ཐམས་ཅད་གནས། །ཆོས་ཉིད་དོན་དམ་པར་གཟུང་བ་དང་འཛིན་པ་མྱེད་པར་གནས་པ་ཡིན་ལ། ཀུན་རྫོབ་ཏུ་ཆོས་ཐམས་ཅད། གཟུང་འཛིན་གྱིས་གནས་པ་ལྟར་སྣང་ཡང་སྣང་བའོ། །གནས་པ་ཉིད་ལ་གནས་པ་མྱེད། །དེ་ལྟར་ཀུན་རྫོབ་ཏུ་གནས་པ་ལྟར་སྣང་བའི་དུས་ཉིད་ན། དོན་དམ་པར་གནས་པ་མྱེད་དེ། དེ་ཉིད་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། ངོ་བོ་ཉིད་ཀྱི་སྐུར་སེམས་བསྐྱེད་པ་ཡིན་ནོ། ༈ །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །སོ་སོར་རྟོག་པའི་ཡེ་ཤེས་དང་། སྤྲུལ་སྐུར་སེམས་བསྐྱེད་པ་བསྟན། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །ཨེ་མའོ་ནི་ངམ་ཞིང་ངོ་མཚར་བ་སྟེ། དེ་ཡང་ངོ་གང་ལ་མཚར་ན། རང་སེམས་ཡེ་ཤེས་སུ་རྟོགས་པ་དེ་ལའོ། །དེ་གང་གི་ཆོས་ཡིན་ན། མ་ཧཱ་ཡོ་གའི་འོ། །དེ་གང་གི་གསུང་ཡིན་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་པོའི་གསུང་ངོ་། །དམྱིགས་པ་མྱེད་ལས་ཐམས་ཅད་དམྱིགས། །ཆོས་ཐམས་ཅད་རང་དང་སྤྱིའི་མཚན་ཉིད་མ་འདྲེས་པར་མཁྱེན་ལ། རང་དང་སྤྱིའི་མཚན་ཉིད་དོན་དམ་པར་དམྱིགས་པ་མེད་དོ། །དེ་ལས་མ་གཡོས་བཞིན་དུ་ཆོས་ཐམས་ཅད་ཀུན་རྫོབ་ཏུ་དམྱིགས་པར་ཤར་ནས་སྣང་བ་ཡིན་ནོ། །དམྱིགས་པ་ཉིད་ན་དམྱིགས་པ་མྱེད། །དེ་ལྟར་ཀུན་རྫོབ་ཏུ་དམྱིགས་པའི་དུས་ཉིད་ནི། དོན་དམ་པར་དམྱིགས་པ་མྱེད་པ་ལས་མ་གཡོས་པ་ཡིན་ནོ། །དེ་ནི་སོ་སོར་རྟོག་པའི་ཡེ་ཤེས་དང་། སྤྲུལ་པའི་སྐུར་སེམས་བསྐྱེད་པ་ཡིན་ནོ། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །ཨེ་མའོ་ནི་ངམ་ཞིང་ངོ་མཚར་ཏེ། ངོ་གང་ལ་མཚར་ན། རང་སེམས་ཡེ་ཤེས་རྟོགས་པའོ། །དེ་གསང་བ་མ་ཧཱ་ཡོ་གའི་ཆོས་ཡིན་ནོ། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འཁོར་འདས་སེམས་ཉིད་དུ་རྫོགས། ལྟ་བ་ངན་པའི་དྲི་མ་དང་བྲལ་བས་སངས་ལ། ཡེ་ཤེས་མཐའ་དབུས་མྱེད་པར་རྒྱས་པས་ན་རྒྱས་ལ། ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀུན་གྱི་བདག་པོ་ཡིན་པས་ན་ཀུན། རྟོགས་དཀའ་བས་ན་གསང་ངོ་། །འགྲོ་འོང་མྱེད་ལས་འགྲོ་དང་འོང་། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་བདག་དང་གཞན་གྱི་དོན་ཐམས་ཅད་གྲུབ་ཅིང་མཐར་ཕྱིན་པར་མཛད་ཀྱང་། དོན་དམ་པར་བདག་དང་གཞན་གྱི་དོན་ལ་སྤྲུལ་པས་ཕར་འགྲོ་བ་དང་ཚུར་འོང་བ་མྱེད་དོ། །ཀུན་རྫོབ་ཏུ་སྤྲུལ་པ་ཕར་འགྲོ་བ་དང་ཚུར་འོང་བར་སྣང་ངོ་། །འགྲོ་འོང་ཉིད་ན་འགྲོ་འོང་མྱེད། །དེ་ལྟར་རྟོགས་ཙམ་ཉིད་ན་དོན་དམ་པར་འགྲོ་འོང་མྱེད་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་དང་། རྡོ་རྗེའི་སྐུར་སེམས་བསྐྱེད་པའོ། ༈ །བསྒྲུབ་པའི་གཙོར་ནི་ཏིང་འཛིན་པས། །གཙོའ་བོ་གང་ཡིན་ན། ཐུན་མོང་གི་བསྒྲུབ་པ་དང་། ཐུན་མོང་མ་ཡིན་པའི་བསྒྲུབ་པ་ལས། གཙོའ་བོར་གང་བྱེད་ཀྱང་། ཏིང་ངེ་འཛིན་མྱེད་ན་འབྲས་བུ་མི་འགྱུར་བས། དེའི་ཕྱིར་གཙོ་བོར་ཏིང་ངེ་འཛིན་ཁོ་ན་བསྔགས་པ་ཡིན་པས་སོ། །ཏིང་འཛིན་འདི་ཡིས་བྱེད་པར་འགྱུར། །དབང་ཇི་ལྟར་སྒྱུར་ན། དེ་བས་ན་མཆོག་དང་ཐུན་མོང་གི་སྒྲུབ་ཐབས་ཐམས་ཅད། ཏིང་འཛིན་འདིར་འགྲུབ་པར་བྱེད་པ་ཡིན་པས་ན། འགྲུབ་པར་འགྱུར་བ་ཡིན་ནོ། །གསེར་འགྱུར་སྨན་དང་མུན་སེལ་བཞིན། །དཔེའ་གང་གིས་མཚོན་ན། དཔེར་ན་ལྕགས་ལ་གསེར་འགྱུར་གྱི་རྩི་གཏང་ན་ལྕགས་གསེར་དུ་འགྱུར་བ་དང་། དུག་ལ་སྨན་མ་ཀི་ཏ་གཏབ་ན་དུག་སྨན་དུ་འགྱུར་བ་དང་། མུན་པ་ལ་སྒྲོན་མེ་བྱུང་ན་མུན་པ་སེལ་བ་བཞིན་དུ། རྟོག་པའི་དབང་སྒྱུར་ཏིང་འཛིན་ཡིན། །དགོས་པ་ཅི་ཡོད་ན། དཔེ་དེ་བཞིན་དུ། ཆོས་ཉིད་རྣམ་པར་མི་རྟོག་པ་དེ་བཞིན་ཉིད་ཀྱི་ཏིང་འཛིན་བསྒོམ་པས་རྟོག་པ་ཐམས་ཅད་ཆོས་ཉིད་དུ་འགྱུར། ཡེ་ཤེས་སྒྱུ་མའི་ཏིང་ངེ་འཛིན་ཐམས་ཅད་དུ་ཀུན་ཏུ་སྣང་བར་བསྒོམས་པས། ཕྱོགས་གཅིག་པའི་མུན་པ་སེལ། སྐུ་དང་ཡེ་ཤེས་དབྱེར་མྱེད་ཕྱག་རྒྱ་རྒྱུ་ཏིང་དུ་བསྒོམས་པས་ཕུང་པོ་ཁམས་དང་སྐྱེ་མཆེད་གནས་འགྱུར་བའོ། །དེ་ཕྱིར་ཏིང་འཛིན་རིམ་པར་བསྒོམ། །གཏན་ཚིགས་གང་གིས་གདམས་ན། ཏིང་འཛིན་གཙོའ་བའི་ཕྱིར་ན། དེ་ཏིང་ལ་སོགས་པ་གོང་མ་རྣམས་གསལ་བའི་ཏིང་ལ་འོག་མ་རིམ་པར་བསྒོམ་མོ། ༈ །དངོས་རྣམས་ཉིད་ན་དངོས་མྱེད་པས། །ཕྱི་ནང་སྣོད་བཅུད་ཀྱི་དངོས་པོ་སྣ་ཚོགས་སུ་སྣང་བ་འདི། གཞན་མ་ཡིན་ཏེ་རིག་པ་བྱང་ཆུབ་ཀྱི་སེམས་ཉིད་རང་སྣང་བའོ། །བྱང་ཆུབ་ཀྱི་སེམས་ཉིད་སྣང་བའི་དུས་ན་རང་གི་ངོ་བོ་ཅིར་ཡང་མ་གྲུབ་པས། སྣང་བའི་དངོས་པོར་ཡང་མ་གྲུབ་སྟེ་མྱེད་པའོ། །རྟོག་པའི་སྨྲ་བསམ་ཡུལ་ལས་འདས། །དཔེར་ན་འཚལ་དམར་ན་ཁུ་བ་ཡང་དམར་བ་ལྟར། དངོས་པོའི་རྟོག་པ་མ་གྲུབ་པས། དངོས་འཛིན་སྨྲ་བསམ་མྱེད་དེ། དོན་སེམས་ཉིད་ལ། རྟོག་པ་དང་ཐ་སྙད་ཐམས་ཅད་རང་བཞིན་གྱིས་བྲལ་བ་ནི། འཛིན་པའི་ཡུལ་ལས་འདས་པའོ། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །མ་ནོར་བའི་དེ་བཞིན་ཉིད། དངོས་པོ་མྱེད་པས་ཆོས་ཀྱི་དབྱིངས། མ་བཅོས་པ་ཡིན་པས་ཡེ་ཤེས། དེ་ཐམས་ཅད་དུ་ཁྱབ་པར་གནས་པ་ཡིན་པས་ན། དེ་ཕྱིར་དངོས་པོ་དངོས་མྱེད་དོ། །མཐའ་དང་དབུས་མྱེད་དེ་ཁོ་ན་ཆོས་ཀྱི་དབྱིངས་སོ། །དངོས་པོར་སྣང་བ་དངོས་མྱེད་དོ། །དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལ་དྲུག་སྟེ། སྦྱང་བྱ་ནི་ཤི་བ་རྣམ་རྟོག་མྱེད་སྤངས་སོ། །སྦྱོང་བྱེད་ནི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནོ། །ངོ་བོ་ནི་སྟོང་པ་ཆེན་པོའོ། །རྣམ་གྲངས་ནི་མ་ནོར་བའི་དེ་བཞིན་ཉིད། མ་བཅོས་པའི་དེ་བཞིན་ཉིད། དངོས་པོ་མྱེད་པའི་དེ་བཞིན་ཉིད། གཞན་མ་ཡིན་པའི་དེ་བཞིན་ཉིད་དོ། །བསྒོམ་ཐབས་ནི་སྟོང་པ་ཉིད་མཐའ་བརྒྱད་ད ང་བྲལ་བའོ། །འབྲས་བུ་ནི་ཆོས་ཀྱི་སྐུ་ཐོབ་པའོ། །དེ་བཞིན་ཉིད་ནི་སྤྲོས་མྱེད་ཀྱང་། །དེ་བཞིན་ཉིད་དེས་ཐམས་ཅད་ལ་ཁྱབ་པ་དང་། སྣང་བའི་ཕྱིར་ཀུན་ཏུ་ཞེས་བྱ་ལ། རང་བཞིན་ཀུན་ཏུ་སྣང་བའི་དབྱིངས། །དེ་ལྟ་བུའི་དོན་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་ཆེན་པོ་ཕྱོགས་རིས་མྱེད་པ་བསྒོམ་པའོ། །སེམས་ཅན་ཀུན་ལ་སྙིང་རྩེའི་ཕྱིར། །ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །ཆོས་ཀྱི་དབྱིངས་ནམ་མཁའ་དང་འདྲ་བར་ཀུན་ལ་ཁྱབ་ལ། སྙིང་རྗེ་ཆེན་པོ་ཡང་དེ་ལྟར་བསྒོམ་མོ། ༈ །ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ལ་དྲུག་ལ། སྦྱང་བྱ་ནི་བར་དོའི་སྣང་བའོ། །སྦྱོང་བྱེད་ནི་ཀུན་ཏུ་སྣང་ངོ་། །ངོ་བོ་ནི་ཡེ་ཤེས་སྒྱུ་མའོ། །རྣམ་གྲངས་ནི་ཀུན་ཏུ་སྣང་ཞེས་བྱ། ཡེ་ཤེས་སྒྱུ་མ་ཞེས་བྱ། འཚམས་སྦྱོར་ཆེན་པོའི་ཏིང་ངེ་འཛིན་ཞེས་བྱའོ། །བསྒོམ་པའི་ཐབས་ནི། མ་ཧཱ་ཡོ་ག་ཆོས་ཉིད་ཡེ་ཤེས་སྒྱུ་མ་བསྒོམ་ལ། ཨ་ནུ་ཡོ་ག་བ་རང་གི་སྨིན་འཚམས་སུ་འོད་དམར་སྨུག་ཚོན་གང་བ་ལས་འོད་འཕྲོས་པས། འཇིག་རྟེན་ཐམས་ཅད་འོད་ཀྱིས་ཁེངས་པར་བསྒོམ་མོ། །འདིར་ནི་ཆོས་ཉིད་ཡེ་ཤེས་སྒྱུ་མར་བསྒོམ་པའོ། །འབྲས་བུ་ནི། ལོངས་སྤྱོད་རྫོགས་པའི་སྐུ་འཐོབ་བོ། །གཞིའ་རྩ་མྱེད་པའི་སེམས་ཉིད་ནི། །ངོ་བོ་གང་ཡིན་ན། གནས་པའི་གཞིའ་མྱེད། རྟེན་པའི་རྩ་བ་མྱེད། མཚོན་པ་ཙམ་དུ་སེམས་ཞེས་བྱ་སྟེ། ཉིད་ནི་ཆོས་ཉིད་དོ། །ཆོས་ཉིད་ནི། བརྟེན་པ་དང་གནས་པའི་ཐ་སྙད་དང་བྲལ་བའི། ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །རང་བཞིན་ཅི་ཡིན་ན། དེ་ཉིད་དངོས་པོ་ཡོད་མྱེད་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་ཏེ། རིག་པ་བྱང་ཆུབ་ཀྱི་སེམས་རྟེན་གཞིའི་དང་བྲལ་བ་ཉིད་དོ། །སེམས་ཉིད་ཡི་གེའི་རང་བཞིན་ཏོ། །རིག་པ་སེམས་ཉིད་རྟེན་གཞིའ་དང་བྲལ་བ་ཉིད་གནས་ཀྱི་ཡེ་ཤེས་རང་སྣང་བ་ནི་ཨ་དཀར་པོའོ། །ཨའི་སྒྲ་ནི་ཆོས་ཉིད་སྐྱེ་བ་མྱེད་པའི་དོན་བསྒོམ་མོ། །ཡི་གེ་མཆོག་ནི་བསྒོམ་པར་བྱ། །ཐབས་ཇི་ལྟར་སྒོམ་ན། ཨའི་དབྱིབས་ལས་ཡི་གེ་ཐམས་ཅད་འབྱུང་བའི་ཕྱིར་ན་ཡི་གེ་ཨའི་མཆོག་སྟེ། དེ་ལ་དམྱིགས་པ་རྩེ་གཅིག་ཏུ་བརྟན་པ་ལ་སྒོམ་པ་ཞེས་བྱའོ། ༈ །ཨ་རབ་ཏུ་བརྟན་འགྱུར་ཨ་དཀར་ལས། རྩ་བའི་ཡི་གེ་ཨ་ལས་སྤྲོས་བསྡུའ་བྱ་བར་བསྟན། རྒྱུའི་ཏིང་ངེ་འཛིན་ཨ་དཀར་པོ་དེ་རྐྱེན་དབང་དུ་མི་འགྲོ་བ་བརྟན་པ་དང་འོད་སྤྲོས་ཏེ། ཨ་ནི་ཆོས་ཉིད་ཀྱི་རང་བཞིན་རིག་པ་བྱང་ཆུབ་སེམས་སོ། །བརྟན་པ་ནི་གསལ་བའོ། །རབ་ཏུ་དམྱིགས་ཀྱིས་མངོན་པར་ནའོ། ༈ །རྒྱུའི་ཏིང་ངེ་འཛིན་ལ་དྲུག་སྟེ། སྦྱང་བྱ་ནི་མངལ་དུ་འཇུག་པའོ། །སྦྱོང་བྱེད་ནི་རྒྱུའི་ཏིང་ངེ་འཛིན་ནོ། །ངོ་བོ་ནི་ཡི་གེ་ཨའོ། །རྣམ་གྲངས་ནི། ཧཱུྃ་དང་ཨ་ལས། འདིར་ཨའོ། །བསྒོམ་ཐབས་ནི་ཨ་དཀར་པོ་རྒྱ་སྐར་མ་ལ་ས་པ་ལ་ཁར་ཤར་བ་ལྟ་བུའོ། །འབྲས་བུ་ནི་སྤྲུལ་སྐུ་འཐོབ་བོ། །ཤིན་ཏུ་འཕྲ་བའི་ཨ་རྣམས་འཕྲོ། །ཡན་ལག་གི་ཡི་གེ་དབྱངས་དང་གསལ་བྱེད་ལ་སྤྲོ་བསྡུ་བྱ་བར་བསྟན་ནོ། །གཞིའ་བོའི་ཨ་དེ་ལས་ཨ་འཕྲ་མོ་མང་པོ་ཕར་ལ་སྤྲོས་པའོ། །ཕྱོགས་བཅུ་གང་བར་གསལ་འགྱུར་ནས། །ཡི་གེ་ཨ་ཕྱོགས་བཅུར་སྤྲོས་པས། ཕྱོགས་བཅུ་ཨས་གང་ནས་ཡི་གེ་ཨ་གསལ་བ་དང་། འོད་སྤྲོད་བསྡུ་བྱ། བསྡུས་ཀྱང་འཕེལ་འགྲིབ་མྱེད་པར་བརྟན། །འོད་ཟེར་གྱིས་དངོས་པོར་སྣང་བ་ཐམས་ཅད་སྲེགས་སྦྱངས་ནས། ཆོས་ཐམས་ཅད་དོན་དམ་པའི་བདེན་པར་བྱས་ནས། ཚུར་ལ་འདུས་པས་ཨའི་གཞི་མོ་ལ་ཐིམ་མོ། །དེ་ལྟར་བྱས་པས་ཕར་ལ་སྤྲོས་ཀྱང་ཨ་ཆུང་དུ་མ་སོང་། ཚུར་བསྡུས་ཀྱང་ཆེར་མ་སོང་བས་བསྡུས་ཀྱང་འཕེལ་འགྲིབ་མྱེད་པའོ། །དེ་ལས་མིང་ཚོགས་འབར་བ་ཀུན། །ཨ་དེ་ལ་མིང་གི་ཡི་གེ་ནི། ཀ་ཁ་ག་གྷ་ང་། ལ་སོགས་པ། ཨ་ཨཱ་ཨི་ཨཱི་ལ་སོགས་པ་དང་། དེ་དག་ཡིད་ལ་གསལ་བ་དང་། ཁ་དོག་འོད་ཟེར་འབར་བར་བསྒོམ་པའོ། །དེ་ནི་ཀུན་རྫོབ་བདེན་པའི་ཡི་གེའོ། །སྤྲོ་ཞིང་བསྡུའ་བའང་དེ་བཞིན་ནོ། །ཨ་ལས་ཡི་གེ་དབྱིབས་དང་འོད་ཟེར་ཅན་དུ་འཕྲོས་པས། སྣོད་བཅུད་སྦྱངས་པས་ཨ་ཆུང་དུ་མ་སོང་། བསྡུས་པས་ཀྱང་ཆེར་མ་སོང་། དེ་ལྟར་བྱའོ། །དེ་ཡང་ཆོས་ཉིད་ཡིན་པས་འཕེལ་འགྲིབ་དང་བྲལ་ལོ། །འདི་ནི་རྡོ་རྗེ་དངོས་གྲུབ་ཀྱི། །ཡི་གེ་འདི་ནི་དོན་སྐྱེ་བ་མེད་པའི་ཡི་གེ་རྟགས་ནི་ཡི་གེ་ཨ། འབྲས་བུ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་འབྱུང་བའོ། །བསྟན་འབྱུང་ཡེ་ཤེས་རྒྱུ་ཡིན་ནོ། །ཏིང་ངེ་འཛིན་ལས་བྱུང་བ་ནི་སྐུ་དང་ཡེ་ཤེས་ཐམས་ཅད་ཀྱི་འབྱུང་བའི་རྒྱུའམ་སྐྱེད་པའི་རྐྱེན་ཡང་ཡི་གེ་ཡིན་ནོ། །དེ་ལས་རྒྱལ་བའི་བཞུགས་གནས་རྟེན། །རྒྱུའི་ཏིང་ངེ་འཛིན་གསལ་ཞིང་རྟན་པ་དེ་ལས། རྒྱལ་བ་རྣམས་བཞུགས་པའི་རྟེན་ནམ་གནས་སུ་གྱུར་པར་བསྒོམ་པ་ནི། དབང་ཆེན་དཀྱིལ་འཁོར་རིམ་བཞིན་བསྒོམ། །འབྱུང་བ་ལྔ་རང་བཞིན་གྱིས་སངས་རྒྱས་པས་ན་དབང་ཆེན་ནོ། །ཨེ་ནམ་ཀ་ཡཾ་རླུང་བཾ་ཆུ་སུཾ་གསེར་ལཾ། རི་རབ་བྷྲཱུཾ་བི་ཤ་བི་ཤུད་དྷེ། རིན་པོ་ཆེའི་རི་རབ་ཀྱི་སྟེང་དུ། ཡི་གེ་བྷྲཱུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་། ཕྱི་ནས་བལྟས་ན་ནང་གསལ་བ། ནང་ནས་བལྟས་ན་ཕྱི་གསལ་བ། གང་ཡང་མི་སྒྲིབ་པའི་རང་བཞིན་ཅན་ནོ། ༈ །འབྱུང་བ་རིམ་རྩེགས་པ་ཡང་དྲུག་སྟེ། སྦྱང་བྱ་ནི་སྣོད་ཀྱི་འཇིག་རྟེན་ནོ། །སྦྱོང་བྱེད་ནི་འབྱུང་བ་རིམ་རྩེགས་སོ། །ངོ་བོ་ནི་འབྱུང་བ་ལྔའོ། །རྣམ་གྲངས་ནི། འདུས་བྱས་ཀྱི་འབྱུང་བ་དང་། ཆོས་ཉིད་ཀྱི་འབྱུང་བའོ། །བསྒོམ་ཐབས་ནི། ཨ་ལས་ཨེ་ཆད། དེ་ཡོངས་སུ་གྱུར་པ་ལས། ཨེ་གྲུ་གསུམ་ཆོས་ཀྱི་འབྱུང་གནས། ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བ་གཅིག་བསྒོམ། དེ་ཡང་འབྱུང་བ་ནམ་མཁའ། ཡུམ་ཀུན་ཏུ་བཟང་མོའི་བ་ག་རྣམ་པར་དག་པས་ནང་དུ་ན་ཀུན་གཞིའི་སྦྱོང་བའོ། །ཡཾ་ལས་རླུང་གི་དཀྱིལ་འཁོར། དབྱིབས་ཟླ་ཁམ། མདོག་ལྗང་ཁུ། ཡུམ་དམ་ཚིག་སྒྲོལ་མ། འབྱུང་བ་རླུང་། ནང་དུ་ན་ཕུང་པོའི་དབུགས་སོ། །བཾ་ལས་ཆུའི་དཀྱིལ་འཁོར་དབྱིབས་ཟླུམ་པོ། མདོག་དཀར་པོ། ཡུམ་མ་མ་ཀི། འབྱུང་བ་ཆུ། ལུས་ལ་སྦྱར་ན་ཁྲག་གོ། །སུཾ་ལས་གསེར་གྱི་ས་གཞིའ། དབྱིབས་གྲུ་བཞི། མདོག་སེར་པོ། ཡུམ་སངས་རྒྱས་སྤྱན། འབྱུང་བ་ས། ཕུང་པོ་ན་ཤའོ། །ཡཾ་ལས་རིན་པོ་ཆེའི་རི་རབ། དབྱིབས་གྲུ་བཞི་མཁར་ཐབས། མདོག་ཡེ་ཤེས་ལྔ་ལྡན། འདི་ཡང་ཡུམ་སངས་རྒྱས་སྤྱན། འབྱུང་བ་ས། ཕུང་པོ་ན་ཤའོ། །གཏིའ་མུག །ཞེ་སྡང་། ང་རྒྱལ། འདོད་ཆགས། འཕྲག་དོག་དུག་ལྔ་དང་ཡང་སྦྱར་རོ། །དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར། དབྱིབས་གྲུ་གསུམ། ཁ་དོག་སྣ་ཚོགས། ཡུམ་གོས་དཀར་མོའི་བ་ག་རྣམ་པར་དག་པ། འབྱུང་བ་ན་མེ། ཕུང་པོའི་དྲོད་དང་སྦྱར་རོ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་། མེ་ལོང་ལྟ་བུའི་དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་གྲུབ་པ་སྟེ་ཡེ་ཤེས་ལྔ་དང་སྦྱར་རོ། །དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ནི། །ཇི་ལྟར་རྟོགས་པ་བྱ་ན། དཀྱིལ་རྡོ་རྗེ་སེམས་དཔའ་ལ། འཁོར་བཞི་བཅུ་ཐམ་པས་སྐོར་བ་ནི། གདུལ་བྱའི་བློ་བསམ་ཡས་ཀྱང་། བློ་ཆེ་བ་ལ་རང་བཞིན་ལྷུན་གྲུབ་དུ་གནས་པ་ནི། རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་རོ། །རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས། །གང་གིས་རྟོགས་པར་བྱ་ན། སྒྲུབ་པ་པོ་རྟེན་གྱི་གང་ཟག་བློ་མཆོག་ཏུ་གྱུར་པ་སྟེ། དེས་ཆོས་ཐམས་ཅད་ཡེ་ནས་ལམ་དང་གཉེན་པོས་མ་བཅོས་པ། སྐུ་དང་ཡེ་ཤེས་སུ་སངས་རྒྱས་པའི་རང་བཞིན་དུ། རྒྱུད་ཀྱི་དོན་རྫོགས་པ་ཆེན་པོའི་དོན་རྟོགས་པར་བྱས་པའོ། །ཡེ་ཤེས་ཕྱོགས་བཞི་དབུས་རྟགས་ཏེ། །གང་རྟོགས་པར་བྱ། མཚོན་བྱེད་ནི་འཁོར་ལོ་རྩིབས་བཞི་དབུས་དང་ལྔའོ། །མཚོན་བྱ་ནི་ཡེ་ཤེས་ལྔ་སྟེ། དབུས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། ཤར་མེ་ལོང་། ལྷོ་མཉམ་པ་ཉིད། ནུབ་སོ་སོ་ཀུན་རྟོག །བྱང་བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་ཡང་ཕྱོགས་མཐུན་པ་དང་། གྲངས་དང་མཐུན་པ་དང་། དོན་མཐུན་པ་དང་། རྟགས་མཐུན་པས་སོ། །ཀུན་འབྱུང་དཀྱིལ་འཁོར་ཆེན་པོ་སྤྱོད། །རྟོགས་པའི་དོན་ཅི་ཞེ་ན། བྷུ་ཏ་བཞི་བཅུ་རྩ་གཉིས་དང་པོ་རང་ལ་ལྷུན་གྱིས་གྲུབ་པའི་ཕྱིར་ན། རིག་པ་ལས་འབུ་ཏ་ཀུན་འབྱུང་། རྒྱ་མཚོ་ལས་གཟའ་སྐར་འཆར་བ་བཞིན་དུ། དུས་གཅིག་ལ་རྫོགས་པར་བསྒོམ་པ་ཡིན་ནོ། ༈ །སྤྱིར་ན་གཞལ་ཡས་ཁང་ལ་གསུམ་སྟེ། ཆོས་ཉིད་རང་བཞིན་གྱི་དཀྱིལ་འཁོར་དང་། དམྱིགས་པ་གཟུགས་བརྙན་དང་། བསམ་པ་ཏིང་ངེ་འཛིན་ནོ། །རང་བཞིན་ལ་གཉིས་ཏེ། རང་བཞིན་གྱི་དཀྱིལ་འཁོར་དང་། རང་བཞིན་འབྲས་བུ་མཐར་ཕྱིན་པའི་དཀྱིལ་འཁོར་རོ། །གཟུགས་བརྙན་ལ་གཉིས་ཏེ། གཟུགས་བརྙན་དང་། ལྷག་པའི་གཟུགས་བརྙན་ནོ། །ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་གཉིས་ཏེ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་རོ། །དེའི་སྟེང་དུ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང་། མཆོད་པ་ཚོགས་ཀྱི་དཀྱིལ་འཁོར་རོ། །དེ་ལས་འདིར་རང་བཞིན་གྱི་དཀྱིལ་འཁོར་རོ། །འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། །གཞལ་ཡས་ཁང་ནི། དབུས་ལྟེ་བ་ཟླུམ་པོ་ཆོས་ཀྱི་དབྱིངས་ཏེ་མཐིང་ཀའོ། །རྩིབས་བཞི་ནི་ཡེ་ཤེས་བཞི་སྟེ། གསེར་གྱི་འཁོར་ལོ་རྩིབས་བཞི་སྟེ། སྤྲོས་པ་མྱེད་པའི་མུ་ཁྱུད་ཟླུམ་པོ་རྡོ་རྗེ་རྩིགས་པའོ། །ཐམས་ཅད་དབང་དུ་བསྡུས་པའི་རྩིབས་འཆན་དམར་པོ། འཕྲིན་ལས་བཞི་དང་ལྡན་པས་ན་གྲུ་ཆད་ལྗང་ཁུའོ། །ལྷག་པའི་ཡེ་ཤེས་བློ་འབུར་ཅན། །ཡེ་ཤེས་རེ་རེ་ལ་ཡང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་རྟགས་སུ། བློ་འབུར་བཞི་སྟེ། ཤར་ན་དུང་གི། ལྷོ་ན་གསེར་གྱི། ནུབ་ན་ཟངས་ཀྱི། བྱང་ན་གཡུའ་ཡི། བློ་འབུར་དུ་སྣང་ངོ་། །དེ་ཡང་ཡེ་ཤེས་གཞན་ལས་ཁྱད་པར་དུ་གྱུར་ཏེ་སྤགས་ནས་ལྷག་པའི་བརྟགས་ཅན་ནོ། །གྲུ་ཆད་བཞིས་བརྒྱན་བར་ཁྱམས་དང་། འཕྲིན་ལས་བཞིའི་གྲུ་ཆད་བཞིས་དབུས་ཀྱི་ཕོ་བྲང་ལ་རྒྱན་པའོ། །དབྱེར་མེད་པའི་དོན་ལ་མཁས་པས་བདེན་བར་ཚུལ་གཅིག་ཏུ་འདུས་ཏེ། དོན་དམ་པ་ཀུན་རྫོབ་དབྱེར་མེད་པས་ན་བར་ཁྱམས་ཕྱོགས་མཐུན་ནོ། །ཀུན་ཏུ་གྲུ་བཞི་སྒོ་ཁྱུད་ལྡན། །གཞལ་ཡས་ཁང་གི་དབྱིབས་བསྟན། རང་རིག་པ་ཉིད་ལ་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པའི་རྟགས་སུ། ཕྱིའི་དབྱིབས་གྲུ་བཞིར་གྱུར་པའོ། །དེ་ཡང་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། རང་བཞིན་གྱིས་འོད་གསལ་བའི་ཕྱིར་ན་སྒོ་བཞི་ཡོད་པ། ཐེག་པ་རིམ་པ་བརྒྱད་ཡོད་པའི་གནས་སུ་གྱུར་པས་རྟ་བབས་བརྒྱད་ཡོད་པ། སྟོང་ཉིད་མི་ཤིགས་པའི་རྟགས་སུ་རྡོ་རྗེའི་ར་བས་སྐོར་བ། གདུག་པ་ཅན་འཇོམས་པའི་རྟགས་སུ། མེ་དཔུང་འབར་བས་འཁྲིགས་པ་ཅན་ནོ། ༈ །རོལ་མོ་སྣ་ཚོགས་སྤྲིན་ཕུང་བཞིན། །སྤྲུལ་པའི་རྒྱན་བསྟན། གཞལ་ཡས་ཁང་དེ་ལ་པན་ཙ་ར་གའི་རྩིག་པ་དང་། རིན་ཆེན་ཕ་གུའི་བར་ན། འདོད་ཡོན་སྣམ་བུ་དམར་པོ་ལ། འདོད་པའི་ཡོན་ཏན་ལྔའི་ལྷ་མོ་སྤྲིན་ཕུང་བཞིན་དུ་འཁྲིགས་པ་སྟེ། སྣང་ལ་རང་བཞིན་མྱེད་པ་གསལ་ལ་མི་སྒྲིབ་པའོ། །དཀྱིལ་འཁོར་བཞི་བཅུ་གཉིས་ཀྱིས་རྒྱན། །བདག་པོའི་རྒྱན་བསྟན། གཞལ་ཡས་ཁང་གི་བདག་པོ་ནི་རྒྱལ་བ་བཞི་བཅུ་རྩ་གཉིས་སོ། །འོ་ན་དཀྱིལ་འཁོར་གྱི་རྒྱན་ནི་ལྷ་འགྲོ་བའི་ཅི་སྟེ་ཞེ་ན། སྤྱིར་རྒྱན་ལ་མང་དུ་ཡོད་ཀྱང་འདིར་རང་བཞིན་ལྷུན་གྱིས་གྲུབ་པའི་དབང་དུ་བྱས་ན། གཞལ་ཡས་ཁང་དང་ལྷ་ལ་སྔ་ཕྱི་མྱེད་ལ། འདིར་སྔ་ཕྱི་བྱུང་བ་ནི་གདུལ་བྱའི་བསམ་པ་ལ་དགོངས་ནས། གདུལ་བྱ་བློ་ཆུང་བས་དུས་སྐད་ཅིག་ལ་མི་ལྕོགས་པར། རིམ་པས་སྨོས་པ་ཡིན་ཏེ། དེ་བས་ན་སྔོན་ལ་གཞལ་ཡས་ཁང་བསྐྱེད་ནས། དེ་ནས་ལྷ་ཕྱི་ལ་བསྐྱེད་པ་ལ་དགོངས་ན་རྒྱན་ཟེར་རོ། །ལྷ་བཞི་བཅུ་རྩ་གཉིས་ཀྱི་ཆ་བྱད་ཅན། སྤྲུལ་པ་བཞི་བཅུ་རྩ་གཉིས་ཀྱི་ཆ་བྱད་ཅན། སྤྲུལ་པ་བཞི་བཅུ་རྩ་གཉིས་ཀྱིས་རྒྱན་ཟེར་རོ། །ཡང་ན་གཞལ་ཡས་ཁང་གི་རྒྱན་དུ་ལྷ་འགྱུར་ཏེ། ཁང་སྟོང་ལ་བདག་པོས་རྒྱན་པ་ལྟ་བུའོ། །སེང་གེ་གདན་བ སྟན་པ་ནི། དབུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་མྱི་འཇིགས་པ་བཞི་ཐོབ་པས་སེང་གེ་གདན་ནོ། །གླང་ཆེན་ཤར་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་མི་འགྱུར་བའི་རྟགས་སུ། སྟོབས་བཅུ་མངའ་བས་གླང་པོའི་གདན་དཀར་པོའོ། །རྟ་དང་ལྷོ་སྦྱིན་པའི་ཕ་རོལ་ཕྱིན་པས་རྫུ་འཕྲུལ་རྐང་པ་བཞི་མཚོན་པའི་རྟགས་སུ་རྟ་མཆོག་གི་གདན་སྔོན་པོ། ཁྱུང་། །ནུབ་ཏུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྟགས་སུ་དབང་བཅུ་མཚོན་པ་མཛེས་པའི་ཁྱུང་རྨ་བྱའི་གདན་སྣ་ཚོགས། ༈ །འདིར་གདན་ལ་གསུམ་སྟེ། རྟགས་ཀྱི་ཆེ་བ་བཅོམ་པའི་གདན་ནི། སེམས་ཅན་བརྒྱད་བརྒྱད་མཇུག་མ་ནང་དུ་སྣོལ་ནས་གདན་འོག་ན་རྣ་བས་ཆོས་ཉན་པ་སྟེ། དེ་ཡང་བྱང་ཆུབ་སེམས་དཔའ་ཤེས་བྱའི་སྒྲིབ་པ་སྦྱོང་བས་ལུས་གདན་དུ་ཕུལ་བའོ། །སའི་ཁྱད་པར་སྒྲོད་པའི་གདན་ནི། བཅུ་གཅིག་ཀུན་ཏུ་འོད་དང་། བཅུ་གཉིས་མ་ཆགས་པད་མ་ཅན་དང་། བཅུ་གསུམ་ཡི་གེ་ཚོགས་ཆེན་གྱི་ས་ནོན་པས། ཉི་ཟླ་པད་མའོ། །ཆོས་ཀྱི་འཁོར་ལོ་བསྐོར་བའི་གདན་ནི། འོག་གཞིའ་ཆོས་ཀྱི་འཁོར་ལོ་རྩིབས་བཞིའམ། རིན་པོ་ཆེའི་ཁྲི་རྐང་ལ་དགོས་འདོད་འབྱུང་བ་དང་། འོག་གཞིའ་འཁོར་ལོ་ལ་ཆོས་ཀྱིས་འགྲོ་བ་འདུལ་བར་བསྟན་པའོ། །དེ་བས་ན་དོན་དང་རྟགས་སུ་ལྡན་པའི་གདན་ལྔ་རྩེགས་སོ། །སེམས་དཔའ་སེམས་མ་ལ་ཉི་ཟླ་པད་མའོ། །ཐུབ་པ་ལ་པད་རྐྱང་ངོ་། །སྒོ་བ་ལ་རྡོ་རྗེ་བྲག་གི་སྟེང་ན་ཉི་མ་རྐྱང་པའོ། །ནམ་མཁའ་ལྡིང་གི་ཁྲི་ཆེན་ལ། །བྱང་དུ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྟགས་སུ་འཕྲིན་ལས་སྣ་ཚོགས་པ་མཚོན་པས། ཤང་ཤང་ནམ་མཁའ་ལྡིང་གི་གདན། ལུས་པོ་སེར་ལ་གཤོག་པ་གཡུར་སྣང་བའོ། །ཉི་ཤེས་རབ་སྟོང་པ་མཚོན་པ་ཉི་མའི་གདན་ནོ། །ཟླ་ཐབས་མ་འགགས་པ་མཚོན་པ་ཟླ་བའི་གདན་ནོ། །པད་མ་སྐྱོན་གྱིས་མ་གོས་པ་མཚོན་པ་གདན་སྣ་ཚོགས་པའི་པད་མའོ། །རིན་པོ་ཆེ། །དགོས་འདོད་སྣ་ཚོགས་འབྱུང་བ་རིན་པོ་ཆེ་འབར་བའི་གདན་ནོ། ༈ །ཨ་ནི་སྐྱེ་མེད་དེ་བཞིན་ཉིད། །རྒྱུའི་ཏིང་ངེ་འཛིན་གྱི་ཨ་དེ་དབུས་ཀྱི་གདན་སྟེངས་སུ་བབས་པ་སྟེ། ཨའི་དོན་ཆོས་ཉིད་སྐྱེ་བ་མྱེད་པ་ཡིན་ལ། རྟགས་ཀུན་ཏུ་བཟང་པོའི་ས་བོན་ནོ། །ངོ་བོ་དེ་བཞིན་ཉིད་ཀུན་གཞིའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །ཀྵ་ནི་ཐུགས་ཀྱི་ཡེ་ཤེས་ཤར། །ཨ་དེ་ལས་ཀྵ་གཡས་སུ་འཕྲོས་པའི་དོན་ནི། ཐུགས་རིག་པའི་ཡེ་ཤེས་ཤར་བའོ། །རྟགས་ཀུན་ཏུ་བཟང་པོའི་ས་བོན་ནོ། །ངོ་བོ་ཡིད་རང་འབྱུང་གི་ཡེ་ཤེས་བདེ་བར་གཤེགས་པའི་ཐུགས་སོ། །དེ་ལས་ཆོ་འཕྲུལ་གསུམ་གྱི་སྐྱེད། །ཨ་དང་ཀྵ་གཉིས་སུ་གསལ་བ་གསུང་ཡིག་འབྲུའི་ཆོ་གའོ། །དེ་འཕྲོ་འདུས་པས་རྡོ་རྗེ་དང་ དྲིལབུ next hit་གཉིས་སུ་གྱུར། པ་ནི་ཐུགས་ཕྱག་མཚན་གྱི་ཆོ་གའོ། །དེ་འཕྲོ་འདུས་པ་ལས་སྐུ་ཕྲ་མོར་གྱུར་པ་ལས་སྐུ་ཕྲ་མོར་གྱུར་པ་ནི་སྐུ་ཡོངས་སུ་རྫོགས་པའི་ཆོ་གའོ། །དེ་འཕྲོ་འདུས་པ་ལས་སྔགས་བརྗོད་པས་ཀུན་བཟང་ཡབ་ཡུམ་དུ་བསྐྱེད་པའོ། །ཀུན་བཟང་མཉམ་བཞག་ཡེ་ཤེས་འཕྲོ། །ཡུམ་འགྱུར་མཉམ་རྫོགས་པད་མོའི་དཀྱིལ། །སྐུ་ཕྲ་མོ་དེ་ལ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏ་ཧཱུྃ་ཞེས་བརྗོད་པས། ཀུན་ཏུ་བཟང་པོ་ཕྱག་གཉིས་ཞབས་གཉིས་དཀྱིལ་ཀྲུང་མཉམ་བཞག་ཏུ་བཞུགས་པ། རྒྱན་ཐམས་ཅད་ཀྱིས་རྒྱན་པའོ། །སྐུ་མཐིང་ཀ་ཕྱག་མཉམ་བཞག་གི་ཕྱག་རྒྱ་ཅན་དགོངས་པ་མཉམ་བཞག་ཏུ་བཞུགས་པའོ། །སོར་མོ་སོ་སོར་གསལ་བ་ནི། ཡེ་ཤེས་འཕྲོ་ཞིང་གསལ་བའི་དོན་ཡིན་ནོ། །ཕྱག་རྒྱ་ཆེན་པོའི་སྐུ་གཉིས་རྫོགས། །ཨ་ཨ་ཨ་བཛྲ་ས་ཏྭ་ས་མ་ཡ་སྟྭཾ། ཞེས་བརྗོད་པས། ཡུམ་ཀུན་ཏུ་བཟང་མོ་ཞལ་གཅིག་ཕྱག་གཉིས་པ། སྐུ་མཐིང་ཀ་ཡབ་ལ་འཁྲིལ་བ་ཞབས་པད་མའི་དཀྱིལ་ཀྲུང་དུ་བཞུགས་པ། ཡབ་དང་སྐུ་མཉམ་པར་རྫོགས་པ། ཉེས་པའི་སྐྱོན་དང་བྲལ་བའི་དོན་ནོ། །བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི། །སྐུ་དང་གསུང་ཐུགས་དང་ཀྱི་རྡོ་རྗེའི་བདག་པོ་ཡིན་པས་ན ། ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེན་པོ་ཡིན་པས་ན། ཀུན་ཏུ་བཟང་པོར་ཡེ་ནས་ཡིན་པའི་ཕྱིར་རོ། །རྣལ་འབྱོར་པ་བདག་ཉིད་དཔལ་ཀུན་ཏུ་བཟང་པོར་བསྐྱེད་པ་དེ་ཡང་། འཕྲལ་ལ་བྱས་པ་ལྟ་བུ་མྱིན་ཏེ། ཡེ་ནས་སངས་རྒྱས་ཀྱི་རང་བཞིན། དཔལ་ཀུན་ཏུ་བཟང་པོ་ཡིན་པའི་ཕྱིར་ན། བདག་གི་སྲས་སུ་དེ་བཞིན་གཤེགས་པ་བྱའོ། ༈ །བདག་སྔོན་གྱི་སངས་རྒྱས་ཡིན་པའི་ཕྱིར་ན་བདག་གི་སྲས་སུ་དེ་བཞིན་གཤེགས་པ་བྱ་བ་ནི་ལྔ་སྟེ། སངས་རྒྱས་གང་དང་སྦྱར་བ་དང་། དོན་གང་དང་མཐུན་པ་དང་། སྒོ་གང་ནས་འཇུག་པ་དང་། དོན་གང་རྟོགས་པ་དང་། ཡེ་ཤེས་གང་ཐོབ་པའོ། །སངས་རྒྱས་ནི་རང་བཞིན་ལྷུན་གྱིས་གྲུབ་པའི་སངས་རྒྱས་དང་སྦྱར། དེ་ཡང་བདག་རང་བཞིན་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཡིན་པས་ན་རང་བཞིན་གྱི་ལྷར་བསྒོམ་པའོ། །དོན་གང་དང་མཐུན་ན། ཡེ་ཡིན་པ་དང་། དོན་དང་མཐུན་པའོ། །ཡེ་ཡིན་པ་ནི། དཔེར་ན་འཇིག་རྟེན་སྲིད་པའི་མེས་པོ་ལྷ་གཤེད་བུ་དང་གཤེད་ལ་ཡིན་པ་ལྟར། སངས་རྒྱས་ཐམས་ཅད་ཀྱི་མེས་པོ་རང་བཞིན་ལྷུན་གྲུབ་ཀྱི་སངས་རྒྱས་ཏེ་དཔལ་ཀུན་ཏུ་བཟང་པོའོ། །སྒོ་གང་ནས་འཇུག་པ་ནི། མ་ཧཱ་ཡོ་ག་ཨ་ཏི་ཡོ་ག་དང་སྦྱར་ནས་འཇུག་པའོ། །དོན་གང་རྟོགས་པ་ནི། རིག་པ་ཡེ་ནས་སངས་རྒྱས་པའི་དོན་དེ་རྟོགས་པའོ། །ཡེ་ཤེས་གང་རྟོགས་པ་ནི། རིག་པ་རང་གསལ་གྱི་ཡེ་ཤེས་ཐོབ་པའོ། །འོ་ན་བདག་དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ་གཉིས་པོ་སྔོན་གྱི་སངས་རྒྱས་ཡིན་ན། འབུ་ཏ་བཞི་བཅུ་པོ་དེ་ལྷ་འཕྲལ་བྱུང་གི་སངས་རྒྱས་ཡིན་ནམ་ཞེ་ན། དེ་བྱས་ན་བློ་བུར་བ་ཡིན་པས་དོན་མི་གྲུབ་པས་མི་འཐད་དོ། །དེ་མ་ཡིན་ན་སྔོན་གྱི་སངས་རྒྱས་ཞེས་ཅི་ལ་གདགས་ཞེ་ན་ཞེས་དྲིས་པ་ན། དེའི་ལན་དུ་དེ་ནི་འདི་ལྟར་ཤེས་པར་བྱ་སྟེ། རང་བཞིན་ལྷུན་གྱིས་གྲུབ་པའི་སངས་རྒྱས། ཡེ་ཇི་བཞིན་པའི་ཀུན་ཏུ་བཟང་པོར་མ་ཤེས་ན། རིག་པ་སངས་རྒྱས་སུ་ཐག་མི་ཆོད་པས་ན། དེ་སྐད་ཅེས་བྱ། རྟོགས་པ་མངོན་གྱུར་གྱི་སངས་རྒྱས། རྒྱུད་དག་པའི་སངས་རྒྱས་མྱེད་ན། རིགས་ནུབ། བདེའ་གཤེགས་རྒྱུན་ཆད་པའི་ཕྱིར་ན། རིགས་མི་ནུབ་ཅིང་ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར། བདག་གི་སྲས་སུ་དེ་བཞིན་གཤེགས་པ་བྱ་བའོ། །དོན་གོ་དྲིལ་ན། འབུ་ཏ་བཞི་བཅུ་རྩ་གཉིས་ལ་སྔར་ཕྱི་མྱེད་ཀྱང་། གདུལ་བྱའི་བློ་དང་མཐུན་པར་བསྟན་པའོ། །དེ་བས་ན་བདག་སངས་རྒྱས་ནས་གཞན་དོན་བྱེད་པས་ན། འབུ་ཏ་ཉིད་ལ་འབུ་ཏ་ཉིད་ཀྱིས་དོན་བསྐུལ་བའོ། ༈ །ཐབས་དང་ཤེས་རབ་དགྱེས་སྤྲིན་ལས། །ཡབ་ཐབས་ཀྱི་རང་བཞིན་ཀུན་ཏུ་བཟང་པོའི་མཁའ་ནི། རྡོ་རྗེ་རྩེ་ལྔ་པ་མཆུའ་སྦུབས་སུ་ཨཱོཾ་གྱིས་མཚན་པའོ། །ཡུམ་ཤེས་རབ་ཀུན་ཏུ་བཟང་མོའི་མཁའ་ནི་པད་མ་འདབ་མ་བརྒྱད་པར་བསྒོམས་པའི་ལྟེ་བ་ལ་ༀ་བསམ། དེ་ལྟར་ཡབ་ཡུམ་གཉིས་སུ་མྱེད་པར་རོལ་པའི་བྱང་ཆུབ་སེམས་སྤྲིན་ལྟ་བུ་ཟག་པ་མྱེད་པའི་ཐིག་ལེ་བདེ་བ་ཆེན་པོ་ལས། བྱང་ཆུབ་སེམས་ཚོགས་རྒྱུ་འཁོར་ལོ། །ཡབ་ཡུམ་རོལ་པའི་བྱང་ཆུབ་སེམས་ཀྱི་ཚོགས་སུ་བྱུང་བ་ནི། ལྷ་བསྐྱེད་པའི་རྒྱུ་འཁོར་ལོ་ལྟར་འབྱུང་ངོ་། །འབྲས་བུ་རྒྱལ་བ་སྨིན་གྲུབ་བྱེད། །དེ་ལྟ་བུའི་ཡི་གེ་རྣམས་ལ། སྐྱེད་པ་རྐྱེན་གྱི་སྔགས་བརྗོད་ན། ཡི་གེའི་འབྲས་བུ་ནི། འབུ་ཏ་རྒྱལ་བ་བཞི་བཅུ་རྩ་གཉིས་སུ་སྨིན་ཅིང་གྲུབ་པར་བྱེད་པའོ། །ངོ་མཚར་མིང་ཚོགས་བཞི་བཅུ་གཉིས། །དེ་ལས་རྒྱུ་ཡི་གེ་འབྲས་བུ་སངས་རྒྱས་སུ་གྲུབ་པ་ནི་ངོ་མཚར་ཏོ། །མིང་ཚོགས་ནི་ཡི་གེའོ། །བཞི་བཅུ་རྩ་གཉིས་ནི་གྲངས་ཀྱི་རྣམ་གྲངས་སོ། ༈ །ཡི་གེ་འདི་རྣམས་ལ་སྤྱི་དོན་གསུམ་སྟེ། ཡི་གེ་འབྱུང་བའི་གནས་དང་། ཡི་གེའི་ངོ་བོ་དང་། ཡི་གེ་ལྷ་དང་ངོ་སྦྱར་བའོ། །ལྷ་དང་ངོ་སྦྱར་བ་ནི་གསུམ་སྟེ། ཕྱི་རྟོག་ཚོགས་བཞི་བཅུ་རྩ་གཉིས་སུ་ངོ་སྤྲད་པ་དང་། ནང་རྩ་གནས་ཀྱི་ཐིག་ལེ་དང་སྦྱར་བ་དང་། གསང་བ་ཡབ་ཡུམ་གྱི་བྱང་སེམས་དང་སྦྱར་བའོ། །དེ་ཡང་གཞི་ཐིག་ལེར་གནས་པ་ལས། བྱང་སེམས་ཡི་གེར་བབས་པ་ལས་ལྷར་བསྐྱེད་པའོ། །ཨ་ཁོང་ནས་འབྱུང་། སྐྱེ་བ་མྱེད་པའི་དོན་ཀུན་གཞིའ་ཆོས་ཀྱི་དབྱིངས། ཡུམ་ཀུན་ཏུ་བཟང་མོའི་རྒྱུའོ། །ཀ་སའི་སྙིང་པོ་ཁ་ཕྱག་རྡོར་ག་སྤྱན་རས་གཟིགས་གྷ་ནམ་མཁའ་སྙིང་པོ་ང་། གཤིན་རྗེ་གཤེད། ལྕེ་རྩེ་ལས་འབྱུང་། ལ་སེ་མ་ཙ་ནིར་ཏི་མ་ཚ་གྷིར་ཏི་མ་ཛ་མ་ལེ་མ་ཛྷ་སྟོབས་པོ་ཆེ་ཉ། ལྕེ་རྩེ་དང་ཁོག་པ་ལས་འབྱུང་། རྣམ་སྣང་ཊ་མྱི་བསྐྱོད་པ་ཋ་རིན་འབྱུང་ཌ་སྣང་མཐའ་ཌྷ་དོན་གྲུབ་ཎ། ལྕེ་རྩེ་ལས་འབྱུང་། སངས་རྒྱས་སྤྱན་ཏ་དབྱིངས་ཕྱུག་མ་ཐ་མ་མ་ཀི་ད་གོས་དཀར་མོ་དྷ་དམ་ཚིག་སྒྲོལ་མ་ན། མཆུའ་ལས་འབྱུང་། བྱམ་པ་པ་སྒྲིབ་སེལ་ཕ་ཀུན་བཟང་བ་འཇམ་དཔལ་བྷ་རྟ་མགྲིན་མ། ཡ་དུ་པེ་སྤོས་མ་ར་སྤུས་པེ་མེ་ཏོག་མ་ལ་ཨ་ལོ་ཀེ་མར་མེ་མ་ཝ། གྷན་དྷེ་དྲི་ཆབ་མ། ཤ་ལྕགས་ཀྱུ་མ་ཥ་ཞགས་པ་མ་ས་ལྕགས་སྒྲོག་མ་ཧ། previous hit དྲིལབུ next hit་མ། ཀྵ་ཡིད་ཀུན་ཏུ་བཟང་པོ། ཨི་ལྷའི་ཐུབ་པ་ཨཱི་ལྷ་མ་ཡིན་གྱི། ཨུ་མིའི་ཨཱུ་བྱོལ་སོང་གི། ཨེ་ཡི་དྭགས་ཨཱེ་དམྱལ་བ། ཨོ་ཨཱ། བདུད་རྩི་འཁྱིལ་པ་ལུས་ཀྱི་རེག་བྱ་གཞིའ་རེག་པར་འདུས་པ་ཡི་གེ་གཉིས་འབྱུང་བའོ། ༈ །ཨ་ཉིད་སྣ་ཚོགས་པར་སྣང་བའི། །ཡི་གེ་ཨ་ནི་སེམས་ཅན་ལ་གནས་པའི་དུས་ཀུན་གཞིའ། དོན་དུ་ན་ཆོས་ཀྱི་ཡེ་ཤེས། ཡི་གེ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས་ན། ཨ་ལས་ཡི་གེ་སྣ་ཚོགས་པ་འབྱུང་བའོ། །གང་འབྱུང་ཞེ་ན། ཀ་ལ་སོགས་པའི་བཞི་བཅུ་གཉིས། །ཀ་ལ་སོགས་པའི་ཡི་གེ་བཞི་བཅུ་རྩ་གཉིས་སུ་འབྱུང་བ་ནི། འབྱུང་བའི་གནས། གཞིའི་ཡི་གེ་ཨ་ལས་འབྱུང་བའོ། །སྒྲའི་མིང་གིས་ཐམས་ཅད་སྡུས། །དེ་ཡང་ཡི་གེ་ལས་སྒྲ་འབྱུང་། སྒྲ་ལས་མིང་འབྱུང་། མིང་ལས་ཚིག་འབྱུང་། ཚིག་ལས་དོན་གསལ་ཞིང་རྟོགས་པས་ཚིག་ལས་དོན་བྱུང་ནས་དེས་ཆོས་ཐམས་ཅད་བསྡུས་པའོ། །མངོན་རྫོགས་རྒྱལ་པོ་དེ་ཉིད་ངེས། །རྒྱུའི་ཡི་གེ་བཞི་བཅུ་རྩ་གཉིས་ཉིད། འབྲས་བུ་རྒྱལ་བ་བཞི་བཅུ་རྩ་གཉིས་སུ་རྫོགས་པར་འབྱུང་ལ། རྒྱལ་བ་དེ་དག་ཡང་ལོངས་སྤྱོད་རྫོགས་པའི་སྐུ་འཁོར་ལོ་སྒྱུར་བའི་རྒྱལ་པོ་ལྟར་འབྱུང་བ་ནི། སྤྲུལ་པའི་སྐུ་ལྟ་བུ་ཡིན་ནོ། །དེ་ལ་རྐྱེན་གྱི་སྔགས་ཀྱིས་བསྐུལ། །ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་མཁའ་གསང་ནས་གདན་སྟེངས་སུ་ཡི་གེ་འཕྲོས་པ་ལས། ཧཱུྃ་བཛྲ་འདྲིག་ལས་སྐྱེད་པའི་རྐྱེན་གྱི་སྔགས་ཀྱིས་སྐུལ་བས། ལྷ་སོ་སོའི་སྐུ་ཡོངས་སུ་རྫོགས་པར་བསྐྱེད་དོ། ༈ །སྒྱུ་འཕྲུལ་དཀྱིལ་འཁོར་བཞི་བཅུ་གཉིས། །ཕྱི་ནང་གསང་བ་དེ་ཁོ་ན་ཉིད་དང་བཞི་ལས། འདི་རྣམས་གསང་བ་སྒྱུ་འཕྲུལ་དྲ་བ་ཡིན་ནོ། །དྲ་བའི་དཀྱིལ་འཁོར་མངོན་རྫོགས་གསལ། །འདི་རྣམས་ནི་རྣལ་འབྱོར་སྒྱུ་འཕྲུལ་དྲ་བ་སྟེ། ཆོས་ཉིད་ཀྱི་གཟུགས་བརྙན་ཡུམ་གྱི་སྐུར་འབྱུང་བ་དང་། ཡེ་ཤེས་ཀྱི་གཟུགས་བརྙན་ཡབ་ཀྱི་སྐུར་འབྱུང་བ་གཉིས། ཡེ་ནས་དབྱིངས་དང་ཡེ་ཤེས་གཉིས་སུ་མྱེད་པར་འབྲེལ་བའི་ཕྱིར། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ན་རིག་པ་མངོན་སུམ་དུ་གསལ་བའོ། །འདུས་མ་བྱས་ཉིད་འདུས་བྱས་སྣང་། །དོན་དམ་པར་ཆོས་ཉིད་འདུས་མ་བྱས་པའི་ངང་ལས་མ་གཡོས་ཀྱང་། ཀུན་རྫོབ་ཙམ་དུ་ལྷའི་སྐུ་འདུས་བྱས་ལྟར་སྣང་བའོ། །རྡོ་རྗེའི་དཀྱིལ་འཁོར་འབྱིན་པའི་དམ། །དེ་ཁོ་ན་ཀུན་རྫོབ་དོན་དམ་པར་སྣང་ཡང་། དོན་གྱི་ངོ་བོ་ལ་བདེན་པ་དབྱེར་མྱེད་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་རོ། །དབང་མྱེད་རྒྱུ་རྐྱེན་འཚོགས་པའི་མཐུའ་ཆེན་ཡིན། །དེ་ཡང་དཔེར་ན། རྒྱུ་ས་བོན་ལ་རྐྱེན་ཆུ་ལུད་འཛོམ་ན་འབྲས་བུ་རང་དབང་མྱེད་པར་འབྱུང་བ་ལྟར། རྒྱུ་ཟག་མྱེད་ཀྱི་བྱང་ཆུབ་སེམས་ཡི་གེར་སྣང་བ་དང་། རྐྱེན་བསྐྱེད་པའི་སྔགས་ཀྱིས་ནུས་པ་འཚོགས་ན། འབྲས་བུ་ལྷའི་སྐུ་རང་དབང་མྱེད་པར་འབྱུང་སྟེ། གསང་སྔགས་གསང་བའི་ནུས་མཐུའ་ཡིན་ནོ། །དེ་ཡན་ཅད་ཀྱིས་བདག་སྔོན་གྱི་སངས་རྒྱས་ཡིན་པའི་ཕྱིར། བདག་གི་སྲས་སུ་དེ་བཞིན་གཤེགས་པ་བྱ་བའོ། ༈ །རིགས་མི་ནུབ་ཅིང་ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པའི་སྲས་སུ་བདག་བྱ་བ་ལ་ལྔ་སྟེ། སངས་རྒྱས་གང་དང་སྦྱར་བ་དང་། དོན་གང་དང་མཐུན་པ་དང་། སྒོ་གང་ནས་འཇུག་པ་དང་། དོན་གང་ཐོབ་ཅིང་རྟོགས་པ་དང་། ཡེ་ཤེས་གང་རྟོགས་པའོ། །སངས་རྒྱས་གང་དང་སྦྱར་ན། རྟོགས་པ་མངོན་གྱུར་གྱི་སངས་རྒྱས་དང་སྦྱར། དེ་ཡང་རྟོགས་པ་མངོན་དུ་གྱུར་པའི་དཀྱིལ་འཁོར་བསྐྱེད་པའོ། །དོན་གང་དང་མཐུན་ན། ཕ་མས་བུ་ཚ་བསྐྱེད་པ་དང་འདྲའོ། །སྒོ་གང་ནས་འཇུག་ན། མ་ཧཱ་ཡོ་གའི་ཨ་ནུ་ཡོ་ག་ནས་འཇུག་གོ། །དོན་གང་རྟོགས་ན། རང་འབྱུང་གིི་ཡེ་ཤེས་ཆེན་པོ་རྟོགས་པའོ། །རང་རིག་པ་ལ་རང་གིས་རྟོགས་པ་མངོན་དུ་གྱུར། རྒྱུད་དག་པའི་ཀུན་ཏུ་བཟང་པོར་བྱས། རིག་པ་དང་རྟོགས་པ་དབྱེར་མྱེད། དེ་ཅི་ལས་བྱུང་ན། རང་རིག་པ་སངས་རྒྱས་ཡིན་པ་ལ། ཡིན་པར་ཤེས་ནས། དེའི་སྲས་སུ་བདག་བྱས་པ་ལས་འབྱུང་ངོ་། ༈ །དེ་ནས་བཅོམ་ལྡན་དགྱེས་ཆེན་རིགས། །དཀྱིལ་འཁོར་དང་པོ་བསྐྱེད་པ་དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་རིགས་ཀྱི་བདག་པོ་ཡབ་ཡུམ་གཉིས་སུ་མྱེད་པ་ལས་སོ། །ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར། །ལྷུན་གྱིས་གྲུབ་པར་ཡོད་ཀྱང་། རང་བཞིན་ལྷུན་གྲུབ་དེ་རྟོགས་པ་མངོན་དུ་གྱུར་པར་བྱ་བའི་ཕྱིར་ན། རང་སྣང་དབྱེར་མྱེད་དཀྱིལ་འཁོར་ལ། །རང་བཞིན་ལྷུན་གྲུབ་དང་། རང་སྣང་རིག་པའི་དཀྱིལ་འཁོར་གཉིས་དབྱེར་མྱེད་པའི་དཀྱིལ་འཁོར་དུ་བྱ་བའི་ཕྱིར་ན། རྟོགས་པས་ལྷུན་གྲུབ་ཏུ་བྱ་བའི་ཕྱིར། དེ་བཞིན་གཤེགས་པའི་སྲས་སུ་བདག་བྱ་བའོ། །འཇུག་པའི་མཚན་ཉིད་མཉམ་སྦྱོར་བས། །གཞི་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དེ། རྐྱེན་འཇུག་པའི་ལམ་གྱི་མཚན་ཉིད་ཀྱིས་ཉམས་སུ་བླངས་ལ། གཞིའ་དེ་རང་གི་བློ་ལ་མཉམ་པར་སྦྱར་རོ། །རང་གི་ངང་ཚུལ་དེ་བཟུང་ནས། །བསྐུལ་ཚིག་འདི་ཡང་རབ་ཏུ་བརྗོད། །དབུས་ཀྱི་གཙོའ་བོའི་ཐུགས་ཀ་ནས་རང་གི་རྣམ་པར་སྨིན་པའི་ལུས་འདི་འདྲ་བའི་ཚངས་པ་ཕྲུ་གུའི་ཆ་བྱད་ཅན་གཅིག་བྱུང་ནས་སོ། །དེ་བྱུང་ནས་བར་ཁྱམས་ནས་དཀྱིལ་འཁོར་གྱི་ལྷ་ལ་སྐོར་བ་བྱས་ནས། ནུབ་སྒོར་འདུག་སྟེ་རྐྱང་ཕྱག་ལན་གསུམ་འཚལ་ནས། སྤུས་མོ་བཙུགས་ཏེ་དཀྱིལ་འཁོར་གྱི་ལྷ་ལ་གསོལ་བ་ལན་གསུམ་འདེབས་པ་འདི་སྐད་དོ། ༈ །ཨཱོཾ་ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་འཕྲིན་ལས་རྨད་པོ་ཆེ། །རང་འབྱུང་ཡེ་ཤེས་ཀྱི་ངོ་བོ་དཔལ་ཀུན་ཏུ་བཟང་པོ་ནི། ཐམས་ཅད་དུ་དབང་བསྐུར་བའི་ཕྱིར་ན་རྒྱལ་པོའོ། །སྐུའི་རིགས་རྣམ་པར་སྣང་མཛད་དང་། གསུང་གི་རིགས་སྣང་བ་མཐའ་ཡས། ཐུགས་ཀྱི་རིགས་མི་བསྐྱོད་པ། ཡོན་ཏན་གྱི་རིགས་རིན་འབྱུང་། འཕྲིན་ལས་ཀྱི་རིགས་དོན་ཡོད་གྲུབ་པའོ། །དེ་ཡང་རྒྱལ་བ་ལྔ་སོ་སོར་བྱུང་བ་ནི་མ་ཡིན་ཏེ། རྒྱལ་བ་གཅིག་ལས་ཡོན་ཏན་སྐུ་གསུང་ཐུགས་འཕྲིན་ལས་རེ་རེ་དང་ལྡན་པས་ན་རྨད་པོ་ཆེ་ཞེས་བྱའོ། །ད་ལྟ་ཉིད་དུ་མཉམ་སྦྱོར་བས། །དེ་ལྟ་བུ་དེ་བདག་ལ་དུས་ད་ལྟ་ཉིད་དུ་ཁྱེད་དང་དབྱེར་མྱེད་པར་སྦྱོར་བས་ན། དུས་ཕྱི་མ་ལ་མི་ལྟོས་པའི་དུས་ད་ལྟ་ཉིད་དུ་སྦྱོར་བའོ། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཁྱེད་ཀྱིས་ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཅེས་པ་སྟེ། ཇི་ལྟར་བདག་རང་བཞིན་ལྷུན་གྲུབ་ཀྱི་སངས་རྒྱས་དང་། ཁྱེད་རྟོགས་པ་མངོན་འགྱུར་གྱི་སངས་རྒྱས་གཉིས་དབྱེར་མྱེད་པར་གྱུར་ལ། བདག་ཉིད་ཀྱང་རྟོགས་པ་མངོན་གྱུར་གྱི་སངས་རྒྱས་སུ་སྦྱོར་ཅིག་པའོ། །དེ་ལྟར་གསོལ་བ་བཏབ་པས། དཀྱིལ་འཁོར་གྱི་ལྷ་ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མྱེད་པའི་སྦྱོར་བ་མཛད་པས། སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་རྣོ་ལ་མྱུར་བ་གྲངས་མྱེད་པ་བྱུང་བས། བདག་གི་ལུས་ཀྱི་སྡིག་པ་ཐམས་ཅད་བྱ་སྒྲོ་ལ་མེས་སྲེགས་པ་བཞིན་དུ་སྦྱངས་ནས། སེམས་གསེར་ཞུན་མ་བཞིན་དུ་གནས་པའོ། །དེ་ལ་ལྷ་རྣམས་ཀྱིས་གཟིགས་ཏེ། སེམས་རྟེན་གྱི་གནས་སུ་ཡི་གེ་ཨཱོཾ་ཨཱ ཿཧཱུྃ་གསུམ་འཕྲོས་པས། འོད་ཀྱི་རང་བཞིན་ལྷའི་སེམས་དེ་ཡི་གེ་གསུམ་དུ་གྱུར་ཏོ། །ཡི་གེ་ཡང་འཕྲོ་འདུས་པས་ཧཱུྃ་དུ་ཐིམ། དེས་བར་ཁྱམས་ནས་སྐོར་བ་ལན་གསུམ་བྱས་ནས། གཙོའ་བོའི་ཐུགས་ཁར་ཐིམ། སྐུའི་དབྱིབས་སུ་གྱུར། རྡོ་རྗེ་ལམ་དུ་བྱུང་ནས། ཡུམ་གྱི་མཁའ་ལ་བབས་པའོ། །ཐབས་དང་ཤེས་ཡུམ་རབ་གཉིས་མྱེད་སྦྱར་པའི། །ཡེ་ཤེས་ལྷའི་འོད་ཟེར་གྱིས་བདག་གི་ལུས་ཀྱི་རྟོག་པ་སྦྱངས། །གསེར་དཔེའ་ཞུན་ལྟ་བུའི་བདག་གི་སེམས་དག་ལས། །གསུམ་ཨཱོཾ་ཨཱཿཧཱུྃ་གྱི་བྱིན་བརླབས་འོད་ཀྱི་འབྲུ། །ཐུགས་ཀར་ཐིམ་ནས་སྐུའི་དབྱིག །རྡོ་རྗེའི་ལམ་བྱུང་ཡུམ་གྱི་མཁའ། །ཡུམ་གྱི་མཁའ་ལ་བབ་པ་དང་། ཧཱུྃ་གི་འོད་ཀྱིས་ཡུམ་ཡང་འོད་དུ་ཞུ། ཆོས་སྐུ་བྱང་ཆུབ་སེམས་སུ་གནས། །སྣང་ལ་རང་བཞིན་མྱེད་པའི་སྐུ། གསལ་ལ་རྟོག་པ་མྱེད་པའི་ཐུགས་སུ་གནས་སོ། །ལྷ་རྣམས་སོ་སོའི་སྙིང་པོའི་སྒྲ། །དཀྱིལ་འཁོར་གྱི་ལྷ་གཞན་རྣམས་ཀྱང་རང་རང་གི་ཡི་གེའི་སྒྲ་ཙམ་བྱུང་བས། བཞི་བཞི་རྩ་གཉིས་སྒྲ་བྱུང་བས། །སྔགས་ཀྱི་སྒྲས་བསྐུལ་ནས་གནས་པ་དེ། བྱང་ཆུབ་སེམས་སུ་གཅིག་པར་ཐིམ། །དབུས་ཀྱི་གཙོའ་བོའི་འོད་ཕུང་ལ་གཅིག་པར་ཐིམ་མོ། ༈ །དེ་ནས་སྙིང་པོ་དྲན་ཙམ་གྱིས། །ལྷ་ཐམས་ཅད་འོད་དུ་ཞུ་ནས་འོད་ཀྱི་གོང་བུ་ཅིག་ཏུ་གནས་པ་དེ་ལ། ཨ་དང་ཀྴ་དང་གཉིས་ཀྱི་སྙིང་པོ་དྲན་ཙམ་གྱིས། ཨ་ཀྴ་གསུང་གི་ཕྱག་རྒྱ་གཉིས། །འོད་ཀྱི་གོང་བུ་དེ་གསུང་གི་ཡི་གེ་ཨ་ཀྴ་གཉིས་སུ་གྱུར་ཏེ། དེ་ལས་སྐུ་བསྐྱེད་པའི་རང་བཞིན་ལས་མི་འདའ་བས་ན་ཕྱག་རྒྱ་གཉིས་ཞེས་བྱའོ། །ཆོ་ག་གསུམ་གྱི་སྦྱོར་བ་ཡིས། །འོད་ཀྱི་གོང་བུ་ལས་ཨ་དང་ཀྴ་གཉིས་སུ་གྱུར་པ་ནི། གསུང་ཡིག་འབྲུའི་ཆོ་གའོ། །དེས་འཕྲོ་འདུས་པ་ལས་རྡོ་རྗེ་དང་དྲིལ་བུར་གྱུར་པ་ནི་ཐུགས་ཕྱག་མཚན་གྱི་ཆོ་གའོ། །དེ་འཕྲོ་འདུས་པ་ལས་སྐུ་ཕྲ་མོར་གྱུར་པའོ། །ཕྱག་རྒྱ་ཆེན་པོའི་སྐུ་གཉིས་རྫོགས། །སྐུ་ཕྲ་མོ་འཕྲོ་འདུས་པ་ལས་སྔགས་བརྗོད་པས་དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ་དུ་གྱུར་པར་བསྒོམ་པ་ནི། སྐུ་མདོག་མཐིང་ཀ་ཞལ་གཅིག་ཕྱག་ག ཉིས་པ། ཞབས་རྡོ་རྗེའི་དཀྱིལ་ཀྲུང་། ཕྱག་མཉམ་བཞག་ཏུ་གནས་པའོ། །རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བསྒོམ་མོ། ༈ །འབྲུ་གསུམ་འབྲུ་ལྔའི་བྱིན་བརླབས་དབང་། །ཡབ་ཀྱི་གསང་བ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་ཆུ་སྦུགས་སུ་ཡི་གེ་ༀ་གྱིས་མཚན་མར་བསྐྱེད་དོ། ༈ །ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་ཨཱོཾ། ཡང་ན་རྩ་བར་ཨཱོཾ་སྐེད་པར་ཧཱུྃ་རྩེ་མོར་ཕཊ་བསམ་པར་བྱའོ། །པྃ་ལས་པད་མ་འདབ་བརྒྱད་ཨྃ། །ཡུམ་གྱི་མཁའ་པྃ་ལས་པད་མ་འདབ་བརྒྱད་དུ་གྱུར་པའི་དབུས་སུ་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ༀ་བསམ་པར་བྱའོ། །ཀུན་ཏུ་བཟང་པོའི་དབུའི་གནས་ལྔར། རིན་པོ་ཆེའི་ཁང་བུ་ལྔའི་ནང་དུ་ཡི་གེ་ལྔ་བཀོད་པས། འོག་མིན་ནས་རིགས་ལྔ་སྤྱན་དྲངས་ཏེ། མདུན་གྱི་ནམ་ཀ་ལ་བཞུགས་པ་དེའི་ཐབས་དང་ཤེས་རབ་གཉིས་སུ་མྱེད་པ་དེའི་བྱང་ཆུབ་སེམས་དབུའི་ཡི་གེ་ལྔ་ལ་ཐིམ་པ་དང་དོན་ཡེ་ཤེས་ལྔར་དབང་སྐུར་ཏེ། མ་ཧཱ་ཤུ་ཉ་ཏ་ལ་སོགས་ཏེའི་སྔགས་ཀྱིས་ང་རྒྱལ་བྱའོ། །དེ་ནས་ནམ་མཁའི་རིགས་ལྔ་དབུའི་ཁང་བུ་ལྔའི་ནང་དུ་སྤྱན་དྲངས་ལ་དབུའ་རྒྱན་དུ་བཞུགས་སུ་གསོལ་ལོ། །བྱིན་གྱིས་བརླབ་པ་ནི། ལྷ་རྣམས་ཀྱི་སྤྱི་བོ་དང་མགྲིན་པ་དང་སྙིང་ཀར། ཉི་མ་དང་ཟླ་བ་དང་། པད་མའི་གདན་བསམས་ལ། དེའི་སྟེང་དུ་སྤྱི་བོར་ༀ་མགྲིན་པར་ཨྃ་ཐུགས་ཁར་ཧཱུྃ་བསམ། དེ་ལས་འོད་འཕྲོ་འདུས་པ་ལས། རྣམ་སྣང་དང་། སྣང་མཐའ་དང་། རྡོ་རྗེ་སེམས་དཔར་བསྐྱེད་ལ། སྔགས་ཀྱིས་ང་རྒྱལ་བྱའོ། །བརྗེས་སུ་ཆགས་པས་དེ་བཞིན་བསྐུལ། །ཡུམ་གྱིས་ཡབ་ལ་སྐུལ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྗེས་སུ་ཆགས་པའི་བདག་ཉིད་མའམ། ཡུལ་ང་ཡི་ཡིན་ཞེས་བ བསྐུལ་ལོ། །ཡབ་ཀྱིས་ཡུམ་ལ་ལན་བྱིན་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་ཆེན་པོའི་རྡོ་རྗེའི་རང་བཞིན་ངའམ་བདག་ཉིད་ཡིན་ཞེས་ལན་དུ་བསྐུལ་བའོ། །ཨཱོཾ་སརྦ་ཐམས་ཅད་ཏ་དེ་བཞིན་གཤེགས་པ་ཐཱ་ག་ཏ་མ་ཆེན་པོ་ཧཱ་ཨ་ནུ་རྗེས་སུ་ཆགས་པ་ར་ག་བཛྲ་རྡོ་རྗེ་སྭ་བྷ་བ་ངོ་བོ་ཉིད་ཨད་བདག་ཉིད་མ་ཀོ་ངའོ་ཧཾ། ཨཱོཾ་སརྦ་ཐམས་ཅད་ཏ་དེ་བཞིན་གཤེགས་པ་ཐཱ་ག་ཏ་མ་ཧཱ་ཆེན་པོ་པུ་ཙ་མཆོད་པ་བཛྲ་རྡོ་རྗེ་སྭ་བྷ་ངོ་བ ོ་ཉིད་བ་ཨད་བདག་ཉིད་མ་ཀོ་ཧཾ་ངའོ། །ཡུམ་གྱི་པད་མོའི་དཀྱིལ་འཁོར་དུ། །ཡུམ་ཀུན་ཏུ་བཟང་མོའི་མཁའ་པད་མ་འདབ་བརྒྱད་པའི་དལ་དུ་བ་ག་བདེ་སྟོང་གི་ཉམས་དང་ལྡན་པ་དེ། བདེའ་བ་ཐུགས་ཀྱི་དཀྱིལ་འཁོར་སྤྲོ། །ཡབ་ཀུན་ཏུ་བཟང་པོའི་ལྷག་པ་བྱང་ཆུབ་ཀྱི་སེམས་ཐུགས་ཡང་དག་པའི་བདེའ་བ་དེ ། ཡབ་ཀྱིས་ཡུམ་ལ་དཀྱིལ་འཁོར་གྱི་ལྷའི་རྒྱུར་སྤྲོ་བའོ། །གཞལ་ཡས་ཐིག་གདབ་སྙིང་པོ་བཀོད། །ཡུམ་གྱི་མཁར་བྱང་ཆུབ་སེམས་དང་པོ་སྤྲོས་པས་དལ་དུ་གྱུར། གཉིས་པ་སྤྲོས་པས་ཐིག་གདབ། གསུམ་པས་དལ་ཡོངས་སུ་རྫོགས། བཞི་པས་གདན་གསལ། ལྔ་པས་གསུང་ཡིག་འབྲུ། བཞི་བཅུ་རྩ་གཉིས་སུ་གསལ་ལོ། །དེ་ལས་སྤྲོ་དང་བསྡུ་བ་ཡིས། །དེ་ནས་འཕྲོས་པས་སྙིང་པོ་ཀ་ཁ་བཞི་བཅུ་རྩ་གཉིས་སུ་གྱུར་པའོ། །ཐུགས་ཀྱི་ཕྱག་རྒྱ་བཞི་བཅུ་གཉིས། །དེ་ཕར་འཕྲོས་ཚུར་འདུས་པ་ལས། ཐུགས་མཚན་བཞི་བཅུ་རྩ་གཉིས་སུ་གྱུར་པའོ། །དེ་ལས་ཕྲ་མོའི་སྐུ་འཕྲོ་འདུས། །དེ་ལས་ཡང་ཕར་འཕྲོས་ཚུར་འདུས་པ་ལས་སྐུ་ཕྲ་མོ་བཞི་བཅུ་རྩ་གཉིས་སུ་གྱུར་པའོ། །སོ་སོའི་སྔགས་ཀྱིས་སྐྱེད་ཅིང་གདོན། །དེ་ནས་ཡུམ་གྱི་མཁའི་ནང་ན་གནས་པའི་སྐུ་ཕྲ་མོ་དེ་རང་རང་གི་སྔགས་བརྗོད་པས་ཕྱི་ལ་གདོན་པར་བྱའོ། །དབུས་སུ་ཧཱུྃ་བཛྲ་འདྲིག །གཙོའ་བོ་ཡབ་ཡུམ་གྱི་སྔགས་བསྟན། ཞེས་བརྗོད་པས་དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ། ཞལ་གསུམ་ཕྱག་དྲུག་པ། གཡས་དཀར་གཡོན་དམར་དབུས་མཐིང་ཀའི་ཞལ། རྡོ་རྗེ་འཁོར་ལོ་རིན་ཆེན་གཡས། previous hit དྲིལབུ next hit་པད་མ་རལ་གྲི་གཡོན་ན་སྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་རྫོགས་པའི་སྐྱིལ་དཀྲུང་དུ་བཞུགས་པའོ། །ཤར་དུ་ཨཱོཾ་ཛི་ན་འཛིག །ཅེས་པས་ཤར་དུ་རྣམ་པར་སྣང་མཛད། ཞལ་གསུམ་ཕྱག་དྲུག་གཡས་དམར་གཡོན་སྔོ་དབུས་དཀར་ཞལ། འཁོར་ལོ་རིན་ཆེན་རྡོ་རྗེ་གཡས། previous hit དྲིལབུ next hit་པད་མ་རལ་གྲི་གཡོན། ཞབས་རྫོགས་པའི་སྐྱིལ་དཀྲུང་དུ་བཞུགས་སོ། །ལྷོར་སྭཱ་རད་ན་འདྲིག །ཅེས་པས་ལྷོར་རིན་ཆེན་འབྱུང་ལྡན་ཞལ་གསུམ་ཕྱག་དྲུག་པ། གཡས་སྔོ་གཡོན་དམར་དབུས་སེར་ཞལ། རིན་ཆེན་འཁོར་ལོ་རྡོ་རྗེ་གཡས། previous hit དྲིལབུ next hit་པད་མ་རལ་གྲི་གཡོན་ན་སྣམས་སོ། །ནུབ་ཏུ་ཨཱོཾ་ཨ་རོ་ལིག་ཅེས་པས་ནུབ་ཏུ་སྣང་བ་མཐའ་ཡས་ཞལ་གསུམ་ཕྱག་དྲུག་པ། གཡས་སྔོ་གཡོན་དཀར་དབུས་དམར་ཞལ། པད་མ་འཁོར་ལོ་རྡོ་རྗེ་གཡས། previous hit དྲིལབུ next hit་རིན་ཆེན་རལ་གྲི་གཡོན་ན་སྣམས་པའོ། །བྱང་དུ་ཧ་པྲད་ཉ་འདྲིག །ཅེས་པས་བྱང་དུ་དོན་ཡོད་གྲུབ་པ་ཞལ་གསུམ་ཕྱག་དྲུག་པ། གཡོས་དཀར་གཡོན་དམར་དབུས་ལྗང་ཞལ། རལ་གྲི་འཁོར་ལོ་རྡོ་རྗེ་གཡས་previous hit དྲིལབུ next hit་པད་མ་རིན་ཆེན། དབུས་མུཾ་དྷ་དུ་ཤྭ་རི། དབྱིངས་ཕྱུག་མ་མཐིང་ཀ་གཡས་ཡབ་ལ་འཁྱུད་པ། གཡོན་previous hit དྲིལབུ next hit་སྣམས་པའོ། །ལཾ་ཏེ་ཤ་ར་ཏི། ཤར། སངས་རྒྱས་སྤྱན་དཀར་མོ་གཡས་ཡབ་ལ་འཁྱུད་པ་གཡོན་previous hit དྲིལབུ next hit་སྣམས་པའོ། །མཾ་མོ་ཧ་ར་ཏི། ལྷོ། མ་མ་ཀི་སེར་མོ་གཡས་པ་ཡབ་ལ་འཁྱུད་པ་གཡོན་པ་previous hit དྲིལབུ next hit་སྣམས་པའོ། །པྱཾ་ར་ག་ར་ཏི། ནུབ། གོས་དཀར་མོ་དམར་མོ་གཡས་པ་ཡབ་ལ་འཁྱུད་པ། གཡོན་པ་previous hit དྲིལབུ next hit་སྣམས་པའོ། །ཏཾ་བཛྲ་ར་ཏི། བྱང་། དམ་ཚིག་སྒྲོལ་མ་ལྗང་ཁུ་གཡས་པ་ཡབ་ཡ་འཁྱུད་པ། གཡོན་previous hit དྲིལབུ next hit་སྣམས་པའོ། ༈ །ནང་གི་སེམས་དཔའ། ཀྵི་ཧི་ར་ཙ་ཡ། ཤར་ལྷོའི་རྩིབས་འཆན་ལ། སའི་སྙིང་པོ་གཡས་རིན་ཆེན་མྱུ་གུ། གཡོན་previous hit དྲིལབུ next hit་སྣམས་པའོ། །ཏྲཾ་ཨ་ཀ་ར་རྦ་ཡ། ལྷོ་ནུབ་ཀྱི་རྩིབས་འཆན་ལ། ནམ་མཁའི་སྙིང་པོ་སེར་པོ་གཡས་རལ་གྲི་གཡོན་previous hit དྲིལབུ next hit་སྣམས་པའོ། །ཧྲི་པད་མ་བན་དྷ་ཡ། ནུབ་བྱང་གི་རྩིབས་འཆན་ལ། སྤྱན་རས་གཟིགས་དམར་པོ་གཡས་པད་མ་དཀར་པོ་གཡོན་དྲིལ་བུའོ། །ཛིམ་ཀུ་རུ་པ་ན་ཧྲི། བྱང་ཤར་གྱི་རྩིབས་འཆན་ལ། ཕྱག་ན་རྡོ་རྗེ་ལྗང་ཁུ་གཡས་རྡོ་རྗེ་གཡོན་previous hit དྲིལབུ next hit་སྣམས་པའོ། །ཧཱུྃ་ལ་སེ་ས་མ་ཡ་སྟཾ། ལ་སེ་སྒེག་མོ་དཀར་མོ་གཡས་མེ་ལོང་ཐོགས་པ། གཡོན་འགིང་བག་གི་ཚུལ་ཅན་སེམས་པ་ས་སྙིང་གི་ཡུམ་འཁྲིལ་སྦྱོར་དུ་གནས་སོ། །ཏྲཾ་མ་ལེ་ས་མ་ཡ་ཧོ། མ་ལེ་མ་སེར་མོ་འཕྲེང་བ་སྤྱི་བོར་འདྲེན་པ་ནམ་མཁའ་སྙིང་པོ་དང་འཁྲིལ་སྦྱོར་དུ་གནས་སོ། །ཧྲི་གྷིར་ཏི་ར་གོ་ཡ་ཧཾ། དབྱངས་མ་དམར་མོ་པི་ཝང་སྦྲེང་བ་སྤྱན་རས་གཟིགས་ཀྱི་ཡུམ་མོ། །ཨ་ནི་ར་ཏི་ར་གོ་ཡ་མི། གར་མ་ལྗང་ཁུ་ཕྱག་རྒྱ་གར་སྒྱུར་མ་ཕྱག་ན་རྡོ་རྗེ་ཡུམ་མོ། ༈ །ཕྱིའི་སེམས་དཔའ་ཡབ་ཡུམ་བསྟན། མེ་དྷ་ར་ནི་སྭཱ་ཧཱ། བྱམས་པ་དཀར་པོ་ཀླུ་ཤིང་གཡས། གཡོན་དྲིལ་བུ། ཤར་ལྷོའི་གྲུ་ཆད་ལའོ། །ཐླྷིཾ་སྭ་ར་བ་ཡ་སྭཱ་ཧཱ། ལྷོ་ནུབ་ཏུ་སྒྲིབ་སེལ་སེར་པོ་ཆོས་ཀྱི་འཁོར་ལོ་དང་previous hit དྲིལབུ next hit་སྣམས་པའོ། །ཧཱུྃ་སྭ་ར་རྩ་ཡ་སྭཱ་ཧཱ། ནུབ་བྱང་གི་གྲུ་ཆད་ལ་ཀུན་བཟང་དམར་པོ་གཡས་རིན་ཆེན་སྙེ་མ་གཡོན་དྲིལ་བུའོ། །མུཾ་ཤྲི་ཨ་རཾ་ག་སྭཱ་ཧཱ། བྱང་ཤར་གྲུ་ཆད་ལ་འཇམ་དཔལ་ལྗང་ཁུ་གཡས་ཨུད་དཔལ། གཡོན་དྲིལ་བུའོ། ༈ །ཛ་དུ་པ་པྲ་བེ་ཤ །དུ་པེ་མ་དཀར་མོ་སྤོས་ཕོར་ཐོགས་པ་བྱམས་པའི་ཡུམ་ཡིན་ནོ། །ཧཱུྃ་པུས་པ་ཨ་བེ་ཤ །པུཥྤེ་མ་སེར་མོ་མེ་ཏོག་ཐོགས་པ་སྒྲིབ་སེལ་གྱི་ཡུམ་མོ། །བཾ་དི་པ་སུ་ཀི་ནི། ཨ་ལོ་ཀེ་དམར་མོ་མར་མེ་ཐོགས་པ་སྒྲིབ་སེལ་གྱི་ཡུམ་མོ། །ཧོ་གྷན་དྷེ་ཙི་ཏ་ཧོ། །གྷན་དྷེ་མ་ལྗང་ཁུ་དྲི་ཆབ་ཐོགས་པ་འཇམ་དཔལ་གྱི་ཡུམ་མོ། ༈ །སྒོ་བ་ཡབ་ཡུམ་གྱི་སྔགས། ཧཱུྃ་ཡ་མན་ཏ་ཀྲིད་ཕཊ། ཤར་སྒོར་གཤིན་རྗེ་གཤེད་ཞལ་གསུམ་ཕྱག་དྲུག་པ། གཡས་ལྗང་གཡོན་སྔོན་དབུས་དཀར་ཞལ། དང་པོ་གཉིས་མི་འགོ་མནན་པ། གཡས་གཏུན་ཤིང་རྡོ་རྗེ། གཡོན་དབྱུག་ཐོ་དགྲའ་སྟྭའོ། །ཧཱུྃ་བིག་ནན་ཏ་ཀྲིད་ཕཊ། ལྷོར་སྟོབས་པོ་ཆེ་ཞལ་གསུམ་ཕྱག་དྲུག་པ་གཡས་དཀར་གཡོན་དམར་དབུས་སྔོ་ཞལ། གཡས་གཡོན་དང་པོ་གཉིས་རྡོ་རྗེ་གནོན་པ། གཡས་རིན་ཆེན་རྡོ་རྗེ། གཡོན་ལྕགས་ཀྱུ་རལ་གྲིའོ། །ཧཱུྃ་པད་མ་ཏ་ཀྲིད་ཕཊ། ནུབ་ཏུ་རྟ་མགྲིན་ཞལ་གསུམ་ཕྱག་དྲུག་པ། གཡས་སྔོ་གཡོན་དཀར་དབུས་དམར་ཞལ། གཡས་གཡོན་དང་པོ་གཉིས་ཐོད་པ་སྦྲུལ་གྱིས་རྒྱན་པའོ། །གཡས་པད་མ་རྡོ་རྗེ་གཡོན་རལ་གྲི་སྡིག་འཇུག་གོ། །ཧཱུྃ་པྲད་ཉ་ཏ་ཀྲིད་ཕཊ། བྱང་དུ་བདུད་རྩི་འཁྱིལ་བ་གཡས་དམར་གཡོན་དཀར་དབུས་ལྗང་ཞལ། གཡས་གཡོན་དང་པོ་གཉིས་རྡོ་རྗེ་རྒྱ་གྲམ། གཡས་གཉིས་ན་རལ་གྲི་རྡོ་རྗེ ། གཡོན་previous hit དྲིལབུ next hit་དགྲའ་སྟྭའོ། ༈ །ཨཱོཾ་བཛྲ་མ་ཧཱ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ཛྭ་ལ་ནི་ཧཱུྃ་ཕཊ། ཤར་དུ་གཤིན་རྗེ་གཤེད་པོའི་ཡུམ་ལྕགས་ཀྱུ་མའི་སྔགས་སོ། །ཨཱོཾ་མ་ཧཱ་རད་ན་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ཛྭ་ལ་ནི་ཧཱུྃ་ཕཊ། ལྷོར་སྟོབས་པོ་ཆེའི་ཡུམ་སེར་མོ་ཞགས་པ་མའི་སྔགས་སོ། །ཨཱོཾ་མ་ཧཱ་པད་མ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ཛྭ་ལ་ནི་ཧཱུྃ་ཕཊ། ནུབ་ཏུ་རྟ་མགྲིན་གྱི་ཡུམ་དམར་མོ་ལྕགས་སྒྲོག་མའི་སྔགས་སོ། །ཨཱོཾ་མ་ཧཱ་ཀ་ར་མ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ཛྭ་ལ་ནི་ཧཱུྃ་ཕཊ། བྱང་དུ་བདུད་རྩི་འཁྱིལ་བའི་ཡུམ་ལྗང་ཁུ་previous hit དྲིལབུ next hit་མའི་སྔགས་སོ། ༈ །ཀུན་བཟང་ཡབ་ཡུམ་གྱི་སྔགས་བསྟན་པའོ། །ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏ་ཧཱུྃ། དཀྱིལ་འཁོར་ཤར་གྱི་བར་ཁྱམས་སུ་ཀུན་ཏུ་བཟང་པོ་མཐིང་ཀ་སྐྱིལ་དཀྲུང་མཉམ་བཞག་ཅན་དུ་གནས་སོ། །ཨ་ཨ་ཨ་བཛྲ་པ་ཏྲ་ས་མ་ཡ་ཨཱོཾ། དཀྱིལ་འཁོར་ནུབ་ཀྱི་བར་ཁྱམས་སུ་ཀུན་བཟང་མོ་མཐིང་སྔོན་མཉམ་བཞག་གི་ཕྱག་རྒྱ་ཅན་ནོ། ༈ །ཐུབ་པ་དྲུག་གི་སྔགས་བསྟན་པའོ། །ཨཱོཾ་མུ་ནེ་ཀྲིང་སྭཱ་ཧཱ། བྱང་ཤར་མཚམས་སུ་ལྷའི་ཐུབ་པ་སེར་པོ་པི་ཝང་ཐོགས་པའོ། །ཨཱོཾ་མུ་ནེ་ཧཱུྃ་ཀྲུཾ་སྭཱ་ཧཱ། ཤར་ལྷོ་མཚམས་སུ་ལྷ་མ་ཡིན་གྱི་ཐུབ་པ་སེར་པོ་གོ་ཆ་ཐོགས་པའོ། །ཨཱོཾ་མུ་ནེ་སྲུཾ་སྭཱ་ཧཱ། ལྷོ་ན་མིའི་ཐུབ་པ་སེར་པོ་སྲེག་ཤང་དང་པར་བུ་ཐོགས་པའོ། ༈ །ཐུབ་དྲུག་སྤྱིའི་ནི་སེར་པོ། སྒོ་སྒོར་གང་ལ་གང་འདུལ་བའོ། །ཨཱོཾ་མུ་ནེ་ཀྵཾ་སྭཱ་ཧཱ། ལྷོ་ནུབ་བྱོལ་སོང་གི་ཐུབ་པ་སེར་པོ་པོ་ཏི་ཐོགས་པའོ། །ཨཱོཾ་མུ་ནེ་བྲཾ་སྭཱ་ཧཱ། ནུབ་བྱང་དུ་ཡི་དྭགས་ཀྱི་ཐུབ་པ་སེར་པོ་རད་ནའི་སྒྲོམ་བུ་ཐོགས་པའོ། །ཨཱོཾ་མུ་ནེ་ཡེ་སྭཱ་ཧཱ། བྱང་དུ་དམྱལ་བའི་ཐུབ་པ་སེར་པོ་མེ་ཆུ་ཐོགས་པའོ། །གདན་ལ་རྫོགས་དང་སེམས་དཔའི་ཚུལ། །གདན་ནི། རྒྱལ་བ་རིགས་ལྔ་ལ་གདན་ལྔ་རྩེགས་ཉི་ཤུ་རྩ་ལྔའོ། །སེམས་དཔའ་སེམས་མ་ལ་ཉི་ཟླ་པད་མ་སུམ་རྩེགས་སོ། །ཐུབ་པ་ལ་པད་མ་རྐྱང་པའོ། །ཀུན་བཟང་ཡབ་ཡུམ་ལ་ཉི་ཟླ་པད་མའོ། །སྒོ་བ་ལ་རྡོ་རྗེ་བྲག་གི་སྟེང་ན་ཉི་མ་རྐྱང་པས་སོ། །རྫོགས་དང་ཞེས་པས་རིགས་ལྔ་རྫོགས་པའི་སྐྱིལ་དཀྲུང་ཞེས་བྱ་སྟེ། རྡོ་རྗེའི་སྐྱིལ་དཀྲུང་དུ་བཞུགས་པའོ། །སེམས་དཔའི་ཚུལ་ཅེས་པ། སེམས་དཔའ་རྣམས་མཛད་པ་མ་རྫོགས་པས་ཕྱེད་སྐྱིལ་ལ། བབས་ཞོན་ནམ། སེམས་དཔའི་བཞུགས་ཚུལ་ལོ། །ཐུབ་པ་འགྲེང་བུའོ། །སྒོ་བ་གྱད་ཀྱི་དོར་ཐབས་སོ། །ཡུམ་རྣམས་པད་མའི་སྐྱིལ་དཀྲུང་ངོ་། །ཀུན་ཏུ་བཟང་པོ་མཉམ་པའི་སྐྱིལ་དཀྲུང་། ཀུན་ཏུ་བཟང་མོ་པད་མའི་སྐྱིལ་དཀྲུང་ངོ་། ༈ །འཁོར་ལོར་རྒྱལ་པོ་རྒྱལ་མོ་དང་། །རིགས་ལྔ་ཡབ་ཡུམ་བསྟན། རྒྱལ་པོ་ནི་རིགས་ལྔ་སྟེ། རྣམ་ཤེས་ལས་རྒྱལ་བ་རྡོ་རྗེ་སེམས་དཔའ། གཟུགས་ཀྱི་ཕུང་པོ་ལས་རྒྱལ་བ་རྣམ་སྣང་། ཚོར་བ་ལས་རྒྱལ་བ་རིན་འབྱུང་། འདུ་ཤེས་ལས་རྒྱལ་བ་སྣང་མཐའ། འདུ་བྱེད་ལས་རྒྱལ་བ་དོན་ཡོད་གྲུབ་པའོ། །རྒྱལ་མོ་ནི་ཡུམ་ལྔ་སྟེ། ནམ་ཀ་ལས་རྒྱལ་བ་དབྱིངས་ཕྱུག་མ། ས་སངས་རྒྱས་སྤྱན། ཆུ་མ་མ་ཀི། མེ་གོས་དཀར་མོ། རླུང་ལས་རྒྱལ་བ་དམ་ཚིག་སྒྲོལ་མ། དེ་རྣམས་དབུས་ན་འཁོར་ལོ་རྩིབས་བཞིའ། ལྟེ་བ་དང་ལྔ་ལ་བཞུགས་པའོ། །ནང་གི་སེམས་དཔའ་བསྟན། གཡས་ནས་མཐོང་ཐོས་སྣོམ་པ་དང་། །རྡོ་རྗེ་སེམས་དཔའི་གཡས་ཀྱི་རྩིབས་འཆན་ལ། མཐོང་བ་དམྱིག་གི་རྣམ་པར་ཤེས་པ་སའི་སྙིང་པོ་དང་། ཐོས་པ་རྣ་བའི་རྣམ་པར་ཤེས་པ་ཕྱག་ན་རྡོ་རྗེ་དང་། སྣམ་པ་སྣའི་རྣམ་པར་ཤེས་པ་སྤྱན་རས་གཟིགས་དང་། མྱོང་བ་ལྕེའི་རྣམ་པར་ཤེས་པ་ནམ་མཁའི་སྙིང་པོའོ། །འཁོར་ལོའི་རྩིབས་འཆན་བཞི་ལ་བཞུགས་པའོ། །ནང་གི་སེམས་དཔའ་ཞེས་བྱ་བའོ། །མྱོང་དང་བཙུན་མོའི་ཚོགས་སུ་བཅས། །སྤྱད་པར་བྱ་བའི་ཕྱིར་ན་བཙུན་མོ་སྟེ། དམྱིག་གིས་གཟུགས་ལ་སྤྱོད་པས་ན་བཙུན་མོའོ། །དེ་ཡང་སའི་སྙིང་པོའི་ཡུམ་ལ་སེ་མའོ། །དེ་བཞིན་དུ་མ་ལེ་མ་དང་། གྷིར་ཏི་དང་། ནིར་ཏི། སྤྱད་བྱའི་ཡུལ་དུ་གྱུར་པས་ན་བཙུན་མོ། གཉིས་སུ་མྱེད་པར་འཁྲིལ་བའི་ཚུལ་དུ་བཞུགས་སོ། ༈ །ཕྱིའི་སེམས་དཔའ་བསྟན། གྲུ་ཆད་ལ་ནི་མཐོང་བྱེད་དང་། །ཐོས་བྱེད་སྣོམ་བྱེད་མྱོང་བྱེད་རྣམས། །གྲུ་ཆད་ལ་ནི་ཕྱིའི་སེམས་དཔའ་བཞུགས་པ་སྟེ། དམྱིག་གི་དབང་པོ་ནི་མཐོང་བྱེད་ལ། དེ་གནས་འགྱུར་བ་ནི་བྱམས་པའོ། །དེ་བཞིན་དུ་ཐོས་བྱེད་རྣ་བའི་དབང་པོ་སྒྲིབ་སེལ། སྣོམ་བྱེད་སྣའི་དབང་པོ་ཀུན་བཟང་། མྱོང་བྱེད་ལྕེའི་དབང་པོ་འཇམ་དཔའ་རྣམས་ནི་གྲུ་ཆད་བཞི་ལ་བཞུགས་སོ། །དེ་བས་བཞི་པོ་དེ་རྣམས་ཞེས་སོ། །དེ་དབང་པོའི་ཕྱི་ན་ཡོད་པས་ཕྱིའི་སེམས་དཔའ་ཞེས་ཀྱང་བྱའོ། །དོན་དུ་ན་ལྷ་ལ་ཕྱི་ནང་མྱེད་དེ། སེམས་ཅན་གྱི་རྟོག་ཚོགས་ལ་དགོངས་པས་ན། སེམས་དཔའ་ལ་ཡང་ཕྱི་ནང་གཉིས་སོ། །བཙུན་མོའི་ཚོགས་དང་ལྡན་པར་གནས། །སྤྱད་པར་བྱ་བའི་ཡུལ་དུ་གྱུར་པས་ན་བཙུན་མོ་སྟེ། འདས་པ་དང་། ད་ལྟར་དང་། མ་འོངས་པ་དང་། འབྱུང་བར་མ་ངེས་པ། དབྱར་དགུན་སྟོན་དཔྱིད་བཞི་ལ་དབང་བས་ན། དུ་པེ་མ་དང་། པུས་པེ་མ་དང་། ཨ་ལོ་ཀེ་དང་། གྷན་དྷེ་མ་རྣམས་འཁྲིལ་ལོ། །བར་ཁྱམས་ལ་ནི་ཐུབ་དྲུག་དང་། །ཐུབ་པ་བསྟན། བྱང་ཤར་དུ་ལྷའི་ཐུབ་པ། ཤར་ལྷོར་ལྷ་མ་ཡིན་གྱི་ཐུབ་པ། ལྷོར་མྱིའི་ཐུབ་པ། ལྷོ་ནུབ་ཏུ་བྱོལ་སོང་གི་ཐུབ་པ། ནུབ་བྱང་དུ་ཡི་དྭགས་ཀྱི་ཐུབ་པ། བྱང་དུ་དམྱལ་བའི་ཐུབ་པའོ། །མདུན་དང་རྒྱབ་ཏུ་བྱེད་པ་དང་། །བྱ་བ་དག་ནི་གནས་པར་བསྟན། །ཀུན་བཟང་ཡབ་ཡུམ། བར་ཁྱམས་ཀྱི་ཤར་ནུབ་གཉིས་སུ་ཀུན་བཟང་ཡབ་ཡུམ་གཉིས་བཞུགས་པ་ནི། རྡོ་རྗེ་སེམས་དཔའི་མདུན་ངོས་སུ་བྱེད་པ་པོ་ཀུན་ཏུ་བཟང་པོ་གནས་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་གནས་འགྱུར་བ་ཡིན་པས་ན། སེམས་ཅན་གྱི་དུས་ན་བྱེད་པ་པོ་ཐམས་ཅད་ཡིད། སངས་རྒྱས་ཀྱི་དུས་ན་རྒྱུད་དང་དཀྱིལ་འཁོར་གྱི་བྱེད་པ་པོ་ཐམས་ཅད་ཀུན་ཏུ་བཟང་པོ་ཡིན་ནོ། །རྡོ་རྗེ་སེམས་དཔའི་རྒྱབ་ངོས་ན་བྱ་བ་མོ་ཀུན་ཏུ་བཟང་མོ་གནས་པའོ། །དེ་ཡང་སེམས་ཅན་གྱི་དུས་ན་བྱ་བའི་གཞིར་གྱུར་པ་ཀུན་གཞིའོ། །སངས་རྒྱས་དུས་ན་ཡང་ཆོས་ཀྱི་དབྱིངས་སོ། །དེས་ཡིད་བྱེད་པ་པོ་ཀུན་ཏུ་བཟང་པོ་དང་། ཆོས་བྱ་བ་མོ་ཀུན་ཏུ་བཟང་པོ་གཉིས། ཡིད་ཀྱི་སྤྱད་བྱ་ཀུན་གཞི་ཡིན་པས་ན། ཀུན་བཟང་ཡབ་ཡུམ་གཉིས་སོ། །སྒོ་ཁྱུད་བཞི་ལ་འཇོམས་པ་ནི། །སྒོ་བ་ཡབ་ཡུམ་བརྒྱད་བསྟན། སྒོ་ཁྱུད་བཞི་ལ་ཞེས་པ་ནི། གཡས་གཡོན་གྱི་སྒོ་ཁྱུད་ལ་སྒོ་བ་བཞི་གནས་པ་སྟེ། འཇོམས་པ་ནི། རེག་པའི་རྟོག་པ་འཇོམས་པ་གཤིན་རྗེ་གཤེད རེག་བྱ་སྟོབས་པོ་ཆེ། རེག་བྱེད་རྟ་མགྲིན། རེག་ཤེས་ཀྱི་རྟོག་པ་འཇོམས་པ་བདུད་རྩི་འཁྱིལ་བའོ། །ཁྲོ་བོའི་ཚུལ་དུ་གནས་པས་ན་འཇོམས་པའོ་ཞེས་སོ། །བཙུན་མོའི་ཚོགས་དང་ལྡན་པར་གནས། །བཙུན་མོ་ནི་སྤྱད་བྱའི་ཡུལ་དུ་གྱུར་པ་སྟེ། ལུས་ཀྱི་དབང་པོ་བཞི་སྟེ། རྟག་པ་དང་ཆད་པ་དང་། བདག་དང་མཚན་མ་བཞི་ལ་དབང་བས་ན་བཞི་པོ་དེ་གནས་སུ་དག་པས་ནི། ལྕགས་ཀྱུ་མ་དང་། ཞགས་པ་མ་དང་། ལྕགས་སྒྲོག་མ་དང་། previous hit དྲིལབུ next hit་མའོ། །དེ་བས་ན་དབང་པོ་ལྔའི་ལས་བྱེད་ལྟ་བུ་ནི་ལུས་ཀྱི་དབང་པོ་ཡིན་ལ། ལྷའི་ལས་བྱེད་པ་ཡིན་པས་ན་ཆོས་མཐུན་པའོ། ༈ །ཞི་བའི་ལྷ་འབུ་ཏ་བཞི་བཅུ་རྩ་གཉིས་ཞེས་བཞེད་པ་ཡིན་པ་ལ། ཁྲོ་བོ་ཡབ་ཡུམ་བརྒྱད་ཡོད་པས། ཁྲོ་བོ་རྣམས་ཞི་བའི་ལྷར་འགྲོའམ་མི་འགྲོ་ཞེ་ན། སྤྱིར་རྣལ་འབྱོར་པས་གྲུབ་པར་བྱ་བའི་ཞི་བའི་ལྷ་བཞི་བཅུ་རྩ་གཉིས་ཀྱི་སྐུ་གསུང་ཐུགས་ཀྱི་རྒྱུད་ཞི་བས་ན་ཞི་བ་ཟེར་ལ། སྐུ་ཁྲོ་ཚུལ་དང་བཅས། འབར་བའི་གར་དགུས་ཁྱབ། ཁྲོ་རྟགས་དྲུག་ཅུ་རྩ་བརྒྱད་དང་ལྡན་པས་ཁྲོ་བོ་ཟེར་རོ། །འོ་ན་སྐུ་གསུང་ཐུགས་ཀྱི་རྒྱུད་ཞི་ན་སྒོ་བ་ལ་ཁྲོ་བོའི་མིང་མྱེད་ཞེ་ན། འདི་ལྟར་བཞེད་དེ། ཞི་བ་ལས་ལྟོས་ན་ཁྲོ་བོ་ཡིན་ཡང་། ཁྲོ་བོའི་གར་དགུའ་དང་ཁྲོ་རྟགས་མྱེད་དེ། སྐུ་ཁྲོ་ཚུལ་དང་བཅས་པར་སྣང་བའོ། །དེས་ན་འགལ་བ་མྱེད་དེ། དེ་བས་ན་ཅུང་ཟད་ཁྲོ་བོ་ལྷ་བརྒྱད་ཞེས་བྱ་སྟེ། སྟག་དང་སྦྲུལ་གྱི་རྒྱན་ཙམ་མ་བཀག་གོ། །དངོས་སུ་སྐུ་གསུང་ཐུགས་ཀྱི་རྒྱུད་ཞི་བར་གནས་སོ། །དེ་བས་ན་ཁྲོ་བོ་མི་ཟེར་ཏེ་འཇོམས་པ་ཞེས་བཤད་དོ། །ཡུམ་རྣམས་ཀྱི་གཡས། ཡབ་རྣམས་ཀྱི་གཡོན་དང་པོ་ན་སྣམས་སོ། ༈ །རྡོ་རྗེ་མི་བསྐྱོད་པ་འཁོར་ལོ་རྣམ་སྣང་གི་རིན་པོ་ཆེ། །རིན་འབྱུང་གི་རིགས་ལྔ་སྤྱིའི་ཕྱག་མཚན། པད་མ་སྣང་མཐའི་རལ་གྲི་དོན་གྲུབ་ཀྱི་previous hit དྲིལབུ next hit་འབར། །སྤྱིར་གནས་འཕྲོག་རྩིས་ན་ཞལ་གསུམ་ཕྱག་དྲུག་ཏུ་བྱེད་པ་ནི་གོང་བཞིན་ནོ། །འདི་གཡས་གཡོན་གྱི་དང་པོ་རྣམས་བཤད་པ་སྟེ། མི་བསྐྱོད་པའི་གཡས་དང་པོ་ན་རྡོ་རྗེ་འཛིན་པ་ནི། ཡེ་ཤེས་ལྔ་དང་ལྡན་པའི་རྟགས་སོ། །རྣམ་པར་སྣང་མཛད་ཀྱི་གཡས་དང་པོ་ན་འཁོར་ལོ་སྣམས་པ་ནི། ཉོན་མོངས་པ་ཐམས་ཅད་གཅོད་པའི་རྟགས་སོ། །རིན་འབྱུང་གི་གཡས་དང་པོ་ན་རིན་པོ་ཆེ་འཛིན་པ་ནི་དགོས་འདོད་རེ་བ་ཐམས་ཅད་སྐོང་བའོ། །སྣང་བ་མཐའ་ཡས་ཀྱི་གཡས་དང་པོ་ན་པད་མ་སྣམས་པ་ནི། ཉེས་པའི་སྐྱོན་གྱིས་མ་གོས་པའི་རྟགས་སོ། །དོན་ཡོད་གྲུབ་པའི་གཡས་དང་པོ་ན་རལ་གྲི་སྣམས་པ་ནི། རྟོག་པ་ཐམས་ཅད་རྩད་ནས་གཅོད་ཅིང་། མཁྱེན་པའི་ཡེ་ཤེས་དང་ལྡན་པའི་རྟགས་སོ། །གཡོན་གྱི་ཕྱག་ན་previous hit དྲིལབུ next hit་སྣམས་པ་ནི། ཤེས་རབ་སྤྲོས་པ་མྱེད་པས་ཆོས་ཀྱི་དབྱིངས་ལས་མ་གཡོས་པའི་རྟགས་སོ། །བར་མ་དང་ཐ་མ་རྣམས་ནི་དེ་དག་ལས་གོང་འོག་ཏུ་སྒྱུར་ཏེ་གནས་འཕྲོག་རྩིས་ནས་བྱེད་པའོ། །དྲིལ་བུ་ཡུམ་རྣམས་ཀྱི་གཡོན་ན་འཛིན་ནོ། །གཡས་པ་རྣམས་རང་རང་གི་ཡབ་ལ་འཁྱུད་པའོ། །ཨུད་དཔལ་བྱང་ཤར་མཚམས་ཀྱི་གྲུ་ཆད་ལ་འཇམ་དཔལ་གྱི་ཀླུ་ཤིང་ལ་སོགས་ཤར་ལྷོ་མཚམས་གྲུ་ཆད་ལ་བྱམས་པའི་མཚན། །རིན་ཆེན་མྱུ་གུ་ཤར་ལྷོ་མཚམས་ཀྱི་རྩིབས་མཆན་ལ་སའི་སྙིང་པོ་རལ་གྲི་ལྷོ་ནུབ་མཚམས་ཀྱི་རྩིབས་མཆན་ལ་ནམ་ཀ་སྙིང་པོ་འབར། །པད་མ་དཀར་པོ་ནུབ་བྱང་གི་རྩིབས་མཆན་ལ་སྤྱན་རས་གཟིགས་རྡོ་རྗེ་བྱང་ཤར་གྱི་རྩིབས་མཆན་ཕྱག་ན་རྡོ་རྗེ་འབར། །ཆོས་ཀྱི་འཁོར་ལོ་ལྷོ་ནུབ་གྲུ་ཆད་ལ་སྒྲིབ་སེལ་གྱི་རིན་ཆེན་ནུབ་བྱང་གྲུ་ཆད་ལ་ཀུན་ཏུ་བཟང་པོའི་སྙེ། །འདིར་སེམས་དཔའ་རྣམས་ཀྱི་ཕྱག་མཚན་གྱི་སྐབས་སུ། གཞུང་འཁྲུགས་པ་སྡེབ་སྟེ་བཤད་ན། རྣམ་པར་ཤེས་པའི་སེམས་དཔའ་སྤྱིའི་ཕྱག་མཚན་ནི། སའི་སྙིང་པོ་རིན་པོ་ཆེའི་མྱུ་གུ་འཛིན་པ་ནི། དགོས་འདོད་ཟད་པ་མྱེད་པ་འབྱུང་བའོ། །ནམ་མཁའི་སྙིང་པོ་རལ་གྲི་འཛིན་པ་ནི། ཉོན་མོངས་པ་ཐམས་ཅད་གཅོད་པའོ། །སྤྱན་རས་གཟིགས་པད་མ་དཀར་པོ་སྣམས་པ་ནི། ཉོན་མོངས་པའི་སྐྱོན་གྱིས་མ་གོས་པའི་རྟགས་སོ། །ཕྱག་ན་རྡོ་རྗེ་སྣམས་པ་ནི། ཡེ་ཤེས་ལྔ་ཡིས་ཉོན་མོངས་པ་འཇོམས་པའི་སྟོབས་དང་ལྡན་པའི་རྟགས་སོ། །དེ་རྣམས་ནི་ནང་གི་སེམས་དཔའ་བཞིའོ། །དབང་པོའི་སེམས་དཔའ་ནི། བྱམས་པའི་ཕྱག་ན་ཀླུ་ཤིང་གི་མེ་ཏོག་སྣམས་པ་ནི། ཉོན་མོངས་པའི་གདུང་བ་ཐམས་ཅད་ཟིལ་གྱིས་མ་ནོན་པའི་རྟགས་སོ། །སྒྲིབ་པ་རྣམ་པར་སེལ་བ་ཆོས་ཀྱི་འཁོར་ལོ་སྣམས་པ་ནི། རྟོག་པའི་དྲས་ཐག་ཐམས་ཅད་གཅོད་པའི་རྟགས་སོ། །ཀུན་ཏུ་བཟང་པོ་རིན་པོ་ཆེའི་སྙེ་མ་སྣམས་པ་ནི། སེམས་ཅན་ཐམས་ཅད་ལ་དགོས་འདོད་རེ་བ་ཡིད་བཞིན་དུ་སྐོང་བའི་རྟགས་སོ། །འཇམ་དཔལ་ཨུད་དཔལ་སྣམས་པ་ནི། ཆོས་སྤྱི་དང་རང་གི་མཚན་ཉིད་ཐམས་ཅད་ལ་འགག་པ་མྱེད་པར་མཁྱེན་ཅིང་། ཉེས་པའི་སྐྱོན་དང་བྲལ་བའི་རྟགས་སོ། །ལ་སོགས་མཚན་ནི། གཡོན་རྣམས་ན་previous hit དྲིལབུ next hit་སྣམས་པའོ། །འབར་ཞེས་པ་ནི། ཕྱག་མཚན་དེ་དག་ཡང་སྣང་ལ་རང་བཞིན་མྱེད་པ། གསལ་ལ་རྟོག་པ་མྱེད་པ། འགུལ་འགུལ་ལྡེག་ལྡེག་ལྟར་གསལ་བ། ཡེ་ཤེས་ཀྱི་འོད་ཟེར་འཕྲོ་བའོ། །གཟུགས་མཛེས་ལ་སེ་མ་རིན་ཆེན་འཕྲེང་བ་མ་ལེ་མ་དང་། །སེམས་མའི་ཕྱག་མཚན། པི་ཝང་གྷིརྟི་གར་མཁན་ནི རྟི་མཆོག་ཉིད་དེ། །ལྷ་མོ་ལ་སེ་མ་གཟུགས་མཛེས་མེ་ལོང་སྣམས་ནས་འགྱིང་བག་ཏུ་བཞུགས་པ་ནི། སའི་སྙིང་པོ་དང་གཉིས་སུ་མྱེད་པའི་བདེའ་བས་དགྱེས་པའོ། །མ་ལེ་མ་འཕྲེང་བ་ཐོགས་པ་ནི། ནམ་མཁའི་སྙིང་པོ་དང་བདེའ་བ་རྒྱུན་མི་ཆད་པའི་རྟགས་སོ། །གྷིར་ཏི་མ་པི་ཝང་ཐོགས་པ་ནི། སྤྱན་རས་གཟིགས་དང་གཉིས་སུ་མྱེད་པའི་བདེའ་བའི་སྒྲ་སྒྲོགས་པའི་རྟགས་སོ། །ནིར་ཏི་མ་གར་སྒྱུར་བ་ནི། ཕྱག་ན་རྡོ་རྗེ་དང་གཉིས་སུ་མྱེད་པའི་ཡེ་ཤེས་ལ་དབང་སྒྱུར་བའི་རྟགས་སོ། །ནང་གི་སེམས་མ་ཡིན་པས་ན། ནང་གི་མཆོད་རྫས་ཕྱག་ན་སྣམས་པའོ། །མེ་ཏོག་པུ ཥྤེ་འཕྲེང་དང་སྤོས་མཆོག་དྷུ་ཥྤེ་མ། །མར་མེ་ཨ་ལོ་ཀེ་བྱུག་པ་གྷན་དྷེ་ལ་སོགས་པའི། །དྷུཥྤེ་མ་སྤོས་ཐོགས་པ་ནི། བྱམས་པ་དང་གཉིས་སུ་མྱེད་པའི་བདེ་བའི་འོད་ཟེར་འཕྲོས་པའོ། །པུ ཥྤེ་མ་མེ་ཏོག་ཐོགས་པ་ནི། སྒྲིབ་པ་རྣམ་པར་སེལ་བ་དང་གཉིས་སུ་མྱེད་པའི་བདེ་བའི་མཚན་པར་བྱེད་པའོ། །ཨ་ལོ་ཀེ་མར་མེ་ཐོགས་པ་ནི། ཀུན་ཏུ་བཟང་པོ་དང་གཉིས་སུ་མྱེད་པའི་བདེའ་བ་གསལ་བའོ། །གན་དྷེ་མ་དྲི་ཆབ་ཐོགས་པ་ནི། འཇམ་དཔལ་དང་གཉིས་སུ་མྱེད་པའི་བདེའ་བས་གསིལ་བར་བྱེད་པའོ། །དེས་ན་ཕྱིའི་སེམས་མ་ཡིན་པས་ན། ཕྱིའི་མཆོད་སྣམས་པའི་ཚུལ་ལོ། །ལས་ཡབ་ལ་འཁྲིལ་ཡུམ་ཞིང་ཆོས་ཡུམ་ལ་ཡབ་ཞལ་བསྟན། །ཡུམ་རྣམས་ཡབ་ཀྱི་སྐུ་ལ་འཁྲིལ་ཞིང་། ཡབ་རྣམས་ཡུམ་ཆོས་ཀྱི་རང་བཞིན་ལ་ཞལ་བསྟན་ནས། གཅིག་ལ་གཅིག་འདུད་པའི་ཚུལ་ལོ། །དབུའ་ཡབ་ཀྱི་རྣམས་འབྱོ་ཡ་ཞལ་ཞིང་འདུད་ཡུམ་གྱི་དབུའ་རྣམས་མ་ཞལ་པའི་ཚུལ། །གོང་གི་ཕྱག་རྒྱ་ཆེན་པོ་ལས་ལ་འཁྲིལ་ཞིང་ཆོས་ལ་བསྟན་པའི་སྐབས་ཀྱི་བཞིན། །གཉིས་ཡབ་ཡུམ་མྱེད་ཆོས་ཀྱི་དབྱིངས་ཀྱི་ངང་དུ་འཁྲིལ་ལོ། །ལྷ་མོ་དེ་དག་ནི་ཡབ་རེ་རེ་དང་ཡུམ་རེ་རེ་ཐབས་དང་ཤེས་རབ་གཉིས་སུ་མྱེད་པར་སྦྱོར་བ་རེ་རེ་ལ་ཡང་རང་བཞིན་གྱིས་ཚང་བར་བྱའོ། །དེ་ལྟར་སེམས་དཔའ་དང་སེམས་མ་ཡབ་ཡུམ་དེ་དག་ཀྱང་། ཡུམ་རྣམས་ཡབ་ཀྱི་སྐུ་ལ་གཉིས་སུ་མྱེད་པར་འཁྲིལ་བ་དང་། ཡབ་ཡུམ་གཉིས་གཅིག་ལ་གཅིག་བཞིན་གྱི་དཀྱིལ་འཁོར་ལ་འཛུམ་པའི་མདངས་ཀྱིས་ལྟ་བ་དང་། འདུད་པ་དང་། མཛེས་པའི་ཚུལ་གྱིས། དབྱིངས་དང་ཡེ་ཤེས་ཐ་མི་དད་པར་སྙོམས་པར་འཇུག་པའོ། །སྒོ་བཞི་ཁྲོ་བོའི་ཕྱག་རྒྱ་ནི། །སྒོ་བ་བཞིའི་ཕྱག་རྒྱ་བསྟན། ནྲིར་ཤར་དུ་གཤིན་རྗེའི་མགོའ་བསྡེངས་དང་རྡོ་རྗེ་ལྷོར་སྟོབས་པོ་ཆེའི་ནོན། །ཐོད་སྤྲུལ་ཆེན་ནུབ་ཏུ་རྟ་མགྲིན་གྱི་པོ་མནོན་པ་དང་། །རྡོ་རྗེ་རྒྱ་གྲམ་ལས་བྱང་དུ་བདུད་རྩི་འཁྱིལ་པའི་ཀྱིས་མནོན། །གཤིན་རྗེ་གཤེད་མི་འགོའི་དབྱུག་པ་ཐོགས་པ་ནི། ཉོན་མོངས་པ་དང་བགེགས་དང་ལོག་རྟོགས་ཤིང་འཇོམས་པའོ། །སྟོབས་པོ་ཆེ་རྡོ་རྗེས་ས་གནོན་པ་ནི། ཉོན་མོངས་པ་དང་བགེགས་ཐམས་ཅད་ལྡང་མི་ནུས་པའོ། །རྟ་མགྲིན་ཐོད་པ་སྦྲུལ་གྱིས་རྒྱན་པ་ཐོགས་པ་ནི། བགེགས་ཀྱིས་ཞེ་སྡང་གནས་སུ་དག་ནས་ཆོས་ཀྱི་དབྱིངས་སུ་མཁྱེན་པའོ། །བདུད་རྩི་འཁྱིལ་པ་རྡོ་རྗེ་རྒྱ་གྲམ་ཐོགས་པ་ནི། འཕྲིན་ལས་རྣམ་བཞིས་ཐམས་ཅད་ཀྱི་དོན་མཛད་པའོ། །དེ་བས་ན་ཕྱག་གཡས་གཡོན་དང་པོ་གཉིས་ན་ིདེ་ལྟར་གནས་ལ། གཞན་མ་ཞལ་གསུམ་ཕྱག་དྲུག་ཏུ་བྱེད་ན་གོང་དུ་བཤད་པ་བཞིན་ནོ། །ལྕགས་ཀྱུ་ཤར་གྱི་སྒོ་མའི་ཞགས་པ་ནུབ་ཀྱི་ལྕགས་སྒྲོག་སྤོ་ཏ་བྱང་གི་previous hit དྲིལབུ next hit་ཧོ། །ལྷ་མོ་ལྕགས་ཀྱུ་མ་ནི། ཐུགས་རྗེས་སེམས་ཅན་མྱ་ངན་ལས་འདས་སུ་འདྲེན་པའོ། །ཞགས་པ་མ་ནི། སེམས་ཅན་ཐུགས་རྗེས་དྲངས་ནས་འཁོར་བར་མི་གཏོང་བའི་རྡའོ། །ལྕགས་སྒྲོག་མ་ནི་སེམས་ཅན་དེ་དག་བདེའ་བར་གཤེགས་པའི་ཐུགས་ཡེ་ཤེས་དབྱེར་མེད་པའི་ས་ལ་འགོད་པའོ། །དྲིལ་བུ་མ་ནི་སེམས་ཅན་དེ་དག་ཕྱིར་ལྡོག་པའི་ས་ལ་བཀོད་ནས། བདེ་བ་ཆེན་པོས་མཉེས་པ་དང་ཚིམ་པར་བྱེད་པའི་བརྡར་བ སྟན་ནོ། ༈ །སྒོ་བཞིར་ཁྲོ་བོ་ཡབ་ཡུམ་གནས་པ་དེ་དག་ཀྱང་། །འདུད་ཡུམ་ཚུལ་ཡབ་འཁྲིལ་བ་གོང་མ་སེམས་དཔའ་བཞིན་ནོ། །ཁྲོ་བོ་ཡབ་ཡུམ་དེ་དག་ཀྱང་། ཐབས་དང་ཤེས་རབ་གཉིས་སུ་མྱེད་པར་བཞུགས་པ་ནི། ཡབ་ཀྱིས་ཡུམ་ལ་འདུད་པ་དང་། ཡུམ་ཡབ་ཀྱི་སྐུ་ལ་གཉིས་སུ་མྱེད་པར་འཁྲིལ་བའོ། །དེ་ཡང་གོང་དུ་བསྟན་པའི་རིགས་ལྔ་སེམས་དཔའ་དང་འདྲའོ། །ཡབ་ཡུམ་གཉིས་སུ་མྱེད་པ་སྒོ་བཞིར་གནས་པའོ། ༈ །ཐུབ་ལུས་ངག་ཡིད་དྲུག་གྲངས་ཕྱག་རྒྱ་སྣ་ཚོགས་མ་ངེས་ཏེ། །ཐུབ་པའི་ཕྱག་མཚན་བསྟན། མདོར་བསྡུས་བསྒོམ་བདེའ་བས་ན་ཕྱག་རྒྱ་དྲུག་ཏུ་བསྟན། །ཐུབ་པ་ནི་སྐུ་གསུང་ཐུགས་ཐུབ་པ་སྟེ། དེ་ཡང་སྐུ་ཐུབ་པ་རྟག་དང་བྱ་བྱེད་སྤངས་པ་དང་། གསུང་ཐུབ་པ་ནི་ངག་མི་དགའ་བ་བཞི་སྤངས་པ་དང་། ཐུགས་ཐུབ་པ་ནི་ཡིད་ཀྱི་མི་དགེའ་བ་གསུམ་སྤངས་པའོ། །དེ་དག་ནི་གདུལ་བྱ་གང་ལ་གང་ལྟར་མོས་པ་བཞིན་དུ་དོན་མཛད་པས། ཕྱིར་ཕྱག་རྒྱ་མ་ངེས་པའོ། །དེ་ཡང་དལ་དུ་བསྒོམ་པའི་དུས་སུ། ཏིང་ངེ་འཛིན་གྱི་དམིགས་པ་གསལ་བའི་ཕྱིར། མདོའ་དྲུག་བ སྡུས་ནས་བསྟན་པ་ནི་སྲེག་པར་ལོགས་པའོ། ༈ །ཐུབ་པ་དྲུག་གི་ཡབ་ཡུམ་ལ། དོན་གྱི་ཡུམ་དང་རྟགས་ཀྱི་ཡུམ་གཉིས་ལས། སྤྲུལ་པའི་སྐུ་དེ་དག་ནི། གྲོགས་མི་བདེའ་བ་སྤོང་ཞིང་། འདོད་པ་སྤངས་པའི་ཕྱིར་། རྟགས་ཀྱི་ཡུམ་ནི་མ་བ སྟན་ནོ། །དོན་གྱི་ཡུམ་ནི་ཆོས་ཀྱི་དབྱིངས་དང་དུས་ཐམས་ཅད་དུ་འདུ་འབྲལ་མྱེད་པར་བཞུགས་པའོ། །བསྲེག་མིའི་ཐུབ་པའི་ཕྱག་མཚན་དཔར་དང་ནི་པི་ལྷའི་ཐུབ་པའི་ཝང་དང་། །གོ་ཆ་ལྷ་མ་ཡིན་གྱི་ཐུབ་པའི་པོ་ཏི་བྱོལ་སོང་གི་ཐུབ་པའི་རིན་ཆེན་ཡི་དྭགས་ཐུབ་པའི་སྒྲོམ། །མེ་དང་དམྱལ་བའི་ཐུབ་པ་ཆུ་ནི་རབ་ཏུ་བསྟན། །ཡུམ་རྟགས་ཀྱི་ཡུམ་ནི་དམིགས་དངོས་སུ་མྱེད་ཆོས་དེ་དོན་གྱི་ཡུམ་ཀྱི་དབྱིངས། ༈ །ལྷའི་ཐུབ་པའི་པི་ཝང་ཐོགས་པ་ནི། ལྷ་རོལ་མོ་ལ་དགའ་བ་དེ་དག་ལ། འདུལ་བྱེད་ཀྱི་གདུལ་བྱ་དང་འཐུན་པར་འདུལ་བའོ། །དེ་ཡང་དེ་དག་གི་ལེ་ལོ་དང་གཡེང་བ་ལས་བཟློག་ནས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་འགོད་པར་མཛད་དོ། །ལྷ་མ་ཡིན་གྱི་ཐུབ་པ་གོ་ཆ་ཐོགས་པ་ནི། དེ་དག་འཐུན་པར་བསྟན་པ་ནི། འཁྲུག་པའི་བློ་ཟློག་ནས། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་འགོད་པར་མཛད་དོ། །མིའི་ཐུབ་པ་སྲེག་ཤང་དང་པར་བུ་ཐོགས་པ་ནི། འདོད་ཆགས་ལས་བློ་ཟློག་ནས། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་འགོད་པར་མཛད་དོ། །བྱོལ་སོང་གི་ཐུབ་པ་པོ་ཏི་ཐོགས་པ་ནི། གཏིའ་མུག་གི་མུན་པ་དེ་དག་པར་མཛད་ནས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་འགོད་པར་མཛད་དོ། །ཡི་དྭགས་ཀྱི་ཐུབ་པ་རིན་པོ་ཆེའི་སྒྲོམ་བུ་ཐོགས་པ་ནི། སེར་སྣའི་འདུད་པ་ལས་བློ་ཟློག་ནས། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་འགོད་པར་མཛད་དོ། །དམྱལ་བའི་ཐུབ་པ་མེ་ཆུ་ཐོགས་པ་ནི། ཞེ་སྡང་གི་ངོ་བོ་ལས་བློ་ཟློག་ནས། བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་འགོད་པར་མཛད་དོ། །ཀུན་བཟང་མཚན་མཉམ་བཞག་ཕྱག་རྒྱ་ཡེ་ཤེས་ཕྱག་མཚན་འཕྲོ། །ཀུན་བཟང་ཡབ་ཡུམ་བསྟན། ཡུམ་ཡུམ་འགྱུར་མཉམ་ཕྱག་རྒྱ་རྫོགས་པད་མོའི་ཞབས་དཀྱིལ། །གཞན་ཡང་ཕྱག་རྒྱ་སྣ་ཚོགས་མ་ངེས་པ་ཏེ། །ཡང་ན་དེ་བཞིན་གཤེགས་པ་ཉིད ། །ཡང་ན་རྡོ་རྗེ་ཐལ་མོ་ཉིད། །ཀུན་ཏུ་བཟང་པོ་ནི་ཞབས་བརྟུལ་ཞུགས་ཀྱི་དཀྱིལ་མོ་ཀྲུང་དུ་བཞུགས་པ་ནི། ཕྱག་མཉམ་བཞག་ཏུ་གནས་པའོ། །མཉམ་བཞག་སྟེང་ན་ཕྱག་སོར་ལ་ཡེ་ཤེས་ལྔའི་འོད་ཟེར་འཕྲོ་བའོ། །དེའི་ཡུམ་དུ་གྱུར་པ་ནི་ཀུན་ཏུ་བཟང་མོ་སྟེ། ཞབས་པད་མའི་དཀྱིལ་ཀྲུང་ཞབས་མཐིལ་གཉིས་སྤྲད་ནས་བཞུགས་པ། ཕྱག་མཉམ་པར་བཞག་པ་ལས་མཛུབ་མོ་གཉིས་རྩེ་སྤྲད་ནས་བཞུགས་པའོ། །གཞན་ཡང་ཕྱག་རྒྱ་སྣ་ཚོགས་གནས་ཏེ། རིགས་ལྔ་སྤྱིའི་ཕྱག་རྒྱའམ། ཡང་ན་དེ་བཞིན་གཤེགས་པ་རྣམ་སྣང་གི་ཕྱག་རྒྱའམ། ཡང་ན་རྡོ་རྗེ་ཐལ་མོའི་ཕྱག་རྒྱའི་བཅིང་ངོ་། །མཐིང་ཀ་རྡོ་རྗེའི་རིགས་དཀར་པོ་དེ་བཞིན་རིགས་སེར་རིན་ཆེན་རིགས་ལེའུ་བརྒན་པད་མའི་རིགས། ལྗང་ཁུ་ལས་ཀྱི་རིགས་ལ་སོགས་སོ་སོ་ལྷ་གྲངས་དང་སྦྱར་བའོ་སྣ་ཚོགས་པའི། ༈ །སྤྱིར་སྐུ་མདོག་ལ་གཉིས་ཏེ། རང་བཞིན་གྱི་སྐུ་མདོག་དང་། རིགས་ཀྱི་སྐུ་མདོག་གོ། །དེ་ལ་རང་བཞིན་གྱི་སྐུ་མདོག་ནི། སྣུམ་པ་དང་། འདྲིལ་བ་དང་། གསལ་བ་དང་། མཚེར་བ་སྟེ། དེ་ཡང་ཉེས་པའི་སྐྱོན་གྱིས་མ་གོས་པ་དུང་ལྟ་བུ་དང་། སྣུམ་ལ་འདྲིལ་བ་མེ་ཏོག་ཀུ་མུ་ཏ་ལྟ་བུ་དང་། གསལ་བ་ཉི་མ་ལྟ་བུ། དང་ཞིང་གསལ་བ་ཟླ་བ་ལྟ་བུ། མཚེར་བ་གངས་ལ་ཉི་མ་ཤར་བ་ལྟ་བུའོ། །དེ་རྣམས་ནི་སྤྱིར་ཁྱབ་ལ། རིགས་ཀྱི་སྐུ་མདོག་ནི། རིགས་ལྔ་དང་། རིགས་ཆུང་ངོ་། །རིགས་ལྔ་ནི། མཐིང་ཀ་དོན་ཆོས་ཀྱི་དབྱིངས་ལ་ཉོན་མོངས་པས་མ་སླད་པས་མི་འགྱུར་བའོ། །དེ་ཡང་ཀུན་ཏུ་བཟང་པོ་ཡབ་ཡུམ་དང་། མི་བསྐྱོད་པ་ཡབ་ཡུམ་སྐུ་མདོག་མཐིང་ཀར་བཞུགས་སོ། །དེ་ནི་རྡོ་རྗེ་རིགས་ཀྱི་སྐུ་མདོག་གོ། །དཀར་པོ་ནི། ཉེས་པའི་སྐྱོན་གྱིས་མ་གོས་པ་སྟེ། རྣམ་སྣང་ཡབ་ཡུམ་དང་། སའི་སྙིང་པོ་ཡབ་ཡུམ་དང་། ལྷའི་ཐུབ་པའིསྐུ་མདོག་གོ། །དེ་བཞིན་གཤེགས་པའི་རིགས་སོ། །སེར་པོ་ནི་ཆེ་བའི་ཡོན་ཏན་རྒྱས་པའི་རྟགས་ཏེ། རིན་ཆེན་འབྱུང་ལྡན་ཡབ་ཡུམ་དང་། ནམ་མཁའི་སྙིང་པོ་ཡབ་ཡུམ་དང་། མིའི་ཐུབ་པའི་སྐུ་མདོག་སྟེ། དེ་ནི་རིན་པོ་ཆེའི་རིགས་སོ། །དམར་པོ་ནི་ཐུགས་རྗེའི་འགྲོ་བའི་དོན་ལ་ཆགས་པའི་རྟགས་ཏེ། སྣང་བ་མཐའ་ཡས་ཡབ་ཡུམ་དང་། སྤྱན་རས་གཟིགས་ཡབ་ཡུམ་དང་། ཡི་དྭགས་ཀྱི་ཐུབ་པའི་སྐུ་མདོག་སྟེ། དེ་ནི་པད་མའི་རིགས་སོ། །ལྗང་ཁུ་ནི་འཕྲིན་ལས་བཞིས་འགྲོ་བ་ཐམས་ཅད་ཀྱི་དོན་མཛད་པའི་རྟགས་ཏེ། དོན་ཡོད་གྲུབ་པ་ཡབ་ཡུམ་དང་། རྡོ་རྗེ་ཡབ་ཡུམ་དང་། དམྱལ་བའི་ཐུབ་པའི་སྐུ་མདོག་སྟེ། དེ་ནི་ལས་ཀྱི་རིགས་སོ། །རིགས་ཆུང་ནི། ཁ་དོག་ཉི་ཤུ་རྩ་ལྔའམ་ཡང་ན་མཐིང་ཀ་རྡོ་རྗེ་སེམས་དཔའ་ཡབ་ཡུམ། ནམ་མཁའི་སྙིང་པོ་ཡབ་ཡུམ། སྒྲིབ་སེལ་ཡབ་ཡུམ། ཀུན་བཟང་ཡབ་ཡུམ་མོ། །དཀར་པོ་ནི་རྣམ་སྣང་ཡབ་ཡུམ་དང་། ས་སྙིང་དང་བྱམས་པའོ། །སེར་པོ་ནི་རིན་འབྱུང་དང་ཐུབ་པ་དྲུག་གོ། །དམར་པོ་ནི་སྣང་བ་མཐའ་ཡས་དང་། སྤྱན་རས་གཟིགས་དང་། ཀུན་བཟང་ངོ་། །ལྗང་ཁུ་ནི་དོན་ཡོད་གྲུབ་པ་དང་། ཕྱག་ན་རྡོ་རྗེ་དང་། འཇམ་དཔའ་ཡབ་ཡུམ་གྱིའོ། །སྒོ་བ་བཞི་ཕྱོགས་མཐུན་ནོ། །སྣ་ཚོགས་པ་ནི་རང་རང་མ་འདྲེས་པ་གསལ་ལོ། །སྐུའི་ཚུལ་རྣམ་པ་ལྔ། ཡུམ་གྱི་ཚུལ་ཡང་ཟེར། གཉེན་ཞེ་སྡང་དག་པས་ལྕུག་ཁོང་ཁྲོ་དག་པས་འཁྲིལ་འདོད་ཆགས་དག་པས་ལྡེམ་ང་རྒྱལ་དག་པས་གཞོན་ཚུལ་གཏིའ་མུག་དག་པས་ཅན། །ཡབ་ཡུམ་སྤྱིའི་ཚུལ་བསྟན། སྐུ་མདོག་ནི་ཚུལ་བསྟན། ཡབ་ཀྱི་ཚུལ་ཡང་ཟེར། གསལ་འཕྲག་དོག་དག་པས་མཚེར་སེར་སྣ་དག་པས་ལྷུན་གདུག་བདག་འཛིན་དག་པས་གཟིའ་བརྗིད་ཞེན་པ་དག་པས་ལྡན། ༈ །དེ་ལ་ཞི་བའི་ཚུལ་དགུའ་ནི། གཉེན་པ་ནི་རིན་པོ་ཆེ་གསེར་ལྟ་བུ་སྟེ། གྱོང་བོ་དང་ཁེངས་པ་ལྟ་བུ་ནི་མ་ཡིན་ནོ། །ལྕུག་པ་ནི། འབྲས་ས་ལུའི་ལྗང་པ་ལྟ་བུ་སྟེ། དེ་ཡང་རེངས་པ་ལྟ་བུ་ནི་མ་ཡིན་ནོ། །འཁྲིལ་བ་ནི་དཔེར་ན་སྦྲུལ་ལྟ་བུ་སྟེ། ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མྱེད་པར་བཞུགས་པའོ། །སོ་སོར་བཞུགས་པ་ལྟ་བུ་ནི་མ་ཡིན་ནོ། །ལྡེམ་པ་ནི། ལྗོན་ཤིང་ལྟ་བུ་སྟེ། སྐྱོག་པོ་དང་ཡོན་པོ་ལྟ་བུ་ནི་སྤངས་པའོ། །གཞོན་པ་ནི། བྱིས་པ་ལོ་བརྒྱད་ལོན་པ་ལྟ་བུ་སྟེ། གཞོན་ཤ་ཆགས་པའོ། །རྒན་པོ་ཁོགས་པོ་ལྟ་བུ་ནི་མ་ཡིན་ནོ། །གསལ་བ་ནི། ཚེས་བཅོའ་ལྔའི་ཟླ་བ་ལྟ་བུ་སྟེ། མོག་མོག་པོའམ་ནག་ནག་པོ་ནི་མ་ཡིན་ནོ། །མཚེར་བ་ནི། ཉི་མའི་སྙིང་པོ་ལྟ་བུ་སྟེ། ཕྱོགས་གཅིག་པའམ་མི་གཅིག་པ་ལྟ་བུ་ནི་མ་ཡིན་ནོ། །ལྷུན་གདུག་པ་ནི། རི་བོ་ལྟ་བུ་སྟེ། སྟུར་སྟུར་པོ་ནི་མ་ཡིན་ནོ། །གཟིའ་བརྗིད་དང་ལྡན་པ་ནི། ནོར་བུ་ལྟ་བུ་སྟེ། མ་འདྲེས་ལ་གསལ་བའོ། །ནོར་བུ་འཆིང་བུ་ལྟ་བུ་ནི་མ་ཡིན་ནོ། །ལྷ་ཚོགས་རྣམས་ཀྱི་སྐུ་ནི་དེ་ལྟར་བས་ཆོག་མི་ཤེས་པར་བཞུགས་པའོ། །འོད་གཟེར་འཕྲོ་བའི་ཚོགས་ཆེན་པོ། །ཞི་བའི་སྤྲུལ་པའོ། །དེ་ཡང་སྐུའི་བ་སྤུའི་བུ་ག་གཅིག་ནས་ཡང་འོད་ཟེར་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་དྲུག་ཅུ་འབྱུང་བ་དང་། ཞལ་གྱི་མཛོད་སྤུ་ནས་འོད་ཟེར་ཁ་དོག་མི་འདྲ་བ་ཉི་ཤུ་རྩ་ལྔའི་ཚོགས་སུ་འཕྲོ་བའོ། །དེ་ཉིད་གནས་འགྱུར་བས་ཁྲོ་བོའི་དུས་ཀྱི་མེ་དཔུང་། འབར་བའི་འཕྲེང་བ་འཁྲིགས་པའི་སྟེང་། །ཁྲོ་བོའི་སྤྲུལ་པ། སྒོ་བཞིན་གནས་པའི་ཁྲོ་བོ་བཞི་ལས་ཀྱང་། ཉོན་མོངས་པ་བསྲེག་པའི་མེ་དཔུང་སྐལ་པ་འཇིག་པའི་དུས་ཀྱི་མེ་ལྟ་བུ་ཡེ་ཤེས་ཀྱི་མེ་དཔུང་འབར་བ་དང་། དེ་ཡང་ཡེ་ཤེས་ཀྱི་མེ་ཡིན་པས་ན་མེ་ལྕེ་འཕྲེང་བ་ལྟར་རྒྱུས་ནས་མེ་དཔུང་དུ་འཁྲིལ་ཞིང་འབར་བའོ། །མཐའ་དབུས་མྱེད་པར་ཁྱབ་པའི། །དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་རྫོགས། །ཕྱི་རོལ་ན་ཡང་ཡེ་ཤེས་ཀྱི་མེ་དཔུང་འབར་བའོ། །དེ་ཡང་ནམ་མཁའ་གར་ཁྱབ་པ་ཆོས་དབྱིངས་ཀྱིས་ཁྱབ་ལ། ཆོས་ཀྱི་དབྱིངས་ཀྱིས་གར་ཁྱབ་པར་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྟོགས་པའི་རྟགས་སུ་ལྷའི་གཞལ་ཡས་ཁང་གིས་ཁྱབ་པའོ། །དེ་བས་ན་རང་བཞིན་གྱི་དཀྱིལ་འཁོར་དུ་ལྷུན་གྱིས་རྫོགས་པའོ། །ཨོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏ་མ་ཀོ ྅་ཧཾ། བདག་གི་སྤྱི་བོར་རིན་པོ་ཆེའི་ཁང་བུ་ནང་དུ། ཉི་མའི་སྟེང་དུ་རྣམ་པར་སྣང་མཛད། སྐུ་མཚོན་གང་བ་གཅིག་ལ་སྐུ་མདོག་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་བསམ་མོ། །ༀ་མ་ཧཱ་ཨ་ཏ་རི་ཤ་ཛྙ་ན་བཛྲ་སྭ་བྷཱ་ཝ་ཨད་མ་ཀོ྅་ཧཾ། བདག་གི་དཔྲལ་བ་དངོས་སུ་རིན་པོ་ཆེའི་ཁང་བུའི་ནང་དུ། ཉི་ཟླ་པད་མའི་སྟེང་དུ ། རྡོ་རྗེ་སེམས་དཔའི་མཐིང་ག་ས་གནོན་གྱི་ཕྱག་རྒྱ་ཅན་བསམ་མོ། །ༀ་མ་ཧཱ་ས་མན་ཏ་ཛྙ་ན་བཛྲ་སྭ་བྷཱ་བ་ཨད་མ་ཀོ྅་ཧཾ། བདག་གི་ལྡན་པ་གཡས་སུ་རིན་པོ་ཆེའི་ཁང་བུ་ནང་དུ། ཉི་ཟླ་པད་མའི་སྟེང་དུ། རིན་འབྱུང་སེར་པོ་སྦྱིན་གཏོང་གི་ཕྱག་རྒྱ་ཅན་བསམ་མོ། །ༀ་མ་ཧཱ་པྲ་ཏ་པྲ་བེ་ཤ་ཛྙཱ་ན་བཛྲ་སྭ་བྷ་བ་ཨད་མ་ཀོ྅་ཧཾ། བདག་གི་ལྟག་ཁུང་དུ་རིན་པོ་ཆེའི་ཁང་བུའི་ནང་དུ། ཉི་ཟླ་པད་མའི་གདན་སྟེངས་སུ་སྣང་བ་མཐའ་ཡས་དམར་པོ་མཉམ་བཞག་གི་ཕྱག་རྒྱ་ཅན་བསམ་མོ། །ༀ་མ་ཧཱ་ཀྲི་ཏ་ཨ་ནུ་ཏ་ཛྙཱ་ན་སྭ་བྷཱ་བ་ཨད་མ་ཀོ྅་ཧཾ། བདག་གི་ལྡན་པ་གཡོན་དུ་རིན་པོ་ཆེའི་ཁང་བུ་ནང་དུ། ཉི་ཟླ་པད་མའི་གདན་སྟེངས་སུ། དོན་ཡོད་གྲུབ་པ་སྐྱབས་སྦྱིན་གྱི་ཕྱག་རྒྱ་ཅན་བསམ་མོ། །ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷ་བ་ཨད་མ་ཀོ྅་ཧཾ། བདག་གི་ཀླད་པའི་དུང་ཁང་དུ་འཁོར་ལོ་རྩིབས་བརྒྱད་ཀྱི་སྟེང་དུ་རྣམ་པར་སྣང་མཛད་དུ་བསམ་མོ། །ༀ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་བ་ཨད་མ་ཀོ྅་ཧཾ། བདག་གི་ལྕེ་སྟེངས་སུ་པད་མ་འདབ་བརྒྱད་ཀྱི་སྟེངས་སུ་སྣང་བ་མཐའ་ཡས་བསམ་མོ། །ༀ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་བ་ཨད་མ་ཀོ྅་ཧཾ། བདག་གི་ཐུགས་ཀྱི་དཔལ་བེའུ་ཟུར་བརྒྱད་སྟེངས་སུ་རྡོ་རྗེ་སེམས་དཔའ་བསམ་མོ། ༈ ། བདག་གི་སྤྱི་བོ་ལ་སོགས་པའི་གནས་ལྔར། རིན་པོ་ཆེའི་ཁང་བུ་ལྔའི་ནང་དུ། ༀ་ཨཱཿ ཧཱུྃ་སྭཱ་ཧཱ་ལྔ་ལས་རིགས་ལྔ་བསམ། སྐུ་གསུང་ཐུགས་ཀྱི་ལྷར་བསམ་མོ། །དེ་ནས་ཡབ་ཡུམ་སྦྱོར་བ་བྱས་པའི་སྦྱོར་འཚམས་ནས། ཡེ་ཤེས་ཀྱི་འོད་ཟེར་འཕྲོས་པས། འོག་མིན་ནས་རིགས་ལྔ་མདུན་གྱི་ནམ་མཁར་སྤྱན་དྲངས་ནས། ཡབ་ཡུམ་སྦྱོར་བ་བྱས་པའི་བྱང་སེམས་ལས་རིག་པའི་ལྷ་མོ་བུམ་པ་ཐོགས་པ་མང་པོས་བདག་ལ་ཆུ་བླུགས་ཏེ། དབང་བསྐུར་བས། དབང་རྟགས་སུ་རིགས་ལྔའི་དབུའ་རྒྱན་བཞུགས་པར་བསམ་མོ། །བདེའ་བར་གཤེགས་པའི་རིགས་ལྔས་ཡེ་ཤེས་ལྔའི་དབང་སྐུར། སྐུ་གསུང་ཐུགས་ཀྱི་བྱིན་བརླབས་བསྡུས། ལྷ་ཚོགས་ཐམས་ཅད་འོད་དུ་གསལ་བར་གྱུར་པའོ། །དེ་ལ་ལྷ་རེ་རེ་ལ་དབུའ་རྒྱན་ལྔ་བསམ་སྟེ། རང་རང་གི་རིགས་ཀྱིས་གཙོའ་བོ་བྱས་པ་ལྔ་ལྔ་བསམ་མོ། །ཐུབ་པ་དྲུག་ལ་མི་བྱེད་དེ། ཅིའི་ཕྱིར་ཞེ་ན། རྒྱུད་ལས། ཐུབ་དྲུག་སྤྲུལ་པའི་སྐུར་གནས་པས། བྱིན་བརླབས་ཨུར་རྒྱན་མ་གསུངས་སོ། །ཞེས་པས། འདོད་པའི་ཡོན་ཏན་སྤངས་པའི་ཚུལ་ཡིན་པས། ཆགས་ལམ་གྱི་དབང་མི་བཞེད་པ་དང་། སྤྲུལ་སྐུའི་ཚུལ་དུ་བཞུགས་པས། དབུའ་རྒྱན་མི་བཞེད་པ་ལ་དགོངས་པའོ། །སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ། །དབང་གི་ངོ་བོ་བསྟན། དབང་དང་ཡེ་ཤེས་ལྔ་བྱིན་བརླབས་སྐུ་གསུང་ཐུགས་ཀུན་བསྡུས་ཐིམ། །དཀྱིལ་འཁོར་ཀུན་ཏུ་གསལ་བར་འགྱུར། །ཡོན་ཏན་བསྟན། ས་ལ་སོགས་ལ་ཕྱག་རྒྱར་བྱས། །དཔེའ་བསྟན་པ་ནི། རྣམ་གྲོལ་རིམ་པ་ཐོབ་འགྱུར་ན། །དོན་བསྟན་པ་ནི། ས་ལ་སྐུ་གདུང་གཏབ་པ་དང་། ལྟེར་མཚོ་བྱས་པ་དང་། རས་སམ་དར་ལ་རིས་སུ་བྲིས་པའམ། ཐགས་སུ་བཏགས་པའམ། རྡོའམ་ཤིང་ལ་འབུར་དུ་སྐོས་པ་དང་། གསེར་དངུལ་ཟངས་ལྕགས་ལ་ལུགས་སུ་བླུགས་ནས། ལྷའི་ཕྱག་རྒྱ་བྱས་པས་ཀྱང་། དེའི་དོན་གྱིས་འཁོར་བའི་སྡུག་བསྔལ་ལས་གྲོལ་ནས། འབྲས་བུ་མྱ་ངན་ལས་འདས་པའི་གོ་འཕང་ཐོབ་པར་འགྱུར་ན་ཞེས་དཔེའོ། །དག་པའི་ཡེ་ཤེས་ཀྱིས་སྦྱངས་པས། །སྨོས་ཅི་དགོས་ཏེ་དེ་ཉིད་ཡིན། །འདི་དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱིས། ཆོས་ཐམས་ཅད་རང་བཞིན་མྱེད་པ་དོན་དམ་པ་ཆོས་ཀྱི་དབྱིངས་སུ་སྦྱངས་པ་དང་། ཀུན་ཏུ་སྣང་གི་དངོས་པོ་ཐམས་ཅད་རང་བཞིན་མྱེད་པ་ཡེ་ཤེས་སྒྱུ་མར་བྱས་པ་དང་། རྒྱུའི་ཏིང་ངེ་འཛིན་གྱིས་ཡིག་འབྲུར་སྦྱངས་པ་དང་། ཕྱག་རྒྱ་གཅིག་པས་རང་གི་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་སྦྱངས་པ་དང་། སྤྲོས་པའི་ཏིང་ངེ་འཛིན་གྱིས་སྤྱོད་ཡུལ་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་དུ་སྦྱངས་ནས་འབྲས་བུ་ཐོབ་པ་ལྟ་ཅི་སྨོས་ཏེ། ཏིང་ངེ་འཛིན་དེ་མངོན་དུ་གྱུར་པ་དེ་ཁོ་ན་ཉིད་འབྲས་བུ་ཡེ་ཤེས་ཡིན་པས། འབྲས་བུ་གཞན་ནས་རྩལ་དུ་གཞན་མྱེད་དོ། །དེ་བས་ན་སྨོས་ཅི་དགོས་ཏེ་དེ་ཉིད་ཡིན་ནོ། །ཕྱག་རྒྱའི་དཀྱིལ་འཁོར་གསལ་བསྐྱེད་ལ། །དེ་ལྟར་ཕྱག་རྒྱ་ལྷའི་དཀྱིལ་འཁོར་དམ་ཚིག་པ་གསལ་བར་བསྐྱེད་པ། དེ་ལ་ཡེ་ཤེས་ལྔས་དབང་སྐུར་བ་དང་། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པ་རྫོགས་པར་བྱས་ལ་སྤྱན་དྲངས་པའོ། །དབང་བསྐུར་བྱིན་བརླབས་རྫོགས་བྱས་ཏེ། །སྟོང་གསུམ་ཉུངས་འབྲུར་བཞུག་ཚུལ་དུ། །ཏིང་ངེ་འཛིན་གྱིས་བསྐྱེད་པའི་གཞལ་ཡས་ཁང་དེར། དེ་བཞིན་གཤེགས་པའི་དཀྱིལ་འཁོར་མི་ཤོང་ཞེ་ན། ལྷའི་རྫུ་འཕྲུལ་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོ། མི་འཇེད་འཇིག་རྟེན་གྱི་ཁམས་ཐམས་ཅད་ཉུངས་འབྲུ་གཅིག་གི་ནང་དུ་བཅུག་ཀྱང་། ཉུངས་འབྲུ་ཡང་ཆེར་མ་འཕེལ་ལ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཡང་ཆུང་ངུ་མི་འགྲོ་བར་ཆུད་པ་བཞིན་དུ། ཏིང་ངེ་འཛིན་གྱིས་བསྐྱེད་པའི་གཞལ་ཡས་ཁང་དེར། ཡེ་ཤེས་ཀྱི་དཀྱིལ་འཁོར་བཞི་བཅུ་རྩ་གཉིས་སྤྱན་དྲངས་ནས་བཞུགས་ནས་ཀྱང་། གཞལ་ཡས་ཁང་ཆེར་མ་འཕེལ་ལ། ཡེ་ཤེས་ཀྱི་དཀྱིལ་འཁོར་དེ་དག་ཆུང་ངུ་འགྲིབས་པ་མ་ཡིན་ནོ། །དེའི་ཕྱིར་ན་གསང་བའི་དཀྱིལ་འཁོར་ངོ་མཚར་ཆེ་བ་ཡིན་ནོ། །དབྱིངས་ནས་དཀྱིལ་འཁོར་སྤྱན་དྲངས་མཆོད། །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་སྤྱན་དྲངས་ལ། མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པས་མཆོད་པར་བྱའོ། །ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །གང་སྤྱན་དྲངས་ན། ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་དཀྱིལ་འཁོར་ནི་བདག་ཉིད་ཆེན་པོའི་རང་བཞིན་ལྷུན་གྲུབ་ཏུ་གནས་པ་སྟེ། གཞན་ལས་འཕགས་པའོ། །དེ་ཡང་ཕྱོགས་བཅུ་དང་དུས་བཞིའི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་ནི། བདག་ཉིད་ཆེན་པོར་སངས་རྒྱས་པའི་བཞི་བཅུ་རྩ་གཉིས་པོ་ཐམས་ཅད་སྤྱན་དྲངས་སོ། །མྱི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ནས། །ཡུལ་གང་ནས་སྤྱན་དྲངས་ན། ཆོས་ཀྱི་དབྱིངས་ལ་ཕན་ཚུན་དང་ཡུལ་ཅན་ལྟ་བུ་མྱེད་པ་དང་། རང་བཞིན་སྤྲོས་བྲལ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཉིད་ཡེ་ཤེས་ལྔར་སྣང་བ་དེ་ནི། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་བཞུགས་པའི་གནས་ཡིན་ནོ། །གཟུང་འཛིན་དང་བྲལ་བའི་ཡེ་ཤེས་ཉིད། དེ་བཞིན་གཤེགས་པ་ཀུན་གྱི་གནས་ཞེས་སོ། །དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ་། །ངོ་བོ་གང་སྤྱན་དྲང་ན། དཀྱིལ་རྡོ་རྗེ་སེམས་དཔའ་ལ། འཁོར་བྷུ་ཏ་བཞི་བཅུ་ཐམ་པས་སྐོར་བའི་འབུ་ཏ་བཞི་བཅུ་རྩ་གཉིས་པོ་ཐམས་ཅད་སྤྱན་དྲངས་བའོ། །རང་སྣང་དབྱེར་མྱེད་དཀྱིལ་འཁོར་ལ། །གང་དུ་སྤྱན་དྲངས་ན། རང་རིག་པའི་སྣང་བ་ལས་བྱུང་དམ་ཚིག་གི་དཀྱིལ་འཁོར་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་དབྱེར་མེད་པར་གཅིག་པ་ཡིན་ལ། འཇུག་པའི་མཚན་ཉིད་མཉམ་སྦྱོར་བས། །དགོས་ཆེད་ཅིའི་ཕྱིར་སྤྱན་དྲང་ན། རིག་པ་ལ་རིག་པ་འཇུག །དམ་ཚིག་པ་དང་ཡེ་ཤེས་པ་མཉམ་པར་སྦྱོར་བས་སོ། །དེ་ཡང་རང་སྣང་ལ་ཡེ་ཤེས་ཀྱི་ལྷ་འཇུག་པའི་མཚན་ཉིད་དམ་འཇུག་ལུགས་ནི་བདག་དང་ལྷ་མཉམ་པར་སྦྱོར་བའོ། །ཕྱོགས་དུས་ཀུན་ནས་གཤེགས་པའི། །ཕྱོགས་བཅུ་དུས་བཞིར་འགྲོ་བའི་དོན་ཡོངས་སུ་རྫོགས་པར་མཛད་པའི་རྒྱལ་བ་སངས་རྒྱས་བཞི་བཅུ་རྩ་གཉིས་པོ་དེ་དག་ཐམས་ཅད་ལ། བསྙེན་པའི་དཀྱིལ་འཁོར་ཀུན་ཏུ་རྫོགས། །བདག་གིས་ཚེ་སྔ་མའི་དུས་ཕན་ཅད་དུ་ལྷ་དང་བསྙེན་པ་རྫོགས་པར་ཕུལ་བས་ན། ཉེར་བར་གྱུར་པའི་དམ་ཚིག་མཆོག །ད་ལྟར་གྱི་དུས་ན་བདག་དཀྱིལ་འཁོར་གྱི་ལྷ་དང་ཉེ་བར་གྱུར་པ་དང་། རྒྱལ་བ་དེ་དག་འགྲོ་བའི་དོན་མཛད་པར་ཐུགས་དམ་དུ་ཞལ་གྱིས་བཞེས་པ་ལས་མི་འདའ་བར་བདག་གི་དོན་མཛད་པའི་ཕྱིར་གནས་འདིར་བྱོན་པ་ཡིན་ནོ། །ཨཱོྂ་ཀྱེ་ཚུར་སྦྱོར་ཨེ་ཨ་ཧ་ཧི་བཅོམ་ལྡན་འདས་བ་ག་བན། མ་ཧཱ་ཐུགས་རྗེ་ཆེན་པོས་ཀ་རུ་ནི་ཀ་ཏྲི་གཟིགས་ཤིག་ཤ་ཧོ། ས་མ་ཡ་དམ་ཚིག་ལ་དགོངས་སྟོམ། ཛ་ལྷ་མོ་བཞི་ཧཱུྃ་བཾ་ཧོ། ཨཱོྂ་དམ་ཚིག་གི་ལྷའི་ཐུགས་ཀ་ནས་ལྷ་མོ་བཞི་འཕྲོས་པས། བཛྲ་རྡོ་རྗེ་ས་མ་ཡ་དམ་ཚིག་ཨཱོྂ་སྐུ། ཨཱྃ་བཛྲ་རྡོ་རྗེ་ས་མ་ཡ་དམ་ཚིག་ཨཱྃ་གསུང་། ཧཱུྃ་བཛྲ་རྡོ་རྗེ་ས་མ་ཡ་དམ་ཚིག་ཧཱུྃ་ཐུགས། འོག་མིན་ནས་མདུན་གྱི་ནམ་ཀ་ལ་ཡེ་ཤེས་ཀྱི་སངས་རྒྱས་བཞི་བཅུ་རྩ་གཉིས་སྤྱན་དྲངས་ནས། དབྱར་གྱི་སྤྲིན་ཕུང་ལྟར་འོད་ཟེར་འདབ་འབྱོར་དུ་བཞུགས་པའོ། །དཀྱིལ་འཁོར་གཉིས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དབྱེར་མེད་པར་གསལ་བ་ལ་རིག་པའི་མེ་ཏོག་དོར་ཞེས་བྱའོ། ༈ །སྐུ་རྡོ་རྗེ་དང་དབྱེར་མྱེད་པར་གྱུར་ཅིག །གསུང་རྡོ་རྗེ་དང་དབྱེར་མྱེད་པར་གྱུར་ཅིག །ཐུགས་རྡོ་རྗེ་དང་དབྱེར་མེད་པར་གྱུར་ཅིག །ཡོན་ཏན་རྡོ་རྗེ་དང་དབྱེར་མྱེད་པར་གྱུར་ཅིག །འཕྲིན་ལས་རྡོ་རྗེ་དང་དབྱེར་མྱེད་པར་གྱུར་ཅིག །སྭཱ་བཛྲ་རྡོ་རྗེ་ས་མ་ཡ་དམ་ཚིག་སྭཱ་ཡོན་ཏན། ཧཱ་བཛྲ་རྡོ་རྗེ་ས་མ་ཡ་དམ་ཚིག་ཧཱ་འཕྲིན་ལས། ༈ །ཨཱོྂ་ཡེ་ཤེས་ལྔ་བཛྲ་རྡོ་རྗེ་ས་མ་ཡ་དམ་ཚིག་ཧཱུྃ་སྡུ་བ། དངོས་གྲུབ་སྐུལ་བའི་སྔགས་སོ། །ནམ་མཁའ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་དངོས་གྲུབ་གསོལ། ཨཱོྂ་ཡེ་ཤེས་ལྔ་བཛྲ་རྡོ་རྗེ་ས་མ་ཡ་དམ་ཚིག་སྟོཾ་སྦྱོར་བ། དངོས་གྲུབ་གསོལ་བའི་དུས་ལ་བབ་བོ། །ཨཱོྂ་ཡེ་ཤེས་ལྔ་བཛྲ་རྡོ་རྗེ་ས་མ་ཡ་དམ་ཚིག་ཧོ་དགྱེས་པར་རོལ། དངོས་གྲུབ་གསོལ་བ་ལ་དགྱེས་པར་དགོངས་ཤིག །ཛཿཧཱུྃ་བྃ་ཧོཿ ཕྱག་རྒྱ་བཞིས་དགུག་བཞུག་བྱ་ཞིང་དགྱེས་པ་སྐྱེད་པའོ། །མེ་ཏོག་དོར་ལ་དངོས་གྲུབ་གསོལ། །རིག་པའི་མེ་ཏོག་ལྷ་ལ་དོར་ལ། རང་ལ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྐུལ་བར་བྱ་བའོ། །གཉིས་མྱེད་ཐིམ་བཞུགས་མཉེས་པར་བྱ། །དེ་ལྟར་མདུན་གྱི་ནམ་མཁའ་ལ་བྱོན་པ་ལ། རིག་པའི་མེ་ཏོག་དོར་བས། ལྷ་དང་བདག་དབྱེར་མྱེད་པར་རྟོགས་ནས། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་གསོལ་བའི་ཕྱིར། གཉིས་སུ་མྱེད་པར་ཐིམ། བདག་དངོས་གྲུབ་མ་ཐོབ་བར་དུ་བསྟན་པར་བཞུགས་སུ་གསོལ་ནས། མ་སྐྱེས་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི་ཞེས་པས་ཕྱག་འཚལ་ལ་མཉེས་པར་བྱའོ། །སྒྱུ་ཡུམ་འཕྲུལ་ཡབ་དྲ་འབྲེལ་པ་བའི་མངོན་རྫོགས་པའི། །ཕྱག་རྒྱའི་དོན་གནས་ཐབས་བསྟན། དབང་དེ་ལྟར་རྟོགས་ན་པོའི་ཡུལ་དུ་གང་གྱུར་པ་རྣམས། །ལམ་རྟོགས་ཐབས་བསྟན། མཉམ་པའི་ཐབས་ཤེས་རབ་ངང་དུ་རྟོགས་ལྟ་བས་གསལ་ཏིང་ངེ་ན། །འབྲས་བུའི་ངོ་བོ། ཐམས་ཅད་བྱང་ཆུབ་རིག་པ་མཆོག་གི་རྒྱ། །འཁོར་འདས། རྒྱལ་བ་བཞི་བཅུ་རྩ་གཉིས་པོ་ཐབས་ཤེས་རབ་དབྱེར་མེད་པའི་དོན་དེ། རང་རིག་པའི་མངོན་སུམ་དུ་གསལ་བའི་དུས་ན། ཕུང་པོ་དང་དབང་པོ་དང་རྣམ་པར་ཤེས་པ་ཐམས་ཅད། ཐབས་ཀྱི་རང་བཞིན་ཡབ་ཀྱི་དཀྱིལ་འཁོར་ལ། འབྱུང་བ་དང་ཡུལ་དང་དུས་ཐམས་ཅད་ནི། ཤེས་རབ་ཀྱི་རང་བཞིན་ཡུམ་གྱི་དཀྱིལ་འཁོར། དེ་དག་ཐམས་ཅད་ཐབས་ཤེས་རབ་གཉིས་སུ་མྱེད་པ་བྱང་ཆུབ་སེམས་མཉམ་པའི་ངང་དེར་རྟོགས་པར་གསལ་ན། ཆོས་ཐམས་ཅད་དེ་ལྟར་རྟོགས་པའི་ངང་དེ་ལས་མི་འདའ་བ་ལ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཞེས་བྱའོ། །སྐྱོད་ལུས་ཀྱི་ཡན་ལག་གོ་ཆེན་འཁོར་ལོའི་གཞལ་ཡས་བཞུགས་གནས་སོ་སུ། །ཐབས་ལྷ་ཡབ་ཡུམ་དང་ཤེས་རབ་འཁོར་བཅས་ཐམས་ཅད་ཀུན། །ངོ་བོ་གང་སྒོམ་ན། གསལ་ལྷའི་སྐུར་ཞིང་འོད་ཟེར་སྤྲུལ་པ་འཕྲོ་བསྒོམས་ན། །རྣམ་པ་ཇི་ལྟར་སྒོམ་ན། བསྒུལ་རང་གི་ལུས་ཀྱིས་བསྐྱོད་ཅིང་བྱས་པ་ཐམས་ཅད་ཕྱག་རྒྱ་ལྷའི་ཡིན། །སྒོམ་པའི་ཡོན་ཏན་གང་ཡིན་ན། སྐྱོད་ཆེན་ནི་ལུས་ཀྱི་ཡན་ལག་ལྔའོ། །དེ་ལྟར་འཁོར་ལོ་རྩིབས་བཞི་མུ་ཁྱུད་དང་བཅས་པའི་གཞལ་ཡས་ཁང་བསྒོམ། དེའི་ནང་དུ་ཐབས་ཡབ་དང་ཤེས་རབ་ཡུམ་ཐམས་ཅད། དེའི་འཁོར་བཅས་ཀུན་བསྒོམ་པ་ནི། དབུའ་ལ་དེ་བཞིན་གཤེགས་པའི་རིགས་ཡབ་ཡུམ་བཅུ། ལག་པ་གཡས་པ་ལ་རྡོ་རྗེའི་རིགས་ཡབ་ཡུམ་བཅུ། ལག་པ་གཡོན་པ་ལ་རིན་པོ་ཆེའི་རིགས་ཡབ་ཡུམ་བཅུ། རྐང་པ་གཡས་པ་ལ་ལས་ཀྱི་རིགས་ཡབ་ཡུམ་བཅུ། རྐང་པ་གཡོན་པ་ལ་པད་མའི་རིགས་ཡབ་ཡུམ་བཅུ་བསྒོམ་མོ། །དེ་ཡང་རྔམ་ཀློག་འཁོར་ལོ་བཀོད་པའི་མདོའ་ལས། ལག་གཡས་རྡོ་རྗེ་མི་བསྐྱོད་པ། །ལག་གཡོན་རིན་ཆེན་སེམས་དཔའ་སྟེ། རྐང་གཡས་ལས་ཀྱི་སེམས་དཔའ་ལ། །རྐང་གཡོན་པད་མའི་སེམས་དཔའ་ཡིན། །དབུས་ནི་དེ་བཞིན་གཤེགས་པའི་རིགས། །ཞེས་སོ། །སྐུ་དེ་དག་ཡང་གསལ་ཞིང་འོད་ཟེར་འཕྲོ་བར་བསྒོམས་ནས་གསལ་ན། རང་གི་ལུས་ཀྱིས་བསྒུལ་སྐྱོད་བྱས་པ་ཐམས་ཅད་ཡང་ལྷའི་ཕྱག་རྒྱ་ཡིན་ནོ། །ཅི་སྟེ་ན། རིག་པ་ལུས་ཀྱི་ཡན་ལག་ལྷ་ཡི་དམ་ལྷའི་སྐུར་གསལ་བའི་ངང་ལས་མི་འདའ་བའི་ཕྱིར་རོ། །གསང་དེ་ལྟ་བུ་དེ་ནི་བ་དེ་ཁོ་ན་ཉིད་ངེས་པའི་དོན་བྷ་ཞིག་ཡིན་པས་ལས། །ཁུངས་གང་ཡིན་ན། སྙིང་ཆོས་ཐམས་ཅད་པོའི་ཕྱག་རྒྱ་ལྷའི་སྐུར་གསལ་བ་ལས་འདའ་དེ་ལས་མི་འདའ་བའི་ཕྱིར་ན་ཀའོ། །ངེས་ཚིག་ཇི་ལྟར་ཡིན་ན། སྤྱོད་ཡུལ་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་གསལ་བ་སྟེ། སྐྱེ་བོ་དང་ཐེག་པ་འོག་མ་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་མ་གྱུར་པ་དང་། དེ་ནི་རྒྱུ་འབྲས་སུ་གཉིས་སུ་མྱེད་པའི་དོན་བྷ་ཞིག་ཡིན་པའི་ཕྱིར་ན། ཆོས་ཐམས་ཅད་དོན་གྱི་སྙིང་པོའི་ངང་དེ་ལས་མི་འདའ་བའི་ཕྱིར་ན་འདའ་ཀའོ། །མི་བསྐྱོད་རྡོ་རྗེ་སེམས་དཔའ་ཉི་མའི་གདན་དཀྱིལ་འབྲུ་ལྔ་ཡི་གེ། །རིན་ཆེན་འབྱུང་ལྡན་ཟླ་བའི་གདན་དཀྱིལ་འབྲུ་ལྔ་ཡི་གེ། །ལྔ་ལག་པ་གཡས་གཡོན་གཉིས་ཟུང་དུ་སྤྲོས་པ་བསྡུས་ལས། །སྦྱར་ཡབ་ཡུམ་ཐབས་ཤེས་རབ་བས་ཕྱག་འབྱུང་བའི་རྒྱུ། །ལག་པ་གཡས་པ་མི་བསྐྱོད་པའི་རང་བཞིན་གྱི་སོར་མོའི་བྲེ་ག་ལྔ་ལ་ཉི་མའི་དལ་སེན་མོའི་ཙམ་པ་ལྔ་བསྒོམ། དེའི་སྟེང་དུ་གུང་མོ་ལ་ༀ་མཛུབ་མོ་ལ་ཧཱུྃ། སྲིན་ལག་ལ་ཧཱ། ཐེའུ་ཆུང་ལ་སྭཱ། མཐེ་འོང་ལ་ཧཱ་བསམ་མོ། །ལག་པ་གཡོན་པ་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་དུ་བསྒོམས་པའི། སོར་མོའི་བྲེ་ག་ལྔ་ལ་ཟླ་བའི་དལ་སེན་ཟླུམ་ཙམ་པ་ལྔའི་སྟེང་དུ། གུང་མོ་ལ་ལཾ། མཛུབ་མོ་ལ་མུཾ། སྲིན་ལག་ལ་པཾ། ཐེའུ་ཆུང་ལ་མཾ། ཐེ་འོང་ལ་ཏཾ། བསམ་མོ། །དེ་ལྟར་གཉིས་པོ་དེ་ནས་འོད་འཕྲོས་པས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་པ་ལས་ཡི་གེ་བཅུ་ལ་ཐིམ་པས་འོད་དུ་འབར་རོ། །དེ་ཐུགས་ཁར་ཐལ་མོ་སྦྱར་བས་ཡབ་ཡུམ་སྦྱོར་བ་བྱེད་པར་བསམ་སྟེ། དེ་ལྟར་ཡབ་ཡུམ་ཐབས་ཤེས་རབ་སྦྱོར་བྱེད་པ་དེས་ནི། ཕྱག་རྒྱ་འབྱུང་བའི་རྒྱུ་རྡོ་རྗེ་ཐལ་མོ་ཡིན་ནོ། །ཨཱོྂ་དང་མུཾ་གཉིས་རྩེ་སྦྱར་ཏེ། །འབྱུང་བའི་རྒྱུ། འབྲུ་བརྒྱད་བསྣོལ་ནས་རྩེ་སྤྲད་པ། །བཅའ་བའི་ཐབས། རྒྱལ་བ་ཀུན་དང་མཉམ་སྦྱོར་བས། །སྒྱུར་བའི་དོན་བསྟན། བདེའ་བ་ཆེན་པོ་འབྱིན་པའི་རྒྱའ། །ཕྱག་རྒྱའི་དོན་བསྟན། བདག་ཀུན་ཏུ་བཟང་པོ་བསྒོམ། མཁའ་རྡོ་རྗེ་རྩེ་ལྔར་བསྒོམ། རྡོ་རྗེའི་རྩེ་མོར་ༀ། རཱ་པྲག་ཏུ་ཧཱུྃ་དང་ཨ་དང་ཧ་བསམ། ཡུམ་ཀུན་ཏུ་བཟང་མོར་བསྒོམ། མཁའ་པད་མ་འདབ་བཞིར་བསྒོམ། དབུས་སུ་མུཾ་བསམ། འདབ་མ་བཞི་ལ་ལཾ་མཾ་པཾ་ཏཾ་བསམ། དེ་ནས་རྡོ་རྗེ་དང་པད་མ་རྩེ་སྤྲད་པས། ༀ་དང་མུཾ་འབྱོར། པད་མ་དང་རཱ་འབྱོར། འབྲུ་བརྒྱད་པོ་སྣོལ་མར་རྩེ་སྤྲད་པ་ནི། དུས་གསུམ་གྱི་རྒྱལ་བ་ཀུན་དང་མཉམ་པར་སྦྱོར་བ་བྱས་པས། བདེའ་བ་ཆེན་པོ་བྱང་ཆུབ་ཀྱི་སེམས་འབྱིན་པའི་ཕྱག་རྒྱའོ། །དེ་ནི་ལྷག་པ་བྱང་ཆུབ་སེམས་ཀྱིས་དབང་བསྐུར་བའི་ཕྱག་རྒྱ་ཡིན་ལ། འདིར་ལག་པ་གཡས་གཡོན་སོར་མོ་སྣོལ་ལ་རྩེ་སྤྲད་ལ་བསྒོམ་པར་བྱའོ། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །བཅིང་བ་དམ་ཚིག་གི་ཕྱག་རྒྱ་བསྟན། ལག་པ་གཡས་པ་མི་སྐྱོད་པའི་རང་བཞིན་གྱི་སོར་མོའི་སྟེང་གི། ༀ་སྭ་ཧཱ་ཨའི་ཡིག་འབྲུ་བཞི་ཁུ་ཚུར་ནང་དུ་སྦས་ནས། ཐུགས་ཁར་གཟུང་སྟེ། མཛུབ་མོ་སྒྲེང་ནས་ཕྱིར་ལ་བཀན་པའི་ཚུལ་གྱིས་གཟུང་བ་ནི་དམ་ཚིག་གི་ཕྱག་རྒྱའོ། །ཧཱུྃ་བསྒྲེང་རྩེ་མོ་རྡོ་རྗེ་འབར། །བསམ་པ་ཆོས་ཀྱི་ཕྱག་རྒྱ་བ སྟན། མཛུབ་མོ་སྒྲེང་བའི་རྩེ་མོ་ལ་ཡི་གེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པར་བསམ་པ་ནི་ཆོས་ཀྱི་ཕྱག་རྒྱའོ། །ཟླ་བཏུལ་འབྲུ་སྦས་དྲིལ་བསིལ་ཞིང་། །བྱེད་པ་ལས་ཀྱི་ཕྱག་རྒྱ། ལག་པ་གཡོན་པ་བཟླ་བའི་དཀྱིལ་འཁོར་ཁུ་ཚུར་བཅངས་ནས་འབྲུ་ལྔ་ནང་དུ་སྦས་ཏེ། previous hit དྲིལབུ next hit་བསིལ་ཞིང་རང་གི་ཡུལ་ལ་འཁྲིལ་བ་ནི། བྱེད་པ་ལས་ཀྱི་ཕྱག་རྒྱའོ། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བསྟན། །སྐུར་བསྒོམ་པ་ཕྱག་རྒྱ་ཆེན་པོ་བསྟན། ཡབ་ལས་ཀྱི་རང་བཞིན་ཡུམ་ལ་འཁྲིལ་ནས། ཞལ་ཡུམ་ཆོས་ཀྱི་རང་བཞིན་ལ་འདུད་པ་ནི། ཕྱག་རྒྱ་ཆེན་པོའོ། ༈ །སྤྱིར་ཕྱག་རྒྱ་ལ་བཞི་སྟེ། ཕྱག་རྒྱ་བཅའ་བའི་གནས་ལྟ་ཟུར་གཡས་གཡོན་ནོ། །ཕྱག་རྒྱ་འབྱུང་བའི་རྒྱུ་རྡོ་རྗེ་ཐལ་མོའོ། །ཕྱག་རྒྱ་འབྱུང་བའི་ཐབས་ཐུགས་ཀ་དང་། ཕྱག་རྒྱ་དགྲོལ་བའི་དོན་སྟོང་ཉིད་དོ། །དེ་ལ་ཕྱག་རྒྱ་སྒྱུར་བའི་ཐབས་ལ་གསུམ་སྟེ། ཕྱི་ལུས་ཀྱི་ཡན་ལག་བྱིན་གྱིས་བརློབ་པའི་ཕྱག་རྒྱ་དང་། ནང་ལག་པ་གཡས་གཡོན་ལ་ཐབས་ཤེས་རབ་ཀྱི་ཡི་གེ་བགོད་པ་དང་། གསང་བ་རྡོ་རྗེ་པད་མ་རྩེ་སྤྲད་པའི་ཕྱག་རྒྱའོ། །དེ་ལ་ནང་ལ་བཞི་སྟེ། བཅིང་བ་དམ་ཚིག་གི་ཕྱག་རྒྱ་དང་། བསམ་པ་ཆོས་ཀྱི་ཕྱག་རྒྱ་དང་། བྱེད་པ་ལས་ཀྱི་ཕྱག་རྒྱ་དང་། བསྒོམ་པ་ཕྱག་རྒྱ་ཆེན་པོའོ། །དེ་བཞིས་ལྷ་སོ་སོའི་ཕྱག་རྒྱ་ཐམས་ཅད་ཁྱབ་པར་བཅིང་ངོ་། །ཕྱག་རྒྱ་དགྲོལ་བ་ནི། སྟོང་ཉིད་དུ་དགྲོལ་བའོ། །རྒྱས་པ་ལས། གཟུང་དང་འཛིན་པ་རྣམ་གཉིས་པོ། །དག་པར་དོར་བ་ཕྱག་རྒྱ་ཡིན། །ཞེས་སོ། །དེ་ལྟར་ལས་འདི་ནི། ཕྱག་རྒྱ་དེ་དག་ཐམས་ཅད་གཅིག་ཏུ་ཚང་བར་བཅིངས་ནས་བྱེད་པའོ། །དེ་བས་ན་ཐུན་མོང་མ་ཡིན་པའི་ཕྱག་རྒྱ་ཞེས་བྱ་བར་ཡང་འགྲོའོ། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །བཅིང་བ་དམ་ཚིག་གི་ཕྱག་རྒྱ་བསྟན། ལག་པ་གཡོན་པ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་གི། ལཾ་མཾ་པཾ་ཏཾ་བཞི་ཁུ་ཚུར་བཅངས་ནས་སྦས་ཏེ། ཐུགས་ཀར་ཕྱིར་གན་དུ་བཀན་ནས་བཅིངས་པ་ནི། དམ་ཚིག་གི་ཕྱགརྒྱའོ། །མུཾ་སྒྲེང་རྩེ་མོ་དྲིལ་བསིལ་འབར། །བསམ་པ་ཆོས་ཀྱི། མཛུབ་མོ་སྒྲེང་བའི་རྩེ་མོར་ཡི་གེ་མུཾ་བསམ། དེ་ལས་previous hit དྲིལབུ next hit་འབར་བ། གཅིག་ཏུ་གསལ་ན་previous hit དྲིལབུ next hit་བསིལ་བ་ནི། བསམ་པ་ཆོས་ཀྱི་ཕྱག་རྒྱའོ། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བྱེད་པ་ལས་ཀྱི་ཕྱག་རྒྱ་བསྟན། ལག་པ་གཡས་པ་ཉི་མའི་དཀྱིལ་འཁོར་གྱི་སྟེང་གི་ཡིག་འབྲུ་ལྔ་པོས་ལས་ཡབ་ཀྱི་རང་བཞིན་ལ་འཁྲིལ་བ་ནི། བྱེད་པ་ལས་ཀྱི་ཕྱག་རྒྱའོ། །བསྟུད་དེ་འཛུམ་པའི་མདངས་ཀྱིས་ལྟ། །སྒོམ་པ་ཕྱག་རྒྱ་ཆེན་པོ་བསྟན། ཡུམ་གྱི་དབུ་ལ་སྟུད་དེ། ཞལ་འཛུམ་པའི་མདངས་དང་བཅས་ནས་ལྟའོ། །དེ་ལྟར་ཡུམ་གྱི་སྐུར་ལྷག་གིས་གསལ་བ་ནི། སྒོམ་པ་ཕྱག་རྒྱ་ཆེན་པོའོ། །ཡུམ་དེ་གཉིས་ཀྱིས་ལྷ་ཚོགས་ཐམས་ཅད་འདྲེ་བར་ཤེས་པར་བྱའོ། །འབྲུ་བཞི་ༀ་མ་རྟོགས་པའི་ཡིག་འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །བཅིང་བ་དམ་ཚིག་ༀ་གསུང་ཡིག་འབྲུ་སྒྲེང་རྩེ་མོ་འཁོར་ཐུགས་ཕྱག་མཚན་ལོ་འབར། །ཆོས། ཟླ་བཏུལ་འབྲུ་ཡུམ་གྱི་འབྲུ་ལྔ་སྦས་པའོ་སྦས་དྲིལ་བསིལ་ཞིང་། །བྱེད་པ་ལས་འཁྲིལ་བའི་ཚུལ་གྱིས་སྐུར་སྒོམ་པ་ཕྱག་རྒྱ་ཆེན་པོ་ཆོས་ལ་བསྟན། ༈ །འབྲུ་མཾ་ལཾ་པྱཾ་ཏཾ་བཞི་སྦས་ནས་ཐུགས་ཀར་བཅིང་བ་དམ་ཚིག་བཀན། །ལམ་སྒྲེང་རྩེ་མོ་དྲིལ་བསིལ་བསམ་པ་ཆོས་འབར། །ཉི་མ་དཔའ་བོ་འབྲུ་ལྔ་ལས་སུ་འཁྲིལ་བྱེད་པ་ལས་ཀྱི། བསྟུད་ཏེ་འཛུམ་པའི་མདངས་སྐུ་ཕྱག་རྒྱ་ཆེན་པོ་ཀྱིས་ལྟ། །འབྲུ་བཞི་ༀ་ཧཱུྃ་ཨཾ་ཧ་བཞི་སྦས་ནས་ཐུགས་བཅིང་བ་དམ་ཚིག་ཀར་བཀན། །སྭ་རྩེ་འབར་བ་རིན་པོ་ཆེ། །བསམ་པ་ཆོས། ཟླ་བཏུལ་བྱེད་པ་ལས་འབྲུ་སྦས་དཔའ་བོ་དྲིལ་བསིལ་ཞིང་། །འཁྲིལ་བའི་སྐུ་ཕྱག་རྒྱ་ཆེན་པོ་ཚུལ་གྱིས་ཆོས་ལ་བསྟན། ༈ །འབྲུ་བཞི་མཾ་ལཾ་པྱཾ་ཏཾ་སྦས་ནས་ཐུགས་ཀར་བཀན་བཅིང་བ་དམ་ཚིག །མཾ་སྒྲེང་རྩེ་མོར་དྲིལ་བསིལ་བསམ་པ་ཆོས་འབར། །ཉི་མ་དཔའ་བོ་འབྲུ་ལྔ་ལས་སུ་བྱེད་པ་ལས་ཀྱི་འཁྲིལ། །སྟུད་དེ་འཛུམ་སྐུ་ཕྱག་རྒྱ་ཆེན་པོ་པའི་མདངས་ཀྱིས་ལྟ། ༈ །ༀ་ཧཱུྃ་སྭ་ཧཱ་འབྲུ་བཞི་སྦས་ནས་ཐུགས་ཀར་བཅིང་བ་དམ་ཚིག་བཀན། །ༀ་སྒྲེང་རྩེ་བསམ་པ་ཆོས་མོ་པད་མ་འབར། །ཟླ་བཏུལ་དཔའ་མོ་འབྲུ་སྦས་དྲིལ་བསིལ་བྱེད་པ་ལས་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་སྐུ་ཕྱག་རྒྱ་ཆེན་པོ་བསྟན། །འབྲུ་བཞི་དཔའ་མོ་སྦས་ནས་ཐུགས་ཀར་བཀན། །བཅིང་བ་དམ་ཚིག །པྱཾ་སྒྲེང་རྩེ་མོ་བསམ་པ་ཆོས་དྲིལ་བསིལ་འབར། །ཉི་མ་དཔའ་བོ་འབྲུ་ལྔ་ལས་སུ་བཅིང་བ་དམ་ཚིག་འཁྲིལ། །བསྟུད་དེ་འཛུམ་པའི་མདངས་སྐུ་ཕྱག་རྒྱ་ཆེན་པོ་མདངས་ཀྱིས་ལྟ། ༈ །འབྲུ་བཞི་སྦས་ནས་ཐུགས་ཀར་བཅིང་བ་དམ་ཚིག་བཀན། །ཧ་སྒྲེང་རྩེ་མོར་བསམ་པ་ཆོས་རལ་གྲི་འབར། །ༀ་ཨཱ་ཧཱུྃ་སྭ་ཟླ་བཏུལ་དཔའ་མོ་འབྲུ་སྦས་དྲིལ་བསིལ་བྱེད་པ་ལས་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་སྐུ་ཕྱག་རྒྱ་ཆེན་པོ་བསྟན། ༈ །འབྲུ་མཾ་ལཾ་པྱཾ་མཾ་བཞི་སྦས་ནས་ཐུགས་བཅིང་བ་དམ་ཚིག་ཀར་བཀན། །ཏཾ་སྒྲེང་རྩེ་མོ་བསམ་པ་ཆོས་དྲིལ་བསིལ་འབར། །ཉི་མ་དཔའ་བོ་འབྲུ་ལྔ་ལས་སུ་བྱེད་པ་ལས་འཁྲིལ། །སྟུད་དེ་འཛུམ་སྐུ་ཕྱག་རྒྱ་ཆེན་པོ་པའི་མདངས་ཀྱིས་ལྟ། ༈ །མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སྤྱིར་ན་མཆོད་པ་ལ་གཉིས་ཏེ། དངོས་སུ་འབྱོར་བ་དང་། སེམས་ཀྱིས་དམིགས་པའོ། །དེ་ལས་འདིར་ནི་སེམས་ཀྱིས་དམིགས་པའོ། །ནང་མཆོད་པའི་ཕྱག་རྒྱ་ཆེན་པོ་ཏིང་ངེ་འཛིན་གྱི་མཆོད་པ་ཟེར་རོ། །སེམས་ཀྱིས་ཡིད་བཞིན་སྤྲིན་ཚོགས་ཀྱིས། །རང་རིག་པ་བྱང་ཆུབ་ཀྱི་སེམས་ནི། ཇི་ལྟར་དམིགས་པ་བཞིན་དུ་གྲུབ་པས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བས། མཆོད་པ་མང་ཉུང་གི་ཚད་སྤྲིན་གྱི་ཚོགས་ཙམ་པ་སྤྲུལ་ན་དབུལ་ལོ། །ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་། །འཇིག་རྟེན་གྱི་ཁམས་ཞིང་ཁམས་སུ་དབུལ་བསྟན། དེ་ཡང་ཇི་ལྟར་སྤྲུལ་ཞེ་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ། བརྒྱའམ་བཀོད་པ། མནན་ན་ནེམ་སྙོམ་བྱེད་པ། གཏེག་ན་འཕར་མཉམ་བྱེད་པར་སྤྲུལ་ལོ། །གཉེན་འཇམ་རེག་ན་བདེའ་བའི། །ཞིང་ཁམས་དེའི་མཚན་ཉིད་ཅི་ཞེ་ན། གཉེན་ལ་འཇམ་པ་དང་། རེག་ན་ཟག་མྱེད་ཀྱི་བདེའ་བ་ཁྱད་པར་ཅན་སྐྱེ་བའོ། །སྣ་ཚོགས་རིན་པོ་ཆེའི་གཞིའི། །དེའི་གཞི་གང་ཞེ་ན། གཞིའ་རིན་པོ་ཆེ་རྣམ་པ་སྣ་ཚོགས་ལས་གྲུབ་པ། བསྟན་ཞིང་འདོད་པ་འབྱུང་བ་དང་། དྭངས་ཤིང་མཛེས་པར་སྣང་བའོ། །མཛེས་པར་བྲིས་ཤིང་སྤྲས་པ་དང་། །ཞིང་ཁམས་དེའི་རྒྱན་ནི་ཅི་ཞེ་ན། བར་བར་དུ་རིན་པོ་ཆེའི་དམིག་མང་རིས་སུ་བྲིས་པ་དང་། དེའི་དམྱིག་ཏུ་གསེར་གྱི་སོར་གདུབ་ལ། གཡུའི་འཕྲ་བཅུག་པ་ལྟར། རིན་པོ་ཆེའི་ཟ་རང་ཚགས་དང་། སྣ་འཕྱོང་དང་། ཆུན་འཕྱང་གི་ལྡ་ལྡིའི་རིས་སུ་སྤྲས་པ་དང་། དེ་ལྟ་བུ་ཡང་དཀྱིལ་འཁོར་གྱི་ལྷ་ལ་དབུལ་ལོ། །ཀུན་འབྱུང་རིན་ཆེན་ཕུང་པོ་འབར། །འཇིག་རྟེན་གྱི་རི་ཐམས་ཅད་ཏྲཾ་ལས་རིན་པོ་ཆེའི་ཕུང་པོ། ཁ་དོག་མཛེས་པའི་འདོད་པའི་ཡོན་ཏན་ཀུན་ལྡན་པ་འོད་འཕྲོ་ཞིང་འོད་ཟེར་འབར་བར་དམིགས་ལ་དབུལ་ལོ། །དབྱིབས་ལེགས་རྫིང་བུ་རོ་མཆོག་བསིལ། །ཆུ་བདུད་རྩིར་དབུལ་བ། འཇིག་རྟེན་གྱི་ཁམས་ཀྱི་མཚོའ་དང་རྫིང་བུ་དང་། འབབ་ཆུ་དང་སྟེང་ཁ་དང་། ཆུ་ཀླུང་ཆེན་པོ་ཐམས་ཅད། བདུད་རྩི་རོ་མཆོག་བརྒྱད་དང་ལྡན་པ། དབྱིབས་ལེགས་པ་བསིལ་ལ་འཇམ་པའི་བདུད་རྩིའི་ཆུ་རྒྱུན་དུ་དམྱིགས་ལ་དབུལ་ལོ། །རིན་ཆེན་ཁང་པ་སྣ་ཚོགས་དང་། །ཁང་པ་གཞལ་ཡས་ཁང་རྒྱན་དང་བཅས་པར་དབུལ་བར་བ སྟན། འཇིག་རྟེན་གྱི་ཁམས་ན་སྦྲ་དང་གུར་དང་། ཁང་པ་ལ་སོགས་པ་ཐམས་ཅད་རྣམས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱི་ནང་མྱེད་པ་དཔེར་ན་ཤེལ་གྱི་ཕོར་པ་ལྟ་བུར་གསལ་བ་ཟང་ཐལ་བར་དམྱིགས་ལ་དབུལ་ལོ། །རྒྱན་དང་དཔག་བསམ་ལྗོན་པའི་འཚལ། །འཇིག་རྟེན་གྱི་ཁམས་ན་རྩི་ཤིང་ཇི་སྙེད་ཡོད་པ་རྣམས། དཔག་བསམ་གྱི་ལྗོན་ཤིང་གི་འཚལ། དགོས་འདོད་ཐམས་ཅད་འབྱུང་བའི་རྒྱན་དུ་དམྱིགས་ལ་དབུལ་ལོ། །གླུ་དབྱངས་ཚིགས་སུ་བ ཅད་པའི་སྒྲ། །འཇིག་རྟེན་གྱི་ཁམས་ན་གླུ་ལེན་པ་དང་། དབྱངས་དང་ཚིགས་སུ་བཅད་པའི་སྒྲ་ཇི་སྙེད་ཡོད་པ་ཐམས་ཅད ། བདེའ་བར་གཤེགས་པ་ལ་ཚིགས་སུ་བཅད་པའི་བསྟོད་པ་བྱེད་པར་བསམས་ལ་དབུལ་ལོ། །བླ་རེ་རྒྱལ་མཚན་ན་བཟའ་གདུགས། །འཇིག་རྟེན་གྱི་ཁམས་ཀྱི་གོས་ཀྱི་རྣམ་པ་ཇི་སྙེད་ཡོད་པ་ཐམས་ཅད་ནི། བདེ་བར་གཤེགས་པ་ལ། བླ་རེ་དང་། རྒྱལ་མཚན་དང་། ན་བཟའ་དང་། གདུགས་དང་བ་དན་ལ་སོགས་པར་བསམས་ལ་དབུལ་བར་བྱའོ། ༈ །དོ་ཤལ་དཔུང་རྒྱན་སེ་མོ་དོ། །གཟུགས་ལྷ་དང་ལྷ་མོར་རྒྱན་གྱིས་བརྒྱན་ནས། འཇིག་རྟེན་གྱི་ཁམས་ན་ནོར་བུ་དང་། ཕྱག་གདུབ་དང་། ཞབས་གདུབ་དང་། རྒྱན་ཇི་སྙེད་ཡོད་པ་ཐམས་ཅད་ནི། བདེའ་བར་གཤེགས་པ་ལ་དབུའ་རྒྱན་དང་། ཕྱག་གདུབ་དང་། ཞབས་གདུབ་དང་། འགུར་ཆུ་དང་། དོ་ཤལ་དང་། དཔུང་རྒྱན་དང་། སེ་མོ་དོ་དང་། རྒྱན་རྣམ་པ་སྣ་ཚོགས་པར་བསམས་ལ་དབུལ་ལོ། །མཛེས་པའི་རྒྱན་རྣམས་སྣ་ཚོགས་དང་། །འཇིག་རྟེན་གྱི་ཁམས་ན་གོས་ཡོད་པ་རྣམས་ནི། བདེའ་བར་གཤེགས་པ་ལ་སྐུའི་སྟོད་གཡོགས་དང་། གསུང་གི་སྨད་དཀྲིས་དང་། ཐུགས་ཀྱི་ཟི་ལྡིར་དང་། ཡོན་ཏན་གྱི་ཆོས་གོས་དང་། མཛད་པ་ལས་ཀྱི་ཕུ་དུང་དང་། འགུར་ཆུ་ཟེ་པྲོག་དང་། སྐེད་ཆིངས་ནོར་བུའི་རྩར་འཕྱོང་ལ་སོགས་པ་དབུལ་ལོ། །བཟའ་དང་བཏུང་བའི་མཆོག་རྣམས་དང་། །འཇིག་རྟེན་གྱི་ཁམས་ན་བཟའ་བ་དང་། བཅའ་བ་དང་། བཏུང་བ་དང་། མུར་བ་དང་། ལྡག་པའི་ལོངས་སྤྱོད་ཇི་སྙེད་ཡོད་པ་ཐམས་ཅད་ནི། བདེའ་བར་གཤེགས་པ་ལ་རོ་མཆོག་བརྒྱ་དང་ལྡན་པའི་བདུད་རྩིར་བསམས་ལ་དབུལ་ལོ། །རང་ལ་མཛེས་པར་བརྒྱན་པའི། །ལྷ་དང་ལྷ་མོ་རྡུལ་སྙེད་ཀྱི། །བྲོ་གར་ལ་སོགས་བསམ་ཡས་ཀྱིས། །འཇིག་རྟེན་གྱི་ཁམས་ན་སྐྱེས་པ་དང་བུད་མྱེད་དང་། བུ་མོ་དང་། བུ་ཕོ་དང་། ཇི་སྙེད་ཡོད་པ་ཐམས་ཅད། རང་རང་གི་རྒྱན་མཛེས་པར་བརྒྱན་པ། གྲངས་བསམ་གྱིས་མི་ཁྱབ་པ་ནམ་མཁའི་རྡུལ་ཕྲ་མོ་སྙེད་དང་གྲངས་མཉམ་པ། དེ་དག་ཐམས་ཅད་ཀྱང་རྐང་པས་སྟབས་མཛེས་པའི་བྲོ་བརྡུང་བ་དང་། ལག་པས་ཕྱག་རྒྱ་མཛེས་པའི་གར་བྱེད་པར་བསམས་ལ་དབུལ་ལོ། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །གོང་མ་ལྟ་བུའི་ཏིང་ངེ་འཛིན་གྱི་མཆོད་པ་དེས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་བར་དམིགས་ལ། དཀྱིལ་འཁོར་ཀུན་ལ་རྒྱས་པར་དབུལ། །དཀྱིལ་འཁོར་གྱི་ལྷ་ཚོགས་རེ་རེ་ཞིང་ལ་རྒྱས་པར་དབུལ་བར་བྱའོ། ༈ །སྐལ་ལྡན་གསལ་བའི་ཁྱད་པར་གྱིས། །རིམས་ཀྱིས་ཡང་ན་ཅིག་ཆར་དུ། །ཚད་དང་དབུལ་ཐབས་བསྟན་པ། དབུལ་བའི་ཐབས་ནི་མ་ཧཱ་ཡོ་གའི་སྒོར་ཞུགས་པའི་རྣལ་འབྱོར་པ་དེ་ནི་སངས་རྒྱ་བའི་སྐལ་བ་དང་ལྡན་པ་སྟེ། དེ་ལ་ཏིང་ངེ་འཛིན་གསལ་མི་གསལ་གྱི་ཁྱད་པར་གྱིས། མཆོད་པ་ཡང་གསལ་ན་ཅིག་ཆར་དུ་དབུལ་ལ། མི་གསལ་ན་རིམས་ཀྱིས་དབུལ་ལོ། །བློ་ཆེ་ན་ཅིག་ཆར་རམ་དུས་གཅིག་ལ་དབུལ་ལ། བློ་ཆུང་ན་རིམས་ཀྱིས་དབུལ་ལོ། །བློ་ཤིན་ཏུ་ཆུང་ན་རིམ་པའམ་མོས་པས་དབུལ་བར་བྱའོ། །ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་ཞིང་། །མཆོད་པའི་ཕྱག་རྒྱ་ཆེན་པོར་བསྒོམ། །ནམ་མཁས་གར་ཁྱབ་པར་ཆོས་ཀྱི་དབྱིངས་ཀྱིས་ཁྱབ། ཆོས་ཀྱི་དབྱིངས་ཀྱིས་གར་ཁྱབ་པར་བདེའ་བར་གཤེགས་པས་ན། མཆོད་པ་དང་བདེའ་བར་གཤེགས་པ་མཉམ་པར་སྦྱོར་ཞིང་དབུལ་ལོ། །དེ་ནི་རྩོལ་བ་དང་བཅས་པའི་མཆོད་པ་མྱིན་ཏིང་ངེ་འཛིན་གྱིས་འབུལ་བས་ན་མཆོད་པའི་ཕྱག་རྒྱ་ཆེན་པོར་བསྒོམ་པའོ། །ཐོག་མར་བདག་ཉིད་རྟོགས་གོམས་བསྒྲལ། །རྟོགས་པས་བདག་བསྒྲལ་བ་བསྟན། ཐོག་མ་ནི་བདག་དང་གཞན་གཉིས་ལས། ཐོག་མར་བདག་བ སྒྲལ་ལོ། །བདག་ཉིད་ནི་རང་ལུས་སོ། །རྟོགས་པ་ནི་དབང་པོ་ཡུལ་གྱི་སྒྲོལ་བ་སྟེ། ཡུལ་དུ་སྣང་བ་ཐམས་ཅད་ཡུམ་གྱི་དཀྱིལ་འཁོར། ཤེས་པ་འཇུག་པ་ཐམས་ཅད་ཡབ་ཀྱི་དཀྱིལ་འཁོར་བསམ་མོ། །བསྒོམ་པ་ནི་རང་ལུས་སྐྱེ་བ་མྱེད་པར་སྒོམ། མ་རིག་པ་དང་ལོག་ལྟ་དང་བདག་འཛིན་ལ་སོགས་པ་ཕྱིན་ཅི་ལོག་གི་སྣང་བ་གང་ཡིན་པ་ཐམས་ཅད་མཆོད་པར་དབུལ་ལོ། །དེ་ནས་གཉིས་མྱེད་བློ་ཡིས་ནི། །ཐུགས་རྗེས་གཞན་སྒྲལ་བ་བསྟན། དེ་ལྟར་རྟོགས་པས་བདག་བ སྒྲལ་བ་དེ་ནས། ཐུགས་རྗེས་གཞན་བ སྒྲལ་བ་ནི། བདག་རྣལ་འབྱོར་པ་དབྱིངས་དང་ཡེ་ཤེས་གཉིས་སུ་མྱེད་པ་དང་། ཐབས་དང་ཤེས་རབ་གཉིས་སུ་མྱེད་པའི་དོན་རྟོགས་པའི། གང་ཟག་དེ་ཡིས་ནི། ཞེས་སོ། །བློ་ངན་འཇིག་རྟེན་སྙིང་རེ་རྗེ། །བློ་ཆུང་བའམ་སེམས་གཉིས་སུ་མྱེད་པའི་གཉིས་སུ་འཛིན་པ་དེ་དག །སྙིང་རྗེ་ཆེན་པོའི་ཡུལ་དུ་དམྱིགས་ལ། འཇིག་རྟེན་ན་གནས་པའི་སེམས་ཅན་ཐམས་ཅད་སྙིང་རྗེའི་འདུ་ཤེས་ཀྱིས། གཉིས་སུ་མྱེད་པར་བསྒྲལ་བར་བྱ། །བདག་ཉིད་སྒྲོལ་བའི་ལྷ་ཏ་ཀི་ར་ཙར་གསལ་བ་དང་། གྲི་འཇམ་དཔལ་ཡེ་ཤེས་སེམས་དཔར་གསལ་བ་དང་། བསྒྲལ་བའི་སེམས་ཅན་ཐམས་ཅད་དེ་དག་ཏུ་རུ་ཏྲ་གསལ་བར་བྱས་ལ། བདག་ཏུ་རྟོག་པ་རྩད་ནས་བཅད་ནས། སེམས་འོག་མིན་དུ་བསྒྲལ་བ་དང་། ཕུང་པོ་འདོད་ཡོན་གྱི་ལྷ་མོར་བྱས་ལ། དཀྱིལ་འཁོར་གྱི་ལྷ་ལ་དབུལ་བར་བྱའོ། །དེ་བས་ན་བདག་དང་གཞན་གཉིས་སུ་མྱེད་པར་བསྒྲལ་བར་བྱའོ། ༈ །གསལ་ལྡན་མའམ་བྱིན་བརླབས་ལ། །སྦྱོར་བའི་མཆོད་པ་ནི་ལྔ་ལས། འདི་མངོན་དུ་ཕྱུང་བ་སྦྱོར་བའི་མཆོད་པ་སྟེ། དེ་ཡང་ཡུམ་དེ་རང་གི་ཏིང་ངེ་འཛིན་བསྒོམ་ཤེས་ན་གསལ་ལྡན་མ་ཞེས་བྱ་སྟེ། རྣལ་འབྱོར་པས་བྱིན་གྱིས་བརླབས་མི་དགོས། ཏིང་ངེ་འཛིན་བསྒོམ་མི་ཤེས་ན། རྣལ་འབྱོར་པས་བྱིན་གྱིས་བརླབས་ལ་བྱའོ། །ཐབས་ཡབ་དང་ཤེས་རབ་ཡུམ་གཉིས་མྱེད་པའི། །ཐབས་ཡབ་རྡོ་རྗེ་སེམས་དཔར་བསྒོམ། མཁའ་རྡོ་རྗེ་རྩེ་ལྔ་པར་སྒོམ། རྩ་བར་ༀ། སྐེད་པར་ཧཱུྃ། རྩེ་མོར་ཕཊ་བསམ་མོ། །ཤེས་རབ་ཡུམ་དབྱིངས་ཕྱུག་མར་བསྐྱེད། མཁའ་པད་མ་འདབ་བརྒྱད་དུ་བསམ། དཀྱིལ་དུ་ཧཱུྃ་དགོད་པར་བྱ། ཡབ་ཡུམ་གཉིས་མྱེད་དུ་སྦྱོར་བ་བྱེད་པ་ནི། ཡུམ་གྱིས་ས་མ་ཡ་ཧོ། ས་མ་ཡ་སྟྭོཾ། ས་མ་ཡ་ཧཱུྃ་ཞེས་བརྡས་སྐུལ། ཡབ་ཀྱིས་ར་ག་ཡ་ཧོ། ཞེས་ལན་བྱིན་ནོ། །འཁྲིལ་སྦྱོར་བ་བའི་མཆོད་ཆེན་མཉམ་དུས་གསུམ་སངས་རྒྱས་དང་སྦྱོར་བས། །ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མྱེད་པའི་མཆོད་པ་མཛད་ནས། རིག་པ་ནང་དུ་བཟུང་བས། དགའ་བ་དང་། མཆོག་དགའ་དང་། ལྷན་ཅིག་སྐྱེས་པའི་དགའ་བ་དང་། དགའ་བྲལ་གྱི་དགའ་བ་ཆེན་པོས་རང་ལུས་བདེའ་བས་རྒྱས་པར་བྱ། དེ་ནས་བྱང་སེམས་ཕྱིར་བྱུང་བ་དང་། བདག་ཉིད་མཉེས་པས་མཉེས་པར་བྱ། །ལྷག་པ་བྱང་ཆུབ་སེམས་ཕར་ལ་འཕྲོས་པས་དཀྱིལ་འཁོར་གྱི་ལྷ་ལ་མཆོད་པའི་ཕུལ། བདག་ཉིད་ཡབ་ཡུམ་ལ་ཐིམ་པས། རང་གི་རྟོག་ཚོགས་ཉིད་དཀྱིལ་འཁོར་དུ་གསལ་བ་ལ་མཉེས་པའི་མཆོད་པ་དབུལ་ལོ། ༈ །སྤྱིར་སྒྲོལ་བའི་མཆོད་པ་ལ་ལྔ་སྟེ། རང་བཞིན་གྱིས་སྒྲོལ་བ་དང་། ཏིང་ངེ་འཛིན་གྱི་དང་། དཔའ་བོ་ཡུལ་གྱི་དང་། ཐབས་ཆེན་པོའི་དང་། མངོན་དུ་ཕྱུང་བའི་དང་ལྔ་ལས། འདིར་རང་བཞིན་གྱི་སྒྲོལ་བའོ། །དང་པོ་ནི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་དོན་དམ་པར་མ་སྐྱེས་པ། ཀུན་རྫོབ་ཏུ་ཡེ་ཤེས་ཀྱི་དཀྱིལ་འཁོར་སངས་རྒྱས་པའོ། །དེ་བས་ན་མཆོག་གི་མཆོད་པ་ནི། མཆོད་པ་ཐམས་ཅད་ཀྱི་ཐོག་མར་འགྲོ་བའོ། །རང་རིག་པ་ཉིད་རྟོགས་ནས། མ་རིག་པའི་མུན་པ་རྣམས་མཆོད་པར་འབུལ་བའོ། །དོན་གྱི་ངོ་བོ་ལ་སྒྲོལ་བར་མ་གྱུར་བའམ། མཆོད་པར་མ་གྱུར་པ་གང་ཡང་མྱེད་པའོ། །མཉམ་པའི་སྒྲུབ་རྫས་ཆེན་པོ་དག །བདག་དང་མཉམ་པའི་ཚོགས་དབུལ། །རྫས་ཀྱི་མཆོད་པ་ནི་གསུམ་སྟེ། ངོ་བོ་དང་། གྲུབ་པ་བཞིས་རྒྱན་པ་དང་། དབུལ་ཐབས་སོ། །ངོ་བོ་ནི། དྲི་ཆེན་དྲི་ཆུ་མཾ་ས་རག་ཏ་ལྷག་པའི་བྱང་སེམས་དང་ལྔའོ། །གྲུབ་པ་བཞིས་རྒྱན་པ་ནི། ཆོས་ཉིད་རང་བཞིན་གྱིས་གྲུབ་པ་དང་། ཆོས་ཅན་ངོ་བོས་གྲུབ་པ་དང་། མཐུའ་ཅན་ལས་ཀྱིས་གྲུབ་པ་དང་། བྱིན་བརླབས་ནུས་པས་གྲུབ་པའི་རྫས་སོ། །དེ་ལྟ་བུའི་གྲུབ་རྫས་ཆེན་པོ་ནི། རང་བཞིན་གྱིས་མཉམ། ལས་ཀྱིས་མཉམ་པའི་ཕྱིར་ན། མཉམ་པའི་གྲུབ་རྫས་ཏེ། བདག་དམ་ཚིག་སེམས་དཔའ་དང་། ལྷ་ཡེ་ཤེས་སེམས་དཔའ་མཉམ་ཞིང་དབྱེར་མྱེད་པའི་ཚོགས་ལ། མཆོད་པ་བླ་ན་མྱེད་པའི་དམ་རྫས་དག་པའི་མཆོད་པ་འབུལ་བའོ། །བཟའ་དང་བཅའ་དང་བཏུང་དང་བགོའ། །རྒྱུའི་རྫས། བཟའ་བ་ཟས་ཀྱི་རྣམ་པ། བཅའ་བ་ཟུས་པའི་རྣམ་པ་དང་། བཏུང་བ་ཆང་གི་རྣམ་པ་དང་། བགོའ་བ་གོས་ཀྱི་རྣམ་པ་རྣམས་ནི། ལོངས་སྤྱོད་རྫས་ཀྱི་མཆོད་པ་ཆེན་པོར་དབུལ་ལོ། །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ཀུན། །བྱིན་གྱིས་རླབས་པ་བསྟན། དམྱིག་གཟུགས་ཀྱི་ལོངས་སྤྱོད་དང་། རྣ་བ་སྒྲའི། སྣ་དྲིའི། ལྕེ་རོ་ལུས་རེག་བྱའི་ལོངས་སྤྱོད་དང་། ལྔ་ནི་རང་ལ་གང་ཡོད་ལྡན་ན་དངོས་སུ་དབུལ། མ་ལྡན་ན་ཏིང་ངེ་འཛིན་གྱིས་སྤྲུལ་ལ་དབུལ་ཏེ། ལོངས་སྤྱོད་ལྔ་པོ་ཐམས་ཅད་ཀུན་དབུལ་ལོ། །དཀྱིལ་འཁོར་ཡེ་ཤེས་ལྷའི་ལ་ནི་དཀྱིལ་འཁོར་མཆོད་པ་ལྷ་མོའི་ཐིམ། །དབུལ་བཅས་བསྟན། ཡེ་ཤེས་ལྷའི་དཀྱིལ་འཁོར་དབུལ་བྱ་ལ། འབུལ་བྱེད་བདག་གི་ཐུགས་ཀ་ནས་འདོད་ཡོན་ལྷ་མོ་མང་པོ་སྤྲོས་ནས་ཐིམ་པའོ། །དེ་ལ་ནི་ཡེ་ཤེས་ལ་ཡེ་ཤེས་རོལ་ཞེས་བྱ། ཆོས་ཉིད་ལ་ཆོས་ཉིད་ཐིམ་ཞེས་བྱ། ལྷ་ལ་ལྷ་རོལ་ཞེས་བྱའོ། །ཨ་ལི་ཨུ་ལི་སྔགས་ཀྱིས་དབུལ་ལོ། །ཨཱོཾ་ཕྱོགས་བཅུ་དུས་བཞི་རྫོགས་པའི། །སྐུ་ལྔར་མངོན་པ་ཉིད་ཡི་གེ་ཨཱོཾ་དེའི་ཕྱིར་འགོའ་དྲངས་པའོ། །མངོན་པར་བྱང་ཆུབ་པའི་སྐུ་ལ་བསྟོད་པ། ཕྱོགས་བཅུ་དུས་བཞིར་མངོན་པར་རྫོགས་པ་སངས་རྒྱས་པའི་ལྷ། གནས་དང་དུས་ཀུན་ཏུ་ཐུགས་དམ་གྱི་དབང་གིས་འགྲོ་བའི་དོན་རྫོགས་པར་མཛད་པ་ནི། རྒྱལ་བ་ཡབ་ཡུམ་ལྔ་ཡང་སྐུ་ལྔར་འདུས། རང་འབྱུང་ཡེ་ཤེས་ཉིད་རང་འབྱུང་ལ་མ་འགགས་པར་གསལ་བ་ནི། མངོན་པར་བྱང་ཆུབ་པའི་སྐུའོ། །ཡེ་ཤེས་དཀྱིལ་འཁོར་ཐིག་ལེ་ཆེ། །ཆོས་ཀྱི་སྐུ་ལ་བསྟོད་པ། ཡེ་ཤེས་ལྔ་མི་རྟོག་པའི་ཡེ་ཤེས་སུ་གསལ་བ་ནི། དཀྱིལ་འཁོར་དེ་ཉིད་ཁྱབ་བརྡལ་ཆེན་པོར་གནས་པ་ནི་ཐིག་ལེའོ། །དེ་ཡང་ཆོས་ཉིད་ཀྱི་སྐུ་ནི་སྤྲོས་པའི་མཚན་མ་ཐམས་ཅད་བྲལ་བའི་ཆོས་ཉིད་ཡིན་ཏེ། དེ་ལྟར་སྣང་བའོ། །བསོད་ནམས་དཀྱིལ་འཁོར་སྐུའི་ཚོགས། །ལོངས་སྤྱོད་རྫོགས་པའི་སྐུ་ལ་བསྟོད་པ། གང་ཡང་མ་སྤངས་པར་ཟག་པ་མྱེད་པའི་བསོད་ནམས་རང་སྣང་བ་ནི། དཀྱིལ་འཁོར་ལྟ་བུ་སྟེ། འབྲས་བུ་ཡེ་ཤེས་ཀྱི་ཚོགས་ལས་ངེས་པར་འབྱུང་བ་ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེའ་བྱད་དུ་ལྡན་པའོ། །རྒྱུ་བསོད་ནམས་ཀྱི་ཚོགས་བར་ཆད་མྱེད་པ་ལས་འབྲས་བུ་ངེས་པར་འབྱུང་བ་ནི། ལོངས་སྐུ་དེ་དག་ལས་འཁོར་སྤྲུལ་སྐུའི་ཚོགས་འགྲོ་བ་རིགས་དྲུག་གི་དོན་སྤྲུལ་སྐུ་མང་པོར་མཛད་དོ། །སྣང་སྟོང་ཐིག་ལེ་ཀུན་ཏུ་རྫོགས་ཧོ། །སྤྲུལ་པའི་སྐུ་ལ་བསྟོད་པ། སྣང་བ་རྟགས་སྟོང་པ་དོན། དེ་གཉིས་སུ་མེད་པས་ཐིག་ལེ། ཀུན་ཏུ་རྫོགས་པས་གཉིས་སུ་མྱེད་པས་བྲག་ཆ་ལྟ་བུའོ། །དེ་སྐུ་གསུང་ཐུགས་དབྱེར་མེད་པ་རང་གི་ངོ་བོ་མཉམ་པ་ཉིད་འཇིགས་པ་ཐམས་ཅད་དང་བྲལ་བར་རང་བཞིན་གྱིས་གྲུབ་པ་ནི་རྡོ་རྗེའི་སྐུའོ། །དེ་སྐུ་ལྔ་ལ་དགྱེས་པས་ན་ཧོ་ཞེས་པའོ། །ཨཱོཾ་རྡོ་རྗེ་བསོད་ནམས་ཐིག་ལེ་ཆེ། །ཆོས་སྐུ་སྐྱེ་མྱེད་དོན་གྱི་གསུང་། ལོངས་སྐུ་དགོངས་པ་བརྡའི་གསུང་། གསུང་ལྔར་མངོན་པ་ཉིད་ཡི་གེ་ཨོཾ་དེའི་ཕྱིར་མགོ་དྲངས་པའོ། །རྡོ་རྗེ་བསོད་ནམས་ཀྱི་ངོ་བོ་སྒྲ་མ་སྤངས་པའི་ཕྱིར་ན། བརྡས་སྟོན་ཏེ། ལོངས་སྤྱོད་རྫོགས་པའི་སྐུ་ཉིད། ཕྱག་དང་ཞབས་དང་སྤྱན་དང་ལྗགས་ཀྱི་བརྡས། བྱང་ཆུབ་སེམས་དཔའི་འཁོར་ལ་བརྡ་གོ་བ་སྤྲོད་པ་དང་། སྒྲིབ་པ་སེལ་བས་ན་རྡོ་རྗེ། འབྲས་བུ་ཡེ་ཤེས་ཀྱི་བསོད་ནམས་ལས་གྲུབ་པས་ན་ལོངས་སྐུའོ། །ཞེས་བྱའོ། །སྤྲོས་པ་མྱེད་པའི་ཐིག་ལེ་བརྗོད་དུ་མྱེད་པས། དོན་གྱི་གསུང་ཆེན་པོས་ཏེ་ཆོས་ཀྱི་སྐུར་གནས་པའོ། །རྡོ་རྗེ་ཡེ་ཤེས་དཀྱིལ་འཁོར་ལྡན། །མངོན་པར་བྱང་ཆུབ་པའི་སྐུ་རིག་པ་སྒྱུ་མའི་གསུང་ངོ་། །རྡོ་རྗེ་ནི་སྟོང་ན། ཡེ་ཤེས་ནི་སྟོང་པའི་དོན་ཤེས་པ། དཀྱིལ་འཁོར་ནི་དོན་རྟོགས་པ། ལྡན་པ་ནི་སྟོང་པའི་དོན་ཡེ་ཤེས་སུ་ལྡན་པ། ཡེ་ཤེས་དཀྱིལ་འཁོར་དུ་ལྡན་པའོ། །དེ་ལྟ་བུ་དེས་མ་བརྗོད་པར་ཐམས་ཅད་གསལ་བར་བརྡ་སྤྲོད་པའི་ཕྱིར་ན་རིག་པའི་གསུང་ངོ་། །དེ་ནི་མངོན་པར་བྱང་ཆུབ་པའི་གསུང་ངོ་། །རྡོ་རྗེ་སྒྲ་ཆེན་མཐའ་ཡས་པ། །སྤྲུལ་སྐུ་སྣ་ཚོགས་ཚིག་གི་གསུང་ངོ་། །རྡོ་རྗེ་སྟོང་པ་སྒྲ་ཆེན་ཚངས་པའི་གསུང་། མཐའ་ཡས་སྣ་ཚོགས་སུ་སྣང་བ་སྟེ་སྤྲུལ་པའི་སྐུའི་ཚངས་པའི་གསུང་གིས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ཀྱིས་གོ་བར་སྤྱོད་པ་དང་། དེ་དག་གི་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་གཏན་ནས་འཇོམས་པར་བྱེད་དོ། །གཅིག་ལ་མང་པོ་གྲགས་པའི་ཕྱིར་ན། ཚངས་པའི་གསུང་ངོ་། །རྡོ་རྗེ་རྒྱལ་པོ་ཐིག་ལེ་ཆེ་ཧོ། །རྡོ་རྗེའི་སྐུ་གྲགས་སྟོང་དབྱེར་མྱེད་ཀྱི་གསུང་། །གསུང་གྲགས་སྟོང་དབྱེར་མྱེད་ཉིད་ཀྱིས་ཐམས་ཅད་ལ་དབང་དུ་བསྒྱུར་བ་དང་། གྲགས་སྟོང་ནི་སོ་སོའི་སྤྱོད་པ་ཐམས་ཅད་དང་བྲལ་བའི་ཕྱིར། ཚིག་མྱེད་པ་ཉིད་བརྗོད་པ་དང་འདྲ་བར་གསལ་བ་གསུང་གི་རང་བཞིན་ཡིན་པས་ན། རྡོ་རྗེའི་གསུང་ངོ་། །དེ་ལྟ་བུའི་དོན་ལ་དགྱེས་པས་ན་ཧོ་ཞེས་པའོ། །ཨཱོཾ་སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ། །ཆོས་དབྱིངས། སོར་རྟོག །མེ་ལོང་། སྐུ་ནི་ཆོས་སྐུ་ཟག་བྲལ་ཏེ། དེའི་ཐུགས་ནི་མཉམ་པ་ཆེན་པོ་ཡིན་ལ། དེ་ཉིད་ཆོས་ཀྱི་ཡེ་ཤེས་སོ། །གསུང་ནི་མངོན་པར་བྱང་ཆུབ་པ་སྟེ། མི་གཡོའ་བའི་ཐུགས་ཡིན་ལ། དེ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །ཐུགས་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། མྱེ་ལོང་ལྟ་བུའི་ཡེ་ཤེས། མི་གཡོའ་བའི་རང་བཞིན། མ་འགགས་པའི་ཐུགས་སོ། །དེ་གསུམ་དབྱེར་མྱེད་པས་ན་རྫོགས་པའོ། །མཆོག་ཏུ་གྱུར་པས་ན་ཆེན་པོར་གནས་པའོ། །ཡོན་ཏན་ཕྲིན་ལས་ཀུན་ཏུ་རྫོགས། །མཉམ་ཉིད། བྱ་གྲུབ། ཡོན་ཏན་ནི་རྡོ་རྗེའི་ཐུགས་ཏེ། མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །འཕྲིན་ལས་ནི་འགྲོ་བ་སྒྲོལ་བའི་ཐུགས་ཏེ། བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་རྣམས་གཅིག་ཏུ་གནས་པས་ན་ཀུན་ཏུ་རྫོགས་ཞེས་སོ། །ཡེ་ནས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཉེར་ལྔར་རྫོགས་པའོ། །ཡེ་ནས་ལྷུན་རྫོགས་ཀུན་ཏུ་བཟང་། །རིགས་ལྔའི་ཐུགས་ནི་ཡེ་ཤེས་ལྔར་གནས་ཏེ། དེ་ཡང་དེ་རེ་རེ་ལ་ཡང་ཡེ་ཤེས་ལྔ་ལྔར་ལྷུན་གྱིས་གྲུབ་པར་གནས་པས་ན་ཡེ་ནས་ལྷུན་རྫོགས་ཞེས་བྱ། མ་བཙལ་བར་སྐུ་ལྔ་ཡེ་ནས་ལྷུན་གྲུབ་ཏུ་རྫོགས་པ་ན། རང་བཞིན་ཀུན་ཏུ་བཟང་པོ་ཞེས་དེ་ལ་བྱའོ། །འདུས་པའི་ཚོགས་ཆེན་ཐིག་ལེ་ཆེ་ཧོ། སེམས་དཔའ་དང་སེམས་མ་ཐམས་ཅད་ཀྱང་། རང་རང་གི་རིགས་ཀྱི་ཡེ་ཤེས་ལྔའི་རང་བཞིན་དུ་འདུས་པས་ན། རྫོགས་ཞེས་བྱ་བའི་རྒྱལ་བ་ཉིད་དང་དབྱེར་མྱེད་པའི་ཕྱིར་ན། ཐིག་ལེ་ཆེན་པོའོ། །དེ་ལྟ་བུ་ལ་དགྱེས་པས་ན་ཧོ་ཞེས་བྱ་བའོ། ༈ །ཆོས་ཀྱི་དབྱིངས་དང་རང་རིག་པའི་ངོ་བོ་ཉིད་དམིགས་པ་ཉིད། རང་རིག་པའི་ཡེ་ཤེས་ཀྱི་གཞལ་ཡས་ཁང་དུ་ཤར་བ་སྟེ། དེ་ཕྱི་ནང་མྱེད་པར་གསལ་བའི་ཕྱིར། ཡེ་ཤེས་རིན་པོ་ཆེའི་གཞལ་ཡས་ཁང་ངོ་། །མྱི་དམྱིགས་པའི་རིག་པ་ཉིད་སྒྱུ་འཕྲུལ་སྣ་ཚོགས་སུ་སྣང་བས ། སྣང་སྟོང་དབྱེར་མྱེད་མཉམ་པའི་དབྱིངས་ཕྱི་ནང་དང་རྒྱ་ཆེ་ཆུང་མྱེད་པའི་གཞལ་ཡས་ཁང་ངོ་། །ཨཱོཾ་མྱི་དམྱིགས་སྒྱུ་འཕྲུལ་མཉམ་པའི་དབྱིངས། །གཞལ་ཡས་ཁང་། ཞིང་ཁམས། ཆོས་ཀྱི་དབྱིངས་ནི་ཡེ་ནས་རང་གི་ངོ་བོས་སྣང་སྟོང་དབྱེར་མྱེད་པར་མཉམ་པས་ཏེ། དེས་ཐམས་ཅད་དུ་ཁྱབ་པ་ནི་ནམ་མཁའ་དང་མཉམ་པ་མུ་མཐའ་མྱེད་པའི་ཕྱིར་སངས་རྒྱས་ཀྱི་ཞིང་ངོ་། །དེ་ལྟ་བུའི་གཞལ་ཡས་ཁང་དེ་ནི། དེ་བཞིན་གཤེགས་པའི་བཞུགས་གནས་སོ། །མཐའ་ཡས་ཀུན་ནས་སྣ་ཚོགས་འཕྲོ། །འོད་ཟེར། མཐའ་ཡས་ཀུན་ནས་ནི་སྐུའི་གནས་ཀྱི་བ་སྤུའི་བུ་ག་གནས་སོ། །སྣ་ཚོགས་འཕྲོ་ནི་འོད་ཟེར་བསམ་གྱིས་མྱི་ཁྱབ་པ་འཕྲོས་པས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་མ་ལུས་པ་སྦྱོང་བར་བྱེད་པའོ། །མཐའ་ཡས་ཀུན་ནས་ལྷུན་གྱིས་ཐིམ། །འདོད་པའི་ཡོན་ཏན་ལྔའི་ལོངས་སྤྱོད་ཐམས་ཅད་ནི། མཆོད་པའི་ལྷ་མོ་ལྔར་ལྷུན་གྱིས་གྲུབ་ནས་མཆོད་པ་དབུལ་བ་དང་། ལྷ་ལ་ལྷ་ཐིམ་ཞེས་བྱའོ། དེ་ཡང་མཐའ་ཡས་པའི་འདོད་ཡོན་ཀུན་ལ་མྱོང་བ་མྱེད་པའི་ཚུལ་གྱིས་སྤྱོད་པས་ན་ལོངས་སྤྱོད་པའོ། །སྣ་ཚོགས་སྐུ་གསུང་ཐུགས་ཆེན་པོ་ཧོ། །གདན་ཁྲི། སྣ་ཚོགས་ཞེས་པ་ནི། སེང་གེ་ལ་སོགས་པ་འབྲས་བུའི་བྱང་ཆུབ་སེམས་དཔའ་རེ་རེ་ཡང་བརྒྱད་བརྒྱད་དུ་སྣང་ནས་རྒྱལ་བའི་གདན་ཁྲི་འདེགས་པ་དང་། སྐུ་སྣང་ལ་རང་བཞིན་མྱེད་པའམ་གསལ་བ་ཉི་ཟླ་དང་། གསུང་ཉེས་པའི་སྐྱོན་གྱིས་མ་གོས་པས་པད་མའི་གདན་དང་། ཐུགས་རིགས་པའི་ཡེ་ཤེས་སུ་རང་སྣང་བའི་བརྟགས་སུ་དགོས་འདོད་འབྱུང་བ་རིན་པོ་ཆེའི་གདན་ནོ། །ཨཱོཾ་ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །ཞི་བའི་འཕྲིན་ལས། འཕྲིན་ལས་ལྔ་ཚོགས་པའི་ཕྱིར་ཨཱོཾ་གྱིས་སྣ་དྲངས་ནས་སོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནི། མང་ཉུ ང་གི་ཚད་རྡུལ་ཕྲ་རབ་དང་མཉམ་པས་ན་སེམས་ཅན་ཡང་རྡུལ་ཕྲ་རབ་དང་མཉམ་པ་དེ་རྣམས་ནི་དོན་བྱའི་ཡུལ་ལོ། །དེ་ཡང་གདུལ་བྱའི་གནས་ཕྱོགས་བཅུའི་འཇིག་རྟེན་ཚད་རྡུལ་ཕྲ་རབ་དང་། ངོ་བོ་དག་པ་དང་མ་དག་པའི་གདུལ་བྱའོ། །དེ་དག་ནི་ཉོན་མོངས་པ་ཞི་བར་བྱེད་པས་ན་ཞི་བའི་འཕྲིན་ལས་སོ། །རྒྱལ་བའི་དོན་རྣམས་རྡུལ་ཕྲན་སྙེད། །རྒྱས་པའི་ལས། དེ་དག་ཏུ་རྒྱལ་བའི་སྤྲུལ་པས་འགྲོ་བའི་དོན་བྱེད་པ་ཡང་རྡུལ་ཕྲ་རབ་དང་མཉམ་པའོ། །དེ་བས་ན་རྒྱལ་བའི་དོན་རྣམས་ནི་འདུལ་བྱེད་དོ། །རྡུལ་ཕྲན་སྙེད་ནི་འདུལ་ཐབས་སོ། །དེ་རྣམས་འགྲོ་དོན་དཔག་ཏུ་མཛད་པས་ན། རྒྱས་པའི་འཕྲིན་ལས་ཡིན་ནོ། །སྤྲུལ་པ་རྡུལ་ཕྲན་བསམ་ཡས་ཀྱིས། །དབང་གི་ལས། འདུལ་བྱེད་ཚད་ནི། བདེའ་བར་གཤེགས་པའི་སྤྲུལ་པ་ཐུབ་པ་དྲུག་གིས། གྲངས་རྡུལ་ཕྲན་ཙམ་ལ། འདུལ་ཐབས་ཞི་ཁྲོ་སྣ་ཚོགས་སུ་སྣང་བས་བསམ་ཡས་པའོ། །དེ་རྣམས་ཀྱིས་འགྲོ་བ་རྣམས་དབང་དུ་བྱེད་པས་ན་དབང་གི་འཕྲིན་ལས་སོ། །སྐད་ཅིག་ཡུད་ལ་ལྷུན་གྱིས་གྲུབ་ཧོ། །དྲག་པོའི་ལས། ལྷུན་གྲུབ། དོན་གྲུབ་ཚུལ་ནི། སྐད་ཅིག་གམ་ཡུད་ཙམ་མམ་ཐང་ཅིག་གིས་དོན་བྱེད་པ་དེ་ན་དྲག་པོའོ། །བཏུལ་བའི་ཚད་ནི་མ་བཙལ་བར་ལྷུན་གྱིས་གྲུབ་པའི་འཕྲིན་ལས་སོ། །དེ་ཡང་དོན་མཛད་པས་དེ་མ་ཐག་པའི་འཕྲིན་ལས་ཀྱིས་ཇི་ལྟར་བཏུལ་བ་བཞིན་དུ་ལྷུན་གྱིས་གྲུབ་པར་བྱེད་པས་ན། དྲག་པོ་དང་ལྷུན་གྲུབ་ཀྱི་འཕྲིན་ལས་སོ། །ཨཱོཾ་ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །འཁོར་འདས་ཀྱི་དངོས་པོ་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྐུ་གསུང་ཐུགས་སུ་གནས་ལ། སྐུ་གསུང་ཐུགས་ཀྱི་རོལ་པས་ཡོན་ཏན་འཕྲིན་ལས་སུ་རང་ཤར་ཏེ། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔར་གནས་སོ། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། །དེ་ལྟར་སྐུ་གསུང་ཐུགས་ཀྱང་རིག་པའི་ཡེ་ཤེས་ཀྱི་བདག་ཉིད་དུ་རང་ཤར་བ་ཡིན་ཏེ། དེ་དག་གི་ངོ་བོ་ནི་བདག་ཉིད་ཆེན་པོ་དཔལ་ཀུན་ཏུ་བཟང་པོའོ། །སྐུ་གསུང་ཐུགས་ཀྱིས་ཀུན་ཏུ་ཁྱབ། །བདག་ཉིད་ཆེན་པོས་ཐམས་ཅད་ལ་ཁྱབ་པ་ལྟར་གནས་པ་ཉིད་ན་དེས་ཅི་མཛད་ཞེ་ན། འཁོར་འདས་རྣམས་ལ་ཁྱབ་པར་མཛད་པའོ། །སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ་ཧོ། ༈ །སྐུ་གསུང་ཐུགས་ཀྱིས་ཀྱང་དངོས་པོ་ཐམས་ཅད་ལ་མ་ཁྱབ་པ་གང་ཡང་མྱེད་དོ། །ཐམས་ཅད་ལ་ཁྱབ་ཀྱང་བདག་ཉིད་ཆེན་པོར་སྦྱོར་བའི་ཕྱིར། སྤྲོས་པ་ཐམས་ཅད་དང་བྲལ་བས་ན་ཐིག་ལེ་ཆེ་ཞེས་བྱ་བའོ། །དེ་ལྟ་བུའི་དོན་ལ་དགྱེས་པས་ན་ཧོ་ཞེས་གསུངས་སོ། །སྒྱུ་འཕྲུལ་དྲ་བར་མངོན་རྫོགས་པའི། །སྒྱུ་ཡུམ་སྟེ་ཆོས་ཀྱི་དབྱིངས། འཕྲུལ་ཡབ་སྟེ་མ་འགགས་པར་སྣང་བ། དྲ་བ་འབྲེལ་པ་སྟེ་ཐབས་ཤེས་རབ་ཟུང་དུ་འབྲེལ་པའོ། །མངོན་རྫོགས་ནི་ཏིང་ངེ་འཛིན་གསལ་བའི་རིག་པ་ལ་མངོན་དུ་རྫོགས་པའོ། །ཏིང་ངེ་འཛིན་བསྟན་པའི་ཡོན་ཏན ། དཀྱིལ་འཁོར་བསྟན་པའི་ཏིང་ངེ་འཛིན། །དེ་ལྟར་ལྷའི་དཀྱིལ་འཁོར་གསལ་བར་རྫོགས་པ་དང་། ཤིན་ཏུ་ཏིང་ངེ་འཛིན་ལ་བརྟན་པ་ཐོབ་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཕོ་མོ་རྣམས་སོ། །བྲོ་གར་འདུ་འཕྲོའི་ཡོ་བྱད། བྲོ་གར་འདུ་འཕྲོའི་ཕྱག་རྒྱ་ཡིས། །རྣམ་པར་སྣང་མཛད་ཀྱི་དངོས་གྲུབ། འཛུལ་ལམ་ནམ་མཁར་འགྲོ་བར་འགྱུར། ༈ །དེ་ལྟ་བུའི་རྣལ་འབྱོར་ཕོ་མོ་རྣམས་ཀྱི་ཡན་ལག་ལྔ་ལ་ཚོམ་བུ་ལྔའི་དཀྱིལ་འཁོར་དུ་གསལ་བར་བསྒོམས་ལ། རྐང་པས་བྲོ་བརྡུང་བ་དང་། ལག་པས་གར་བྱ་བ་དང་། ཡིད་ཀྱིས་ལྷ་རྣམས་ལ་བྱང་ཆུབ་སེམས་འཕྲོས་པས། ལྷའི་སྐུ་གསུང་ཐུགས་མཉེས་པ་དང་། སེམས་ཅན་གྱི་དོན་བྱས་ནས་ཚུར་ལ་འདུས་པས། བདག་གིས་དངོས་གྲུབ་ཐོབ་པ་ནི། རིགས་ལྔའི་དངོས་གྲུབ་སྟེ། ཚེ་འདིར་ནམ་མཁའ་ལ་བྱ་བཞིནདུ་འཕུར་བ་དང་། ས་ལ་བྱི་བཞིན་དུ་འཛུལ་བ་དང་། ཆུ་ལ་མི་འབྱིང་བའི་དངོས་གྲུབ་འཐོབ་བོ། །གླུ་ཚིག་སྒྲའི་ཡོ་བྱད། གླུ་ཚིག་སྒྲ་ཡི་ཕྱག་རྒྱ་ཡིས། །རྣལ་འབྱོར་པ་ཕོ་མོ་རྣམས་ལྟ་བ་དང་ཏིང་ངེ་འཛིན་གསལ་བས་རྡོ་རྗེའི་གླུ་བླང་བ་དང་། དོན་ལྡན་རྡོ་རྗེ་ཡི་ཚིག་གིས་བདེ་བར་གཤེགས་པ་མཉེས་པར་བྱེད་པ་ལས་མི་འདའ་བའི་ཕྱིར་ན་ཕྱག་རྒྱའོ། །སྣང་བ་མཐའ་ཡས་གསུང་གི །ཆོས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །ཆོས་ཉིད་ཀྱི་གསུང་དང་བསྟན་པ་ཐམས་ཅད་དུས་གཅིག་ཏུ་མཁྱེན་པའི་དངོས་གྲུབ་འཐོབ་བོ། །རྒྱན་དང་བགོའ་བའི་ཡོ་བྱད། རྒྱན་དང་བགོའ་བའི་ཕྱག་རྒྱ་ཡིས། །རྣལ་འབྱོར་ཕོ་མོ་རྣམས་ལྷར་གསལ་བ་ལས། ལུས་ལ་རིན་པོ་ཆེའི་རྒྱན་སྣ་ཚོགས་གདགས་པ་དང་། དར་དང་ཟ་འོག་ལ་སོགས་པའི་གོས་སྣ་ཚོགས་བགོ་བའོ། །མི་བསྐྱོད་པའི་དངོས་གྲུབ། འབར་བའི་རྒྱལ་པོ་ཐུབ་མེད་འགྲུབ། །ལོངས་སྤྱོད་དེའི་ཡོན་ཏན་ནི། སྐུ་གང་གིས་ཀྱང་ཟིལ་གྱིས་མི་ནོན་པའི་དངོས་གྲུབ་འཐོབ་པའོ། །བཟའ་དང་བཏུང་བའི་ཡོ་བྱད། བཟའ་དང་བཏུང་བའི་ཕྱག་རྒྱ་ཡིས། །རྣལ་འབྱོར་པ་རྣམས་ལོངས་སྤྱོད་ཐམས་ཅད་བདུད་རྩིའམ་འདོད་ཡོན་གྱི་ལྷ་མོར་བྱིན་གྱིས་རླབས་ནས་བཟའ་བཏུང་ལོངས་སྤྱོད་ནས་ཕུལ་ཞིང་དངོས་གྲུབ་བླངས་པ་ཡིས། རིན་ཆེན་འབྱུང་ལྡན་གྱི་དངོས་གྲུབ། ཡིད་བཞིན་སྐུ་དང་བདུད་རྩི་འགྲུབ། །ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བའི་སྐུ། ལོངས་སྤྱོད་ཐམས་ཅད་བདུད་རྩིར་འགྲུབ་པར་འགྱུར་རོ། །ཨ་ལི་ཀ་ལིའི་ཡོ་བྱད། ཨ་ལི་ཀ་ལིའི་ཕྱག་རྒྱ་ཡིས། །སྒྲོལ་བ་དང་སྦྱོར་བའི་མཆོད་པ་ཚུལ་བཞིན་དུ་ཕུལ་ལ། ཐབས་ཤེས་རབ་གཉིས་སྙོམས་འཇུག་གི་ཕྱག་རྒྱར་གྱུར་པས་ཐབས་ཤེས་རབ་གཉིས་སུ་མྱེད་པར་གནས་པ་དེ་ཡང་། དོན་ཡོད་གྲུབ་པའི་དངོས་གྲུབ། ཐམས་ཅད་ཐམས་ཅད་འགྲུབ་པར་འགྱུར། །ཐུན་མོང་དང་ཐུན་མོང་མ་ཡིན་པའི་དངོས་གྲུབ་ཐམས་ཅད་ཚུལ་བཞིན་དུ་འགྲུབ་པར་འགྱུར་རོ། །དེ་ཡང་ཆད་སྦྱོར་ལམ་བསྟན་ནོ། ༈ །གང་བཟླས་ན། དེའི་བཟླས་པ་འཕྲུལ་ཆེན་ནི། །གོང་དུ་བསྐྱེད་པའི་དཀྱིལ་འཁོར་གྱི་ལྷའི་བཟླས་པ་བྱ་བ་ཡང་ཕར་འཕྲོ་བ་དང་ཚུལ་བསྟུད་པའི་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་ཏེ། བདག་ལས་ཡེ་ཤེས་ཀྱི་ལྷ་མདུན་དུ་དབྱེའོ། །རྣམ་གསུམ་ཚུལ་གྱིས་མ་འཁྲུལ་བར། །བདག་དམ་ཚིག་གི་ལྷ་གསལ་བ་དང་། མདུན་ན་ཡེ་ཤེས་ཀྱི་ལྷ་གསལ་བ་དང་། བར་དུ་སྔགས་ཀྱི་འཕྲོ་འདུ་གསལ་བ་སྟེ། ཡིད་མ་འཁྲུལ་ན་གསལ་བའོ། །སྔགས་བཟླས་འཕྲོ་འདུ་བར་མི་གཅད། །སྔགས་བཟླས་པས་ཕར་འཕྲོས་པས་ཡེ་ཤེས་ལྷའི་ཐུགས་དམ་བསྐུལ་བ་དང་། སླར་འདུས་པས་བདག་ལ་དངོས་གྲུབ་གསོལ་བར་དམྱིགས་པ་དང་། ཏིང་ངེ་འཛིན་གྱི་འཕྲོ་འདུའི་བར། རྣམ་པར་རྟོག་པས་མི་གཅད་པའོ། །སྔགས་ཀྱི་བར་མྱི་ཚིག་གིས་མི་གཅད་པར་བཟླས་པར་བྱའོ། །འདྲིས་གསལ་བརྟན་པ་མཆོག་གིས་བྱ། །དེ་ཡང་རང་ལྷའི་རྣལ་འབྱོར་ལ་འདྲིས་པ་དང་། འཕྲོ་འདུའི་ཏིང་ངེ་འཛིན་གསལ་བ་དང་། རྣམ་པར་རྟོག་པའི་རླུང་གིས་མ་སྐྱོད་པར་བརྟན་པར་བྱའོ། །དེ་ནི་མཆོག་གི་བཟླས་པའོ། ༈ །དེ་ལ་བཟླས་པ་ལ་གསུམ་སྟེ། འཛབ་ཁང་བསྐྱེད་པ་དང་། ལྷ་དབྱེའ་བ་དང་། བཟླས་པ་བྱ་བའོ། །དང་པོ་ནི་མདུན་གྱི་བར་སྣང་ལ། བྲུཾ་བི་ཤ་བི་ཤུད་དྷེ་བཛྲ་གཉའ་ན་ཙག་སུར་རྱ་རད་ན་པད་མ་མ་དྷ་ལ་ཞེས་བརྗོད་པས་གཞལ་ཡས་ཁང་བསམ་མོ། །དེ་ནས་ལྷ་དབྱེའ་བ་ནི། ཧཱུྃ་ཞེས་ལན་གསུམ་བརྗོད་པས། ཧཱུྃ་དང་པོས་སྣང་སྲིད་གསལ་བར་བྱས། ཧཱུྃ་གཉིས་པས་ཐམས་ཅད་བདག་ལ་བསྡུས། ཧཱུྃ་གསུམ་པས་བདག་དམ་ཚིག་པ་དང་། ལྷ་ཡེ་ཤེས་པ་གཉིས་སུ་དབྱེའ་སྟེ། བདག་དམ་ཚིག་གི་ལྷའི་དཀྱིལ་འཁོར་མདུན་ན། ལྷ་ཡེ་ཤེས་པའི་དཀྱིལ་འཁོར་གསལ་ཏེ། མར་མེ་གཅིག་ལས་གཉིས་སུ་དབྱེའ་བ་ལྟར་བསམ་མོ། །བཟླས་པ་ལ་ལྔ་སྟེ། ངོ་བོ་དང་། བཟླས་ཐབས་དང་། སྤྲོ་བསྡུ་དང་། གྲངས་ཚད་དང་། སྐྱོན་སྤང་བའོ། །ངོ་བོ་ནི་གཉིས་ཏེ། སྤྱི་བསྙེན་དང་། སྒོས་བསྙེན་ནོ། །སྤྱི་བསྙེན་ནི་རིགས་ཐམས་ཅད་རྡོ་རྗེ་སེམས་དཔའ་འདུས་པས། ཧཱུྃ་བཛྲ་འདྲིག །མུཾ་དྷ་དུ་ཤྭ་རི། ཞེས་པའོ། །སྤྱིར་དྲིལ་བ་ནི། ༀ་བོ་དེ་ཙི་ཏ་མ་ཧ་སུ་ཀ་གཉའ་ན་དྷ་དུ་ཨ་ཞེས་བཟླས་སོ། །སྒོས་བསྙེན་ནི། ལྷ་རང་རང་གི་སྔགས་ཐད་ཀར་བཟླས་སོ། །བཟླས་ཐབས་ལ་གསུམ་སྟེ། ཕྱི་ལུས་དམྱིགས་པའི་བཟླས་པ་དང་། ནང་རྩ་ལ་དམྱིགས་པའི་བཟླས་པ་དང་། གསང་བ་མཁའ་དབྱིངས་ལ་དམྱིགས་པའི་བཟླས་པའོ། །ཕྱི་ལྟར་བཟླས་པ་ནི། བདག་གི་ཐུགས་ཁ་ན་ཉི་ཟླ་པད་མའི་གདན། དེའི་སྟེང་ན་རྡོ་རྗེ་སེམས་དཔའ་ཚོན་གང་བ། གཡས་གསེར་གྱི་རྡོ་རྗེ་ནས་ཙམ་པ། གཡོན་གཡུའི་previous hit དྲིལབུ next hit་ཁུ་འཕངས་ཙམ་འཛིན་པ། སྐུ་སྟོད་དར་དཀར་གསེར་གྱི་ངང་རིས་ཅན་གྱི་སྐུའི་སྟོད་གསོལ་བ། སྐུ་སྨད་པ་ཏི་སྨུག་པོའི་གསུང་གི་སྨད་དཀྲིས་གསོལ་བ། དར་ཆེན་ས་དར་རིས་ཀྱིས་ཐུགས་ཀྱི་ཟིའུ་ལྡིར་གསོལ་བ། རྡུར་ཁ་ངང་མྱིག་རིས་ཀྱི་ཡོན་ཏན་གྱི་ཆོས་གོས་གསོལ་བ། ཆུ་དར་སྔོན་པོས་མཛད་པ་ལས་ཀྱི་ཕུ་རུང་བྱས་པ། རིན་པོ་ཆེའི་རྒྱན་རྣམ་པ་སྣ་ཚོགས་པས་སྤྲས་པ། འོད་དང་འོད་ཟེར་དཔག་ཏུ་མྱེད་པ་འཕྲོ་བ་བསམས་ལ། དེའི་ཐུགས་ཁར་ཉི་མ། དེའི་སྟེང་ན་རྡོ་རྗེ་ནས་ཙམ་པ། དེའི་ལྟེ་བ་ལ་ཧཱུྃ་མཐིང་ཀ་ཉུངས་འབྲུ་ཙམ་པ། དེའི་མཐའ་མ་ན་ཕར་ལ་སྔགས་ཀྱིས་སྐོར་བར་བསམ། མདུན་དུ་ཡང་དེ་ལྟར་བསམས་ལ། བཟླས་པའི་བདག་དང་མདུན་གྱི་གཉིས་ལ་སྤྲོ་བསྡུ་བྱའོ། །ནང་ལྟར་བཟླས་པ་ནི། བདག་གི་སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་ན་རྩ་འདབ་མ་སུམ་ཅུ་རྩ་གཉིས། མགྲིན་པ་ལོངས་སྤྱོད་ན་བཅུ་དྲུག །སྙིང་ཀ་ཆོས་ཀྱི་འཁོར་ལོ་ན་བརྒྱད། ལྟེ་བ་སྤྲུལ་པའི་འཁོར་ལོ་ན་དྲུག་ཅུ་རྩ་བཞི། གསང་གནས་རླུང་གི་འཁོར་ལོ་གཞུའ་ལྟ་བུ་དང་ལྔ་ལ། སྤྱི་བོར་རྣམ་སྣང་། མགྲིན་པར་སྣང་མཐའ། ཐུགས་ཁར་མི་བསྐྱོད། ལྟེ་བ་རིན་འབྱུང་། གསང་བར་དོན་གྲུབ་རྣམས་བསྒོམ། དེ་དག་གི་ཐུགས་ཁར་ཡེ་ཤེས་པ་རེ་རེ། དེའི་ཐུགས་ཁར་རྡོ་རྗེ་དང་འཁོར་ལོ་སོགས་པའི་ཕྱག་མཚན། དེའི་ལྟེ་བ་ལ་ཧཱུྃ་དང་ༀ་ལ་སོགས་པའི་རང་རང་གི་སྔགས་ཀྱིས་སྐོར་བའོ། །དེ་ལ་དམྱིགས་ནས་བཟླས་པས་འོད་གཟེར་བདག་ལས་ཆད། སྤྱི་བོར་ཕོག །བྱང་སེམས་གཞུའ་མགྲིན་པར་བབས། དེ་ནས་སྙིང་ཀ །དེ་ནས་ལྟེ་བ། དེ་ནས་གསང་གནས་སུ་བྱུང་། ཕྱིར་འཕྲོས་བདག་གི་སྤྱི་བོར་ཕོག །དེ་བཞིན་དུ་འགལ་མེ་བཞིན་དུ་བྱའོ། །གསང་བ་ལྟར་བཟླས་པ་ནི། བདག་གིས་བཟླས་པ་བྱས་པས། ཐུགས་ཁའི་སྔགས་སྲོག་རྩ་ནས་ན་ཡར་ལ་སོང་། སྤྱི་བོར་ཐིམ། སྒལ་ཚིགས་ཀྱི་རྟ་རྒྱུད། རྡོ་རྗེའི་ལམ་དུ་བྱུང་། ཡུམ་གྱི་མཁའ་ལ་འཕྲོས། མདུན་གྱི་ཐུགས་ཁར་ཐིམ། དེ་བཞིན་དུ་བཟླས་པའོ། །སྤྲོ་བསྡུའ་ནི་བསྙེན་པའི་དུས་སུ་འོད་དཀར་པོ་ཕར་ལ་ཉི་རྩེ་བ་སྤྲོ། ཉེ་བསྙེན་གྱི་དུས་སུ་འོད་སེར་པོ་ཕར་ལ་འཕྲོས་པའི་འགྲོ་བའི་སྒྲིབ་པ་སྦྱོང་། བསྒྲུབ་པའི་དུས་སུ་འོད་དམར་པོ་ཕར་ལ་འཕྲོས་པས་སེམས་ཅན་གྱི་སྒྲིབ་པ་སྦྱོང་། ཚུར་འདུས་ནས་དངོས་གྲུབ་སྡུད་དོ། །བསྒྲུབ་པ་ཆེན་པོའི་དུས་སུ་འོད་ལྗང་ཁུ་ཕར་ལ་མི་སྤྲོ་བར་ཚུར་ལ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་བསྡུད་དོ། །གྲངས་ཚད་ནི། གྲངས་ཀྱི་བསྙེན་པ་འབུམ་ཚོ་དྲུག །དུས་ཀྱི་བསྙེན་པ་དབང་པོ་རབ་ཟླ་བ་དྲུག །འབྲིང་ཟླ་བ་བཅུ་བཞི། ཐ་མ་ཟླ་བ་བཅུ་དྲུག་གོ། །མཚན་མ་ནི་རབ་ཡི་དམ་ལྷའི་ཞལ་མཐོང་། འབྲིང་བསྒྲུབ་རྫས་ལ་རྟགས་ཐོན། ཐ་མ་ཉམས་དང་རྨི་ལམ་གསལ་ལོ། །སྐྱོན་ནི་ཏིང་ངེ་འཛིན་མི་གསལ་བ་དང་། བཟླས་པ་སྒྲ་མ་དག་པ་དང་། ལེ་ལོ་དང་། གཡེང་བ་སྤང་ངོ་། །དེས་གྲུབ་བོ། །ཤེས་ལྟ་བ་རྒྱུ་འཇུག་བསྒོམ་པ་ལམ་མཚན་གཞི་ལམ་ཉིད་འབྲས་བུ་འབྱོར་པའི་འབྲེལ་པ་གཟུངས། །མངོན་དུ་གྱུར་པ་འབྲས་བུ་སྨིན་འབྲས་བུ་བྱེད་རྒྱུ་དང་ལམ་རྐྱེན། །གཞིའ་ཤེས་པའི་མཚན་ཉིད་ལྟ་བ་ནི། ལམ་གྱི། རྒྱུ་ལྟ་བུ། རྐྱེན་འཇུག་པའི་མཚན་ཉིད་བསྒོམ་པ་ནི། ལམ་གྱི་རྐྱེན་ལྟ་བུ། མངོན་དུ་གྱུར་པའི་འབྲས་བུའི་མཚན་ཉིད་ནི་འབྲས་བུའོ། །འབྱོར་བའི་གཟུངས་ནི་འབྲེལ་པ་སྟེ། གཞིའ་དང་ལམ་ནི་ཤེས་བྱ་དང་ཤེས་བྱེད་ཀྱི་འབྲེལ་པ་སྟེ། ལམ་དང་འབྲས་བུ་ནི་ཐོབ་བྱེད་ཀྱི་འབྲེལ་བའོ། །དེ་ལ་གཞིའ་ཤེས་པའི་མཚན་ཉིད་ལྟ་བ་ནི། ལྟ་བ་བདེན་པ་དབྱེར་མྱེད། རིག་པ་སྦྱོར་ཡུལ་དང་བྲལ། སྐོར་བདུན་ངོ་བོ་ཉིད་ཀྱི་རྒྱུར་གནས་པའོ། །རྐྱེན་འཇུག་པའི་མཚན་ཉིད་སྒོམ་པ་ནི། རང་རང་གི་ལུས་རྟོག་ཚོགས་འབུ་ཏ་བཞི་བཅུ་རྩ་གཉིས་ལས། ཡེ་ཤེས་ཀྱི་ལྷ་བཞི་བཅུ་རྩ་གཉིས་བསྒོམས་པའོ། །མངོན་དུ་གྱུར་པ་འབྲས་བུའི་མཚན་ཉིད་ནི། ལམ་གྱི་ཏིང་ངེ་འཛིན་ནུས་པ་མཐུའ་ཅན་དུ་གྱུར་པས། ཉེ་སྦྱོར་གྱི་འབྲས་བུ་རིག་འཛིན་བཞི་དང་། མཐར་ཐུག་གི་འབྲས་བུ་སྐུ་ལྔ་ལྷུན་གྲུབ་བོ། །དེ་བས་ན་གཞིའ་དང་ལམ་དུ་འབྱོར། ལམ་དང་འབྲས་བུར་འབྱོར། འབྲས་བུ་རྒྱུན་གྱི་ཏིང་ངེ་འཛིན། མི་བརྗེད་པའི་གཟུངས་དང་། རྡོ་རྗེ་ལྟ་བུའི་སྐུ། གཡུང་དྲུང་ལྟ་བུའི་ཚེ། ཐོབ་པ་དེ་ཁོ་ན་སྨིན་བྱེད་དོ། །འབྲས་བུ་ཐོབ་ལུགས་བསྟན། ནུས་མཐུའ་ཅན་དུ་གང་གྱུར་པ། །ཐུན་མོང་གི་འབྲས་བུ། རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། ༈ །ཁྱད་པར་གྱི་འབྲས་བུ། ལམ་གྱི་ཏིང་ངེ་འཛིན་ནུས་པ་མཐུའ་ཅན་དུ་གྱུར་པ་དེ་ལ་འབྲས་བུ་ཞེས་བཏགས་ལ། གཞན་ནས་འོངས་པ་མ་ཡིན་ནོ། །རིག་འཛིན་ནི། དང་པོ་དེ་ལས་བྱུང་བ་དང་། བར་དུ་དེའི་བྱ་བ་བྱེད་པ་དང་། ཐ་མར་དེའི་རྒྱུད་འཛིན་པའོ། །རྒྱལ་བའི་ཞིང་ནི། རྣམ་པར་དག་པའི་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སའོ། །དེ་ལྟ་བུ་ཐུབ་བོ། །འདིར་རིག་འཛིན་བཞི་ལས། རྣམ་པར་སྨིན་པའི་རིག་འཛིན་ཁོ་ན་འགྲུབ་བོ། །འབྲས་བུ་ནི་གཉིས་ཏེ། ཐུན་མོང་གི་རིག་འཛིན་དང་། ཁྱད་པར་སངས་རྒྱས་སོ། །རིག་འཛིན་ནི་བཞི་སྟེ། རྣམ་པར་སྨིན་པའི་རིག་འཛིན་དང་། ཚེ་ལ་དབང་བའི་རིག་འཛིན་དང་། ཕྱག་རྒྱ་ཆེན་པོ་དང་། ལྷུན་གྱིས་གྲུབ་པའོ། །རྣམ་པར་སྨིན་པ་ནི། རང་ལུས་ཀྱི་རྣམ་པ་ལྷའི་སྐུར་སྨིན་པ་སྟེ། ཡིད་ཀྱིས་ལྷའི་གཟུགས་འཛིན་པའོ། །ཚེ་ལ་དབང་བ་ནི་རང་དོན་དུ་ལོ་སྟོང་དྲུག་བརྒྱ་བཞུགས་ནས། གཞན་དོན་མཛད་དགོས་པ་བྱུང་བ་ན་བརྒྱའ་བརྒྱ་ན་མར་ལ་མནུར་ནས་བྱིས་པ་ལོ་བརྒྱད་པ་ལྟ་བུར་གནས་ནུས་པའོ། །ཕྱག་རྒྱ་ཆེན་པོ་ནི། ལུས་ལྷ་སྐུ་དང་ཁྱད་པར་མྱེད་པ་སྟེ། ལུས་རྡོ་རྗེ་སེམས་དཔའི་སྐུ་གཟུགས་སུ་གནས་པའོ། །ལྷུན་གྲུབ་ནི་རྒྱལ་བ་ཉིད་དང་མཉམ་པའོ། །དེ་ནས་སྐུ་ལྔ་ལྷུན་གྲུབ་ལ་སྦྱོར་བར་བྱེད་དེ། རྣམ་སྨིན་གྱི་རིག་འཛིན་ནི་ལམ་གྱི་འབྲས་བུའོ། །བསྙེན་པ་རྫོགས་ནས་དཀྱིལ་འཁོར་ཀུན། །བསྙེན་པ་རྫོགས་ནས་ཚོགས་བྱ། ལྷག་ཆོག་བྱ། གཏོར་མ་གཏང་། དེ་ནས་དཀྱིལ་འཁོར་བསྡུ་སྟེ། དམ་ཚིག་གི་དཀྱིལ་འཁོར་རང་ལ་བསྡུའ། ཡེ་ཤེས་ཀྱི་དཀྱིལ་འཁོར་གཤེགས་སུ་གསོལ། ཧཱུྃ་ཞེས་བརྗོད་ཅིང་ཐུགས་ཀར་བསྡུའ། །བདག་ཉིད་གཙོའ་བོའི་ཐུགས་ཀ་ནས་ཧཱུྃ་འཕྲོས་པས། ལྷ་དང་གཞལ་ཡས་ཁང་དང་བཅས་པ་ཐམས་ཅད་འོད་དུ་ཞུ་ནས། གཙོའ་བོའི་ཐུགས་ཁར་ཐིམ་པ་དང་། སྐྱེ་མྱེད་མཉམ་རྫོགས་དབྱིངས་སུ་ཐིམ། །བདག་ཉིད་ཀྱང་འོད་དུ་ཞུ་ནས་ཆོས་ཀྱི་དབྱིངས་སྐྱེ་བ་མྱེད་པའི་ངང་དུ་ཐིམ་པར་གྱུར་ཏོ། །དེ་ནི་སྟོང་པའི་གོ་ཆ་སྟེ། ཅིས་ཀྱང་མི་ཤིགས་པའོ། །དེ་ནི་རྟག་པ་ཡི་མཐའ་དང་བྲལ་བའི་ཕྱིར་ན། རྫོགས་པའི་རིམ་པ་སྒོམ་པའོ། །སྟོང་པའི་གོ་ཆས་ལུས་བསྲུང་སྟེ། །དེ་ལྟར་བསྒོམ་པ་ནི་སྟོང་པའི་གོ་ཆས་ཏེ། ཅིས་ཀྱང་མི་ཚུགས་པའོ། །དེ་ནས་ཀཾ་ལས་རྡོ་རྗེའི་གོ་ཁྲབ་དང་། ཧཾ་ལས་རྒྱུན་ཐག་དང་། ༀ་ལས་རྡོ་རྗེ་དང་། ཧཱུཾ་ལས་རིན་པོ་ཆེའི་ཐག་པ་རེ་གུང་འཛུག་ལ་བསམས་ལ་བཅིང་ངོ་། །རད་ན་མ་ལེ་ཨ་བེ་ཤིན་ཙ་ཞེས་པས་རིན་པོ་ཆེའི་ཕྲེང་བས་བཅིང་ངོ་། །པ་ཏ་ལམ་ཞེས་པས་དར་སྤྱངས་དཀར་པོ་གཡས་སུ་འཕུར་བ་དང་། ཨ་བི་ཤིན་ཙ་མཾ་ཞེས་པས་དར་སྤྱངས་དམར་པོ་གཡོན་དུ་འཕུར་བའོ། །སྤྱོད་ལམ་ཀུན་ཏུ་བརྩལ་མྱེད་པར། །དུས་ཀུན་ཏུ་སྤྱོད་ལམ་བྱ་བ་ཡང་། རང་ལས་མ་རྟོགས་པའི་ལྷ་སྐུ་རྩལ་དུ་མྱེད་དེ། རང་ལ་ཡེ་ནས་ཡོད་པ་དེ་ཉིད་སྤྱོད་ལམ་དུ་བྱེད་པའོ། །དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་གྱིས། །ཞེས་པ་རང་བཞིན་གྱི་དཀྱིལ་འཁོར་དེ། ཤེས་པར་བྱེད་པའི་དལ་གྱིས་ཤེས་པར་བྱ་ཞེས་སོ། །དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་བསྒོམ། །དེ་ལྟར་རང་བཞིན་གྱི་དཀྱིལ་འཁོར་ལ་ནི། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ་པ་སྟེ་རྟོགས་པར་བྱེད་པའོ། །དཀྱིལ་འཁོར་དཀྱིལ་འཁོར་ལས་བྱུང་བའི། །ཞེས་རང་བཞིན་གྱི་དཀྱིལ་འཁོར་ལས་བྱུང་བ་ནི། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་རོ། །ཐུགས་ཀྱི་དཀྱིལ་འཁོར་དཀྱིལ་འཁོར་མཆོག ༈ །ཞེས་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་དཀྱིལ་གྱི་གཙོ་བོ་ནི་མཆོག་གི་རྡོ་རྗེ་སེམས་དཔའ་ཡིན་པས་སྤྱོད་ལམ་ཐམས་ཅད་དུ་རྡོ་རྗེ་སེམས་དཔའ་བསྒོམ་པའོ། །དེ་རྣམས་ནི་སྐུ་བསྒོམ་པར་འདོད་པ་ཁོ་ནའོ། །འགྲོ་དང་འདུག་དང་ཉལ་བ་དང་། །མ་ཉམས་དེའི་དབྱིངས་སུ་གནས། །འགྲོ་ཉལ་འདུག་སྡོད་ཐམས་ཅད་དུ་ཡང་སྟོང་པ་ཉིད་ཀྱི་ངང་ལས་མ་གཡོས་པས། དེའི་ངང་ལ་གནས་པ་དང་། ཅུང་ཟད་བློ་ཆུང་བ་འདྲ་ན་དེའི་ངང་ལས་རང་ལྷའི་སྐུར་བསྐྱེད་ནས་ལུས་བསྲུང་བ་དང་། གོ་བགོའ་བ་དང་། བྱས་ལ། སྤྱོད་ལམ་ཐམས་ཅད་ལྷའི་སྐུར་གསལ་བར་བསྒོམ་མོ། ༈ །ཡང་ན་ནང་གི་རྫོགས་རིམས་སུ་བཤད་ན། དཀྱིལ་འཁོར་ལྡན་པ་ནི། རང་ལ་སྤྱི་བོ་བདེའ་བ་ཆེན་པོའི་འཁོར་ལོ་ན་རྩ་འདབ་མ་སུམ་ཅུ་རྩ་གཉིས་དང་། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་རྩ་འདབ་མ་བཅུ་དྲུག་དང་། སྙིང་ཁ་ཆོས་ཀྱི་འཁོར་ལོ་ན་རྩ་འདབ་མ་བརྒྱད་དང་། ལྟེ་བ་སྤྲུལ་པའི་འཁོར་ལོ་ན་རྩ་འདབ་མ་དྲུག་ཅུ་རྩ་བཞིར་གནས་པ་དང་། སྲོག་ཤིང་རྩ་གཡས་རོ་མ་དང་། གཡོན་རྐྱང་མ་དང་། དབུས་ཀུན་དྷར་མ་དང་རྣམས་རང་ལ་གནས་པའོ། །དཀྱིལ་འཁོར་གྱིས་ནི་དེ་ལྟར་གནས་པ་དེ་ཤེས་པར་གྱིས་སོ། །དཀྱིལ་འཁོར་ནི་གནས་པ་དེ་ལའོ། །བསྒོམ་པ་ནི་དཀྱིལ་འཁོར་དེ་རྣམས་བསྒོམ་པའོ། །དཀྱིལ་འཁོར་དཀྱིལ་འཁོར་ལས་བྱུང་བ་ནི། སྤྱི་བོ་ན་ཡི་གེ་ཧཾ་མགོའ་ཐུར་དུ་ལྟ་བ་བྱུང་བས། མགྲིན་པར་བྱུང་། དེ་ནས་བྱང་སེམས་སྙིང་ཁར་བྱུང་བའོ། །ཐུགས་ཀྱི་དཀྱིལ་འཁོར་དཀྱིལ འཁོར་མཆོག་ནི། སྙིང་ཀ་ན་རྩ་འདབ་མ་བརྒྱད་ལ། རིགས་ལྔ་དང་། ཡུམ་ལྔ་དང་། སེམས་དཔའ་བརྒྱད་དང་། སེམས་མ་བརྒྱད་དང་རྣམས་གནས་པར་བསྟན་པའོ། །དེ་བས་ན་གདམ་ངག་ཏུ་བྱས་པའོ། །དེ་ཡིས་བྱང་ཆུབ་སྙིང་པོ་ལེན། །དེ་ལྟར་བསྒོམ་ན། བླ་ན་མྱེད་པའི་བྱང་ཆུབ་ཀྱི་འབྲས་བུ་ཆོས་སྐུ་མྱུར་དུ་ཐོབ་བོ། །ཆོ་ག་སྔགས་དང་ཡོ་བྱད་རྣམས། །དང་པོ་ཆོ་ག་ལྔ་རྫོགས་པར་བསྒོམ་སྟེ། དེ་བཞིན་ཉིད་དང་། ཀུན་ཏུ་སྣང་དང་། རྒྱུ་དང་སྐུར་བསྐྱེད་པདང་། ཡེ་ཤེས་པ་སྒྲུབ་ལྔ་རྫོགས་པར་བྱ་སྟེ། དེ་ནས་སྔགས་ཀྱི་ཡན་ལག་ལྔ་ནི། རྩ་བའི་ལྷ་ཡབ་ཡུམ་དང་། ཐབས་༼བཞི་བཅུ་སོ་སོར་བསྒོམ་༽ ཀྱི་ལྷ་དང་། ཤེས་༼ཡེ་ཤེས་སེམས་དཔའ་༽རབ་ཀྱི་ལྷ་དང་། རྡོ་༼སྐུ་གསུང་ཐུགས༽རྗེ་གསུམ་གྱི་ལྷ་དང་། བདག་༼དབུའ་རྒྱན་༽པོའི་ལྷ་ལྔའོ། །བྲོ་གར་འདུ་འཕྲོ་དང་། རྒྱན་དང་བགོའ་བ་དང་། བཟའ་དང་བཏུང་བ་དང་། ཨ་ལི་ཀ་ལི་ཡོ་བྱད་དང་ལྔའོ། །རྣལ་འབྱོར་འཚོགས་པའི་དཀྱིལ་འཁོར་གྱིས། །དེ་ལ་དང་པོ་ཆོ་ག་ལྔས་སྐུ་གསལ་བར་བྱེད། དེ་ནས་སྔགས་ཀྱི་ཡན་ལག་ལྔས་ཉི་ཁྲི་བཞི་སྟོང་ལ་རིག་པ་རྩལ་སྦྱང་། དེ་ནས་ཡོ་བྱད་ལྔས་མཆོད་པ་དབུལ་ལོ། །དེ་ལྟར་རིག་པ་རྩལ་འབྱོངས་ནས། ཚོགས་དཔོན་བྱ་སྟེ། ཕུན་སུམ་ཚོགས་ལྔས་སྒྲུབ་པའི་གཞིའི་གཟུང་། བསྙེན་སྒྲུབ་རྣམ་པ་བཞི་ལམ་གྱི་གཞུང་སྲང་། ཚོགས་ལྷག་གཉིས་ཀྱིས་མཆོད་པའི་འབྲེལ་བ་ཐ་མ་འབྲས་ལ་སྦྱོར་བའོ། །ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །ཞག་སུམ་ཅུ་ཕྲག་དྲུག་ནི་ཟླ་བ་དྲུག་ཡིན་ཏེ། དབང་པོ་རབ་ཀྱིས་ཟླ་བ་དྲུག་ན་འགྲུབ་བོ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་པོ་འབྲིང་གིས་ཟླ་བ་བཅུ་གཉིས་སམ་བཅུ་བཞི་ན་འགྲུབ། དབང་པོ་ཐ་མས་ཀྱང་། ཟླ་བ་བཅུ་དྲུག་གིས་འགྲུབ་བོ། །དབང་བསྒྱུར་རིགས་ཀྱི་དམ་པ་འགྲུབ། །ཚེ་ལ་དབང་བའི་རིག་འཛིན་ཐོབ་པར་འགྱུར་ཏེ། ཚོགས་བསྒྲུབ་པའི་འབྲས་བུའོ། །དེ་ཚེ་བཅུ་དྲུག་ཚུན་གཅད་ཀྱིས། །ཚེ་ལ་དབང་བའི་རིག་འཛིན་ཐོབ་པ་དེ་ཁོ་ནའི་ཚེ་ན་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཡང་། དེའི་སྟེང་དུ་ཟླ་བ་བཅུ་དྲུག་ཚུན་ཆད་བསྒྲུབ་ན། སྒྲུབ་པ་ཐོབ་པར་ངེས་ཏེ། དེ་ནས་ལྷུན་གྱིས་གྲུབ་པའི་རིག་འཛིན་ལ་སྦྱོར་བའོ། །སྐུ་ལྔ་ལྷུན་གྱིས་རྫོགས་པ་ནི། །སྐུ་ལྔ་ལྷུན་གྲུབ་རྟོགས་ཚུལ་བསྟན། དེ་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་ལྔ་ལྷུན་གྲུབ་ཏུ་རྫོགས་པ་ནི། རིག་འཛིན་ཉིད་ལས་སྒྲས་དཔགས་པ་ཙམ་དུ་འགྱུར་བའོ། །སྒྲིབ་པ་དག་པའི་ཡེ་ཤེས་ཉིད་མ་རྩལ་བར་ལྷུན་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཉི་ཤུ་རྩ་ལྔར་རྫོགས་པའོ། །དེ་ནི་མཐར་ཐུག་པའི་ལྷུན་གྱིས་རྫོགས་པའོ། །ཡེ་ཤེས་ཐིག་ལེ་དེ་ཉིད་ལས། །ཇི་ལྟར་ཐོབ་ན། ཡེ་ཤེས་ནི་ལྷུན་གྱིས་རྫོགས་པའི་རིག་འཛིན་ནོ། །ཐིག་ལེ་ནི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དབྱེར་མྱེད་པའོ། །དེ་ཉིད་ནི་རིག་འཛིན་ནོ། །དེ་ལས་ཁྱད་པར་དུ་བྱས་པའོ། །ཡེ་ཤེས་ཐིག་ལེ་ཉིད་སྣང་བ། །ཡེ་ཤེས་ཐིག་ལེ་དེ་ཉིད་ནི། གཞིའ་དངོས་པོ་གནས་ལུགས་སོ། །གནས་ལུགས་དེ་ནི་རྡོ་རྗེ་སེམས་དཔའོ། །ཐིག་ལེ་ཉིད་སྣང་བ་ནི། རིག་པས་དོན་དེ་ཉིད་རྟོགས་པའོ། །བསམ་གྱིས་མྱི་ཁྱབ་མཐའ་ཡས་མཆོག །དེ་རྣམས་གཞན་ནས་བྱུང་བ་མ་ཡིན་ཏེ། གཞིའ་རང་འབྱུང་གི་ཡེ་ཤེས་སྤྲོས་པ་ཐམས་ཅད་དང་བྲལ་བ་དེ་ཉིད་ལས། ཡེ་ཤེས་ཀྱི་རོལ་པ་མ་འགགས་པར་སྣང་བའོ། །ཡེ་ཤེས་ཀྱི་ཆེ་བའི་ཡོན་ཏན་སྟོབས་དང་མི་འཇིགས་པ་དང་། གཟུངས་དང་ཏིང་ངེ་འཛིན་དང་མཚན་དང་དཔེའ་བྱད་ཐམས་ཅད་ལྷུན་གྱིས་གྲུབ་པའི་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་མངོན་དུ་བྱས་པའོ། །ཕྱོགས་བཅུ་དུས་བཞི་མངོན་རྫོགས་པའི། །ལྷ་དང་གཞལ་ཡས་ཁང་བཞུགས་ཚུལ་བསྟན། ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་མངོན་པར་རྫོགས་པ་སངས་རྒྱས་པའི་བདག་ཉིད། སྐུ་ལྔ་ལྷུན་གྱིས་གྲུབ་པ་དེའི་བཞུགས་གནས་ཁྱད་པར་ཅན་ནོ། །ཞིང་ཁམས་གཞལ་ཡས་རྣམ་དག་དང་། །སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ། ཕྱི་ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བ། ནང་འོག་མིན་གྱི་གནས་ལྟ་བུར་སྣང་བ། གསང་བ་ཡུམ་གྱི་མཁའ་བདེ་སྟོང་གི་ཉམས་ཅན་ནོ། །རྒྱ་དང་བྲལ་བའི་གཞལ་ཡས་ཁང་། །གཞལ་ཡས་ཁང་རྣམ་པར་དག་པ་རྒྱ་ཡོངས་སུ་མ་ཆད་པ་ནི་ཆེ་ཆུང་གི་ཚད་དང་རྒྱ་དང་བྲལ་ལོ། །འཁོར་ལོའི་རྒྱན་དང་རོལ་མོའི་ཚོགས། །གཞལ་ཡས་ཁང་དེ་ན། རིན པོ་ཆེའི་རྒྱན་མང་པོ་བསམ་གྱིས་མི་ཁྱབ་པ་དང་། འདོད་པའི་ཡོན་ཏན་གྱི་ལྷ་མོ་གྲངས་མྱེད་པས་བརྒྱན་པའོ། །དཀྱིལ་འཁོར་མ་ལུས་ཐམས་ཅད་ཀུན། །གནས་དེ་ནི་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར། རྒྱུད་ཡོངས་སུ་དག་པའི་བདེ་བར་གཤེགས་པ་བཞུགས་པས། དཀྱིལ་འཁོར་མ་ལུས་པ་ཐམས་ཅད་དེ་ན་གནས་པའོ། །མཐོང་ནས་ཉེ་བར་མཉེས་པ་དང་། འོག་མིན་གྱི་གནས་ཀྱི་དུས་གསུམ་གྱི་བདེའ་བར་གཤེགས་པ་དེའི་ཞལ་མཐོང་ནས། ཡིད་དགའ་བ་དང་བྲོད་པ་ཁྱད་པར་ཅན་སྐྱེས་པ་དང་། རྒྱ་ཆེན་གསུང་ལས་དོན་བྱུང་བ། །དེ་ལྟ་བུའི་སྒྲིབ་པ་ཤིན་ཏུ་ཆ་ཕྲ་བ་དེ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོའི་བྱིན་གྱིས་རླབས་ལས་དོན་གྱི་གསུང་བྱུང་བ་ཡིས། མཐུན་པའི་ཡེ་ཤེས་རང་སྣང་བའོ། །སྒྲིབ་པ་དེ་བཅོམ་ནས། གསུང་རང་བཞིན་གྱི་ཡེ་ཤེས་ཇི་ལྟར་བར་བཟོད་པ་ཐོབ་སྟེ། ཡེ་ཤེས་རང་སྣང་བར་འགྱུར་རོ། །གཅིག་དང་དུ་མ་བྲལ་བའི། །དངོས་པོ་རྟོགས་པར་དཀའ་བ་བསྟན། གོང་དུ་བསྟན་པ་ཉིད་རང་རིག་པར་ཅིག་པ་དང་། རང་ཉིད་གཅིག་དང་དུ་མའི་མཐའ་ཐམས་ཅད་དང་བྲལ་ཞིང་གྲོལ་བའི་ཕྱིར། རང་རིག་པ་ཉིད་ཐམས་ཅད་དུ་མ་འགགས་པར་ཤར་བས། གཅིག་དང་དུ་མའི་མ་སྤངས་པར་བྲལ་བའོ། །མཐའ་དང་དབུས་མྱེད་དེ་བཞིན་ཉིད། །དེ་ལྟར་མཐའ་མ་གྲུབ་པས་དབུས་ཀྱང་མ་གྲུབ་པའི་ཕྱིར། མཐའ་མྱེད་དབུས་མྱེད་དེ་བཞིན་ཉིད་ཡིན་ནོ། །སངས་རྒྱས་ཉིད་ཀྱིས་མི་གཟིགས་ཏེ། །དེ་ནི་བདེ་བར་གཤེགས་པའི་ཡེ་ཤེས་ཀྱི་སྤྱན་གྱིས་ཀྱང་མི་གཟིགས་ཏེ། གཟིགས་རྒྱུ་མྱེད་པའོ། །རང་འབྱུང་ཡེ་ཤེས་གནས་མྱེད་སྣང་། །འོ་ན་མྱེད་དོ་མཉམ་པ་ལ། རང་འབྱུང་ཡེ་ཤེས་ཉིད་རྟེན་གནས་མྱེད་པར་སྣང་བའོ། །ཅིའི་ཕྱིར་ན་དག་པ་ལ་རྟེན། ཕྱོགས་བཅུ་དུས་བཞིར་མངོན་རྫོགས་པའི། །དེ་ལྟར་བརྟན་པའི་འབྲས་བུ་དེ་ནི། ཕྱོགས་བཅུ་དང་དུས་བཞིས་བསྡུས་པ་ཐམས་ཅད་དུ་མངོན་པར་རྫོགས་པ་སངས་རྒྱས་པའོ། །སྐུ་ལྔ་ལྷུན་གྱིས་གྲུབ་པའི་སངས་རྒྱས་སོ། །བདེའ་གཤེགས་ཡོན་ཏན་རྨད་པོ་ཆེ། །དེ་ནི་ལམ་བདེའ་བར་གཤེགས་པ། ཡོན་ཏན་གསང་བ་རྨད་དུ་བྱུང་བ་དང་། བདེའ་བར་གཤེགས་པ་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོ། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་བདག་པོའོ། །གཞན་ན་ཡོད་པ་མ་ཡོད་པ་མ་ཡིན་ཏེ། །དེ་ལྟར་བསྟན་པའི་འབྲས་བུ་དེ་དག་ཡང་། གཞན་ན་ཡོད་པ་སྙེད་པ་ལྟ་བུ་མ་ཡིན་ཏེ། རང་རིག་པ་ཉིད་དེ་ལྟར་རང་ཤར་བས་ལས་མ་རྟོགས་པ་གཞན་མྱེད་ཅེས་སོ། །ལྷ་སྲིན་ལ་སོགས་སྨོས་ཅི་དགོས། །དེ་ལྟ་བུའི་འབྲས་བུ་དེ་ཐོབ་པ་མ་མི་ཐོབ་པ་མ་བདེན་ནམ་མི་བདེན་ནམ་མཉམ་ན། དཔེར་ན་འཇིག་རྟེན་གྱི་ལྷ་བསྒྲུབས་པས་གྲུབ་རྟགས་བྱུང་ན། འདི་ལ་ཅི་སྨོས། འཇིག་རྟེན་ལྷ་ལ་ཡང་ཡོན་ཏན་ཡོད་ན། འདི་ལ་ལྟ་ཅི་སྨོས་ཞེས་པའོ། །རྒྱུད་ཀྱི་དོན་ལས་སྒྲུབ་པའི་ཐབས། །རྒྱུད་དཔལ་གསང་བ་སྙིང་པོ་ལས། ཞི་བའི་བསྒྲུབ་ཐབས་འདི་བསྟུས་པས་སོ། །དེའི་མཚན་ཅི་ཞེ་ན། རིན་ཆེན་དྲྭ་བ་འདི་བསྟུས་པས། །གང་བ་བསྟུས་ན། རིན་པོ་ཆེ་ལྟར་དགོས་འདོད་འབྱུང་། དྲྭ་བ་ལྟར་ཐབས་ཤེས་དུ་འབྲེལ། རྒྱུད་ལས་ལོགས་སུ་བཀོལ་ནས་བསྟུས་པས། བཅོམ་ལྡན་ཀུན་བཟང་སྐུ་གསུང་ཐུགས། །བཅོམ་ལྡན་དཔལ་ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་ཀྱི་བཅུད་དངོས་གྲུབ་ཀྱི་བཅུད་དམ་པ་རྣམས། སེམས་ཅན་ཀུན་གྱིས་ཐོབ་པར་ཤོག ༈ །བདག་དང་མཐའ་ཡས་པའི་སེམས་ཅན་རྣམས་ཀྱིས་ཐོབ་པར་ཤོག །ཞི་བ་རིན་ཆེན་དྲ་བ་ཞེས་བྱ་བ། །སློབ་དཔོན་སངས་རྒྱས་གསང་བས་མཛད་པ། རྫོགས་ས྄ཧོ྅྅྅།། །།རྒྱ་གར་གྱི་པཎྜི་ཏ་སངས་རྒྱས་གསང་བ་དང་། བོད་ཀྱི་ལོ་ཙཱ་བ་བྲན་ཀ་མུ་རི་ཏ་དང་། བྷ་མན་འཛུ་ཤྲི་ཝར་མས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་བོ། །སྟོན་པ་ཡེ་ཤེས་རྡོ་རྗེའི། །ཕྱག་དཔེ་རིན་ཆེན་དྲ་བ་ལས། །ཤིན་ཏུ་ཟབ་པ་བློ་གྲོས་ཡིན། །དགེ་བ་རང་གཞན་ཀུན་ལ་བསྔོ། །སརྦ་མདྒ་ལཾ།། །།


previousཞི་བ་རིན་ཆེན་དྲྭ་བ། སློབ་དཔོན་སངས་རྒྱས། next