Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་གཉིས་པ།

1 occurrence of དྲིལ་བུ་
[Clear Hits]


  
 
གནུབས་ཆེན་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་མཛད་པའི་སྒོམ་གྱི་གནད་གསལ་བར་ཕྱེ་བ་བསམ་གཏན་མིག་སྒྲོན།
  
  


1 occurrence of དྲིལ་བུ་
[Clear Hits]

 
previousགནུབས་ཆེན་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་མཛད་པའི་སྒོམ་གྱི་གནད་གསལ་བར་ཕྱེ་བ་བསམ་གཏན་མིག་སྒྲོན།next

གནུབས་ཆེན་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་མཛད་པའི་སྒོམ་གྱི་གནད་གསལ་བར་ཕྱེ་བ་བསམ་གཏན་མིག་སྒྲོན།

གནུབས་ཆེན་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་མཛད་པའི་སྒོམ་གྱི་གནད་གསལ་བར་ཕྱེ་བ་བསམ་གཏན་མིག་སྒྲོན་ཞེས་བྱ་བ་བཞུགས་སོ། །གདོད་མན་ངག་འདི་ཡང་རྩིས་མགོ་ལས། ནས་ལྷུན་གྱིས་གྲུབ་པའི་ངང་། །རང་བཞིན་ངང་ལས་མ་གཡོས་ཀྱང་། །མ་མཐོང་རང་བཞིན་གཉིས་སུ་སྣང་། །དེ་ཉིད་ངང་གྱུར་བདག་ཉིད་ཆེན་པོ། ཕྱག་འཚལ། །དེ་ལ་ཀུན་གཞི་བྱང་ཆུབ་ཀྱི་སེམས་ལྷུན་གྱིས་རྫོགས་པ་ཆེན་པོ་གཏན་ལ་དབབ་པའི་མན་ངག་གི་རྒྱལ་པོ། རྣལ་འབྱོར་པའི་མིག་ཅེས་བྱ་བའི་བསམ་གཏན་འདིའི་མཚན་གྱི་རྣམ་གྲངས་མཚན་གྱི་ཆེ་བའི་རྣམ་གྲངས་གཏན་ཚིགས་དང་བཅས་པ། ནི་འཁོར་བའི་ཆུ་བོ་བཞི་ལས་སྒྲོལ་བའི་ཕྱིར། ཐེག་དང་པོ། པ་ཆེན་པོའི་གྲུའི་བསམ་གཏན་ཞེས་བྱའོ། །ཡོན་ཏན་གཉིས་པ། ཆེན་པོ་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པས། རིན་པོ་ཆེའི་བསམ་གཏན་ཞེས་ཀྱང་བྱའོ། །དགོངས་གསུམ་པ། པའི་དོན་ཐམས་ཅད་འདིར་འདུས་པས་དོན་བསྡུས་པའི་བསམ་གཏན་ཞེས་ཀྱང་བྱའོ། ། ལྟ་བ་བཞི་པ། ཐམས་ཅད་མཐར་གཏུགས་པས། ཞེ་ཕུགས་ཀྱི་བསམ་གཏན་ཞེས་ཀྱང་བྱའོ། །མ་རིག་ལྔ་པ། པའི་མུན་དཔེ། པ་ཀ་ནས་འདག་པར་བྱེད་པས་སྒྲོན་མ་ཆེན་པོའི་བསམ་གཏན་ཞེས་ཀྱང་བྱའོ། །བག་དྲུག་པ། ཆགས་ཀྱི་ལྗན་ལྗིན་ཐམས་ཅད་འདག་པར་བྱེད་པས་ཆུ་བོ་ཆེན་པོའི་བསམ་གཏན་ཞེས་ཀྱང་བྱའོ། །དཀོར་བདུན་པ། བདུན་ཆེན་པོ་མ་བཙལ་གྲུབ་པར་བྱེད་པས། དེད་དཔོན་ཆེན་པོའི་བསམ་གཏན་ཞེས་ཀྱང་བྱའོ། །བསམ་བརྒྱད་པ། གཏན་གྱི་གྲལ་རིམ་པར་བཀོད་ནས་མཆོག་ཏུ་བསྟན་པས། ཁྱད་པར་ཆེན་པོའི་བསམ་གཏན་ཞེས་ཀྱང་བྱའོ། །འཁོར་བ་དང་རྩོལ་བའི་དགྲ་དགུ་པ། དཔུང་ཆེན་པོ་རིལ་གྱིས་ཀླན་ཀ་མི་རྙེད་པས། རྫོང་ཆེན་པོའི་བསམ་གཏན་ཞེས་ཀྱང་བྱའོ། །འཁོར་བཅུ་པ། བ་དང་ཞེན་རྩོལ་གྱི་བསམ་པ་རིལ་བཅོམ་པས་དམག་དཔུང་ཆེན་པོའི་བསམ་གཏན་ཞེས་ཀྱང་བྱའོ། །ས་བཅུ་གཅིག་པ། རྣམས་མ་བགྲོད་ཅིག་ཅར་ནོན་པས་མགྱོགས་པ་ཆེན་པོ་ཅང་ཤེས་ཀྱི་བསམ་གཏན་ཞེས་ཀྱང་བྱའོ། །རྒྱལ་བཅུ་གཉིས་པ། བའི་གོ་འཕང་དོན། མ་སྒྲུབས་ལྷུན་གྱིས་རྫོགས་པས། གྲུབ་པ་ཆེན་པོའི་བསམ་གཏན་ཞེས་ཀྱང་བྱའོ། །ཕྱིན་བཅུ་གསུམ་པ། པ་མེད་པར་མཐར་ཕྱིན་པར་བྱེད་པས། ཐར་ལམ་ཆེན་པོའི་བསམ་གཏན་ཞེས་ཀྱང་བྱའོ། །ཆོ་བཅུ་བཞི་པ། འཕྲུལ་གྱི་མངོན་རྟོགས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པས། ཡ་མཚན་ཆེན་པོའི་བསམ་གཏན་ཞེས་ཀྱང་བྱའོ། །བྱ་བཅོ་ལྔ་པ། བ་གང་ཡང་མ་སྤངས་བླང་དུ་མེད་པས། སྤྱོད་པ་ཆེན་པོའི་བསམ་གཏན་ཞེས་ཀྱང་བྱའོ། །ཐུན་བཅུ་དྲུག་པ། མཚམས་མེད་པར་གསལ་བས། ཕྱད་པ་ཆེན་པོའི་བསམ་གཏན་ཞེས་ཀྱང་བྱའོ། །གང་བཅུ་བདུན་པ། དང་ཡང་མ་བྲལ་བས་སྙིང་རྗེ་ཆེན་པོའི་བསམ་གཏན་ཞེས་ཀྱང་བྱའོ། །ཆེད་བཅོ་བརྒྱད་པ། དུ་བྱ་བ་གང་ཡང་མེད་པས། ཉལ་བ་ཆེན་པོའི་བསམ་གཏན་ཞེས་ཀྱང་བྱའོ། །འཁོར་བཅུ་དགུ་པ། དཔེ་བའི་གཅོང་སྙིང་ཆེན་པོ་འབྱིན་པས། བདུད་རྩི་སྨན་ཆེན་པོ་འབྱིན་པའི་བསམ་གཏན་ཞེས་ཀྱང་བྱའོ། །གང་ཉི་ཤུ་པ། ལའང་ཉམ་ང་བ་དང་བག་ཚ་བ་མེད་པས། ཁྱུང་ཆེན་ལྡིང་བའི་བསམ་གཏན་ཞེས་ཀྱང་བྱའོ། །ཉེར་གཅིག་པ། ཟབ་ཅིང་གཏིང་དཔག་དཀའ་ལ་གཡོ་བ་མེད་པས། རྒྱ་མཚོ་ཆེན་པོའི་བསམ་གཏན་ཞེས་ཀྱང་བྱ་སྟེ། དཔེར་ན་རྡུལ་ཕྲ་རབ་དང་ཆུའི་ཐིག་པ་བགྲང་ཞིང་ཤེས་པར་མི་རུང་ངོ་། །འདིའི་མཚན་གྱི་མཐའ་ནི་ཤེས་པར་མི་རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། བསམ་གྱིས་མི་ཁྱབ་པའི་མཚན་གྱི་བདག་ཉིད་པའི་ཕྱིར་རོ། །འོ་ན་རྣལ་འབྱོར་མིག་གི་བསམ་གཏན་ཞེས་ཁོ་ནར་གདགས་པ་ཅི་སྟེ་ཞེ་ན། འདིར་གཙོ་བོ་ལས་སྨོས་ཏེ། དེ་དག་དོན་ཆེན་པོ་མ་མཐོང་བར་མེད་པའི་ཡོན་ཏན་གྱི་ཁྱད་པར་གྱི་ཕྱིར་རོ། །དེ་ལྟ་བུའི་དོན་ཆེན་པོ་ནི་རིགས་ཁུངས་སུ་བརྒྱུད་པའི་དབང་དང་རིམ་པ་ནི་རྫོགས། གང་ལ་བསླབ་པའི་བྱ་བ་ནི་མཐར་ཕྱུང་། འཁོར་བའི་སྤྱོད་པ་ལ་དོན་མེད་པར་ནི་རིག་ཅིང་ཁོང་དུ་ཆུད་པས། བྱ་བ་ཐམས་ཅད་མཆིལ་མའི་ཐལ་བ་བཞིན་དུ་བོར་ཏེ། ཐར་པ་ཆེན་པོའི་གོ་འཕང་ཐོབ་པར་འདོད་པས། དང་པོར་གནས་བཙལ་ཏེ། དེ་ལ་གནས་ཀྱི་ངོ་བོ་ཇི་ལྟར་བཙལ་ཞེ་ན། རྒྱུའི་ཐེག་པ་ཆེན་པོའི་ལུགས་ཀྱིས་ཀྱང་། སྔོན་སྟོན་པས་ཞབས་ཀྱིས་བཅགས་པའི་རྡོ་རྗེའི་གནས་བྱིན་ཆེ་བ། གདན་དང་། བྱ་གྲུབ་པ་ཐོབ་པའི་གནས་བཀྲ་ཤིས་པ། རྒོད་ཕུང་པོའི་རི་དང་། ལི་ཡུལ་ལྕང་ར་སྨུག་པོ་ལ་སོགས་པ་བཀྲ་ཤིས་པའི་གནས་དག་བྱ་བ་གྲུབ་པར་བྱེད་པས་བཙལ་ལོ། །ཞེས་གཞུང་དུ་མ་ལས་འབྱུང་ངོ་། །རྣལ་འབྱོར་ནང་པའི་ཐེག་པའི་གཞུང་གིས་ཀྱང་། གཞུང་དང་རྒྱུད་ཀྱི་ལྡན་པ་དང་། ལོ་རྒྱུས་ཤིས་པ་སྟེ། གཞུང་དང་ལྡན་པ་ནི་ཕྱོགས་མཚམས་ཀྱི་སྒྲོས་ལེགས་པ་དང་། སྣག་དང་ལྡན་པ་དང་། རི་ལྷུན་སྟུག་པ། རིའི་དབྱིབས་དང་བར་སྣང་གི་དབྱིབས་དེ་བཞིན་གཤེགས་པའི་ཕྱག་རྒྱ་རིན་པོ་ཆེ་དང་། པདྨོ་དང་། རྡོ་རྗེ་རྒྱ་གྲམ་དང་། འཁོར་ལོ་ལ་སོགས་པ་སྤངས་པ་ཕུན་སུམ་ཚོགས་པའི་གཟུགས་འདྲ་བ་དང་། བཀྲ་ཤིས་བྱ་དང་། སྙན་པའི་སྒྲ་ལྡན་ཡིད་འོང་བཙལ་བར་རྒྱུད་གཞུང་དུ་མ་ལས་བཀའ་སྩལ་ཏོ། །ཡང་ལས་དང་པོ་པས་རེ་ཞིག་ཉེ་རིང་སྤངས་པ། སྣང་ཡལ་རན་པ་བཙལ་ལོ། །དེ་ཡང་མཆེད་པོ་པདྨའི་མན་ངག་ལས། ཁམས་ལ་མི་གནོད་ཉེ་རིང་སྤངས། ཞེས་འབྱུང་བ་དང་མཐུན་པར་བྱའོ། །ལོ་རྒྱུས་ཤིས་པ་ཡང་སྔར་སྨོས་པ་དང་། རྒྱ་བོད་ཀྱི་མཁས་པ་ཕོ་མོ་མང་པོ་གྲུབ་པ་ཐོབ་པའི་གནས་བགྲངས་ཀྱིས་མི་ཚུགས་སོ། །དུར་ཁྲོད་རུ་དྲ་བསྒྲལ་བའི་ཡན་ལག་ལྔ་ཁོག་པ་སྟོད་སྨད་ནང་ཁྲོལ་ལོ། ། བརྒྱད་དང་། རུ་དྲ། ཧེ་རུ་ཀའི་གནས་བཅུ་དང་། ཨ་སུ་རའི་རྡོ་རྗེ་གདན་གྱི་གནས། བྲག་དང་། བོད་ཀྱི་གྲུབ་པ་ཐོབ་པའི་གནས། མཆིམས་ཕུའི་དགེ་གནས་དང་། སྟག་དང་སེང་གེ་ལུང་དང་། ལྷོ་བྲག་མཁར་ཆུའི་བྲག་དང་། ག་བུའི་རོང་དང་། གངས་ཏི་སེ་མ་ཕམ་གྱི་འགྲམ་དང་། སྟག་གཡས་རུ། ལུང་ལ་སོགས་པ་དེ་ལྟ་བུ་ལ་བྱའོ། །འོ་ན་དེ་ལྟ་བུ་དག་ཏུ་བྱ་བ་ལ་ཡོན་ཏན་ཅི་ཡོད་ཅེ་ན། དེ་དག་ཏུ་བྱས་ན་འདུག་བསྲན་ཆེ་བ་དང་། ཉམས་དགའ་ཞིང་ཐག་ཉེ་བ་དང་། བར་ཆད་མི་འབྱུང་བ་དང་། རང་བཞིན་གྱི་ནུས་པ་དང་ལྡན་པའི་ཕྱིར་རོ། །ཆོས་ཆོས་ཀྱི་དགོངས་འདུས་ཀྱི། ཀྱི་མེ་ལོང་བཀའ་འགྲེལ་ལས། མཚམས་མེད་པ་ལ་མཚམས་གཅོད་པ། །འདི་ནི་རྣལ་འབྱོར་ཅན་གྱི་ལས། །ཤེས་བྱ་ནང་གི་ཆོས་ཉིད་ལ། །རྣལ་འབྱོར་དོན་དུ་འཇུག་པ་ན། །མི་ཡི་འདུ་འཛི་གཡེངས་བ་ཡིས། །བར་དུ་གཅོད་པ་བསལ་བའི་ཕྱིར། །ཕྱི་དང་ནང་གི་ས་མཚམས་སུ། །ཡིན། འགྲོ་འོང་འགྲུལ་རྣམས་བཅད་པར་བྱ། །ཞེས་པའི་དོན་ཏོ། །ཡང་རྡོ་རྗེ་བཀོད་ཀུན་འདུས། པ་ལས། རྣམ་པར་མི་རྟོག་དོན་ཚོལ་ན། །གཅིག་པུ་དབེན་པའི་ས་བཟུང་སྟེ། །ཞེས་གསུངས་པ་གཡེང་སྒྲིབ་སེལ་བའི་ཕྱིར་རོ། །ཐེག་པ་ཆེན་པོ་ནང་པ་དང་། ཤིན་ཏུ་རྣལ་འབྱོར་གྱི་ལུགས་ཀྱིས། རིལ་ཀྱང་རང་རིག་པའི་ཡེ་ཤེས་ཉིད་མཐའ་ཐམས་ཅད་དང་བྲལ་བ་ཡུམ་གྱི་མཁའ་ཀློང་ཆེན་པོ་དང་། རང་བྱུང་གི་ཡེ་ཤེས་ཀྱི་ངོ་བོ་མཐའ་མ་སྤང་བྲལ་བ་ལ། སྟོང་གསུམ་ཉིད་ཡང་དག་པའི་གནས་སུ་བཀའ་སྩལ་ཏོ། །གསང་བའི་སྙིང་པོ་ལས། ཕྱོགས་བཅུ་སྟོང་ཁམས་ཡེ་ནས་དབེན། །ཞེས་གསུངས་པ་དང་། རྨད་དུ་བྱུང་བ་ལས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དག་ང་ཉིད་ཀྱི་ཡུལ་ལོ། །བཞུགས་གནས་སོ། །གཞལ་ཡས་ཁང་ངོ་། །ཞེས་གསུངས་ན། ཆེད་དུ་དབེན་པ་ཚོལ་བ་དོན་ལས་མི་འགལ་ལམ་ཞེ་ན། འདི་དེ་ལྟར་ཐག་ཆོད་ནས། དེ་ཉིད་ཀྱང་སྤང་བྱ་མིན་པ་དང་། རེ་ཞིག་རྐྱེན་ཉུང་བ་དང་། འོག་གི་ཡོན་ཏན་རྣམས་དང་ལྡན་པས་བཙལ་གྱི། དེ་ཁོ་ན་ལ་ཆགས་པར་བྱ་བ་ཡང་མ་གསུངས་སོ། །འོ་ན་དགོན་པ་ལ་ཆགས་པ་སྐྱོན་ནམ་ཞེ་ན། དེ་ནི་གང་ལ་ཡང་སྤང་བླངས་མེད་པའི་དོན་ཆེན་པོ་མཐོང་དུ་མི་སྟེར་བའི་ནད་ཆེན་པོ་ཡིན་ཏེ། བི་མ་ལའི་ཀློང་འགྲེལ་ལས། གནས་སུ་སེམས་ཉིད་དགོན་པ། རྟོགས་པ་བཟང་། །ཏིང་འཛིན་ཡེ་ཤེས་མཆོག་གི་གནས། །དགོན་པའི་དབེན་པ་བདག་མི་ཚོལ། །གནས་ཀྱི་རྟོགས་པས་བཅིངས་པར་མཆི། །དེ་ཉིད་བི་མ་ལ། ཀྱི་གདམས་ངག་ལས། སེམས་ལ་དབེན་པར་མ་རྟོགས་ན། །དགོན་པའི་དབེན་པར་སུས་ཕྱིན་ཀྱང་། །སེམས་ནི་རྨུ་རྒོད་སྟོང་ཁམས་ཉུལ། །ལུས་པོ་ཉལ་ཁང་གནས་སྟོང་བསྲུང་། །སྤང་ཕུག་ཕྱི་བ་ཉལ་བ་འདྲ། །ཞེས་གསུངས་པའི་ཕྱིར། འོ་ན་གནས་དེ་སྐྱོན་བརྟག་པ་ཇི་ལྟ་བུ་ཞེ་ན། ས་ཚ་གྲང་མ་སྙོམས་པས་ནད་འཇུག་པ་དང་། ཀླུ་གདུག་པ་གནས་པ་དང་། ཡུལ་ལྷ་ནག་པོ་གནས་པ་དང་། ལྷ་འདྲེའི་རྒྱུ་སྲང་དུ་བབས་པས་སྲོག་གི་བར་ཆད་དང་། ཡོ་བྱད་ཤིན་ཏུ་བཙལ་དཀའ་བ་དང་། མཆོག་ཏུ་ཉམས་མི་དགའ་བ་དང་། མུན་གྱིས་ཆོད་ན་ཁམས་འཁྲུག་གོ། །ཧ་ཅང་སྣང་ཡལ་ཆེས་པ་དང་། ཁྱི་སྒྲ་དང་། སྐྱེ་བོ་གྲོལ་ཉན་པ་དང་སྐྱེ་བ་དང་རྒྱུ་འགྲུལ་ཁེ་ཚོལ་བྱེད། བའི་ཅ་ཅོའི་སྒྲ་དང་། ཆུ་སྒྲ་གནས་པ་ན་སེམས་འཕྲོས་སོ། །ཡུལ་དེ་ན་ཐེག་པ་ཆུང་ངུའི་གང་ཟག་གནས་པ་ནི་ཡ་ག་དང་འཚངས་འདོགས་སོ། །རྒྱལ་པོ་གདུག་པ་ཅན་དང་། བློན་པོ་གདུག་པ་ཅན་གནས་ན་བར་ཆད་འོང་ངོ་། །ཉེ་ན་གཉེན་གྱི་ཆ་མཆུས་གནོད་པར་འགྱུར་ཏེ་གཡེང་ངོ་། །རིང་ན་དགྲའི་འཚེ་བ་འོང་བས་དེ་དག་དང་ལྡན་པ་ནི་སྐྱོན་ནོ། །དགོས་པ་ནི་དེ་དག་མེད་པར་བྱ་བ་སྟེ། དེ་སྒྲུབ་ཐབས་ངེས་པ་རྒྱན་ལས། ཡང་མན་ངག་ལས། བདག་དབང་བར་ཆད་མེད་པའི་གནས། །རྙེད་ནས་དེ་ན་གནས་པར་བྱ། །ཞེས་པའི་དོན་ཏོ། །འོ་ན་དར་ལས་ཅི་བྱ་ཞེ་ན། དེ་དག་རང་རིག་པས་རང་གི་མཚན་ཉིད་ལ་ལྟ་བ་མེད་པའི་ཚུལ་གྱིས་བལྟ་སྟེ་འདྲིས་གོམས་སུ་བྱའོ། །བྱང་ཆུབ་སེམས་ཀྱི་མན་ངག་ལས། དོན་ཉིད་ཉམས་སུ་མྱོང་འདོད་པས། །གཅིག་པུ་སེང་གེ་བཞིན་འདུག་ནས། །གཡེང་བའི་ཡུལ་རྣམས་ཐག་བཅད་དེ། །འབྲེལ་སྔོན་དུ་བྱ་བའི་ལས་སུ་ཡང་བཤད་དེ་མི་འགལ་ལོ། །ཡུལ་དཔག་ཚད་དུ་མས་བཤུག །དེ་ནས་ཡིད་ཀྱི་མེ་ལོང་བལྟ། །ཞེས་པའི་དོན་ཏོ། །དུས་སུ་སྒོམ་སྒོམ། ནམ་ཞིག་བརྒྱུ་འགའ་ལས། གདུང་ཚབ་ཀྱི་སྐྱེས་བུ་སུ་ཞིག །སྣག་གི་གཉེན་འདུན་དང་། རྒྱལ་སྲིད་དང་། ཁྱིམ་ཐབས་ནི་ཝའི་བརྟུལ་ཞུགས་ཀྱིས་སྤངས་ནས་དགོན་པར་དོན་ཆེན་པོ་འཚོལ་བའི་མི་ཆེན་པོས། ཐོག་མར་དམ་བཅའ་སྟེ། འཁོར་བའི་རྒྱ་མཚོ་ཆེན་པོ་ནི་ཤིན་ཏུ་ཟད་པ་མེད་དེ་ཐར་དཀའ་ལ་འགྱིང་སྐྱེན་འགྱུར། པས་འདི་དག་ལས་ཐར་པའི་དུས་མེད་པ་ནི་སྙིང་རེ་རྗེ་ཞེས་སེམས་ཅན་ཐམས་ཅད་བུ་དང་འདྲ་བར་བསམ་མོ། །དེ་དག་ལས་ཐར་བར་བྱ་བའང་། བདག་གང་ཟག་ས་སེམས་ཅན་ཡིན་པས། ན་གནས་པ་ནི། རང་བཞིན་དག་ཀྱང་ཐབས་ཆེན་པོ་དང་མི་ལྡན་པའི་ཕྱིར་བསྐལ་པ་རྒྱ་མཚོར་འགྲོ་དོན་མཛད་པའི་རྗེས་སུ་དོན་ལས་དང་པོ་པས། བྱས་ཀྱང་སྟོབས་ཆུང་བས། ཐར་བའི་གོ་འཕང་སངས་རྒྱས། ཆེན་པོ་མཆོག་བསྒྲུབས་ཐབས་རྒྱ་མཚོ་དང་སངས་རྒྱས་ཀྱིས། འདྲ་བ་སྤྲིན་ཕུང་གི་དོན་བྱས་ཏེ། ཐམས་ཅད་བསྒྲལ་ལོ་བར་བསམ་པ་ནི་མདོ་སྔགས་ཐུན་མོང་དུ་བྱས་པའོ། །དེ་ཡང་པདྨའི་བཀའ་ལས། དགོན་པར་ཡོང་ཞིག་འགྲོ་འདོད་ན། །དང་པོར་རབ་ཏུ་དམ་བཅའ་སྟེ། །བདག་ནི་མི་རྟག་སྡུག་བསྔལ་ལས། །ཐར་ནས་གཞན་དོན་བསྒྲུབ་པ་ཡང་། །གང་ཟག་ས་པ་ནུས་ཞན་པས། །རྒྱལ་བའི་གོ་འཕང་རབ་བསྒྲུབས་ཏེ། །ཀུན་འདྲེན་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན། སྟོབས་ལྔ་དག་ཐོབ་ནས། །ཀུན་ཀྱང་བྱང་ཆུབ་སར་བཀོད་ལ། །བདེ་བ་ཐོབ་བྱ་སྙམ་དུ་ཡང་། །བསམས་ཏེ་སྙིང་རྗེ་བསྐྱེད་པར་བྱ། །ཞེས་པའི་དོན་ཏོ། །དེ་ལ་ལྟ་བ་དང་སྦྱར་ན། ཐེག་པ་བཞི་ཅར་དུ་ཡང་བཅད་དུ་ཏོན། ཙེན། མ་ཧཱ། ཨ་ནུ། སེམས་ཅན་ནི་དོན་བྱེད་པའི་རྟོག་པ་མིག་ལ་མི་འགལ་དམ་བཅའ་བ་ལ་རྩོད་པ། ཡོད་ན། རེ་ཞིག་གཙོ་བོའི་དབང་དུ་རྫོགས་པ་ཆེན་པོའི་ལུགས་འདིར། བྱ་བ་ཐམས་ཅད་བྲལ་ལོ་ཞེ་འདིར་དམ་བཅའ་བ་མི་འགལ་ལམ་ཞེ་ན། ན། འདིར་དམ་བཅའ་བ་མེད་པའི་དོན་རྟོགས་ན་དངོས་པོ་གང་ལའང་སྤང་བླངས་མེད་པའི་སྐྱོན་གྱིས་མི་གོས་པ་དཔེར་ན་ནམ་མཁའ་དང་འདྲ་བའི་ཕྱིར། རིན་པོ་ཆེ་ཀུན་འདུས་ལས། དམ་དུ་བཅའ་བའི་ཡུལ་རང་གདོད་ནས་མེད། །དམ་དུ་བཅའ་བའི་ཡུལ་མེད་དོན་རྟོགས་ན། །དམ་དུ་བཅས་ཀྱང་སྐྱོན་མེད་ནམ་མཁའ་འདྲ། །ཞེས་པས་དམ་དུ་བཅའ་བའང་འགལ་བ་མ་ཡིན་ནོ། །དེ་ནས་བདག་གཞན་གྱི་དོན་དུ་གནས་དེར་ལས་བརྩམ་པའང་ཐེག་པ་སོ་སོའི་སྤྱིར་བསྟན། མི་རྟོག་པའི་གཞུང་བཞི་ལེགས་པར་ཁོང་དུ་ཆུད་པས། སྒོ་གསུམ་བཅོས་སླད་མེད་པར་སེམས་ཀྱིས་ཆོས་ལྟ་བ་དང་རྗེས་སུ་མཐུན་པའི་སྤྱོད་པའང་། བྱ་བ་མེད་བྱ་བ་མི་འགོག་མ་ཆགས་པར་སྤྱོད་དོ། །དེ་ཡང་། ཉམས་དགའ་བའི་གནས་སུ་བརྩོན་པ་ཡིས། །ལྟ་བའི། དོན་རྟོགས་གདེངས་བསྒོམ། ལ་གོམས་བྱ་ཞིང་། །སྤྱོད་པས་ཅི་ལ་ཆགས་མེད་སྤྱོད། །དེས་ནི་དོན་བཞིན་མཐར་ཕྱིན་འགྱུར། །ཞེས་པའི་དོན་ཏོ། །སྔོན་དུ་འགྲོ་བའི་ལས་བརྩམ་པ་ནི། དང་པོ་ཁོ་ནར་མཉན་པ་ལ་འབད་པར་བྱ་སྟེ། དེ་ཡང་། མཉན་པའི་ཤེས་རབ་ཐོས་པ་མ་བསྐྱེད་ན། །མུན་ཁུངས་གསེར་ལ་སྒྲོན་མེ་མེད་དང་འདྲ། །ཞེས་པས། ཐོག་མར་མུན་པའི་གསེར་ཚོལ་བ་ན་སྒྲོན་མེ་ལ་བརྟེན་པ་འདྲ་བར། དོན་ཆེན་པོ་སེམས་ལས་བཙལ་བ་དང་། བསྒོམས་པ་ཡང་། ཚིག་དང་ཡི་གེའི་སྒྲོན་མ་ལ་བརྟེན་དགོས་པས། མདོ་སྡེ་དག་ལས་མང་དུ་ཡང་གསུངས། སྔགས་ནང་པའི་ཡང་། རིན་ཆེན་རྒྱ་མཚོ་ལས། ཏྲཱྃ་གསང་ལྟ་བ་ལ་རིན་ཆེན་འབྱུང་ལྡན། བ་གསང་ཆེན་གསང་མཆོག་གང་། །གསང་བ་ཀུན་ལ་མཉན་པར་བྱ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །མན་ངག་ལུགས་ཀྱིས་ཀྱང་། རྩེ་མོ་བྱུང་རྒྱལ་ལས། མིག་ཚིག་སྒྲོན་མས་དོན་གྱི་གསེར་མཚོན་པ། །ཚིག་གི་རྣམ་གྲངས་གསུང་གི་འཁོར་ལོ་ཅན། །ཞེས་གསུངས་པས་དོན་བཙལ་ཏེ་འབད་དོ། །དེ་ཡང་མདོར་དོན་གོ་བ་ནི་ཐོས་པའི་མཆོག་ཡིན་པའི་ཕྱིར། ཆོས་ཀྱི་མེ་ལོང་ལས། ཚིག་ཚོགས་རྒྱ་མཚོ་ཐོས་པ་མིན། །ཚིག་གཅིག་གོ་བ་ཐོས་པའི་མཆོག །ཅེས་པ་དང་། ལང་ཀར་གཤེགས་པའི་མདོ་ལས། མང་དུ་ཐོས་པ་ཞེས་བྱ་བ་ནི། དོན་ལ་མཁས་པ་ཡིན་གྱི། ཚིག་ལ་མཁས་པ་ནི་མ་ཡིན་ནོ། །ཞེས་གསུངས་པས་གོ་བར་བྱའོ། །དེ་ལྟར་མཉན་པ་ཕལ་ཆེར་ཚིག་ཟིན་ཀྱང་། མ་བསམས་ན་དོན་དང་འབྲེལ་བ་མེད་དོ། །བསམ་པའི་ཤེས་རབ་ནི་ཤིན་ཏུ་མ་དཔྱད་ན། སྙན་སྨྲ་དོན་དང་འབྲེལ་མེད་སྙན་ཚིག་སྨྲ། ཞེས་གསུངས་པ་དང་། ཡང་ཉན་པའི། རྡོ་རྗེ་བཀོད་པ་ལས། ཇི་ལྟར་ཅང་ཤེས་གྱི་ལིང་དག །སྡོམ་བྱེད་སྒྲོག་གིས་བཅིངས་གྱུར་པ། །བཀྲོལ་ནས་བདེ་བླག་བཏང་གྱུར་ན། །ཅི་ལའང་ཐོགས་མེད་འགྲོ་བ་ལྟར། །སེམས་ཀྱི་དབང་པོ་ཅང་ཤེས་འདི། །མི་ཤེས་བཅིངས་པས་བཅིངས་གྱུར་པ། །རྣམ་གྲོལ་ཐོས་པའི་སྒོ་མོ་ཡིས། །ཤེས་རྒྱུད་ཀུན་གྲོལ་ཐོགས་མེད་འགྲོ། །ཞེས་གསུངས་པས། མཉན་པར་བྱ་བ་ནི། རྒྱུ་འབྲས་ཐེག་པ་ཀུན་མཐུན་ཡང་། །དོན་ལྟ་སྒོམ་སྤྱོད་པ་འབྲས་བུ། མཐུན་པ་ནི་མ་ཡིན་ནོ། །དེ་ལས་སྤྱིར་བསྟན། ཁྱད་པར་དུ་གདམས་ངག་རྣ་བར་བརྒྱུད་པའི་མན་ངག་ཐོབ་པར་བྱའོ། །དེ་ལ་རྒྱུའི་ཐེག་པ་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདའ་ཀར་འོད་སྲུངས་ལ་གདམས་ངག་ཕོག །དེ་ནས་དར་མཱོ་དྷཱ་ར་ལ་སོགས་པ་ནས། རྒྱ་ནག་པོར་བདུན་བརྒྱུད་ཐ་མ་ཧ་ཤང་མ་ཧཱ་ཡ་ན་ལ་ཐུག །དེ་ནས་བོད་ཡུལ་དུ་བཙན་པོ་དང་དགེ་སློང་རྣམས་ལ་ཡོད་པ་ནི་ནུབ་གླང་དར་མའི་རིང་ལ་བཙུན་པ་ཡེ་ཤེས་དབང་པོ་བར་ཆད་དུ་གྱུར་པས་མཚན་ཉིད་ཀྱི་སློབ་དཔོན་བརྒྱུད་པ་ནུབ། དེ་དག་གི་འདོད་གཞུང་གི་ཡི་གེ་དག་ཡོད་པ་དེ་དག་དང་། ཀ་མཱ་ལ་ཤི་ལས་རིམ་པར་བསླབ་པ་ལ་སོགས་པ་དག་ཐེ་ཚོམ་ཆོད་པར་བྱས་ཏེ། ཕྱིས་སློབ་དཔོན་ལ་མི་སྙེག་པར་བྱ་བ་དང་། སྔགས་ནང་པ་ལ་མ་ཧཱ། ཐབས་འདོད་ཆགས་ཆེན་པོའི་ཏིང་ངེ་འཛིན་གྱི་མན་ངག་དང་། གདམས་ངག་ཐིག་ལེ་ལ་སོགས་ཏེ། སྟེང་འོག་གི་སྒོའི་མན་ངག་དང་། ལྷག་འབྲོ་ལྷ་བུ་རིན་ཆེན་ནས་བཀའ་མ་ཆད་པར་བཞུགས་པ། པའི་རྣལ་འབྱོར་ཨ་ཏི། དག་ལ་ནི། ཅི་ལ་ཡང་བྱ་བ་མེད་པའི་མན་ངག་སྙན་ཁུང་བརྒྱུད་པ་ཐོབ་པར་བྱ་བ་སྟེ། ཞིབ་ཏུ་འོག་ནས་ཀྱང་སྟོན། མདོར་བཞག་ཐབས་དང་། སེམས་བཅོས་ཐབས་དང་། སྤྱོད་ལམ་བྱ་ཐབས་ལ་སོགས་པའི་ཐེ་ཚོམ་བཅད་པ་དང་། སཱཙྪ་གདབ་པ་དང་། ཉེ་འདོན་དང་། སྟོང་ཟམ་དང་། ལམ་འཕྲང་བསལ་བ་དང་། མཆོད་རྟེན་དང་གཙུག་ལག་ཁང་བྱ་བ་དང་། རབ་ཏུ་བྱུང་བའི་སྡེ་བ་ཆེན་པོ་བཅའ་བ་དང་། མདོ་སྡེ་རྒྱ་ཆེན་པོ་བཀླག་པ་དང་། ཆོས་ཀྱི་འཁོར་ལོ་ཆེན་པོ་བྱ་བ་དང་། སྡུག་བསྔལ་ཅན་གྱི་གྲོགས་བྱ་བ་དང་། ཉེ་རིང་མེད་པའི་ནད་པ་གསོ་བ་དང་། སྦྱིན་པ་རྒྱ་ཆེན་པོ་ལ་སོགས་པ་རླབས་ཅི་ཆེར་འབད་དོ། །ཐེག་པ་ཆེན་པོ་སྔགས་ལ་ནི་ཁྱད་པར་དུ་ཡང་། དབང་གི་རིམ་པ་མང་པོ་ནོད་པ་དང་། སྒྲུབ་པའི་དཀྱིལ་འཁོར་མང་དུ་ཞལ་ཕྱེ་བ་དང་། སྦྱིན་བསྲེག་རྒྱ་ཆེན་པོ་བྱ་བ་དང་། རབ་ཏུ་བྱུང་བའི་སྡེ་བ་ཡང་མཆོད་གནས་སུ་བཀུར་བ་དང་། སྙིང་རྗེ་ཁུང་བའི་ཞིང་དུ་བྱ་བ་དང་། སྒོོམ་གྲྭ་གཟུགས་པ་ལ་སོགས་པ་ལ་འབད་པར་བྱའོ། །གཞན་ཡང་ཟས་ནོར་ཟང་ཟིང་གི་འབྲེལ་ཆགས་བསལ་བ་དང་། གྲོས་འདུན་གྱི་ཐག་བཅད་པ་དང་། དགོས་པའི་རྐྱེན་རྣམས་གོང་དུ་ཚང་བར་བསགས་པ་ལ་སོགས་པ་བྱ་སྟེ། བྱང་ཆུབ་སེམས་ཀྱི་མན་ངག་ལས། ཟབ་མོར་འཇུག་པའི་སྔོན་ལོག་གསུངས། །ཐེ་ཚོམ་འཕྱར་མོ་ཐག་བཅད་དེ། །སྡིག་སྦྱང་བྱང་ཆུབ་སེམས་བསྐྱེད་ནས། །རྣལ་འབྱོར་ཚོགས་ཀྱི་བསོད་ནམས་དཔུང་། །རྣམ་གྲངས་ཇི་སྙེད་བསྟན་པ་ཀུན། །ཚུལ་བཞིན་ལྕོག་ཚད་བྱ་བ་དང་། །འཕྲལ་གྱི་བྱ་བ་མ་ལུས་ཀུན། །ཕྱི་ནས་འགྱོད་པ་མེད་པར་བྱའོ། །ཞེས་གསུངས་པའི་དོན་ཏོ། །དགོས་པ་ནི། བསྒོམ་པའི་གནས་ནས་ལམ་བཙལ་མི་དགོས་པ་དང་། བར་ཆད་མི་འབྱུང་བ་དང་། སྟོངས་སུ་འགྱུར་བ་དང་། གཞན་དྲང་བ་དང་། ཕྱིས་མི་གཡེང་བར་འགྱུར་བས་འབད་དོ། །དེ་ནས་ཟང་ཟིང་གི་ནོར་དག་སྤང་བ་ནི། ཟས་ནོར་གྱི་རང་བཞིན་རྣམ་རྟོག་གི་གཟུགས་བརྙན་སྣང་བ་དང་། མི་བདེན་པ། ནོར་བ། མི་རྟག་པ། ཕན་མི་ནུས་པ། འཆིང་བའི་རྒྱུ་བྱེད་པ་ཉིད་དེ། ས་རྡོ་འདྲ་བར་བསམས་ཏེ། བདག་ལ་དབྱིག་གི་བང་མཛོད་དང་། རྟ་གླང་ལ་སོགས་པ་ཅི་ཡོད་མི་ཆགས་པར་བྱའོ། །དེ་ཡང་། སྔ་རབས་ཤི་བའི་མི་རྣམས་ཀུན་གྱིས་ཀྱང་། །རྟག་ཏུ་རེ་ཞིང་ཟས་དང་ནོར་བསགས་ཀྱང་། །སྡིག་པའི་རྣམ་སྨིན་རྨོངས་པ་བདག་ཉིད་ཁུར། །ཟས་ནོར་ཕྱིར་ལུས་བདག་ལ་སྤྱད་དབང་མེད། །བཟང་རྒུ་གོན་ཞིང་ཞིམ་རྒུ་ལྟོར་ཟོས་ཀྱང་། །སྒོམ་པའི་དོན་ལ་འགྱང་ན་བྱོལ་སོང་སྟེ། །གཅན་གཟན་གྲ་བཟང་རྨོན་གླང་ལྟོ་སྐྱིད་འདྲ། །དེ་བཞིན་མི་གཙང་ཕྱི་ས་བཞིན་དུ་བོར། །ཅེས་པའི་དོན་ཏོ། །གཞན་ཡང་མི་གཉེན་དང་ཡིད་ཆགས་སྤངས་ཏེ། ཕ་མ་དང་། རྒྱལ་པོ་དང་། རྗེ་དཔོན་དང་། ཕུ་ནུ་དང་། ཁྱོ་མོ་དང་། མཛའ་བོ་དང་། ཡུལ་མི་ལ་སོགས་པ་ནི། འཇིག་རྟེན་འདིའི་མགྲོན་པོ་གནས་གཅིག་ཏུ་འདུག་པ་འདྲ་སྟེ། ནམ་ཡང་འགྱེས་པའི་ཆོས་ཅན་ཏེ། འདིར་འཕྲལ་ཕྱིད་དང་དགའ་བའི་ཆགས་པས་བསྟེན་ཀྱང་། བྱང་ཆུབ་འཕྲོག་པའི་དགྲར་འགྱུར་བས། དེ་དག་གི་དབང་ཀར་མི་བཏང་། ཝ་ཡིས་གཞན་མཐོང་ན་སར་བས་བྲོས་པ་བཞིན་མི་ཆགས་པར་བྱའོ། །ཚེ་འདིར་གཅིག་པའི་ལས་མཐུན་གཉེན་གཞི་རྣམས། །མགྲོན་པོ་གནས་མཐུན་ཙམ་སྟེ་སོ་སོར་འགྲོ། །ཕ་མ་ལ་སོགས་གྲོགས་བཤེས་གཉེན་གདུང་གིས། །སྡུག་བསྔལ་གྲོགས་བྱེད་འཁོར་བའི་གྲོས་བསྐྱིལ་ནས། །འཕྲལ་ཕྱིད་ཕུགས་སུ་ཕུང་བར་བྱེད་པ་དང་། །དེ་ལ་ཉན་ཅིང་སེམས་གཏོད་སྨྱོས་སམ་ཅི། །དེ་བས་རང་གི་ལུས་ཀྱང་འགྱེལ་ཆོས་ཅན། །དེ་ཕྱིར་ཝ་ཡི་ཤུགས་སློངས་ལ། །དགོན་པའི་གནས་སུ་གཅིག་པུར་གཤེགས། །ཞེས་པའི་དོན་ཏོ། །སློབ་མཁན་པོས་བཤད་པ་བསྒོམ་པའི་ཚེ་མི་ནི་སུ་ཡང་བསྙེན་པར་མི་རིགས། དེ་ཅིའི་ཕྱིར་ཞེ་ན། ཀུན་ཀྱང་མི་རྒོད་ཀྱི་སེམས་དང་ཆས་ཤིང་ཁེ་གཡོགས་ཅི་ཐོབ་ཏུ་ཚོལ་བ་ཡིན་པས་ཆོས་ལམ་བསྒོམ་པ་ལ་གནོད་དེ་ནན་གྱིས་མི་གཉེན་པ་ལ་གཉེན་མི་མཛའ་བ་ལ་མཛའ་ཞེས་ཟེར་ཞིང་འགྲོ་ཞིང་གར་ཅི་ཐོབ་པར་གླགས་ལྟ་ཞིང་འགྲོ་བའི་ཕྱིར་རོ། །དཔོན་དར་མོ་ཏ་རའི་རྒྱ་ལུང་ཆེན་པོ་ལས་ཀྱང་། འཁོར་བའི་གདུང་མཚམས་དང་མི་བཤེས་པར་གསུངས་སོ། །དེ་དག་ལས་ཀྱང་ཆུང་འདོད་ཆགས་ཞེ་སྡང་གཏི་མུག་དྲི་དང་འགྲོགས་པའི་ཕྱིར་ཆུང་མ་ཞེས་བྱའོ། །མི་ཟད་སྲིན་མོ་ཆགས་པ་ཀླུ་མོ་འབག་ནོར་འཛོམ་པ་དང་དགྲ། མ་དངོས་པོ་གང་རུང་བ་དང་འབྲེལ་བ་ཕྲ་མོ་ལ་ཆགས་ནས་མི་སྒོམ་པ་ཡང་སྤང་ངོ་། །དེ་ཡང་། རྒྱལ་སྲིད་འཇིག་རྟེན་ཕ་རོལ་ནས། །བསྣམས་ཏེ་མི་རྟག་པའི་དཔེ། སྔོན་གྱི་ལོངས་སྤྱོད་དེ། ད་ལྟར་མི་རྟག་མེད། ཕྱིས་སུ་མི་རྟག་མེད། རང་བཞིན་རྟག་པ་མེད། མ་བྱོན་བསྣམས་མི་འགྱུར། །བསོད་ནམས་རྒྱུ་ལས་གྲུབ་པའི་ཕྱིར། །དེ་ཡང་ཡུད་ཙམ་ཞིག་ཏུ་བས། །དེ་ལྟར་ལོངས་སྤྱོད་ཀུན་ཀྱང་འགྱུར། །བྲེལ་བ་གལ་ཆེན་གསལ་ལ་བྱ་ཞེ་ཕྱིས་བསྒོམ་པ། ན། །ཆུ་གཉེར་འདྲ་སྟེ་མཐའ་མེད་པས། །མ་འདས་བར་དུ་བྲེལ་བ་མི་ཟིན་ན། །ཤི་ནས་རོ་དེ་དལ་བས་བསྒོམ་བྱའམ། །དེ་བས་ལོངས་སྤྱོད་མཆིལ་མ་བཞིན་དུ་བསྐྱུར། །ཅེས་པའི་དོན་ཏོ། །སྤྱིར་དང་བོ་ལས་ཅན་གྱིས་དེ་བཞིན་དུ་བསམ་པའང་དོར་བ་ནི་མ་ཡིན་སྣ་བ་གཉེན་འདུན་ལ་སོགས་པ་དགྲ་བཞིན་ཡང་མ་ཡིན་ཏེ་མ་ཆགས་པར་བྱའོ། ནོ། །ལུགས་ཆེན་པོའི་ཆོས་ལམ་སྤྱོད་པས་ནི། དེ་དག་རིལ་གྱིས་བརྟགས་ན་མེད། བཞག་ན་སྣང་། སྣང་བ་ཉིད་དང་མི་སྣང་བའང་གློ་བུར་གྱི་བཏགས་པ་ཙམ་ལས། ངོ་བོས་ཅིར་ཡང་བཏགས་བསམས་བྱར་མེད་པ་གང་ལ་སུ་ཞིག་ཆགས་ཏེ། ཆགས་པར་བྱ་བ་རྡུལ་ཙམ་ཡང་མེད་པར་ཤེས་པར་བྱའོ། །ཤེས་པར་བྱ་བ་ཉིད་ཀྱང་རེ་ཞིག་གོ། །དེ་ལྟར་ཐམས་ཅད་ལ་མ་ཆགས་པའི་ཡིད་ཀྱིས་དགོན་པར་ཡུན་བསྲིངས་ཏེ་དོན་དཔྱད་དོ། །གལ་ཏེ་དགོན་པར་ཡུན་རིང་པས་དགོན་པས་སྐྱོ་ན་འདི་ལྟར་བསམས་ཏེ། གྲོང་དང་འདུ་འཛིའི་མཚན་ཉིད་ནི་ཆུང་ངུ་ན། མི་རྟག་པ་དང་། སྡུག་བསྔལ་བ་དང་། རབ་ཏུ་འཁྲུག་པ་བ་དང་། ཤིན་ཏུ་གཡེང་བ་དང་། དོན་ཡལ་བ་དང་། རྩོད་པ་མང་བ་དང་། རྩོད་པའི་རྒྱུར་འགྱུར་བ་དང་། ཉོན་མོངས་པའི་རུ་མ་སློང་ཞིང་སོགས་པ་དང་། ཉོན་མོངས་འཕེལ་བ་དང་། རྒྱུད་རབ་ཏུ་མ་ཞི་བ་དང་། ཡོངས་སུ་བརྟག་མི་བཟོད་པ་དང་། ཡ་མ་བརླ་བ་དང་། མྱུར་དུ་འབྱུང་བའི་ཆོས་ཅན་དང་། ཡོངས་སུ་སྐྱོ་བའི་ཆོས་ཅན་དང་། བྱང་ཆུབ་ཤིན་ཏུ་ཐག་རིང་བ་ལ་སོགས་པར་བསམ་སོ་སོ་མཁྱེན་པ་འདུལ་བ། མོ། །དེར་འདུག་པའི་ཡོན་ཏན་ནི། སྔ་མའི་སྐྱོན་བཟློག་པ་ཉིད་ཀྱང་ཡོན་ཏན་ནོ། །མདོ་སྡེ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་དགོན་པའི་ཡོན་ཏན་གསུངས་སོ། །གཞན་ཡང་མདོ་སྔགས་ཀྱི་བཀའ་དུ་མ་ལས། དགོན་པ་ནི་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་དང་། རྒྱུད་ཤིན་ཏུ་ཞི་བར་འགྱུར་བ་དང་། རྩོད་པ་མེད་པ་དང་། ཉོན་མོངས་མི་བསོག་མི་སློང་བ་དང་། དམ་ཅན་ཉེ་བར་དང་། རྨི་ལྟས་གསལ་བ་དང་། མངོན་པར་ཤེས་པ་འཆར་བ་དང་། དོན་ཡོད་པ་དང་། བླ་ན་མེད་པར་འཚང་རྒྱ་བ་ལ་སོགས་པ་གསུངས་པ་དྲན་པར་བྱའོ། །གང་ཞིག་གྲོང་གི་དབུས་སུ་འདུག་ནས་སུ། །བྱང་ཆུབ་སངས་རྒྱས་དམ་པ་ཐོབ་པ་ནི། །དེ་འདྲའི་སངས་རྒྱས་གང་ཡང་སྔོན་མ་བྱོན། །མ་བྱོན་པ་དང་ད་ལྟར་བཞུགས་ལའང་མེད། །ཅེས་གསུངས་པ་དེ་དག་དྲན་པར་བྱའོ། །ཆེར་ན་སོ་སོའི་རང་བཞིན་དབེན་པའི་དོན་བསམ་པར་བྱ་སྟེ། མདོ་སྡེ་པས་ཀུན་རྫོབ་རྟེན་ཅིང་རྐྱེན་བཞི་འདུས་ཀྱི་དངོས་པོ། འབྲེལ་འདུས་པ་བསྔོ་བའི་ངོ་བོ་ཙམ་ཞིག །ཤིང་ཡང་དག་གི་སྟོང། རྟ་བཞིན་སྣང་བ་ཡང་སྒྱུ་མ་ཙམ་སྟེ། དོན་དམ་པར་དེ་ལ་ངོ་བོ་མེད་པ། རྣམ་པ་མེད་པ། མཚན་ཉིད་མེད་པ། རྒྱུ་རྐྱེན་བྲལ་བ་སྟེ་སྤྲོས་མཐའ་བརྒྱད་དང་གསུམ་ལས་དབེན་པར་ཤེས་པར་བྱའོ། །སྔགས་ནང་པ་བས་བདེན་པ་གཉིས་དབྱེར་མེད་པའི་དེ་བཞིན་ཉིད། རང་རིག་པའི་ཡེ་ཤེས་ནི་མཐའ་གང་གིས་ཀྱང་མ་རིག་པའི་དོན་གྱིས། དབེན་ཐམས་ཅད་པར་དྲན་པར་ངེས་སངས་བར་དུ་འགྱུར་རོ། །བྱའོ། །ལྷག་པའི་རྣལ་འབྱོར་ནི་ལྷུན་གྱིས་རྫོགས་པའི་ཆོས་ཉིད། གཞི་བཞག་རང་ལུགས་ནི་བསལ་བས་དབེན་པ་མ་ཡིན་གྱི་ཡེ་ནས་དབེན་པ་སྟེ། དབེན་པའི་ཐ་སྙད་ཉིད་དང་ཡང་བྲལ་བ། དེ་དྲན་པ་མེད་པས་དྲན་ན་སུ་ཞིག་གང་ལ་སྐྱོ། གང་ལ་དགའ་སྟེ། དོན་དེས་སྐྱོ་མ་བསལ་བར་སངས་པར་འགྱུར་རོ། །ཞིབ་ཏུ་སོ་སོ་ལྟ་གཞུང་དུ་འོག་ནས་སྟོན་ནོ། །རྣལ་འབྱོར་མིག་གི་བསམ་གཏན་ཞེས་བྱ་རྒྱ་ཆེར་འགྲེལ་པ་ཆེན་པོ་ལས། གནས་དང་། དམ་བཅའ་བ་དང་། སྔོན་དུ་བྱ་བ་དང་། ཆགས་པ་སྤང་བ་དང་། སྐྱོ་བ་བསང་བའི་དོན་བསྟན་ཏེ་ལེའུ་དང་པོའོ།། །།དེ་ལྟར་བྱ་བའི་ལས་ཐམས་ཅད་ཟིན་ནས། དོན་ལ་འཇུག་པའི་ཚེ་ཡང་། རྒྱུའི་ཐེག་པའི་ལུགས་ཀྱིས་ཀྱང་དབང་པོ་རྣོ་རྟུལ་གྱི་བྱེ་བྲག་གི་གཉིས་ཏེ། རིམ་གྱིས་པ་དང་། ཅིག་ཅར་པའོ། །དེ་ལ་རིམ་གྱིས་པ་ནི། རྒྱ་དཀར་པོའི་སློབ་དཔོན་ཀ་མཱ་ལ་ཤི་ལའི་འདོད་གཞུང་སྟེ། དྲང་བ་དོན་གྱི་མདོ་སྡེ་ཡོངས་སུ་མ་རྫོགས་པའི་གཞུང་ངོ་། །ཅིག་ཆར་འཇུག་པ་ནི། འོད་སྲུངས་དང་། སློབ་དཔོན་དྷར་མོ་ར་ལས་བརྒྱུད་པ་ནི། བོད་དེར་དར་མོ་ཏཱ་ར་ནི་ཤར་ཕྱོགས་ནས་རྒྱ་མཚོ་བརྒལ་ནས་འོངས་ཏེ། རྒྱ་ཡུལ་ལེང་ཀུག་ཏུ་ཕྱིན་པ་དང་། རྒྱ་རྗེ་སེའུ་ཡན་འང་། མཁན་པོ་མཇལ་བས། མཁན་པོས་རྒྱ་རྗེ་འུ་ནི་དོན་དམ་པ་གོ་བ་མ་ཡིན་པར་ཤེས་ནས། མཁར་ལག་ཆུར་བྱོན་པས་དགེ་སྦྱོང་ཁ་ཤི་དང་། ལིའུ་ཅི་དང་། ཀྭ་ན་ཧོང་ལ་སོགས་པས་ཕྲག་དོག་བྱས་ཏེ། ལི་ཅིས་མཁན་པོ་ལ་དུག་ལན་སྔ་ཕྱི་དྲུག་བླུད་པས་མ་ཚུགས་སོ། །གཞུག་ཆོས་གཏད་པའི་ས་རྙེད་ནས་རྒྱ་ཡུལ་དུ་སྐུ་འདས་ཚུལ་བསྟན་ནས། བདུར་ཤི། བའང་ཟིན་ནས། རྒྱ་ཡུལ་ནས་སྟོད་ཕྱོགས་སུ་ཚོང་པ་འུན་ཞེས་བྱ་བས་ཕྱིན་པས། ར་མ་ཏིང་གི་ལ་ཀ་སློབ་དཔོན་བོད་དེ་དར་མོ་ཏཱ་ར་དང་མཇལ་ཏེ། ཕྱག་ན་ལྷམ་ཡ་ཡང་གཅིག་ཀྱང་ཐོགས་ནས་འདུག་གོ། །དེར་བཀའ་མཆིད་ཞིབ་ཏུ་སྨྲ་པ་དང་། སླར་ལོག་ནས་རྒྱ་ཡུལ་ཏུ་གཏམ་ཞིབ་ཏུ་བསྙད་པ་དང་། དུར་ཁ་ཕྱེ་སྟེ་བལྟས་ན། ལྷམ་ཡ་གཅིག་ལས་མི་འདུག་སྟེ། ཀུན་ན་རེ་འཕགས་པ་ཡིན་ནོ་ཟེར་རོ། །དེས་བརྒྱུད་པའི་ཐ་མ་ཧ་ཤང་མ་ཧཱ་ཡ་ན་གྱི་གཞུང་ཅིག་ཅར་འཇུག་པ་སྟེ། ཡོངས་སུ་རྫོགས་པའི་མདོ་སྡེའི་གཞུང་ངོ་། །གཞན་ཡང་སྔགས་ནང་པ་རྣལ་འབྱོར་ཆེན་པོ་དང་། ཤིན་ཏུ་རྣལ་འབྱོར་ལ་འཇུག་པའི་དུས་སུའང་མན་ངག་ཐོབ་པར་བྱའོ། །དེ་ཡང་རེ་ཞིག་ཕྱེ་ནས་གསོལ་ཏེ། ཙེན་མིན་ནི་ཐབས་ཞི་གནས་རྒྱུད་བརྟགས་པ་དང་། གོམས་སོགས་པ། པར་སླ་བའི་ཞི་གནས་ལ་སོགས་པ་དག་ཐོབ་པར་བྱེད་དོ། །སྟོན་མུན་ནི་ཐོག་མ་ཉིད་ནས་དོན་དམ་པ་མ་སྐྱེས་པ་ཉོན་མོངས་གང་དང་གང་ཆེ་བའི་གཉེན་པོར་བྱམས་པ་ལ་སོགས། ལ་བྱ་བ་མེད་པས། གོམས་པའི་ཐབས་རྣམས་ཐོབ་པར་བྱེད་ཀྱང་། ཐབས་ནི་ཡིན་གྱི་དེ་ལ་ཐབས་ཆེན་པོ་ཞེས་མི་བྱའོ། །ཐབས་ཆེན་པོ་གང་ཞེ་ན། དེ་ལའང་གཉིས་ཏེ། རྟེན་པ་བའི་ཐབས་དང་། བྱ་བ་མེད་པའི་ཐབས་སོ། །དེ་ལ་རྟེན་པའི་རྣལ་འབྱོར་ཆེན་པོའི་ཐབས་ནི་དཔེར་ན་དུག་ཉིད་དཔྱད་པས་སྨན་གྱི་མཆོག་ཏུ་གྱུར་པ་སྟེ། དེའང་ཕྱི་དང་ནང་ངོ་། །ཕྱི་ནི་ཐོས་བསམ་གྱི་ལམ་ནས་བློ་གཞུག་པའི་ཐབས་ཁྱད་པར་ཅན་མང་པོ་སྤྱོད་ཡུལ་དང་བྲལ་བས་རྟོགས་པ་ངང་གིས་མི་སྐྱེ་བར། དང་། ཡི་གེ་ལ་བརྟེན་པས་མི་དམིགས་པར་བྱ་བ་རྣམས་སོ། །དེ་དག་གི་གཞུང་ཡང་ཤེས་པར་བྱའོ། །ནང་གི་ལ་ཡང་གཉིས་ཏེ། ཏིང་ངེ་འཛིན་གྱི་གདམས་ངག་རྩ་དང་། འོད་དང་། ཐིག་ལེ་ལ་བརྟེན་པ་ནི་གསང་སྙིང་གར། བའི་གནས་སུ་རྩ་བརྒྱད་ལ་བསྒོམ་པའི་ཐབས་ཆོས་འཁོར་ལ་སོགས་པ། བཞི་དང་། སྐུ་དང་འོད་ཀྱི་འདའ་དཀའི་མན་ངག་ལ་སོགས་པ་མང་པོ་ཡོད་པ་སྟེ། དེ་དག་རིམ་པར་རྫོགས་སློབ་དཔོན་ལ། ཤིང་མཉེས་པ་མཆོག་ཏུ་བྱས་ལ་མཚམས་དྲག་ཏུ་བཅད་ལ་ཞུ་བ་དང་། ཕྱག་ལས་ཀྱི། རྒྱ་ལ་བརྟེན་པ་ནི། ཟླ་བ་དང་ཉི་མར་ལྡན་པའི་མི་མོ་མཚན་ཉིད་ཚང་བ་བཙལ་ཏེ། རྙེད་ནས་ཕྱིའི་རིམ་པ་རྫོགས། བསྐྱེད་པ་ལ་གནས་སོ། །གསང་བའི་དབང་ནོད་དེ་གོང་གི་སྟེང་སྒོའི། གདམས་ངག་ལ་གནས་སོ། །དེ་བརྟེན་ཕྲ་བའི་ལས་ལ་འཇུག་ཅིང་བརྟག་གོ། །དེ་བརྟེན་ནས་བདེ་བ་ཆེན་པོ་ལ་འཇུག་གོ། །དེ་ལ་ལས་ཀྱི་ཕྱག་རྒྱའི་བདེ་བ། རྗེས་སུ་འཇུག་པའི་རྣལ་འབྱོར་ཐོབ་ནས། གཞིའི་མུ་ཏྲ་བྲལ་ཀྱང་ཉམས་པ་མེད་དེ། བསྒོམ་པ་ལའང་འབད་མི་དགོས་དེ། བཏང་སྙོམས་ཆེན་པོའི་བརྩོན་འགྲུས་བྱའོ། །ཐབས་དེ་གཉིས་ཀ་ལ་འཇིག་རྟེན་པའི་ཆགས་པའི། རོ་དང་། མྱ་ངན་ལས་འདས་པའི་བདེ་སྟོང་དབྱེར་མེད་པ། རོ་ཡོད་པས་ཤིན་ཏུ་ཉམས་གང་ཡིན། བརྟག་སྟེ། ཐོས་བསམ་གྱི་དོན་དང་སྦྱར་ཞིང་བྱའོ། །དེ་ནི་ཟླ་གསང་ཐིག་ལེ་ལས། འདོད་ཆགས་མེད་པར་བྱང་ཆུབ་མེད། །བྱང་ཆུབ་མེད་པར་འདོད་ཆགས་མེད། །ཡང་དག་སྦྱོར་བས་ཐམས་ཅད་འགྲུབ། །སྦྱོར་དང་མི་ལྡན་དངོས་གྲུབ་མེད། །ཅེས་གསུངས་པ་དང་། ཡ་ངའི་རྒྱུ་ལ་གཞུས་སྤྱད་པས། །ཐར་པ་ཆེན་པོ་རང་ལས་འབྱུང་། །འདམ་སྐྱེས་པདྨ་ཇི་བཞིན་ཏེ། །ཐབས་ཆེན་ཐེག་པ་ཐེག་པའི་མཆོག །ཅེས་པའི་དོན་ཏེ། དེ་ནི་ནམ་མཁའ་ཆེ་ལས་ཀྱང་། །ཆེ་བའི་ཡེ་ཤེས་རྙེད་དཀའ་བ། །ཤེས་རབ་ཐབས་ལ་བརྟེན་པས་འགྲུབ། །ཅེས་པ་དང་། ཡང་། ཨཱ་ལི་ཀཱ་ལི་ཟབ་ཏུ་བསྟན། །དེ་ནི་ཨ་དང་མཛེས་པའི་ཏ། །པ་དང་ཡན་ལག་སྤྲོས་པ་བཞིན། །འཇིག་རྟེན་ཡོངས་ཀྱི་སྤྱོད་ཡུལ་ལ། །སངས་རྒྱས་གསུང་གི་ཟབ་མོ་འབྱུང་། །ཞེས་གསུངས་སོ། །འོ་ན་རྫོགས་ཆེན་ནང་པའི་ཐབས་ལ་བརྟེན་ནམ་ཞེ་ན། རྫོགས་པ་ཆེན་པོའི་གཞུང་གི་དགོངས་པ་མིན་ནའང་། རེ་ཞིག་དེ་དག་ནས་བརྒྱུད་པས་རྟོགས་པ་མི་འགོག་པའི་ཕྱིར། བདུད་རྩི་ཆེན་པོའི་རྒྱུད་ལས། རྒྱུད་དང་ལུང་དང་མན་ངག་ཀྱང་། །དམངས་དང་རྗེའུ་དང་རྒྱལ་པོའི་ཚུལ། །གཅིག་ལ་གཅིག་བརྟེན་གཅིག་གི་ངང་། །གཅིག་སྟེ་རྣམ་པ་ཡོངས་ཀྱིས་མེད། །ཅེས་གསུངས་སོ། །ལྷག་པའི་རྣལ་འབྱོར་གྱི་ལུགས་ཉིད་ནི། རྣ་བརྒྱུད་བསྟན་པས་ཐུགས་བརྟོལ་ཏེ། །ཞེས་གསུངས་པས། སྙན་ཁུངས་བརྒྱུད་པའི་མན་ངག་གསེར་དང་གཡུས་ཁ་སྨྲ་ཤེས་ཙམ་དུ་བྱས། ལག་པར་ཟ་འོག་ཐེག་ཚད་ཁྱེར། མཉེས་པ་སྣ་ཚོགས་བྱས། གནས་དབེན་པར་ལྷ་འདྲེས་ཀྱང་མ་ཚོར་པར་ཞུའོ། །གཞན་ཡང་ལུགས་ཉིད་ཀྱིས། རྟེན་མེད་ཀྱི་ཐབས་ནི་འདོད་ཆགས་ཞེ་སྡང་ལ་སོགས་པའི་རྒྱུ་རེ་ལས། ཡེ་ཤེས་སྐྱེས་པ་ལྟ་བུ་ནི་ཐབས་ཀྱི་མཆོག་མ་ཡིན་ཏེ། འདིར་ཐ་སྙད་ཐམས་ཅད་རང་བྱུང་གི་ཡེ་ཤེས་ལ། ཏིལ་འབྲུ་གཅིག་གི་མཐའ་བརྟགས་ཀྱང་ཡེ་ཤེས་ཀློང་ལ་མཐའ་མི་རྙེད་དེ། ཡེ་ཤེས་ཆེན་པོས་སྣུམ་ཁྱབས་ཆེ་ཆུང་མེད་པའི་ཕྱིར། ཕྱོགས་ལ་མི་བརྟེན་པས་ཐམས་ཅད་ཀྱང་ལམ་སྟེ། མཐོང་ཐོས་མྱོང་ཚོར་རེག་པ་ཅི་བྱས་ཀྱང་། །རང་བྱུང་བའི་ཡེ་ཤེས་ཀློང་དུ་ཝལ་ཝལ་རང་གསལ་ལོ། །དེ་ནི་གོང་གི་ནམ་མཁའ་ཆེའི་བཀའ་ལུང་དང་། རིན་པོ་ཆེ་ཀུན་འདུས་ལས། ཆོས་རྣམས་སྣ་ཚོགས་ཇི་སྙེད་སྣང་བ་དང་། །ཐ་སྙད་ཐམས་ཅད་བྱང་ཆུབ་མཆོག་གི་ལམ། །ཞེས་པ་དང་། ཀུན་ལ་འཇུག་ལས། ཉོན་མོངས་ལྔ་དང་མཚམས་མེད་ལྔ་པོ་ཡི། །རྣམ་དག་ལམ་དེར་ཞུགས་ན་མཉམ་པའི་རྒྱལ་པོ་ཐོབ། །ཅེས་པ་དང་། རྨད་དུ་བྱུང་བ་ལས། དམྱལ་བའི་གནས་ཉིད་བླ་མེད་ལམ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །ཆོས་ཀྱི་མེ་ལོང་ལས། གསང་སྔགས་མཐོང་བར་འདོད་པའི་རྐྱེན་མེ་ལོང་དུ་ནི་ཐམས་ཅད་འགྱུར་ཏེ། ཇི་ལྟ་ཇི་ལྟར་སངས་རྒྱས་ནས་སྲོག་ཆགས་ལྡེམ་བུ་དང་། ནམ་མཁའ་ལས་རྡུལ་ཕྲ་རབ་ཡན་ཆད་ཀྱིས། ལྷན་ནེ་ལྷང་ངེ་ལྷག་གེར་གསལ་བར་བྱེད་པའོ། །ཐེ་ཚོམ་གཅོད་པར་བྱེད་པའོ། །མཛོད་དམ་པར་གྱུར་པའོ། །གླེགས་བམ་ཆེན་པོར་གྱུར་པའོ། །རྒྱ་ཆེན་པོར་བཤད་པའོ། །ཡོངས་སུ་གོ་བར་སྒྲོག་པའོ། །ཞེས་འབྱུང་ངོ་། །འདིར་ཉོན་མོངས་པ་ལ་རྟེན་པ་ནི་མ་ཡིན་ཏེ། དེ་ཉིད་ཡེ་ཤེས་ཆེན་པོའི་ཀློང་ལས་ལམ་གཞན་ནས་བཙལ་དུ་མེད་དེ། སྔོན་དུ་དེ་དག་ཐོས་པར་བྱས་ཏེ། ཐེ་ཐོས་པའི་དུས་སུ། ཚོམ་བཅད་པའི་སྐབས་སུ་བསྟན་པ་དང་འདྲའོ། །དེ་ལ་མཐུན་པ་བསྟེན་འདི་ལ་མདོ་ཆུས་ལས། པ་ནི། ཉམས་དང་མདོར་གཉིས་མེད་སྤྱོད་པའི་རྒྱུ། ལྡན་པའི་གྲོགས་བསྟེན་པ་དང་། ནང་པས་མཚན་དང་ལྡན་པའི་ཕྱག་རྒྱ་བསྟེན་པ་དང་། བསམ་པ་དང་མཐུན་པའི་དར་མ་བསྟེན་པ་དང་། ཡིད་དུ་འོང་བའི་གཡོག་བསྟེན་པ་དང་བཞིའོ། །དེ་ལ་ཉམས་དང་མན་ངག་གི། ལྡན་དེའི་ཁུངས་སུ་བཞི་ལས་དང་པོ་རྒྱུ་དམ་པ། པའི་གྲོགས་གཅེས་པར། མཁན་པོ་དཔལ་དབྱངས་ཀྱིས་ཀྱང་། བློ་ཞུས་ལན་ལ། ལྡན་མ་ནོར་དོན་བཞིན་བཅོས་པ་ཤིན་ཏུ་གཅེས། །ཞེས་གསུངས་པ་དང་། སློབ་དཔོན་དགོངས་པའི་ཉམས་དང་ལྡན་པ། ཁུངས་ཀྱི་དབང་དང་མན་ངག་ཐོབ་པ། མཆོག་ཏུ་དགོངས་པ་དོན་དང་འབྲེལ་བས་སློབ་བུ་ཉམས་དྲོད་ཟིན་པ། སེམས་འཆོས་པ་ལ་མཁས་པ་སྟེ། རྩལ་ཆེན་ལས། གསེར་ལ་ནག་ཚུར་གཏོང་བའི་སློབ་དཔོན་རིན་ཆེན་དེ། །རིན་ཐང་དཔག་ཏུ་མེད་པའི་ལོན་གྱིས་བསླུ་བར་འོས། །ཞེས་པ་དང་། ཡང་རྣལ་འབྱོར་གྲུབ་པའི་ལུང་ལས། རྡོ་རྗེ་སློབ་དཔོན་བླ་མ་དེ། །ལམ་སྟོན་ས་མཁན་བཤེས་གཉེན་མགོན། །མུན་སེལ་སྒྲོན་མ་རིན་པོ་ཆེ། །མཐོང་མིག་དབང་པོ་ཡིད་རྣམ་ཤེས། །ཆུ་བོ་རབས་མེད་སྒྲོལ་བའི་གྲུ། །འཇིགས་པའི་རྫོང་ཆེན་བརྟེན་པའི་མཁར། །འཁོར་བའི་ནད་འབྱིན་སྨན་པའི་མཆོག །མཚོ་གླིང་རིན་ཆེན་ལེན་བྱེད་པའི། །དེད་དཔོན་དམ་པའི་བླ་མ་དེ། །སྔོན་དུ་ངེས་པ་ཤེས་པར་བྱ། །ཞེས་པས། ཡོན་ཏན་དེ་ལྟ་བུས་བདག་ལ་ཕན་འདོགས་པས་གདགས་པར་བྱ། ཡང་། བླ་མ་དམ་པའི་རང་བཞིན་ཡང་། །ཡིད་བརྟན་སེམས་དྭངས་དུལ་བ་དང་། །ཚད་མེད་ཡངས་པའི་བློ་གྲོས་དང་། །རྐྱེན་ཐུབ་བཟོད་ལྡན་ཀུན་ཏུ་དྲང་། །གསོང་པོར་སྤྱོད་ལ་གྱ་གྱུ་མེད། །སེམས་ཅན་ཉེན་ཅན་ཐམས་ཅད་ལ། །ཐབས་ཀྱིས་མི་འཇིགས་སྣ་ཚོགས་སྦྱིན། །དཔའ་བོ་མཐུ་ལྡན་བརྩོན་འགྲུས་ཆེ། །ཤེས་བྱའི་ཡུལ་ནི་ཐམས་ཅད་ལ། །ཇི་ལྟར་འདོད་པ་བཞིན་དུ་འབྱུང་། །སྲིད་པས་ཞུས་ཀྱང་ཟད་མི་ཤེས། །བརྟགས་ཤིང་ཡོན་ཏན་ཕྱི་ཕྱིར་འབྱུང་། །བདེན་པར་སྨྲ་ཞིང་ཚིག་མི་འགྱུར། །ཇི་སྐད་སྨྲས་པ་བཞིན་དུ་བྱེད། །ཉེས་དང་ལེགས་པའི་ལས་རྣམས་ལས། །དགའ་དང་མི་དགའ་རྟོག་འཛིན་མེད། །རི་དྭགས་རྒྱལ་པོ་སེང་གེ་ལྟར། །གཟི་ལྡན་བརྗིད་ཆེ་ཡུལ་མི་འཇུག །འདུ་འཛི་དམན་པའི་ལས་རྣམས་སྤང་། །འཕྱོང་དང་གཡང་བྲལ་གང་ན་རྟག །སེང་གེ་སྤུ་ལྟར་གཅིག་པུ་གནས། །དགོན་པའི་རྒྱུད་དང་དབེན་ལམ་དབེན། །འདི་དང་གང་ལྡན་དམ་པའི་འོས། །ཞེས་བསྟན་པའི་བླ་མའི་ཡོན་ཏན་དེ་དག་དང་ལྡན་པ་བཙལ་ལོ། །དེ་ཀུན་དང་མ་ལྡན་ཡང་། རང་བཞིན་བཟང་ལ་དགོངས་པ་ཟབ་པ་བཙལ་ན། ཐར་ལམ་ལ་ནོར་ས་མེད་དོ། །དེ་ལྟ་བུའི་བླ་མ་མ་རྙེད་ན། གྲོགས་ཉམས་ཅན་བཙལ་ལོ། །ནོར་བས་ངན་པའི་ཚིག་ལ་བྲོས་པ་གོང་གི་ཡོན་ཏན་ལས་བཟློག་པའི་སྐྱོན་ཅན་གྱི་མི་སློབ་དཔོན་དུ་བྱས་ཏེ། མཐོ་ཕྱིར་བསྟེན་ན་གཅལ་ལོ། །སློབ་དཔོན་ཚད་མར་མ་ཕྱིན་སྤྲེའུའི་ལུང་། །བརྟེན་དང་ལམ་ནོར་རྟོགས་པས་ཟིན་ཏ་རེ། །ཞེས་གསུངས་སོ། །རྣལ་འབྱོར་ཆེན་པོ་པས། ཕྱག་རྒྱ་མ་བསྟེན་པ་ཡང་། རྒྱུད་གཞུང་དུ་མ་ལས་འབྱུང་བའི་ཡོན་ཏན་དང་ལྡན་པའི་རིགས་དབྱེ་རྡོ་རྗེའི་རིགས་སོགས་གང་ཡིན་པ། བ་དང་། སྤྱིར་སྤྱོད་པ་དལ་བ། འགྲོ་ན་གོམ་པ་འཇམ་པ། བརྗིད་ལྡན། གཉིས་པ། ཡུལ་ལ་གཏོགས་འདོད་ཆུང་ཞིང་བཞིན་ལུས་ཡིད་དུ་འོང་བ། དྲི་ཞིམ་པ། ངག་རྫུན་དང་ཕྲ་མ་དང་ཁྲོ་གཏུམ་སྤངས་པ། ཚད་པ་བཟླས་པས་མི་སྐྱོ་བ་དང་། སེམས་ཞི་དལ་དེས་པ། ཤེས་རབ་རྣོ་ལ་ཉོན་མོངས་ཆུང་བ། གདུང་སེམས་ཆེ་བ། གསང་བར་མཚན་ཚང་བ། ཆགས་པ་མཆོག་ཏུ་ཆེ་བ། ངོ་ཚ་ཆུང་བ། སྦྱོར་ཐབས་ཀྱི་བྱེ་བྲག་ལ་མཁས་པ་བསྟེན་ནོ། །གསུམ་པ། མཐུན་པའི་དར་མ་ནི། ཀ་མཱ་ལ་ཤི་ལ་དང་། མ་ཧཱ་ཡ་ནའི་བསམ་གཏན་དང་། རྣལ་འབྱོར་ནང་པའི་ཟབ་པའི་ཕྱོགས་རྣམས་དང་། ལྷག་པའི་རྣལ་འབྱོར་པས། ཀློང་དྲུག་དང་། བཞི་ཕྲུགས་གི་ལ་བ་འགྲེལ་ཏེ་ཀ་དོན་ལྟ་བུ། དང་། དེ་ཁོ་ན་ཉིད་ཀྱི་རྒྱུད་དྲུག་དང་། སེམས་ཕྲན་ཉི་ཤུའམ་བཅོ་བརྒྱད་ལ་སོགས་པ་བསྟེན་ནོ། །བཞི་པ། གཡོག་བསྟེན་པའང་། གནས་ཐག་རིང་ཐུང་དང་སྦྱར་ཏེ། རིང་ན་ནད་ཀྱི་བར་ཆད་འབྱུང་སྲིད་པས་ཟུང་དུ་ཡང་རུང་ངོ་། །ཉེ་ན་གཅིག་གོ། །དེ་ཡང་། ཁོ་བརྡིབ་ནོགས་ཐུབ་པ་སྲན་ཆེ། བརྩེ་གདུང་ལྡན་ལ་སྨྲ་བ་ཉུང་། །གསོང་དེས་ཞི་ལ་བྱ་བ་བཟོ། །བརྩོན་ལྡན་ཁ་སྐ་ཤིན་ཏུའང་གཅེས། །སྲང་ཆུང་འཕྱོ་དགའ་གཏམ་མང་དང་། །བརྩོན་མེད་འགབས་ལྕི་ནོགས་ཆུང་དང་། །སྡར་མ་སྙིང་རིང་ཁ་སླ་ཅན། །བསྟེན་ན་བར་ཆད་འབྱུང་བའི་རྒྱུ། །ལྡུམ་རའི་དུག་བཞིན་རྩ་ནས་དབྱུང་། །ཞེས་བལ་པོའི་རྒྱལ་པོ་བ་སུ་དྷཱ་ར་གསུངས་སོ། །རྐྱེན་བཟློག་པའི་ཐབས་ནི། བདུད་རྩི་ཆེན་པོའི་རྒྱུད་བཞིན། དགྲ་བགེགས་བཟློག་པའི་ཕུར་བུ་དང་། གུ་གུལ་དང་། ཡུངས་ཀར་ལ་སོགས་པ་དང་། ནད་བཟློག་པའི་སྨན་མང་པོ་དང་། སྨན་ཡིག་དཔྱད་ཡིག་དང་། སྤྲ་བ་དང་། གཙགས་དང་། ནད་གཞིལ་བའི་རིག་སྔགས་ཁྱད་པར་ཅན་བཙལ་ཞིང་ཚགས་བྱའོ། །བར་ཆད་ཀྱི་ཤོ་གམ་པ་བཟློག་པའི་གོ་མཚོན་ཡང་ཚགས་བྱའོ། །དེ་ནི་མདོ་ལས་ཀྱང་། བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལུས་བསྲུང་བའི་ཕྱིར་མཚོན་ཆ་བསྲེལ་བར་ནི་གནང་གིས། བརྡེག་པར་མི་བྱའོ་ཞེས་གསུངས་ཏེ། འདིར་ཡང་ཡོད་ལས་དགྲ་ཡིས་འཚེ་བར་མི་འགྱུར་རོ། །དུས་དེང་སང་གི་མི་ནི་ཤིན་ཏུ་སྤྱོད་པ་ཡང་བས། ལམ་བསྒོམ་པས་ཀྱང་ཚགས་བྱས་ཏེ། ཉོན་མོངས་པའི་དབང་གིས་བསྣུན་པར་མི་བྱའོ། །དེ་ལ་ཡོ་བྱད་ནི། འཚོ་བའི་ཁ་ཟས་དང་རས་ཀྱི་པི་བར་སྟན་འབོལ་པོ། མལ་གོས་ཏེ། སྤྱིར་ནི་ཆོག་ཤེས་པས་ཆགས་པར་མི་བྱའང་། གདམས་ངག་ལས། ལུས་ལ་རྒྱན་དུ་མི་བྱ་ནང་ནུབ་ཁ་ཟས་གཟབ། ཅེས་པས། བཅུད་དང་ལྡན་པ་བསྟེན་ནོ། །དེ་དག་ལ་དགོས་པ་ཅི་ཡོད་ཞེ་ན། ལུས་ཀྱི་གྲུ་གཟུག་པའི་ཕྱིར་ཏེ། དཔེར་ན་ཆུ་བོ་རྒལ་བའི་དུས་སུ། ལུས་རྟེན་པའི་གྲུ་ཆེན་པོས་ཕ་མཐར་སྐྱེལ་བ་བཞིན། དལ་འབྱོར་ཁོང་ལྡན་གྱི་མི་ལུས་ལ་བརྟེན་ནས། ཐར་པའི་གོ་འཕང་ལ་གཟེག་པས། ལུས་གྲུ་དང་འདྲ་བར་བསམ་མོ། །དབའ་དཔལ་དབྱངས་ཀྱི་ཞལ་སྔ་ནས། ལུས་ལ་གྲུའི་བློ་བཞག་སྟེ། ཕ་མཐར་བདེ་བླག་སྐྱེལ་བ་བཞིན། །ཐར་པའི་གོ་འཕང་གཟེགས་པར་བྱ། །ཞེས་གསུངས་པ་དེ་བཞིན་དུ་བསམ་མོ། །རིམ་གྲོ་ཆེར་བ་ནི། དེ་ལ་རྟག་པར་ཁྲུས་བྱེད་པ་དང་། བག་མེད་པས་ཚ་གྲང་མི་སྙོམས་པ་དང་། མི་བདེ་བར་མི་འདུག་པ་དང་། སྐུ་བྱུག་བྱ་བ་དང་། ངལ་དུབ་དང་། ངལ་སྤྱོད་ཆ་མཉམ་པ་དང་། བཅག་རན་གྱི་ཕྱིན་པར་བྱ་བ་དང་། ཁ་ཟས་ཐང་ལྷག་དང་མི་མཐུན་པ་མི་བཏང་བ་ལ་སོགས་རྐྱེན་བཟློག་པ་རྣམས་སོ། །དེ་ཡང་མི་ཚགས་ཏེ། དེ་ལྟ་བུའི་ལུས་ཀྱི་བཀུར་བའང་རེ་ཞིག་ཙམ་ལས་ལྟ་བའི་དོན་དྲན་པས་དེ་ལ་མ་ཆགས་པར་བྱའོ། །དེ་ལ་མ་བསྒོམས་པའི་སྐྱོན་ནི། རྣལ་འབྱོར་གྲུབ་པའི་ལུང་ལས། རྣལ་འབྱོར་བསམ་གཏན་འདི་མེད་ན། རྒྱ་མཚོ་མཆིངས་ཀྱི་ཕ་བོང་ལྟར། །དཔག་ཏུ་མེད་པའི་སྒོ་སྤྱད་ཀྱང་། །དོན་མེད་སྙིང་པོ་སྐམས་པ་ཡིན། །ཞེས་པ་དང་། སྡོང་པོ་བརྒྱན་པའི་མདོ་ལས། ལ་ལ་སྟོབས་མེད་ཆུ་ཀླུང་གིས། །ནན་གྱིས་ཁྱེར་བར་གྱུར་པ་དག །སྐམས་ཤིང་ཤི་བར་གྱུར་པ་བཞིན། །མ་སྒོམ་ཆོས་ཀྱང་དེ་དང་འདྲ། །ཇི་ལྟར་འགྲོ་བ་མང་པོ་ལ། །ཟས་དང་སྐོམ་དག་བྱིན་བྱས་ཀྱང་། །བདག་ཉིད་བཀྲེས་ནས་ཤི་བ་ལྟར། །དེ་འདྲར་ཆོས་ལ་མ་སྒོམ་པའོ། །ཇི་ལྟར་སྨན་པ་ལ་ལ་ཞིག །སྨན་རྣམས་ཐམས་ཅད་གཏོང་བཞིན་དུ། །ལྟོ་ཡིས་ནད་ཀྱིས་ཤི་བ་ལྟར། །ཆོས་ལ་མ་སྒོམ་དེ་དང་འདྲའོ། །ཇི་ལྟར་དབྱིག་གི་མཛོད་དག་ཏུ། །རིན་ཆེན་མང་པོ་བགྲངས་བྱེད་ཀྱང་། །བ་ཞད་ཙམ་ཡང་མི་ཐོབ་བཞིན། །ཆོས་ལ་མ་སྒོམ་དེ་དང་འདྲའོ། །ཇི་ལྟར་བདེ་བ་ཀུན་ལྡན་པའི། །རྒྱལ་པོ་ཕོ་བྲང་འཁོར་སྐྱེས་ཀྱང་། །ཟས་དག་སྐོམ་དག་མི་བདོག་བཞིན། །དེ་བཞིན་མ་སྒོམ་དེ་དང་འདྲ། །ཇི་ལྟར་འོན་པའི་རོལ་མོ་ཡིས། །སིལ་སྙན་གླུ་དག་མཁས་པ་བཞིན། །གཞན་དག་དེ་ཡིས་དགའ་བྱེད་པ། །དེ་བཞིན་མ་སྒོམ་དེ་དང་འདྲ། །ཇི་ལྟར་དམུས་ལོང་རི་མོ་མཁན། །ཚོང་འདུས་དབུས་སུ་འདྲིར་བཅུག་ཀྱང་། །བདག་ཉིད་ཀྱིས་ནི་མ་མཐོང་བ། །དེ་བཞིན་མ་སྒོམ་དེ་དང་འདྲ། །ཇི་ལྟར་མཚོ་ཆེན་མཉན་པ་ཞིག །སྐྱེ་བོ་མང་པོ་སྒྲོལ་བྱེད་ཀྱང་། །བདག་ཉིད་ཆུ་རུ་ཤི་བ་ལྟར། །ཆོས་ལ་མ་སྒོམ་དེ་དང་འདྲ། །ལམ་གྱི་གཞི་མདོར་མང་པོ་ལ། །ཕུན་སུམ་ཚོགས་པ་ཀུན་བརྗོད་ཀྱང་། །བདག་གིས་དེ་མ་དམིགས་པ་བཞིན། །ཆོས་ལ་མ་སྒོམ་དེ་དང་འདྲ། །ཞེས་པ་དང་། ལུང་དག་ལས། རྩེ་གཅིག་བསྒོམས་པའི་ཤེས་རབ་མིག་མེད་པར། །མ་བགྲོད་དམུས་ལོང་དགེ་བ་ཅི་སྤྱོད་ཀྱང་། །སྤྱན་བཟང་ལམ་ལོང་བ་བསྟི་སངས། ཐུབ་གནས་སུ་ཕྱིན་མི་སྲིད། །ཇི་ལྟར་སེང་གེ་ལྕགས་གཟེབ་མ་བཀྲོལ་བ། །སེང་སྐད་འབྱིན་ཡང་མཆོང་དང་རྒྱུག་མི་དགོས། །དེ་བཞིན་རྩེ་གཅིག་བསྒོམས་པས་མ་བཀྲོལ་ན། །ཚིག་ལ་འཆེལ་བས་ཐར་པ་ཐོབ་མི་སྲིད། །དྲོད་ཆེན་མ་ཕེབས་ལོ་ཏོག་སྐྱེ་མི་སྲིད། །དེ་བཞིན་རྩེ་གཅིག་སྒོམ་པའི་དྲོད་མེད་ན། །ཚིག་གི་ཐང་སྐམ་དགོན་དུང་སྨྲས་པ་ལ། །སྐུ་དང་ཡེ་ཤེས་ལོ་ཏོག་སྐྱེ་མི་སྲིད། །དཔེར་ན་ཚོང་པ་འབའ་ཞིག་བྱེས་བགྲོད་ཀྱང་། །ཟོང་མེད་ནོར་མི་རྙེད་ན་སྤང་བ་ལྟར། །ཏིང་འཛིན་བསྒོམ་པའི་ཟོང་དང་ནོར་མེད་ན། །ལུས་ངག་དགེ་བའི་ནོར་དེ་འཁོར་བར་དཀོར་འདུན་ཆེན་པོ། ལྟུང་། །ཞེས་པ་དང་། འཕྲུལ་གྱི་མེ་ལོང་ལས། དཔེར་ན་མི་ལ་ལ་ཞིག་ཞིང་གི་སོ་ནམ་གྱི་བྱ་བ་ལ་ཤང་ཐང་བར་འབད་ནས། བཙས་མ་ཡལ་བར་འདོར་བ་ལྟར། རྣལ་འབྱོར་པ་མཉན་བཤད་ནས་མི་བསྒོམ་པ་ཡང་དེ་དང་འདྲའོ། །དཔེར་ན་ནད་པ་གང་ཞིག་གིས་ནད་ལ་སྨན་པའི་སྨན་དཀའ་བས་བཙལ་ནས་སྦྱར་ཏེ། སྨན་པ་གཉེར་ནས། སྨན་པའི་ངག་མི་ཉན་ཅིང་སྨན་མ་ཟོས་ན་འཆི་བ་ལྟར། རྣལ་འབྱོར་པ་བསྒོམ་པའི་ཐབས་མཉན་བཙལ་ནས། མི་བསྒོམ་པའང་དེ་བཞིན་ཏེ་འཁོར་བར་འཆིའོ། །དཔེར་ན་མི་ལ་ལ་ཞིག་རྒྱ་མཚོའི་དབུས་སུ་སྐོམས་ནས་ཤི་བ་ལྟར་ཐོས་ནས་མ་སྒོམ་པའི་ཆོས་ཀྱང་དེ་དང་འདྲའོ། །དཔེར་ན་ནོང་པོ་ཁ་གཡོས་མཁན་གྱིས། གཡོས་ཀྱི་ཁ་སྐྱིད་མང་པོ་བཏང་ཡང་། འགྲངས་པ་ལ་མི་ཕན་པ་བཞིན། ཉན་པ་དང་བཤད་མཁན་གྱིས་སྒོམ་པའི་ཡོན་ཏན་བརྗོད་ཀྱང་མ་སྒོམ་ན་འབྲས་བུ་མེད་པའང་དེ་བཞིན་ནོ། །དཔེར་ན་རིན་པོ་ཆེ་གཏེར་ལེན་པའི་ལམ་རྒྱུས་མཁན་གྱིས་ལམ་རྒྱུས་བཤད་ཀྱང་མ་ཕྱིན་ན་དབུལ་བ་སེལ་མི་ནུས་སོ། །དེ་བཞིན་དུ་ཚིག་ལ་ཞེན་པས་སྒྲུབ་པའི་ཐབས་སྨྲས་ཀྱང་མ་བསྒོམ་ན། ཆོས་ཀྱི་དབུལ་བ་སེལ་བར་མི་ནུས་སོ། །དཔེར་ན་གླ་མི་ལ་ལ་ཞིག་གིས་ཇོ་བོའི་མཛོད་ཀྱི་ནོར་བགྲངས་ཀྱང་། རང་ལ་སྤྱོད་པའི་ཐབས་མེད་པ་བཞིན་དུ། འཆད་མཁན་དང་ཉན་པ་པོས་བྱང་ཆུབ་བསྒྲུབ་པའི་ཐབས་དང་ཡོན་ཏན་བསྐལ་པར་སྨྲས་ཀྱང་། མ་སྒོམ་ན་བྱང་ཆུབ་ཀྱི་འབྲས་བུ་མེད་དོ། །ཞེས་པ་ལ་སོགས་པ་བཀའ་དུ་མ་ལས་རྒྱ་ཆེར་གསུངས་སོ། །དེ་ལྟར་སྐྱོན་ཤེས་ནས་སྒོམ་པའི་ཡོན་ཏན་ནི། རྣལ་འབྱོར་གྲུབ་པའི་ལུང་ལས། འཁོར་ལོས་དབང་བསྒྱུར་ཇི་བཞིན་དུ། །ཆོས་ཀུན་དབང་བསྒྱུར་བསམ་གཏན་ཡིན། །དེས་ན་དམ་པའི་བསམ་གཏན་བྱ། །ཞེས་པ་དང་། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལས། མུན་ལས་སྣང་བྱུང་ཇི་བཞིན་དུ། །འགྱུར་བ་གསེར་འགྱུར་སྨན་གྱི་ཚུལ། །རྟོགས་པའི་དབང་བསྒྱུར་ཏིང་འཛིན་ཡིན། །གསོ་དང་བསད་དང་ཕམ་དང་རྒྱལ། །དགུག་དང་བཏང་དང་བཅིང་དང་གྲོལ། །ཏིང་འཛིན་འདི་ཡིས་བྱེད་པར་འགྱུར། །ཞེས་པ་དང་། ལས་དང་། དངོས་གྲུབ་ཐམས་ཅད་ཏིང་འཛིན་གྱིས་འགྲུབ་པར་གསུངས་སོ། །ཡང་འོད་སྲུངས་གི་ལེའུ། ལུང་དག་ལས་གསུངས་པ། ཐེག་ཆེན་དོན་ལ་བསྒོམ་པའི་གང་ཟག་གིས། །ད་ལྟར་འབྲས་བུ་མངོན་དུ་མི་སྣང་ཡང་། །ལུས་ངན་སྡུག་བསྔལ་དྲྭ་བ་བྲལ་མ་ཐག །ཐར་པའི་འབྲས་བུ་རིམ་གྱིས་ཐོབ་པར་འགྱུར། །དཔེར་ན་ཁྱུང་དང་སེང་གེའི་ཕྲུ་གུ་ཡང་། །ད་ལྟར་མཐོང་བ་སྣང་བའི་གཟུགས་མེད་ཀྱང་། །མངལ་དང་སྒོ་ངའི་སྦུབས་དང་བྲལ་མ་ཐག །ཁྱུང་དང་སེང་གེ་མངོན་པར་སྣང་བར་འགྱུར། །རྒྱལ་པོའི་བཙུན་མོའམ་བྲན་མོ་མ་ལའང་རུང་། །རྒྱལ་པོའི་ས་བོན་ཆགས་ནས་གཟུགས་འདོད་པ། །མངལ་གྱིས་བསྒྲིབས་པའི་མོད་ལ་མི་སྣང་ཡང་། །མངལ་དང་བྲལ་ནས་རྒྱལ་པོར་སྣང་བར་འགྱུར། །དེ་བཞིན་ཐེག་ཆེན་བསྒོམས་པའི་གང་ཟག་ཀྱང་། །རྣམ་སྨིན་ལུས་ངན་དྲྭ་བས་བསྒྲིབས་པ་ཡིས། །ད་ལྟར་རྟགས་མཚན་གསལ་བར་མི་སྣང་ཡང་། །ལུས་ངན་བྲལ་ནས་འབྲས་བུ་རིམ་པར་འགྲུབ། །རྒྱལ་པོ་བྲན་མོ་ངན་དང་ཉལ་ན་ཡང་། །མངལ་དུ་བྱུང་བ་ནུར་ནུར་ཆགས་པ་ལ། །ལྷ་རྣམས་དེ་ལ་རེ་བའི་མཐུ་སྐྱེ་ཞིང་། །མངལ་དང་བྲལ་ནས་རྒྱལ་པོའི་ལུས་མཐོང་ལ། །སྐྱེས་ནས་ཀུན་གྱི་རྒྱབ་དང་དཔུང་ནུས་ལྟར། །ཐེག་ཆེན་བསྒོམས་པའི་གང་ཟག་ད་ལྟ་རུ། །རྟགས་མཚན་མེད་ཀྱང་ལུས་དང་བྲལ་མ་ཐག །འབྲས་བུ་སྣང་ཞིང་ཀུན་གྱི་མགོན་སྐྱབས་འགྱུར། །དཔེར་ན་ཀ་ལ་པིང་ཀའི་ཕྲུ་གུ་ཡང་། །སྒོ་ནས་བསྒྲིབས་པས་མངོན་པར་མི་སྣང་ཡང་། །སྒོ་ངའི་ནང་ནས་ཟབ་མོའི་སྒྲ་སྒྲོགས་ཤིང་། །སྒོང་ཤུན་བྲལ་ནས་མངོན་དུ་སྣང་བར་འགྱུར། །དེ་བཞིན་ཐེག་ཆེན་བསྒོམས་པའི་གང་ཟག་ཀྱང་། །ཚེ་འདིར་རྟགས་མཚན་མངོན་དུ་མི་སྣང་ཡང་། །ཐེག་ཆེན་ཚིག་སྨྲ་བསྒོམ་པ་རྩེ་གཅིག་པས། །ལུས་ངག་བྲལ་ནས་འབྲས་བུ་ཐོབ་པར་འགྱུར། །སྒོ་ང་ཕྱི་རོལ་གཟུགས་སུ་འདྲ་བ་ལ། །མ་ཆག་བར་དུ་ཁྱད་པར་མི་སྣང་ཡང་། །མ་གནོང་པ་ལ་ཆག་ཀྱང་བྱེ་ཕྲུག་མེད། །གནོངས་ནས་ཆག་ནས་བྱེ་ཕྲུག་སྣང་བ་ལྟར། །མི་ལུས་མ་ཤི་བར་དུ་ཁྱད་མེད་ཀྱང་། །མ་བསྒོམ་པ་ལ་ཤི་ནས་བྱང་ཆུབ་མེད། །བསྒོམས་ནས་ཤི་ན་བྱང་ཆུབ་རིམ་པར་འགྲུབ། །དེ་ཕྱིར་བསམ་ཞིང་བསྒོམ་ལ་འབད་པར་བྱ། །གཞན་ཡང་གལ་ཏེ་གང་གཱའི་བྱེ་སྙེད་ཀྱི། །སེམས་ཅན་མ་ལུས་ཀུན་ལ་རིན་ཆེན་ནོར། །ཕུང་པོ་དུ་མར་སྦྱིན་པ་བྱིན་བྱས་པས། །ཏིང་འཛིན་ཕུང་པོའི་བསོད་ནམས་ཆར་མི་ཕོད། །ཁམས་གསུམ་གང་བའི་འགྲོ་མང་ཇི་སྙེད་པ། །དེ་དག་ཇི་སྙེད་མ་ལུས་ཐམས་ཅད་ཀྱི། །འཕོ་བའི་སྲོག་བཏོན་བསོད་ནམས་བསྡོམས་པས་ནི། །རྩེ་གཅིག་བསྒོམས་པ་བསོད་ནམས་ཁྱད་པར་འཕགས། །དེ་བཞིན་སྟོང་གི་འཇིག་རྟེན་ཁམས་རྣམས་སུ། །གསེར་དངུལ་ཤེལ་དང་བཻཌཱུརྱ་སོགས་པའི། །རིན་ཆེན་སྣ་བདུན་མཆོད་རྟེན་བཀངས་པ་བས། །ཏིང་འཛིན་རྒྱལ་པོ་འབུམ་གྱི་ཆར་མི་ཕོད། །གལ་ཏེ་གང་གཱའི་ཇི་སྙེད་ཀྱི། །སེམས་ཅན་དེ་ལ་ལུས་འབྱིན་པའི། །བསོད་ནམས་རྒྱ་ཆེན་གང་ཡིན་པས། །ཏིང་འཛིན་བསྒོམས་པའི་འབུམ་གྱི་ཆར་མི་ཉེ། །དེ་བཞིན་བསྐལ་པར་དགེ་བསགས་པའི། །བསོད་ནམས་ཕུང་པོ་ཇི་སྙེད་པ། །ཏིང་འཛིན་བསྒོམས་པའི་དགེ་བ་ཡི། །བྱེ་བའི་ཆར་ཡང་མི་རེག་གོ། །ཞེས་གསུངས་ཏེ། ཟག་པ་མེད་པའི་དགེ་བ་ནི་བདུད་ཀྱིས་ཀྱང་མི་འཕྲོག་པས། ཟླ་མེད་པར་ཁོང་དུ་ཆུད་པར་བྱའོ། །དེ་ནི་ཤིན་ཏུའང་གཅེས་པས། རྣལ་འབྱོར་གྲུབ་པའི་ལུང་དག་ལས། དཔེར་ན་རྒྱ་མཚོའི་ནོར་ལེན་མིས། །སྦྲུལ་དང་ཆུ་སྲིན་སྦྲང་མ་ལ་སོགས་པའི། །སྟུག་པའི་སྡུག་བསྔལ་སྣ་ཚོགས་ཅན། །དཀའ་བས་ཉམས་སུ་བླང་ན་འགྲུབ། །དེ་བཞིན་རྣལ་འབྱོར་བདེ་འཚོལ་བ། །རྣམ་རྟོག་བྱིང་རྨུག་འཕྱར་གཡེང་དགྲ། །གཞོམ་པར་དཀའ་བའི་ལས་འདི་དག །ཉམས་སུ་བླངས་ན་བདེ་ཐོབ་རྙེད། །ཏིང་འཛིན་ཉམས་སུ་བླངས་པ་ཡི། །འདྲིར་གོམས་བྱ་བར་རབ་ཏུ་གཅེས། །ཞེས་གསུངས་ཏེ། བཀའ་དུ་མ་ལས་རྒྱ་ཆེར་འབྱུང་ངོ་། །འདི་དག་ནི་བསྒོམ་པ་ལ་བསྐུལ་བར་གསོལ་ཏེ། དུས་ཕྱི་མ་ལ་རྣལ་འབྱོར་རྗེས་སུ་སྤྱོད་པ་རྣམས་ཀྱི་ཐུགས་ལ་བཞག་པར་གསོལ་ཏོ། །དེ་ལ་སྒོམ་པའི་དུས་སུ་སྤྲིན་ནག་པོ་ཨ་ཅང་ཡང་ཆེས། དཀར་པོ་ཡང་ཉི་མ་ལ་སྒྲིབ་པ་འདྲ་བར། རྣམ་པར་དཀར་བའི་ལས་ཆོས་སྤྱོད་ཉིད་ཀྱང་སྒྲིབ་པས། དཀར་ཕྱོགས་བཏང་སྙོམས་སུ་བཞག་པར་བྱ་སྟེ། མདོ་དག་ལས་རྒྱ་ཆེར་གསུངས་སོ། །ནང་པའི་ཐེག་པ་ཡང་རེ་ཞིག་བློ་ཆུང་བ་དང་། བློ་ཆེ་ཡང་སྔར་བསྒོམས་པ་ལ་མ་སྦྱངས་པ་དག །ཕྱི་རོལ་གྱི་གཡེང་བར་འགྱུར་བས། སྤྱོད་པས་བསྒོམ་པ་གཅིག་པུ་ལ་དྲིལ་ལོ། །སེམས་བསྒོམ་པའི་རྒྱུད་ལས། མཆོད་རྟེན་ལྷ་ཁང་ལ་སོགས་པ། །འདུས་བྱས་དགེ་རྩ་མཉམ་སྙོམས་བཞག །ཅེས་པ་དང་། རྣལ་འབྱོར་གྲུབ་པའི་ལུང་ལས། བྱ་བ་མེད་པའི་རྣལ་འབྱོར་པས། །མཆོད་རྟེན་དག་གི་ལས་མི་བྱ། །གླེགས་བམ་བཀླག་པར་མི་བྱ་ཞིང་། །གཟུགས་བརྙན་བརྩམ་པའི་ལས་མི་བྱ། །ལག་གི་ཕྱག་རྒྱ་མི་བྱ་ཞིང་། །ངག་གི་བཟླས་པ་དེ་ལ་སྒྲིབ། །རྣལ་འབྱོར་ལུས་ཀྱིས་ཕྱག་མི་བྱ། །རྙེད་དང་བཀུར་སྟི་ལྟ་མ་ཡིན། །ཁེ་ཕྱིར་མ་ཡིན་གྲགས་ཕྱིར་མིན། །ཅི་ཕྱིར་ཕྱི་རོལ་གཡེང་བ་དང་། །ཤིན་ཏུ་གཡེང་བ་ཡིན་པའི་ཕྱིར། དེ་ལ་ཉེ་བ་མ་ཡིན་པས། །ལུས་འདི་རྣམ་པར་གནས་པར་བྱའོ། །ཞེས་པ་ལ་སོགས་པ་དུ་མ་གསུངས་པ་རྣམས་སྐབས་ལ་ལར་སྐྱོན་དུ་བསྡམས་པ་སྐད་ཟེར་ན། འདིར་སྐྱོན་ཡང་ནན་གྱིས་མི་འགག་སྟེ། བཏང་སྙོམས་སུ་བཞག་པ་དང་། ཆེར་ན་དོན་ཆེན་པོ་དང་མ་བྲལ་བས། སྤྱོད་པ་ལ་མ་འགགས་སྦྱང་རྒྱུ་མེད་དེ་མི་དམིགས་པས་སྤྱད་དོ། །རྣལ་འབྱོར་མིག་གི་བསམ་གཏན་ཞེས་བྱ་བ་རྒྱ་ཆེར་འགྲེལ་བ་ལས། ཐབས་ཐོབ་རྒྱུ་ལ་མན་ངག། པར་བྱ་བ་དང་། མཐུན་པ་བསྟེན་པ་དང་། སྐྱོན་ཡོན་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ལ་དོན་ལྟ་བས་ཐག་ཆོད་པར་བྱ་བ་ནི། ཐབས་མདོར། དང་། ཡོན་ཏན་དང་། དོན་མ་མཐོང་བར་བསྒོམ་པའི་སྐྱོན་ནོ། །དེ་རྒྱས་པ། ལ་ཐབས་ནི་རང་གཞུང་འཆད་པའི་སྐབས་སུ་སྟོན་ནོ། །ཡོན་ཏན་ནི་རྟོགས་གཉིས་ཏེ། པ་རང་གི་ངོ་ལྟ་བ། བོའི་ཡོན་ཏན་དང་། རྟོགས་ནས་བསྒོམས་པའི་ཡོན་ཏན་ནོ། །དེ་ལ་རྟོགས་པའི་ཡོན་ཏན་ནི། རེ་ཞིག་སོ་སོ་ནས་བརྗོད་དེ། མདོ་སྡེ་པའི་ལུགས་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་དང་། གཅིག་དུ་མ་དང་། མུ་བཞི་སྐྱེ་འགོགས་ལ་སོགས་རྡོ་རྗེ་གཟེགས་མ་མངོན་སུམ་རྗེས་དཔག །པས། དོན་དམ་པའི་འཛིན་པ་མ་སྐྱེས་པ་དང་། ཀུན་རྫོབ་སྒྱུ་མར་མཐོང་བའི་ལྷག་མཐོང་གི་ཤེས་པ་དང་། སྟོན་མུན་རིལ་ཆོས་མ་སྐྱེས་པའི་ཀློང་ལ་གཞལ་དུ་ཡང་མེད་པས་རྟོགས་པར་སྨྲ་བ་དང་། དེ་ལ་མི་ཤེས་པ་ཉིད་ཤེས་པ་ཡང་དག་པ་དང་། ཅིར་ཡང་མ་རིག་པ་ཉིད་རིག་པ་ཡང་དག་པ། ཅི་ཡང་མ་མཐོང་བ་ཉིད་མཐོང་བ་ཡང་དག་པ། ཅི་ཡང་མི་རེག་པ་ཉིད་རེག་པ་ཆེན་པོར་རྟོགས་པའི་ལྷག་མཐོང་སྟེ། ཚུལ་དེ་ལྟར་གཉིས་རྟོགས་བདེན་གཉིས། ནི་ཆོས་ལ་མཁས་པར་བཤད། དེང་རིལ་འདུས་པར་ཡང་བཤད་དོ། །རྟེན་འབྲེལ་སྙིང་པོ་ལས། འདི་ལས་བསལ་བྱ་གང་ཡང་མེད། །བཞག་པར་བྱ་བ་ཅི་ཡང་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་བས་རྣམ་པར་གྲོལ། །ཅེས་བརྗོད་པ་ནི། སྟོན་མུན་གྱི་བསྒོམ་པའི་དོན་ཡང་ཡིན་ནོ། །ལྟ་བ་རྟོགས་ནས་ཚུལ་ཁྲིམས་བསྲུང་མི་དགོས་པར་བྱང་ཆུབ་འགྲུབ་པར་གསུངས་ཏེ། འཕགས་པ་འཇིག་རྟེན་ལས་འདས་པའི་མདོ་ལས། ཚུལ་ཁྲིམས་ལས་ནི་ཉམས་སླ་ཡི། །ལྟ་ལ་ཅིས་ཉམས་ཟེར། ཀྱང་མ་ཡིན་ནོ། །ཚུལ་ཁྲིམས་བསྲུངས་པས་མཐོ་རིས་སྐྱེ། །ལྟ་བས་གོ་འཕང་མཆོག་ཏུ་འགྱུར། །ཞེས་པ་དང་། ཆོས་འབྱུང་བ་མེད་པའི་མདོ་ལས། ཚུལ་ཁྲིམས་ཉན་ཐོས། ཚུལ་བྱང་སེམས་པའི། ཁྲིམས་མེད་པར་སུས་ཤེས་ཤིང་། །ཚུལ་ཁྲིམས་འཆལ་དང་ཚུལ་ཁྲིམས་ཚུལ་གཅིག་དོན་རྟོགས་ན། སྟེ། །ཚུལ་ཁྲིམས་རང་བཞིན་དེ་ལྟར་སུས་ཤེས་པ། །ཚུལ་ཁྲིམས་འཆལ་བ་དེ་ལ་ནམ་ཡང་མེད། །ཅེས་པ་ལ་སོགས་པ་གསུངས་སོ། །ཟླ་བ་སྒྲོན་མའི་མདོ་ལས། གང་ཞིག་ཆོས་གཅིག་དང་ཉམས་སུ་ལྡན་ན། ཡོན་ཏན་གྱི་ཆོས་ཐམས་ཅད་རྫོགས་པར་འགྱུར་རོ། །ཆོས་ཀྱི་རྒྱལ་པོའི་མདོ་ལས། ཆོས་གཅིག་ཤེས་པར་ནུས་ན་ཆོས་གཅིག་ཀྱང་མི་ཤེས་པ་མེད་དོ། །ཞེས་དང་། ཟླ་བ་མར་མེའི་མདོ་ལས། ཆོས་གཅིག་གོམས་པར་བྱེད་པས་ན། །དེ་དག་ཐམས་ཅད་གོམས་བྱེད་འགྱུར། །ཞེས་གསུངས་ཏེ། ཏིང་ངེ་འཛིན་གྱི་ཡོན་ཏན་གང་ཡང་ཡིན་ནོ། །དེ་དག་ལས་རྒྱ་ཆེར་གསུངས་སོ། །རྟོགས་ནས་བསྒོམ་པའི་ཡོན་ཏན་ནི། དོན་མཐོང་ནས་བསྒོམས་ན་ཐམས་ཅད་མཁྱེན་པའི་གོ་འཕང་ལ་སྦྱོར་ནུས་ཏེ། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོག །སོ་སོར་དེ་བརྟགས་གལ་ཏེ་བསྒོམས་པ་ནི། །དེ་ཉིད་མྱ་ངན་འདས་ཐོབ་འབྲས་བུའི་རྒྱུ། །རྒྱུ་གཞན་གང་གིས་སངས་མི་རྒྱ། གིས་དེས་ནི་གཞིར་མི་འགྱུར། །ཞེས་པ་དང་། ཡང་མ་རྟོག་པར་སྒོམ་པ་ནི། རྐྱལ་མ་སྦྱངས་པར་ཆུར་འཇུག་པའམ། ལོང་བ་ལམ་དུ་ཞུགས་པ་དང་འདྲ་བའི་ཕྱིར། མདོ་དེ་ཉིད་ལས། བསམ་གྱིས་མི་ཁྱབ་ཡེ་ཤེས་པར། །བསམ་དུ་མེད་པར་གང་འཇོག་པ། །བྱིས་པ་དེ་ནི་བླུན་པ་སྟེ། །མུན་པའི་སྐྱེ་མཆེད་ཉིད་དུ་འགྱུར། །ཞེས་གསུངས། ཡོན་ཏན་ཡང་དེ་ཉིད་ལས། བསམ་གྱིས་མི་ཁྱབ་དོན་ཤེས་ནས། །བསམ་དུ་མེད་པར་འཇོག་པ་གང་། །དེ་ཉིད་ཐམས་ཅད་མཁྱེན་པ་སྟེ། །ཡོན་ཏན་དཔག་ཏུ་མེད་པར་འགྱུར། །ཞེས་པ་ལ་སོགས་པ་གསུངས་སོ། །སྔགས་ཀྱི་ལྟ་བ། ནང་པ་དག་དང་། ཤིན་ཏུ་རྣལ་འབྱོར་གྱི་སྐབས་ནའང་། རྟོགས་པ་གཅིག་པུའི་ཡོན་ཏན་བསམ་གྱིས་མི་ཁྱབ་སྟེ། རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་དྲྭ་བ་ལས། དངོས་གྲུབ་མཆོག་གི་སྙིང་པོ་འདི། །དང་པོར་དོན་རྟོགས་མཐར་མི་གཏོང་། །ཞེས་གསུངས་སོ། །ཐག་བཅད་ཐབས་ནི། ལུང་དང་མན་ངག་རིག་པ་གསུམ་གྱིས་རྟོགས་པར་བྱ་སྟེ། ཞིབ་ཏུ་གཞུང་ཕྱི་ནས་སྟོན་ཏོ། །རྡོ་རྗེ་བཀོད་པ་ལས། ཚད་མ་གསུམ་དང་ལྡན་པའི་བློས། །རྣམ་པར་རྟོག་པའི་རྗེས་བཅད་པ། །ཞེས་པ་དང་། མཁན་པོ་དཔལ་དབྱངས་ཀྱི་བསྒོམ་ལུང་ལས། ལུང་དང་མན་ངག་རིག་པས་ཐག་བཅད་དེ། །ཆོས་ཀྱི་རང་བཞིན་ཡང་དག་ཡིད་ཆེས་བྱ། །ཞེས་པ་དང་། རྣལ་འབྱོར་གྲུབ་པའི་ལུང་ལས། དེ་བཞིན་ཉིད་ལས་གང་འདིར་ཇི་ལྟར་ལྟ། །དེ་ཉིད་སྣང་བ་ཡིན་ནམ་མི་སྣང་བ། །འོན་ཏེ་སངས་རྒྱས་ཡིན་ནམ་སངས་རྒྱས་མིན། །དེ་ལས་གཞན་ན་སངས་རྒྱས་ཡོད་དམ་མེད། །འདི་ལྟར་ཅིར་བཞག་གྲོས་ཀྱིས་ཆོད་པར་བྱ། །ཞེས་གསུངས་ཏེ། སྔགས་ཀྱི་དུ་མ་ལས་རྒྱ་ཆེར་འབྱུང་ངོ་། །ཡོན་བསྒོམ་པའི། ཏན་ནི། ནམ་མཁའ་ཆེ་ལས། གོ་བའི་ཡུལ་ན་བདེ་བ་ཆེ། །དེ་ཉིད་རྣམ་དག་འཇིག་རྟེན་ཡིན། །ཞེས་པས་སྤྱོད་ཡུལ་རེ་ལ་ཡེ་ཤེས་ཆེན་པོར་གསལ་བ་དང་། རྩལ་ཆེན་ལས། མཉམ་པར་ཤེས་པ་སངས་རྒྱས་ཀུན་གྱི་རྗེ། །ཞེས་པ་དང་། རྣལ་འབྱོར་གྲུབ་པའི་ལུང་ལས། དེ་བཞིན་ཉིད་དུ་ཐག་ཆོད་ན། །འཇིག་རྟེན་གནས་ཀྱང་ཆོས་ཀྱི་སྐུ། །དམ་པར་ངེས་ཀྱང་འཇིག་རྟེན་འཇུག །འཁོར་བའི་མཐའ་ལ་སྐྱོ་བ་མེད། །མུ་མཐའི་ལས་ཀྱང་གཅིག་ཏུ་རྫོགས། །བདུད་ཀྱི་ཁམས་ལས་ཉམས་མི་ང་། །མི་བཟད་ཁམས་ལ་བག་མི་ཚ། །འདོད་པའི་དངོས་པོ་དབྱིངས་སུ་སྦྱོར། །ཅིག་ཅར་ངེས་པའི་དོན་མཐོང་ན། །རིམ་གྱིས་སྦྱོང་བ་བསླུ་འབྲིད་འདྲ། །ཞེས་པ་དང་། ཡང་དག་དགོངས་པའི་དོན་དམ་པ་གཅིག་བསླབ་པས། བསམ་གྱིས་མི་ཁྱབ་པའི་ཆོས་ཐམས་ཅད་བསླབ་པའོ། །དེ་བཞིན་གཅིག་ལ་མཁས་ན། བསམ་གྱིས་མི་ཁྱབ་པའི་ཆོས་ཐམས་ཅད་ལ་མཁས་པའོ། །དེ་ཁོ་ན་ཉིད་ཀྱི་དོན་ལ་གོམས་ན། ཏིང་ངེ་འཛིན་འབུམ་ཕྲག་ལ་གོམས་པར་བྱེད་པའོ། །དེ་ཁོ་ན་ཉིད་ཀྱི་དོན་ལས་མ་འདས་ན། དམ་ཚིག་ཐམས་ཅད་བསྲུངས་པའོ། །མ་ནོར་བའི་དོན་ལ་བློ་ཞུགས་ན། བསམ་གྱིས་མི་ཁྱབ་པའི་ཆོས་ཀྱི་སྒོར་ཞུགས་པའོ། །དེ་ཁོ་ན་ཉིད་མ་ནོར་བའི་དོན་བསྟན་ན། བསམ་གྱིས་མི་ཁྱབ་པའི་ཆོས་ཐམས་ཅད་བསྟན་པའོ། །དེ་ཉིད་ཕྱིན་ཅི་མ་ལོག་པར་རྣ་བའི་དབང་པོ་ལ་བརྟེན་ནས་ཐོས་ན། བསམ་གྱིས་མི་ཁྱབ་པའི་ཆོས་ཐོས་པའོ། །དེ་ཁོ་ན་ཉིད་མངོན་དུ་མཐོང་ན་རྒྱལ་བ་ཐམས་ཅད་ཀྱི་ཞལ་མཐོང་བའོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །སྐྱོན་དང་ཡོན་ཏན་ཡང་། ཀུན་ཏུ་བཟང་པོ་ཆེ་བ་ལ་རང་གནས་པ་ལས། བསྒོམ་པ་མི་གཙོ་རྟོགས་པ་གཙོ། །རྟོགས་པ་གདེང་དུ་མ་ཚུད་ན། །བསྒོམ་པ་མཚན་མའི་ངང་ལ་བསྒོམ། །རྩོལ་བ་ཉོན་མོངས་ཞེན་པས་རྩོལ། །ཞེས་པ་དང་། ཡང་། རྟོགས་པའི་ཀླུང་དུ་དོན་སྤྱོད་དང་། །རང་བྱུང་ཡེ་ཤེས་དེ་ལས་འཆར། །ཞེས་པ་དང་། བདུད་རྩིའི་རྒྱུད་ལས། རྟོགས་པ་ཀླུང་དུ་སུ་འདྲིས་པ། །མི་ཞེས་བྱ་བ་སངས་རྒྱས་ཡིན། །ཞེས་པ་དང་། སྒྱུ་འཕྲུལ་དྲྭ་བ་ལས། དག་པ་རྣམ་གསུམ་འབྱུང་བ། ཕུང་པོ། རྣམ་ཤེས་བརྒྱད་ཡེ་ཤེས་སུ། མ་ནོར་ཞིང་། །རང་རིག་རྒྱལ་པོ་གོམས་པ་ཡིས། །བྱང་ཆུབ་མཆོག་འདི་རྙེད་པར་འགྱུར། །ཞེས་གསུངས་ཏེ། རྟོགས་ནས་བསྒོམ་པ་ཁོ་ནར་གསུངས་ཏེ། ཏིང་ངེ་འཛིན་དང་ཐབས་དང་རྣ་བརྒྱུད་མ་མཉན་པར་བསྒོམ་པ་ཡང་བཞུགས་སོ། །དེས་གནས་སུ་གཅིག་པུ་འདུག་པའི་དཔེ་ནི། གཅན་གཟན་རྒྱལ་པོ་ཇི་བཞིན་གནས་ཏེ། སེང་གེ་ནི་འཇིགས་པ་དང་བྲལ་བས་ཟླ་སྤངས་ཏེ། དེ་བཞིན་དུ་ཡང་རྣལ་འབྱོར་པ་གཡེང་བའི་གྲོགས་སྤངས་ཏེ། སྔར་བཤད་ལེའུ་དང་པོར། པ་དང་། ཡང་། སྔགས་པ་སེང་གེ་བཞིན་དུ་རྒྱུ། །ཞེས་ཀྱང་གསུངས་སོ། །འདིར་རྣམ་པར་མི་རྟོག་པ་དང་བྲལ་དགོད་པ་ཅི་སྟེ། དོན་བསམ་པ་ཡང་གཡང་ཤེས་ཕྱིར་ཅེས་པ། དངོས་པོ་ལ་ལྟུང་དུ་མེད་ཀྱང་ལྟུང་བའི་གོལ་ས་ཤེས་པར་བྱ་བའི་ཕྱིར་སྟོན་ཙན་གཉིས་པ་མ་ཧཱ་ཨ་ཏིའི་མི་རྟོག་པ་དང་། བཞིའོ། །དེ་ལ་ཕྱིར་མི་རྟོག་པ་ལ་གསུམ་སྟེ། འཇིག་རྟེན་ལས་འདས་པའི་བླ་མའི་རྟོག་པ་དང་ངོ་ཤེས་པར་བྱས་པས་མི་རྟོག་པ་ངོས་བཟུང་སླའོ། །དེ་ཡང་རྟོག་པ་དབྲལ་བའི་ཕྱིར། དང་པོ་ལ་རྟོག་པ་བཤད་དེ། སྣང་ལ་རྟོག་པ་དང་མི་སྣང་ལ་རྟོག་མེད་པ་ལ་མེད་པར་འཛིན་པ། པའོ། །སྣང་ལ་རྟོག་པ་ལ་གསུམ་ངོ་བོ་ལ་རྟོག་པ། མཚན་མ་ལ་རྟོག་པ། ངོ་བོ་དང་མཚན་མ་དབྱེར་མེད་པ་ལ་རྟོག་པ་དང་། སྟེ། ངོ་བོར་སྣང་ལ་རྟོག་པ་ནི་བཞི་སྟེ། དངོས་པོའི་རང་བཞིན་ལ་རྟོག་པ་ཡོད་མེད་སྣང་སྟོང་ཇི་ལྟར་དུ་འདུག་ཅེས། དང་། གཉེན་ཉོན་མོངས་པ་ལ་སོགས་པ་སྤང་བའོ། པོ་ལ་རྟོག་པ་དང་། གྲུབ་མཐའ་ལ་འཛིན། དེ་ཁོ་ན་ཉིད་ལ་རྟོག་པ་དང་། ཐོབ་འབྲས་བུ་ལ་འཛིན། པ་ལ་རྟོག་པའོ། །མཚན་མ་ལ་རྟོག་པ་ནི། ཀུན་རྫོབ་ཏུ་རྟོག་པའི་ལྟ་བའོ། །ངོ་བོ་དང་མཚན་མ་མེད་པར་དབྱེར་མེད། སྣང་བ་ལ་རྟོག་པ་ནི། དོན་དམ་པ་ལ་རྟོག་པའི་ལྟ་བ་སོ་སོར་རྟོག་པའི་ཤེས་རབ་བོ། །གཞན་ཡང་ཞར་ལ་བཤད་པ། ངོ་བོ་ཉིད་ཀྱི་རྟོག་པ་ཅིར་ཡང་ཤར་བས། དང་། འཇིག་རང་རྒྱུད་འཛིན་པ། རྟེན་པའི་རྟོག་པ་དང་། སོ་སོའི་གྲུབ་མཐའ་ལ། ངེས་པར་འཇོག་པའི་རྟོག་པ་དང་། རྗེས་སྔ་མ་སྔ་མའི། སུ་དྲན་པའི་རྟོག་པའོ། །དེ་དག་རེ་རེ་ལ་མི་རྟོག་པ་རེ་རེ་རྟོག་པ་ཁོ་ནའི་ཕྱོགས་ཞི་ཚེ། མི་རྟོག་པ་ཕྱོགས་རེ་རེ་ཡོད། ཅི་རིགས་སུ་སྦྱར་རོ། །མི་རྟོག་པ་ནི་འཇིག་རྟེན་པའི་མི་རྟོག་པ་དང་། འཇིག་རྟེན་ལས་འདས་པའི་མི་རྟོག་པ་དང་། བླ་མའི་མི་རྟོག་པའོ། །དེ་ལ་འཇིག་རྟེན་པའི་མི་རྟོག་པ་ནི། བསམ་གཏན་བཞི། དང་སྙོམས་བཞི། པར་འཇུག་པའོ། །འཇིག་རྟེན་ལས་འདས་པ་ནི་ཉན་ཐོས་འགོག་པ་དང་། རང་རྒྱལ་ཞི་བའི་ཏིང་ངེ་འཛིན་ཏེ། དེ་ནི་བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་ཞེས་ཀྱང་བྱའོ། །བླ་མའི་མི་རྟོག་པ་ནི་ཐེག་པ་ཆེན་པོ་སྟེ། དེ་ལ་དོན་རབ་འབྱེད་པའི་བསམ་གཏན་ལྷག་མཐོང་སྟེ། སོ་སོར་རྟོགས་པའི་ཤེས་རབ་ཀྱི་རྒྱུ་ལས་བྱུང་བའོ། །དེ་བཞིན་ཉིད་དམིགས་ཀྱི་བསམ་གཏན་ནི་མཚན་མ་མེད་པའི་ཞི་གནས་སོ། །དེ་བཞིན་གཤེགས་པའི་བསམ་གཏན་ནི་ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བའོ། །དེ་དག་ལའང་མོས་དང་པོ། པ་ལས་བྱུང་བའི་མི་དམིགས་པ་དང་། ཤིན་ཏུ་མི་དམིགས་པ་དང་། རྗེས་སུ་མི་དམིགས་པར་བཤད་དེ་གོ་སླ་བས་མ་སྦྱར་རོ། །ཡང་མི་རྟོག་པ་ལ། སྣང་ལ་མི་རྟོག་པ་དང་། མི་སྣང་བ་ལ་མི་རྟོག་པ་གཉིས་ལས། སྣང་ལ་མི་རྟོག་པ་ནི་གཉིས་ཏེ། མཚན་མར་སྣང་ལ་མི་རྟོག་པ་ནི། གཞན་དང་པོ་ངོ་བོར་སྣང་ལ་མི་རྟོག་པའོ། །མིག་སོགས་ཀྱི་དབང་པོ་ཡུལ་ལ་རྟེན་འབྲེལ། དབང་ལ་དམིགས་པའི་ཤེས་པ་རྟོག་ལ་མེད་ཀྱི་འཛིན་པ། པ་དང་བྲལ་བ་རྣམས་སོ། །ངོ་བོར་སྣང་ལ་མི་རྟོག་པ་ཡང་གསུམ་སྟེ། ཡོད་པའི་ངོ་བོར་སྣང་ལ་མི་རྟོག་པ་ནི། རྣལ་འབྱོར་སྤྱོད་པའི་གཞན་གྱི་དབང་རྟེན་འབྲེལ་ལས་བྱུང་བ་སྒྱུ་མ་ཙམ་པས་རང་རྒྱུད་པའི་རྟོག་པ་མེད། དབང་ཡིད་ལ་བྱེད་པའི་ཤེས་པ་དང་། མུ་སྟེགས་ཅན་དག་གི་བདག་ཏུ་ཡིད་ལ་བྱེད་པའི་ཤེས་གཞན་མེད་པར་ཡིད་ཀྱང་དེ་ལ་དམིགས་པ་མེད་པའོ། །པའོ། །སྟོང་པའི་ངོ་བོར་སྣང་ལ་མི་རྟོག་པ་ནི། རྣལ་འབྱོར་སྤྱོད་པའི་ཡོངས་སུ་གྲུབ་པ་བསྒོམ་པའོ། །དབུ་མའི་ལམ་སྒོམ་པའི་ཤེས་པ་ལྷག་མཐོང་སྟེ། དེ་ལ་གོང་གི་མི་དམིགས་པ་ཚང་ངོ་། །དེ་ལས་ཁྱད་དུ་གཉིས་སུ་མེད་པའི་མི་རྟོག་པ་མ་ཧཱ་ཡོ་གའོ། །ལྷུན་གྱིས་གྲུབ་པའི་མི་རྟོག་པ་ཆེན་པོ་ཨ་ཏི་ཡོ་གའོ། །དེ་དག་ནི་གོལ་ས་ངོས་བཟུང་བའི་ཕྱིར་རིམ་པར་བཀོད་པའོ། །དེ་ལ་ཙེན་མེན་རིམ་གྱིས་འཇུག་པ་ནི། རང་བཞིན་ལ་རྟོགས་པའི་མཚན་མ་ལ་སོགས་པ་དང་གཉེན་པོ་རྟོག་པ་དང་། དེ་ཁོ་ན་ཉིད་ལ་རྟོག་པ་དང་། ཐོབ་པ་ལ་རྟོག་པ་དང་། བཞི་རིམ་གྱིས་སྤངས་ནས། མི་རྟོག་པ་ལ་འཇུག་པ་སྟེ། དེ་ཡང་མི་རྟོག་པའི་གཟུངས་ལས། ཡིད་བཞིན་ནོར་བུ་རིན་པོ་ཆེ་འདོད་པའི་མིས་བྲག་ཤིན་ཏུ་སྲ་ཞིང་མཁྲེགས་པའི་འོག་ན་ཡིད་ཀྱིས་རྐོས་ཤིག །རིན་པོ་ཆེ་འདི་ལྟ་སྟེ། བྲག་དེའི་འོག་ན། དངུལ་རིན་པོ་ཆེ་དང་། གསེར་དང་། རྡོའི་སྙིང་པོའོ། །དེ་དག་ལ་རིན་པོ་ཆེའི་བྲག་གསུམ། བྲག་ཤིན་ཏུ་སྲ་བ་དང་བཞིའི་འོག་ནས། དེ་ཡི་བརྐོས་པ་དང་། ཡིད་བཞིན་ནོར་བུ་བདག་དང་གཞན་དོན་ཐམས་ཅད་རྫོགས་པར་འབྱུང་བ་འཐོབ་པ་དེ་བཞིན་དུ། རྣམ་པར་མི་རྟོག་པ་འདོད་པས། རང་བཞིན་ལ་རྟོག་པའི་མཚན་མ་དང་། གཉེན་པོ་ལ་རྟོག་པའི་མཚན་མ་དང་། དེ་ཁོ་ན་ཉིད་ལ་རྟོག་པའི་མཚན་མ་དང་། ཐོབ་པ་ལ་རྟོག་པའི་མཚན་མ་དེ་བཞི་དང་བྲལ་བར་བྱས་ནས། མཚན་མ་གསུམ་པོ་ལ་དེ་ཁོ་ན་ཡིས་ཡོད་ལ་མ་བྱས་པར་བསྒོམ་ན་འགྲུབ་བོ། །ཞེས་གསུངས་པས། རིམ་པར་བསྒོམ་པ་དང་། གཞན་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་སྒོ་གསུམ་རིམ་པར་བསྒོམ་པ་དང་། ཞི་གནས་ལྷག་མཐོང་ལ་སོགས་པ་བསྒོམ་པའོ། །སྟོན་མུན་ནི་ཅིག་ཅར་འཇུག་པ་སྟེ། དང་པོ་ནས་རེ་མོས་པ་མེད་པར་དོན་དམ་པ་མ་སྐྱེས་པ་ཉིད་ལ་ཅིག་ཅར་སློབ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། དང་པོ་སེམས་བསྐྱེད་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱའོ། །ཞེས་པ་དང་། ཡང་དེ་ཉིད་ལས། ལས་དང་པོ་པས་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བརྩམས་ཏེ། ཆོས་ཐམས་ཅད་དམིགས་སུ་མེད་པ་ལ་བསླབ་པར་བྱའོ། །ཞེས་པ་དང་། གཙུག་ཏོར་གྱི་མདོ་ལས། དང་པོར་སྐྱེ་འགག་མེད་པའི་སེམས་བསྐྱེད་ན། ཐ་མ་སྐྱེ་འགག་མེད་པའི་འབྲས་བུ་ཐོབ་པར་འགྱུར་རོ། །ཞེས་པ་ལ་སོགས་པ་ཕྱི་ནས་ཀྱང་སྟོན་ནོ། །ཅིག་ཅར་འཇུག་པའི་སྒོ་སློབ་དཔོན་སོ་སོའི་བཞེད་ཀྱང་། མཁན་གཞུང་བསྟན། པོ་ཆེན་པོ་བོ་དྷེ་དར་མོ་ཏ་རས་བཤད་པ་ལས། ཡང་དག་པ་ལ་ཕྱོགས་ཤིང་རྟོགས་པ་སྤངས་ཏེ། ལྷམ་མེར་གནས་ན། བདག་ཀྱང་མེད་གཞན་ཡང་མེད། མ་རབས་དང་འཕགས་པ་མཉམ་ཞིང་གཅིག་སྟེ། མི་འགྱུར་བར་བརྟན་པར་གནས་ན། དེ་ཕན་ཆད་ཡི་གེ་དང་བསྟན་པའི་རྗེས་སུ་མི་འབྲང་ངོ་། །འདི་ནི་ཡང་དག་པའི་དོན་གྱི་རྣལ་དུ་ཕབ་པ་རྣམ་པར་རྟོག་པ་མེད་པ། ཞི་ཞིང་བྱ་བ་མེད་པ་སྟེ། དེ་ནི་དོན་ལ་མི་འཇུག་པའོ། །བསམ་གཏན་གྱི་མཁན་པོ་འདུག་པས་བཤད་པ། མི་སེམས་ནི་ཚུལ་ཁྲིམས། མི་དྲན་པ་ནི་ཏིང་ངེ་འཛིན། སྒྱུ་མའི་སེམས་མི་འབྱུང་བ་ནི་ཤེས་རབ་བོ། །བསམ་གཏན་གྱི་མཁན་པོ་བདུད་འདུལ་སྙིང་པོས་བཤད་པ་ལས། ཅི་ཡང་མི་དྲན་པ་ནི་སངས་རྒྱས་དྲན་པའོ། །འདི་ཉིད་ལ་བལྟས་ཏེ་སེམས་སྙོམས་ན། དེ་བཞིན་གཤེགས་པ་ཡང་དག་པའི་སྐུ་ཉིད་ཡིན་ནོ། །བསམ་གཏན་གྱི་མཁན་པོ་ཨ་དྷ་ན་ཧེར་གྱིས་བཤད་པ་ལས། སེམས་ཇི་བཞིན་དུ་མཉམ་པ་ནི་རྣལ་འབྱོར་ངེས་པའི་ལམ་མོ། །མཁན་པོ་མ་ཧཱ་ཡ་ན་གྱིས་བཤད་པ་ལས། ཆོས་ཉིད་བསམ་དུ་མེད་ལ་མི་རྟོག་པར་བཞག་གོ། །ཞེས་གསུངས་ཏེ། བསྒོམ་པ་པོའི་རིག་པ་ཉིད་མ་སྐྱེས་པས་མ་སྐྱེས་པའི་དོན་ཆེད་དུ་དྲན་པར་བྱར་ཡང་མེད་དོ། །ཅིག་ཅར་འཇུག་གོ། །དེ་ལ་ལས་དང་པོ་སྔར་མ་སྦྱངས་པ་རྣམས་ཀྱིས། འཇུག་ཏུ་གཏུབ་པའི་ལུང་དང་རིགས་པ་ནི། དེ་དག་ཡིན་ཏེ། ཞིབ་ཏུ་ཕྱིས་ཀྱང་འཆད་དོ། །ཡང་རིགས་པས་དཔེར་ན། ཡུལ་གཟུགས་དཀར་ན་རྣམ་ཤེས་དཀར་པོ་སྐྱེ་བ་དང་འདྲ་སྟེ། ཡུལ་བྱ་བ་སམ་མེད་པས་ཤེས་པ་ཡང་བྱ་བསམ་མེད་པར་གསལ་ལོ། །ནང་པའི་མི་རྟོག་པ་དེ་བཞིན་ཉིད་ནི། མ་ཧཱ་ཡོ་གའི་གཞུང་གིས། ཆོས་ཐམས་ཅད་ནི་རང་རིག་པར་གསལ་བ་ཉིད་བདེན་པ་གཉིས་མེད་པ། བྱེད་པ་པོས་མ་བྱས་པ་དང་། ཡོང་གིས་འོད་གསལ་བ། དབྱིངས་ཡེ་ཤེས་གཉིས་སུ་མེད་པ་སྟེ། གསང་བ་འདུས་པ་ལས། དངོས་པོ་བསྒོམ་པ་མེད་པའི་དངོས། །བསྒོམ་པར་བྱ་བ་བསྒོམ་པ་མེད། །དེ་ལྟར་དངོས་པོ་དངོས་མེད་པས། །བསྒོམ་པ་དམིགས་སུ་མེད་པའོ། །ཞེས་གསུངས་པས། གཉིས་སུ་མེད་པའི་དེ་བཞིན་ཉིད་ནི་ལོག་ནས་མི་གཉེར། ཡེ་ཤེས་ནི་དབྱིངས་ལ་དམིགས་པར་མི་བྱེད་པ་དེ་ལ་རྣམ་པའི་ཆོས་ལ་སྤངས་བྲལ་ཏེ། རང་རིག་རང་གསལ་བའོ། །དེ་ལ་སྒྱུ་འཕྲུལ་དྲྭ་བ་ལས། གཟུང་འཛིན་བྲལ་བའི་རང་རིག་ཉིད། །དམིགས་མེད་ཚུལ་དུ་རང་སྣང་ངོ་། །ཞེས་གསུངས་སོ། །ཨ་ཏི་ཡོ་གའི་ལྷག་པའི་རྣལ་འབྱོར་གྱི་ལྷུན་རྫོགས་དེ་བཞིིན་ཉིད་ནི། སྣང་སྲིད་ཀྱི་ཆོས་སོ་ཅོག་རང་བྱུང་གི་ཡེ་ཤེས་རྣམ་པར་དག་པའི་ཀློང་དུ་སེལ་མེད་པར་ཡེ་ནས་རང་གསལ་བ་ལ། རྒྱུ་དང་འབྲས་བུ་རིལ་མ་བཙལ་བར་ལྷུན་གྱིས་རྫོགས་པ་ནི། བདག་ཉིད་ཆེན་པོ་པས། དེ་ལ་གཡོ་རྡུལ་མིང་ཡང་མེད་པས། རང་རིག་པ་མ་བཞག་མ་གཡོས་མ་བསླད་མ་ཞུགས་པར་ལྷན་ནེ་ལྷང་ངེ་ཡེ་གསལ་བར་ཅི་ཞིག་བསྒོམ། ཅི་ཞིག་དྲན་པར་བྱར་ཡོད་དེ་མེད། མེད་པའི་དོན་དེ་ཉིད་ཁོ་ན་ཡོད། དེ་དང་དུ་ལེན་པ་སུ་ཞིག་སྟེ། ཡེ་མི་རྟོག་པ་ཆེན་པོ་ལ། སྣང་བ་བཀག་པ་ཡང་མེད་ལ། དེ་ལ་རྟོགས་པ་མེད་དེ། མི་རྟོག་པ་ཉིད་ཀྱང་བླ་དྭགས་སོ། །ཁྱུང་ཆེན་ལས། སྣང་བ་རྒྱ་མཚོ་ཆེན་པོ་བཞིན། །མི་རྟོག་ནམ་མཁའི་མཁའ་ལྟར་ཡངས། །ཞེས་གསུངས་སོ། །དེ་དག་གི་ཁྱད་པར་སྐད་ཀྱི་གདང་བུ་བཞིན་ཏེ། དཔེར་ན་སྐད་གདང་ལ་མཐོ་དམན་ཡོད་པར་དང་འདྲ་སྟེ། མི་རྟོག་པ་འདི་བཞི་ཡང་ཁྱད་པར་སྟོན་ཙེན་མ་ཧཱ་ཨ་ཏི། ཡོད། ཙེན་མན་རིམ་གྱིས་འཇུག་པ་ནི། སྔར་བཤད་པ་ལྟར་དམིགས་པ་ལ་ཤ་ཐང་བར་འབད་ནས་མ་དམིགས་པ་སྐྱེ་བ་དང་། དངོས་པོ་གཏན་ཚིགས་ཀྱིས་གཞལ་ནས། དབུ་མའི་དོན་དང་དུ་ལེན་ཏོ། །སྟོན་མུན་ནི་བདག་གཞན་ཆོས་སོ་ཅོག་ཡེ་ནས་མ་སྐྱེས་པ་ལ། དེས་སྐྱེས་པ་དོན་དུ་གཉེར་བ་ནི་སེམས་བསླད་པ་སྟེ། དེས་ནམ་ཡང་དོན་ཆེན་པོ་མི་མཐོང་སྟེ། དཔེར་ན་བྱ་གག་གི་རྩལ་གྱིས་རྒྱ་མཚོ་མི་འཁྲུགས་པ་དང་འདྲའོ། །འོན་ཏང་ཅིར་ཡང་མ་བསམས་ན་ཆོས་ཉིད་ལ་ཞུགས་པར་འདོད་དེ། དེ་ཡང་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། རྒྱུ་རྐྱེན་རྟེན་འབྲེལ་བསྟན་པ་དང་། །རིམ་པར་འཇུག་སྟེ་ཞེས་པ་ཡང་། །རྨོངས་པ་རྣམས་ལ་ཐབས་ཀྱིས་གསུངས། །ལྷུན་གྱིས་གྲུབ་པའི་ཆོས་འདི་ལ། །རིམ་གྱིས་སྦྱངས་པ་ཅི་ཞིག་ཡོད། །མཐའ་ལས་འདས་པའི་རང་བཞིན་ལ། །གོང་བུར་འདུ་ཤེས་ཇི་ལྟར་ལྟ། །ཅུང་ཟད་ཙམ་ཡང་ཁས་བླང་མེད། །དེ་ཚེ་སེམས་ནི་ནམ་མཁའ་སྟེ། །སངས་རྒྱས་དང་ཡང་སྤྱོད་ཡུལ་གཅིག །ཅེས་གསུངས་ཏེ། དབང་པོ་ཐ་ཤལ་གྱི་དོན་དུ་རིམ་འཇུག་བསྟན་ཏེ། སྦུར་བུའི་བྲོས་ཀྱིས་རི་རབ་ཁ་ལ་མི་ཕྱིན་པ་ལྟར། དམིགས་པ་ཅན་གྱི་མི་རྟོག་པར་བཤད་དོ། །དེ་ལྟ་བུའི་སྟོན་མུན་བྱ་བ་དང་བྲལ་བར་གསོལ་བ་ཡང་། གཉིས་མ་ཧཱས་བརྒལ་བ། མེད་པར་མ་ཤེས་སོ། །གལ་ཏེ་གཉིས་སྟོན་མུན། མེད་པར་སྨྲ་བ་ཡང་། རིལ་དོན་དམ་པའི་བདེན་པ་སྟོང་པ་མ་སྐྱེས་པར་ལྟ་བ་དེར་གཅིག་པར་འདོད་དེ། འོན་ཏང་རེས་འཇོག་སྐྱེ་མེད་ནི་བདེན་པ། སྐྱེ་མེད་ནི་མི་བདེན་པའོ། ཅན་དེས་རྣལ་འབྱོར་ཆེན་པོའི་རང་བཞིན་བདེན་པར་དབྱེར་མེད་པ་མི་མཐོང་སྟེ། རང་གི་ལྟ་བས་བསྒྲིབས་སོ། །དེས་ན་དཔེར་ན། ཁྲེ་འབྲས། འབྲས་ཐུ་བས་ས་གཞི་མི་མཐོང་བ་དང་། ཁབ་མིག་འཇུག་པ་གྱེན་དུ་ལྟ་ཡང་ནམ་མཁའ་མི་མཐོང་བ་དང་འདྲའོ། །དེ་ཡང་རྣལ་འབྱོར་གྲུབ་པའི་ལུང་ལས། རང་བཞིན་སྐྱེ་འགག་མེད་པ་ནམ་མཁའ་བཞིན། །དེས་ནི་ཀུན་འདུས་ཀུན་ཀུན་གྱི་དངོས་གཞི་རིས་མེད། ལ་མཐོང་བ་མེད། །ཅི་ཡང་མི་སྣང་བ་ཉིད་སྐྱོན་མེད་དོ། །དེ་ལྟོས་ན། ནི་འཁྲུལ་པ་ཡིན་ཕྱིར་གཏུབ་པ་མིན། །ཅེས་པས་མངོན་ཏེ། སྟོང་པ་ནི་ཅི་ཡང་སྣང་མི་ནུས་པ་དང་། དེ་སྔགས་ཀྱི། བཞིན་ཉིད་ནི་འགྲོ་བའི་དོན་དབུགས་འབྱིན་པའི་དཀྱིལ་འཁོར་ཞི་ཁྲོ་ལ་སོགས་པ་ཅིར་ཡང་བསྒྱུར་དུ་རུང་བའི་དོན་ཉིད་ཀྱིས་གསོལ་ལོ། །རྣལ་འབྱོར་ཆེན་པོ་མ་ཧཱ་ཡོ་ག་གཉིས་སུ་མེད་པར་གསོལ་བས། ཨ་ཏི་སྒོམ། ལྷུན་གྱིས་གྲུབ་པ་ཆེན་པོ་ནི་མ་རྟོགས་སོ། །ཅི་སྟེ་ཞེ་ན། མ་ཧཱ་ཡོ་ག་པ་ནི། དངོས་པོ་གཞལ་བ་དང་། ཐབས་མང་པོས་དེ་བཞིན་ཉིད་གོམས་པར་བྱེད། འགྲོ་དོན་དུ་སྤྲུལ་པ་སྤྲོ་བ་ཡོད་པ་ཉིད་ཀྱིས། བྱ་བ་མེད་པའི་དོན་བདག་ལྷུན་གྱིས་རྫོགས་པ་ཉིད་པས། མངོན་དུ་ཡང་མི་བྱེད་མི་སློབ། སྤྲུལ་པ་རིལ་གྱི་འབྱུང་གནས་འགྲོ་དོན་རྒྱུན་མི་འཆད་པ་ཁོ་ན་ཡེ་ཤེས་ཆེན་པོ་ཡིན་པས། དེ་ཁོ་ན་བདག་གི་མཛད་སྤྱོད་ཡིན་པས་དོན་མ་མཐོང་བ་སྔ་མ་དང་འདྲ་དབུ་མ། ནའང་། དཔེར་ན་གཉའ་ཤིང་རི་བོ། འཛིན་གྱི་ཁ་ནས་ལྷུན་པོའི་རི་བོ་མཆོག་རབ། རྩེ་མི་མཐོང་བ་འདྲའོ། །དེ་ཡང་། གསེར་རི་འཛིན་གྱི་རྒྱལ་པོ་གཉའ་ཤིང་འཛིན། །ཐོག་ཏུ་ཕྱིན་ཡང་ལྷུན་པོའི་རྩེ་མ་མཐོང་། །ཐམས་ཅད་གཉིས་མེད་གསོལ་བའི་རྣལ་འབྱོར་མ་ཧཱ་པ། པ། །རྩོལ་མཐའ་རང་སྒྲིབས་ངང་ཆེན་མཐོང་བ་མེད། །ཅེས་པ་དང་། ནམ་མཁའ་ཆེ་ལས། བྱང་ཆུབ་ཡན་ལག་ཀུན་གྱི་སྒོ། །ཆ་ལུགས་བསྒོམ་པས་ཆུ་ཟླ་བཞིན། །མ་གོས་མ་ཆགས་འབྱུང་འགྱུར་ཡང་། །བསྒོམ་པས་བྱིས་པའི་སྤྱོད་ཡུལ་བཞིན། །དཀྱིལ་འཁོར་ཁྲོ་གཉེར་ཆ་ལུགས་ཀྱིས། །ཁྲོ་བདག་ཆེན་པོའི་ཡུལ་བཟུང་ནས། །ཡི་གེ་མངོན་དུ་གྱུར་ན་ཡང་། །ཞི་བ་དེ་ཉིད་མཐོང་བ་མིན། །ཅེས་གསུངས་པས། རྣལ་འབྱོར་ཆེན་པོ་ནང་པས་མཚན་ཡིག་འབྲུ་དང་མཚན་མའི་ཕྱག་མཚན་ལ་སོགས་པ། མའི་ཏིང་ངེ་འཛིན་ལས་སུ་རུང་ནས་རྟགས་ཐོན་ཡང་། ལྷུན་གྲུབ་ལ་དམིགས་པ་ཡོད་པའི་ཕྱིར། མ་མཐོང་བ་ནི། དཔེར་ན་ཉི་མའི་སྙིང་པོར་བལྟས་ན། སླར་མི་མཐོང་གི་མིག་ལྗིར་འགྱུར་བ་བཞིན་ནོ། །དེ་ནི་ལྟ་བའི་ཁྱད་པར་ཙམ་སྟེ་ཞིབ་ཏུ་འོག་ནས་སྟོན་ཏོ། །རྣལ་འབྱོར་མིག་གི་བསམ་གཏན་ཞེས་བྱ་བ་རྒྱ་ཆེར་འགྲེལ་པ་ལས་འཇུག་ཐབས་དགོས་ཆེད་ཀྱི་ཁྱད་པར་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།འདིར་ལྷུན་གྱིས་རྫོགས་པའི་ཐེག་པའི་གོལ་ས་ཤེས་པར་བྱ་བའི་ཕྱིར། གཞུང་བཞི་བཀོད་པའི་དང་པོ་མདོ་སྡེ་སྟོང་པར་བསྒོམ་པ་ལ་ཅིའི་ཕྱིར་རིམ་འཇུག་ཅེས་བྱ་ཤིང་ཏོག་མ་ལི་ཀ་དང་འདྲ་བར་རིམ་གྱིས་སྨིན་པར་འགྱུར། ཞེ་ན། ཡང་སྔར་བསྟན། འདིར་ཙེན་མན་རང་གཞུང་། ཡང་དཔེར། རི་བོ་ཆེ་ལ་འཛེག་པའང་གོམ་གཅིག་གོམ་གཉིས་ཕྱིན་པས་རྡོལ་བ་དང་འདྲ་བར། རྒྱལ་བའི་ཆོས་ཀྱི་སྐུ་བསྒྲུབ་པ་ཡང་། བདེན་པ་གཉིས་དང་། ཞི་གནས་ལྷག་མཐོང་ལ་སྔར་རིམ་པར་སྦྱངས་ནས། ཇེ་ཇེ་ལ་ས་ནོན་པར་འགྱུར་རོ། །དེ་ཡང་སྟུག་པོ་བཀོད་པའི་མདོ་ལས། རྣམ་ཤེས་བདུན་དང་བཅས་པ་ཡང་། །དེ་བཞིན་ཀུན་གཞི་རྣམ་པར་ཤེས། ཏིང་ངེ་འཛིན་གྱི་ཡོངས་སྦྱངས་པས། །རྣལ་འབྱོར་ཅན་གྱིས་རྟག་ཏུ་མཐོང་། །དེ་ལྟར་ཤིན་ཏུ་བཟང་པོའི་གསེར། །གསེར་གྱི་དབྱིབས་ན་མི་སྣང་བཟང་པོའི་ངོ་བོར། སྟེ། །གསལ་བས་ཤིན་ཏུ་ཞིབ་བཏགས་ན། །ཡོངས་སུ་སྦྱངས་ན་སྣང་བར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་ལྟ་བས་ཐག་བཅད་དེ། དང་པོར་ལྟ་བས་སོ་སོར་རྟོགས་པའི་ཤེས་རབ་ལ་བརྟེན་པས་རྟེན་ཅིང་འབྲེལ་བར་འབྱུང་བའི་གཏན་ཚིགས་ཀྱིས་དངོས་པོ་མི་རང་རྒྱུད་དུ། འགྲུབ་སྟེ། དཔེར་ན་ཤིང་རྟའི་རྩིབས་ཤིང་དང་སྒྱོགས་བུ་ཆུང་དང་འཁོར་ལོ་ལ་སོགས་པའི་རྣམ་པ་ཤིང་རྟར་སྣང་བ་བདོ་ཙམ་ན། ཤིང་རྟའི་ངོ་བོ་རྩིབས་ཤིང་ལ་ཡང་མེད། དེ་བཞིན་དུ་སྒྱོགས་བུ་ཆུང་ལ་སོགས་པ་གང་ལ་ཡང་མེད་པ་ལྟར། དངོས་པོ་ཀ་བ་བུམ་པ་ལ་སོགས་པ་རྒྱུ་རྐྱེན་རྟེན་ཅིང་འབྲེལ་བར་འབྱུང་བ་ཚོགས་བདོ་བ་ཙམ་ཞིག་ཏུ་སྣང་ཡང་དོན་དམ་པར་རྒྱུ་རྐྱེན་གང་ལ་ཡང་དངོས་པོ་སྒྱུ་མའི་ཆོས་གྲུབ་པ་མེད་དེ། རྣམ་པ་མེད་པ། བདག་མེད་པ། སྲོག་མེད་པ། སྐྱེས་བུ་མེད་པའོ། །དེའི་མཚན་ཉིད་སྟོང་པ་བཅོ་བརྒྱད་པ་ལ་སོགས་པའི་ངོ་བོར་འདོད་པའོ། །དེ་ལྟ་བུ་ལ་སོགས་པའི་གཏན་ཚིགས་རྒྱ་ཆེ་བས་ཐག་བཅད་ནས་བསྒོམ་པའང་། དང་པོ་ཚད་མེད་པ་བཞི་ལ་རིམ་གྱིས་བསྒོམ་སྟེ། དང་པོ་ལ་སྙིང་རྗེ་བསྒོམ་སྟེ། སེམས་ཅན་རྣམས་དོན་དམ་པ་མ་སྐྱེས་པའི་དོན་དེ་ནི་མཐོང་ཤིན་ཏུ་སྡུག་བསྔལ་བ་ཨེ་མ་ཧོཿཞེས་ཤིན་ཏུ་གདུང་བར་བྱའོ། །དེ་ཡང་སྐྱེ་དཀའ་ན་དང་པོར་ཕ་མ་དང་ཕུ་ནུ་སློབ་ལུགས། དང་གཉེན་མཚམས་ལ་བསྐྱེད། དེ་ནས་ལས་སུ་རུང་ནས་མཆི་མ་དྲན་པ་ཙམ་གྱིས་འོང་ཙམ་ན། སེམས་ཅན་བར་མ་ལ་བསྒོམ། དེ་ལས་སུ་རུང་ན་དགྲ་ལ་བསྒོམ། དེ་བརྟན་ནས་སེམས་ཅན་ཡོངས་ལ་བསྒོམ། དེ་ཡང་སྙིང་རྗེ་གངས་ལྟར་འཚོར་བ་ཡི། །གཞན་གྱི་སྡུག་བསྔལ་ཉིད་ཚོགས་ལ། །གདུང་ཞིང་སྙིང་ལ་བཞུ་བ་བཞིན། །ཁ་མིག་གཉིས་ནས་མཆི་མ་འཛག །ཅེས་གསུངས་པས་དེ་བཞིན་བྱའོ། །དེ་ནས་བྱམས་པ་ཀུན་ལ་དབྱེ་བ་མེད་པར་བུ་གཅིག་པ་ལ་མ་བྱམས་པ་ལྟར་སེམས་ཅན་རྣམས་བདག་གི་བུར་བསམ་པ་དང་། དགའ་བས་འགྱོད་པ་མེད་པར་བྱའོ། །བཏང་སྙོམས་ཀྱི་ཡལ་བར་མི་དོར་རོ། །དེ་ཚད་མེད་པ། དག་ཕྱོགས་གཅིག་པ་དང་། གཏོད་ལས་དང་པོ་པ། པ་ཅན་དང་། གཏོད་པ་མེད་པ་ནི་བསླབ་པའི་ལམ་མོ། །ཆེན་པོ་ནི་དེ་ཚད་མེད་ཆེན་པོ་དེ་དང་པོ་ལ་མེད། བཞིན་གཤེགས་པ་ལ་མངའ་སྟེ་ཐོབ་འབྲས་བུའི་སྐབས་ན་བྱའོ། །བྱའོ། །འདིར་ཞིབ་ཏུ་མ་སྨོས་ཏེ། དབུ་མའི་བསྒོམ་རིམ་རྣམ་གསུམ་ལས་འབྱུང་ངོ་། །བདེན་པ་གཉིས་བསྒོམ་པ་ཡང་། དང་པོ་ཀུན་རྫོབ་ཀྱི་བདེན་པ་ཡང་གཉིས་ཏེ། དེ་ལ་ཡང་དག་པ་དང་ལོག་པའོ། །དེ་ལ་ཡང་དག་པའི་ཀུན་རྫོབ་ཀྱི་རྣམ་གྲངས་ཕུང་པོ་ལྔ་ལ་སོགས་པའི་རང་བཞིན་བརྫུན་པ་ཙམ་པ། དེའི་མཚན་ཉིད་བརྟགས་པས་དབེན་པ་དོན་བྱེད་མི་ནུས་པ། མཐུན་པར་སྣང་བ། རྐྱེན་ལས་སྐྱེས་པ་དང་། གནས་སྒྱུ་མ་ཙམ་དུ། པ་དང་། དགའ་སྐྱེས་ཤིང་སྣང་བ་ལ། བ་དང་། འཇིག་འདུས་པས། པ་དང་། རྟག་ཐེར་ཟུག་མེད་པ། པ་མ་ཡིན་པ་དང་། ཆད་མ་འགགས་པ། པ་ཅིར་ཡང་སྣང་བ། མ་ཡིན་པ་དང་། མ་བརྟགས་ན་ཉམས་དགའ་བའོ། །དེ་དག་དྲང་བ་དོན་གྱི་མདོ་སྡེ་པ་ར་གསུངས་པ། དང་། དེ་ནི་དཔེར་ན། སྐར་མ་རབ་རིབ་དེ་ཁོ་ན་ཉིད་ལ་སྒྲིབ། མར་མེ་མར་མེ་སྣུམ་དང་རས་ལ་བརྟེན། སེམས་ལ་སེམས་བྱུང་བརྟེན། དང་། །སྒྱུ་མ་ཟིལ་པ་ཆུ་བུར་ལོག་ནོར་བར་སྣང་། མི་རྟག་སྡུག་བསྔལ། དང་། །རྨི་ཡུལ་དང་ལོངས་སྤྱོད་དུས་གསུམ་འདས་པ་མེད། ད་ལྟ་མེད། མ་འོངས་པ་མེད། ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་ཆོས་ཀྱང་འདྲ་ཞེས་པས་དོན་གྱིས། ཆོས་ཐམས་ཅད་སྐར་མ་དང་འདྲ་བ་ཉིན་མོ་མེད་ནུབ་མོ་ཡོད། དར་སར་ཡོད་ན་མ་རིག་པ་མེད། ལ་སོགས་པ་སྒྱུ་མ་ཙམ་མོ། །དེ་རྟོགས་ཀུན་རྫོབ་ངོ་བོ། པའི་ལྟ་བ་ནི་ཇི་བཞིན་པ་ཤེས་འདི་ཡང་ལྷག་མཐོང་། པའོ། །དེ་བསྒོམ་པ་ཤེས་པའི་རང་བཞིན་གཙོར་ཤེས་རབ་དང་ཏིང་ངེ་འཛིན་མཚུངས་པར་ལྡན་པའི་ཕུང་པོ་བཞིའི་ཚད་མེད་པ། རང་བཞིན་ནོ། །མཚན་ཉིད་དོན། རྩེ་གཅིག་པ་དང་འབྱེད་སོ་སོར། པའོ། །དེ་བསྒོམ་པའི་ཡོན་ཏན་ནི་བཀའ་དེ་བས་གསུངས་པའི། ལ་མི་རྨོངས་པ་ལ་སོགས་པའོ། །གོམས་པར་བསྒོམ་པའོ། །ཡང་དག་པ་མ་ཡིན་པའི་ཀུན་རྫོབ་ནི། །སྣང་ལ་ཆུ་ཟླ་མེ་ལོང་ནང་གི་འོད་ལྟ་བུ། དོན་བྱེད་མི་ནུས་པ་དང་། མི་མོ་གཤམ་གྱི་བུ་སོགས། སྣང་ལ་བརྟགས་པས་བསུས་པ་དང་མེད་པར་དགགས་པ་རྣམས་དང་ཡིད་གཟུགས་ལ་སོགས་པའོ། །དོན་བྱེད་མི་ནུས་མི་སྣང་། པའོ། །དེའི་རང་བཞིན་ནི་གཞན་ཆུ་དང་ཟླ་བའི་རྐྱེན་ལ་སོགས་པ། དབང་དང་། བརྟགས་པའི་མཚན་ཉིད་གོ་རིམ་བཞིན་ནོ། །དེའི་མཚན་ཉིད་ནི། སྤྱི་ཤེས་པ་མ་འཁྲུལ་པའི་མཐུན་སྣང་ལ། ལ་དོན་བྱེད་མི་ནུས། མ་བརྟགས་ན་ཉམས་དགའ། རྟག་པ་མ་ཡིན། ཆད་པ་མ་ཡིན་པའོ། །བྱེ་བྲག་ནི་མཐུན་སྣང་ལ་དོན་བྱེད་མི་ནུས་པའོ། །པར་སྣང་། བརྟགས་པས་དབེན། འདུས་བྱས་ཀྱི་མཚན་སྐྱེ་རྒ་ན་འཆི་བཞི། ཉིད་བཞི་སྟེ་དྲུག་གོ། །གཉིས་མི་སྣང་བ་དོན་བྱེད་མི་ནུས་པ། པ་ནི་གོང་མ་ལས་བཟློག་སྣང་བ་རྟག་ཏུ་སོགས་པའོ། ། པའོ། །དེ་ཡང་རང་གི་ངོ་བོ་མུ་སྟེགས་རྟག་པ་ངོ་བོས་མེད་པའི་ཕྱིར། འདོར་བ་དང་། ཞེན་དེ་ལ་འཛིན་པ། པ་འདོར་བས་སྤང་བྱའོ། །ཡང་དག་པའི་ཀུན་རྫོབ་ཉིད་ཀྱང་སྒྱུ་མར་བལྟས་ཏེ་འདོག་པ་ཅི་ཉེས་ཞེ་ན། མེད་པའོ་ཅིའི་ཕྱིར་ཞེ་ན། དེ་ནི་མེད་པ་ཡང་ཡིན་ཏེ། སྐྱེ་བའི་ངོ་བོ་ཉིད་མེད་པ། ཡང་དག་པར་རང་དང་གཞན་ལ་སོགས་པར་མི་སྐྱེ་བ་ཡིན་པ་དང་། ངེས་ཚིག་བརྗོད་པའི་དུས་ཉིད་ན། ཀུན་རྫོབ་ནི་དོན་དམ་པ་ལའོ། །རྫོབ་ནི་སྒྲིབ་པ་སྟེ། དེ་ཡང་དོན་དམ་ལ་དམིགས་པའི་ཡེ་ཤེས་གཞན་སྐྱེ་བའི་གེགས་བྱེད་པ་དང་། བདག་ཉིད་དོན་དམ་པ་ལ་དམིགས་པའི་ཡེ་ཤེས་སྐྱེ་བའི་གེགས་བྱེད་པ་དང་། རང་བཞིན་ཡུལ་ཅན་གྱི་ཤེས་པ་དོན་དམ་སྤྲོས་བྲལ་ལ་དམིགས་པའི། པ་ལ་དམིགས་ནས་ཡེ་ཤེས་སུ་སྐྱེ་བའི་གེགས་བྱེད་པའོ། །ཡང་དག་པའི་ཀུན་རྫོབ་ཉོན་ཤེས། སྒྲིབ་པ་གཉིས་ཀྱིས་བསྡུས་པ་ནི་གསུམ་ཆར་གོང་མ་ལ་སྒྲིབ་བོ། །རོ། །འཁྲུལ་པའི་ཤེས་པ་གཞན་རྣམས་ནི་ཕྱི་པ་གཉིས་ལོག་པའི་ཀུན་རྫོབ་གཉིས་སོ། །སོ། །ཤེས་བྱས་བསྡུས་པ་ནི་གསུམ་པ་ཁོ་ནའོ། །ཡང་དག་པའི་སྒྲིབ་པ་སྟེ། སྤྱིར་ཀུན་རྫོབ་ནི། ཀུན་བརྫུན་པ། ཀུན་བསླུ་བ། ཀུན་གཡོ་ཞིང་མི་རྟོག་པ། ཀུན་མ་བརྟགས་པ། ཀུན་བརྟགས། ཀུན་གྲགས། ཀུན་སྒྲིབ་ཀུན་ཡོད་ཀྱི་ཕྱིར་སྤང་ངོ་། །ཡང་དག་པའི་ཀུན་རྫོབ་ཉིད་སྤང་བྱ་ཡང་ཡིན་ཏེ། དེ་ཡང་རང་གི་ངོ་བོ་ངོ་བོས་མི་བདེན་པའི་ཕྱིར། འདོར་བ་དང་། ཞེན་ཡོད་པར་འཛིན་པ། པ་འདོར་བའོ། །དེ་ལ་རྒྱུད་དུ་འདོགས་པ་མཐོང་ཡང་བསྒོམ་སྤངས་སྒྲིབ་པ་གཉིས་ཀྱིས་བསྡུས་པ་རྣམས་དང་། གཞན་ལུང་དུ་མི་སྟོན་པ་རྣམས་ལས། དང་། རང་གི་ལས་ཀྱི་འགྲུབ་ངོ་བོ་ཉིད་ཀྱི་རྟོགས་པ་པའི་ཕྱི་རོལ་པ་རྣམས་དང་། ནམ་ཡང་རང་དང་གཞན་གྱི་དོན་དུ་མི་སྦྱོར་མི་འགྱུར་བའི་ལས། བ་རྣམས་ནི་སྤང་བྱ་གཉིས་ཀའོ། །དགེ་བ་ཟག་པ་དང་བཅས་པ། བདག་གཞན་གྱི་དོན་དུ་དགོས་པ་རྣམས་ཀྱང་སྤང་བྱ་གཉིས་ཀའོ། །དཔེར་ན་ཆུ་བརྒལ་ནས་གཟིངས་འདོར་བ་དང་འདྲའོ། །དགེ་བ་རྣམས་ངོ་བོ་ཉིད་འདོར་བའི་སྤང་བྱ་ཇི་ལྟར་ཡིན་ཞེ་ན། འཕགས་པ་དཀོན་མཆོག་བརྩེགས་པ་ལས། ཤིང་གཉིས་དྲུས་པས་གཉིས་ཀ་ཚིག་པར་བསྟན། སོ་སོར་རྟོགས་པའི་སྤྲོས་བྲལ་རྟོགས་ཤིང་གནས་པའི་དུས་ན་ཞེན་པ་འདོར་བ། ཤེས་རབ་ཀྱང་མེད་པས་སོ། །རྒྱུད་གཞན་དང་ཚོགས་བརྒྱད་ཡེ་ཤེས། གནས་གྱུར་པའི་དུས་ན་ཞིང་དག་པ་དང་། སྐུ་ཆོས་སྐུ་གཟུགས་སྐུ། གཉིས་དང་སངས་རྒྱས་ཀྱི་ཡེ་ཤེས་ནི། ལམ་པའི་ཡང་ཤེས་པ་ལ། ཞེན་པ་འདོར་བའོ། །དེའི་ཕྱིར་ཀུན་རྫོབ་སྒྲིབ་པར། རེ་ཞིག་བཞག་གོ། །དོན་དམ་པ་ལ་མི་དམིགས་པ་བསྒོམ་པ་ཡང་། དོན་དམ་པ་དང་པོར་རྟོགས་པར་བྱ་བ་ནི། དོན་དམ་པ་ལ་གཉིས་ཏེ། རྣམ་གྲངས་སྤྲོས་པ་དང་བྲལ་བའོ། །དེ་ལ་རྣམ་གྲངས་དབྱེ་ན་ཤེས་ཤེས་བྱེད། པ་དང་དོན་ཤེས་བྱ། གཉིས་སོ། །དེ་ལ་ཤེས་པ་ནི་བདེན་པ་གཉིས་ལ་དམིགས་པས་གཉིས་དེ་ལ་ཉན་བསམ་བསྒོམ་དྲིའོ། །ཀུན་རྫོབ་ལ་མངོན་སུམ་དང་བཞིའོ། །སོ། །ཡུལ་ལ་གཉིས་ཏེ། དོན་དམ་པ་ལ་དམིགས་པའི་ཐོས་བསམ་གྱི་ཡུལ་ཟག་བཅས་དང་། ཀུན་རྫོབ་ཇི་ལྟ་བ་ཤེས་པའི་ཡུལ་དང་ཞེན་པའི་ཡུལ་ཐམས་ཅད་དོ། །རང་བཞིན་ནི་ཀུན་རྫོབ་དུ་ན་གཞན་དབང་རྟེན་འབྲེལ་ལས་བཏགས་པ་ཞེན་ཡུལ་རྣམས་སོ། །གཞན་དབང་དང་། བརྟགས་པའི་དོན་དམ་དུ་ན་ལུང་རིགས་གཞན་གྱི་དབང་གིས་གྲུབ་པས་གཞན་དབང་སོ་སོར་རྟོགས། ཤེས་རབ་ཀྱིས་བརྟགས་ནས་འགྲུབ་པ་བརྟགས་པ། གཞལ་བྱ་དང་འཇལ་བྱེད་འབྲེལ་བ་མི་བསླུ། རང་བཞིན་དེ་མི་བསླུ་བ་དང་མཐུན་པས་སོ། །དེ་ནི་མི་བསླུ་བའི་ཕྱིར་དང་། དོན་དང་འབྲེལ་བའི་ཕྱིར་དང་། དོན་དུ་གཉེར་བར་བྱ་བའི་ཕྱིར་དང་། སྤྲོས་པ་གཅོད་པ་མཐུན་པའི་ཕྱིར་དང་། དེའི་དོན་དུ་གཉེར་བར་བྱ་བ་ཡིན་པས་སོ། །དོན་ཡང་ཡིན། དམ་པ་ཡང་ཡིན་པས་སོ། །དེའི་མཚན་ཉིད་མི་བསླུ་བ་དང་། སྤྲོས་པ་གཅོད་པར་མཐུན་པའོ། །སྤྲོས་པ་མེད་པའི་བདེན་པ་ནི། སྤྲོས་པ་གསུམ་དང་བརྒྱད་བཅད་པ་དེ་གསུམ་ནི། དོན་གྱི་སྤྲོས་པ་དང་། གཉིས་ཏེ་ངོ་བོ་དང་མཚན་མའི་རྣམ་པའོ། །བཟང་རྟོག་དང་ངན་རྟོག་གོ། །བཟང་རྟོག་ཀུན་རྫོབ་ལ་དམིགས་པ་དང་དོན་དམ་པའོ། །ངན་རྟོག་རང་བཞིན་ལ་རྟོག་པ་སོགས་བཞིའོ། །རྣམ་པར་རྟོག་པའི་སྤྲོས་པ་དང་། ཚིག་གིས་སྤྲོས་ངོ་བོ་དང་མཚན་མར་བརྗོད་པ་དང་ངོ་བོ་དང་མཚན་མ་བྲལ་བར་བརྗོད་པ་པའོ། །བརྒྱད་ནི་དབུས་དང་མཐའ་རྣམ་པར་འབྱེད་པ་ལས་ཀྱང་འབྱུང་ངོ་། །དབུ་མ་ཤེས་རབ་ལས། གཞན་ལས་ཤེས་མཚན་ཉིད་སྤྲོས་བྲལ ། མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཡི་མཚན་ཉིད་དོ། །ཞེས་གསུངས་སོ། །སྤྲོས་པ་དེ་དག་བྲལ་བའི་དོན་གྱི་རང་བཞིན་ནོ། །མེད་པའི་རང་བཞིན་མཚན་ཉིད་མེད་པ། མེད་སེམས་ཙམ་པ་མ་ཡིན་པར་དགག་སྐྱོ་མུ་སྟེགས་ཉན་མེད་པར་དགག །པར་དགག་པ་ཡོངས་སུ་གྲུབ་པའོ། །དོན་འདི་ནི་བཟང་རྟོག་གི་དངོས་ཡུལ་ཡིད་ཀྱི་སྒྲོ་འདོགས་ཆོད་པ་ཙམ། དབང་པོ་ལྔ་ལ་ངོ་བོ་ཉིད་ཀྱི་རྟོག་པ་ཡོང་བའི་ཕྱིར་རོ། །མ་ཡིན། ལྷག་མ་ལྔའི་ཞེན་གནས་ཀྱང་མ་ཡིན་ནོ། །ངོ་བོ་དང་མཚན་མ་དང་བྲལ་བར་བརྗོད་པས་དངོས་སུ་བརྗོད་པའི་ཡུལ་མ་ཡིན། ཡུལ་གྱི་མཚན་མས་སྟོང་པའོ། །དེ་ནི་གང་ཟག་དབྱེ་བ། དང་། ཆོས་ལ་བདག་མེད་པ་གཉིས་དང་སྟོང་པ་བཅོ་བརྒྱད་ལ་སོགས་པའོ། །དེ་ལ་མིང་དུ་དེ་བཞིན་ཉིད་དང་། བདག་མེད་པ་ལ་སོགས་པ་ཐ་དད་དོ། །དེ་ནི་མཐའ་གཉིས་དང་བྲལ་བས་དབུ་མའི་ལམ་སྟེ། ཡེ་ཤེས་དམ་པའི་ཡུལ་དང་། སྒྲིབ་པ་སྤངས་པ་དང་། རིག་པས་གྲུབ་པའི་ཕྱིར་དོན་དམ་པའོ། །དོན་བྱེད་ནུས། དོན་དམ་པར་འདོད། མ་རིག་པའི་གཡུལ་ལས་བཟློག །འཁོར་བ་ལས་ཐར་བྱེད། ཡོན་ཏན་རྒྱས་བྱས་ཕྱིར། ཆོས་སྡུད་པ་ལས། སྐྱེ་མེད་ནི་བདེན་པའོ། །ཞེས་པས། བདེན་ཞིང་བསླུ་བ་མེད་པའི་ཕྱིར་ཡང་ངོ་། །དེ་ལ་བདག་མེད་པ། སྲོག་མེད་པ། གང་ཟག་མེད་པ། རྗེ་བོ་མེད་པ། སྐྱེ་བ་མེད་པའོ། །ད་ནི་སྣང་བའི་སྒོ་ནས་སྒོ་ལྔ་ལ་ཡིད་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་ནི་བསྒྲུབ་བྱའོ། །སྒོ་ལྔ་ནི་ངོ་བོའི་རྟོགས་པ་ཡོད་པས་སོ། །འཛིན་པ་དང་། ངེས་པའི་སྒོ་ནས་འཛིན་པ་ལས། འདིར་ངེས་པའི་སྒོ་ནས་འཛིན་པའོ། །གཞན་ཡང་བློ་གྲོས་ཆེན་པོ་རྡུལ་ཕྲ་རབ་ཀྱིས་གཞིགས་ན་གླང་གི་རྭ་ཡང་དངོས་པོར་མི་འདུག་གོ། །ཞེས་གསུངས་པས་དངོས་པོ་མ་སྐྱེས་སྟོང་པར་ལྟ་བ་དང་། ཡང་རྟེན་ཤེས་རབ་ཕ་རོལ་ཕྱིན་པ་ལས། ཅིང་འབྲེལ་བར་འབྱུང་བའི་ཆོས་ཐམས་ཅད་གཟོད་མ་ཉིད་ནས། རང་བཞིན་གྱིས་མཚན་མ་མེད་པ་དང་། རང་བཞིན་གྱིས་འབྱུང་བ་མེད་པར་མཐོང་བས། རྒྱུ་རྐྱེན་འདུས་པར་མཐོང་ནའང་། རྒྱུ་རྐྱེན་ཉིད་ཀྱང་སྟོང་པ་དང་། མཚན་མ་མེད་པ་དང་། འབྱུང་བ་མེད་པར་རབ་ཏུ་ཤེས་སོ། །ཡང་མདོ་སྡེ་དེ་ཉིད་ལས། སྟོང་པ་ཉིད་ལས་སྟོང་མི་བལྟ། །སྟོང་ལས་གུད་ནའང་སྟོང་མི་ལྟ། །དེ་ལྟ་བུ་ནི་གང་ལྟ་བ། །སྟོང་པ་མཐོང་བ་ཞེས་བྱའོ། །ཞེས་གསུངས་ཏེ། བསྒོམ་རིམ་གསུམ་དང་། བདེན་པ་གཉིས་བསྟན་པ་ལས་རྒྱ་ཆེར་གསུངས་སོ། །འདིར་འཆད་པ་དག་ཀྱང་མདོ་ཙམ་སྟོན་ཏོ། །དེ་ལ་བློ་ཡིས་དོན་དམ་པའི་བདེན་པའི་ངང་ལ་བསྒོམ་ཞིང་འཇུག་པ་གཉིས་ཏེ། སྒོ་ནས་འཇུག་རང་གཞུང་། པ་དང་། གཞན་ལོག་རྟོག་དང་། སེལ་བའི་ཐེ་ཚོམ་གཞན་གཞུང་། སྒོ་ནས་འཇུག་པའོ། །དེ་ལ་ལུས་སྟན་བདེ་བ་ལ་རྗེ་བཙུན་རྣམ་པར་སྣང་མཛད་ཀྱི་སྐྱིལ་མོ་ཀྲུང་དུ་འདུག །ལུས་ཡ་ཡོ་མེད་པ། མགོ་མི་དགྱེ་མི་སྒུ་བ་ལྕེ་རྩེ་རྐན་ལ་བཅར། མིག་སྣ་རྩེར་ཕབ་ནས། ཚད་མེད་པ་བཞི་ལ་སོགས་པ་རིམ་པར་བསྒོམ་མོ། །དེ་ལྟ་བུས་ཞུགས་ནས་སྟོང་པ་ཉིད་ལ་དམིགས་ཤིང་བསྒོམས་པས། མཐར་ཕྱིན་པའི་ཚུལ་དེ། དམིགས་པ་དག་ལ་བརྟེན་ནས་ནི། །མི་དམིགས་པ་དག་རབ་ཏུ་སྐྱེ། །ཞེས་པ་དང་། ཡིད་ཀྱི་གླང་པོ་ཟློག་འགྲོ་བ། །དམིགས་པའི་ཀ་བ་བརྟན་པོ་ལ། །དྲན་པའི་ཐག་པས་བཅིངས་ནས་ནི། །ཤེས་རབ་མཚོན་གྱིས་རིམ་དབང་དབྱེ། །ཞེས་གསུངས་ཏེ། ལ་ལ་རྒྱུད་ལྔ་པར་ཞི་གནས་སྦྱངས་པའི་དབང་ཙམ་སྟེ། སྤྱིར་ཞི་གནས་ཐོབ་ནས། བསྒོམས་པ་ཁོ་ནར་གསུངས་ཏེ། ཁ་ཅིག་ཞི་གནས་གོམས་པ་ངང་ལ་བྱེད། དེ་ལ་ཞི་གནས་ཀྱི་རྒྱུ་དང་། རང་བཞིན་དང་། ཤིན་ཏུ་སྦྱངས་པ་ཇི་ལྟར་འདོད་པ་རང་གི་མཚན་ཉིད་བཞིན་དུ་གསལ་བའོ། །མཚན་སེམས་བརྟན། ཉིད་ངེས་ཚིག་རི་བོ་དང་འདྲ་ཞིང་། དང་། བསྒོམ་པའི་དུས་ལྷག་མཐོང་མ་ཐོབ་ཙམ་ན། དང་། དམིགས་པ་དང་། ཉེས་པ་དང་། དེའི་གཉེན་པོ་དང་། རྫོགས་པའི་ཚད་དང་། རྫོགས་པའི་ཡོན་ཏན་ཏིང་ངེ་འཛིན། ཐོབ་པས་བསམ་གཏན་མིང་ཐོབ་པའོ། །དེ་ལ་བསྒོམ་པའི་དུས་སུ་དམིགས་པ་ནི། སེམས་གང་ལ་སྤྲོ་བ་ལ་བྱའོ། །སྐུ་གཟུགས་ལྟ་བུ་ལ་དབྱེ་ན། མདོ་སྡེ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས་ཀྱི། །འཇིག་རྟེན་མགོན་པོར་རབ་ཏུ་མཛེས་པ་དེ། །དམིགས་པ་དེ་ལ་གང་གི་སེམས་འཇུག་པ། །བྱང་ཆུབ་སེམས་དཔའ་དེ་མཉམ་བཞག་ཅེས་བྱ། ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །ཉེས་པའི་སྐྱོན་ནི། ལེ་ལོ་དང་། དམིགས་པ་བརྗེད་པ་དང་། བྱིང་རྒོད་དང་། མི་རྩོལ་བ་དང་། རྩོལ་བའོ། །དེ་སྤོང་བའི་གཉེན་པོ་ནི་འདུ་བྱེད་བརྒྱད་དེ། དད་པ་དང་། འདུན་པ་དང་། རྩོལ་བ་དང་། ཤིན་ཏུ་སྦྱངས་པ་དང་། དྲན་པ་དང་། ཤེས་བཞིན་དང་། སེམས་པ་དང་། བཏང་སྙོམས་སོ། །དེ་སྤྱོ་ཞེས་པའི་སྤངས་ཚུལ་ནི། དང་པོ་བཞི་ལེ་ལོའི་བཞི། གཉེན་པོའོ། །དྲན་པ་ནི་དམིགས་པ་བརྗེད་པའི་གཉེན་པོའོ། །ཤེས་བཞིན་ནི་བྱིང་རྒོད་ཀྱི་གཉེན་པོའོ། །དེ་གཉིས་པོ་རྟོགས་ནས་སྤང་ངོ་། །བྱིང་རྒོད་དང་ལྡན་ན་མི་རྩོལ་བ་བར་འཇོག་ན། ཉེས་པའོ། །དེ་སེམས་པས་སྤང་ངོ་། །བྱིང་རྒོད་དང་བྲལ་བའི་ཚེ། བྱེད་ན། རྩོལ་བ་རྙེད་པ་སྟེ། དེ་ལ་བཏང་སྙོམས་ཀྱིས་སྤང་ངོ་། །ཞི་གནས་རྫོགས་པའི་ཡོན་ཏན་ཐོབ་པས་བསམ་གཏན་གྱི་མིང་ཐོབ་པས་ནི། དེ་ལ་དམིགས་པའི་ཡོན་ཏན་ཁྱད་པར་ཅན་གཞན་ཐོབ་པས། བསམ་གཏན་ཟག་མེད་དང་། སྦྱར་བའི་བསམ་གཏན་ནོ། །ཐབས་མེད་ན་ཟག་བཅས་སོ། ། དང་། གཟུགས་དང་། གཟུགས་མེད་པའི་རྣམ་པར་ཐར་པའི་མིང་ཐོབ་བོ། །དེ་ལྟར་གང་གི་ཚེ་ཚོར་བ་བཏང་སྙོམས་དང་ལྡན་ཞིང་རྟོག་དཔྱོད་དང་བཅས་པར་ལྡན་ཙམ་ན། མི་ལྕོགས་པ་མེད་པའི་བརྟན་པ་དང་སྦྱོར་བའི་སེམས་སོ། །ཡང་འདོད་པའི་སྲེད་པ་དང་དབྲལ། དགའ་བ་དེ་དང་ཙན་པར་གྱུར་ཙམ་ན། བསམ་གཏན་དང་པོ་ཞེས་བྱའོ། །བསམ་གཏན་དང་པོ་དེ་ལ་རྟོག་པ་ཙམ་མེད་པ་ནི། བསམ་གཏན་ཁྱད་པར་ཅན་ནོ། །ཡང་རྟོག་དཔྱོད་དང་བྲལ་བས་བསམ་གཏན་དང་པོ་བརྗོད་པ་དང་བྲལ་བ་དེ། དགའ་བདེ་ན་ཡོངས་སུ་དང་བ་དང་ལྡན་པ་དེ་བསམ་གཏན་གཉིས་པའོ། །དེའི་སྲེད་པ་དང་བྲལ་བ་བཏང་སྙོམས་ཤེས་བཞིན་དང་ལྡན་ན་བསམ་གཏན་གསུམ་པའོ། །ཡང་དེའི་སྲེད་པ་དང་བྲལ་ཏེ་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་བཏང་སྙོམས་དང་དྲན་པ་དེ་བསམ་གཏན་བཞི་པའོ། །དེ་བཞིན་དུ་གཟུགས་མེད་པ་ཡང་སྦྱར་རོ། །དེ་ལྟར་ཞི་གནས་ལ་ཤིན་ཏུ་གོམས་ནས་བཟོད་ཅིག་ལྷག་མཐོང་སྐྱེ་སྟེ། ཞི་གནས་ཀྱི་སེམས་མི་གཡོ། མི་འཁྲུགས། འདུ་ཤེས་ཀླུངས་སུ་ཞུགས་པས། ཤུགས་ཀྱིས་ཀྱང་སྐྱེའོ། །ལྷག་མཐོང་དཔྱད་པས་སྐྱེས་ནས་ཟུང་དུ་འབྲེལ་བར་བྱེད་པ་ཡང་། བསམ་གཏན་རྫོགས་ཞི་གནས། ནས་བྱེད་དོ། །ལྷག་མཐོང་གིས་མཐོང་བའི་ཚུལ་ནི། མདོ་ལས། ཆོས་ནི་སེམས་ཀྱི་གཟུགས་བརྙན་ཞི་གནས་ཀྱི་ཡུལ་དེ་ལ། ཡིན། །སེམས་བརྟེན་པར། ནི་གཉིས་སུ་མེད་པ་ཡིན། །མི་སྐྱེ་མི་འགགས་ཐུགས་ལས་འདས། །ནམ་མཁའ་ཁོད་སྙོམས་མི་རྟོག་ཞི་བའི་ཡུལ། བཞིན། །ཅེས་གསུངས་ཏེ། ཡང་། ནམ་ཀ་ཡིད་ལ་མཉམ་པར་བཞག་པའི་དུས་གཅིག་ན། ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་ངོ་། །ཞེས་འབྱུང་ངོ་། །དེ་ལྟ་བུ་མཐོང་རང་བཞིན་ནི་མཐོང་ལམ་བསྒོམ་ལམ་མཐར་ཕྱིན་པའི་ལམ་མོ། །བྱང་ཆུབ་ཡན་ལག་བདུན། འཕགས་པའི་ལམ་བརྒྱད། དེ་བའི་ཡེ་ཤེས་ས་བཅུའི་ཡེ་ཤེས་བཅུ་དེ་བའི་ངང་བཅུ་གཅིག་འདིས་བྱེད་པར་བསྒྲུབ་པའོ། །རྣམ་གྲངས་མ་ཡིན་པའི་མངོན་དུ་འཛིན་པར་འོང་རྣམ་གྲངས་ཡིན། བྱིས་པ་དེ་ཉིད་དོན་རབ་དགེའ་བ་བཞི་ཀའོ། །བའི་དོན་ལ་དམིགས་པ་གཏད་ནས་བསྒོམ་པ་ནི། ལྷག་མཐོང་གི་རྒྱུ། དབྱེ་བ། ངེས་ཚིག་སྙིང་རྗེ་ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བའི་རྣམ་པའོ། །དང་། མཚན་ཉིད་དང་། འབྲས་བུ། ཡུལ་དང་། བསམ་གཏན་བྱེ་བྲག་གོ། །དེ་ཡང་སྐྱོན་སྐྱེས་ན་བཅོས་དགོས་ཏེ། དེ་ལ་སྐྱོན་དངོས་ནི། ལྔ་པའི་དྲུག་དང་། བདེན་པའི་ཁྱད་པར་བསྟན་པའི་བསམ་གཏན་ལས། སེམས་ཀྱི་གཡེང་བ་ལ་སྟེ། གལ་ཏེ་ཐེག་པ་ཆེན་པོ་དང་ལྡན་པའི་ཡིད་ལ་བྱེད་པ་བཏང་ནས། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱེད་པ་ལྟ་ན། དེ་ནི་ཡིད་ལ་བྱེད་པའི་གཡེང་བའོ། །གལ་ཏེ་ཕྱི་རོལ་གྱི་འདོད་པའི་ཡོན་ཏན་ལྔ་རྣམས་དང་། འདུ་འཛི་དང་། མཚན་མ་དང་། རྟག་པ་དང་། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་དང་། ཕྱི་རོལ་གྱི་དམིགས་པ་རྣམས་ལ་སེམས་འགྱེད་པར་གཏོང་ན། འདི་ནི་ཕྱི་རོལ་གྱི་གཡེང་བའོ། །གལ་ཏེ་སྙོམས་པ་དང་། གཉིད་དང་། བྱིང་བ་དང་། སྙོམས་པར་འཇུག་པའི་རོ་མྱོང་བ་དང་། སྙོམས་པར་འཇུག་པ་དང་། ཉེ་བའི་ཉོན་མོངས་པ་གང་ཡང་རུང་བས་ཉོན་མོངས་པ་འདི་ནི་ནང་གི་གཡེང་བའོ། །གལ་ཏེ་ཕྱི་རོལ་གྱི་མཚན་མ་ལ་གནས་པ་ནང་གི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་མཚན་མ་ཡིད་ལ་བྱེད་པ་འདི་ནི་མཚན་མའི་གཡེང་བའོ། །གལ་ཏེ་ནང་གི་ཡིད་ལ་བྱེད་པ་ལ་བརྟེན་ནས། ཚོར་བའི་གནས་ངན་ལེན་གྱི་ཚོགས་ཀྱིས་ངའོ་ཞེས་བསྙེམས་པ་དེ་ནི་གནས་ངན་ལེན་གྱི་གཡེང་བའོ། །ཞེས་འབྱུང་ངོ་། །ཡང་ལུས་དང་ལོངས་སྤྱོད་ལ་ཆགས་པ་ནི་གནས་ཀྱི་གེགས་སོ། །འཕགས་པའི་གཏམ་ཐོས་པ་ཆུང་ན། དམ་པའི་ཆོས་ཀྱིས་ཚིམས་པ་མ་ཐོབ་པ་ནི་ལྷག་མཐོང་གི་གེགས་སོ། །འདུ་འཛི་གནས་པ་དང་ཆོས་ཅུང་ཟད་ཙམ་མ་ཐོས་པས་ཆོག་པར་འཛིན་པ་ནི་གཉིས་ཀའི་གེགས་སོ། །དེ་ལ་དང་པོས་ཞི་གནས་ཀྱི་གེགས་ཀྱིས། ལྷག་མཐོང་གི་གེགས་ཀྱིས། ནི་སྦྱོར་བར་མི་བྱེད་པའོ། །གཉིས་པས་མཐར་མི་ཕྱིན་པའོ། །ཞེས་འབྱུང་བས་དེ་ལྟར་མི་བྱའོ། །ཡང་རྒོད་ཅིང་འགྱོད་པ་ནི་ཞི་གནས་ཀྱི་སྒྲིབ་པའོ། །རྨུགས་པ་དང་། གཉིད་དང་། ཐེ་ཚོམ་ནི་ལྷག་མཐོང་གི་སྒྲིབ་པའོ། །འདོད་པའི་སྲེད་པ་དང་། གནོད་སེམས་ནི་གཉི་གའི་སྒྲིབ་པའོ། །ཞེས་འབྱུང་ངོ་། །དེ་བཅོས་པའི་ཐབས་ནི། གང་གི་ཚེ་ནང་གི་སེམས་ཕྱི་རོལ་དུ་གཡེང་བ་མཐོང་བ་ནི། དེའི་ཚེ་ཞི་གནས་མེད་པར་རིག་པར་བྱ་སྟེ། ཆོས་ཀྱི་དབྱིངས་ཉིད་རྗེས་སུ་དྲན་ནས་དེ་ཉིད་ལ་མཉམ་པར་བཞག་པར་བྱའོ། །དེས་མ་ཕན་ན། དེ་ཡང་མི་རུང་ན་འདོད་པའི་ཡོན་ཏན་ལྔ་ལ་སོགས་པ་ཕྱི་རོལ་གྱི་དངོས་པོ་རྣམས་དང་། གལ་ཏེ་རྟོག་པའི་སེམས་དེ་དག་ཐམས་ཅད་ཀྱང་། སྐད་ཅིག་ལ་མི་རྟག་པའི་མཚན་ཉིད། གསོག །གསོབ། དངོས་པོ་མེད་པ། གློ་བུར་གྱི་སྤྲིན་ལྟ་བུ། རྒྱུ་མེད་པ་ལས་བྱུང་བའོ། །ཞེས་བརྟགས་ན་ཞི་བར་འགྱུར་རོ། །གལ་ཏེ་རྨུགས་པའམ། བྱིང་བའམ། ལུང་དུ་མི་སྟོན་པའམ། གཉིད་ཀྱི་དབང་དུ་གྱུར་ཅིང་མི་གསལ་ན། དེའི་ཚེ་ལྷག་མཐོང་མེད་པར་རིག་པར་བྱ་སྟེ། རྩོལ་བས་བསྐྱོད་པར་རིག་པར་བྱའོ། །གལ་ཏེ་བྱིང་བ་དང་། རྒོད་པ་ལས་དབེན་པའི་ཕྱིར་མཉམ་པར་ཞུགས་ཤིང་ལྷུན་གྱིས་གྲུབ་པས། དེ་ཁོ་ན་ཉིད་ལ་སེམས་བསྐྱེད་པར་གྱུར་ན། དེའི་ཚེ་རྩོལ་བ་ཁོང་གློད་ནས་བཏང་སྙོམས་སུ་བྱའོ། །དེ་དག་ལ་སོགས་པ་རྒྱ་ཆེར་འབྱུང་ངོ་། །སྐྱོན་བཅོས་པའི་ཡོན་ཏན་ནི། ནམ་རྨུགས་པ་དང་། གཉིད་ལ་སོགས་པ་ཞི་བར་འགྱུར། ཞི་གནས་ཀྱི་ལམ་རྣམས་འགོག་པ་ཞི་བ་ཕྱོགས་གཅིག་པའོ། །འགོག་པ་ལ་སྙོམས་པར་འཇུག་པ་ལ་སོགས་པའི་མཐར་ལྟུང་ངོ་། །ལྷག་མཐོང་ཆེས་ལ་ཞི་གནས་མེད་ན། མེ་མར་རླུང་གིས་བསྐྱོད་པ་ལྟར་ཕྱི་ནང་གི་ཡུལ་དམིགས་པ་རྡུལ་ཙམ་ཡན་ཆད་ལ་འཕྲོ་ཞིང་གཡོ་བའི་སྐྱོན་དུ་འགྱུར་རོ། །དེ་ལྟར་ཞི་གནས་ལྷག་མཐོང་གི་སྐྱོན་ཡོན་རྒྱ་ཆེར་འབྱུང་ངོ་། །སྐྱོན་ཞི་བས་ཞི་གནས་ལྷག་མཐོང་འབྲེལ་བ་ནི། ལྷག་མཐོང་གི་དོན་གསལ་ལ་བྱིང་རྒོད་ཀྱི་དབང་དུ་མ་གྱུར་པའོ། །ལུང་དག་ལས། ལྷག་མཐོང་གསལ་བའི་བློ་ནི་མར་མེ་འདྲ། །ཞི་གནས་ཏིང་འཛིན་མ་གཡོས་རྒྱ་མཚོ་འདྲ། །ཞེས་པ་ལ་སོགས་པ་གསུངས་སོ། །དེ་ལྟར་ཡུན་བསྲིངས་པས་ཉམས་གསུམ་དང་པོ་རི་གཟར་ཆུ། གཉིས་པ་ཆུ་ཀླུང་། གསུམ་པ་མཚོ། སྔ་ཕྱིར་འབྱུང་བ་དང་། དེ་ལྟར་སྐྱོན་ཇེ་ཞི་ཇེ་ཞི་ནས། གཉིད་ཀྱི་རྟོགས་པ་ཆོམས་པ་དང་། ལུས་ཡང་བ་དང་། ལུས་སེམས་ཤིན་ཏུ་སྦྱངས་ན་དག་ཐོབ་པ་དང་། ཁམས་ཀྱི་ཟས་མེད་ཀྱང་ལུས་ཟོ་མདོག་བདེ་ལ། དབང་པོ་གསལ་བ་ལ་སོགས་པ་ཡང་འབྱུང་སྟེ། རྟགས་དེ་ལྟ་བུ་བྱུང་ཡང་རློམ་སེམས་སུ་མི་བྱ་སྟེ། བསམ་གཏན་ལས་དང་པོར་རྨུགས་ཤིང་བྱིང་བ་ནི་བསལ། རྒོད་ཅིང་གཡེང་བ་ནི་ཞི་བའི་དུས་ན། ལུས་དང་སེམས་ཟོ་མདོག་བདེ་ཞིང་གསལ་ཏེ། གཉིད་ཅུང་ཟད་ཆུང་འདི་ལྟར་སེམས་འབྱུང་བར་སྐྱེ་བ་ལ་སོགས་པའི་དུས་ན་ཡོན་ཏན་དག་སྐྱེ་སྟེ། དེ་ལ། དེས་རློམ་སེམས་སུ་མི་བྱའོ་ཞེས་འབྱུང་ངོ་། །དེ་ཡང་ཡུན་བསྲིངས་པས། སའི་རིམ་པར་བགྲོད་པ་ནི་ཁྱད་པར་གྱི་ལམ་ལྔ་ཚོགས་ལམ་ལ་སོགས་པ། དང་། ས་བཅུ་རིམ་པར་བགྲོད་ནས་། སྐབས་ཀྱི་སྒྲིབ་པ་རེ་བྲི་ཞིང་ཡེ་ཤེས་རེ་སྐྱེའོ། །དེ་ལྟར་སྦྱོང་བའི་རྒྱུའི་དུས་ན་རྨི་ལྟས་ཀྱི་མཚན་མ་བཟང་པོ་དག་ཀྱང་འབྱུང་སྟེ། དེ་ཡང་རློམ་སེམས་མི་བྱ་སྟེ། དེ་ཡང་མདོ་སྡེ་དཀོན་མཆོག་བརྩེགས་པ་ལས་རྨི་ལམ་བརྒྱ་རྩ་བརྒྱད་གསུངས་ཏེ། གཉིད་ལོག་པའི་རྨི་ལམ་ན་དེ་བཞིན་གཤེགས་པས་བཀའ་སྩལ་བ་མཐོང་བ་དང་། རྨི་ལམ་ནང་དེ་བཞིན་གཤེགས་པས་བཀའ་སྩལ་བ་མཐོང་ན། བྱང་ཆུབ་སེམས་དཔའི་གཟུངས་སམ། མངོན་ཤེས་སམ། བདེན་པའི་རླབས་གྲུབ་པ་ཞི་གནས་བརྒྱད་པའི་བྱང་ཆུབ་སེམས་དཔའ་འོ། །དེ་དག་ཐོབ་པར་ཉེ་བ་ཞི་གནས་བདུན་པོ་གང་ཡང་རུང་བ་ཞིག་ཏུ་བལྟའོ། །དེ་བཞིན་གཤེགས་པ་ཅང་མི་གསུང་བ་མཐོང་བ་ཆོས་ལ་སྒྲིབ་པའི་ལས་ཡོད་པས་དེས་ཆོས་མཉན་པ་དང་འཛིན་པ་དང་ཁ་ཏོན་བྱ། དང་། དེ་དག་བྱེད་པ་ལའང་བསྙེན་བཀུར་བྱ། དེས་སྒྲིབ་པ་དག་སྟེ། དེ་ནི་ས་བདུན་པོ་གང་རུང་ཞིག་ཏུ་བལྟའོ། །དེས་དང་པོ་པ་ཞིག་ན། ཕུང་པོ་གསུམ་པ་ཉིན་གསུམ་མཚན་གསུམ་གདོན། ས་གཉིས་པས་དེ་ལོ་དྲུག་ཏུ་འདོན། གསུམ་པས་ལོ་ལྔ། བཞི་པས་བཞི། ལྔ་པས་གསུམ། དྲུག་པས་གཉིས། བདུན་པས་གཅིག་གོ། །དེ་བཞིན་གཤེགས་པས་དབུ་ཞབས་སུ་གཡོགས་པ་མཐོང་བ་སེམས་ཅན་དགེ་བའི་བཤེས་གཉེན་ལ་བལྟ་བ་དང་། ཉན་པ་དང་། ཕལ་པ་ཡིན་པས་དེས་ཞེ་འགྲས་པ་མེད་པའི་སེམས་ཀྱི་སྤོབས་པ་ཉེ་བར་བསྒྲུབ་བོ། །དེ་སྒྲིབ་པ་དག་ནས་ས་དང་པོར་པར་བལྟའོ། །དང་། དེ་བཞིན་གཤེགས་པ་ཞལ་ཕྱིར་བལྟས་པ་མཐོང་བ་དེ་རབ་ཏུ་བྱུང་བ་དང་ཆོས་ཉན་པའི་བར་ཆད་བྱས་པ་ཡིན་པས་དེས་ཆོས་ཀྱི་ཁྲི་སྟན་བཤམས་ཏེ་སེམས་ཉན་དུ་གཟུད་དོ། །དེ་སྒྲིབ་པ་དག་ནས་ས་བདུན་པོ་གང་རུང་དུ་བལྟའོ། །དང་། དེ་བཞིན་གཤེགས་པའི་སྐུ་འཇིམ་པ་ལས་བྱས་པ་མཐོང་བ་ས་དང་པོ་པ་སྟེ་ཆོས་སྨྲ་བའི་སྤྱོད་པ་ལ་སྤྱད་པ་ཡིན་པས་མཆོད་རྟེན་ནམ་མཆོད་ཁང་དུ་མགོ་ལ་མར་མེ་བཞག་ལ་ཞེ་འགྲས་པ་མེད་པའི་སེམས་སུ་བྱའོ། །དེས་སྒྲིབ་པ་དེ་འདག་གོ། །གལ་ཏེ་ས་གཞན་གྱི་རྨི་ལམ་དེ་མཐོང་ན་བདུད་ཀྱི་ལས་སུ་རིག་པར་བྱའོ། །དང་། །དེ་བཞིན་གཤེགས་པའི་སྐུ་ཚོན་གྱིས་བྲིས་པ་མཐོང་བ་ས་ལྔ་པོ་གང་རུང་དུ་བལྟ་སྟེ། དེ་ལ་མཆོད་པར་བྱེད་པ་རྨི་ན་ས་དང་པོའོ། །ཐལ་མོ་སྦྱར་ན་གཉིས་པའོ། །བསྟོད་ན་གསུམ་པའོ། །ཕྱག་འཚལ་ན་བཞི་པའོ། །བསྐོར་བ་བྱེད་ན་ལྔ་པའོ། །དེས་ཆོས་ལ་བཟོད་པ་བསྐྱེད་དེ་ལུང་བསྟན་པའང་ཐོབ་པར་འགྱུར་རོ། །དང་། །དེ་བཞིན་གཤེགས་པ་སྐུ་བཞུད་པ་མཐོང་བ་དེས་མཉེས་ཐབས་སུ་ཁ་ཏོན་དང་ལུང་ཕོག་པ་ཡིན་པས་བག་ཡོད་པར་ཆོས་བཤད་ཁ་ཏོན་བྱ། མཆོད་རྟེན་བྱི་དོར་བྱའོ། །དེས་སྒྲིབ་པ་དག་སྟེ་ས་གསུམ་པའོ། །བྱང་ཆུབ་སེམས་དཔའ་གཞན་ཞིག་གི་འགྲོ་བ་ན་དེ་བཞིན་གཤེགས་པ་མཐོང་སྟེ། གལ་ཏེ་བཀད་སར་འགྲོ་བ་ན་ཏ་ཐཱ་མཐོང་ན་ས་དང་པོའོ། །ལྷ་ཁང་དུ་འགྲོ་བ་ན་ས་གཉིས་པའོ། །ཆོས་ཉན་དུ་འགྲོ་བ་ན་གསུམ་པའོ། །ནང་དུ་འཇོག་ན་བཞི་པའོ། །དབེན་པ་ན་འདུག་ན་ལྔ་པའོ། །སྨྲ་ཞིང་འགྲོ་བ་མཐོང་བ་ན་དྲུག་པའོ། །འདུད་ཅིང་འགྲོ་ན་བདུན་པའོ། །ཆོ་འཕྲུལ་བྱེད་ཅིང་འགྲོ་ན་བརྒྱད་པར་རོ། །སྤྲུལ་པ་འཕྲུལ་ཞིང་འགྲོ་ན་དགུ་པའོ། །གཡས་གཡོན་དུ་བལྟ་ཞིང་འགྲོ་ལ་སྟོང་པ་ཉིད་སྨྲ་ཞིང་འགྲོ་ན་བཅུ་པར་རོ། །དང་། །དེ་བཞིན་གཤེགས་པ་ཆོས་སྟོན་པར་མཐོང་ལ་མི་ཤེས་པ་སྟོན་པས་འདས་པའི་ཆོས་སྨྲ་བ་ལ་སྨད་པ་ཡིན་པས། དེས་དགེ་བའི་བཤེས་གཉེན་དང་མི་བྲལ་བར་ཐོས་པ་བཙལ་ལོ། །དེས་སྒྲིབ་པ་དག་ནས་ས་བཅུ་པོ་གང་རུང་དུ་བལྟ་སྟེ་ཏ་ཐཱ་སྦྱིན་པའི་ཆོས་སྨྲ་བ་ཐོས་ན་ས་དང་པོའོ། །འགྲེ་སྟེ་ཤེས་རབ་དྲུག་པར་རོ། །སྙིང་རྗེའི་གཏམ་བདུན་པར་རོ། །སོ་སོ་ཡང་དག་པར་རིག་པའི་གཏམ་བརྒྱད་པའོ། །ཏིང་ངེ་འཛིན་གྱི་གཏམ་དགུ་པའོ། །སྟོབས་ཀྱི་གཏམ་ཐོས་ན་བཅུ་པར་བལྟའོ། །དང་། དེ་བཞིན་གཤེགས་པ་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་བ་མཐོང་བ་ས་བདུན་པར་ལུང་བསྟན་པ་སྟེ་ཏིང་ངེ་འཛིན་བསྒོམ་ཞིང་ཆོས་ལ་བཟོད་པར་བྱའོ། །གལ་ཏེ་ཏ་ཐཱ་ན་ཀཱ་ཡ་བཞུགས་པར་མཐོང་ན་ས་དང་པོར་བལྟའོ། །གཤེགས་ན་གཉིས་པར་རོ། །ས་ལ་བཞུགས་ཤིང་འོད་འགྱེད་ན་གསུམ་པར་རོ། །འདུག་ནས་ཆོས་སྟོན་པ་བཞི་པར་རོ། །ཆོ་འཕྲུལ་མཛད་ན་ལྔ་པར་རོ། །ས་ལ་བཞུགས་ཏེ་ཏིང་ངེ་འཛིན་མཛད་ན་དྲུག་པར་རོ། །ས་ལ་བཞུགས་ཤིང་འོད་འགྱེད་ན་བདུན་པར་རོ། །བཞེངས་ཏེ་ནམ་མཁའ་ལ་གཤེགས་ཏེ་མི་སྣང་ན་བརྒྱད་པར་རོ། །དང་། དེ་བཞིན་གཤེགས་པ་མྱ་ངན་འདས་པ་མཐོང་བ་དེས་ཆོས་སྤངས་པ་དང་། ཚུལ་འཆོས་བྱས་པ་དང་། རྫུན་གྱིས་རྙེད་པ་བཙལ་བ་ཡིན་པས་དཀོན་མཆོག་གསུམ་ལ་བཀུར་སྟི་དང་། ཆོས་ཐོས་པ་ལ་ཡོན་དབུལ་བ་དང་། སྒོ་གསུམ་བསྡམ་པར་བྱའོ། །དེས་སྒྲིབ་པ་དག་ནས་ས་ལྔ་པོ་གང་རུང་དུ་བལྟའོ། །དང་། དེ་བཞིན་གཤེགས་པ་བཞུགས་ལ་བཞེངས་པ་མཐོང་བ་དང་། དེས་གྲོགས་ངན་པའི་དབང་གིས་ཆོས་ནུས་པ་ལ་རྗེས་སུ་ཡི་རང་བའི་ལས་བྱས་པ་ཡིན་ཏེ་སེམས་བསྐྱེད་ནས་རིང་པོར་མ་ལོན་ན་ས་དང་པོ་བར་རོ། །དེས་ཞག་བདུན་དུ་ཆོས་སྟོན་པའམ་མཆོད་རྟེན་གྱི་དྲུང་དུ་བཏང་ལ་ཉིན་གསུམ་མཚན་གསུམ་བཤགས་པ་བྱ། བོན་རྣམས་ཆོས་ལ་གཟུད་དོ། །དེ་བཞིན་གཤེགས་པའི་སྐུ་གདུང་རྙེད་པ་ས་གསུམ་པར་བལྟ་སྟེ་ཚེ་བརྗེས་ན་ཡང་འབུ་ཐ་དང་ཕྲད་ནས་ལུང་བསྟན་པ་ཐོབ་པར་འགྱུར་རོ། །ས་གཞན་ལ་གནས་པས་སྐུ་གདུང་རྙེད་ན་དབུ་སྐྲ་རྙེད་པ་དང་པོའོ། །སེན་མོ་རྙེད་ན་གཉིས་པར་རོ། །རིང་བསྲེལ་གསུམ་པར་རོ། །ཚེམས་བཞི་པར་རོ། །མཆེ་བ་ལྔ་པར་རོ། །མཛོད་སྤུ་དྲུག་པར་རོ། །ཕྱག་བདུན་པར་རོ། །གཙུག་ཏོར་བརྒྱད་པར་རོ། །སྐུ་སོ་སོར་ཕྱེ་བ་དགུ་པར་རོ། །སྐུ་རིལ་པོ་བཅུ་པར་རོ། །དང་། དེ་བཞིན་གཤེགས་པའི་དབུ་སྐྲ་འཐོར་བ་རྙེད་པ་དགུ་པར་བལྟ་སྟེ་སྔོན་ཏ་ཐྭས་ཀྱང་ལུང་བསྟན་པ་སྟེ། ཚེ་བརྗེས་ནས་སྒྲིབ་པ་དག་པར་འགྱུར་རོ། །དེ་ཡང་ཁྱིམ་པ་ཞིག་གིས་དབུ་སྐྲ་རྙེད་ན་དང་པོ་པར་རོ། །ཁྱིམ་ནས་བྱུང་བ་ཞིག་གིས་རྙེད་ན་གཉིས་པར་རོ། །སྲང་དུ་སོང་བ་ཞིག་གིས་རྙེད་ན་གསུམ་པར་རོ། །གསུམ་མདོར་སོང་བ་ཞིག་གིས་རྙེད་ན་བཞི་པར་རོ། །གྲོང་ཁྱེར་གྱི་སྒོར་རྙེད་ན་ལྔ་པར་རོ། །ཕྱིར་བྱུང་བས་རྙེད་ན་དྲུག་པར་རོ། །སྐྱེད་མོས་ཚལ་དུ་འདུག་པས་རྙེད་ན་བདུན་པར་རོ། །སྐྱེ་བོའི་ནང་དུ་འདུག་པས་རྙེད་ན་བརྒྱད་པར་རོ། །ལམ་ཀ་ན་རྙེད་ན་དགུ་པར་རོ། །སྙོམས་པར་ཞུགས་པས་རྙེད་ན་བཅུ་པར་རོ། །དང་། །སྔོན་མ་མཐོང་བའི་མཆོད་རྟེན་མཐོང་བ་ལས་ཀྱི་སྒྲིབ་པ་དང་བར་ཆད་བྱུང་བ་སྟེ་དགེ་བཤེས་ལ་བརྟེན་པར་བྱས་ན་རྟོགས་པ་དང་གཟུངས་ཐོབ་པར་འགྱུར། དེས་ས་བཅུ་པོ་ཐམས་ཅད་བལྟའོ། །མཆོད་པ་མ་བྱས་པ་མཐོང་ནས་དང་པོ་པར་རོ། །མདོ་ལ་བྱས་པ་གཉིས་པར་རོ། །རྡོ་བལ་བྱི་དོར་བྱེད་པ་གསུམ་པར་རོ། །སྟེགས་བུ་དང་གདུགས་ཀྱིས་བརྒྱན་པ་བཞི་པར་རོ། །རྡོའི་ཀ་བརྒྱན་ལྔ་པར་རོ། །གསེར་གྱིས་སྦྲེལ་བ་དྲུག་པར་རོ། །རིན་ཆེན་དྲྭ་བས་གཡོགས་པ་བདུན་པར་རོ། །དྲིལ་བུ་གཡེར་ཀས་བརྒྱན་པ་བརྒྱད་པར་རོ། །ས་བདུན་པོ་དག་ལ་མཐོང་བ་དེ་ནི་བདུད་ཀྱི་ལས་བྱུང་བར་རིག་པར་བྱའོ། །དགུ་པ་དང་བཅུ་པ་ལ་ནི་ལམ་ལོག་པར་མཐོང་བ་མེད་དོ། །དང་། མཆོད་རྟེན་རིན་པོ་ཆེས་བརྒྱན་པ་དག་མཐོང་བ་མྱུར་དུ་སངས་རྒྱས་ཏེ་ས་བརྒྱད་པར་བལྟའོ། །དང་། །མཆོད་རྟེན་ཆོ་འཕྲུལ་མཛད་པ་དག་མཐོང་བ་ཚེ་འདི་ཉིད་ལ་སྒྲིབ་པ་དག་པར་འགྱུར་ཏེ་ས་བརྒྱད་པར་བལྟ་སྟེ། བོ་དེ་རྣམས་ཀྱིས་ཀྱང་བསབ་པའོ། །དང་། །དེ་བཞིན་གཤེགས་པའི་འོད་མཐོང་བ་ས་གསུམ་པར་བལྟ་སྟེ། ལས་གཞན་ཅི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ་ལ་བསམ་པར་བྱའོ། །བརྩོན་འགྲུས་བྱས་ན་གཟུངས་དང་ས་གསུམ་པ་ཐོབ་པར་འགྱུར་རོ། །དང་། །དེ་བཞིན་གཤེགས་པའི་སྒྲ་ཐོས་ལ་མ་མཐོང་བ་ས་བཞི་པར་བལྟ་སྟེ། སྔོན་རྒྱལ་པོར་གྱུར་པ་ན་སེམས་ཅན་རྣམས་སངས་རྒྱས་ལྟ་བ་དང་བྲལ་ཤིང་རབ་ཏུ་བྱུང་ནས་ཆོས་ལ་དཔྱད་པ་ཡིན་པས་ཕུང་པོ་གསུམ་པ་ཟླ་བར་ཉིན་མཚན་དུ་གདོན་ནོ། །དང་། །དེ་བཞིན་གཤེགས་པའི་སྐུ་ཡིན་པ་རྨི་བ་ས་དང་པོ་ནས་བཅུ་པར་བལྟ་སྟེ། གཟུངས་དང་། ཏིང་ངེ་འཛིན་དང་། མངོན་ཤེས་བསྒྲུབ་པར་ནུས་ཏེ་དེ་བཞིན་གཤེགས་པས་དགོངས་པར་མཛད་དོ། །དང་། །དེ་བཞིན་གཤེགས་པའི་སྐུ་བཞེངས་པ་ལ་བསོད་སྙོམས་འབུལ་བར་མཐོང་བ་ས་དང་པོར་བལྟའོ། །དེ་བཞུགས་པ་ལ་འབུལ་བ་མཐོང་ན་གཉིས་པའོ། །བཀོད་པ་ལ་འབུལ་བ་གསུམ་པའོ། །གང་གཉེན་གྱིས་བསྐོར་བ་ལ་འབུལ་ན་ལྔ་པར་རོ། །སྐྱེ་བོ་གཉི་གས་བསྐོར་བ་ལ་འབུལ་བ་དྲུག་པར་རོ། །བཀོད་པ་ཐམས་ཅད་ལ་སྙོམས་པར་ཞུགས་པ་ལ་འབུལ་བ་བདུན་པར་རོ། །སྟོན་པ་མཛད་པ་འབུལ་བ་བརྒྱད་པར་རོ། །ཆོ་འཕྲུལ་མཛད་པ་ལ་དགུ་པར་རོ། །ཐམས་ཅད་དུ་ཡང་བདུད་ཀྱི་ལས་རྟོགས་པར་བྱའོ། །དང་། །རྨི་ལམ་ན་མཆོད་རྟེན་ལ་མཆོད་པ་འབུལ་བ་ས་ལྔ་པ་ལས་གང་རུང་དུ་བལྟ་སྟེ་སྦྱིན་པ་བྱེད་པའང་དྲན་ལ་དེ་རློམ་སེམས་སུ་མི་བྱེད་ན་ས་དང་པོ་པར་བལྟའོ། །དེ་བཞིན་དུ་ཕ་རོལ་ཕྱིན་པ་ལྔ་དང་ས་ལྔར་སྦྱར་རོ། །དེས་ཐམས་ཅད་ལ་ཞེ་འགྲས་པའི་སེམས་མེད་པར་བྱའོ། །དང་། །དེ་བཞིན་གཤེགས་པ་ན་བཟའ་དྲི་མ་ཅན་གསོལ་བ་ས་བཞི་པོ་གང་རུང་དུ་བལྟ་སྟེ་སྒྲིབ་པ་ཆེས་གལ་ཏེ་དེ་ལ་གནོད་པ་བྱེད་པའི་རྐྱེན་མི་འདོད་པ་དག་བྱུང་ན་ས་དང་པོ་པར་རོ། །འདྲེས་མར་བྱུང་ན་གཉིས་པའོ། །མོས་ཀྱིས་བྱུང་ན་གསུམ་པར་རོ། །སེམས་ཀྱིས་བཞི་པར་རོ། །གལ་ཏེ་བདག་ལ་བདག་གནོད་པ་བྱེད་པ་མིན་ན་ས་ལྔ་པར་རོ། །དེས་ང་རྒྱལ་དང་། མདོག་མེད་པར་སེམས་ཅན་རྣམས་མཆོད་པ་མཛད་དུ་བཞུགས་པར་བྱའོ། །ཕུང་པོ་གསུམ་པ་གདོན། དང་། རྨི་ལམ་ན་སྔོན་མ་ཐོས་པའི་ཆོས་ཐོས་པ་དེས་འབུ་ཐ་དང་པོ་དེ་དང་ཆོས་སྨྲ་བའི་གང་ཟག་མང་པོ་ལ་བཀུར་སྟི་བྱས་པ་སྟེ། དེ་ནི་ས་བདུན་པོ་ལས་གང་རུང་དུ་བལྟ་སྟེ་ཇི་སྐད་ཐོས་པ་དེ་ལྟར་བྱ་སྟེ། ཆོས་གཏམ་སྣ་ཚོགས་ཐོས་ན་དང་པོའོ། །ཡོ་བྱད་སྙུམས་པའི་གཏམ་ཐོས་ན་གཉིས་པའོ། །ཐེ་ཚོམ་གཅོད་པ་ཐོས་ན་གསུམ་པར་རོ། །གཟུངས་ཀྱི་གཏམ་བཞི་པའོ། །མཚན་ཉིད་ཀྱི་བྱམས་གཏམ་ལྔ་པར་རོ། །དོན་དམ་པའི་གཏམ་དྲུག་པར་རོ། །དང་། །བསྟན་པའི་ཆོས་ལ་ཟད་མི་ཤེས་པ་སྔོན་ཆོས་ལ་སྒྲིབ་པའི་ལས་བྱས་པ་ཡིན་པས་ཆོས་སྨྲ་བ་ལ་ཡོན་དབུལ་ལོ། །དེས་སྒྲིབ་པ་བྱང་སྟེ་ས་གཉིས་པར་བལྟའོ། །དང་། །ཆོས་ཐོས་ནས་སྨྲ་བ་མང་པོ་མཐོང་བ་ས་དང་པོར་བལྟའོ། །སད་ནས་ཀྱང་མ་བརྗེས་ན་གཉིས་པའོ། །དེས་གང་ལ་ཡང་མི་ཉམས་པར་བྱའོ། །དང་། །སྔོན་མ་མཐོང་བའི་དགེ་སློང་ཆོས་སྨྲ་བ་མཐོང་བ་བྱང་ཆུབ་སེམས་དཔའ་ཀུན་གྱི་བསམ་པ་ཡིན་ཏེ་སྒྲིབ་པ་དང་བར་ཆད་ཆུང་སྟེ་བརྩོན་འགྲུས་བྱས་ན་སྣང་བ་ཐོབ་སྟེ་ས་དྲུག་པོ་གང་རུང་དུ་བལྟའོ། །གལ་ཏེ་ཚིགས་སུ་བཅད་པ་སྨྲ་ན་ས་དང་པོ་པར་རོ། །མདོ་སྡེའི་གཏམ་སྨྲ་ན་གཉིས་པར་རོ། །ཚིགས་སུ་བཅད་པའི་སྨྲ་བ་གསུམ་པར་རོ། །སྣ་ཚོགས་སྨྲ་ན་བཞི་པར་རོ། །ཟབ་མོ་སྨྲ་ན་ལྔ་བར་རོ། །སོ་སོ་ཡང་དག་པར་སྨྲ་ན་དྲུག་པར་རོ། །དང་། །བདག་ཁྲི་ལ་འདུག་སྟེ་ཆོས་སྨྲ་བ་མཐོང་བ་སྔོན་ཆོས་ཀྱི་ཁྲི་བཤམས་པ་སྟེ་ས་བརྒྱད་པོ་ལས་གང་རུང་དུ་བལྟའོ། །བདག་མ་མགུ་བར་བྱས་ཏེ་སྨྲ་ན་དང་པོ་པར་རོ། །མགུ་བར་སྨྲ་ན་གཉིས་པ་པར་རོ། །འབྲེལ་བར་སྟོན་ན་གསུམ་པར་རོ། །ཀུན་འབྲེལ་བར་སྨྲ་ན་བཞི་པར་རོ། །ཤེས་པ་ཆེན་པོའི་ཡུལ་སྟོན་པ་ལྔ་པར་རོ། །ཉན་ཐོས་ཀྱི་ཡུལ་སྟོན་པ་དྲུག་པར་རོ། །བོ་དེའི་ཡུལ་སྟོན་ན་བདུན་པར་རོ། །འབུ་ཏའི་ཡུལ་བརྒྱད་པར་རོ། །དང་། །བདག་གནས་སུ་སོན་པར་རྨི་བ་ས་དགུ་པོ་གང་རུང་དུ་བལྟ་སྟེ་མི་བརྫི་བར་གནས་ན་དང་པོའོ། །ནོར་རྙེད་ཅིང་གནས་ན་གཉིས་པའོ། །ཆོས་རྙེད་ཅིང་གནས་ན་གསུམ་པའོ། །དགེ་བའི་བཤེས་གཉེན་ལ་བལྟ་ཞིང་གནས་ན་བཞི་པར་རོ། །ཚུལ་བཞིན་སེམས་པར་གནས་ན་ལྔ་པར་རོ། །ལུས་བདེ་བ་ཉིད་ལ་གནས་ན་དྲུག་པར་རོ། །སེམས་བདེ་བ་ཉིད་ལ་གནས་ན་བདུན་པར་རོ། །མངོན་ཤེས་ལ་གནས་ན་བརྒྱད་པར་རོ། །ལུང་བསྟན་པ་ལ་གནས་ན་དགུ་པར་བལྟའོ། །དང་། །བྱང་ཆུབ་སྙིང་པོ་མཐོང་བ་ཕྱིར་མི་ལྡོག་པ་ཉེ་བ་སྟེ་ས་བཅུ་པོ་ལས་གང་རུང་དུ་བལྟ་སྟེ་གང་གིས་བོ་དེའི་སྙིང་པོ་མཐོང་བ་བོ་དེའི་ཤིང་མ་མཐོང་ན་དང་པོ་པར་རོ། །ཤིང་ཡང་མཐོང་ན་གཉིས་པར་རོ། །ཤིང་ལྗོན་པ་མང་པོས་བསྐོར་བ་མཐོང་ན་གསུམ་པར་རོ། །ལོ་མ་མཐོང་ན་བཞི་པར་རོ། །ལོ་མ་ཕུན་སུམ་ཚོགས་པ་མཐོང་ན་ལྔ་པར་རོ། །འབྲས་བུ་དྲུག་པར་རོ། །གདན་མཉམ་པ་མཐོང་ན་བདུན་པར་རོ། །བོ་དེ་སྙིང་པོ་མིས་བསྐོར་བ་མཐོང་ན་བརྒྱད་པར་རོ། །ཀླུས་བསྐོར་བ་དགུ་པར་རོ། །ལྷས་བསྐོར་བ་སྟེ་མེ་ཏོག་འཐོར་བ་བཅུ་པའོ། །དང་། །དེ་བཞིན་གཤེགས་པ་འཆག་པ་མཐོང་བ་དང་། མཉེས་པ་བྱས་ཏེ་ཆོས་བྱིན་པ་ཡིན་པས་དེས་བརྩོན་འགྲུས་ཀྱི་ཡོངས་སུ་ཐོབ་པ་དང་ཉེས་པར་མི་འཛིན་པ་ལ་སྤྲོ་བར་བྱའོ། །དེས་ས་བདུན་པོ་གང་རུང་དུ་བལྟ་ཚེ་སྐུ་མི་མཛེས་པར་འཆག་ན་དང་པོའོ། །མཛེས་པར་འཆག་ན་གཉིས་པར། གདན་བཤམས་པར་ན་གསུམ་པ། འཆག་ནས་བཞུགས་པ་བཞི་པར། ལྗོན་པས་བསྐོར་བ་ལྔ་པར། མེ་ཏོག་གིས་བཀྲམ་པ་དྲུག་པར། བླ་རེས་བརྒྱན་པ་བདུན་པར་རོ། །དེ་བཞིན་གཤེགས་པ་ཆོས་ཀྱི་འཁོར་ལོ་བསྐོར་བ་མཐོང་བ་དང་། བདུན་པོ་གང་རུང་དུ་བལྟ་སྟེ་གདན་མ་བཤམས་པ་མཐོང་ན་གསུམ་པར་རོ། །གདན་ལ་མེ་ཏོག་བཀྲམ་པ་བཞི་པར། སྟེང་དུ་བླ་རེས་བྲེས་པ་ལྔ་པར། བར་སྣང་ལ་དབྱངས་གྲགས་པ་དྲུག་པར། བར་སྣང་ལ་དྲྭ་བས་གཡོགས་པ་དང་གདུགས་དཀར་པོ་མཐོང་ན་བདུན་པར་རོ། །དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་མཆོད་རྟེན་མཐོང་བ་ས་བརྒྱད་པོ་ལས་གང་རུང་དུ་བལྟ་སྟེ་རྟེན་རྡུལ་ཆགས་པ་མཐོང་ན་ས་དང་པོའོ། །རྟེན་རྡུལ་མེད་པ་མཐོང་ན་གཉིས་པར་རོ། །སོའི་རིགས་འདྲེས་པ་མཐོང་ན་གསུམ་པའོ། །སོ་སྔོན་པོ་སྐྱེས་པ་མཐོང་ན་བཞི་པར་རོ། །ཤིན་ལྗོན་པས་བསྐོར་བ་མཐོང་ན་ལྔ་པར་རོ། །མེ་ཏོག་སྐྱེས་པ་དྲུག་པར། བྱ་མང་པོ་སྐད་འབྱིན་པ་མཐོང་ན་བདུན་པར་རོ། །རྒྱན་གྱིས་བརྒྱན་པ་བརྒྱད་པར་རོ། །དང་། དེ་བཞིན་གཤེགས་པའི་ཆོས་གོས་རྙེད་པ་ས་བརྒྱད་པོ་ལས་གང་རུང་དུ་བལྟ་སྟེ་འབུར་རྗེས་སུ་དྲན་པ་ལ་བརྩོན་པས་ཡེ་ཤེས་བཙལ་བར་བྱའོ། །ཆོས་གོས་དྲི་མ་ཅན་རྙེད་ན་ས་དང་པོར་བལྟའོ། །དྲི་མ་མེད་པ་གཉིས་པར། ཚོན་གྱིས་བསྒྱུར་བ་གསུམ་པར། ཆོས་གོས་བཅགས་ཏེ་བྱི་དོར་བྱས་པ་བཞི་པར། འོད་དང་ལྡན་པ་ལྔ་པར། ཆོས་ཆོ་འཕྲུལ་བྱེད་པ་དྲུག་པར། གཅིག་རྙེད་པ་བདུན་པར། གསུམ་ཆར་རྙེད་པ་བརྒྱད་པར་རོ། །དང་། དེ་བཞིན་གཤེགས་པའི་ལྷུང་བཟེད་རྙེད་པ་ས་བརྒྱད་པ་ལ་ཆོས་གནང་བའི་སྣོད་དུ་འགྱུར་རོ། །དེས་བཟོད་པ་བསྒོམས་ཏེ་ལྷུང་བཟེད་སྐྱོན་ཅན་རྙེད་ན་དང་པོ་པར་རོ། །སྐྱོན་མེད་པ་གཉིས་པར་རོ། །རོ་ཞིམ་པོས་གང་བ་གསུམ་པར་རོ། །མེ་ཏོག་དང་བཅས་བཞི་པར། འབྲས་བུ་དང་བཅས་པ་ལྔ་པར། ཟས་དང་བཅས་པ་དྲུག་པར། དྲིས་གང་བ་བདུན་པར། མེ་ཏོག་ཕྲེང་བས་དཀྲིས་པ་བརྒྱད་པར། ཆོས་གོས་དང་བཅས་པ་དགུ་པར། ནམ་མཁའ་རྙེད་ན་བཅུ་པའོ། །དེ་ལ་རློམ་སེམས་མ་གཏོགས་པར་བདུད་ཀྱི་ལས་རྟོགས་པར་བྱའོ། །དང་། དེ་བཞིན་གཤེགས་པ་ཉག་གཅིག་མཐོང་བ་དབེན་པར་སྟོང་པ་ཉིད་ལ་བརྩོན་པར་བྱའོ། །དེ་ནི་ས་བརྒྱད་པར་བལྟའོ། །དང་། དེ་བཞིན་གཤེགས་པ་སྐྱེ་བོ་མང་པོས་བསྐོར་བ་མཐོང་བ་སྐྱེ་བོ་མང་པོ་འདུས་ཏེ་བཟོད་པར་བྱའོ། །ས་བཅུ་ལས་གང་རུང་དུ་བལྟ་སྟེ་བརྩོན་འགྲུས་ལ་རགས་ལས་སོ། །ཏ་ཐཱ་དམངས་རིགས་ཀྱིས་བསྐོར་ན་དང་པོར་རོ། །རྒྱལ་རིགས་གཉིས་པར། བྲམ་ཟེ་གསུམ་པར། རྒྱལ་པོས་བཞི་པར། ཀླུས་ལྔ་པར། རྒྱལ་པོ་ཆེན་པོས་དྲུག་པར། བརྒྱ་བྱིན་གྱིས་བདུན་པར། ཚངས་པས་བརྒྱད་པར། གཙང་རིགས་ལྷས་དགུ་པར། བོ་དེས་བཅུ་པར་རོ། །བདུད་ཀྱི་ལས་ནི་མ་གཏོགས་སོ། །དང་། དེ་བཞིན་གཤེགས་པའི་གདུགས་མཐོང་བ་ས་དགུ་པོ་ལས་གང་རུང་དུ་བལྟ་སྟེ་རྙེད་དང་བཀུར་སྟི་ལ་དགའ་བར་མི་བྱེད་ན་མྱུར་དུ་ངེས་པར་འབྱུང་ངོ་། །ལོ་མའི་གདུགས་མཐོང་ན་དང་པོའོ། །འོད་མའི་གདུགས། གྲོ་ཁའི་ཤིང་གི་ཤིང་འདབ་ཀྱི་ལྕགས་ཀྱི་གསེར་གྱི་རཏྣའི་ དྲིལབུ ་དང་གཡེར་ཁས་བརྒྱན་པ་སྟེ་ས་དགུ་དང་སྦྱར་རོ། །དང་། དེ་བཞིན་གཤེགས་པའི་ཆགས་མཐོང་བ་ས་བཅུ་ལས་གང་རུང་དུ་བལྟ་སྟེ་བརྩོན་ན་ངེས་པར་འབྱུང་ངོ་། །ཁྱིམ་ན་འདུག་པ་ན་ཆགས་མཐོང་བ་དང་། སྐྱེད་མོས་ཚལ་དང་། གནས་ན་འདུག་པ་ན་ཏིང་ངེ་འཛིན་བྱེད་ཅིང་མཐོང་བ་དང་། ཆུ་ཀླུང་ན་དང་། རི་ལ་འདུག་ན་དང་། ནམ་མཁའ་ལ་མཐོང་བ་དང་ཆགས་ཆོ་འཕྲུལ་མཛད་པར་མཐོང་བ་དང་ས་བཅུ་རིམ་པར་སྦྱར་རོ། ། དང་། དེ་བཞིན་གཤེགས་པའི་གདན་མཐོང་བ་དང་། ས་དྲུག་པ་བལྟ་སྟེ་བདག་ལེགས་པར་བྱས་པ་དང་། མ་བྱས་པ་དང་། བྱི་དོར་བྱས་པ་དང་། ཁྲ་བོ་དང་། བཤམས་པ་དང་། ས་དྲུག་པ་རིམ་པར་སྦྱར་རོ། །དེ་བཞིན་གཤེགས་པ་ལ་ཞལ་ཟས་འབུལ་བ་མཐོང་བ་ས་བདུན་པར་བལྟ་སྟེ་གྲོང་དུ་གཤེགས་པ་ལ་འབུལ་བ་དང་པོ། གྲོང་ན་བཞུགས་པ་ལ་འབུལ་བ་དང་། སྒོར་གཤེགས་པ་ལ་འབུལ་བ་དང་། སྲང་དང་། གྲོང་ཁྱེར་གྱི་སྒོ་དང་། དགོན་པ་ན་དང་། ལྷ་ཁང་དུ་གཤེགས་པ་ལ་འབུལ་བར་མཐོང་ན་ས་བདུན་པ་སྟེ་ས་བདུན་དང་གོ་རིམ་བཞིན་དུ་སྦྱར་རོ། །དང་། དེ་བཞིན་གཤེགས་པ་ལ་ན་བཟའ་འབུལ་བ་མཐོང་བ་ས་བརྒྱད་པར་བལྟ་སྟེ་གུས་པ་འབུལ་བ་དང་། ན་བཟའ་དཀར་པོ་འབུལ་བ་དང་། དམར་པོ་དང་། ཁྲ་བོ་དང་། གསེར་མདོག་དང་། རཏྣས་སྤྲས་པ་དང་། ཚོན་གྱིས་བྲིས་པ་དང་། འོད་ཅན་འབུལ་བ་དང་། ས་བརྒྱད་རིམ་པར་སྦྱར་རོ། །དང་། དེ་བཞིན་གཤེགས་པ་ལ་མར་མེ་འབུལ་བ་མཐོང་བ་ས་དྲུག་པོ་གང་རུང་དུ་བལྟ་སྟེ་སྒྲིབ་པ་ནི་ཆེའོ། །མེ་ཏོག་རྙིང་པ་འབུལ་བ་དང་། ཁ་དོག་སྣ་ཚོགས་དག་འཐོར་བ་དང་། ཕྱག་ཏུ་འབུལ་བ་དང་། ལྷའི་མེ་ཏོག་འབུལ་བ་དང་། ས་དྲུག་རིམ་པར་སྦྱར་རོ། །ལས་དང་པོའི་ས་ནི་མ་གཏོགས་སོ། །དང་། བདག་རི་ལ་འདུག་པ་མཐོང་བ་འགྱོད་པ་དང་ཆོས་སྤངས་པ་ཡིན་པས་ནད་མང་བ་དང་ཤེས་རབ་ཆུང་ངོ་། །དེས་སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པར་བརྩོན་འགྲུས་བྱས་ན་ས་ལྔ་པོ་གང་རུང་དུ་འབྱུང་སྟེ། ཕུང་པོ་གསུམ་པ་མང་དུ་འདོན་ནོ། །དང་། བདག་གཅེར་བུ་ཀུན་ཏུ་འདུག་པ་དང་། སྒྲིབ་པ་ཆུང་སྟེ་སྟོང་པ་ཉིད་བསྒོམ་མོ། །དེས་ས་བཞི་པར་བལྟ་སྟེ་གཅེར་བུ་གྲོང་ན་འདུག་ན་དང་པོ་པར་རོ། །གྲོང་དབུས་ན་གཉིས་པར། དགོན་པ་ན་གསུམ་པར། རི་ལ་བཞི་པར་བལྟའོ། །དང་། བདག་ཕྱོགས་ན་འདུག་པ་ཀུན་ཏུ་རྨི་བ་དགེ་བའི་བཤེས་ཀྱིས་སྤངས་པ་སྟེ་དང་པོར་བལྟའོ། །དེ་ནི་བློ་ཆུང་ལེ་ལོ་དང་། མྱ་ངན་དང་། ནད་དང་གནོད་པ་མང་ངོ་། །སྐྱེ་བོ་སྡང་། གཡེང་བར་འགྱུར། ལོངས་སྤྱོད་དཀའ་བས་རྙེད། ཉོན་པ་མང་། དེ་རྙེད་པའི་ཕྱིར་ཆོས་སྨྲ་བ་སྨད་ཅིང་སྤངས། དེ་ལ་བསྙེན་བཀུར་མ་བྱས་པ་སྟེ། སློབ་དཔོན་བསྟེན། ཞེ་འགྲས་པ་མེད་པའི་སེམས་ཀྱིས་རྫས་ཐམས་ཅད་བཏང་ན་ས་དྲུག་པོ་གང་རུང་དུ་འབྱུང་ངོ་། །དང་། བདག་སྔོན་མཐོང་བའི་ཡུལ་དུ་ཕྱིན་པ་སྒྲིབ་པ་ཡོད་དེ་དོན་ཉིད་ལ་བརྩོན་ནས་གསུམ་པོ་གང་རུང་དུ་འབྱུང་སྟེ་དགེ་རྩ་མང་པོ་བྱས་ན་ལྔ་པར་རོ། །སྟོང་པ་ཉིད་བསྒོམ་ན་གཉིས་པར་རོ། །ཆོས་བཟོད་ན་གསུམ་པར་རོ། །ཆུ་བོ་འཁྲུགས་པའི་ནང་ན་འདུག་པ་དང་། དབུ་བ་ཅན་དང་། དབའ་རླབས་ཅན་དང་། ཀློང་འཁྱིལ་བ་དང་། ཆུ་དྭངས་པ་དང་ས་ལྔ་རིམ་པར་སྦྱར་རོ། །དང་། ཆུའི་ནང་དུ་འདུག་པ་ས་དང་པོ་པ་སྟེ་དགེ་སྡིག་གཉིས་ཀ་ཤས་ཆེ་བ་སྟེ་གཏོང་བ་དང་། སྡིག་པ་སྤོང་བ་དང་། ཆོས་ལ་མོས་པའི་གང་ཟག་བསྟེན་པར་བྱ། དང་། ཆར་འབབ་པ་མཐོང་བ་བདུད་ཀྱི་ལས་མང་སྟེ་ས་བདུན་པར་བལྟའོ། །དེས་དབང་ཕྱུག་དང་ལྡན་པས་ཆོས་སྨྲ་བ་ལ་མཐོ་བརྩམས་པ་ཡིན། རང་གི་རྙེད་པས་ཆོས་སྨྲ་བ་ལ་བསྔགས་པ་བརྗོད། བརྩོན་པའི་མི་ལ་གདམས་ངག་ལོག་པར་སྨྲས་པ་སྟེ། དེས་བཟོད་པ་དང་ཐོས་པ་ལྷུར་བླངས། རྙེད་དང་བཀུར་སྟི་ལ་མི་ཆགས་པས་ཕན་བྱའོ། །དེ་ལ་རྡུལ་གྱི་ས་གཡོས་པའི་སྤྲིན་ལས་ཆར་འབབ་པ་དང་། རླུང་གིས་དཀྲུགས་པའི་ཆར་དང་སྤྲིན་འཁྲུགས་པ་དང་། འབྲུག་གྲགས་པའི་ཆར་དང་། ཆུ་རྒྱུན་གྱི་ཆར་དང་། ས་བདུན་པོ་རིམ་པར་སྦྱར་རོ། །དང་། ས་གཡོས་པ་རྨི་བ་ས་བཅུ་པོ་གང་རུང་དུ་བལྟ་སྟེ་སེམས་ཅན་སྐྲག་པར་བྱས་པ་ཡིན་པས་སྒོ་གསུམ་བསྡམས་ལ་སེམས་ཅན་ལ་བསྐྱབ་བོ། །ས་ལན་མང་པོ་གཡོས་པ་དང་། གཡོས་པས་གྲོང་ཞིག་གམ་མི་ཀུན་འཁྱུགས་པ་དང་། ཡུན་རིང་དུ་གཡོས་པ་དང་། བདེན་པའི་རླབས་ཀྱིས་གཡོས་པ་དང་། བདུད་ཀྱིས་གཡོས་པ་དང་། གཡོ་བས་མཐོ་མཚམས་པར་བྱེད་པ་དང་། གཟུགས་ལ་བརྩན་པས་གཡོ་བ་དང་། གཡོས་པས་དབང་ཆེ་བའི་ལྷ་ཀུན་འདུ་བར་མཐོང་བ་དང་། གཡོས་ནས་ཀླུ་དང་། ཚངས་པ་གཟི་བྱིན་བསྐྱེད་པ་དང་། གཡོ་བའི་ཏ་ཐཱའི་སྒྲ་ཐོས་པ་དང་། ས་བཅུ་རིམ་པར་སྦྱར་རོ། །དང་། གཡུལ་འགྱེད་པའི་ནང་དུ་ཕྱིན་པ་རྨི་བ་ས་བཞི་པོར་བལྟའོ། །དེས་སློབ་དཔོན་ངན་པ་བསྟེན་ཏེ་རྙེད་དང་བཀུར་སྟི་ལྷུར་བླངས་པ་ཡིན་ནོ། །དེས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་དོ། །བདག་གར་གནས་པར་འཐབ་པ་དང་། མཚོན་འདེབས་པ་སོང་བ་དང་། དབྱུགས་པས་འཐབ་པ་དང་། རྒྱ་ངན་བྱེད་པ་དང་། ས་བཞི་རིམ་པར་སྦྱར་རོ། །མི་བརྩོན་ན་བདུད་ཀྱི་ལས་སོ། །དང་། བདག་ན་བར་རྨི་བ་གཉིས་པར་ཏེ། དེ་ལ་བརྟེན་འདས་པ་ཅི་བྱ་བ་ལ་བར་ཆད་མང་ངོ་། །དེས་སྦྱིན་པ་སླར་ཕྲོག་པ་དང་། ཆོས་བསྡུས་ནས་སླར་བཤིག །ཞེ་འགྲས་པའི་སེམས་ཀྱིས་ཡོན་ཕུལ་བ་སྟེ་དེ་གསུམ་སླར་བཟློག་སྟེ་འགྱང་ངོ་། །དང་། བདག་གཡང་སར་ལྷུང་བ་ལ་བརྟོན་པ་མེད་པར་ཀུན་ཏུ་ཤེས་པ་སྔོན་གྱི་མཐར་བསམ་པ་ཉམས་ཤིང་གཡོ་བ་དང་། མ་མོས་པ་དང་། བདུད་ཀྱི་ལས་མང་ངོ་། །ཉམས་ཆུང་བ་དང་། སེམས་ཞན་པ་ཡིན་ཏེ་འདུན་པ་སྐྱེས་ནས་ཀྱང་སླར་ནུབ། སྦྱིན་པ་ཡང་འགྱོད་པ་དང་བཅས། ཆོས་ཀྱང་སླར་བརྗེད། སློབ་དཔོན་ངན་པ་བསྟེན་པ་དང་། བཟང་པོ་ལ་མ་མོས་པ་བྱས། ས་སྟེང་གཡང་དུ་ལྷུང་ནས་མཚོན་ཆའི་ནང་དུ་སོང་ན་ས་དང་པོའོ། །བྲག་ལས་ལྷུངས་ན་གཉིས་པའོ། །སྦྱིན་པ་དང་མཆོད་པ་ལ་བརྩོན་པར་བྱའོ། །དང་། བདག་གསོད་པ་ལས་ཐར་བར་རྨི་བ་བདུད་ཀྱི་ལས་མང་གི་ལས་ཀྱི་སྒྲིབ་པ་མེད་དོ། །ཏིང་ངེ་འཛིན་དང་བྱམས་པ་མང་དུ་བྱས་ཏེ་ས་དྲུག་པོ་གང་རུང་དུའོ། །དགོན་པར་གསོད་པ་ལས་ཐར་བ་དང་། གྲོང་གི་དྲུང་དུ་གསོད་པ་ལས་ཐར་བ་དང་། གཉེན་གྱི་ནང་དུ་གསོད་པ་ལས་ཐར་བ་དང་ས་གསུམ་རིམ་པར་སྦྱར་རོ། །དང་། བདག་དགྲའི་ནང་དུ་ཕྱིན་པ་ས་ལྔ་པོར་བལྟ་སྟེ། དགྲ་མཚོན་ཐོགས་པའི་ནང་དུ་ཕྱིན་པ་དང་། མཚོན་སྣ་ཚོགས་ཐོགས་པའི་ནང་དང་། དབྱུག་པ་ཐོགས་པའི་ནང་དང་། རྡོ་ཐོགས་པའི་ནང་དང་། དགྲ་ལག་པ་སྟོང་པའི་ནང་དུ་ཕྱིན་པ་དང་། ས་ལྔ་རིམ་པར་སྦྱར་རོ། །དང་། བདག་ནམ་མཁའ་ལ་འགྲོ་བ་འགུས་བྱ་བ་དང་སེམས་ཅན་རྣམས་དང་ལྷན་ཅིག་བར་མི་བྱ། དེ་ས་བདུན་གང་རུང་ངོ་། །ནམ་མཁའ་ལ་སྦྱིན་པ་བྱེད་ཅིང་འགྲོ་བ་དང་། དྲང་སྲོང་མཐོང་ཞིང་འགྲོ་བ་དང་། ཀླུ་མཐོང་། ལྷ་མཐོང་། ཚངས་པ་མཐོང་བ་དེའང་ཏ་ཐཱ་མཐོང་བ་དང་ས་བདུན་རིམ་པར་རོ། །དང་། བདག་གི་ལག་ན་སྒྲོན་མེ་ཐོགས་པ་ཟང་ཟིང་མེད་པར་ཡེ་ཤེས་སྤྱོད་པ་ལ་བརྩོན་པར་བྱའོ། ། དང་། བྱང་ཆུབ་ལས་ཕྱིར་འབྱུང་བ་མཐོང་བ་ས་དྲུག་གང་རུང་སྟེ་ཚེ་བརྗེས་ན་ཕྱིར་མི་ལྡོག་པའི་ས་ཐོབ་ཅིང་ལུང་བསྟན་བརྟན་པོ་ཐོབ་བོ། །རྐང་པས་ཕྱིར་འབྱུང་བ་མཐོང་བ་དང་། ཤིང་རྟས་ཕྱིར་འབྱུང་བ་ཐོབ་པ་དང་། རྟ་ཡིས། གླང་པོ་ཡིས། ཤིང་རྟས། མིའི་ཤིང་རྟས། ནམ་མཁའ་ལས་ཕྱིར་མི་འབྱུང་བ་དང་། ས་དྲུག་རིམ་པར་སྦྱར་རོ། ། དང་། གླེགས་བམ་རྙེད་པ་ས་གསུམ་གང་རུང་ངོ་། །དེས་སྡིག་པ་བཤགས་པར་བྱའོ། །ཉན་ཐོས་ཀྱི་གླེགས་བམ་རྙེད་པ་དང་། ཕ་རོལ་དུ་ཕྱིན་པའི་དང་། ཟབ་མོའི་དང་། ས་བཅུ་པར་སྦྱར་རོ། །དང་། གཟུངས་ཀྱི་སྒྲ་ཐོས་པ་དང་། ཚིགས་སུ་བཅད་པས་མངོན་པར་བསྒྲུབ་པའི་སྒྲ་ཐོས་པ་དང་། ཡི་གེ་བསྒྲུབ་པའི་སྒྲ་དང་། ལེགས་པར་བྲིས་པ་བསྒྲུབ་པའི་སྒྲ་དང་། ཀླུས་གྲུབ་པའི་སྒྲ་དང་། ལྷས་ཡོངས་སུ་བཟུང་བ་གཟུངས་ཀྱི་སྒྲ་དང་། དོན་དམ་པའི་གཟུངས་ཀྱི་སྒྲ་དང་། ས་དྲུག་རིམ་པར་རོ། །ཏིང་ངེ་འཛིན་གྱི་སྒྲ་ཐོས་པ་ས་བརྒྱད་པ་གང་རུང་དུ་བལྟ་སྟེ། དེས་དབེན་པར་བརྩོན་པར་བྱའོ། །དེས་རྟོག་པ་དང་བཅས་པའི་ཏིང་ངེ་འཛིན་གྱི་སྒྲ་དང་། རྟོག་པ་མེད་ཅིང་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་གྱི་དང་། རྟོག་དཔྱོད་གཉིས་ཀ་མེད་པའི་ཏིང་ངེ་འཛིན་དང་། ཚངས་པའི་གནས་དང་། སྟོང་པ་ཏིང་ངེ་འཛིན་གྱི་སྒྲ་དང་། བཀོད་པ་ཐམས་ཅད་སྒྲུབ་པའི་ཏིང་ངེ་འཛིན་གྱི་སྒྲ་དང་། སངས་རྒྱས་ཀྱི་བཀོད་པའི་སྒྲ་དང་ས་བརྒྱད་སྦྱར་རོ། ། དང་། ཤིན་ཏུ་རྒྱས་པའི་སྡེའི་སྒྲ་ཐོས་པ་ས་དྲུག་གང་རུང་དུའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྒྲ་དེ་དང་། ས་དྲུག་རིམ་པར་སྦྱར་རོ། །ཤེས་རབ་ཕ་རོལ་མ་ཆད་དོ། ། དང་། ཆོས་སྨྲ་བའི་གང་རུང་གི་དགེ་སློང་གི་མིང་ཐོས་པ་ས་བཞི་གང་རུང་དུ་བལྟའོ། །དེས་འདྲིས་པའི་སེམས་དཔས་དགེ་བཤེས་བསྟེན་ནོ། །སྔར་མ་མཐོང་བའི་དགེ་སློང་གི་མིང་ཐོས་པ་དང་། སྔར་མཐོང་བའི་དང་། རྟེན་གཞན་གྱི་དགེ་སློང་གི་དང་། ས་གསུམ་རིམ་པར་རོ། །སྐྱེ་བ་གཅིག་གིས་ཐོབ་པའི་དགེ་སློང་ཐོས་ན་བཟང་སྟེ་བཞི་པར་རོ། ། དང་། ཚིགས་སུ་བཅད་པ་ལ་སྤོབས་པ་ཐོབ་པ་ས་གསུམ་པོ་གང་རུང་ངོ་། །ཚིག་བཅད་དུ་མ་སྤོབས་པ་དང་། སྣ་ཚོགས་ལ་སྤོབས་པ་དང་། ཟབ་མོ་ལ་སྤོབས་པ་དང་གསུམ། ས་གསུམ་དང་རིམ་པར་རོ། ། དང་། མདོ་སྡེ་ཀུན་ལ་སྤོབས་པར་རྨི་བ་ས་བརྒྱད་པོ་གང་རུང་བར་བལྟའོ། ། དང་། བདག་ཆོས་ཀྱི་གཏེར་གྱི་སྒྲ་ཐོས་པ་ས་བདུན་པོ་གང་རུང་དུ་བལྟ་སྟེ་དེས་མོས་པ་དང་དྲི་བར་བྱའོ། །བདག་གྲོང་ན་འདུག་པ་ན་ཆོས་ཀྱི་གཏེར་གྱི་སྒྲ་ཐོས་པ་དང་། གནས་ན་འདུག་པ་ན་དང་། ལྷ་ཁང་ན་འདུག་པ་ན་དང་། དགོན་པ་ན་འདུག་པ་དང་། སྟན་ལ་དང་། སྐྱེད་མོས་ཚལ་ན་དང་། རི་རྩེ་ན་འདུག་པ་ན་ཆོས་ཀྱི་གཏེར་གྱི་སྒྲ་ཐོས་པ་དང་། ས་བདུན་རིམ་པར་སྦྱར་རོ། །དང་། སྔོན་མ་ཐོས་པའི་དེ་བཞིན་གཤེགས་པའི་མཚན་ཐོས་པ་ས་ལྔ་པོ་གང་རུང་དུ་བལྟའོ། །དེ་ནི་བྱང་ཆུབ་སེམས་དཔས་བསམ་པ་དང་། ཉོན་མོངས་པ་ཆུང་ཞིང་གཉེན་ལ་བཀུར་སྟི་ཆེར་བྱས་ན་སྒྲིབ་པ་འབྱུང་ངོ་། །གཟུངས་ཐོབ་པའི་མིང་ཐོས་པ་དང་། མངོན་པར་འབྱུང་བའི་མིང་ཐོས་པ་དང་། བདུད་འདུལ་བའི་མིང་ཐོས་པ་དང་། འཚང་རྒྱ་བའི་མིང་ཐོས་པ་དང་། ས་ལྔ་རིམ་པར་སྦྱར་རོ། ། དང་། རྒྱ་མཚོར་འགྲོ་བ་རྨི་བ་ས་བརྒྱད་པོ་གང་རུང་དུ་བལྟའོ། །དེས་ཐོས་པ་དང་། མོས་པ་དང་། ཤེས་རབ་ལ་བརྩོན་པར་བྱའོ། །མཐོང་ནས་མ་ཕྱིན་པ་དང་། འགྲམ་དུ་ཕྱིན་པ་དང་། ནང་དུ་སྤང་ལེབ་ལ་འདུག་པ་དང་། གྲུར་ཞུགས་པ་དང་། གྲུ་ན་འདུག་པ་དང་། ཆུ་ན་འདུག་པ་དང་། གྲུ་ན་འགྲེང་བ་དང་། ནང་ནས་བཀང་བའི་གྲུ་ཕར་འདོན་པ་དང་། ས་བརྒྱད་རིམ་པར་སྦྱར་རོ། །དང་། བདག་རིན་པོ་ཆེ་འཐུ་བ་རྨི་བ་ས་གསུམ་པོ་གང་རུང་ངོ་། །དེ་ལ་མཐོ་མཚམས་པ་གང་ཞིག་སྡུག་བསྔལ་བ་མང་བས་ཆོས་ཐོབ་སྟེ་ཆོས་སྨྲ་བ་ལ་འཁྲུལ་པ་མི་བཙལ་ཞིང་བྱས་པ་བཟོ་བར་བྱའོ། །བརྐོས་ནས་རྙེད་པ་དང་། རྡུལ་དང་འདྲེས་པ་རྙེད་པ་དང་། ས་དང་འདྲེས་པ་རྙེད་པ་ས་གསུམ་རིམ་པར་རོ། །དེ་ཡང་མི་བརྩོན་ན་བདུད་ཀྱི་ལས་སོ། །དང་། བདག་རི་རབ་རྩེ་མོར་ཕྱིན་པ་རྨི་བ་ས་དང་པོ་པར་རོ། །དེ་ནི་གྲོགས་དང་གཡོ་དང་མ་མོས་པ་མང་བ་སྟེ་གསུམ་སྤང་ངོ་། །ཡོན་ཏན་དེ་གསུམ་དང་ལྡན་ནས་རི་རབ་ལ་འཛེག་པ་དང་། འཛེགས་ཏེ་འགྲེང་བ་དང་། ཕྱོགས་བཞིར་བལྟ་བ་དང་། འདུག་པ་དང་། སྒུལ་བར་བྱེད་པ་དང་། ལས་དྲུག་པ་ནས་ས་བཅུ་པའི་བར་དུ་རིམ་པར་སྦྱར་རོ། །དང་། རི་ཕལ་པ་ལ་འཛེགས་པ་ས་ལྔ་པོ་གང་རུང་ངོ་། །དེ་ལས་གནོད་པ་མང་དུ་འབྱུང་ངོ་། །སློབ་དཔོན་ལ་འབུལ་བ་ཆེར་བྱའོ། །རི་ལ་འཛེག་པ་དང་། དབུས་སུ་ཕྱིན་པ་དང་། རྩེར་ཕྱིར་པ་དང་། མངོན་པར་བལྟ་བ་དང་། འདུག་པ་དང་ས་ལྔ་སྦྱར་རོ། །དང་། བདག་རི་རྩེ་ན་འདུག་པ་ས་བདུན་པོ་གང་རུང་དུ་བལྟ་སྟེ་ལས་ཀྱི་སྒྲིབ་པ་ཆུང་ལ་བདུད་ཀྱི་ལས་ཆེ་བས་སྤང་ཞིང་སེམས་ཅན་ལ་དགའ་བར་བྱའོ། །རི་བོ་བདུན་པོ་དག་ལ་བདུན་གྱི་རྟགས་སོ། །རི་རབ་ནི་ས་ལྷག་མ་རྣམས་ཀྱིའོ། །དང་། ཤིང་ལྗོན་པ་ལ་འཛེགས་པ་ས་བཞི་པོ་གང་རུང་དག་ཏུ་བལྟ་སྟེ་བདུད་ཀྱི་ལས་དང་ལས་ཀྱི་སྒྲིབ་པ་གཉིས་ཀ་འབྲིང་སྟེ། དགེ་བའི་བཤེས་གཉེན་དམ་པ་བསྟེན་པར་བྱའོ། །ཤིང་ལོ་མ་ཅན་ལ་འཛེག་ན་དང་པོའོ། །སྤོས་ཀྱི་ཤིང་གཉིས་པའོ། །མེ་ཏོག་གི་ཤིང་གསུམ་པའོ། །འབྲས་བུའི་ཤིང་བཞི་པའོ། །མི་བརྩོན་ལ་བདུད་ཀྱི་ལས་ཡོད་དོ། །དང་། གླང་པོ་ཆེའི་གཙོ་བོ་མཐོང་བ་ས་དྲུག་པ་དག་ཏུ་བལྟ་སྟེ། སྦྱིན་པ་བཏང་ཡང་ཤེས་རབ་མ་དཔྱད་པས་བརྟག་པ་མང་དུ་བྱའོ། །དང་། གླང་པོ་ཆེའི་གཙོ་བོ་ལ་ཞོན་པ་ས་བདུན་པོ་དག་ཏུ་བལྟ་སྟེ། འབུ་ཏ་དང་པོ་དེས་དེ་ལ་དབང་ཐོབ་པས་རྒྱུ་མང་བ་དང་ཆོག་ཤེས་པ། ཡིད་ལ་འཐད་པ་སྦྱིན་པར་བྱའོ། །གླང་པོ་ངན་པ་ལ་ཞོན་པས་དང་པོའོ། །གོས་དཀར་པོ་གོན་ཏེ་ཞོན་ན་གཉིས་པའོ། །གོས་དམར་པོ་གོན་ཏེ་ཞོན་ན་གསུམ་པའོ། །གོས་སྣ་ཚོགས་བཞི་པའོ། །རྒྱན་གྱིས་བརྒྱན་ཏེ་ཞོན་ན་ལྔ་པའོ། །ཅོད་པན་ཐོགས་ཏེ་ཞོན་ན་དྲུག་པའོ། །གདུགས་ཐོགས་ཏེ་ཞོན་ན་བདུན་པའོ། །མི་བརྩོན་པ་ནི་མ་གཏོགས་སོ། །དང་། རྟ་ལ་ཞོན་པ་ས་བཞི་པ་དག་ཏུ་བལྟ་སྟེ་དེས་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ལྷག་མཐོང་གཙོ་བོ་བྱའོ། །རྟ་ལངས་པ་ཞོན་ན་དང་པོའོ། །འགྲོ་བ་གཉིས་པ། རྒྱུག་པ་གསུམ་པ། བརྒྱན་པ་བཞི་པ། བདུད་ཀྱི་ལས་འགྲེ། དང་། བདག་བདེན་པའི་བྱིན་རླབས་བྱེད་པ་ས་བཅུ་པོ་གང་རུང་དུ་བལྟ་སྟེ་ལས་ཀྱི་ལས་ཆུང་ལ་སྒྲིབ་པ་ཆེ་བས་ཏིང་ངེ་འཛིན་དང་། དྲང་པོ་དང་སྟོང་པ་བྱའོ། །གང་སྦྱིན་པ་དང་ལྡན་པའི་བྱིན་རླབས་བྱེད་ན་དང་པོའོ། །བཅིངས་པ་ཐར་བར་བྱ་བའི་ཕྱིར་བྱེད་ན་གཉིས་པའོ། །ནད་པ་ཐར་བར་བྱ་བའི་ཕྱིར་བྱེད་ན་གསུམ་པ། གྲོང་ཁྱེར་གྱི་ཕྱིར་བྱེད་ན་བཞི་པ། གྲོང་རྡལ་གྱི་ཕྱིར་ལྔ་པ། གླིང་གི་ཕྱིར་ན་དྲུག་པ། སྟོང་གི་བདུན་པ། སྟོང་གཉིས་བརྒྱད་པ། སྟོང་གསུམ་དགུ་པའོ། །འོད་འབྱུང་བ་དང་། ས་གཡོ་བ་དང་། མེ་ཏོག་གི་ཆར་དབབ་པའི་ཕྱིར་བྱེད་ན་བཅུ་པའོ། །བདུད་འགྲེ། དང་། འབྲས་བུའི་ལྗོན་ཅིང་མཐོང་བ་ས་བདུན་པོ་གང་རུང་དུ་བལྟ་སྟེ། དེས་ཆངས་ཆུང་ཞིང་དྲང་བ་དང་ཉེས་པ་མི་བཟུང་ངོ་། །འབྲས་བུ་ཉུང་ངུའི་ཤིང་མཐོང་ན་དང་པོའོ། །མང་པོ་གཉིས་པ། རོ་ཞིམ་པོ་གསུམ་པ། དྲི་ཞིམ་པ་བཞི་པ། སྨན་གྱི་འབྲས་བུ་ལྔ་པ། ལྷ་ཡུལ་གྱི་ཤིང་དྲུག་པ། བདུད་ཀྱི་ཤིང་བདུན་པའོ། །དང་། མེ་ཏོག་གི་ཤིང་མཐོང་བ་ས་བདུན་པོ་གང་རུང་དུ་བལྟ་སྟེ། དེས་དགེ་བའི་རྩ་བ་དང་། བདེན་པ་ལ་བརྩོན་པར་བྱའོ། །མེ་ཏོག་མང་ལ་དྲི་ཞིམ་པའི་ཤིང་ལྗོན་པ་མཐོང་ན་དང་པོའོ། །དྲི་ཞིམ་པ་ལ་གཉིས་པ། མང་པོ་གསུམ་པ། མེ་ཏོག་འབྲས་བུ་དང་བཅས་བཞི་པ། ལོ་མ་ཉུང་བའི་མེ་ཏོག་ཅན་ལྔ་པ། ལྷའི་མེ་ཏོག་ཅན་དྲུག་པའོ། ། དང་། སྔོན་མ་མཐོང་བའི་གྲོང་ཁྱེར་མཐོང་བ་ས་དྲུག་པོ་གང་རུང་དུ་བལྟ་སྟེ་ཆོས་ཀྱི་སྒྲིབ་པ་མེད་དེ་ཆོས་ལ་བཟོད་པ་ཐོབ་ཏུ་ཉེ་བས་སྟོང་པར་བསྒོམ་པར་བྱའོ། །གྲོང་ཁྱེར་བརྩིགས་མ་ཐག་པ་མཐོང་ན་དང་པོའོ། །ཕྱིས་བྱི་དོར་བྱས་པར་ཕུན་སུམ་ཚོགས་པ་ཅན། སྐྱེད་མོས་ཚལ་ཅན། འབབ་ཆུ་ཅན། རྫིང་བུ་ཅན་དྲུག་པའོ། །སྡིག་པའི་གྲོགས་པོས་ཟིན་པ་དང་། དམིགས་པ་ཅན་དང་། མངོན་པར་མི་བརྩོན་པ་དང་། བདུད་ཀྱི་ལས་ནི་མ་གཏོགས་སོ། ། དང་། མཚོ་མ་དྲོས་པ་མཐོང་ན་ས་བརྒྱད་གང་རུང་དུ་སྟེ་ཉོན་མོངས་པ་ཆུང་ངོ་། །དེས་ལུས་སྲོག་དང་ཡོ་བྱད་ལ་མི་ཆགས་ན་མྱུར་དུ་སྣང་བ་སྐྱེའོ། །མ་དྲོས་པའི་འགྲམ་མཐོང་ན་དང་པོའོ། །དབུས་གཉིས་པ། འགྲོ་ན་གསུམ་པ། ལག་པས་རེག་པ་བཞི་པ། ཁྲུས་བྱས་ན་ལྔ་པ། འགྲམ་དུ་འདུག་ན་དྲུག་པ། མ་དྲོས་ཀྱི་ཀླུང་མཐོང་ན་བདུན་པ། གནས་དང་གཟི་བྱིན་མཐོང་ན་བརྒྱད་པ། བདུད་ཀྱི་ལས་ནི་མ་གཏོགས་སོ། །དང་། ལྷའི་བུ་མཐོང་བ་ལྔ་གང་རུང་ངོ་། །བདུད་ཀྱི་ལས་ཆུང་ལ་འདོད་པ་ཙམ་ནི་ཡོད། ཕྱོགས་བཅུའི་བོ་དེས་དགོངས་པ་ཡིན་ཏེ་ཟླ་བ་གསུམ་དུ་བརྩོན་པར་བྱའོ། །རྒྱལ་ཆེན་བཞིའི་ལྷ་མཐོང་ན་དྲུག་པའོ། །སུམ་ཅུ་རྩ་གསུམ་གྱི་ལྷ་མཐོང་ན་གསུམ་པའོ། །དགའ་ལྡན་བརྒྱད་པ། ཚངས་རིས་དགུ་པ། གནས་གཙང་མ་བཅུ་པར་ཏེ་བདུད་ཀྱི་ལས་འགྲེ། དང་། ཀླུའི་བུ་མཐོང་བ་བརྒྱད་པོ་གང་རུང་སྟེ་ཆོས་བཟོད་པ་དང་ལྡན་ནོ། །དེས་ནི་དམ་བཅས་པ་ཕྱིར་བཏང་ཞིང་ཆོས་སྨྲ་བ་ལ་བཀུར་བ་ཡིན་པས་སྡུག་བསྔལ་ཐམས་ཅད་བཏང་ངོ་། །རིའི་ཀླུ་མཐོང་ན་དང་པོའོ། །ནགས་ན་གཉིས་པའོ། །ཆུ་ཕ་རོལ་གསུམ་པ། ནགས་ཁྲོད་བཞི་པ། སྐྱེ་བོའི་ནང་དུ་ལྔ་པ། རྒྱལ་པོའི་ཕོ་བྲང་དྲུག་པ། བདུད་འགྲེ། དང་། འཛམ་བུའི་གླིང་གཞན་དུ་ཕྱིན་པ་ས་དྲུག་པོ་གང་རུང་དུ་བལྟ་སྟེ་བཟོད་པ་ཐོབ་པ་ཡིན་ནོ། །དེ་ནི་ལེ་ལོ་དང་ང་རྒྱལ་ཡོད་པས་དེ་དག་གཞོམ་པར་བྱའོ། །འཛམ་བུ་གླིང་ཉམས་མི་དགའ་བ་མཐོང་ན་དང་པོའོ། །དགའ་བ་གཉིས་པ། གྲོང་ཁྱེར་མཛེས་པ་གསུམ་པ། སྐྱེད་མོས་ཚལ་ཅན་བཞི་པ། མི་མང་པོ་འདུས་པ་ལྔ་པ། ཀུན་དགའ་ར་བ་ཅན་དྲུག་པ། བདུད་འགྲེ། དང་། གོས་དཀར་པོ་གོན་པ་ས་བརྒྱད་པོ་གང་རུང་དུ་བལྟ་སྟེ་སྒྲིབ་པ་དག་ལ་བདུད་ཀྱི་ལས་ཡོད་པས་ཡེ་ཤེས་ལ་བརྩོན་པར་བྱའོ། །གོས་དཀར་པོ་གཙང་མ་རྙིང་པ་གོན་ན་དང་པོའོ། །རས་གསར་པ་ཁ་འཛར་མེད་པ། ཁ་ཛར་ཅན་གྱི་དོར་བྱས་པ། བཅག་པ། རཏྣ་ཅན། ངང་རིས་ཅན། ལྷའི་གོས་དང་བརྒྱད་མན་ཆད་རིམ་པར་རོ། །དང་། མགོ་ལ་རིན་པོ་ཆེའི་ཕྲེང་བ་བཏགས་པའམ་རྒྱན་བཏགས་པ་ས་དགུ་པོ་གང་རུང་དུ་སྟེ་བདུད་ཀྱི་ལས་ཀྱི་སྒྲིབ་པ་གཉིས་ཀ་མང་ན་ཉེས་པར་འབྱུང་ངོ་། །ཆོས་བཙལ་ཞིང་བསྒོམ་པ་དང་བཟོད་པ་བསྒོམ་མོ། །རཏྣ་སྣ་གཅིག་གི་ཕྲེང་བ་བཅིངས་པ་དང་པོའོ། །སྣ་བདུན་དང་ས་བདུན་སྦྱར་རོ། །འཁོར་ལོ་བསྒྱུར་བའི་རཏྣ་བརྒྱད་པར་རོ། །ལྷའི་རཏྣ་དགུ་པར་རོ། །བདུད་ཀྱི་ལས་འགྲེ། དང་། མེ་ཏོག་སིལ་མ་སྤེལ་བ་ས་བདུན་པོ་གང་རུང་དེ་ནི་གཡོག་དང་རྐྱེན་མང་བ་ཡིན་ཏེ། ཏིང་ངེ་འཛིན་སྦྱང་ངོ་། །ཁ་དོག་གསལ་བའི་མེ་ཏོག་སིལ་མ་བསྲེས་ན་དང་པོར། དྲི་མ་དང་ལྡན་ན་གཉིས་པར། འཇམ་པ་གསུམ་པར། སྣ་ཚོགས་བཞི་པར་། ཆུ་དང་ཐང་ལ་སྐྱེས་པ་ལྔ་པར། ཁ་འབུས་པ་དྲུག་གོ། །དང་། རྔ་བོ་ཆེ་དང་རོལ་མོའི་སྒྲ་འབྱིན་པ་ས་དགུ་པོ་གང་རུང་དུ་བལྟ་སྟེ་བརྩོན་པར་བྱའོ། །ཐིབས་པར་སོང་སྟེ་བརྡུང་ན་དང་པོར། ས་མཉམ་པོར་བརྡུང་ན་གཉིས་པར། གྲོང་དུ་གསུམ་པ། གྲོང་ཆེན་པོ་བཞི་པ། མི་མང་པོའི་དབུས་སུ་ལྔ་པ། སྐྱབས་སུ་དྲུག་པ། རི་ལ་བདུན་པ། རི་རྩེར་བརྒྱད་པ། ནམ་མཁའ་ལ་དགུ་པ། བདུད་ཀྱི་ལས་ནི་མ་གཏོགས་སོ། །དང་། ཉི་ཟླ་གཟས་ཟིན་པ་མཐོང་བ་ས་དགུ་པོ་གང་རུང་སྟེ་ཆོས་ཀྱིས་ཕོངས་པ་ཡིན་པས་སྦྱིན་པ་བྱའོ། །ཉི་ཟླ་ཆར་ཀར་ཟིན་པ་མཐོང་ན་དང་པོར། སྔ་དྲོ་གཉིས་པ། སྤྲིན་ཡང་འཁྲུགས་ན་གསུམ་པ། རླུང་ཡང་འཁྲུགས་ན་བཞི་པ། རྡུལ་གྱིས་གཡོགས་ན་ལྔ་པ། ཉི་ཕྱེད་དྲུག་གོ། །བདུད་ཀྱི་འགྲེ། དང་། བདག་མི་གཙང་བས་བསྐུས་པ་མཐོང་བ་ས་གསུམ་པོ་གང་རུང་དུ་བལྟ་སྟེ། སྔོན་འཕགས་པ་ལ་བསྐུར་པ་བཏབ་པ་ཡིན་པས་ལོ་གསུམ་དུ་ཕུང་པོ་གསུམ་པ་གདོན་ཞིང་གང་ལ་མ་དད་པ་དེ་ལ་གུས་པར་བྱའོ། །ལུས་ཐམས་ཅད་རྫས་ཀྱིས་བསྐུས་ན་དང་པོའོ། །གཞོགས་ཕྱེད་གཉིས་པ། ཡན་ལག་བསྐུས་པ་གསུམ་པ། བདུད་འགྲེ། དང་། བདག་རྒྱལ་པོར་གྱུར་པ་བཅུ་པོ་གང་རུང་དུ་བལྟ་སྟེ་དགུ་རྩེ་དང་བར་ཆད་གཉིས་ཀ་སྟུག་པ་ཡིན་པས་རློམ་སེམས་དང་གཡོ་དང་། བདག་བསྟོད་གཞན་སྨོད་མི་བྱའོ། །རྒྱལ་པོ་བདག་གི་གྲོང་ཁྱེར་ན་དང་པོའོ། །ལྷ་ཁང་ན་གཉིས་པ། སྐྱེད་མོས་ཚལ་ན་གསུམ་པ། ཆོས་ཁང་ན་བཞི་པ། གྲོང་ཁྱེར་ལྔ་པ། རི་རྩེ་དྲུག་པ། འཛམ་བུ་གླིང་གི་རྒྱལ་པོར་གྱུར་ན་བདུན་པ། འཁོར་ལོས་བསྒྱུར་བ་བརྒྱད་པ། རྒྱ་མཚོའི་དབུས་ན་དགུ་པ། དང་། བདག་རྒྱལ་པོ་དང་བློན་པོའི་ཡང་ནང་འདུག་པ་བརྒྱད་པོ་གང་རུང་དུ་བལྟ་སྟེ་ཉེའུ་འམ་ཆོས་སྦྱིན་པ་སྤང་ངོ་། །སྦྱངས་ན་བདག་ཉིད་ཉོན་མོངས་ན་དང་པོ། ཚུལ་ཁྲིམས་བསྲུང་ན་གཉིས་པ། ཐོས་པ་ན་གསུམ་པ། ཏིང་ངེ་འཛིན་བཞི་པ། གཟུངས་ལྔ་པ། མངོན་ཤེས་དྲུག་པ། ཆོས་སྟོན་པ་བདུན་པ། འཁོར་གཡོག་དང་ལྡན་པ་བརྒྱད་པ། དང་། སྐྱེད་མོས་ཚལ་དུ་ཕྱིན་པ་ས་དགུ་པོ་གང་རུང་དུ་བལྟ་སྟེ་ཏིང་ངེ་འཛིན་བསྒོམ་མོ། །དང་། སྔོན་མ་མཐོང་བའི་གཙུག་ལག་ཁང་ངམ་ལྗོན་ཤིང་མཐོང་བ་ས་དྲུག་པོ་གང་རུང་དུ་བལྟ་སྟེ། འབུ་ཏའི་རྗེས་སུ་དྲན་པ་དང་སྦྱིན་པར་བྱའོ། །ལྷ་ཁང་ངམ་ལྗོངས་བྱི་དོར་མ་བྱས་ན་དང་པོའོ། །བྱས་པ་གཉིས་པ། བརྒྱན་པ་གསུམ། འཁོར་བཞི་པ། འདུས་པ་ལྔ་པ། ལྷའི་འཁོར་འདུས་པ་དྲུག་གོ། །དང་། གདུགས་རྙེད་པ་བདུན་པོ་གང་རུང་དུ་བལྟ་སྟེ་ཆོས་སྨྲ་བ་ལ་བརྙས་པ་མི་བྱའོ། །ལོ་མའི་གདུགས་རྙེད་ན་དང་པོའོ། །འོད་མའི་གཉིས་པ། པོ་གའི་གསུམ་པ། རས་བཞི་པ། གདུགས་ཁྲ་བོ་ལྔ་པ། གཡེར་ཁས་བསྐོར་བ་དྲུག་པ། རཏྣ་ཅན་བདུན་ནོ། །དང་། བདག་སྐྱེ་བོ་མང་པོའི་མདུན་དུ་འདུག་སྟེ་ཆོས་སྟོན་པ་ས་བཅུ་པོ་གང་རུང་དུ་བལྟ་སྟེ་སྤོབས་པ་བསྐྱེད་ཅིང་འདོད་པ་བསྲུང་ངོ་། །སྦྱིན་པའི་གཏམ་འཆད་ན་དང་པོའོ། །དགེ་བ་བཅུའི་གཏམ་གཉིས་པ། ཐོས་པའི་གཏམ་གསུམ་པ། སྦྱངས་པའི་གཏམ་དང་། ཡོ་བྱད་བསྙུང་བའི་གཏམ་བཞི་བ། ཏིང་ངེ་ལྔ་པ། ཡོངས་སུ་རྫོགས་པའི་དྲུག་པ། བདག་མེད་པའི་བདུན་པ། ཡེ་ཤེས་བཀོད་པ་བརྒྱད་པ། འབུམ་བཀོད་པའི་དགུ་པ། ལུས་ཀྱི་ཚད་ཀྱི་གཏམ་བཅུ་པའོ། །དང་པོ་ནི་དགེ་རྩ་ལ་བར་ཆད་ཡོད། ཚུལ་ཁྲིམས་རྩོམ་པ་དམི་བ་རྣམ་པ། ཟབ་མོའི་བཟོད་པ། ཡེ་ཤེས་ལ། ཅན་ལ་དོན་བྱེད་པ། རྣམ་པར་ཤེས་པའི་ཚོ་ལ། བཅུ་པའི་ཞིང་ཡོངས་སུ་དག་པར་བྱེད་པ་ལ་བར་ཆད་ཡོད། དང་། བདག་གྲོང་ཁྱེར་ན་གནས་པ་བརྒྱད་པོ་སྟེ་ཕྱིར་མི་ལྡོག་པ་ལུང་བསྟན་དུ་ཉེ་བས་སྒོམ་ཆེན་ལ་བཀུར་སྟི་བྱའོ། །ཆོས་སྨྲ་བ་ལ་མཆོད་དོ། །གོང་ནས་འབུ་ཏ་རུ་འགྱུར་རམ་མི་འགྱུར་སྙམ་པའི་ཐེ་ཚོམ་ཟའོ། །གཉིས་པ་ཡང་དག་པར་བླང་བ་ལ་ཐེ་ཚོམ་ཟ། གསུམ་པ་ཡེ་ཤེས་ལ་ཐེ་ཚོམ་ཟ། བཞི་པ་ཏིང་ངེ་འཛིན་ལ། ལྔ་པ་ལྟ་བ་ལ། དྲུག་པ་ལམ་དང་འབྲས་བུ་ལ། བདུན་པ་ངེས་པའི་ཚིག་ལ། བརྒྱད་པ་གནས་པ་ནི་རྣམ་པར་འཕྲུལ་བ་ལ་ཐེ་ཚོམ་ཟའོ། །དང་། བདག་ཟབ་པ་འདོགས་ཤིང་ཆུ་བོའི་དབུས་སུ་ཕྱིན་པ་བདུན་པོ་གང་རུང་དུ་བལྟ་སྟེ། བརྩོན་པར་བྱས་ན་སྣང་བ་འཐོབ་བོ། །གང་ཤེས་པའི་སྣང་བ་ལ་བར་ཆད་ཡོད་པ་དེ་ནི་དང་པོའོ། །ཇི་ལྟར་བརྩོན་པའི་དགེ་རྩ་ལ་ལུས་བདེ་བ་མེད་པ་གཉིས་པ། སེམས་བདེ་བ་མེད་པ་གསུམ་པ། སྣང་བ་འགའ་ཞིག་ཡོད་ན་བཞི་པ། མི་འཇིགས་པ་ཆུང་བ་ལྔ་པ། ཡོངས་སུ་སྨིན་པར་བྱ་བ་ལ་བར་ཆད་ཡོད་ན་དྲུག་པ། གང་གི་བསྟན་པ་ལ་བར་ཆད་ཡོད་ན་བདུན་ནོ། །དང་། བདག་གྲུ་འདྲེན་པ་དྲུག་པོ་གང་རུང་དུ་བལྟ་སྟེ་འདས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་པ་བསྟེན་ནོ། །ཤིང་གྲུ་མ་བྱས་པ་འདྲེན་ན་དང་པོའོ། །སྦྱངས་པ་གཉིས་པ། སྦྱར་བ་གསུམ་པ། མ་སྦྱར་བ་བཞི་པ། ཅན་ཞུགས་པ་ལྔ་པ། བསྒྲལ་བ་དྲུག་པའོ། །དང་། སྤྲིན་ལས་འབྲུག་གྲགས་ཅིང་གློག་འགྱུ་བ་མཐོང་བ་ལྔ་པོ་གང་རུང་དུ་བལྟ་སྟེ། བདུད་ལས་ཆུང་ཞིང་སྒྲིབ་པ་ཆེ་བས་སྦྱིན་པ་བྱའོ། །སྤྲིན་དང་གློག་མཐོང་ནས་སྐྲག་ན་དང་པོའོ། །མི་སྐྲག་ན་གཉིས་པ། ཆོས་ཡིད་ལ་བྱེད་ན་གསུམ་པ། འབུ་ཏ་ཡིད་ལ་བྱེད་ཅིང་རི་རྩེ་ན་འདུག་ན་བཞི་པ། ནམ་མཁའ་ལ་འདུག་ན་ལྔ་པའོ། །དང་། གོ་ཆ་རྙེད་པ་བདུད་ཀྱི་ལས་དང་སྒྲིབ་པ་གཉིས་ཀ་ཆེ་སྟེ། བཟོད་བརྩོན་ཤེས་རབ་གསུམ་བསྟེན་ནོ། །གོ་མཚོན་དྲི་མ་ཅན་རྙེད་ན་དང་པོ། དྲི་མ་མེད་པ་གཉིས་པ། བཟང་པོ་གསུམ་པའོ། །དང་། སྣོད་དག་རྙེད་པ་བདུན་པོ་སྟེ། བསྡུ་བའི་དངོས་པོ་ལ་བརྩོན་པར་བྱའོ། །དང་། བདག་སེམས་ཅན་རྣམས་ལ་ལམ་སྟོན་པ་བཅུ་པོ་དག་ཏུ་འགྱུར་ཏེ་སྦྱིན་པ་དང་བརྩོན་འགྲུས་བྱའོ། །སྦྱིན་པའི་ལམ་སྟོན་ན་དང་པོའོ། །སྐྱེད་མོས་ཚལ་གྱི་ལམ་གཉིས་པར་རོ། །གྲོང་ཁྱེར་གྱི་ལམ་གསུམ་པར་རོ། །ལམ་པོ་ཆེ་བཞི་པ། རིའི་ལམ་ལྔ་པ། རྒྱ་མཚོའི་དྲུག་པ། ལྷའི་བདུན་པ། ཉན་ཐོས་ཀྱི་བརྒྱད་པ། བྱང་ཆུབ་སེམས་དཔའི་ལམ་སྟོན་པ་དགུ་པའོ། །དང་། སྐྱེད་མོས་ཚལ་དུ་ཞུགས་པ་ས་བརྒྱད་པོ་དག་ཏུ་བལྟ་སྟེ་གཉིད་སྤངས་ཏེ་ཏིང་ངེ་འཛིན་བྱའོ། །དེས་སྐྲག་པར་གྱུར་ན་རྒྱལ་སྲིད་ཉམས་པས་སྐྲག་ན་དང་པོའོ། །སྡོམ་པ་ཉམས་པས། ཆོས་ནུབ་པས། ཆོས་སྨྲ་བ་འཆི་བས། མེས་ཚིགས་པས། ན་བས་སྐྲག་ན་དྲུག །རི་ལས་གཡང་དུ་ལྷུང་བས། སྟོན་པ་འདའ་བས་སྐྲག་ན་བརྒྱད་པ་སྟེ། འགྲེ། དང་། ལོ་ཏོག་ཕུན་སུམ་ཚོགས་པ་མཐོང་བས་བརྒྱད་པ་སྟེ་མ་གཡོའི་ལོ་ཏོག་མཐོང་ན་གསུམ་པར་རོ། །གྲོང་གི་མཐོང་ན་བཞི་པར་རོ། །ལྗོངས་ཀྱི་ལྔ་པ། འཛམ་བུ་གླིང་གི་དྲུག་པ། གླིང་བཞིའི་བདུན་པ། སྟོང་གསུམ་གྱི་བརྒྱད་པ། ཡོངས་སུ་སྨིན་པ་དགུ་པ། དེར་འཇུག་ན་བཅུ་པའོ། །དང་། བདག་ནད་པ་རྣམས་གསོ་བ་བརྒྱད་པོ་གང་རུང་དུ་བལྟ་སྟེ་སྙིང་རྗེ་ཆེའོ། །ཁྱེའུ་གསོས་ན་དང་པོའོ། །འགྲེ། བུད་མེད། མི་ཆེན་པོ། རིམ་ཀྱིས་བཏབ་པ། སྐྱ་བབ་ཅན། ཤ་ཁ་ཅན། སྐེམས་ནད། འབྱུང་པོས་ཟིན་པས་གསོ་ན་བརྒྱད་པའོ། །དང་། བདག་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པ་བཅུ་པོ་གང་རུང་སྟེ་དང་པོ་ལ་བོ་དེར་ལུང་སྟོན་པ་དང་། གཉིས་པ་ལ་སྤྱོད་པ་ལུང་བསྟན་པ་དང་། གསུམ་བཟོད་པར། བཞི་སྨོན་ལམ། ལྔ་མཉམ་པ་ཉིད་དུ། དྲུག་ཡེ་ཤེས་སུ། བདུན་ཐབས་མཁས་པར། བརྒྱད་པ་ཐམས་ཅད་མཁྱེན་པ་ཉིད་དུ། དགུ་སྐྱེ་བ་གཅིག་གིས་ཐོགས་པ་དང་། བཅུ་པ་སངས་རྒྱས་ཉིད་དུ་དབང་བསྐུར་བར་ལུང་སྟོན་པའོ། །དང་། བདག་སངས་རྒྱས་པར་རྨི་བ་དེས་ཕྱི་མ་གསུམ་པ་དག་ཏུ་བལྟ་སྟེ་ལྷག་པའི་བསམ་པ་བསྒྲུབ་པར་བྱའོ། །དང་། བུམ་པ་གང་རྙེད་པ་ས་བཅུ་པོ་གང་རུང་དུ་བལྟ་སྟེ། གྲོས་ནས་རྙེད་པར་རྨི་ན་ས་དང་པོའོ། །སྒོ་ནས་རྙེད་པར་རྨི་ན་གཉིས་པར་རོ། །ལམ་ནས་གསུམ་པར་རོ། །ཤིང་དྲུང་ནས་བཞི་པར་། རྙེད་ནས་དྲུག་པ། ལམ་བདུན་པ། ནམ་མཁའ་ལས་བརྒྱད་པ། ཟས་ཟ་བའི་ཚེ་རྙེད་ན་དགུ་པ། བཞོན་པ་ལ་ཞོན་ནས་སྐྱེད་མོས་ཚལ་ན་འདུག་པ་ལ་རྙེད་ན་ས་བཅུ་པའོ། །རྨི་ལམ་ཐམས་ཅད་ལ་ཡང་བདུད་ཀྱི་ལས་ནི་རྟོགས་པར་བྱའོ། །དང་། དེ་ལྟ་བུའི་རྨི་ལམ་གྱི་མཚན་མ་བྱུང་ཡང་། མགོ་ལ་མེ་ཏོག་གི་ཕྲེང་བ་ཐོགས་ནས་བརྒྱད་པོ་གང་རུང་དུ་བལྟའོ། །སྒྲིབ་པ་མེད། བདུད་ལས་ཡོད། ཤེས་རབ་དང་སྦྱིན་པ་བསྟེན་ནོ། །མེ་ཏོག་སྣ་གཅིག་གི་ཕྲེང་བ་དང་པོའོ། །སྣ་གཉིས་གཉིས་པར་རོ། །སྣ་ཚོགས་གསུམ་པར་རོ། །སར་པ་བཞི་པར་རོ། །ཀླུའི་མེ་ཏོག་ལྔ་པའོ། །ལྷའི་མེ་ཏོག་དྲུག་པའོ། །ལྷའི་མེ་ཏོག་སྣ་ཚོགས་བདུན་པར་རོ། །མེ་ཏོག་གི་འོད་འབྱུང་བ་བརྒྱད་པའོ། །ཆགས་པར་མི་བྱའོ། །སྒྲིབ་པ་དག་ལུགས་ནི། ཉོན་མོངས་པ་དང་། ཤེས་བྱ་དང་། སྐྱེ་གནས་ལ་སོགས་པ་འདག་སྟེ། གཉེན་པོ་ཡེ་ཤེས་ནི་ཇེ་གསལ་དུ་ཟླ་བ་ཡར་ངོ་བཞིན་དུ་གྱུར་ཏོ། །སྒྲིབ་པ་ནི་མར་ངོ་འམ་སོས་ཀའི་ཆབ་རོམ་ལྟར་རིམ་གྱིས་འདགས། མདོ་ལས། ཉོན་མོངས་པའི་སྒྲིབ་པ། ཤེས་བྱའི་སྒྲིབ་པ་དང་། །མུན་པའི་གཉེན་པོ་སྟོང་པ་ཉིད། །དེ་གཉིས་ནི་མུན་པ་སྟེ། ཆོས་དང་གང་ཟག་མེད་ན། ཅེས་ཀྱང་གསུངས། ཆོས་ལ་བདག་མེད་པས་ཤེས་བྱ་སྤོང་ལ། གང་ཟག་ལ་བདག་མེད་པས་ཉོན་མོངས་པ་སྤང་ངོ་། །ཞེས་ཀྱང་གསུངས་ཏེ། འཇུག་རང་གི་སྟོབས་དང་དེ་བཞིན་གཤེགས་པའི་ཕྱག་གི་དབང་བསྐུར་བས། རྡོ་རྗེ་ལྟ་བུའི་ཡེ་ཤེས་ཤར་ནས་འཇོམས་སོ། །ཏིང་ངེ་འཛིན་རྒྱལ་པོ་ལས། དེ་བཞིན་གཤེགས་པའི་ཕྱག་དགེ་བའི་རྩ་བ་དུ་མ་ལས་བྱུང་བ། བསོད་ནམས་དཔག་ཏུ་མེད་པ་ལས་གྲུབ་པ། གསེར་གྱི་མདོག་ཅན། ཟླ་འོད་གཞོན་ནུར་སྔོན་བྱུང་ལོ་རྒྱུས། གྱུར་པའི་སྤྱི་བོར་བཞག་པ་དང་། མདོ་དེ་ཉིད་ལས། ཟླ་འོད་གཞོན་ནུར་གྱུར་པ་ལ། །ཡིད་ཀྱི་མགྱོགས་སངས་རྒྱས་པ་ལ། པ་ཞེས་པའི་ཏིང་ངེ་འཛིན་དང་། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཉོན་སྒྲིབ་འཇོམས་པ། དང་། རྡོ་རྗེ་ཚུར་མི་ཚུགས་ཕར་འཇོམས་པ། ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སོགས་པ་ཏིང་ངེ་འཛིན་གྱི་སྒོ་འབུམ་ཕྲག་དུ་མ་མངོན་དུ་གྱུར་ཏོ། །ཞེས་གསུངས་སོ། །མཉམ་པ་ལས་ལངས་པའི་ཚེ་མཐོང་ལུགས་དང་སྤྱོད་ལམ་ནི་ཚོགས་ཆེན་དུ་སོག་སྤྱོད་དེ། དེ་ཡང་སྤྱད་པའི་ཡོན་ཏན་ནི། དངོས་པོ་སྒྱུ་མ་ཙམ་དུ་སྣང་བ་ལས་ལངས་པའི་དུས་གསུམ་མཐོང་བའི་ཕྱིར་ན། བདག་གཞན་གྱི་དོན་དུའམ་ཡང་ན་གཞན་དོན་ཤ་སྟག་ཅི་ནུས་སུ་བྱ་བ་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་དང་། བསྡུ་བའི་དངོས་པོ་བཞི་དང་། ཆོས་སྤྱོད་བཅུ་ལ་སོགས་པ་ལ་འབད་དོ། །ལོན་ནས་མཉམ་པ་ལས་ལངས་པའི་ཚེ་དཀར་པོའི་ཕྱོགས་ལ་འབད་དོ། །ཞེས་འབྱུང་ངོ་། །འོ་ན་གཞན་དོན་ཉི་ཚེ་ལ་འབད་པས། བདག་དོན་འབྱུང་དུ་གཏུབ་བམ་ཞེ་ན། དེ་ནི་གཏུབ་སྟེ། དཔེར་ཁྱིམ་བདག་གཅིག་གི་ཁྱིམ་དུ་མཚན་མོ་མགྲོན་འོང་ན། ཁྱིམ་བདག་དེས་མགྲོན་ལ་ཆེད་བྱ་བའི་ཆེད་དུ་མེ་བུས་ན། ཐོག་མ་ཁྱིམ་བདག་ཉིད་ལ་སྣང་བར་འགྱུར་བ་དང་འདྲ་སྟེ། འགྲོ་བ་ལ་དམིགས་ཀྱང་བདག་གིས་ཐོབ་བོ། །བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་ལ་འབད་པའི་ཡོན་ཏན་གྱི་དངོས་པོ་ཇི་ལྟར་ཡོད་ཅེ་ན། དེ་བཞིན་གཤེགས་པའི་སྐུ་གསུམ་ཡང་ཆོས་ཀྱི་སྐུ་ནི་ཡེ་ཤེས་འབའ་ཞིག་གིས་འགྲུབ་ལ། སྐུ་གཉིས་པོ་ནི་བསོད་ནམས་ཀྱིས་འགྲུབ་པས་འཛོམ་དགོས་ཏེ། མི་དམིགས་པ་གཅིག་པུས་གསུམ་ཀ་མི་འགྲུབ་བོ། །དེའི་ཕྱིར་ན་སློབ་དཔོན་སངས་རྒྱས་དེ་ཝ་ཉིད་ཀྱི་ཞལ་ལས། ཕ་རོལ་ཕྱིན་པའི་ཐེག་པ་འདིར། །སྦྱིན་སོགས་ལས་ཀྱི་སྐུ་གཉིས་འགྲུབ། །ཤེས་རབ་གཉིས་མེད་བསྒོམ་པ་ཡིས། །གཙོ་བོ་ཆོས་སྐུ་ཐོབ་པར་འགྱུར། །ཞེས་སོགས་གསུངས་སོ། །མདོ་དག་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་སྔོན་ཕྲིན་ལས་ཅི་ཞིག་མཛད་ནས་འོད་ཟེར་འདི་དག་བརྙེས་པར་གྱུར་པ་ལགས། བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། ང་ནི་བསམ་གྱིས་མི་ཁྱབ་པའི། །དགེ་བའི་ལས་ཀྱི་རྒྱུ་རྐྱེན་གྱིས། །རྨོངས་པ་རྣམས་ནི་རབ་སྤངས་པས། །འོད་ཟེར་སྣ་ཚོགས་གྲུབ་པ་ཡིན། །གཞན་ཡང་སྤྱོད་པ་སྣ་ཚོགས་ཀྱིས། །སངས་རྒྱས་ལམ་ལ་རབ་གནས་ཤིང་། །སྟོང་པ་བྱར་མེད་ཤེས་རབ་ཀྱིས། །འདྲེན་པའི་འོད་ཟེར་བསྟན་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་རྣམ་དག་མིག་སངས་རྒྱས་ཀྱི་སྤྱན་རྣམ་པར་དག་པ་ལ་སོགས་པ་ཅི་རིགས་སུ་སྦྱར་རོ། །ཅེས་བྱ། །མར་མེ་སངས་རྒྱས་མཆོད་པས་ན། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་རྣམ་དག་རྣ་ཞེས་བྱ། །སྒྲ་དབྱངས་དག་གིས་མཆོད་བྱས་པས། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིན་རྣམ་དག་སྣ་ཞེས་བྱ། །སྤོས་ཆུ་དག་གིས་མཆོད་བྱས་པས། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་རྣམ་དག་ལྕེ་ཞེས་བྱ། །རོ་མཆོག་དག་གིས་མཆོད་བྱས་པས། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་རྣམ་དག་ལུས་ཞེས་བྱ། །གོས་དག་མཆོད་པར་ཕུལ་བྱས་པས། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་རྣམ་དག་ཡིད་ཅེས་བྱ། །རྟག་ཏུ་སངས་རྒྱས་ཡིད་ཆེས་པས། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་རྣམ་དག་གཟུགས་ཞེས་བྱ། །སངས་རྒྱས་གཟུགས་ནི་བྲིས་པས་ན། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་རྣམ་དག་སྒྲ་ཞེས་བྱ། །རྟག་ཏུ་ཆོས་ལ་བསྔགས་པས་ན། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་རྣམ་དག་དྲི་ཞེས་བྱ། །རྟག་ཏུ་དགེ་འདུན་གུས་པས་ན། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་རྣམ་དག་རོ་ཞེས་བྱ། །ཡིད་བཞིན་དུ་ནི་སྦྱིན་བཏང་བས། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་རྣམ་དག་རེག་ཅེས་བྱ། །བྱུག་པ་དག་གིས་མཆོད་བྱས་པས། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་རྣམ་དག་ཆོས་ཞེས་བྱ། །ཆོས་རྣམས་ཡོངས་སུ་བཟུང་བས་ན། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ཞེས་པ་ལ་སོགས་པ་དང་། མདོ་སྡེ་ལས། གཞན་ཡང་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་ལེགས་པ་བཅུ་རབ་ཏུ་ཐོབ་བོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། མར་མེ་བྱིན་པས་དེ་བཞིན་གཤེགས་པའི་མིག་ཡོངས་སུ་དག་པ་ཕུན་སུམ་ཚོགས་པ་རབ་ཏུ་ཐོབ་བོ། །སིལ་སྙན་བྱིན་པས། ལྷའི་རྣ་བ་ཕུན་སུམ་ཚོགས་པ་རབ་ཏུ་ཐོབ་བོ། །གསེར་དང་། མུ་ཏིག་དང་། བཻཌཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། རིན་པོ་ཆེ་ཐམས་ཅད་བྱིན་པས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཡོངས་སུ་དག་པ་ཕུན་སུམ་ཚོགས་པ་རབ་ཏུ་ཐོབ་བོ། །རིན་པོ་ཆེ་དང་། མེ་ཏོག་སྣ་ཚོགས་རབ་ཏུ་བྱིན་པས། དཔེ་བྱད་བརྒྱད་ཅུ་ཡོངས་སུ་དག་པ་རབ་ཏུ་ཐོབ་བོ། །རྟ་དང་། གླང་པོ་ཆེ་དང་། ཤིང་རྟ་བྱིན་པས། རྒྱས་པ་དང་། ཡངས་པ་དང་། ཆེ་བ་ཕུན་སུམ་ཚོགས་པ་ཐོབ་བོ། །སྐྱེད་མོས་ཚལ་དང་། དཀའ་ཐུབ་ཀྱི་ནགས་ཚལ་བྱིན་པས། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཕུན་སུམ་ཚོགས་པ་རབ་ཏུ་ཐོབ་བོ། །ནོར་དང་འབྲུའི་བང་མཛོད་བྱིན་པས། ཆོས་རིན་པོ་ཆེ་ཐམས་ཅད་ཀྱི་མཛོད་ཡོངས་སུ་རྫོགས་པ་རབ་ཏུ་ཐོབ་བོ། །བྲན་ཕོ་དང་བྲན་མོས་ལས་བྱེད་པ་བྱིན་པས། རང་ཉམས་དང་། རང་དབང་དང་། རང་བྱུང་གི་ཡེ་ཤེས་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པ་རབ་ཏུ་ཐོབ་བོ། །བུ་ཕོ་དང་བུ་མོ་བྱིན་པས། མཛའ་བ་དང་། སྡུག་པ་དང་། འདོད་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རབ་ཏུ་ཐོབ་བོ། །གླིང་བཞིའི་རྒྱལ་པོའི་ལོངས་སྤྱོད་ཐམས་ཅད་བྱིན་པས། བྱང་ཆུབ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་མཆོག་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཕུན་སུམ་ཚོགས་པ་རབ་ཏུ་ཐོབ་བོ། །ཞེས་གསུངས་པས། སྤྱོད་ལམ་གྱི་དགེ་བ་བསོད་ནམས་ལྔའི་དངོས་པོ་ལ་བརྩོན་པར་བྱའོ། །དེ་དག་ལ་སོགས་པ་རྒྱ་ཆེར་འབྱུང་ངོ་། །དེ་ལྟར་ཚོགས་གཉིས་ལ་འབད་པས་ཀུན་ཏུ་འོད་ལ་འགྲོ་བ་སྟེ། སྔར་སྒྲིབ་པ་འདག་པའི་ཚུལ་བསྟན་པ་དང་འདྲ་སྟེ། སྐད་ཅིག་མ་སྔ་ཕྱིའོ། །ཕྱི་མ་ལ་ཆོས་སྐུ་ཐོབ་ནས་སྨོན་ལམ་ཐུགས་རྗེའི་དབང་གིས་འགྲོ་དོན་མཛད་དེ། འགོག་པའི་ཏིང་ངེ་འཛིན་དང་གཉིད་སད་པའི་དཔེས། གཟུགས་སྐུར་ལངས་ཏེ་དོན་མཛད་པར་བཞེད་དོ། །འདིར་རྣམ་རིག་ལས་མཆོག་ཏུ་གྱུར་པ་དང་། རྣལ་འབྱོར་སྤྱོད་པ་ལས་དུས་འཕགས་པའི་ཁྱད་པར་མ་བརྗོད་དོ། །རྣལ་འབྱོར་མིག་གི་བསམ་གཏན་ཞེས་བྱ་བ་རྒྱ་ཆེར་འགྲེལ་བ་ལས། ཙེན་མན་རིམ་གྱིས་འཇུག་པའི་གཞུང་བསྟན་པའི་ལེའུ་སྟེ་བཞི་པའོ།། །།སྟོན་མུན་ཅིག་ཅར་འཇུག་པ་ཡང་། དཔེར་རི་རྒྱལ་རྩེ་མོར་ཕྱིན་ན་ཀུན་མཐོང་བའི་ཚུལ་གྱིས་ལྟ་བའི་ཐག་བཅད་པ་ཡང་། གཞལ་བྱ་དང་འཇལ་བྱེད་གདོད་ནས་མ་སྐྱེས་པའི་ཆོས་ཉིད་དུ། དོན་ཉིད་ཅིར་ཡང་མ་བཙལ་བ་ཉིད་ཀྱི་གོ་བར་འདོད་དེ། དོན་དེ་མཐོང་ན་རིའི་རྒྱལ་པོ་རི་རབ་ཀྱི་རྩེར་ཕྱིན་ན། རི་བྲན་མ་བལྟས་གསལ་བ་བཞིན་གོ་བར་བཞེད་དོ། །འོན་ཀྱང་བླ་མ་དང་ངེས་པའི་མདོ་སྡེ་ལ་མི་བརྟེན་པ་མ་ཡིན་ཏེ། དེ་ཉིད་ཀྱིས་རིག་པ་དང་ལུང་གིས་དེ་ལྟར་སྟོན་ཏེ། དེ་ལ་ལྟ་བས་ཐག་བཅད་པ་ལ་ཡང་གསུམ་སྟེ། བྱ་བ་ཐམས་ཅད་ལྟ་བ་རང་གི་ངོ་བོ། དང་བྲལ་བ་ལ་མཐའ་མེད་པར་ཐག་བཅད་པ་དང་། གཉིས་སུ་མེད་དོན་དམ་དེའི་ངོ་བོ། པར་དོན་དམ་གཅིག་པར་ཐག་བཅད་པ་དང་། དོན་དེར་ཐམས་ཅད་འདུས་པའི་འབྲས་བུ་ལ་རེ་ཐག་མེད་པར་ཐག་བཅད་པའོ། །དེ་ཡང་རིག་པ་དང་ལུང་གིས་བཤད་དེ། སེམས་ལོན་རིག་པས་བསྟེན། ལས། དང་པོར་ཐག་བཅད་པ་ནི། ཡུལ་ལ་མ་བརྟེན་པར་མི་སྐྱེ། སེམས་ལ་མ་བརྟེན་པར་ཡུལ་མི་སྣང་སྟེ། ཤེས་བྱ་དང་ཤེས་བྱེད་ཕན་ཚུན་ལྟོས་ཏེ། གྲུབ་པའི་སྣང་བ་མི་འགོག་པ་ནི་ཐབས་སྣང་ལ་ཡང་དག་པར་རང་བཞིན་མེད་པ་ནི་ཤེས་རབ་བོ། །ཞེས་འབྱུང་། མཁན་དང་པོ། པོ་ཀིན་སུམ་ཅུ་སོ་བཞིས་བསྟན། ཧུན་ཤེན་ཤེས་བཤད་པ་ལས། སེམས་མཉམ་ན་ཆོས་ཐམས་ཅད་ཀྱང་མཉམ་མོ། །ཡང་དག་པ་ཉིད་རིག་ན་སངས་རྒྱས་ཀྱི་ཆོས་མ་ཡིན་པ་གང་ཡང་མེད་དོ། །དོན་གོ་བའི་དུས་ན་ཡང་སྲེད་ཅིང་ཆགས་པ་མི་སྐྱེ། ཡང་དག་པའི་སྤྱོད་ཡུལ་ཉམས་སུ་མི་ལེན་པའི་ཚེ་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་ནི། ཡེ་ནས་མཉམ་པ་དམིགས་སུ་མེད་པའི་ཕྱིར་རོ། །མཁན་གཉིས་པ། པོ་ཛིང་ཤིན་ཤིས་བསམ་གཏན་ལས། དྲན་པའི་རྟོག་པ་མི་འབྱུང་བའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པས། རྟོགས་པ་མེད་པའི་ཤེས་རབ་སྐྱེ་སྟེ། དེས་ཁམས་གསུམ་ལས་འདས་པར་འགྱུར་རོ། །མཁན་གསུམ་པ། པོ་སྦབ་ཤན་ཤིས་བཤད་པ། རྣམ་པར་མི་རྟོག་པའི་དོན་ཅིག་ཅར་རིག་པ་ནི་སེང་གེའི་རྒྱལ་པོ་དང་འདྲ་སྟེ། སེང་གེའི་སྒྲ་བསྒྲགས་པས། སྤྱོད་པ་རྣམ་བཞི་བག་མི་ཚའོ། །མཁན་བཞི་པ། པོ་ཤེན་ཤེས་བཤད་པ། སེམས་གཅིག་མཉམ་ན་ཆོས་ཐམས་ཅད་མ་སྐྱེ་སྟེ། དེ་ནི་མྱ་ངན་ལས་འདས་པ་ཞེས་བྱའོ། །དའུ་ལྔ་པ། ཤན་ཤིས་བཤད་པ། སེམས་བཀྲུ་བ་ལ་ཆུ་མི་དགོས། སྦྱིན་པ་བཏང་བ་ལ་ནོར་མི་དགོས། ཡང་དག་པའི་སེམས་ཀྱི་དམ་པའི་ཆོས་བསྒྲུབ་ན། དྲང་པོར་འདུག་པས་དེ་བཞིན་གཤེགས་པ་འཐོབ་བོ། །མཁན་པོ་དྲུག་པ། ཐང་བཟང་ཤིན་ཤིས་བཤད་པ། ཆོས་གཅིག་རིག་ན་ཆོས་ཐམས་ཅད་མ་ལོག་པའོ། །དེ་ནི་ཡང དག་པའི་ཚོར་བ་ཞེས་བྱའོ། །དེ་ལྟར་ཚོར་ན་བག་ཆགས་ཀྱི་ཉོན་མོངས་པ་ཐམས་ཅད་མི་སྐྱེ་སྟེ། དཔེར་ན་ཆུ་ཁོལ་བའི་ནང་དུ་ཆུ་གྲང་བླུགས་ཏེ་ཁོལ་བ་བཞིན་ནོ། །མཁན་བདུན་པ། པོ་ཧན་ས་ཅི་ཤེན་ཤིས་བཤད་པ། ལམ་བསྒོམ་པས་སངས་རྒྱས་ཀྱིས་སངས་རྒྱས་ཉིད་བལྟས་ན། སངས་རྒྱས་མི་མཐོང་བས་གོམས་པ་གོམས་པས་སངས་རྒྱས་དང་ཉེ་བར་འགྱུར་རོ། །མཁན་བརྒྱད་པ། པོ་ཨ་རྒྱ་རག་ཤིས་བཤད་པ། ཐེག་པ་ཆེན་པོ་ལྟ་བས་ཆུད་པ་ནི། འཇིག་རྟེན་ན་འདུས་བྱས་ཐམས་ཅད་འདུས་མ་བྱས་སོ། །རྟོག་པ་ཐམས་ཅད་ནི་རྟོག་པ་མེད་པ། བསམ་པ་ཐམས་ཅད་ནི་བསམ་དུ་མི་རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཐོག་མ་ནས་རྣམ་པར་དག་ཅིང་མཉམ་པའི་ཕྱིར་རོ། །མཁན་དགུ་པ། པོ་ཀ་ལ་ཡན་པར་མས་བཤད་པ། ཅིག་ཅར་འཇུག་པ་ལ་ནི་ཐབས་དེ། ཆོས་ཉིད་ཀྱི་རང་བཞིན་ལ་བསྒོམ་མོ། །དེ་ལ་ཆོས་ནི་སེམས། སེམས་ནི་མི་སྐྱེས་པའོ། །མཁན་བཅུ་པ། པོ་བུ་ཆུས་བཤད་པ། མཚན་མའི་ཆོས་ཐམས་ཅད་ནི་མཚན་མ་མེད་ཅེས་ཀྱང་བགྱིད། དོན་ཉིད་མཐུན་པར་རྣམ་པར་མི་རྟོག་པ་ནི་བསམ་པ་ཡོད་ཅེས་འབྱུང་། སེམས་ལོན་ལས། སྣང་སྲིད་ཀྱི་ཆོས་ཐམས་ཅད་ནི་སེམས་ཡིན་ལ། སེམས་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ངང་ཡིན་ལ། ཆོས་ནི་རིས་སུ་ཆད་ཅིང་ངེས་པ་མེད་དེ་ཅི་ཡང་མ་ཡིན། ཅི་ཡང་མ་ཡིན་པའི་དོན་ལས་ཅི་ཡང་བསྟན་དུ་མེད་པས་མ་བཅོས། མ་བྱས། མ་བཀག་བས་མ་འབྲངས། རང་བྱུང་རང་ཞིར་བཞག་ཅིང་གཏན་ཚིགས་ཀྱི་རང་བཞིན་མེད་པར་རྟོགས་པ་དང་། རྟོགས་པ་བྱུང་ཚོར་ལན་རེ་ཡང་བཞིན་མེད་པར་རྟོགས་པས་གྲོལ་ཐར་ལན་རེའོ། །ཞེས་འབྱུང་། ཡང་སེམས་ཅི་འདྲ་བར་འདུག་པ་སེམས་ཀྱིས་སེམས་ཚོལ་ཅིག །སེམས་ཀྱིས་སེམས་མི་རྙེད་པར་འགྱུར་རོ། །སེམས་ཀྱིས་སེམས་མ་རྙེད་དང་མ་རྙེད་པ་ཉིད་དམིགས་སུ་མེད་པའོ། །ཞེས་འབྱུང་ངོ་། །མ་བཅུ་གཅིག །ཧཱ་ཡ་ནས་བཤད་པ། ཡོང་ལྟ་བས་ན་ཕྱི་ནང་གི་ཆོས་བདག་གི་ལུས་དང་སེམས་རང་བྱུང་དང་སྤྱིའི་མཚན་ཉིད་ཤེས་རབ་ཀྱི་སོ་སོར་ཕྱེ་སྟེ། རང་གི་མཚན་ཉིད་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྤྱིའི་མཚན་ཉིད་ནི་སྟོང་པ་དང་། བདག་མེད་པར་འཇལ་བར་བགྱིས་ནས་ཞེས་འབྱུང་བ། བསམ་བཅུ་གཉིས། གཏན་གྱི་མཁན་པོ་ཁ་ཤན་ཤིས་བཤད་པ། གལ་ཏེ་ཆོས་སོ་ཅོག་ཡུན་དུ་སྟོང་པར་ཤེས་ན་ཤེས་པ་དང་ཤེས་པའི་སྟོང་པར་ཤེས་པར་ནུས་པའི་ཡེ་ཤེས་ཀྱང་སྟོང་པ་སྟེ། དེ་བས་ན་ཡེ་ཤེས་ཀུན་ཀྱང་སྟོང་པ་ཡིན་པས། དེ་ནི་སྟོང་པ་ཉིད་ཀྱང་སྟོང་པ་ཡིན་བྱ་བར་ང་ཡང་མ་ཡིན་པ། །ནོ། །མཁན་བཅུ་གསུམ། པོ་ཛ་ན་ཤན་ཤིས་བཤད་པ། ཆོས་སོ་ཅོག་ལ་ཐོགས་པ་མེད་པ་ནི། ཆོས་ལམ་སྤྱོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མིག་གིས་གཟུགས་སོ་ཅོག་མཐོང་ན། མིག་གིས་གཟུགས་སོ་ཅོག་ཐོབ་པར་མི་རུང་། ཚོགས་དྲུག་ཆར་དེད་པ་འདྲ་བས། མདོ་སྡེ་ལས། ཅི་ཡང་ཐོབ་པ་མེད་པ་ནི། སངས་རྒྱས་ཀྱི་ལུང་སྟོན་ཏོ། །ཡང་ཆོས་སོ་ཅོག་ཐོབ་པར་ཐོབ་རྒྱུ་མེད། མི་རུང་བ་ཉིད་ཀྱང་ཐོབ་མེད་པ་ལ་མི་འགྲུབ། པར་མི་རུང་ངོ་། །མཁན་བཅུ་བཞི། པོ་ཡེན་ཤན་ཤིས་བཤད་པ། མིག་གིས་མཐོང་བའི་གནས་ཉིད་བདེན་པའི་མཐའ་ཡིན་ཏེ། ཆོས་སོ་ཅོག་ཀྱང་བདེན་པའི་མཐའ་ཡིན་ནོ། །དེ་ལས་གཞན་དུ་བཙལ་དུ་ཅི་ཡོད། མཁན་བཅོ་ལྔ། པོ་ཨ་ཤེན་ཤིས་བཤད་པ། སེམས་དྲང་པོ་ནི་ཆོས་ལམ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། །དྲང་པོར་ལྟ་བ། ཕྱེ། དྲང་པོར་བསྒོམ་པ། དྲན ། དྲང་པོར་སྤྱོད་སྤྱོད་པ། ན། དེ་ཡན་ཆད་སྟོང་པ་ལ་མི་སྤྱོད་ཅིང་ཐབས་མི་འཚོལ་བའི་ཕྱིར། དེ་ནི་གཏན་དུ་ཆོས་ལམ་སྤྱོད་པ་ཡིན་ནོ། །མདོ་སྡེ་ལས་ཀྱང་། དྲང་པོར་བལྟ་བ་ལ་ནི་མཐོང་ཡུལ་དུ། བ་མེད། །དྲང་པོར་ཐོས་པ་ལ་ནི་ཉན་གཞན་ལས། པ་མེད། །དྲང་པོར་དྲན་པ་ལ་ནི་སེམས་ཡུལ་ལ། པ་མེད། །དྲང་པོར་ལེན་པ་ལ་ནི་སྤྱོད་པ་མེད། །དྲང་པོར་བཤད་པ་ལ་ནི་འཕྲོ་བ་མེད། །མཁན་བཅུ་དྲུག །པོ་བོ་ལེན་ཤན་ཤིས་སྨྲས་པ། ཆོས་ཀྱི་ངོ་བོ་ཉིད་ལ་ཐེ་ཚོམ་མེད་གཉིས་པ་མེད་པས། དེ། ཅིག་ཅར་བསྒོམ་པ་ལ་ནི་ཐེ་ཚོམ་མ་ཟ་ཅིག །མདོ་སྡེ་ལས། ཆོས་སོ་ཅོག་ངོ་བོ་ཉིད་ཀྱི་སེམས་མེད་པའི་ཕྱིར། དེ་བཞིན་ཉིད་དོ། །དེ་བཞིན་ཉིད་ཀྱི་ཕྱིར་ངོ་བོ་ཉིད་ཀྱི་སེམས་མེད་དོ། །མཁན་བཅུ་བདུན། པོ་ཧང་ཤན་ཤིས་བཤད་པ། ཡོང་ཞིག་བྱེད་དོ་ཅོག་ཀུན་ཀྱང་དེ་བཞིན་ཉིད་དོ། །གཟུགས་མཐོང་བ་དང་། སྒྲ་ཐོས་པ་ཡང་དེ་བཞིན་ཉིད་དོ། །ཆོས་སོ་ཅོག་ཀྱང་དེ་བཞིན་ཉིད་དོ། །ཅིའི་ཕྱིར་ན། འགྱུར་བ་མེད་ཅིང་ཐ་དད་པ་མེད་པའི་ཕྱིར་རོ། །མདོ་ལུང་། སྡེ་ལས། སེམས་ཅན་ཡང་དེ་བཞིན་ཉིད། འཕགས་པ་ཡང་དེ་བཞིན་ཉིད། ཆོས་སོ་ཅོག་ཀྱང་དེ་བཞིན་ཉིད་ཡིན་ནོ། །མཁན་བཅོ་བརྒྱད། པོ་ཀག་ཤན་ཤིས་བཤད་པ། གལ་ཏེ་སེམས་ཅི་ལ་ཡང་མི་རྟོག་པ་གོ་ན། དེ་ཉིད་ཆོས་ལམ་གྱི་སྲོལ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མིག་གི་གཟུགས་སོ་ཅོག་མཐོང་བའི་ཚེ་ན། མིག་གི་ངོ་བོ་ཉིད་གྲོལ་ཐར་པའོ། །ཚོགས་དྲུག་ཆར་མཐུན་ཏེ། མདོ་ལུང་། ལས། ཆོས་སོ་ཅོག་ལ་གཏིང་མ་རྟོགས་པའི་ཕྱིར། གལ་ཏེ་ཆོས་སོ་ཅོག་གཅིག་པ་ཡིན་པའི་ཕྱིར་ན། དེ་གྲོལ་ཐར་བ་ཡིན་ནོ། །ཡིད་ཀྱི་ཆོས་ཡིན་སྤྱོད་ཡུལ་ཡང་ཆོས་ཡིན། ཆོས་ཀྱི་ཆོས་ལ་སྡིག་མི་བྱེད། བསོད་ནམས་མི་བྱེད་ན་རང་གྲོལ་ཐར་པའོ། །ཡང་ཆོས་ཀྱི་ཆོས་ལ་བཅིངས་པ་དང་། གྲོལ་ཐར་པ་མི་མཐོང་ངོ་། །མཁན་བཅུ་དགུ། པོ་ཤི་ཤན་ཤིས་བཤད་པ། ཆོས་སོ་ཅོག་ཐོགས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་སོ་ཅོག་ལ་ངེས་པ་མེད་པས། དེ་ཉིད་ཐེག་པ་མེད་ཅིང་ཞི་བ་རྫོགས་པ་ཡིན་པའི་ཕྱིར་ཏེ། ཆོས་སོ་ཅོག་ལ་ཟླ་མེད་པས། དེ་ཉིད་རང་གི་ངོ་བོ་གྲོལ་ཐར་པའོ། །ཅིའི་ཕྱིར་ན། མིག་གིས་གཟུགས་མཐོང་བའི་ཚེ་ན། མི་མཐོང་བ་མེད་ལ། ཡིད་ཀྱིས་རྣམ་པར་ཤེས་པའི་ཚེ་མི་ཤེས་པ་མེད། བསླད་པའི་ཚེ་ན་ཤེས་དོན། པ་མེད། ཤེས་འཁྲུལ། པའི་ཚེ་ན་བསླད་པ་མེད། རྨི་ཡང་དག་མེད། ལམ་གྱི་དེ་ཡིན་པར། ཚེ་ན་ཚོར་བ་མེད། ཚོར་བའི་མ་འཁྲུལ་པའི་དུས་ན། ཚེ་ན་རྨི་ལམ་མེད་པའི་ཕྱིར་རོ། །མདོ་ལུང་། ལས། ཕལ་པ་མང་པོས་སངས་རྒྱས་ཨ་ཤམ་མཐོང་གསལ་བར། ནས། ཕྱིས་དེ་ལས་གཞན་པའི་ཆོས། མ་མཐོང་བ་དང་། ཆོས་སོ་ཅོག་ལ་མིག་དང་རྣ་གཉིས་པ། བའི་ཟླ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐ་དད་མེད་པས། ཀུན་གཞི་ཡིད་ཉོན་ཡིད་སྒོ་ལྔ། ཀྱིས་ཆོས་མི་མཐོང་། ཆོས་ཀྱིས་ཆོས་མི་ཤེས་པའི་ཕྱིར་རོ། །ཡང་གཟུགས་ཀྱི་རྒྱུ་ལས་རྣམ་པར་ཤེས་པ་མ་སྐྱེ་ན། གཟུགས་མི་མཐོང་བ་ཡིན་ནོ། ། མཁན་ཉི་ཤུ། པོ་ཨཾ་ཤན་ཤིས་བཤད་པ། རིག་པ་ལ་གཙང་དམེ་མེད་དོ། །སེམས་ལ་མུན་པ་མེད་དོ། །སེམས་ཀྱིས་ཆོས་མི་ཤེས་ན། ཆོས་ཀྱིས་བདག་བཅིངས་ཀྱི། ཤེས་པ་ཡང་མེད་ལ། བསླད་པར་ཤེས་པ་མེད་དེ། དེ་ནི་ཤེས་པ་ཆེན་པོའོ། །མཁན་ཉེར་གཅིག །པོ་ཨིན་ཤན་ཤིས་བཤད་པ། གཞན་ལས་བཤད་པ་རྣམ་པར་ཤེས་པ་དྲུག་མི་བདེན་པའི་འདུ་ཤེས་ཡིན་ནོ། །རྣམ་བཞིས་བླང་དོར་བྱས་པ་དང་། དེའི་མིང་ནི་བདུད་ཀྱི་ལས་ཞེས་བྱའོ། །མཁན་ཉེར་གཉིས། པོ་ཆེན་པོས་བཤད་པ། འདུ་ཤེས་གཡོས་པའི་ཚེ་གཡོ་བ་མེད་ན་དེ་ཉིད་སངས་རྒྱས་ཀྱི་ཆོས་ཡིན་ནོ། །སེམས་ཡང་དག་པ་དང་མཉམ་སྙོམས་པ་དང་། བྱང་ཆུབ་ཀྱི་སེམས་ལ་འཇུག་པ་ཀྱང་ཆོས་ཀྱི་ངོ་བོ་ཉིད་དང་གཅིག་ཏུ་མཐུན་པ་སྟེ། བསླད་པའི་མི་ནི་རྣམ་པར་ཤེས་པ་དྲུག་གིས་མྱ་ངན་འཁྲུགས་པ་བྱེད་ཅེས་འཆད། མཁན་ཉེར་གསུམ། པོ་ཧྱའུ་གྱའུ་ཤན་གྱིས་བཤད་པ། སེམས་དང་རྣམ་པར་ཤེས་པའི་རང་བཞིན་ངོ་བོ་ཉིད་ཀྱི་ཡང་དག་པར་ཡིན་པར་རྟོགས་ན། སེམས་ཀྱི་དམིགས་པའི་གནས་སོ་ཅོག་སངས་རྒྱས་ཀྱི་ཞིང་དང་མྱ་ངན་ལས་འདས་པ་ཡིན་མ་རབས་ཀྱི་སེམས་སངས་རྒྱས་ཀྱི་ཕྱིར་འབྲོང་། ཏེ། སེམས་ཀྱི་ཡུལ་ལོ་ཅོག་ཏུ་རྟོགས་པས། སངས་རྒྱས་ཀྱི་ཡུལ་ལོ་ཅོག་ཏུ་རྟོག་པ་སངས་རྒྱས་ཆོས་མ་ཡིན་པ་མེད་དོ། །བསམ་ཉེར་བཞི། གཏན་གྱི་མཁན་པོ་ཤི་ཤན་གྱིས་བཤད་པ། མ་རབས་དང་། འཕགས་པའི་སྒོ་གཉིས་ཐོག་མ་མེད་པ་ནས་ལུགས་གཅིག་སྟེ། མ་རབས་ནི། འཕགས་པའི་རྒྱུ་ཞེས་བྱ་སྟེ། འཕགས་པ་ནི་མ་རབས་ཀྱི་འབྲས་བུ་ཞེས་བྱའོ། །རྒྱུ་དང་འབྲས་བུ་གཅིག་ལ་གཅིག་ལྟོས་པས། དགེ་མི་དགེ་ལས་མི་འདའ་སྟེ། དགེའོ་ཅོག་ནི་འཕགས་པའི་ཡེ་ཤེས་ལས་འབྱུང་། མི་དགེ་བ་ནི་བླུན་པོ་ལས་འབྱུང་ངོ་། །མདོ་སྡེ་ལས། ང་དང་གང་ཟག་མེད་མོས་ཀྱིས། །དགེ་དང་མི་དགེའི་ལས་མི་གཏོར། །ཞེས་པས། ཁྲིམས་རྩ་བ་ལྔ། ལྔ་བསྲུང་ན་ངེས་པར་མི་ལུས་ཐོབ་བོ། །སྟོང་པ་ལ་རྟོག་སྟེ། ཆོས་ལམ་སྤྱད་ན་ངེས་པར་དགྲ་བཅོམ་པའི་འབྲས་བུ་ཐོབ། མཁན་ཉེར་ལྔ། པོ་ཤི་ཤན་ཤིས་བཤད་པ། ཆོས་སོ་ཅོག་ཀུན་ཀྱང་སངས་རྒྱས་ཀྱི་ཆོས་ཡིན་པར་ཤེས་ན་དེ་ཉིད་ཆོས་ཀྱི་མིག་ཅེས་བྱ། །གཡོས་ཤིང་བྱས་སོ་ཅོག་ཀུན་བྱང་ཆུབ་ཡིན་པས་ཡང་དག་པའི་སེམས་བཞིན་དུ་སངས་རྒྱས་ཀྱི་ཆོས་ལམ་དུ་ཕྱིན་ཏེ་མི་དངངས་མི་སྐྲག་ན་གནས་སོ་ཅོག་ཀུན་ཀྱང་འདྲའོ། །མཁན་ཉེར་དྲུག །པོ་ཕག་དོ་ཤན་ཤིས་བཤད་པ། ཀུན་རྫོབ་ཀྱི་བདེན་པ་ཡོད་པས་སྟོང་པ་མ་ཡིན། དགྲ་བཅོམ་པའི་འབྲས་བུ་མེད་པས་ན་ཡོད་པ་མ་ཡིན་པ། བདེན་པ་གཉིས་ནི་གཉིས་ཀྱི་ཕྱིར་གཅིག་མ་ཡིན། འཕགས་པས་གཟིགས་ན་སྟོང་པས་ན་གཉིས་སུ་མེད་པའོ། །མཁན་ཉེར་བདུན། པོ་འཛི་ཤན་ཤེས་བཤད་པ། བསླད་པའི་མིས་ནི་སྡིག་མེད་པའི་ལས་སྡིག་ཏུ་མཐོང་ངོ་། །ཤེས་པའི་མིས་ནི་སྡིག་གི་གནས་ཉིད་ལ་སྡིག་མེད་པར་རིག་གོ། །མཁན་ཉེར་བརྒྱད། པོ་ཡན་ཤན་ཤེས་བཤད་པ། མདོ་སྡེ་དང་བཤད་པ་ཀུན་ཀྱང་སེམས་གཡོ་བའི་ཆོས་ཡིན་ནོ། །གལ་ཏེ་ཆོས་ལམ་གྱི་སེམས་གཡོས་པ་ཡིན་ན་ཡང་དེ་གཡོ་རྒྱུའི་སེམས་གཡོས་པའོ། །གཞན་ལྟ་སྨོས་ཀྱང་ཅི་དགོས། གལ་ཏེ་སེམས་མི་གཡོ་ན། བསམ་གཏན་བསྒོམ་ཅི་དགོས། གཡོ་རྒྱུའི་སེམས་མི་གཡོ་ན། དྲང་པོར་བསམ་ཞིང་ཉོན་མོངས་ཅི་དགོས། གལ་ཏེ་བྱང་ཆུབ་ཀྱི་སེམས་མི་གཡོ་ཞིང་ཤེས་རབ་དང་ཤེས་པ་མི་ཚོལ་ན་ལས་དང་དོན་ཐམས་ཅད་ཟད་དོ། །བསམ་ཉེར་དགུ། གཏན་གྱི་མཁན་པོ་ཧན་ཤན་ཤིས་བཤད་པ། སེམས་ནི་ཆོས་ལམ་གྱི་ངོ་བོ་ཡིན། ལུས་ནི་ཆོས་ལམ་གྱི་སྣོད་ཡིན། དགེ་བའི་བཤེས་གཉེན་ནི་རྐྱེན་གྱིས་བྱུང་བ་ཡིན་ནོ། །སེམས་བདེ་ན་ཡུལ་ཡང་བདེ་སྟེ། མཐའ་གཉིས་ལ་བླང་དོར་མེད་ན་ཁམས་བཅོ་བརྒྱད་ལ་བལྟའོ། །མཁན་སུམ་ཅུ། པོ་ཤན་ཤིས་བཤད་པ། བདག་གི་ཡིད་ཀྱི་ཡང་དག་པའི་ཆོས་ཤེས་ན། དེའི་དོན་ལ་ཟབ་མི་ཟབ་དང་། གཡོ་མི་གཡོ་མེད་དེ། ཆོས་ལམ་དང་མི་འགལ་བས་ཐོབ་པ་དང་། སྟོང་པའི་གནས་མི་མཐོང་ངོ་། །མཁན་སོ་གཅིག། པོ་ཧྱེ་ཁས་བཤད་པ། མཁས་ད་ལྟར་གྱི་ལྔ་ཕུང་ཉིད་ཡོངས་སུ་རྫོགས་པའི་མྱ་ངན་ལས་འདས་པར་ཤེས་ཤིང་། ལུས་དང་སེམས་ནི་སྤྱོད་དོ་ཅོག་དང་ལྡན་པ་ནི། གཞུང་ཆེན་པོ་དང་ལྡན་པ་ཡིན་ཏེ། གལ་ཏེ་དེ་ལྟར་ཤེས་ན་མྱ་ངན་གྱི་ནང་ན་རྣམ་པར་དག་པའི་རིན་པོ་ཆེས་མཐོང་ཞིང་སེམས་ཅན་ཐམས་ཅད་ཀྱི་མུན་པ་བསལ་བར་ཡང་བྱེད་དོ། །མཁན་སོ་གཉིས། པོ་ལང་ཤན་ཤིས་བཤད་པ། ཆོས་རྣམས་ཀྱི་དོན་རིག་ན་བདེན་པ་ན་མཐུན་པ་དང་། ཐ་དད་པ་ཡང་མེད་དོ། །མངོན་པ་དང་མི་མངོན་པའི་ཚིག་ནི། བཙུམས་མ་འཕྲོ། པ་དང་། ཕྱེ་འཕྲོ། བ་མེད་པ་རྣམ་པ་གཉིས་ཡོད་དེ། བཙུམས་པའི་དོན་ནི་སེམས་གཡོ་བ་མི་མཐོང་། སྤྱོད་པ་དང་ཤེས་པ་ལ་མི་རྟོག་ཅིང་བྱེད་དོ་ཅོག་ལའང་མི་གནས་ཏེ། ངོ་བོ་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་ལ་གནས་པའོ། །སེམས་ཕྱེ་ན་ཡུལ་གཞན་ལ་གཏོགས་པ་ཏེ། དེ་ནི་ཁེ་གཡོགས་ཀྱི་རྒྱུ་འབྲས་གཉིས་མེད་འབྲེལ་བ། མན་ངག་ཅེས་ཀྱང་བྱ་སྟེ། རྒྱུ་དང་འབྲས་བུར་འདུས་པའོ། །ཡིན་པ་དང་མ་ཡིན་པས་བཅིངས་པ་རང་དབང་མ་ཐོབ་ཕྱེ་བའི་དོན་ཞེས་བྱའོ། །མཁན་སོ་གསུམ། པོ་མ་ཧཱ་ཤན་ཤིས་བཤད་པ། ཤེས་པའི་ཚེ་ན་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའང་མི་སྟོང་པ་འབའ་ཞིག་ཡོད་དུ་ཟད་ཀྱི། བདེན་པར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐོབ་པ་མེད་དོ། །རྒྱ་ལུང་ཆེན་པོ་ལས། གལ་ཏེ་མི་བདེན་པ་སྤངས་ཏེ། ཡང་དག་པ་ལ་ཕྱོགས་ཤིང་རྟོག་པ་སྤངས་འདོད་པ་མེད། ཏེ། ལྷམ་མེར་གནས་པ་བདག་དང་གཞན་ཡང་མེད། མ་རབས་དང་། འཕགས་པ་ཡང་མཉམ་ཞིང་གཅིག་སྟེ། མི་འགྱུར་བརྟན་པར་གནས་ན། དེ་ཕན་ཆད་ཡི་གེ་བསྟན་པའི་རྗེས་སུ་མི་འབྲང་ཐ་སྙད་ཀྱི་རྗེས་སུ། ངོ་། །ཡང་ལོ་རྒྱུས། མི་ཞིག་གིས་སྨྲས་པ། ཆོས་སོ་ཅོག་ཡོད་པ་མ་ཡིན་ནོ། །བཤད་པ་ཁྱོད་ཀྱིས་མེད་པར་མཐོང་ངམ། ཡོད་པ་ལས་མེད་པར་གྱུར་ན། མེད་པ་ལས་ཡོད་ལྟོས་པ་ཡོད་པའི་ཕྱིར། པར་འགྱུར་པས། དེ་ཉིད་ཁྱོད་ཀྱིས་ཡོད་པའོ། །མི་ཞིག་གིས་སྨྲས་པ། བདག་གིས་ཆོས་སོ་ཅོག་མ་སྐྱེས་པར་མཐོང་ངོ་། །བཤད་པ་ཁྱོད་ཀྱིས་མ་སྐྱེས་པ་མཐོང་ངམ། སྐྱེས་པ་ལས་སྐྱེས་པར་འགྱུར་ན། མ་སྐྱེས་པ་ལ་སྐྱེས་པར་འགྱུར་པས། དེ་ཉིད་ཁྱོད་ཀྱིས་སྐྱེས་པའོ། །ཡང་སྨྲས་པ། བདག་གི་ཆོས་སོ་ཅོག་ལ་སེམས་མེད་པར་མཐོང་ངོ་། །བཤད་པ་ཁྱོད་ཀྱིས་སེམས་མེད་པར་མཐོང་ངམ། སེམས་ལས་མེད་པར་གྱུར་ན། སེམས་མེད་པ་ལས་ཡོད་པར་གྱུར་པས། དེ་ཉིད་ཁྱོད་ཀྱི་སེམས་ཡིན་ནོ། །མཁན་སོ་བཞི། པོ་ཆེན་པོས་བཤད་པ། མི་ཤེས་ན་མི་ཆོས་ཡུལ་ཤོལ་ཤེས་ཕར་འབྲེང་། ལ་འབྲང་། ཤེས་ན་ནི་ཆོས་ཡུལ་རང་ཤེས་པའི་ཕྱིར་འོང་ངོ་། །མི་ལ་འབྲང་ངོ་། །ཤེས་ན་ནི་རྣམ་པར་ཤེས་པ་རྟོག་མེད་དུ། གཟུགས་སུ་འདུ། བསླད་ན་ནི་གཟུགས་རྣམ་པར་རྟོག་པ་ལ། ཤེས་པ་ལ་འདུའོ། །གཟུགས་ཀྱི་རྒྱུ་ལས་རྣམ་པར་ཤེས་པ་བསྐྱེད་པ་མ་ལགས་ཏེ། དེ་ནི་གཟུགས་མི་མཐོང་ཕྱི་རོལ་དངོས་པོ་མེད། བ་ཞེས་བྱ། ཞེས་འབྱུང་ངོ་། །དེ་ཉིད་ལས་བཤད་པ། འཕགས་པའི་མི་སེམས་བཟང་པོ། ནམ་མཁའ་སྟོང་པ་དང་འདྲ་སྟེ། སྐྱེ་འགག་མེད་པར་མཐོང་བ་ནི་བྱང་ཆུབ་སེམས་ཞེས་བྱ་ལ། སེམས་ནམ་མཁའ་སྟོང་པ་དང་འདྲ་ན་བྱང་ཆུབ་ཀྱང་མེད་དོ། །མདོ་ལས། གང་ལ་ལ་ཞིག་གི་ཤེས་རབ་ཀྱི་མིག་གིས་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་མཐོང་ན་དེ་ནི་སངས་རྒྱས་མཐོང་བའོ། །ཞེས་འབྱུང་བ་ནི། དགེ་སློང་མ་ཨུཏྤ་ལའི་ཟུ་སྐུར། མདོག་ལྟ་བུའམ། རབ་འབྱོར་སྟོང་པ་བསྒོམ། ལྟ་བུའོ། །སེམས་ལོན་ལས། ཀུན་རྫོབ་དོན་དམ་དབྱེར་མེད་ན། །ཀུན་རྫོབ་ཁོ་ནར་བདག་གིས་སྨྲ། །དོན་དམ་ཡང་དག་བདག་མི་འཆད། །ཆོས་རྣམས་ཐམས་ཅད་གྲུབ་མེད་ན། །ཐུགས་རྗེ་ཡེ་ཤེས་ཅི་ལས་སྐྱེས། །སྐྱེ་མེད་འགག་མེད་ཡོང་ཤེས་ན། །མ་སྐྱེས་ཡེ་ཤེས་ལྡན་ཞེས་བྱ། །ཞེས་འབྱུང་། ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་བསྒོམ་པའི་རིམ་པ་ལ་རྫོགས་པ་སྟེ་གོང་དུའང་ཤེས་པར་བྱའོ། །མཛད་པའི། འཇིག་རྟེན་ཐམས་ཅད་ཡོངས་བཏང་སྟེ། །རྡུལ་ཙམ་འཛིན་པའི་སེམས་མེད་པས། །སྦྱིན་པའི་ཕ་རོལ་ཕྱིན་པ་རྫོགས། །ཉེས་པ་རྡུལ་ཙམ་མི་འབྱུང་བས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པ་རྫོགས། །ཆོས་ཀྱི་དབྱིངས་ལ་བཟོད་པས་ན། །བཟོད་པའི་ཕ་རོལ་ཕྱིན་པ་རྫོགས། །དེ་ཉིད་དོན་ལས་མི་གཡོ་བས། །བརྩོན་འགྲུས་ཕ་རོལ་ཕྱིན་པ་རྫོགས། །མཉམ་ཉིད་མི་གཡོ་བདག་མེད་པས། །བསམ་གཏན་ཕ་རོལ་ཕྱིན་པ་རྫོགས། །དམིགས་མེད་དོན་ལ་རང་རིག་པས། །ཤེས་རབ་ཕ་རོལ་ཕྱིན་པ་རྫོགས། །ཞེས་པ་ལ་སོགས་པའི་རིག་པ་རྒྱ་ཆེར་འབྱུང་ངོ་། །ལུང་གི་ལྟ་བ། གཏན་ཚིགས་མདོ་དག་ལས་འབྱུང་བ་ཉུང་བ་ཙམ་གསོལ་ཏེ་ཡིད་ཆེས་པར་བྱ་བའི་ཕྱིར་རོ། །དེ་ཡང་ཆོས་འབྱུང་བ་མེད་པའི་མདོ་ལས། འདོད་ཆགས་མི་དམིགས་དེ་བཞིན་ཞེ་སྡང་དང་། །གཏི་མུག་འདི་ལ་ནམ་ཡང་མི་དམིགས་ཏེ། །ཆོས་རྣམས་ཀུན་ཀྱང་ནམ་མཁའ་འདྲ་བ་ཞེས། །དེ་ལྟར་གང་ཤེས་དེ་ནི་རྒྱལ་བར་འགྱུར། །ལྟ་དང་ལྟ་མེད་གཉི་ག་ཚུལ་གཅིག་སྟེ། །མཉམ་དང་མི་མཉམ་དེ་བཞིན་མཉམ་པ་ཡིན། །འཇམ་དཔལ་གསང་བའི་མདོ་སྡེ་ལས། མཁས་པ་ཅུང་ཟད་མི་རྟོག་སྟེ། །སྟོང་པ་ཇི་བཞིན་སྤྱོད་ཡུལ་ལོ། །རྟོག་པ་མེད་པ་མྱ་ངན་འདས། །རང་གི་རང་བཞིན་དེ་ཤེས་པས། །དེ་ནི་ཡེ་ཤེས་ལྡན་ཞེས་བྱ། །དེ་ནི་རྟོག་མེད་ཡེ་ཤེས་སོ། །ཡེ་ཤེས་ཀྱི་ནི་ཡེ་ཤེས་བརྗོད། །ཡེ་ཤེས་བརྗོད་པ་རྣམས་ཀྱང་ཡང་དག་ཏུ་གྲུབ་པ་མེད། གསོག །ཡེ་ཤེས་འདི་ལྟ་གང་བརྗོད་པ། །དེ་ནི་ཡེ་ཤེས་ལྡན་ཞེས་བྱ། །པུནྡ་རི་ཀའི་མདོ་ལས། བླ་ན་མེད་པའི་རིན་པོ་ཆེ་ནི་མི་བཙལ་བར་རང་ལས་རྙེད་པར་འགྱུར་རོ། །ཡང་དག་ཡེ་ཤེས་ཞེས་བརྗོད་པའི། །ཡེ་ཤེས་བརྗོད་པ་ཉིད་ཀྱང་གསོག །རིན་པོ་ཆེ་མཐའི་མདོ་ལས། བཅོམ་ལྡན་འདས་བསྒོམ་པ་ཞེས་བྱ་བ་དེ་ནི། བསྒོམ་དུ་མ་མཆིས་པའི་ཚིག་བླ་དྭགས་སོ། །འཇམ་དཔལ་སྤྲུལ་པའི་ལེའུ་ལས། ལྷའི་བུས་སྨྲས་པ། འཇམ་དཔལ་མཉམ་པ་ཉིད་ལ་མི་མཉམ་པ་གང་ཡང་མེད་དོ། །འཇམ་དཔལ་གྱིས་སྨྲས་པ། མཉམ་པ་ཉིད་གང་དང་མཉམ་པ་དེ་དང་མཚམས་མེད་པ་མཉམ་མོ། །དཀོན་མཆོག་བརྩེགས་པ་ལས། འོད་སྲུངས་སེམས་ནི་ཕྱི་ནའང་མེད་ནང་ནའང་། གཉི་ག་མེད་པ་ལ་མི་དམིགས་པ། ཀུན་ནས་སྒོའི་ལེའུ་ལས། འདོད་ཆགས་ནམ་མཁའ་འདྲ་བས་ན། །སུ་ལའང་དེ་ལ་གྲོལ་བ་མེད། །གྲོལ་ཞིང་རྣམ་གྲོལ་ཕུན་སུམ་ཚོགས། །ཆོས་རྣམས་མྱ་ངན་འདས་དང་འདྲ། །འགྱོད་ཚངས་ལས། ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །འདི་ནི་འགྱོད་ཚངས་མཆོག་ཡིན་ནོ། །འབྱུང་བ་མེད་པའི་མདོ་ལས། འཇམ་དཔལ་གང་གིས་ཆོས་ཐམས་ཅད་སྐྱེ་བ་དང་། འཇིགས་པ་བྲལ་ཞིང་། ཤེས་པ་དང་མི་ཤེས་པ་དང་བྲལ་བ་སྟེ། རང་བཞིན་གྱི་སྟོང་པར་མཐོང་དབང་པོ་ལྔ་ཡང་དེ་ཉིད་ལ་རྫོགས་པར་བསྟན། ན། དེ་ནི་ཤེས་རབ་ཀྱི་དབང་པོའོ། །འཇམ་དཔལ་ཆོས་ཐམས་ཅད་རང་བཞིན་གྱིས་མ་བྱུང་བའི་ཕྱིར། མ་སྐྱེས་པར་མཐོང་ན་དེ་ནི་དད་པའི་དབང་པོའོ། །འཇམ་དཔལ་གང་གིས་ཉེ་བ་དང་རིང་བའི་འདུ་ཤེས་དང་བྲལ་བའི་ཕྱིར། ཆོས་ཐམས་ཅད་ལ་མི་སེམས་གཏོང་ན། དེ་ནི་བརྩོན་འགྲུས་ཀྱི་དབང་པོའོ། །འཇམ་དཔལ་གང་ཆོས་ཐམས་ཅད་ལ་མི་སེམས་པ་འདི་ནི་ཏིང་ངེ་འཛིན་གྱི་དབང་པོའོ། །ཡང་འཇམ་དཔལ་གང་གིས་ལུས་ནམ་མཁའ་དང་མཉམ་པར་མཐོང་ན། དེ་ནི་ལུས་ལ་ལུས་ཀྱི་རྗེས་སུ་བལྟ་བའི་དྲན་པ་ཉེ་བར་བཞག་པའོ། །འཇམ་དཔལ་གང་གིས་ཚོར་བ་ཕྱི་ནང་གཉི་ག་མེད་པར་མི་དམིགས་ན། དེ་ནི་ཚོར་བ་ལ་ཚོར་བའི་རྗེས་སུ་བལྟ་བའི་དྲན་པ་ཉེ་བར་བཞག་པའོ། །འཇམ་དཔལ་གང་གིས་སེམས་ཅན་མིང་ཙམ་དུ་ཤེས་ན། དེ་ནི་སེམས་ཀྱིས་སེམས་ཀྱི་རྗེས་སུ་བལྟ་བའི་དྲན་པ་ཉེ་བར་བཞག་པའོ། །འཇམ་དཔལ་གང་གིས་དགེ་བའི་ཆོས་ལ་དམིགས་ན། དེ་ནི་ཆོས་ལ་ཆོས་ཀྱི་རྗེས་སུ་བལྟ་བའི་དྲན་པ་ཉེ་བར་བཞག་པ་ཞེས་བྱའོ། །ཡང་འཇམ་དཔལ། གང་གིས་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་རྫོགས་པར་བསྟན། ཆོས་ཐམས་ཅད་ལ་མི་མཉམ་པ་མེད་ཅིང་གཉིས་སུ་མེད་དེ་བྱར་མེད་པར་མཐོང་བ་འདི་ནི་ཡང་དག་པའི་བལྟ་བའོ། །འཇམ་དཔལ་གང་གིས་ཆོས་ཐམས་ཅད་མཐོང་བ་མེད་པའི་ཚུལ་གྱིས། བརྟག་ཏུ་མེད་ཅིང་རྣམ་པར་བརྟག་ཏུ་མེད་པ། ཡོངས་སུ་བརྟག་ཏུ་མེད་པར་མཐོང་བ་འདི་ནི་ཡང་དག་པའི་རྟོག་པའོ། །འཇམ་དཔལ་གང་གིས་བརྗོད་དུ་མེད་པར་མཉམ་པ་ཉིད་ཤིན་ཏུ་བསྒོམ་པའི་ཕྱིར། ཆོས་ཐམས་ཅད་བརྗོད་དུ་མེད་པར་མཐོང་བ་འདི་ནི་ཡང་དག་པའི་ངག་གོ། །འཇམ་དཔལ་གང་གིས་བྱེད་པ་མི་དམིགས་པའི་ཕྱིར་བྱ་བ་མེད་ཅིང་བྱེད་པ་མི་དམིགས་པར་མཐོང་བ་འདི་ནི་ཡང་དག་པའི་ལས་ཀྱི་མཐའ་འོ། །འཇམ་དཔལ་གང་འཚོ་བ་མཉམ་པ་ཉིད་ལ་གནས་པའི་ཕྱིར། ཆོས་ཐམས་ཅད་མི་ལྕོགས་མི་བྲི་བ་འདི་ནི་ཡང་དག་པའི་འཚོ་བའོ། །འཇམ་དཔལ་བཙལ་བ་མེད་ཅིང་བསྒྲུབ་པ་མེད་པའི་ཚུལ་གྱིས། ཆོས་ཐམས་ཅད་ཡོངས་སུ་བསྒྲུབ་པ་མེད་པ་འདི་ནི། ཡང་དག་པའི་རྩོལ་བའོ། །འཇམ་དཔལ་གང་དྲན་པའི་ལས་ཀྱིས་དབེན་པའི་ཕྱིར། ཆོས་ཐམས་ཅད་ཡིད་ལ་མི་བྱེད་ཅིང་དྲན་པ་མེད་པ་འདི་ནི་ཡང་དག་པའི་དྲན་པའོ། །འཇམ་དཔལ་ཆོས་ཐམས་ཅད་མི་དམིགས་པའི་ཕྱིར། རང་བཞིན་གྱི་མཉམ་པར་བཞག་ཅིང་འཁྲུལ་པ་མེད་པ་ལ། དམིགས་པར་མཐོང་བ་ནི་ཡང་དག་པའི་ཏིང་ངེ་འཛིན་ཏོ། །ཞེས་པ་རྒྱ་ཆེར་འབྱུང་ངོ་། །འབྱུང་བ་མེད་པ་ལས། སྡིག་སེམས་མུ་སྟེགས་ཅན་གྱིས་གང་བརྗོད་དང་། སངས་རྒྱས་རྣམས་ཀྱིས་གསུངས་བཀའ་སྩལ་པ་དེ་དག་ཐ་དད་ཚུལ་འགྱུར་མེད་པ་སྟེ། དེ་ལྟར་ཤེས་ན་དེ་ནི་མགོན་པོར་འགྱུར། མདོ་དེ་ཉིད་ལས། འཇམ་དཔལ་སེམས་ཅན་ཐམས་ཅད་བྱང་ཆུབ་སྙིང་པོ་ཞེས་བྱ་བ་འདི་ནི། ཆོས་ཐམས་ཅད་ཞི་བའི་སྙིང་པོའོ། །ཆོས་ཐམས་ཅད་སྐྱེ་བ་མེད་པའི་སྙིང་པོའོ། །ཆོས་ཐམས་ཅད་བཟུང་དུ་མེད་པའི་སྙིང་པོའོ། །འཇམ་དཔལ་དེ་ནི་བྱང་ཆུབ་སྙིང་པོའི་ཚིག་གོ། །དྲི་མ་མེད་པར་གྲགས་པ་ལས། རིགས་ཀྱི་བུ་བྱང་ཆུབ་ཀྱི་སྙིང་པོ་ཞེས་བྱ་བ་དེ་ནི་བཅོས་མ་མ་ཡིན་པའི་ཕྱིར་བསམ་པའི་སྙིང་པོའོ། །རྩོལ་བ་ལས་བསྒྲལ་བའི་ཕྱིར་དེ་ནི་སྦྱོར་བའི་སྙིང་པོའོ། །ཁྱད་པར་ཁོང་དུ་ཆུད་པའི་ཕྱིར། དེ་ནི་ལྷག་པའི་བསམ་པའི་སྙིང་པོའོ། །ཡང་དག་པར་མི་བརྗེད་པའི་ཕྱིར། བྱང་ཆུབ་སེམས་ཀྱི་སྙིང་པོའོ། །དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས། དེ་བཞིན་གཤེགས་པའི་སྐུ་སྤྱན་དང་ལྡན་པ། ཡེ་ཤེས་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་ན་ཇི་བཞིན་མི་གཡོ་བར་བཞུགས་སོ། །ལང་ཀའི་མདོ་ལས། དེ་བཞིན་གཤེགས་པའི་སྙིང་པོ་དེ་རང་བཞིན་འོད་གསལ་བ། རྣམ་པར་དག་པ། ཐོག་མ་ནས་རྣམ་པར་དག་པ་ཉིད། མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་སེམས་ཅན་གྱི་ལུས་ཀྱི་ནང་ན་མཆིས་པའོ། །པར་ན་པན་གྱི་མདོ་ལས། སངས་རྒྱས་ཀྱི་ཆོས་བཤད་པར་ཤེས་ན། ཐོས་པ་མང་པོའི་མཆོག་གོ། །ཤེས་རབ་ཀྱི་མདོ་ལས། དེ་བཞིན་གཤེགས་པའི་ཤེས་རབ་དང་། །ཆོས་ཀྱི་མཚན་ཉིད་རོ་གཅིག་གཟིགས། །འབྱུང་བ་མེད་ལས་ཐམས་ཅད་འབྱུང་། །འདོད་ཆགས་མྱ་ངན་འདས་པར་གསུངས། །ཞེ་སྡང་གཏི་མུག་དེ་བཞིན་ཏེ། །བྱང་ཆུབ་དེ་དག་གནས་ཉིད་ཡིན། །སངས་རྒྱས་བྱང་ཆུབ་བསམ་མི་ཁྱབ། །ཅེས་པ་ནས། བྱང་ཆུབ་མཆོག་རབ་ཐོབ་པར་སུ་འདོད་པ། །དེ་ནི་འདོད་ཆགས་ཆོས་ལ་བརྟག་མི་བྱ། །འདོད་ཆགས་ཆོས་ཀྱི་མཚན་ཉིད་གང་ཡིན་པ། །སངས་རྒྱས་ཡོན་ཏན་བསམ་གྱིས་མི་ཁྱབ་པ། །གང་ཞིག་སངས་རྒྱས་ཆོས་ལ་མི་འཇུག་ཅིང་། །སེམས་ཅན་བྱང་ཆུབ་སྐྱེ་བ་མེད་པ་དང་། །སེམས་ཅན་སངས་རྒྱས་བྱང་ཆུབ་གཉིས་མེད་པར། །ཤེས་པར་གྱུར་ན་དེ་ནི་མགོན་པོར་འགྱུར། །ཞེས་པ་ལ་སོགས་པ་མང་དུ་གསུངས་སོ། །ཟླ་བ་མར་མེའི་མདོ་ལས། གང་ཞིག་ཆོས་གཅིག་ཉམས་སུ་ལྡན་ན། ཡོན་ཏན་གྱི་ཚོགས་ཐམས་ཅད་རྫོགས་པར་འགྱུར་རོ། །དེས་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱའོ། །ཆོས་གཅིག་ཅེས་པ་གང་ཞེ་ན། ཐམས་ཅད་ལ་ངོ་བོ་ཉིད་ཀྱིས་དེ་བཞིན་དུ་རིག་ན། ཆོས་ཐམས་ཅད་གྲགས་པ་མེད་པས་ན། སྒྲ་ཀུན་སྤངས་པ་མེད་པ་ཡིན། ཞེས་འབྱུང་། རྡོ་རྗེ་ཏིང་ངེ་འཛིན་གྱི་མདོ་ལས། སེམས་སྟོང་པ་ཉིད་དུ་མི་གཡོ་ན། ཕ་རོལ་ཏུ་ཕྱིན་པ་དྲུག་དེར་འདུས་སོ། །གཙུག་ཏོར་ཆེན་པོ་ལས། རྡུལ་སྙེད་ཀྱི་བསྐལ་པར་དམ་པའི་ཆོས་ཀྱི་མདོ་སྡེ་འདྲི་ཀློག་ཅིང་ཁ་ཏོན་བྱས་པ་བས། ཉིན་གཅིག་གམ་མཚན་གཅིག་ཟག་པ་མེད་པའི་ཡེ་ཤེས་བསྒོམ་བསྒོམ་པའི་ཡོན་ཏན་གང་དུ་བལྟ་བས་ཤེས་པར་བྱའོ། ། ན། བསོད་ནམས་དཔག་ཏུ་མེད་པ་འཐོབ་བོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེ་ཤི་ལས་ཡུན་དུ་བྲལ་བར་འགྱུར་བའི་ཕྱིར། རྡོ་རྗེ་གཅོད་པ་ལས། རབ་འབྱོར། འདས་པའི་སེམས་ཀྱང་དམིགས་སུ་མེད། མ་འོངས་པ་དམིགས་སུ་མེད། ད་ལྟར་བྱུང་བའི་སེམས་ཀྱང་དམིགས་སུ་མེད་དོ། །དཀོན་མཆོག་བརྩེགས་པ་ལས། སངས་རྒྱས་ཀྱི་འདུ་ཤེས་མེད། དགེ་འདུན་གྱི་འདུ་ཤེས་ན་ཡང་དག་པའི་མཆོད་པའོ། །སངས་རྒྱས་མཛོད་ལས། ཆོས་ལ་འདུ་ཤེས་མེད་པའི་ཚད་མེད་པའི་ཡེ་ཤེས་ཀྱིས་ན་གདོད་ཤེས་པར་རུང་སྟེ། བསམ་པ་དང་སྤྱོད་པ་ནི་ཤེས་པར་ནུས་པ་མ་ཡིན་ནོ། །ལང་ཀར་གཤེགས་པ་ལས། ནམ་བྱང་ཆུབ་སེམས་དཔའ་ནང་གི་སོ་སོ་རང་གི་ཡིད་མི་མཐོང་ཞིང་། ཆོས་ཀྱང་མ་ཡིན་ན། ཡིད་ཀྱི་རྣམ་པར་ཤེས་པ་ཡང་མི་མཐོང་ཞིང་། དེ་ཡང་དག་པར་ཇི་ལྟ་བ་བཞིན་ནོ། །དེ་ནི་དོན་དམ་པ་ལ་མཁས་པ་ཞེས་བྱའོ། །དཀོན་མཆོག་བརྩེགས་པའི་མདོ་ལས། ལ་ལས་དུག་ཟོས་འཆི་བར་མི་འགྱུར་བ། །མེ་དག་བཟུང་ཡང་འཚིག་པར་མི་འགྱུར་ལ། །གང་དག་ཡེ་ཤེས་སྤྱོད་པ་བརླབས་པ་སྟེ། །བྱིས་པས་སྤྱོད་པས་མི་ཕྲོགས་སྨོས་ཅི་དགོས། །ཤེས་རབ་ཕ་རོལ་ཕྱིན་པའི་མདོ་ལས། བློ་གྲོས་མཐའ་ཡས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་དེ་ལྟར་ཆོས་ཐམས་ཅད་ལ་རྟོགས་པར་བྱེད་པའི་ཚེ། ཆོས་ཐམས་ཅད་ལ་ཆོས་ཀྱི་སྣང་བ་ཐོབ་པས་སྟོང་པ་ཉིད་ལ་སྟོང་པ་ཉིད་དུ་མི་བལྟའོ། །སྟོང་པ་ཉིད་ལས་ལོགས་ཅི་ན་ཡང་སྟོང་པ་ཉིད་བལྟའོ། །དེ་ཉིད་ལས། ཆོས་ཀྱི་དབྱིངས་ཞེས་གང་བཤད་པ། །དམིགས་མེད་དབྱིངས་མེད་པ་ཡང་མིན། །ཆོས་ཀྱི་དབྱིངས་ཞེས་རབ་བསྟན་ཡང་། །ཡང་དག་པར་ནི་དམིགས་སུ་མེད། །དོན་འདིར་རབ་ཏུ་སེམས་་པའི་ཚེ། །དམིགས་སུ་མེད་པར་རབ་སེམས་ཤིང་། །རྣམ་རྟོག་རྣམས་ནི་སྤང་བའི་ཕྱིར། །ཆོས་ཀྱི་སྣང་ཆེན་ཐོབ་པར་འགྱུར། །ཡང་བཙུན་པ་ཁྱོད། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལ་ཀུན་རྫོབ་དང་དོན་དམ་པ་ཡོད་པར་འདོད་དམ། སྨྲས་པ་འཇམ་དཔལ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལ་ཀུན་རྫོབ་དང་དོན་དམ་པ་དམིགས་སུ་མེད་དོ། །འཇམ་དཔལ་གྱིས་སྨྲས་པ། བཙུན་པ་འོ་ན་ཀུན་རྫོབ་དང་རྣམ་པར་བཞག་པས་སེམས་རྣམ་པར་གྲོལ་བར་སྟོན། འཇམ་དཔལ་ནམ་ཡང་སེམས་རྣམ་པར་གྲོལ་བ་ཅི་ཡང་མེད་དམ། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་སེམས་ཤིག་ནང་ངམ་ཕྱི་རོལ་ལམ་གཉིས་ཀའི་བར་ན་དམིགས་སུ་ཡོད་ན་ནི་སེམས་རྣམ་པར་གྲོལ་བར་འགྱུར་བ་ཞིག་ན། བཙུན་པ། སེམས་ནི་ནང་ངམ་ཕྱི་རོལ་ཞིག་ནའམ། གཉི་ག་མེད་པར་དམིགས་སུ་མེད་པས། དེ་ལ་བཅིངས་པའི་རྣམ་པར་གྲོལ་བ་ཅི་ཡང་མེད་དོ། །དེ་ཉིད་ལས་ལྷའི་བུ་གཞན་ཡང་གང་གི་ཚེ། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་མིག་གིས་རྣམ་པར་སྦྱངས་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་མཐོང་སྟེ། ཇི་ལྟར་ཆོས་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་བ་དེ་ལྟར་མཐོང་ཞིང་། གང་གི་ཚེ་ཆོས་གང་ཡང་ཡང་དག་པར་རྗེས་སུ་མཐོང་བ་དེའི་ཚེ། ཅི་ཡང་མ་ཡིན་པར་འགྱུར་རོ། །ཡང་ཤཱ་ར་དྭ་ཏིའི་བུས་སྨྲས་པ། སྡིག་ཅན། བྱང་ཆུབ་གང་ལས་བཙལ་བར་བྱ། སྨྲས་པ། བཙུན་པ། དེ་ནི་འཇིགས་ཚོགས་ལ་ལྟ་བ་ལ་གནས་པ་དང་། མ་རིག་པ་དང་། སྲེད་པའི་སྲེད་པ་ཀུན་སྦྱོར་བ་དང་། ཕྱིན་ཅི་ལོག་གིས་ཀུན་ནས་དཀྲིས་པ་དང་། སྒྲིབ་རང་གི །པ་དག་ནས་བྱང་ཆུབ་བཙལ་བར་བྱའོ། །སྨྲས་པ། སྡིག་ཅན་ཁྱོད་ཅི་ལས་བསམས་ཏེ་དེ་སྐད་སྟོན། བཙུན་པ། ཆོས་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་ན། དེ་ཉིད་བྱང་ཆུབ་ཡིན་པའི་ཕྱིར། སྟོན་པ་ལགས་སོ། ཡང་སྡིག་ཅན་སྒྱུ་མ་ཡིན་པའི་ཕྱིར། ཀུན་རྫོབ་ཀྱི་དཔེ་བསྟན་པ། ཆོས་ཐམས་ཅད་ནི་སྐྱེ་བོ་རྨོངས་པར་བྱེད་པའི་ཕྱིར་སྒྱུ་མ་ལྟ་བུའོ། །ཆོས་ཐམས་ཅད་ཡོད་པ་མ་ཡིན་པའི་ཕྱིར་རྨི་ལམ་ལྟ་བུའོ། །ཆོས་ཐམས་ཅད་སེམས་ཅན་མེད་པའི་ཕྱིར། མིག་ཡོར་ལྟ་བུའོ། །ཆོས་ཐམས་ཅད་ནི་ཡང་དག་པ་མ་ཡིན་པས་ཀུན་ཏུ་བརྟགས་པའི་ཕྱིར་གཟུགས་བརྙན་ལྟ་བུའོ། །ཆོས་ཐམས་ཅད་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པས། བྱུང་ནས་སྡིག་པ་བྲག་ཆ་ལྟ་བུའོ། །ཆོས་ཐམས་ཅད་ནི་གོས་པ་མེད་པའི་ཕྱིར། ནམ་མཁའ་ལྟ་བུའོ། །དེ་ཉིད་ལས། འཇམ་དཔལ་ཇི་ལྟར་ན། བྱང་ཆུབ་སེམས་དཔས་སེམས་ཅན་དམྱལ་བའི་གཟུགས་ཇི་ལྟར་རྟོགས་པར་བྱ་ཞེ་ན། དམྱལ་བ་དྲི་མེད་དྲི་བྲལ་ཞིང་། །དག་དང་མ་དག་འོད་གསལ་དང་། །མཚན་ཉིད་མེད་ཅིང་མཚན་མེད་པར། །བྱང་ཆུབ་སྙིང་པོར་ངས་བཤད་དེ། །མཚན་ཉིད་མེད་ཅིང་འབྱུང་མེད་དེ། །ནམ་མཁའ་འདྲ་བར་ངས་བཤད་དོ། །ཞེས་འབྱུང་ངོ་། །དེ་དག་ལ་སོགས་པ་རྒྱ་ཆེར་འབྱུང་སྟེ། ལུང་དང་རིགས་པའི་སྒོ་ནས་དོན་དམ་པར་མ་སྐྱེས་པ་ལ་བཙལ་དུ་མེད་པ། དངོས་པོ་འདི་ཉིད་ཡིན་པ་དང་། འབྲས་བུ་གཞན་ལས་བཙལ་མི་དགོས་པ་དང་། མ་སྐྱེས་པ་དོན་དུ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཀུན་འདུས་པ་དང་། དེ་ཉིད་ཀྱང་ཡེ་ནས་མཐའ་ཐམས་ཅད་དང་བྲལ་བ་དང་། ཆོས་ཀྱི་དབྱིངས་ལ་བལྟ་བ་དང་བལྟ་བྱའི་ཡུལ་བྲལ་བ་དང་དེ་དག་གི་ཡོན་ཏན་ལ་སོགས་པ་སྔོན་དུ་ལེགས་པར་ཆུད་ནས་བསྒོམ་པ་སྟེ། མ་རྟོགས་བསྒོམ་པ་ནི་རྒྱུས་མེད་ལམ་དུ་ཞུགས་པ་ལྟར་གོལ་བར་འགྱུར་བའི་ཕྱིར། དོན་མཐོང་བར་བྱ་བ་བསྟན་པའོ། །དེ་ནས་དོན་ལ་འཇུག་པ་ཡང་། ལུས་ཀྱི་འདུག་ཐབས་དང་། སེམས་ཀྱི་བཞག་ཐབས་སོ། །དེ་ལ་ལུས་སེམས་འདུག་ཐབས་ནི། དགེ་སློང་ཡེ་ཤེས་དཔལ་དང་པོ། གྱི་བསྒོམ་ལུང་ལས། མི་གཡོ་ཞི་བ་ཆེན་པོའི་ཏིང་ངེ་འཛིན་ནི་རྣམ་པར་མི་རྟོག་པ་བསྒོམ་པར་འདོད་པས། སྟན་བདེ་བ་ལ་འདུག་སྟེ། ལུས་དྲང་པོར་བསྲངས་ནས་ཡིད་སྣ་ལ་བལྟས་ཏེ། ལྕེ་རྐན་ལ་བཅར་ནས། སྐྱིལ་མོ་ཀྲུང་དམ་པོར་བཅའ་སྟེ་འདུག་པར་བྱའོ། །ཞེས་འབྱུང་། ལུང་ཆུང་ལས། རྐང་ལག་བསྣོལ། ཚིགས་པ་བསྲང་། ལུས་མི་བསྐྱོད། སེམས་ཀྱི་སྒོ་དྲུག་འཁྲུལ་པ་ཡུལ་ལ་མི་འཇུག་པར་བཟློག་ནས། རང་གི་སེམས་བལྟས་ན་ཞེས་འབྱུང་། མཁན་གཉིས་པ། པོ་ལུ་ཤན་ཤིའི་བསམ་གཏན་ལས། ལམ་བསྒོམ་པས་བྱང་ཆུབ་ཀྱི་སྙིང་པོ་བཙལ་ན། ལུས་ཀྱི་ཁོང་གློད་དེ་ཡངས་པར་བཞག་ན། སེམས་ནམ་མཁའ་བཞིན་དུ་ཡངས་ཤིང་། མཉམ་པར་བསྒོམ་མོ། །ཐེག་པ་ཆེན་པོའི་རྣལ་འབྱོར་ཆོས་ཉིད་ལ་ཅིག་ཅར་འཇུག་པའི་བསམ་གཏན་ནི། ལས་དང་པོ་བས་ལུས་དང་སེམས་གཞག་པ། ལུས་དྲང་པོར་བསྲངས་ཏེ་བག་བརྡལ་ནས་ཁོང་གློད། ཡངས་བག་ཏུ་བཞག་གོ། །སེམས་ནི་ཐམས་ཅད་བཏང་བའི་བློ་ཆོས་ཇི་བཞིན་པ་ལས་མ་ཡེངས་པ། མངོན་པར་འདུ་བྱེད་པ་མེད་པའི་སེམས་ཆོས་ཇི་ལྟ་བ་བཞིན་དུ་བཞག་གོ། །ཞེས་འབྱུང་། ཡང་དེ་ཉིད་ལས། རྣམ་པར་མི་རྟོག་པ་བསྒོམ་པའི་ཚེ། ལུས་དྲང་པོར་བསྲངས་ནས་ཁོང་གློད་བག་བརྡལ་ཏེ། ཆོས་ཐམས་ཅད་སྐད་ཅིག་མ་སྒྱུ་མའི་རང་བཞིན་གྱིས་དབེན་པ། ནམ་མཁའི་ངོས་བཞིན་དུ་མཉམ་པ། སྟོང་པ་ཉིད་དུ་རོ་གཅིག་པ། ཆོས་ཀྱི་དེ་ཁོ་ན་ཉིད་ཅི་ཡིན་པ་དམིགས་སུ་མེད་པའི་དོན་ལ། དྲན་པ་མ་ཡེངས་པ་ཁོ་ནས་སེམས་ལ་བལྟ་བ་གོམས་པར་བགྱིའོ། །ཞེས་འབྱུང་། མ་གསུམ་པ། ཧཱ་ཡ་ནའི་བསྒོམ་ལུང་ལས། དོན་དེ་ལྟ་བུ་ཡིན་པར་རིག་པའི་མིས་བྱ་བ་གཞན་བཏང་སྟེ། གང་དབེན་པ་འདུ་འཛི་མེད་པའི་གནས་སུ་ང་གཅིག་པུ་མི་གཉིས་པར་འདུག་ནས་སྐྱིལ་མོ་ཀྲུང་བཅས་ལུས་དྲང་པོར་བསྲངས་ཏེ་སྲོད་དང་ཐོ་རངས་མི་ཉལ་བར་བྱའོ། །བསམ་གཏན་ཉིད་དུ་འདུག་པའི་ཚེ། བདག་གི་སེམས་ལ་བལྟས་ན་ཅི་ཡང་སེམས་པ་མེད་དེ་མི་བསམ་མོ། །རྟོག་པའི་སེམས་གཡོས་ན་ཚོར་བར་བྱའོ། །ཇི་ལྟར་ཚོར་བར་བྱ་ཞེ་ན། གཡོས་པའི་སེམས་དེ་ཉིད་གཡོས་པ་དང་མ་གཡོས་པར་མི་བརྟག །ཡོད་པ་དང་མེད་པར་ཡང་མི་བརྟག །དགེ་བ་དང་མི་དགེ་བར་ཡང་མི་བརྟག །ཉོན་མོངས་པ་དང་། རྣམ་པར་བྱང་བར་ཡང་མི་བརྟག་པ་ལ་སོགས་པ་སྟེ། ཆོས་ཐམས་ཅད་དེ་ལྟ་བུར་ཡང་མི་བརྟག་གོ། །གཡོས་པ་དེ་ལྟ་བུ་ཚོར་ན་རང་མེད་པར་འགྱུར་ཏེ། ཆོས་ལམ་སྤྱོད་པ་ཞེས་བྱའོ། །དེ་ཉིད་ལས། གང་བསམ་པ་ཐམས་ཅད་སྤངས་ནས་མི་སེམས་པར་འདུག་པ་ཉིད་ཐེག་པ་ཆེན་པོའི་གསམ་གཏན་དུ་འཇུག་པའི་ཐབས་ཡིན་ནོ། །མ་ཧཱ་ཡ་ནའི་མདོ་ལས། བསམ་མུ་སྟེགས་ཀྱི་མཁན་པོ་ལ་བསྟེན་ནས་བདག་ཏུ་བལྟ་བའི་དབང་གིས་རྟག་ཆད་གཅིག་ཏུ་བསྒྲུབ་བྱ་མཐུན་པ་ཅི་ཡང་མེད་པར་བསྒྲུབས་ནས་འབྲས་བུ་མེད་སྐྱེའོ། །པ་མེད་པའི་དབྱིངས་ཉིད་ལ་མ་ཉམས་པར་ཡེ་གཏང་ཇི་བཞིན་དུ་ཞོག་ཅིག །དེའི་ཚུལ་ཅི་འདྲ་ཞེ་ན། མི་སེམས་པ་ལ་མི་རྟོག །མི་རྟོག་པ་ལའང་མི་གནས་སོ། །མ་ཧཱ་ཡ་ནས་གསུངས་བཞི་པ། པ། སེམས་འདི་ལྟར་བདེ་བར་བཞག་ཅེས་བྱ་བ་ནི། རྟོགས་པ་སྤངས་པའོ། །དེ་ཉིད་ལས། རབ་ཏུ་སེམས་བཞག་པའི་ཚུལ་ཤེས་པ་ནི། ལུས་དང་སེམས་ལྟོས་ཏེ། མ་གྲུབ་པས་ཡང་དག་པར་དམིགས་པ་མེད་པར་བསྒོམ་པ་ནི། དམིགས་པ་མེད་པ་ཡང་སྣང་བ་ལས་མི་གཞན་པར་རྟོགས་པ་ན། དམིགས་པ་མེད་པ་ཡང་སྣང་བ་ལས་མི་གཞན་པར་རྟོགས་པ་ནི་ཐབས་ལ་མཁས་པའོ། །བན་ལྔ་པ། དེ་ཆེན་པོ་སྣ་ནམ་ཡེ་ཤེས་དཔལ་གྱིས། ཐེག་པ་ཆེན་པོ་རྣལ་འབྱོར་བསྒོམ་པའི་དོན། ཕྱིའི་ཡུལ་དང་ནང་གི་སེམས་རྟེན་ཅིང་འབྲེལ་བར་འབྱུང་བ་ལགས་པས། དོན་དམ་པ་རང་བཞིན་གྱི་མ་གྲུབ་པ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོས་ཉིད་རང་གི་ངང་གིས་རྟོགས་ཏེ། ཆོས་བཞིན་གྱི་བློ་ཡིད་ལ་བྱེད་ཅིང་། རྩོལ་བ་མེད་པར་རང་གིས་ངང་ཉིད་དུ་བསྒོམ། ཞེས་འབྱུང་། ལ་གམ་དྲུག་པ། རྒྱལ་བ་བྱང་ཆུབ་ཀྱི་བསྒོམ་ལུང་། ཐེག་པ་ཆེན་པོའི་དོན་རྣལ་འབྱོར་བསྒོམ་པའི་ཐབས་ནི། དམིགས་པར་བྱ་བ་དང་། དམིགས་པར་བྱེད་པ་ཐམས་ཅད་ཡང་དག་པར་དམིགས་སུ་མཆིས་པར་འཇལ་བས། མི་དམིགས་པར་མཉམ་པར་བཞག་པ་ན། མི་བདེན་པའི་འདུ་ཤེས་གཡོས་སོ་འཚལ། བཟོད་མ་ནས་སྒྱུ་མར་རིག་པས་དེ་ལ་མི་གནས་ཏེ། ཐབས་མེད་པའི་ཤེས་རབ་ནི་ཅི་ལ་ཡང་མི་འཇུག་ལ། མི་སྤོང་མི་ལེན་པ་ནི་ཐབས་ལ་མཁས་པ་ལགས་ཏེ། ཞེས་འབྱུང་། སློབ་དཔོན་བདུན་པ། གཞི་མཆོག་གི་རྒྱན་གྱིས་གསུངས་པ། མཉམ་པར་འཇོག་པ་ཁོ་ནའི་སྐབས་ན་ཡུལ་དང་རྣམ་པར་རྟོག་པ་མི་སྣང་། མི་འགོག་པ་ན་ཐབས་ལ་མཁས་པའི་མཆོག་དམ་པ། མཚན་མར་མི་འཛིན་པ་ནི་ཤེས་རབ་ལགས། ཞེས་སོ། །སློབ་དཔོན་བརྒྱད་པ། ལེའུ་གཞོན་ནུ་སྙིང་པོས་གསུངས་པ། ཐེག་པ་ཆེན་པོ་དབུ་མའི་དོན་བསྒོམས་པ། ཆོས་ཐམས་ཅད་རང་བཞིན་མེད་པར་གཟིགས་ཐག་བཅད་དེ། རྣམ་པར་མི་རྟོག་པ་བསྒོམ་པའི་ཚེ། སེམས་ཅི་ལ་ཡང་མི་གནས། ཅི་ལ་ཡང་མི་རྟོག་པ་ནི་ཤེས་རབ་ལགས། རྣམ་པར་རྟོག་པ་བྱུང་ན་རྟོག་པ་ཉིད་མ་གྲུབ་པས་བསལ་ཞིང་སྤང་དུ་མ་མཆིས་ཏེ། རྗེས་སུ་མི་འབྱུང་བ་ནི་ཐབས་ལ་མཁས་པ་ལགས། སློབ་དཔོན་མྱང་བྲན་དཔལ་གྱི་བསྒོམ་ལུང་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་སྣང་ལ། ཡང་དག་པར་རང་བཞིན་མེད་པར་ཐག་བཅད་དེ། དབང་པོའི་སྒོ་བསྡམས་ནས། ངེས་པའི་དོན་ཡིད་ལ་མཉམ་པར་བཞག །ངེས་པའི་དོན་ཡིད་ལ་མི་ཡེངས་ཏེ། སྣང་བ་དང་མི་སྣང་བ་ཅི་བྱུང་ནའང་མཚན་མར་མི་འཛིན། རེ་དོགས་དང་བླང་དོར་མེད་པར་བསམ་གཏན་གྱི་རོ་ལ་མ་ཆགས་པས། གཉེན་པོ་གུད་དུ་བཙལ་མི་འཚལ་གསུང་། ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བཙན་པོ་ཁྲི་སྲོང་ལྡེའུ་བཙན་ལ་གསོལ་པ། ཕྱི་ནང་གི་ཆོས་འདི་སྣང་ཡང་སྣང་། མཐོང་ཡང་མཐོང་། ཤེས་ཀྱང་ཤེས་ལ་དེ་ལྟར་རྣམ་པར་རྟོག་པ་སྟེ་གཅིག །ཕྱི་ནང་གི་ཆོས་སྒྱུ་མ་ལྟ་བུ་ཡོད་བཞིན། རང་བཞིན་མེད་པར་ཤེས་པ་དང་། རི་བོང་རྭ་དང་། མོ་གཤམ་གྱི་བུ་ལྟ་བུ་ཆོས་མེད་པར་ཤེས་ནས། དེ་ལྟར་རྣམ་པར་མི་རྟོག་པ་དང་གཉིས། རྣམ་པར་མི་རྟོག་པ་ཞེས་བྱ་བ་ས་དང་འདྲ་བ་དྲན་པ་མེད་པ་མ་ཡིན་ཏེ་གསུམ། དེ་ལྟར་ཁོང་དུ་ཆུད་ན་དོན་དམ་པ་ཞེས་བྱ་བ་གཞན་དུ་བཙལ་དུ་མེད་དེ་བཞི། འདི་བཞི་དུས་གཅིག་ཏུ་སྐད་ཅིག་མ་ལ་བསྒོམ་དུ་རུང་ཞེས་གསུངས། ལོན་ལས། སྒོ་དྲུག་བཟློག་སྟེ་སེམས་ལས་བལྟས་ན། མི་བདེན་པའི་འདུ་ཤེས་འབའ་ཞིག་གཡོ་ཞིང་། སྐྱེ་ཤིའི་ལས་བྱེད་པ་དང་། འདུ་ཤེས་གཡོས་ན་ཡོད་པ་དང་། མེད་པ་དང་། གཙང་བ་དང་། མི་གཙང་བ་དང་། སྟོང་པ་དང་མི་སྟོང་པ་ལ་སོགས་པ་ཅི་བསམ་མོ། །ཞེས་དང་། ཡང་ལོན་ལས། བཤད་པའི་དོན་དེ་བདེན་དེ་སྔས་མཐོན་པོར་ཉལ་བ་ལ་བྱའོ། །ཆོས་ཐམས་ཅད་ཅི་བདེར་བཏང་ན། དེ་ནི་ཆོས་ལམ་སྤྱོད་པ་ཞེས་བྱའོ། །དངོས་པོ་གཅིག་ཀྱང་མ་མཐོང་ན། དེ་ནི་ཆོས་ལམ་མཐོང་བ་ཞེས་བྱའོ། །དངོས་པོ་གཅིག་ཀྱང་མི་ཤེས་ན། དེ་ནི་ཆོས་ལམ་བསྒོམ་པ་ཞེས་བྱའོ། །ཞེས་འབྱུང་། ཡང་འབད་རྩོལ་ཏིང་ངེ་འཛིན་བྲལ་ཞིང་མི་གནས་བཏང་སྙོམས་ལ། མ་བཅོས་གསལ་བའི་ངང་དུ་ཡེ་བཏང་གྱི་ནར་བཞག །བྱིང་རྨུགས་ཚོར་བར་བྱ་ཞིང་དོགས་བསྐྱེད་མི་བྱ། ཅིར་སྣང་རྣམ་རྟོག་ཡིན་པས་དེ་ལ་ཅིར་མི་བརྟག །ཅེས་འབྱུང་། མ་ཧཱ་ཡ་ནས་བཤད་པ། ཆོས་ཉིད་བསམ་དུ་མེད་པ་ལ་མི་བསམ་མི་བརྟག་པར་བཞག་གོ། །མཁན་པོ་ཨ་རྔན་ཝོར་གྱིས་བཤད་པ། སེམས་ཇི་བཞིན་མཉམ་པ་ནི། རྣལ་འབྱོར་ངེས་པའི་ལམ་མོ། །ཞེས་འབྱུང་ངོ་། མཁན་པོ་འཛིན་མཆོག་རྒྱན་གྱིས་བཤད་པ། ཆོས་ཇི་བཞིན་པ་ཇི་ལྟར་ཡང་མ་བཅོས་ན། བསམ་གཏན་ཅིག་ཅར་འཇུག་པའི་སྒོའོ། །ཞེས་འབྱུང་། ལིའུ་གཞོན་ནུ་སྙིང་པོས་བཤད་པ་ལས། ཆོས་ཉིད་ནི་གང་ཡང་མ་ཡིན་པས། བློ་ཅིར་ཡང་མ་བཞག་ན་རྣམ་པར་མི་རྟོག་པའི་དོན་བསྒོམ་ཞེས་གདགས་སོ། །གསུམ་པ་ཡེ་ཤེས་རྒྱལ་པོའི་ལུང་། ལྟ་བས་འཇལ་བའི་དུས་ན་ཡིན་པ་མེད། རང་རིག་སྐྱེས་པའི་ཚེ་ན་བརྗོད་དུ་མེད། བསྒོམ་པའི་དུས་སུ་མཉམ་པར་བཞག་པའི་བློ་མེད་ན་ཅིག་ཅར་འཇུག་པའོ། །ཞེས་འབྱུང་། ལང་གྲོ་དཀོན་མཆོག་འབྱུང་གནས་ཀྱི་བསྒོམ་ལུང་ལས། བསམ་གྱིས་མི་ཁྱབ་དབྱིངས་ཉིད་ལས། །བསམ་གྱིས་མི་ཁྱབ་ཆོས་ཇི་བཞིན། །དེ་བཞིན་མ་ཉམས་མཉམ་པར་བཞག །དེ་ཡི་དོན་ནི་གང་ཞེ་ན། །དེ་ལའང་མི་སེམས་མི་རྟོག་སྟེ། །མི་རྟོག་པ་ལའང་མི་གནས་སོ། །གཉེན་པོ་རྡུལ་ཙམ་བཅོས་སུ་མེད། །དེ་དག་ཅིའི་དོན་ཞེ་ན། །གཉིས་སུ་བྱར་མེད་དེ་ཡོད་ན། །ཇི་ལྟར་གཉིས་སུ་མེད་ཞེ་ན། །སྐྱེས་པ་མེད་པར་མ་གྲུབ་དང་། །འགག་པའང་འགག་པར་མི་འགྲུབ་བོ། །རྟོག་པའང་རྟོག་པར་མ་གྲུབ་དང་། །མི་རྟོག་པ་འང་མི་འགྲུབ་བོ། །དེ་ལྟར་དེ་བཞིན་སྡུག་བསྔལ་དང་། །བྱང་ཆུབ་ཏུ་འང་མི་གཉིས་སོ། །སྐྱེ་ཤི་མྱ་ངན་འདས་པ་ཡང་། །དེ་བཞིན་གཉིས་སུ་དབྱེར་མེད་དེ། །དེ་ལྟ་བས་ན་ཆོས་འདི་ཉིད། །ཐོག་མ་བར་དང་མཐའ་མ་ཡང ། །ཅི་འང་མི་ལེན་མི་གནས་པས། །རྡུལ་ཕྲན་ཙམ་ཡང་ཐོབ་པ་མེད། །དེ་ཕྱིར་འདི་ལ་སྒོ་ཕུགས་མེད། །དབུས་དང་མཐའ་ཡང་དེ་ལ་མེད། །རང་བཞིན་རྟག་ཏུ་མི་དམིགས་པས། །དེ་ནི་བསམ་གྱིས་མི་ཁྱབ་བོ། །ཞེས་འབྱུང་། ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱི་བསྒོམ་ལུང་ལས་ཀྱང་། ཅིག་ཅར་འཇུག་པའི་རྣལ་འབྱོར་པས། ། ཅི་ལའང་མི་རྟོག་མི་གནས་ཤིང་། །མི་རྟོག་པ་ལའང་མི་གནས་པར། །སོ་སོར་རྟོག་པའི་ཤེས་རབ་ཀྱིས། །དོན་དམ་ཆོས་ལ་མཉམ་པར་བཞག །ཡང་། ཆོས་རྣམས་སྟོང་པར་ཡིད་ཆེས་པས། །རྣལ་འབྱོར་ཉིད་དུ་གཞག་པའི་ཚེ། །ཆོས་རྣམས་རང་བཞིན་དམིགས་མེད་ཕྱིར། །མི་གནས་མི་ཆགས་མི་རྟོག་ཅིང་། །མི་རྟོག་པ་ལའང་མི་གནས་པ། །དེ་ནི་དོན་དམ་དབྱིངས་ཡིན་ཞེས། །གསུང་རབས་ཕ་རོལ་ཕྱིན་ལས་བཤད། །ཡང་། གང་གིས་མ་བཅོས་མཉམ་བཞག་པའི། །རེ་དོགས་སེམས་ལ་མི་གནས་པར། །ཡང་དག་དམིགས་མེད་དོན་བསྒོམ་པ། །དེ་ཡི་ཐེག་པ་ཆེན་པོ་མཐོང་། །ཞེས་གསུངས་ཏེ། དེ་དག་ལ་སོགས་པ་བསམ་གཏན་གྱི་མཁན་པོ་དུ་མ་བཞུགས་པའི་ཉམས་ཀྱི་བཞག་ཐབས་རྒྱ་ཆེར་འབྱུང་བ་ཡང་ཐག་བཅད་པ་དང་། བཞག་ཐབས་དང་བཅོས་ཐབས་ནི་སྤེལ་མར་གསུངས་ན། འདིར་ཡང་ཕལ་ཆེར་ཙམ་ལས་གཅིག་ལ་ཡང་ཚང་བར་བཤད་དོ། །དེ་དག་གི་ཡིད་ཆེས་པར་བྱེད་པའི་གཏན་ཚིགས་སེམས་བཞག་ཐབས་མདོ་ལས་གསུངས་པ་ཡང་འདིར་ཅུང་ཟད་ཙམ་ཞིག་བརྗོད་དེ། གང་ཞེ་ན། ལི་ཙ་བྱི་དྲི་མ་མེད་པར་གྲགས་པའི་མདོ་ལས། བྱང་ཆུབ་སེམས་དཔའ་རྣམ་པར་འཕྲུལ་བ་ཞེས་བྱ་བས་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་སྐྱེས་པ་དང་། འཇིག་རྟེན་པ་ནི་གཉིས་ཏེ། གང་མ་སྐྱེས་མ་བྱུང་བ་དེ་ལ་ནི་འཇིགས་པ་གང་ཡང་མེད་དེ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་དཔལ་སྦས་ཀྱིས་སྨྲས་པ། ང་དང་ངའི་ཞེས་བྱ་བ་དེ་ནི་གཉིས་ཏེ། བདག་ཏུ་སྒྲོ་བཏགས་པ་མེད་ན་ངའི་བར་མི་འགྱུར་ཏེ། གང་སྒྲོ་བཏགས་པ་མེད་པ་དེ་ནི་གཉིས་སུ་མེད་པ་ལ་འཇུག་པའོ། །བྱང་ཆུབ་སེམས་དཔའ་དཔལ་བརྩེགས་ཀྱིས་སྨྲས་པ། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ཞེས་བྱ་བ་དེ་ནི་གཉིས་ཏེ། ཀུན་ནས་ཉོན་མོངས་པ་ཡོངས་སུ་ཤེས་ན་རྣམ་པར་བྱང་བ་ལ་རློམ་སེམས་སུ་མི་འགྱུར་ཞིང་། རློམ་སེམས་ཐམས་ཅད་ལེགས་པར་འཇོམས་པ་དང་། མཐུན་པར་གྲོལ་བའི་ལམ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་མི་འཛུམ་གྱིས་སྨྲས་པ། ལེན་པ་དང་མི་ལེན་པ་དེ་ནི་གཉིས་ཏེ། གང་མི་ལེན་པ་དེ་མི་དམིགས། དེ་མི་དམིགས་པ་དེ་ལ་རྟོག་པ་དང་གསལ་བར་མི་འབྱེད་མི་སྤྱོད་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་སྐར་རྒྱལ་གྱིས་སྨྲས་པ། དགེ་བ་དང་མི་དགེ་བ་ཞེས་བྱ་བ་དེ་ནི་གཉིས་ཏེ། གང་དགེ་བ་དང་མི་དགེ་བ་མི་སྤོང་ཞིང་། མཚན་མ་དང་མཚན་མ་མེད་པ་ལ་གཉིས་སུ་མེད་པར་མི་རྟོག་པ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་སེང་གེ་ཡིས་སྨྲས་པ། ཁ་ན་མ་ཐོ་མེད་པའོ་ཞེས་བྱ་བ་དེ་ནི་གཉིས་ཏེ། གང་གི་རྡོ་རྗེ་ལྟར་རབ་ཏུ་འབིགས་པའི་ཡེ་ཤེས་ཀྱིས། མི་འཆིང་མི་གྲོལ་བ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་སེང་གེ་བློ་གྲོས་ཀྱིས་སྨྲས་པ། འདི་ནི་ཟག་པ་དང་བཅས་པ། འདི་ནི་ཟག་པ་མེད་པའོ་ཞེས་བྱ་བ་དེ་ནི་གཉིས་ཏེ། གང་མཉམ་པ་ཉིད་ཀྱི་ཆོས་ཐོས་པས་གང་ཟག་དང་། ཟག་པ་མེད་པའི་འདུ་ཤེས་སུ་མི་འབྱེད། འདུ་ཤེས་མེད་པར་གྱུར་པ་ཡང་མ་ཡིན། མཉམ་པ་ཉིད་ལ་མཉམ་པ་ཉིད་ཐོས་པའང་མེད་ཅིང་། འདུ་ཤེས་ཀྱི་འདུད་པ་མེད་པ་དེ་ལྟར་གང་འཇུག་པ་མེད་པ་དེ་ཉིད་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་བདེ་མོས་ཀྱིས་སྨྲས་པ། འདི་ནི་བདེ་བ་འདི་ནི་མི་བདེ་བ་ཞེས་བྱ་བ་དེ་ནི་གཉིས་ཏེ། གང་ཡེ་ཤེས་ཤིན་ཏུ་རྣམ་པར་དག་པར་བྱ་བའི་ཕྱིར། གྲངས་ཐམས་ཅད་དང་བྲལ་ཞིང་། བློ་ནམ་མཁའ་དང་མཚུངས་པས་མི་ཆགས་པ་དེ་ནི། གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱིས་སྨྲས་པ། འདི་ནི་འཇིག་རྟེན་པའོ། །འདི་ནི་འཇིག་རྟེན་ལས་འདས་པའོ་ཞེས་བྱ་བ་དེ་ནི་གཉིས་ཏེ། གང་འཇིག་རྟེན་གྱི་རང་བཞིན་སྟོང་པ་དེ་ལ་དགའ་བའང་མེད། འཇུག་པའང་མེད། འགྲོ་བའང་མེད། མི་འགྲོ་བའང་མེད། གང་ལ་མི་དགའ་མི་འཇུག །འགྲོ་བའང་མེད། མི་འགྲོ་བའང་མེད་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་འདུལ་བའི་བློ་གྲོས་ཀྱིས་སྨྲས་པ། འཁོར་བ་དང་མྱ་ངན་ལས་འདས་པ་དེ་ནི་གཉིས་ཏེ། འཁོར་བའི་ངོ་བོ་ཉིད་མཐོང་བས་མི་འཁོར་ཞིང་ཡོངས་སུ་མྱ་ངན་ལས་མི་འདའ་སྟེ། གང་དེ་ལྟར་རྟོགས་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་ཀུན་ནས་སྦས་ཀྱིས་སྨྲས་པ། བདག་དང་བདག་མེད་དོ་ཞེས་བྱ་བ་དེ་ནི་གཉིས་ཏེ། གང་བདག་གི་དངོས་པོ་མི་དམིགས་པ་དེ་ཅི་ཞིག་བདག་མེད་པ་འབྱེད་པར་འགྱུར། དེ་བདག་གི་ངོ་བོ་ཉིད་མཐོང་། གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་གློག་གིས་སྨྲས་པ། རིག་པ་དང་མ་རིག་པ་ཞེས་བྱ་བ་དེ་ནི་གཉིས་ཏེ། མ་རིག་པ་གང་ཡིན་པ་དེ་ནི། ལུང་དུ་མ་བསྟན་པ་བགྲང་བ་ལས་འདས་པའོ། །གང་འདི་ལ་མངོན་པར་རྟོག་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་དབང་པོ་ཞི་བས་སྨྲས་པ། སངས་རྒྱས་དང་ཆོས་དང་དགེ་འདུན་ནོ་ཞེས་བྱ་བ་དེ་ནི་གཉིས་ཏེ། སངས་རྒྱས་ཀྱི་རང་བཞིན་ནི་ཆོས་སོ། །ཆོས་ཀྱི་རང་བཞིན་ནི་དགེ་འདུན་ཏེ། དེ་དག་ཐམས་ཅད་ཀྱང་འདུས་མ་བྱས་པའོ། །ཆོས་ཐམས་ཅད་ཀྱི་ཚུལ་ནི་ནམ་མཁའ་དང་མཚུངས་ཏེ། གང་དེ་ལྟར་རྗེས་སུ་འགྲོ་བ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་ཤིན་ཏུ་དུལ་བས་སྨྲས་པ། ལུས་དང་ངག་དང་ཡིད་ཀྱི་སྡོམ་པ་ཞེས་བྱ་བ་དེ་ནི་གཉིས་སུ་མེད་དེ། གང་འདི་ལ་མངོན་པར་འདུ་མི་བྱེད་པར་ཤེས་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་དཔལ་གྱི་སྙིང་པོས་སྨྲས་པ། དམིགས་པས་རབ་ཏུ་ཕྱེ་བ་དེ་ནི་གཉིས་སོ། །གང་མི་དམིགས་པ་དེ་ནི་གཉིས་སུ་མེད་པ་སྟེ། དེའི་ཕྱིར་གང་ལེན་པ་མེད་ཅིང་དོར་བ་མེད་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་ཟླ་བའི་བླ་མས་སྨྲས་པ། མུན་པ་དང་སྣང་བ་ཞེས་བྱ་བ་དེ་ནི་གཉིས་ཏེ། མུན་པའང་མེད་སྣང་བའང་མེད་པ་དེ་ནི་གཉིས་སུ་མེད་པའོ། །གང་མཉམ་པ་ཉིད་འདི་ལ་འཇུག་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་ལག་ན་ཕྱག་རྒྱ་རིན་པོ་ཆེས་སྨྲས་པ། མྱ་ངན་ལས་འདས་པ་ལ་མངོན་པར་དགའ་ཞིང་། འཁོར་བ་ལ་མི་དགའ་བ་དེ་ནི་གཉིས་ཏེ། གང་མྱ་ངན་ལས་འདས་པ་ལ་མངོན་པར་དགའ་བ་ཡང་མེད། འཁོར་བ་ལ་མི་དགའ་བ་ཡང་མེད་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། །དེ་ཅིའི་ཕྱིར་ཞེ་ན། གང་བཅིངས་པ་ལས་ནི་གྲོལ་བར་སྟོན་གྱི། གང་ཤིན་ཏུ་མ་བཅིངས་པ་དེ་ཐར་པ་ག་ལ་ཚོལ། མ་བཅིངས་མ་གྲོལ་བའི་དགེ་སློང་ནི། དགའ་བ་དང་། མི་དགའ་བའང་མི་བསྐྱེད་དོ། །དེ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་ནོར་བུ་བརྩེགས་པའི་རྒྱལ་པོས་སྨྲས་པ། ལམ་དང་། ལམ་ངན་པའོ་ཞེས་བྱ་བ་དེ་ནི་གཉིས་ཏེ། ལམ་དུ་ཞུགས་པ་ལ་ནི་ལམ་ངན་པར་མི་སྤྱོད་དོ། །མི་སྤྱོད་པ་ལ་གནས་པ་ནི་ལམ་གྱི་འདུ་ཤེས་སམ། ལམ་མ་ཡིན་པའི་འདུ་ཤེས་སུ་མི་འགྱུར་རོ། །འདུ་ཤེས་ཡོངས་སུ་རིག་པ་ནི་བློ་གཉིས་སུ་མི་འཇུག་སྟེ། དེ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་བདེན་དགས་སྨྲས་པ། བདེན་དང་རྫུན་པ་ཞེས་བྱ་བ་དེ་ནི་གཉིས་ཏེ། བདེན་པ་མཐོང་བས་ཀྱང་བདེན་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ན་བརྫུན་ལྟ་ག་ལ་མཐོང་། དེ་ཅིའི་ཕྱིར་ཞེ་ན། ཤའི་མིག་གིས། ཤེས་རབ་ཀྱི་མིག་གིས་མཐོང་སྟེ། ཇི་ལྟར་མཐོང་ན། རྣམ་པར་མི་མཐོང་བ་དེ་ལྟར་མཐོང་ངོ་། །གང་ལ་མཐོང་བ་ཡང་མེད། རྣམ་པར་མཐོང་བ་ཡང་མེད་པ་དེ་ནི་གཉིས་སུ་འཇོག་པའོ། །ཞེས་འབྱུང་ངོ་། །ཤེས་རབ་ཕ་རོལ་ཕྱིན་པ་ལས། བློ་གྲོས་མཐའ་ཡས། དོན་གྱི་རྗེས་སུ་མི་འཇུག་པའི་ཚེ། མངོན་པར་འདུ་བྱེད་པ་དང་། བཅས་པའི་དོན་གྱི་རྗེས་སུ་འབྲང་བར་མི་བྱའོ། །ཞེས་འབྱུང་། ལང་ཀར་གཤེགས་པ་ལས། རྣམ་པར་མི་རྟོག་མི་འཇུག་ཅིང་། །གང་ཚེ་སངས་རྒྱས་མི་མཐོང་ལ། །འཇུག་མེད་སངས་རྒྱས་ཡིན་པར་ནི། །གལ་ཏེ་མཐོང་ན་དེ་འཚང་རྒྱ། །ཞེས་འབྱུང་། དེ་དག་ལ་སོགས་པ་རྒྱ་ཆེར་བསྟན་པ་ཡང་། སློབ་དཔོན་སོ་སོའི་བཞེད་པ་དང་། ལུང་གིས་དོན་གྱིས་ཀྱང་། ཙེན་མེན་ལྟར་དམིགས་པ་རིལ་པ་ཅན་མ་ཡིན་པར་སྟོང་པ་མ་སྐྱེས་པའི་དོན་ལ་ཅིར་ཡང་མི་བསམ་པ་དེ་ཙམ་དུ་འཛིན་པ་མེད་པར་རང་གསལ་བ་ལ་གཅིག་གིས་གཅིག་ལ་བཞག་པ་མེད་ནའང་ཐ་སྙད་དུ་བློ་བཞག་ཅེས་བསྟན་ཏོ། །དེ་ལྟར་བསྒོམ་ན་རྒྱལ་བ་རིལ་མཆོད་པ་དང་། སེམས་ཅན་རིལ་བྱང་ཆུབ་ལ་བཀོད་པ་ལས་བསྒོམ་པ་བསོད་ནམས་ཆེ་བར་སྔར་རྒྱས་པར་བསྟན། འདིར་ཡང་ཤེས་རབ་ཕ་རོལ་ཕྱིན་པ་ལས། བཅོམ་ལྡན་གྲོང་ཁྱེར་གཤེགས་པའི་ཚེ། །འཁོར་ནི་བརྒྱ་སྟོང་མང་གིས་བསྐོར། །མི་དང་མི་མ་ཡིན་ལ་སོགས། །དང་བའི་སེམས་ཀྱིས་མཆོད་པ་བས། །གང་གིས་སྐད་ཅིག་ཙམ་དུ་ནི། །མི་ཟད་མཐའ་ནི་རབ་སེམས་ཤིང་། །མཚན་མ་རྣམས་ནི་སྟོང་རྟོགས་ན། །འདི་ནི་བསོད་ནམས་དེ་བས་འཕགས། །བགྲང་བ་དང་ནི་གྲངས་ཀྱི་ཆ། །རྒྱུ་ཙམ་དུ་ཡང་མི་བཟོད་དེ། །ཡང་དེ་ཉིད་ལས། ཁམས་གསུམ་གྱི་སེམས་ཅན་ཇི་སྙེད་ཐར་པ་ལ་བཀོད་པ་བས་ནི། སྐད་ཅིག་ཙམ་ལམ་བསྒོམ་པ་བསོད་ནམས་འཕགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཐར་པའི་ཡང་རྩ་བ་ཡིན་ནོ་ཞེས་འབྱུང་ངོ་། །དེ་ལྟར་བསྒོམས་ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་ཏེ། སྣང་བ་ཉིད་རིག་པ་མ་སྐྱེས་པ་རང་གསལ་བ་ཡང་བསྒོམས་པའི་ངོ་བོར་བསྟན་པ་ནི། སྟོང་པ་མ་སྐྱེས་པའི་དོན་འཛིན་པ་མེད་པར་གསལ་བ་ནི་ལྷག་མཐོང་། གང་དུ་ཡང་མི་གཡོ་མི་ལྡང་བ་ཞི་གནས་ཏེ། དོན་འདི་གཉིས་དུས་གཅིག་ཏུ་གསལ་ལ་མི་གཡོ་བས་བསྒོམ་པའི་ངོ་བོ་སེམས་རྩེ་གཅིག་པ་ཞེས་ཀྱང་བྱ་སྟེ། དེ་ལ་དམིགས་པ་གཉིས་པའི་ཆོས་མེད་དོ། །ལུང་ཆུང་ལས། རྣམ་པར་མི་རྟོག་ས་ལེ་བ། །ས་ལེ་བར་ཡང་རྟོག་པ་མེད། །དེ་ནི་རང་རིག་ཡེ་ཤེས་ཏེ། །འདི་ཞེས་བསྟན་དུ་མེད་པའོ། །ཞེས་འབྱུང་། དཀོན་མཆོག་བརྩེགས་པ་ལས། སེམས་རྩེ་གཅིག་པ་ཞེས་བྱ་བ་ནི་མི་དམིགས་པའི་ཕྱིར་ཏེ། མིག་ལ་སྙིང་པོ་མི་དམིགས་སོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །མི་གནས་ཐེག་ཆེན་ལས། ལོག་རྟོག་མཚན་མ་ཐམས་ཅད་ལ། །འདུ་ཤེས་གཡེང་བར་མ་གྱུར་ཅིང་། །རྩེ་གཅིག་དོན་ལས་མི་གཡེངས་པས། །ཞི་གནས་ཚུལ་ནི་དེ་ན་ཡོད། །སྒྱུ་མ་སྨིག་སྒྱུ་རྨི་ལམ་ལྟར། །ཆོས་རྣམས་ངོ་བོ་ཉིད་མེད་ཅིང་། །དམིགས་མེད་དེ་ཡང་རྟོག་བྲལ་ཞིང་། །མི་རྟོག་པ་ལའང་མ་ཆགས་པས། །ལྷག་མཐོང་ཤེས་རབ་དེ་ན་ཡོད། །ཅེས་འབྱུང་། འབྲོམ་བཙུན་དཔལ་གྱི་ཞིང་གིས་བཤད་པ། ཆོས་ཉིད་ནམ་མཁའ་དབྱིངས་དང་འདྲ་བ་ལ། ལས་དང་པོ་པས་ཇི་ལྟ་བ་བཞིན་བསྒོམ་པའི་ཚེ། ཆོས་ཐམས་ཅད་ལ་འབྱུང་བཞིན་དུ་རྡུལ་ཙམ་ཡང་མི་ལེན། མི་སྤོང་། མ་ཆགས། མི་གནས། གཟུངས་འཛིན་གྱི་འདུ་ཤེས་མ་བསྐྱོད་པའི་ཚེ། མཐའ་ཐམས་ཅད་དང་བྲལ་བ་རྣམ་པར་མི་རྟོག་པ་བསྒོམ་པའོ། །ཞེས་འབྱུང་། མཁན་པོ་ཀྱིན་ཧུ་ཡིས་བཤད་པ། ལམ་བསྒོམས་པས་མི་རྟོག་པ་ཐམས་ཅད་རྟོག་པ། དང་བྲལ་ན། དེ་ནི་ཚོར་བ་གཅིག་པ་ཞེས་བྱ་སྟེ། དེ་ལྟར་ཚོར་བ་དེ་དང་ལྡན་པའི་ཚེ། བག་ཆགས་ཀྱི་ཉོན་མོངས་པ་མི་སྐྱེའོ། །དེ་ནི་གྲོལ་ཐར་བའི་ལམ་ཡིན་ནོ། །ཞེས་འབྱུང་། དེ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་པས། འགྲོ་བའི་དོན་རྣམས་ཀྱང་རྫོགས་པར་བྱེད་དོ། །དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཏིང་ངེ་འཛིན་གསུམ་རྣམ་ཐར་དྲི། པོ་ལ་གནས་ཤིང་། སེམས་ཅན་གང་རྣམ་པར་རྟོག་པའི་འདུ་ཤེས་སྤྱོད་པ་དེ། དེ་དག་གི་སྟོང་པ་ཉིད་དེ་རབ་ཏུ་འགོད་དེ། སེམས་ཅན་གང་མཚན་མ་ལ་སྤྱོད་པ་དེ་དག་ནི། མཚན་མ་མེད་པ་ལ་རབ་ཏུ་འགོད་དོ། །སེམས་ཅན་གང་སྨོན་པ་ལ་སྤྱོད་པ་དེ་དག་ནི་སྨོན་པ་མེད་པར་རབ་ཏུ་སྦྱར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཏིང་ངེ་འཛིན་གསུམ་རྣམ་ཐར་དྲི། ལ་འདུས་ཏེ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །ཞེས་འབྱུང་། དེ་ལྟར་བསྒོམ་པ་ཡང་སྤྱིར་ཉམས་རྣམ་གསུམ་འབྱུང་སྟེ། རི་གཟར། དྲག་དལ་ཆུ་ཀླུང་། གྱི་ཆུ་དང་། རྒྱ་མཚོ་ལྟ་བུ། མི་སྡོད་པ་དང་། དལ་བཞིན་པ་དང་། མི་གཡོ་བ་ཆེན་པོའོ། །ཙེན་མེན་དང་བསྒོམ་པ་ཐུན་མོང་ཀུན་ལ་འབྱུང་བའི་ཉམས་དང་པོ་དང་། བར་པ་ལ་གནས་པའི་དུས་སུ་སྔོན་མངོན་པར་ཞེན་པ་བརྟས་པའི་དབང་གིས་རྟོག་པའི་སྐྱོན་རྣམས་སྐྱེ་སྟེ་བྱུང་བ་ཡང་། དེ་ཡང་སྔོན་ངོས་བཟུང་བ་དང་། དེས་བཅོས་པ་ཐུན་མོང་དུ་བསྟན་ཏེ། དེ་དག་འདིར་སྐྱོན་སྐྱེས་ཀྱང་། ཙེན་མེན་ལྟར་རྟོག་པ་རེ་ལ་གཉེན་པོ་རེ་བསྒོམ་མི་དགོས་ཏེ། སྐབས་འདིར་དཔེར་གསེར་གྱི་རྫས་དང་། རྒྱ་མཚོའི་རླབས་བཞིན། རྟོག་སྐྱོན་ངོ་བོ་ཉིད་དུས་གསུམ་དུ་ཆོས་ཉིད་མ་སྐྱེས་པའི་ངོ་བོ་ཉིད་ཡིན་པས་གློ་བུར་འབྱུང་སྲིད་ན། དེ་ཉིད་མི་སྤོང་རང་འབྱུང་རང་ཞི་སྟེ། དེ་ལ་དོན་ཆོས་ཡོད་ལ་བྱེད་ནའང་སྐྱོན་ཏེ། ཤེས་རབ་ཕ་རོལ་ཕྱིན་པ་ལས། ཆུང་ངུ་ན་སངས་རྒྱས་ཡིད་ལ་བྱེད་ནའང་མཚན་པ་སྟེ། སྒྲིབ་པ་ཡིན་ན་དེ་ལས་གཞན་པ་ལྟ་ཅི་སྨོས། །ཞེས་འབྱུང་། རྡོ་རྗེ་ཏིང་ངེ་འཛིན་ལས། བསམ་ཞིང་མན་པ་མེད་ན། ལྟ་བུར་གློ་བུར། མི་སྐྱེ་སྟེ། དེ་ནི་ཡང་དག་ཇི་བཞིན་དུ་མི་གཡོ་བའོ། །ཞེས་འབྱུང་། པར་ནེ་པན་གྱི་མདོ་ལས། རིགས་ཀྱི་བུ་དཔེར་ན། མི་ཞིག་ཁྱིམ་དུ་རྐུན་མ་འོང་པ་ཚོར་ན་རྐུན་པོས་མི་ཚུགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་། ཚད་མེད་པས་ཉོན་མོངས་པ་ཐམས་ཅད་ཚོར་ཏེ། ཉོན་མོངས་ཐམས་ཅད་ཀྱིས་མི་ཚུགས་སོ། ། ཞེས་འབྱུང་། མཁན་པོ་འགས་ལྷུན་ཤན་གྱིས་བཤད་པ་ལས། སེམས་གཡོ་བའི་རྗེས་སུ་དྲན་ཞིང་ཡུལ་རྣམས་ལ་མི་དམིགས་ན། བརྟུལ་ཞིང་བསྡུ་མི་དགོས། ཞེས་འབྱུང་། སྣ་ནམ་ཡེ་ཤེས་དཔལ་གྱིས་ཐབས་བཤད་པ། མི་བདེན་པའི་འདུ་ཤེས་བྱུང་ན། ཆོས་ཉིད་ཇི་བཞིན་དུ་རིག་པས་མཚན་མའི་རྗེས་སུ་མི་འབྲང་སྟེ། དགག་ཅིང་བཅོས་སུ་མ་མཆིས་པས། ཡང་དག་པའི་དོན་མི་ལྡན། ལོག་པའི་འདུ་ཤེས་མི་སྤོང་། ཞེས་འབྱུང་། ཉང་འཕགས་པ་འབྱུང་གནས་ཀྱི་ཐབས་ནི། རྒོད་པ་ལ་སོགས་པ་མི་མཐུན་པ་ཞིག་བྱུང་ན། དེ་བཞིན་རྟོགས་པས་མི་མཐུན་པ་ལས་བཟློག །མཚན་མ་རགས་པ་དང་ཕྲ་བ་གཞན་ཅི་བྱུང་ངོ་འཚལ་བཏང་སྙོམས་སུ་བཞག་སྟེ། བཏང་སྙོམས་ནི་མངོན་པར་ཤེས་པའི་དོན་དུ་མཇལ་བར་བགྱི། ཞེས་འབྱུང་། འདིར་མུ་སྟེགས་ཆད་པར་ལྟ་བ་འབྲིང་ཧྱ་པ་ཏིའི་ལུགས་དང་། རྟག་པར་བལྟ་བ་ཁྱད་པར་ཅན་གྱི་ལུགས་ཀྱང་ཡོད་དེ། རྣམ་པར་མི་རྟོག་ན་བློ་དག་ན་མུན་རྡུལ་སྙིང་སྟོབས་དག་པས་སེམས་ཤེལ་སྒོང་ལྟ་བུ་ཐོབ་སྟེ་དེ་ནི་མྱ་ངན་ལས་འདས་པའོ་ཟེར་རོ། །དེ་མི་འཛིན་པས་དག་གོ། །དགེ་སློང་ཡེ་ཤེས་དཔལ་གྱིས་ཐབས་བཤད་པ། སེམས་སྐྱེ་བ་མེད་པར་མ་རིག་པས། གཡོ་ཞིང་མཐོང་ན། སེམས་ལ་གཡོ་ཞིང་འབྱུང་བ་ནི་རྡུལ་ཕྲ་མོ་ཙམ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཡོང་གིས་མ་སྐྱེས་ཏེ། གདགས་པ་ཙམ་ཡང་མེད་ན། གཡོ་ཞིང་འབྱུང་བ་ལྟ་ག་ལ་ཡོད། ཅེས་འབྱུང་། མཁན་པོ་འབའ་ཤིས་ཐབས་བཤད་པ། དེས་ཉ་ལྕིབས་ཀྱི་ཆུ་ལ་གཡོགས་པ་དང་ལ་གཅུས་པ་དང་མཚུངས་ཏེ། གཅུས་ན་འགྱེས་ལ་སྣོད་སླར་ཕྱུང་མ་ཐག་ཏུ་འཕྲོ་འདུས་ཤིང་འཚམས་སྦྱོར་བ་བཞིན་དུ། རྟོག་པ་རྩད་མ་བཅད་པར་ཐང་གཅིག་རུང་བ་འདྲ་ཡང་། དེ་མ་ཐག་ཏུ་རྟོག་པ་སླར་སྐྱེ་བས། སེམས་ལས་བྱུང་ངོ་ཅོག་རབ་ཏུ་དབྱེ་བས་རྗེས་བཅད་དེ་སེལ། དབང་པོ་རྣོན་པོས་དེ་ལྟར་རྗེས་བཅད་བྱ་མི་དགོས་ཏེ། རྟོག་པ་བྱུང་མ་ཐག་ཏུ་མི་སྔ་མ། རྟོག་པར་བཏང་བས་བཅོས་ཕྱིས་ནི་སླན། ཏེ། མངོན་དུ་མི་བྱས་པས་སེལ་ཏོ། །མ་ཧཱ་ཡན་གྱིས་ཐབས་བཤད་པ། ཐབས་ལྔ་ནི་འདི་ཡིན་ནོ། །མ་རིག་པའི་སེམས་བྱུང་བ་ཚོར་བ། ལུང་དུ་མི་སྟོན་པའོ། །མ་རིག་པའི་སེམས་བྱུང་བ་ཚོར་བ་ལ་ཚོར་བའི་རྗེས་སུ་འབྲངས་ན་སེམས་ཅན་ཕལ་ལོ། །མ་རིག་པའི་སེམས་བྱུང་བ་ཚོར་བས་གཡོ་བ་སྐྱོན་དུ་རིག་སྟེ་བཀག་ན་ཉན་ཐོས་འགོག་པའོ། །མ་རིག་པའི་སེམས་བྱུང་ཚོར་རང་ཞི་རང་མེད་ན་ཞི་བ་ཕྱོགས་གཅིག་པ་ཞེས་ཀྱང་བྱ། སྟོང་པ་བག་ལ་ཉལ་ཞེས་ཀྱང་བྱ། མ་རིག་པའི་སེམས་བྱུང་བ་ཚོར་བ་ལ་ཚོར་བའི་རྗེས་སུ་མི་རྟོག །མི་རྟོག་པ་ཡང་མི་གནས་ན་སེམས་ཐང་རེ་ཞིང་གྲོལ་ཐར་པ་ཐང་རེ་རེ་སྐྱེའོ། །དེ་བས་ན་འདུ་ཤེས་དགག་པར་ཡང་མི་བྱ། འབྱུང་བཞིན་ཅི་ལ་ཡང་མི་བཅོས་པར་གྱི་ན་ཡེ་གཏང་ཇི་བཞིན་དུ་བཞག་ཏང་རང་ཞི་སྟེ་རྗེས་སུ་མི་འབྲང་ངོ་། །ཞེས་འབྱུང་། ཡང་། མི་དམིགས་བཞིན་དུ་སྣང་ཞིང་། གསལ་བར་ཤེས་པས་ཉན་ཐོས་དང་། རང་སངས་རྒྱས་ཞི་བ་ཕྱོགས་པར་མི་ལྷུང་། ཅི་ཡང་ཤེས་པ་མི་དམིགས་པས་འདུ་ཤེས་མེད་པར་མི་ལྟུང་། མི་གཡོ་ཞིང་ཡོངས་སུ་གསལ་ལོ་སྙམ་པའི་རྟོག་པ་མེད་པས་རྟག་པར་མི་འགྱུར། ཆོས་ངོ་བོ་མི་དམིགས་ཀྱང་། མི་དམིགས་སོ་སྙམ་པ་མེད་པས་ཆད་པར་མི་ལྟུང་། ཞེས་འབྱུང་། ཡང་མཉམ་པར་བཞག་པ་ལ་ལོག་པའི་སེམས་བྱུང་སྟེ། རྟོག་པ་གཡོས་ན། རྟོག་པ་ཉིད་རང་བཞིན་མེད་པར་ཤེས་པར་བགྱི་སྟེ། མཚན་མར་བཟུང་ནས་རྗེས་སུ་མི་འབྲང་། སྐྱོན་དུ་བལྟས་ན་ནན་ཏན་གྱིས་མི་དགག །བྱུང་ཚོར་རྗེས་སུ་མི་འབྲང་། རང་བྱུང་རང་ཞི་བཞག་ཏུ་མེད་པའི་ཚུལ་གྱིས་དམིགས་པར་བཞག་ན། བྱིང་ཞིང་རྨུགས་པའི་ཚེ་ལ་གོར་བརྩོན་འགྲུས། བརྩམས་ལ། རྨུག་རྨུག་མེད་པར་བློ་གསལ་བ་ཁོ་ནར་བསྒོམ་མོ། །ཞེས་འབྱུང་། མཁན་པོ་ལ་ཤན་ཤིས་བཤད་པ། སེམས་གཡོས་པའི་ཚེ། དེ་ཉིད་ལ་བལྟ་ཞིང་དགག་པར་བྱའོ། །གཟུགས་ལ་ཆོས་བཞིན་དུ་བལྟས་ན་གཟུགས་མི་མཐོང་། ཞེས་འབྱུང་། མི་གནས་ཐེག་ཆེན་ལས། ཇི་སྲིད་ཡིད་ཀྱི་ལོག་གཡོ་བ། །དེ་སྲིད་བདུད་ཀྱི་སྤྱོད་ཡུལ་ལོ། །དེ་ཕྱིར་ཐེག་ཆེན་རྣལ་འབྱོར་པས། །ཇི་སྲིད་ཡིད་ཀྱི་ལོག་གཡོ་ཞིང་། །བག་ཆགས་རྒྱུ་བ་རྩིང་ཞིབ་རྣམས། །ཆུ་ཟླའམ་རྨི་ལམ་ལ་སོགས་ལྟར། །དེ་དག་མི་བདེན་སེམས་ཡིན་པར། །སོ་སོར་རྟོག་པའི་ཤེས་རབ་ཀྱིས། །དེ་ལྟར་རིག་པར་བྱས་ནས་ནི། །དེ་དག་ནན་གྱིས་མི་དགག་སྟེ། །ཆོས་རྣམས་སེམས་ལས་བྱུང་བས་ན། །དེ་དག་རང་བཞིན་མི་དམིགས་ཕྱིར། །སེམས་ཀྱི་རང་བཞིན་ཇི་ལྟ་བུ། །རང་བྱུང་རང་ཞི་ཉིད་དུ་བཞག །བྱུང་ཚོར་རྗེས་སུ་མ་འབྲངས་ཤིང་། །བྱིང་རྨུགས་དབང་དུ་མི་བཏང་ཞིང་། །ཏིང་འཛིན་རོ་ལ་མ་ཆགས་པར། །མི་གནས་ཐེག་ཆེན་དོན་བསྒོམ་སྟེ། །རྟག་ཆད་མུ་གཉིས་གཏན་སྤངས་པས། །མུ་སྟེགས་ལྟ་བར་དེ་མི་འགྱུར། །ཡིད་ཀྱི་རྣམ་རྟོག་མི་འགོག་ཅིང་། །རང་བྱུང་རང་ཞིར་མཉམ་བཞག་པས། །ཉན་ཐོས་འགོག་པར་དེ་མི་ལྟུང་། །བྱུང་ཚོར་རྗེས་སུ་མ་འབྲང་བས། །འཇིག་རྟེན་ཕལ་པའི་འདུ་ཤེས་སྤང་། །མི་རྟོག་དོན་ལ་མ་ཆགས་པས། །རང་རྒྱལ་སེམས་སུ་དེ་མི་ལྟུང་། །སྒོ་ལྔའི་རྣམ་ཤེས་མི་འགོག་པས། །འདུ་ཤེས་མེད་པར་དེ་མི་ལྟུང་། །ཞི་བའི་དོན་ལ་མ་ཆགས་པས། །འཇིག་རྟེན་བསམ་གཏན་པར་མི་ལྟུང་། །ཆོས་ཉིད་དོན་ལ་མཉམ་བཞག་པས། །བྱིང་རྨུགས་ལུང་དུ་མི་སྟོན་མེད། །ཅེས་འབྱུང་བས། མ་སྐྱེས་པའི་དོན་ལ་བློ་མ་གཡོས་ན། དཔེར་ན་མིག་བཙུམ་ན་རྫས་ཅི་ཡང་མི་མཐོང་བ་ལྟར། གོལ་ས་རངས་པ་དུས་གཅིག་ཏུ་ཁེགས་སོ། །དེ་ལྟར་རིག་ན་ལུས་དང་སེམས་སུ་འཛིན་པའང་མེད་པས། བཅོས་སུ་རྡུལ་ཙམ་ཡང་མེད་དོ། །ཡང་། དོན་དམ་ཡང་དག་ཉིད་དུ་ན། །ཆོས་རྣམས་རང་བཞིན་མི་དམིགས་ཤིང་། །ཅི་ལ་གནས་ཤིང་གང་ལ་ཆགས། །ཅི་ཞིག་དག་ཅིང་གང་ཞིག་བླང་། །ཡང་དག་དོན་དམ་ཆོས་ཉིད་ལ། །གནས་པའི་དངོས་པོ་རྡུལ་ཙམ་མེད། །མི་གནས་མ་ཆགས་མི་རྟོག་ལ། །མི་རྟོག་པའང་མི་གནས་ན། །དེ་ལ་བཅོས་སུ་རྡུལ་ཙམ་མེད། །ཅེས་འབྱུང་སྟེ། དེ་ལྟར་མ་རིག་པ་སྒོ་གསུམ་དུ་འདིར་སྔར་བྱུང་བ་ནི་མི་འགོག་ཕྱིས་དེ་མི་འདོན་སྔར་བྱས་པ་ལ་མི་འགྱོད། ཕྱི་མ་མི་སེམས་པ་ནི་ཐབས་ཀྱི་དམ་པར་བཞག་གོ། །ཞེན་པ་མ་བྲལ་བར་འཆོས་པ་ནི་བསླད་པ་ཞེས་བྱ་སྟེ། ཆོས་ལམ་སྤྱོད་པ་མ་ཡིན་ནོ། །ཡང་དེ་ཉིད་ལས། ཇི་ཙམ་བཅོས་པའི་སེམས་བྱུང་ཞིང་། །ཡིད་ཀྱི་རྒྱུ་བ་འགོག་གྱུར་ཏམ། །བྱུང་ཚོར་རྗེས་སུ་འབྲངས་གྱུར་ཞིང་། །ཏིང་འཛིན་རོ་ལ་ཆགས་གྱུར་ན། །དེ་དག་ཐམས་ཅད་མ་རབས་སེམས། །ཞེས་འབྱུང་ངོ་། །འགའ་ལུང་ཤིན་ཤིས་ཐབས་བཤད་པ། སེམས་གཡོ་བའི་རྗེས་སུ་དྲན་ཞིང་ཡུལ་རྣམས་ལ་མི་གནས་ན། བརྟུལ་ཞིང་བསྡུ་མི་དགོས་ཏེ། བསླན་ཞིང་དགག་མི་དགོས་སོ། །ཞེས་འབྱུང་། རྣམ་པར་མི་རྟོག་པའི་མདོ་ལས། ཇི་ལྟར་ན་མཚན་མ་དག་ཡོངས་སུ་སྤོང་ཞེ་ན། མངོན་དུ་སྣང་བའི་ཡིད་ལ་མི་བྱེད་པས་སྤོང་ངོ་། །ཞེས་འབྱུང་ངོ་། །ལང་གྲོ་དཀོན་མཆོག་འབྱུང་གནས་ཀྱིས་ཐབས་བཤད་པ། འདུ་ཤེས་ཕྲ་སྦོམ་ཅི་བྱུང་ཡང་། །བརྟག་ཅིང་དམིགས་སུ་མེད་པས་ན། །དེ་ལས་དོགས་པ་མི་བྱའོ། །འབྱུང་བཞིན་ཅི་ཡང་མི་བཅོས་པར། །ཇི་བཞིན་པའི་ངང་ཚུལ་དུ། །དེ་བཞིན་འདུ་ཤེས་བཏང་བར་བྱ། །རང་བྱུང་རང་ཞིར་རྗེས་མི་འབྲང་། །བག་ཆགས་རྒྱུ་བ་རྩིང་ཞིབ་རྣམས། །འབྱུང་བཞིན་མི་ལེན་མི་གནས་ན། །ངོ་བོ་ཉིད་ཀྱི་དབྱིངས་ཉིད་དེ། །ཤེས་རབ་ཕ་རོལ་ཕྱིན་པ་ལ། །ཅིག་ཅར་འཇུག་པའི་སྒོ་ཞེས་འབྱུང་། །མི་གནས་པའི་ཏིང་ངེ་འཛིན་གྱི་སྒོ་ལས་ཀྱང་། ཆོས་ཐམས་ཅད་རྒྱ་མཚོའི་དབྱིངས་བཞིན་པས། དཀྲུག་པར་མི་བྱ་ཡོངས་སུ་དཀྲུག་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱ་མཚོ་ཡང་དཀྲུག་དང་རླབས་གཡོ། མ་དཀྲུག་ན་རླབས་མི་གཡོ། དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་དེ་བཞིན་ཉིད་ལས་གཡོ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནམ་ཡང་དག་པ་ཉིད་འདུ། ཡང་དག་པ་ཉིད་དུ་འབབ། ཡང་དག་པ་ཉིད་དུ་འབབ་རྩོལ་བའི་སྐྱོན་གཙུག་གི་ཡི་གེ་ལས་མགྲོན་ལམ་བཟང་སྙིང་དུ་མི་སྡུག །ངོ་བྲལ་གྱི་ཕྱིར་རྗེའི་སྙན་སྙུང་མང་ན་མཐའ་གྱོད་དུ་འགྱུར་ཞེས་པ་ལྟ་བུ། ཅིང་དེ་བཞིན་དུ་རྣམ་གྲངས་གཅིག་པས་གང་ཡང་བསྐྱེད་པར་མི་བྱའོ། །གང་ཡང་བྲི་བར་མི་བྱ། གང་ཡང་བླང་བར་མི་བྱ། གང་ཡང་དོར་བར་མི་བྱ། གང་ཡང་སྤང་བར་མི་བྱ། གང་ཡང་མངོན་དུ་མི་བྱའོ། །ཞེས་འབྱུང་། དེ་ལྟར་རྟོག་སྐྱོན་ངོས་ཟིན་ནས། རང་བྱུང་རང་ཞིར་བཞག་པས། ཡུན་རིང་དུ་བསྒོམ་ན། རྣམ་རྟོག་ཇེ་ལ་ཉུང་ཞིང་སྙི་བར་འགྱུར་ཏེ། རྟོག་པ་ནི་ལུང་ཆུང་ནས་གསུངས་པ་ལྟར། སེམས་གཡུང་དུ་འགྱུར་ཞིང་སྡུག་བསྔལ་ཉིད་བྱང་ཆུབ་ལ། འཁོར་བ་མྱ་ངན་ལས་འདས་པར་འགྱུར་རོ། །འོ་ན་འདིར་ས་བགྲོད་ལུགས་ཇི་ལྟ་བུ། ཙེན་མེན་ལྟར་དཀའ་བས་རིམ་པར་སྦྱང་དུ་མེད། དང་པོ་ནས་ཐམས་ཅད་མཁྱེན་པ་ཉིད་ལ་ཅིག་ཅར་ཞུགས་པ་སྟེ། དེ་ནི་བསླབ་པ་མེད་པའི་བསླབ་པ་ཞེས་བྱའོ། །དེ་ཡང་བློ་གྲོས་རབ་གནས་ཀྱི་ཞུས་པའི་མདོ་ལས། གང་ལ་ཐེ་ཚོམ་ཐམས་ཅད་མི་འབྱུང་བ་དེ་བསླབ་པ་མི་ལེན་ཏོ། །གང་བསླབ་པ་མི་ལེན་པ་དེ་བསླབ་པར་འདོད་པ་ཞེས་བྱའོ། །གང་བསླབ་པར་འདོད་པ་དེ་ཕྱིར་མི་འོང་བའོ། །གང་ཕྱིར་མི་འོང་བ་དེ་རྣམ་པར་དག་པ་དེ་བྲལ་བའོ། །ཞེས་པ་དང་། ལྷའི་བུ་གང་དེ་ལྟར་སློབ་པ་དེ་ནི་སློབ་པར་མི་བྱེད་དོ། །གང་སློབ་ཅེ་ན་ཅི་ལའང་མི་སློབ་སྟེ། གང་གི་ཚེ་ཅི་ལའང་མི་བསླབ་པ་དེ་ཡང་དག་པའི་བསླབ་པ་ལ་གནས་པ་ཞེས་བྱའོ། །ཞེས་འབྱུང་སྟེ། འཇུག་སྒོ་ཁྱད་པར་ཅན་གོམ་པ་དང་ཉམས་བསྟན་དུ་ཡང་མེད་པ་ཆོས་མ་སྐྱེས་པ་ཁོ་ནར་གཅིག་པ་སྟེ། མི་གནས་ཐེག་ཆེན་ལས། ནམ་ཞིག་དོན་ལ་རེག་འགྱུར་ན། །རང་རིག་དེ་ཡང་འདི་སྙམ་ཞེས། །གཞན་ལ་བསྟོད་ཅིང་བརྗོད་དུ་མེད། །ཚིག་གིས་བརྗོད་དུ་དེ་ལ་མེད། །ཅེས་གསུངས་ཏེ། དེ་དང་ལྡན་ན་ཤེས་རབ་ཕ་རོལ་ལས་གསུངས་པ། དང་པོ་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་ནས་ཕྱིར་མི་ལྡོག་པའི་ས་ཐོབ་པ་ཡོད་དོ། །དང་པོར་སེམས་བསྐྱེད་པ་ཉིད་ཀྱིས་བླ་ན་མེད་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། སེམས་ཅན་གྲངས་མེད་པའི་དོན་བྱས་ན། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདའ་ཞིང་མྱ་ངན་ལས་འདས་ནས་ཀྱང་དམ་པའི་ཆོས་བསྐལ་པའམ་བསྐལ་པའི་ལྷག་མར་གནས་པ་དག་ཀྱང་ཡོད་དོ། །ཞེས་འབྱུང་། ཡང་དེ་ཉིད་ལས། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ནི། ས་དང་པོ་ནས་མ་བསྒྲོད་པར་ས་བཅུ་ནོད་པའོ། །ཞེས་གསུངས་པས་རིམ་པར་མེད་ཀྱང་ཏིང་ངེ་འཛིན་གྱི་བོགས་དང་ས་རྣམས་མི་འདོད་པ་མ་ཡིན་ནོ། །འདི་ལྟ་བུ་ལས་མཉམ་པ་ལས་ལངས་པའི་ཚེ། སྤྱོད་ལམ་ཇི་ལྟ་བུ་ཞེ་ན། ཙེན་མེན་ལྟར་སྤྱོད་པའང་རེ་ཞིག་དགག་ཏུའང་མེད་ན། འདི་ལྟར་སྟོང་པར་བསྒོམ་པའི་རིག་པ་ཉིད་ལ་ཚོགས་གཉི་ག་རྫོགས་ཤིང་། ཅི་ལ་སྤྱད་ཀྱང་མི་དགོས་ཏེ། འཛིན་ཆགས་མེད་པའི་ཕྱིར་རོ། །དེ་ཡང་མི་གནས་ཐེག་ཆེན་ལས། ལུས་སེམས་དགེ་ལ་མཉམ་བཞག་པས། །བསོད་ནམས་ཚོགས་ཀྱི་ཕ་རོལ་ཕྱིན། །དོན་དམ་ཆོས་ལ་རང་རིག་པས། །ཡེ་ཤེས་ཕ་རོལ་ཕྱིན་པ་རྫོགས། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །སྐུ་གསུམ་རྫོགས་པའི་སངས་རྒྱས་སྐུ། །ཐོབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་འབྱུང་བས། ཚོགས་ཏིང་ངེ་འཛིན་ཉིད་ལ་རྫོགས་པར་བསྟན་ཏེ། དཀར་ཕྱོགས་ཆེད་དུ་རྩོལ་བར་མི་བྱེད་ཀྱང་། མི་དམིགས་པས་ཅི་ནུས་སུ་བྱ་བས་སྟོང་པ་ནི་བཞེད་དོ། །སེམས་ལོན་ལས། དེ་ཡང་འགྲོ་སྡོད་འདུག་ཉལ་སྤྱོད་ལམ་ཐམས་ཅད་དུ་ཏིང་ངེ་འཛིན་ལས་མི་འབྲལ་ལོ། །ཞེས་འབྱུང་། ཡང་སྨྲས་པ། བྱང་ཆུབ་ཀྱི་གནས་གང་ཡིན་བཤད་པ། ཆོས་མཐོང་ན་འགྲོ་བ་ཡང་བྱང་ཆུབ་ཀྱི་གནས་ཡིན་ནོ། །འདུག་པ་ཡང་བྱང་ཆུབ་ཀྱི་གནས་ཡིན། སྟོང་པ་ཡང་བྱང་ཆུབ་ཀྱི་གནས་ཡིན་ནོ། །ཞེས་པ་ལ་སོགས་པ་གསུངས་པས། ལངས་པའི་ཚེ་ཡང་མ་སྐྱེས་པ་ཉིད་དུ་འདོད་པའི་གཞུང་ངོ་། །སློབ་དཔོན་ཉང་བྲན་དཔལ་གྱིས་སྙ་ཡེ་ཤེས་རྒྱལ་མཚན་གྱིས་སྤྱོད་ལམ་བཤད་པ། ལངས་པའི་ཚེ་ཡང་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་ཤིང་སྡིག་སྤངས་སྙིང་རྗེ་དང་ལྡན། སེམས་ཅན་གྱི་དོན་ལ་སྤྱད། ཅེས་འབྱུང་། སེམས་ལོན་ལས། མཚན་མ་ལ་ཡང་མི་གནས་བསོད་ནམས་ཀྱི་ཚོགས་ཀྱང་མི་གཏོང་། དགེ་བའི་ཕྱོགས་ཐམས་ཅད་མ་བཅད་པ། བསམ་གཏན་ལས་ལང་ནས་དགེ་བའི་ཕྱོགས་ཀྱང་མི་འདོར་བ་སྤྱོད་པ་ཡིན་ཏེ། མི་རྟོག་པ་བསྒོམ་པ་འདི་དང་མཐུན་ནོ། །ཞེས་འབྱུང་། མཁན་པོ་དེའུ་ལི་ཤི་ཡིས་བཤད་པ། མིག་གཟུགས་ལ་མ་ཆགས་པས། མིག་གྲོལ་ཐར། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱང་དེ་བཞིན་དུ་གྲོལ་ཐར་ཏེ། དེ་ནི་རང་དབང་གི་རྒྱལ་པོ་དྲུག་ཅེས་བྱ། ཞེས་འབྱུང་། མ་ཧཱ་ཡ་ནའི་བསམ་གཏན་རྒྱ་ལུང་ཆེན་པོ་ལས། སྤྱོད་པ་ལ་འཇུག་པ་ནི་སྤྱོད་པ་བཞི་སྟེ། གཅིག་ནི་འཁོན་ལ་ལན་ལྡོན་པའི་སྤྱོད་པའོ། །གཉིས་པ་ནི་རྐྱེན་གྱི་རྗེས་སུ་སྤྱོད་པའོ། །གསུམ་པ་ནི་ཅི་ཡང་ཚོལ་བ་མེད་པའི་སྤྱོད་པའོ། །བཞི་པ་ནི་ཆོས་དང་མཐུན་པའི་སྤྱོད་པའོ། །འཁོན་ལ་ལན་ལྡོན་སྡུག་བསྔལ་གང་ལ་ཡང་མི་དགའ་བ་མེད་པར་བྱའོ། །པའི་སྤྱོད་པ་ཇི་ལྟ་བུ་ཞེ་ན། ལམ་བསྒོམ་པའི་མི་ནི་གལ་ཏེ་སྡུག་བསྔལ་ཅི་འབྱུང་བའི་ཚེ་ན། བདག་གི་ཡིད་ལ་དྲན་བཞིན་དུ་སྔོན་ཐོག་མ་མེད་པའི་བསྐལ་པ་ནས་ཡང་དག་པའི་ངོ་བོ་ཉིད་མ་རྟོགས་པས། སྤངས་ཏེ། ཕྱིའི་ཡུལ་གྱི་ཤེས་པ། རྗེས་སུ་འབྲངས་ནས། སྲིད་པ་སྣ་ཚོགས་སུ་འཁྱམས་ཏེ། འཁོན་དུ་འཛིན་པ་ལ་སོགས་པ། ཞིང་སྡང་བ་མང་དུ་བྱུང་ནས། གཉིས་མེད་ཡེ་ཤེས་དང་། ཞེ་འགྲས་ཤིང་ཐོག་མ་མེད་པ་ནས། གནོད་པ་གྲངས་མེད་པས། ཚེ་འདི་ལ་གནོད་པའམ། ཉེས་ཚེ་འདི་རང་ལ། པ་མ་བྱས་ཀྱི་ཀྱང་བདག་གི་སྔ་མའི་ལས་ངན་པས་སྡུག་བསྔལ་གྱི་འབྲས་བུ་སྨིན་ཏེ། ལྷས་བྱས་པ་མ་ཡིན། མིས་བྱས་པ་མ་ཡིན་བྱས་ཕྱིར་ཞེ་སྡང་གཞན་ལ་མི་སྐྱེའོ། གྱི། རང་གི་ལས་ལས་གྱུར་པ་ཡིན་པས། སེམས་ཀྱིས་རང་གི་ལན་པའི་ཕྱིར། བཟོད་ཅིང་། མི་གཞན་ལ། འཁང་བར་དང་སྤྱོས་པའི་ཚེ་ཡང་མི་ཁྲོ་བརྡེགས་པའི་ཚེ་ཡང་ལན་མི་གློན་ནོ། །དུ་བླང་བར་བྱའོ་སྙམ་པ་སྟེ། མདོ་ལས། སྡུག་བསྔལ་དང་ཕྲད་ཀྱང་མྱ་ངན་དུ་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། དོན་རྟོགས་པའི་ཕྱིར་རོ། །སེམས་འདི་ལྟ་བུ་བྱུང་བའི་ཚེ་དོན་དང་མི་འགལ་ལོ། །བཞི་སྤྱོད་ལམ། པོ་ཁོ་ན་ཡིན་ཀྱང་ཆོས་ཀྱི་དོན་དུ་འགྱུར་རོ། །ཞེས་གསུངས་སོ། །གཉིས་པ་ལས་སྤྱོད་སྐྱིད་པ་ལ་དགའ་བའི་སེམས་མི་བྱའོ། །རྐྱེན་གྱི་རྗེས་སུ་སྤྱོད་པ་ནི། སེམས་ལ་བདག་མེད་པས། ཀུན་ཀྱང་ལས་ཀྱི་རྐྱེན་ལས་གྱུར་ཏེ། སྡུག་བསྔལ་དང་བདེ་བ་མཉམ་པར་བླང་བ་ཀུན་ཀྱང་རྐྱེན་ལས་སྐྱེའོ། །གལ་ཏེ་མངོན་པར་མཐོང་བའི་འབྲས་བུ་ལོངས་སྤྱོད་ལ་སོགས་པ་ཀུན་ཀྱང་། རང་གི་སྔོན་གྱི་རྒྱུས་ད་ལྟ་ཐོབ་པ་ཡིན་ལ། རྐྱེན་ཟད་ནས་མེད་པར་འགྱུར་བ་ཤེས་པར་བྱ་དགོས་པས། དགའ་བ་ཅི་ཡང་མེད་དོ། །ཐོབ་བདེ་བ། པ་དང་སྟོར་བདེ་བ་ཟད་པ། བ་ཡང་རྐྱེན་ལས་གྱུར་གྱི། སེམས་ལ་སྐྱེ་བ་རང་གི་ངོ་བོ། དང་འགྲིབ་པ་མེད་དོ། །རྒ་བའི་རླུང་མ་གཡོས་ན་ཆོས་ཀྱི་དོན་དང་མཐུན་ཏེ། དེ་བས་རྐྱེན་གྱི་རྗེས་སུ་སྤྱོད་པའོ། །གསུམ་བདེ་སྡུག་གཉིས་འཛིན་པའི་ངོ་བོ་ལ་ལྟོས་ནས་ཡོད་ཀྱང་རང་བཞིན་མ་སྐྱེས་པར་ཤེས་པར་བྱའོ། །པ་ཡང་ཚོལ་བ་མེད་པའི་སྤྱོད་པ་ནི། འཇིག་རྟེན་པའི་མི་རྒྱུན་དུ་བསླད་པས། གནས་སོ་ཅོག་ཏུ་བདེ་བ་ལ་ཆགས་པའི་ཚོར་བ་ཞེས་བྱ། ཡེ་ཤེས་ཀྱི་དོན་དམ་པ་རྟོགས་ན་ཀུན་བདེ་བ་དང་བྲལ་ལོ། །སེམས་བདེ་བར་གནས་ན་བྱ་བ་མེད་དོ། །གཟུགས་འགྱུར་ཞིང་འཕོ་ཡང་། ཡོད་དོ་ཅོག་སྟོང་པ་ཉིད་ཡིན་པས་ཅི་ལ་ཡང་མོས་ཤིང་སྨོན་པ་མེད་དོ། །བཀྲ་ཤིས་མ་དང་མུན་ནག་མ་ནི་རྟག་པར་རྗེས་སུ་འབྲང་བ་ཡིན་པས་ཁམས་གསུམ་ན་རྟག་ཏུ་གནས་ཏེ། དཔེར་ན། ཁྱིམ་འབར་བ་ལྟ་བུའོ། །ལུས་ཡོད་ན་ཀུན་ཀྱང་སྡུག་བསྔལ་བ་ཡིན་ཏེ། སུའང་བདེ་བ་ཐོབ་པ་མེད་དོ། །གནས་པ་འདི་ལྟ་བུ་རྟོགས་ན་ཡོད་དོ་ཅོག་གི་འདུ་ཤེས་ཞི་བ་ཡིན་ཏེ། ཚོར་བ་མེད་དོ། །མདོ་སྡེ་ལས། ཚོར་བ་ཡོད་ན་སྡུག་བསྔལ་ལོ། །ཚོར་བ་མེད་པ་བདེ་བ་སྟེ། ཚོར་བ་མེད་པར་བསྡམས་ན་ཡང་དག་པའི་ལམ་སྤྱོད་པའོ། །བཞི་པ་ངོ་བོ་ཉིད་དག་པའི་ཆོས་ཉིད་ཤེས་ན་ལུང་རིགས་ཀྱི་ཆགས་པ་མེད་པར་བསྟན། ཚོགས་དང་མཐུན་པའི་སྤྱོད་པ་ནི། ངོ་བོ་ཉིད་རྣམ་པར་དག་པའི་དོན་ཉིད་ནི་ཆོས་ཉིད་ཅེས་བྱའོ། །དོན་འདི་ནི་ཚད་མ་སྟོང་པས་གོས་པ་དང་ཆགས་པ་མེད་དེ། བདག་གཞན་ཡང་མི་དམིགས་པའོ། །མདོ་སྡེ་ལས། ཆོས་ལ་སེམས་ཅན་མེད་པས་སེམས་ཅན་གྱི་དྲི་མ་དང་བྲལ་ལ། ཆོས་ལ་བདག་མེད་པས་བདག་ཏུ་བལྟ་བའི་དྲི་མ་དང་བྲལ་ལོ། །ཡེ་ཤེས་ཅན་གྱི་དོན་འདི་ལྟར་རྟོག་ཅིང་ཡིད་ཆེས་ན་ཆོས་དང་མི་འགལ་བས། འདི་བཞིན་སྤྱད་པའི་རིགས་སོ། །ཞེས་འབྱུང་། ཡང་མཁན་པོ་ཆེན་པོས་བཤད་པ། གོས་བཟང་པོ་དང་ཟས་ཞིམ་པོ་དང་ལོངས་སྤྱོད་ལ་བརྐམས་ན། དེ་ནི་གདོན་མི་ཟ་བར་ཡོན་ཏན་ཆུང་བར་འགྱུར་རོ། །གནའི་མི་ཆོས་མཁས་པ་རྣམས། ལམ་བསྒོམ་པ་ནི་གོས་རྣམས་སུ་འཕྲལ་ལོངས་སྤྱོད་ལ་མི་ལྟའོ། །མི་སྦྱོར་རོ། །དྲང་སྲོང་གདམས་པ། དེའི་ཡུག་གི་གཙུག་ལག་གི་ཡི་གེ་ལས། ལམ་བསྒོམ་པའི་སློབ་མས་ནི་ཁང་པ་བཟང་བའི་ནང་དུ་ལོངས་སྤྱོད་ཅིང་གནས་པར་མི་བྱའོ། །ཞེས་འབྱུང་། དེ་ལྟར་ཡོན་ཏན། སྤྱོད་པ་སྤྱད་ཡུན་རིང་དུ་བྱས་ན། རྟགས་ཇི་ལྟ་བུ་ཞིག་འཐོབ་ཅེ་ན། དེ་ལྟར་བསྒོམ་ནུས་ན་འཇུག །གཉིད་ཆོམས་པ་དང་། ཁ་ཟས་མེད་པར་དབང་པོ་གསལ་བ་དང་། གང་ལ། ཆགས་སྡང་མེད་པ་ལ་སོགས་པ་མང་དུ་འབྱུང་སྟེ། མ་ཧཱ་ཡན་གྱི་བསམ་གཏན་ལས། དེ་ལྟར་བསམ་གཏན་ཡུན་བསྲིངས་ཏེ་བྱས་ན། བར་བར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོ་འབྱུང་། བར་བར་ཕ་རོལ་གྱི་སེམས་ཤེས་པ་ལ་སོགས་པ་ལྔའམ་མངོན་པར་ཤེས་པར་སྙམ་བྱེད། བར་བར་པདྨོ་ཆེན་པོའི་འོད་ལ་སོགས་ཏེ་ངོ་མཚར་སྣ་ཚོགས་ཅི་ཡང་མཐོང་སྟེ། དེ་དག་ཐམས་ཅད་རྣམ་པར་རྟོག་པ་ལ་སྤྱོད་པ་ཡིན་ཏེ། གཅིག་ཏུ་བདུད་ཡིན་གྱིས། དེ་ཀུན་ལ་མི་བསམ་ཞིང་ཆགས་པར་མི་བྱའོ། །ཞེས་འབྱུང་ངོ་། །རྒྱ་ལུང་ཆེན་པོ་ལས། བསྒོམ་པའི་ཚེ་སངས་རྒྱས་ཀྱི་གསེར་གྱི་མདོག་ཅན་ཕྱག་བཅུ་དྲུག་པ་ཞིག་སྣང་ཞིང་སྐུ་མདོག་གསེར་གྱི་ཁ་དོག་འདྲ་ལ། སྐུའི་འོད་གསལ་ལ་འཚེར་བས་སྐུ་བརྒྱན་པ། མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་གསལ་པོར་མཐོང་སྟེ། མཚན་བཟང་པོ་དང་། སངས་རྒྱས་འཇིག་རྟེན་ན་མངོན་དུ་བཞུགས་པ་དང་ཐ་མི་དད་པར་མཐོང་ན། གལ་ཏེ་དེ་ལྟར་མཐོང་བའི་ཚེ་ལྷ་ཕྱག་མ་བཙལ་བར་སེམས་བདེ་བར་བཞག་ལ། ཆོས་རྣམས་ལ་བདེན་པར་བརྟགས་ཤིང་། འདི་སྙམ་དུ་དྲན་པ་བསྐྱེད་དེ། སངས་རྒྱས་ཀྱི་བཤད་པ་ལས། ཆོས་རྣམས་སོང་བ་ཡང་མེད། འོང་པ་ཡང་མེད། ཆོས་ཐམས་ཅད་ཀྱི་མཚན་མ་དང་ངོ་བོ་ཉིད་སྟོང་པ་ཞི་བ་སྟེ། དེ་བཞིན་གཤེགས་པའི་སྐུ་ནི་གྲོལ་ཐར་བ་ཡིན་པས་དེ་ཉིད་ཡང་དག་པ་ཡིན་ནོ། །ཡང་དག་པའི་ཆོས་ནི་མཐོང་བའང་མེད། ཐོས་པའང་མེད། ཅེས་འབྱུང་ངོ་སྙམ་དུ། དེ་སྙམ་གྱི་འདུ་ཤེས་བྱེད་པའི་ཚེ། སངས་རྒྱས་ཐམས་ཅད་རང་མཐོང་ངོ་། །དེ་ལྟར་སངས་རྒྱས་མཐོང་བ་ན་སེམས་ལྷམ་མེ་ལྷན་ནེ་བདེ་བར་གནས་པ་ཡིན་ནོ། །ཞེས་འབྱུང་། གཞན་བདུད་ཀྱི་སྤྱོད་ཡུལ་བཅོ་བརྒྱད་ལ་སོགས་པ་ཅི་སྐྱེས་ཀྱང་། དེ་ལ་དགའ་བྲོད་མི་བྱ་བར་གསུངས་སོ། །དེ་ལྟར་རྟགས་ཐོན་པས་གཞན་དོན་དུ་དཀར་ནག་ལས་ཅི་སྤྱད་ཀྱང་མི་དམིགས་པས་སྒྲིབ་པར་མ་གསུངས་ཏེ། རྒྱ་ལུང་ལས། མཁན་པོ་ཆེན་པོ་ལ་དྲིས་པ། སེམས་ཅན་ཐམས་ཅད་སྒྱུ་མ་དང་འདྲ། རྨི་ལམ་དང་མཚུངས་ཏེ། ཡང་དག་པ་མ་ཡིན་ན། བདག་གིས་སྲོག་བཅད་ན་སྡིག་པ་ཅི་མཆིས། བཤད་པ། སེམས་ཅན་དུ་མཐོང་སྟེ་སྲོག་བཅད་ན་སྒྲིབ་པ་ཐོབ་བོ། །སེམས་ཅན་དུ་མ་མཐོང་ན་བསད་པ་མེད་དོ། །མཁན་པོ་ཆེན་པོས་བཤད་པ། དཔེར་ན་རྨི་ལམ་ན་མི་ཞིག་བསད་ན། སད་པའི་ཚེ་སྡིག་གི་ལན་གྱིས་མི་འཇིགས་སོ། །ཡང་དག་པའི་དོན་ཤེས་ན། རྨི་ལམ་དང་སད་པ་འདྲ་སྟེ། ཡུན་དུ་ཅིའི་དངོས་པོ་ཡང་མེད་དོ། །ཞེས་འབྱུང་། ཐེག་པ་བསྡུས་པ་ལས། ཉོན་མོངས་ཐུལ་ལ་སྤངས་པ་མེད། །སྔགས་ཀྱིས་བསད་པའི་དུག་དང་འདྲ། །ཐབས་ཆེན་རྣམས་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །ཞེས་འབྱུང་། དཀོན་མཆོག་བརྩེགས་པ་ལས། གལ་ཏེ་བྱང་ཆུབ་སེམས་དཔའ་འདོད་ལྔ་ལ་སྤྱོད་པ། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་སྐྱབས་སོང་སྟེ། །ཞེས་པ་དང་། དེ་ཉིད་ལས། འོད་སྲུངས་འདི་ལྟ་སྟེ། དཔེར་ན་སྔགས་དང་སྨན་གྱིས་ཡོངས་སུ་ཟིན་པའི་དུག་ནི། ཁོང་དུ་འཐུངས་ཀྱང་འཆི་བར་མི་ནུས་སོ། །དེ་བཞིན་དུ་ཤེས་རབ་དང་། ཐབས་ལ་མཁས་པས་ཡོངས་སུ་ཟིན་པའི་ཉོན་མོངས་པ་ལ་སྤྱད་ཀྱང་སྐྱོན་མེད་དོ། །ཞེས་འབྱུང་། འཕགས་ཆོས་བཅུ་པ་ལས་ཀྱང་། རིགས་ཀྱི་བུ་དཔེར་ན། སྦྲུལ་འཛིན་པའི་མི་སྔགས་དང་སྨན་གྱི་སྟོབས་དང་ལྡན་པ་ནི། སྦྲུལ་དང་ལྷན་ཅིག་དགའ་མགུར་སྤྱད་ཀྱང ། གདུག་པས་མི་གནོད་དོ། །དེ་བཞིན་དུ་ཐབས་ལ་མཁས་པས། ཡོངས་སུ་ཟིན་པའི་ཉོན་མོངས་པ་ལ་སྤྱད་ཀྱང་དུག་གིས་མི་གོས་སོ། །ཚིག་ཚ་ནམ་མཁའི་སྙིང་པོའི་ཅིག་ཅར་འཇུག་པའི་མདོ་ལས། བདག་གི་བསམ་པ་རྣམ་པར་དག་པའི་དབྱིངས། །མི་གནས་སྤྱོད་པ་བྱ་ལམ་འདྲ། །བསྒྲུབ་པའི་ཆོས་ཉིད་བྱང་ཆུབ་ཐོབ་མེད་དབྱིངས། །ཉོན་མོངས་རྣམ་དག་མ་སྐྱེས་དོན་དུ་མཉམ། །ཞེས་འབྱུང་། དཀོན་མཆོག་བརྩེགས་པ་འོད་སྲུངས་ཀྱི་ལེའུ་ལས། འོད་སྲུངས་འདི་ལྟ་སྟེ། པདྨ་འདམ་ནས་སྐྱེས་ཀྱང་འདམ་གྱི་ཉེས་པའི་སྐྱོན་གྱིས་མི་གོས་སོ། །དེ་བཞིན་དུ་ཐབས་ལ་མཁས་པ་འཇིག་རྟེན་གྱི་ཉེས་པས་མི་གོས་སོ། །ཞེས་འབྱུང་། ཡང་མདོ་ལས། ལྕགས་ཀྱི་གར་བུ་ཆུང་ཡང་ཆུ་ནང་འབྱིང་གྱུར་ལ། །སྣོད་དུ་བྱས་ནས་ཆེན་པོའང་ཁ་རུ་འཕྱོང་བ་ལྟར། །མི་མཁས་པ་ཡིས་སྡིག་པ་ཆུང་དུ་བྱས་ཀྱང་ལྟུང་འགྱུར་ལ། །མཁས་པས་སྡིག་པ་ཆེན་པོ་བྱས་ཀྱང་ལྟུང་མི་འགྱུར། །སྡོམ་ཉི་ཤུ། ལས། སྙིང་རྗེར་ལྡན་ཞིང་བྱམས་ཕྱིར་དང་། །སེམས་དགེ་བ་ལ་ཉེས་པ་མེད། །ཅེས་འབྱུང་། འཇལ་དཔལ་གནས་པའི་མདོ་ལས། བཙུན་པ་ཤཱ་རིའི་བུ་དེ་ལྟ་མོད་ཀྱི། སྒྱུ་མའི་སྐྱེས་བུའི་ལས་བསད་བཅད་ལ་སོགས་པ་བྱས་པ་ལ་རྣམ་པར་སྨིན་པར་འགྱུར་ན་དེའི་ཚེ་ང་ལའང་འོང་གིས་དེ་ལས་བཟློག་པ་ནི་སྒྱུ་མའི་ཕྱིར་མི་མོས་སོ། །གང་དུ་རྣམ་པར་སྨིན་པར་འགྱུར་བ་དེར། ཁོ་བོའི་ཡང་རྣམ་པར་སྨིན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སྒྱུ་མའི་སྐྱེས་བུའི་ནི་དེ་ལ་ཡང་དག་ཏུ། དེ་དག་མི་རྟོག་རྣམ་པར་མི་རྟོག་གོ་ལ། ཆོས་ཐམས་ཅད་ཀྱང་དེ་བཞིན་དུ་དོན་ཀྱང་། མི་རྟོག་རྣམ་པར་མི་རྟོག་པའི་ཕྱིར་རོ། །ཞེས་པ་དང་། ཡང་འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཤཱ་རིའི་བུ། མཚོན་ཡང་མེད། ལས་ཀྱང་མེད། རྣམ་པར་སྨིན་པ་ཡང་མེད། འོ་ན་ལས་དེ་གང་དུ་རྣམ་པར་སྨིན་པར་འགྱུར། ཤཱ་རིའི་བུས་སྨྲས་པ། འཇམ་དཔལ་ཁྱོད་ཀྱིས་བསམ་པ་དེས་བསྟན་པ་ལྟར། ལས་དེ་གང་དུའང་རྣམ་པར་སྨིན་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ལ་ལས་མེད། རྣམ་པར་སྨིན་པ་མེད་པའི་ཕྱིར་རོ། །ཞེས་འབྱུང་། འབྱུང་བ་མེད་པ་ལས། ཆོས་འདི་ཐོས་ཤིང་མི་དང་ངས་གྱུར་པ། །འདོད་པའི་ཡོན་ཏན་ལྔ་ལ་མ་ཆགས་ཁྱིམ་པའང་བླ། །ཞེས་འབྱུང་ངོ་། །ཡང་ཆོས་ཐམས་ཅད་ལ་ལས་མེད་ཅིང་རྣམ་པར་སྨིན་པ་ཡང་མེད་པར་ཤེས་པ་དེས། ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་ཐོབ་བོ། །ཞེས་འབྱུང་། འབུམ་ཊིག་ལས་ཀྱང་། དོན་དམ་པར་ལས་ཀྱི་རྣམ་པར་སྨིན་པ་ཡང་མེད་དོ། །སེམས་ཅན་ཐམས་ཅད་ཀྱང་ཆོས་ཀྱི་སྐུའི་བདག་ཉིད་དོ། །ཞེས་འབྱུང་ངོ་། །མ་སྐྱེས་དགྲའི་མདོ་ལས། བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱའོ། །གལ་ཏེ་མཚམས་མེད་པ་བྱེད་པས། ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་འཇུག་ཅིང་མོས་ན་དེའི་ལས་ཀྱི་སྒྲིབ་པ་ཡིན་ནོ་ཞེས་ང་མི་སྨྲའོ། །ཞེས་འབྱུང་། བདེན་གཉིས་འཇུག་པ་ལས་ཀྱང་། འཇམ་དཔལ། ཡང་དག་པའི་སྦྱོར་བ་གང་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དོན་དམ་པར་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཤིན་ཏུ་སྐྱེ་བ་མེད་པ་གང་དང་མཉམ་པ་དེ་དང་མཚམས་མེད་པ་རྣམས་ཀྱང་དེ་དང་མཉམ་མོ། །ཞེས་འབྱུང་། དེ་དག་ལ་སོགས་པའི་ལུང་རིགས་པ་རྒྱ་ཆེར་འབྱུང་བ་ཡང་། རིལ་དོན་དམ་པའི་བདེན་པ་མ་སྐྱེས་པའི་ངང་ལ། མ་དམིགས་པ་ལ་དགོངས་པ་སྟེ། གསང་སྔགས་ལྟར་སྤྱོད་ནུས་པ་ནི་མ་ཡིན་ཏེ་སྐབས་སུ་ཁེ་བརྩི་བའོ། །དེ་ལྟ་བུ་རྣམ་པར་སྨིན་པ་མེད་པས། མི་སྦྱོང་བར་འགྲུབ། དེ་ཇི་ལྟ་བུ་ཞེ་ན། མ་སྐྱེས་པ་སྐྱེས་ཏེ། བློ་མ་བསླད་པའི་ཆོས་ལམ་སྤྱོད་པ་ལ་ཉོན་མོངས་པའི་སྒྲིབ་པ་དང་། གང་ཟག་མེད་པ་ཨ་ཅང་ཡང་ཆེས་ན། ཆོས་སུ་འཛིན་པ་ཡང་མེད། གཉིས་འཛིན་མེད་པས་ཤེས་བྱའང་དག་སྟེ། དེ་ཡང་སྐྱོན་དུ་མི་སྐྱོང་སྟེ་མ་དམིགས་པ་ཉིད་ཀྱིས་དག་གོ། །འདི་ནི་འདག་ལུགས་ངེས་པ་མེད་ཀྱང་བྱ་བ་རྫོགས་པའི་སྐད་ཅིག་མ་ལ་འདག་གོ། །དཀོན་མཆོག་བརྩེགས་པ་ལས། དེ་བཞིན་ཉིད་དུ་བསྐལ་པ་བརྒྱ་སྟོང་དུ་བསགས་པའི་ལས་དང་ཉོན་མོངས་པ་ཡང་ཚུལ་བཞིན་ཡིད་ལ་བྱེད་པའི་སོ་སོར་རྟོགས་པ་གཅིག་གིས་མེད་པར་འགྲོའོ། །ཞེས་འབྱུང་། གཙུག་ཏོར་གྱི་མདོ་ལས། བསྐལ་པར་བསགས་པའི་ཕྱིན་ཅི་ལོག་གི་མཚན་མ་སྤངས་པ་ཡང་། །དཔའ་བར་འགྲོ་བས་བརྒྱན་པའི་རྒྱལ་པོ་འདིས། །ཡུན་རིང་མཐའ་རུ་མི་སྡོད་ཆོས་ཀྱི་སྐུ་ཡང་ཐོབ་པར་འགྱུར། །ཞེས་འབྱུང་། དེ་ཉིད་ལས། ཅིག་ཅར་རིག་པ་དེ་ནི་དོན་ཡིན་ནོ། །རིག་པའི་བྱིན་གྱིས་ཅིག་ཅར་འདག་གོ། །ཞེས་འབྱུང་། དེ་ཉིད་ལས། སེམས་ཡུད་ཙམ་ཞིག་ཤེས་རབ་དང་ལྡན་པས། བླ་ན་མེད་པའི་བྱང་ཆུབ་སུ་སངས་རྒྱས་སོ། །ཞེས་འབྱུང་། སན་དེའི་མདོ་ལས། གནས་ངན་ལེན་གྱི་བག་ཆགས་འབྱང་བ་ནི། བསྐལ་པ་གྲངས་མེད་པ་གསུམ་མམ། དུས་དང་། ལོ་དང་། ཟླ་བའམ། ཞག་གམ། ཉི་མའམ། ཐུན་ནམ། ཐུན་ཕྱེད་དམ། སྐད་ཅིག་དང་། ཡུད་ཙམ་ཐང་ཅིག་དང་བསྐལ་པ་ཚད་མེད་པས་སོ། །ཞེས་འབྱུང་། ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོ་འདི་ལྟ་སྟེ། མེ་ལོང་གི་ནང་དུ་གཟུགས་བརྙན་སྣང་བ་ཐམས་ཅད་རྣམ་པར་རྟོག་པ་མེད་པར་ཅིག་ཅར་སྣང་ངོ་། །དེ་བཞིན་དུ་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་ཡང་། སེམས་ཅན་ཐམས་ཅད་རང་གི་སེམས་སྣང་བའི་རྒྱུན་རྣམ་པར་མི་རྟོག་ཅིང་། སྣང་བ་མེད་པའི་སྤྱོད་ཡུལ་རྣམས་ཅིག་ཅར་རྣམ་པར་སྦྱོང་ངོ་། །ཞེས་འབྱུང་། དེ་དག་ལ་སོགས་པ་རྒྱ་ཆེར་འབྱུང་ངོ་། །འོན་ཏང་སྒྲིབ་པ་ཅིག་ཅར་འདག་པས་བཤད་པ་བཞིན། ས་ལམ་བགྲོད་པར་ནོན་པར་འགྱུར་བའི་དཔེ་ནི། ཁྱུང་ཆེན་པོ་དང་འདྲ་སྟེ། ཁྱུང་ལྡིང་བ་ལ་ཉམས་ང་བ་མེད་ལ། ཆོས་ལམ་དྲང་པོར་སྤྱོད་པའི་མི་ཡང་། རེ་དོགས་དང་བྲལ་ཏེ་རྒྱས་པར་བཤད་ཟིན་ཏོ། །འབྲས་བུ་དངོས་ཅི་ཐོབ་ཅེ་ན། ཀུན་ཏུ་འོད་དོ། །མི་དམིགས་པའི་སྟོབས་ཀྱིས། འབྲས་བུ་ཀུན་ཏུ་འོད་ཐོབ་ནས། བསོད་ནམས་ཀྱི་བརྒྱུད་པའི་རྒྱུ་བྱས་པའི་གཟུགས་སྐུ་གཉིས་རང་འཆར་བ་ནི་འབྲས་ས་ལུ་ལེགས་པའི་ཕུབ་སོག་དང་འདྲའོ། །དེས་དོན་མཛད་པའི་ཚུལ་ནི་འདིར་ཡང་སྨོན་ལམ་དང་སྙིང་རྗེ་ལས་སྐྱེས་ནས་དོན་མཛད་པའི་ཚུལ་ཉི་ཟླ་དང་། ཆུ་དྭངས་པ་བཞིན་མཛད་དོ། །དེ་དག་འདིར་རྒྱས་པར་མ་བཀོད་དོ། །ལུས་ངག་གི་རྩོལ་བ་ལས། ཙེན་མེན་ལས་འདིར་ཁྱད་པར་བཅུ་འཕགས་ཏེ། ཙེན་མེན་རྩོལ་བ་བྱེད། ཐབས་ཀྱི་ཆེད་དུ་བྱ་བ་ལས་འཕགས་ཏེ་ཐ་ཕྱོགས་དེ། ཁྱད་པར་དང་། ཆེད་དུ་དམིགས། འཇུག་ལུགས་དམིགས་སུ་མེད་པས་འཇུག་ཏུ་མེད་པར་ཤེས་པས་འཕགས། ཀྱི་ཁྱད་པར་དང་། བྱ་བ་མེད་དེ་སྤྱོད་པ་བཞི་འཕགས། སྤྱོད་པའི་བསྒོམ་གསུམ་བྱ་བ་མོད་པས་ཁྱད་པར་དང་། དམིགས་པ་རྩེ་གཅིག །ཏིང་ངེ་འཛིན་རང་རིག་མ་སྐྱེས་པར་རང་གསལ་བ་མི་དམིགས་པས་འཕགས། གྱི་ཁྱད་པར་དང་། རྣམ་རང་བྱུང་གཞིར་བཞག་པས་འཕགས། རྟོག་གཉེན་པོས་འཆོས་བཅོས་པའི་ཁྱད་པར་དང་། སྒྲིབ་ཆེད་དུ་མ་གསལ་དག་ལས་འཕགས། རྒྱུ་ལས་འབྲས་བུ་ལྟར། པ་སྦྱོང་བའི་ཁྱད་པར་དང་། བསྒྲུབ་རང་སེམས་མེད་པར་རྟོགས་པས་འཕགས། པའི་ཁྱད་པར་དང་། བསོད་ནམས་ཀྱིས་བྱ་བ་ཆེད་དུ་གསོག །ཚོགས་ཀྱི་ཏིང་ངེ་གཉིས་ཚོགས་གཉིས་རྫོགས་པས་འཕགས། ཁྱད་པར་དང་། བདེན་གཉིས་ཚུལ། རྟོགས་པའི་རིལ་མ་སྐྱེས་མ་བསླང་པ་ལ་བདག་གཞན་མེད་པར་རྟོགས་པས་འཕགས། ཁྱད་པར་དང་། ལུས་ངག་གི་རྩོལ་བས། འགྲོ་དོན་ཏིང་ངེས་ཀྱང་འགྲོ་དོན་མང་པོ་བྱེད་པས་འཕགས་སོ། །གྱི་ཁྱད་པར་དང་། བཅུས་འཕགས་སོ། །རྣལ་འབྱོར་མིག་གི་བསམ་གཏན་གྱི་སྐབས་འདིར། སྟོན་མུན་དང་། རྫོགས་ཆེན་ལྟ་སྤྱོད་ཀུན། ཆ་འདྲ་བས་གོལ་དུ་དོགས་པའི་ཕྱིར་ཅུང་ཞིག །རྒྱས་པར་བཀོད་དོ། །རྣལ་འབྱོར་མིག་གི་བསམ་གཏན་ཞེས་བྱ་བ་རྒྱ་ཆེར་འགྲེལ་བ་ལས། སྟོན་མུན་ཅིག་ཅར་འཇུག་པའི་ལུགས་གཞུང་། བཤད་རྒྱས་པར། པའི་ལེའུ་སྟེ་ལྔ་པའོ།། །།དེ་ལ་འབྲས་བུ་རྡོ་རྗེ་ཐེག་པ་ཆེན་པོ་ནང་པའི་ལུགས་འཆད་དེ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཇི་སྙེད་པ་དང་། ཡུལ་དང་། ཤེས་པས་བསྡུས་པ་རྣམས་ལ། འཇིག་རྟེན་པའི་དུས་ན། ཡུལ་དང་ཤེས་པ་ཕྱི་དང་ནང་གཉིས་པའི་ཆོས་ཤ་སྟག་ཏུ་སྣང་ངོ་། །དེ་ཇི་ལྟར་སྣང་ཡང་མདོ་སྔགས་ཀྱི་ལུགས་ཀྱིས་ཀྱང་། རང་གི་རྣམ་རྟོག་ཞེན་པའི་བློ་ཕྱི་རོལ་དང་ནང་དུ་སྣང་བ་ལས། ངོ་བོ་ལ་ཕྱིར་རྡུལ་ཕྲ་རབས་དང་། ནང་ཟབ་པའི་ཤེས་པ་སྐད་ཅིག་མ་བྱ་བ་ཙམ་ཡང་མ་དམིགས་ཏེ། རང་རྒྱུད་དུ་མེད་པས། དཔལ་གསང་བ་སྙིང་པོ་ལས། ལོག་པར་རྟོག་པ་ཙམ་ཉིད་ལས། །འཕྲ་ཞིང་ཟབ་པ་ཡོད་མ་ཡིན། །ཅེས་གསུངས་ཏེ། དོན་དེ་དང་སྦྱར་ན་སེམས་ཉིད་སྣང་བར་བཞེད་དོ། །ཐེག་པ་ཆེན་པོའི་ལུགས་འདིར་སེམས་འོན་ཏེ། རྣམ་རིག་ལྟར་སྐད་ཅིག་མའམ། དབུ་མ་ལྟར་མ་སྐྱེས་པར་མི་འདོད་དེ། ཇི་ལྟར་ཡིན་ཞེ་ན། ཆོས་ཐམས་ཅད་རང་རིག་པའི་ཡེ་ཤེས་རང་གི་མཚན་ཉིད་རིག་པར་གསལ་བས། ཅིས་ཀྱང་མ་བསྒྲིབ་པ་གཉིས་སུ་མེད་པ་ལ་མཚན་ཉིད་འདི་འདྲར་བརྗོད་དུ་མེད་དེ། དེ་ལ་ཕྱི་རོལ་གྱི་ཐ་སྙད་མ་སྤངས་བྲལ་བའི་ཕྱིར་ནང་ཞེས་བྱ་ལ། དོན་དེ་གཞན་མིན་ལམ་པའི་རང་རིག་པ་ཉིད་པས། དེ་གནས་པ་མེད་ཐ་སྙད་འདོགས་པའི་དབང་ཙམ། པའི་ཚུལ་གྱིས་གནས། གོམས་པར་བྱར་མེད་པའི་ཚུལ་གྱིས་བྱེད་པས་ནང་པ་ཞེས་བྱའོ། །དེ་ཡང་སློབ་དཔོན་མ་དུས་དུས་སུ་བཤད་པ་ལས། ནང་ཞེས་བྱ་བ་ནི་ཆོས་ཉིད་ཀྱི་འཁོར་ལོ་ཁ་ནང་དུ་འདུས་པའོ། །ཞེས་འབྱུང་། གསང་བའི་སྙིང་པོ་ལས། ཕྱི་དང་ནང་མེད་པ་ཀུན་ཏུ་ཡང་ནང་དུ་གྱུར་པ་ཞེས་པའི་དོན་ཡང་དེ་ཁོ་ན་སྟེ། དེ་དག་གི་ལུགས་ཀྱིས་མི་དམིགས་པ་ལ་གནས་པར་བྱེད་པ་ཡང་། དང་པོ་ལྟ་བས་ཐག་ཆོད་པར་བྱ་སྟེ། སྔར་བཤད་པ་ལྟར་ཐབས་ཀྱི་ཐེག་པའི་གཞུང་ལུགས་མ་ནོར་བ་ཐོབ་པར་བྱ། དེ་ཡང་ཐབས་ཀྱི་ཐེག་པའི་གཞུང་ཐོབ་པ་ནི་མིག་ཕྱེ་བའོ། །ཞེས་གསུངས་པ་ལྟར། དོན་ངེས་པར་ཤེས་པར་བྱ་བ་ཡང་དཔེ་དང་། གཏན་ཚིགས་རང་གཞུང་དང་ཐུན་མོང་གི། དང་། རིགས་པས་ཐག་བཅད་ཇི་ལྟ་ན། དེ་བསམ་པའི་ཤེས་རབ་ཀྱི་རྒྱུ་ལས་འབྱུང་བ་སྤྱོད་པ་དང་མི་སྤྱོད་པའི་ཚུལ་གཉིས་སོ་སོར་རྟོགས་པ། སོ་སོར་རྟོགས་པའི་ཤེས་རབ་ཀྱིས་གཞལ་བ་དང་། བརྟགས་ལ་དོན་བཅོལ་ལོ། །དེ་ཡང་རྡོ་རྗེ་བཀོད་པ་ལས། དེ་ཕྱིར་རྣལ་འབྱོར་དབང་ཕྱུག་གིས། །སེམས་ཀྱི་དོན་ལ་རྣམ་བརྟགས་ཏེ། །ཀུན་གཞི་རྩ་བ་ཤེས་པར་བྱ། །ཞེས་པ་དང་། དེ་ཉིད་ལས། མཚན་མར་མི་རྟོག་རང་བཞིན་གྱིས། །ཟབ་མོའི་དོན་ཆེན་གོ་བ་ནི། །ངེས་པའི་དོན་གྱིས་ཐག་བཅད་དེ། །མཉམ་པའི་དོན་ལ་ཡིད་ཆེས་བྱ། །ཞེས་འབྱུང་སྟེ། སྔར་ཡང་བཤད་པས། སྔགས་ཀྱི་གཏན་ཚིགས་གསུམ་ལུང་མན་ངག་རིགས་པ། གྱིས་ཡིད་ཆེས་པ་གདེང་ཆུད་པར་བྱའོ། །དོན་དེ་བླ་མ་དོན་གྱི་ཉམས་དང་ལྡན་པ་སྒོ་ཀུན་ལ་མ་རྨོངས་པ། བསླབ་བྱའི་རིལ་ཁུངས་སུ་ཐུག་པ་ལ་མཉེས་པ་ཕོག་པར་གྱིས་ལ་ཞུས་ཤིག །དེ་ཡང་འཁོར་བའི་སྡུག་བསྔལ་སེལ་འདོད་ན། །མན་ངག་ལྡན་པའི་སློབ་དཔོན་འཚོལ། །དེས་ནི་འཁོར་བ་རྩད་ནས་འདོན། །དེ་ལ་རྟག་ཏུ་གུས་པ་གྱིས། །ཞེས་གསུངས་སོ། །དེ་ལ་ལྟ་བའི་ལུགས་ཇི་སྐད་བརྗོད་ཀྱང་དོན་དུ་འདྲ་ཡིས་ཀྱང་། ཐ་སྙད་དུ་མི་མཐུན་པའི་བཞེད་གཞུང་ཡང་མང་བར་བཞུགས་སྒེགས་པའི་རྡོ་རྗེའི་བཞེད་གཞུང་ལུང་དང་རིགས་པས་འབེབས་པ་འོག་ཀུན་ཡང་འགྲེ། སོ། །སྔགས་ཀྱི་མཁན་པོ་ལ་ལ་དག་རྣལ་འབྱོར་ཆེན་པོའི་ལུགས་ཀྱིས། ཆོས་ཐམས་ཅད་སྐུ་གསུང་ཐུགས་ཀྱི་ཡིག་འབྲུ་གསུམ་དང་དག་པ་གསུམ་གྱིས་རྟོགས། དཀྱིལ་འཁོར་དུ་ལྟ་བར་འདོད་དེ། དངོས་པོ་ཅིར་སྣང་ཅིར་སྲིད་ཀྱང་། དོན་མ་ནོར་བའི་ངོ་བོ་ཉིད་ནི། ཆོས་བཟང་ངན་སྣ་ཚོགས་སུ་སྣང་བ་ནི་མི་འགོག་ཅིང་འཆར་ལ། དེ་ཙམ་རང་གི་ངོ་བོ་ཅིར་ཡང་གྲུབ་པ་མེད་དེ། འོན་ཏང་སྣང་བ་བཞིན་དུ་མི་དམིགས་ལ། མི་དམིགས་བཞིན་དུ་སྣང་བས། ངོ་བོས་དབྱེར་མེད་པ་ནི་ཆོས་ཀྱི་སྐུར་བཞེད་པས། ལུང་གི་སྤྱི་ལུང་། ལས། འཇིག་རྟེན་བརྟན་གཡོ་ལ་སོགས་པ། །སྣང་བ་ཉིད་ན་ངོ་བོ་མེད། །དེ་ཉིད་ཆོས་སྐུ་ཆེན་པོ་ཡིན། །ཞེས་གསུངས་སོ། །འོན་ཏང་རིགས་པ། སྣང་སྟོང་གཉིས་མེད་པའི་ཆོས་ཀྱི་སྐུ་དེ་ལ་ཐམས་ཅད་རྫོགས་པས། དེ་ཉིད་གང་དུ་ཡང་མི་འགོག་བརྗོད་པར་འདྲ་བ་གོ་བར་བྱེད། པར་ཤར་བས། དོན་མི་འགོག་པའི་ཕྱིར་གསུང་ངོ་། །དོན་དེ་ཁོ་ན་ཉིད་ཡེ་ཤེས་ལྔར་གསལ་ཏེ་སྣང་སྟོང་གི་མཐས་མ་རེག་པར་གསལ་བས་སྟོང་པ་ཉིད་ཀྱི་ཡེ་ཤེས། དོན་དེ་ཉིད་རང་གསལ་ལ་མི་རྟོག་པས་མེ་ལོང་ལྟ་བུའི་ཡེ་ཤེས། བཟང་ངན་བླང་དོར་གཉིས་པའི་ཆོས་བྲལ་བར་གསལ་བས་མཉམ་པ་ཉིད་ཀྱི་ཡེ་ཤེས། དེ་ཁོ་ནའི་ངང་ལ་སྤྱི་དང་རང་གི་མཚན་ཉིད་ལ་རེ་མོས་པ་མེད་པར་ཆོས་སྤྱི་དང་རང་གི་མཚན་ཉིད་ཀྱི་གཏན་ཚིགས་ལུང་ལས་འབྱུང་བར་བསྒྲུབས། གསལ་བས་སོ་སོར་རྟོགས་པའི་ཡེ་ཤེས་སོ། །དེ་ལྟར་ཐམས་ཅད་ཀྱང་ཐུགས་ཡེ་ཤེས་གསལ་བར་རྟོགས་པས་བྱ་བ་གྲུབ་པའི་ཡེ་ཤེས་སོ། །རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་དྲྭ་བ་ལས། ཉོན་མོངས་རང་དང་སྤྱིའི་མཚན་ཉིད་ནི་རང་གི་མཚན་ཉིད་རིག་པ་སྣང་ལ་རྟོག་པ་མེད་པས་དེ་བཞིན་ཉིད་དོ། །བསྟན་པ། །མཚན་ཉིད་མ་སྤྱིའི་མཚན་ཉིད་ཞེན་པའང་མི་རྟག་པ་དང་སྡུག་བསྔལ་བ་སྟོང་པ་བདག་མེད་པས་མ་གྲུབ་སྟེ། ནོར་དོན་རྟོགས་ན། །རྣམ་སྐད་ཅིག་མའི་མཚན་ཉིད་ཡིན་པས་མི་རྟག་སྟེ་མོང་བས། པ་བྱང་བའི་ལམ་དུ་འགྱུར། །སྐུ་གསུང་ཐུགས་ཀྱི་དངོས་ལུས་སེམས་མིང་ཙམ་དུ་ཉམ་ཐག་པར་བྱེད་པས་སྡུག་བསྔལ། གྲུབ་ཀྱང་། །གང་ནའང་དེ་ལྟར་སྐད་ཅིག་མར་ཉེན་པས་སྡུག་བསྔལ་ཙམ། མེད་དེ་དེ་ཉིད་ཡིན། །ཡང་། རྟོག་ཡིག་འབྲུ་ཚུལ་ལ་བཤད་དེ་དེའི་མན་ངག་དང་ལུང་། ཞེན་ངོ་ལ་སྒྱུ་རྫས་ཅན་སེམས་སུ་རང་རྒྱུད་པའི་རྣམ་པ་ཅན་གྱི་བདག་མ་གྲུབ་སྟེ། སྣང་ཡང་། །སེམས་ཕྱིར་ཅིའང་བདག་ཉིད་ཐམས་ཅད་ཡིན་ལ་དེ་བས་བདག་མེད། མི་སྐྱེས་པས། །སྣང་སྟོང་ཉོན་མོངས་པ་སྣང་བ་བདོ་ཙམ་ན་མ་གྲུབ་པས་སྣང་སྟོང་དབུས་དང་མཐའ་གསུམ་ལས་གྲོལ་བ་ཉིད་མ་ནོར། གཉིས་མེད་ཆོས་ཀྱི་རྒྱ། །རང་བཞིན་དབྱིངས་ལས་མ་གཡོས་ཀྱང་། །གདུལ་བྱ་སོ་སོའི་དོན་བྱེད་པ། །གསུང་གི་ཕྱག་རྒྱ་ཆེན་པོ་ཡིན། །དེ་ལྟར་སྒྱུ་ནས་དོན་ལྔར་སྣང་། །རང་རིག་སྒྱུ་མ་ལྔར་གསལ་བ། །བདེན་པ་གཉི་གར་དབྱེར་མེད་ཕྱིར། །ཏིང་ངེ་འཛིན་གྱིས་དབང་བསྒྱུར་ན། །ཡེ་ཤེས་ལྔ་རུ་གསལ་བ་ཉིད། །ཐུགས་ཀྱི་ཕྱག་རྒྱ་ཆེན་པོ་ཡིན། །ཞེས་འབྱུང་། རྡོ་རྗེ་བཀོད་པ་རྒྱུ་གཅིག་པར་རྟོགས་པ་ཡང་། ལས། རྒྱལ་བདག་ཉིད་ཆེན་པོའི་གཏན་ཚིགས་ཀྱི་བསྒྲུབ་པ། བ་སེམས་ཅན་ཐམས་ཅད་དང་། །དངོས་པོར་བཏགས་པ་ཐམས་ཅད་ཀུན། །དོན་གྱི་ངང་དུ་གཅིག་པ་སྟེ། དེ་ཉིད་སྐུ་གསུང་ཐུགས་ཀྱི་བདག །ཅེས་འབྱུང་། མན་ངག་གི་གཏན་ཚིགས་སློབ་དཔོན་དགའ་རབ་རྡོ་རྗེའི་ཡོན་ཏན་བཅུ་ལས་བདག་ཉིད་ཆེན་པོའིགཏན་ཚིགས་ཀྱི་ཀ་བ་ཅིར། མ་ཧཱ་ཡོ་གའི་ལྟ་བ་ནི། སངས་རྒྱས་སེམས་ཅན་ཐམས་ཅད་དང་། །མཚན་མར་བཏགས་པས་ཐམས་ཅད་ཀུན། །གཉིས་མེད་ངང་དུ་གཅིག་པ་སྟེ། །དེ་བས་སྐུ་གསུང་ཐུགས་ཀྱི་བདག །ཅེས་འབྱུང་བས། ལུང་མན་ངག་གིས་གྲུབ་པའི་ཕྱིར། དོན་མ་ནོར་བ་རིག་པས། སྟེ་སྐུ་གསུང་ཐུགས་ཀྱང་གཟུགས་སྐུའི་སྐུ་གསུང་ཐུགས་སུ་ནི་བལྟ་བ་ནི་མ་ཡིན་ཏེ། ངོ་བོ་ཉིད་གཅིག་དུ་མ་ལས་གྲོལ་བ། མཚན་ཉིད་གཅིག་ཀྱང་གསུམ་དུ་སྣང་བའི་ཕྱིར་དབྱེར་མེད་པའི་དོན་ཏེ། སྙིང་པོ་ལས། ཐུགས་ཉིད་གཅིག་དང་དུ་མར་བྲལ་བའི་གཏན་ཚིགས་ཀྱི། གསུང་གི་དཀྱིལ་འཁོར། གསུང་ཉིད་སྐུ་ཡི་དཀྱིལ་འཁོར་ཏེ། དབྱེར་མེད་དེ་བཞིན་ཡོང་གིས་སོ། །ཞེས་འབྱུང་བས། ཐ་དད་མ་ཡིན་པར་མངོན་ཏེ། དེ་ཡང་རྒྱལ་བས་བྱས་པའམ། སེམས་ཅན་གྱིས་བཅོས་པ་ལྟ་བུ་ཡང་མ་ཡིན། ལམ་པས་འཕྲལ་དུ་བརྟགས་པ་མ་ཡིན་ཏེ། ཆོས་ཐམས་ཅད་ཡེ་ནས་སྐུ་གསུང་ཐུགས་སུ་སངས་རྒྱས་པར་རྟོགས་པ་ཡང་། རང་རིག་པས་ལུང་དང་རྟོགས་པ་མཐར་ཕྱིན་པའི་ཚད། མན་ངག་གི་ཚིག་ལ་བརྟེན་པ་ཡང་མ་ཡིན། དོན་ཡིད་ལ་བྱེད་པ་ཡང་མ་ཡིན་པར། གཏིང་བ་དོན་དེ་ཉིད་དུ་རིག་པར་འཇལ་བའམ། གདེང་རྙེད་པ་ལ་ལྟ་བ་རྟོགས་ཞེས་བྱའོ། །ལྟ་ཕྲེང་ལས། མངོན་སུམ་པར་རྟོགས་ཞེས་བྱ་བ་ནི། ལུང་དང་མན་ངག་གི་ཚིག་ཙམ་ལ་བརྟེན་པ་ཡང་མ་ཡིན། ལུང་དང་མན་ངག་དང་འགལ་བ་ཡང་མ་ཡིན་པར། རང་གི་རིག་པས་མངོན་སུམ་དུ་རྟོགས་པའོ། །ཞེས་འབྱུང་བའི་དོན་དེ་ལྟ་བུའི་གཞུང་འོག་ནས་འབྱུང་བ་རྣམས་ཀྱང་ཤེས་པར་བྱའོ། །འོ་ན་དེ་ལྟར་སྐུ་གསུང་ཐུགས་སུ་རིལ་སངས་རྒྱས་ན། བསྒོམ་པའི་དུས་ན་གཅིག་ཏུ་བསྒོམ་མམ། གསུམ་དུ་བསྒོམ་ཞེས་དྲི་ན། ལན་གང་སེལ། བཏབ་པ་དེ་ནི་ཡུལ་དང་ཡུལ་ཅན་དུ་མི་དམིགས་ཏེ། བསྒོམ་པོའི་རིག་པ་ཉིད་སྐུ་གསུང་ཐུགས་མཐའ་ལས་གྲོལ་བའི་བདག་ཉིད་པས། བློ་ཡང་དེ་ལྟར་ཐག་ཆོད་ནས་རང་གསལ་བ་ལས་ཅི་ཡང་མི་བསམ་སྟེ། གྲངས་ཀྱི་རྣམ་པ་མ་འགགས་བྲལ་བས་སྐུ་གསུང་ཐུགས་ཀྱང་དེ་བཞིན་ཉིད་དོ། །ཞེས་ལན་བཏབ་བོ། །དེ་ལྟ་བུའི་མ་རྟོག་པར་སྣང་བ་ནི་སྐུ་དང་། སྒྲ་ནི་གསུང་དང་། མི་རྟོག་པ་ནི་ཐུགས་བྱ་བ་ཙམ་ནི། དབང་པོ་ཐ་ཤལ་ཡོ་ག་ཕྱི་པ་བ་སྟེ། དེས་དོན་འདི་མ་མཐོང་སྟེ། དཔེར། མིག་ལ་དམིགས་པས། ལྟ་བས་ཟླ་བ་མཐོང་བ་བཞིན་ནོ། །རྣམ་པ་གཅིག་ཏུ་པདྨ་འབྱུང་ནས། ཆོས་ཐམས་ཅད་རང་རིག་པ་བྱང་ཆུབ་སེམས་སུ་སངས་རྒྱས་པར་བལྟ་བའི་གཞུང་ལུགས་ནི། དངོས་པོ་བརྟན་རྒྱུ་གཅིག་པར་རྟོགས་པ་ལ་ཡང་ཚད་མ་གསུམ། གཡོ་རིག་པ། ཅིར་སྣང་ཡང་། སྣང་བ་དེ་དག་ཐམས་ཅད་རང་རྒྱུད་པ་མེད་དེ། དཔེར་རྒྱུ་གསེར་དུ་གཅིག་ཀྱང་མགར་བའི་ལག་གི་འདུ་བྱེད་ཀྱིས་བཅོལ་ན། ཆོལ་ཏེ་སྣོད་དང་རྒྱན་ཆ་དང་སྐུ་གཟུགས་ལྟ་བུའོ། །དེའང་མིང་ཐ་དད་དབྱིབས་ཐ་དད་ཀྱང་དེར་གཅིག་པའོ། །སྣོད་བྱེད་མཛེས་པར་བྱེད། བསོད་སྔོག་བྱེད་པ་ལས་སོ། །ཟངས་ལ་སོགས་པ་བྱས་ན་དྲི་སྣོད་ངན་པར་སྣང་ལ། སྐུ་གཟུགས་དང་བུམ་པར་བྱས་ན་བཟང་བ་མཆོད་པའི་གནས་སུ་རུང་བར་སྣང་ཡང་། གསེར་དུ་གཅིག་པ་ལྟར། ཆོས་ཐམས་ཅད་རང་གི་རིག་འཁོར་འདས་ཀྱི་རིགས་རྒྱུད་གཅིག་ཏུ་རྒྱ་མ་ཆད་པས། པ་བྱང་ཆུབ་སེམས་ལ་མ་རྟོགས་ན་དེ་ཉིད་ལུས་དང་སྡུག་བསྔལ་གྱི་ཆོས་དངོས་པོ་སྣ་ཚོགས་སུ་རང་སྣང་ལ། རྟོགས་པའི་རིགས་པ་ཉིད་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ལ་སོགས་པར་སྣང་སྟེ། འོན་ཏང་གཞི་གཅིག་ལས་རྟོགས་མ་རྟོགས་ཀྱི་སྣང་བ་ཁོ་ནས། བཞི་པོ་བྱང་ཆུབ་སེམས་ཀྱང་མཚན་ཉིད་གང་དུ་མ་ངེས་ལ། དངོས་པོ་བཟང་ངན་གྱི་ཆོས་རྣམས་རང་རིག་པར་གསལ་ལོ། །དེ་ཡང་བདག་ཉིད་ཆེན་པོ་གཅིག་ཏུ་འདུས་པའི་གཏན་ཚིགས་དང་རྒྱུ་གཅིག་པའི་ལུང་། རྡོ་རྗེ་བཀོད་པ་ལས། དཔེར་ན་གསེར་དུ་གཅིག་པ་ལས། དབྱིབས་དང་གཟུགས་ནི་ཐ་དད་པར། །བྱས་པས་སོ་སོའི་མིང་དུ་གྲགས། །གྲགས་ཀྱང་གསེར་གྱི་ངོ་བོར་གཅིག །དེ་བཞིན་སེམས་ཀྱི་རང་བཞིན་ལས། །འཁྲུལ་དང་མ་འཁྲུལ་ཁྱད་པར་གྱིས། །ཇི་ལྟར་ལྟས་དགུ་དེར་སྣང་ཡང་། །སྣང་ཡང་སེམས་ལས་གཞན་མི་དམིགས། །ཞེས་འབྱུང་། གསང་བ་འདུས་པ་ལས། དངོས་པོ་རང་གི་ལོ་རྒྱུས་ཀྱི་གཏན་ཚིགས་སུ། རང་སེམས་སོ་སོར་རྟོགས་པ་ན། །སངས་རྒྱས་བྱང་ཆུབ་དེ་ཉིད་དོ། །འབྱུང་བ་ཆེ་རྣམས་དེ་ཉིད་དོ། །འཇིག་རྟེན་གསུམ་པོ་དེ་ཉིད་དོ། །རྡོ་རྗེ་སེམས་པའི་སྒྱུ་འཕྲུལ་དྲྭ་བ་ལས། དབང་པོའི་ཡུལ་དུ་སྣང་བ་ཀུན། །ཡུལ་རྣམས་ཡོད་པ་མ་ཡིན་ཏེ། །ཀུན་གཞི་རྣམ་པར་ཤེས་པ་ཉིད། །དངོས་པོ་སྣ་ཚོགས་བར་སྣང་སྟེ། །ཞེས་པ་དང་། རྒྱུད་དྲུག་འཁོར་བའི་ལུས་སྣང་བ། །རྣམ་རྟོག་མཐུན་པའི་ལས་རྣམས་སྣང་། །སྐུ་མཆོག་རྡོ་རྗེ་འོད་སྣང་བ། །མཐུན་པའི་ཡེ་ཤེས་རང་སྣང་བའོ། །ཞེས་འབྱུང་། མན་ངག་ལས། རིག་ལོ་རྒྱུས་འཁོད། དང་གཏི་མུག་རྒྱུ་ཡི་ཁྱད་པར་ལས། །སྲིད་དང་རྣམ་གྲོལ་རྒྱུ་དང་འབྲས་བུར་སྣང་། །ཞེས་གསུངས་ཏེ། རིལ་ཀྱང་སེམས་ཀྱི་ཆོས་ཉིད་ལ། དཔེར་ན་མིག་གིས་མིག་མི་མཐོང་བ་བཞིན་དུ་སེམས་རང་གིས་རང་མ་རྟོགས་ཏེ་སྤྱོད་ཡུལ་དུ་མེད་པས་བརྟག་ཏུ་མ་གཏུབ་པས། དེ་ལ་ནི་ལྷན་ཅིག་སྐྱེས་པའི་མ་རིག་པ་ཞེས་ཀྱང་བྱ་སྟེ། དེས་འཁོར་ལ། དེ་ལྟར་དོན་རྟོགས་ཚུལ། གཞན་ནས་བཙལ་དུ་མེད་པའི་དོན་རྣམས་རྙེད་ནས་དོན་མཐོང་བ་མེད་པའི་ཚུལ་གྱིས་མཐོང་སྟེ། མ་མཐོང་ཡང་མཐོང་བ་དང་འདྲ་བའི་དོན་མཐོང་བ་རྣམས་ནི་སྤྱོད་ཡུལ་རང་དག་སྟེ། དེས་ན་སེམས་ཉིད་ཡིན་པ་ལུང་མན་ངག་གཉིས་ཀས་གྲུབ་པའོ། །འོ་ན་བྱང་ཆུབ་སེམས་ཀྱི་མཚན་རང་གི་མཚན་ཉིད། ཉིད་ཇི་ལྟ་བུ་ཞེ་ན། རང་གི་རིག་པ་བྱང་ཆུབ་སེམས་ནི་ཡིན་མིན་གྱི་རིགས་པས་དཔྱད། ཕོ་མོ་དང་། རིགས་བརྒྱུད་མེད་པ། དབྱིབས་ཁ་དོག་གི་གཟུགས་མཚན་བྲལ་བ། དེ་དག་བཀོད་པ་ཡང་མེད་པ། །ཐམས་ཅད་དུ་ཁྱབ་ཅིང་གསལ་ལ། མཚན་ཉིད་མི་དམིགས་པ། ཅིར་ཡང་མི་རྟོག་པ་མ་བཅོས་མ་བྱས་མ་བརྟགས་མ་བཟུང་བ་བསླད་པའོ། །དེའི་གཏན་ཚིགས་ནི། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལས་རྒྱ་ཆེར་གསུངས་རང་བཞིན་གྱི་གཏན་ཚིགས་སུ་ལུང་། ཏེ། འདི་ལྟར་སྣང་བའི་ཆོས་རྣམས་ཀུན། །གདོས་པ་ཅན་གྱི་ཆོས་མིན་ཏེ། །རྟོག་མེད་རང་རིག་འོད་གསལ་བའི། །ཤེས་པ་འབའ་ཞིག་ཁོ་ནའོ། །ཞེས་པ་དང་། བྱང་ཆུབ་སེམས་ཀྱི་མཚན་ཉིད་ནི། །ཕོ་མོ་མ་ཡིན་མ་ནིང་མིན། །མཚན་མེད་མ་ཡིན་རིགས་བརྒྱུད་མིན། །ཁ་དོག་མ་ཡིན་དབྱིབས་མ་ཡིན། །གནས་སུ་མ་ཡིན་གང་ཡང་མིན། །ཞེས་པ་དང་། བྱང་ཆུབ་སེམས་ཀྱི་ཐེག་པ་ནི། །ཀུན་ལ་ཁྱབ་ཅིང་མི་གནས་པ། །ཁ་དོག་དབྱིབས་རིགས་གང་ཡང་མིན། །ཞེས་པ་དང་། ལྟ་ཕྲེང་ལས། ཆོས་རང་བཞིན་གྱི་གཏན་ཚིགས། ཐམས་ཅད་ནི་ཡོ་གའི་འོད་གསལ་བའོ། །རང་བཞིན་མྱ་ངན་ལས་འདས་པའོ། །ཞེས་པ་ལ་སོགས་པ་གསུངས་སོ། །དེ་དག་ལ་སོགས་པ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་རྒྱ་ཆེར་གསུངས་སོ། །དེ་ལྟ་བུའི་རང་གི་རིག་པ་ཡང་དབྱིངས་ཡུལ་དུ་བྱེད་པའི་རིག་རིག་པོ་མ་ཡིན་ཏེ། དེ་ཉིད་ཆོས་ཀྱི་དབྱིངས་ཀྱང་ཡིན་ཏེ། ངོ་བོ་མི་ཟིན་ལ་མུ་མཐའ་མི་དམིགས་པའི་ཕྱིར་རོ། །རྒྱུད་ལས། དབྱིངས་དང་དབྱིངས་ཀྱི་ཡེ་ཤེས་ཀྱང་། །རང་རིག་ཁོ་ན་ཙམ་དུ་ཐང་། །ཞེས་གསུངས་པའོ། །འོ་ན་བྱང་དོན་དེ་བཙལ་ཐབས། ཆུབ་སེམས་དེ་གང་ནས་བཙལ་ཞེ་ན། ཡོད་ལས་བཙལ་ན་སྒྲོ་བཏགས་འགྱུར། །མེད་ལས་བཙལ་ན་སྐུར་བཏབ་འགྱུར། །ཡོད་མེད་གཉིས་ལས་བཙལ་བས་ན། །དེ་ནི་ལུང་དུ་མ་བསྟན་འགྱུར། །ཞེས་གསུངས་པའི་དོན་དང་སྦྱར་ན། དོན་མ་ནོར་བ་དེ་ཡོད་པ་ལས་བཙལ་ན་མུ་སྟེགས་རྟག་པ་དང་འདྲ་སྟེ། རང་རིག་སྟོང་བཟང་མ་ཡིན་ཡང་། ངོ་བོ་མེད་པ་ལ་ཡོད་ཅེས་སྒྲོ་འདོགས་པའི་ལྟ་བར་འགྱུར་ལ། མེད་པ་ཞིག་ཡིན་ནོ་ཞེ་ན། མུ་སྟེགས་ཆད་པ་འབྲི་ཧས་པའི་ལུགས་དང་འདྲ་སྟེ། བྱང་ཆུབ་སེམས་ཅིར་ཡང་མ་འགགས་བཞིན་མེད་དོ་ཞེས་སྐུར་པ་འདེབས་པའི་ལྟ་བར་འགྱུར་རོ། །དེ་གཉི་ག་མ་ཡིན་ནོ་ཞེ་ན་ལུང་དུ་མ་བསྟན་པར་འགྱུར་རོ། །ཞེས་དྲིས་ན། ལན་གསོལ་པ། རང་རིག་པ་བྱང་ཆུབ་སེམས་ནི་དེ་གཉིས་ཀྱང་མ་ཡིན་པ། དེ་དག་དོར་བ་ཡང་མ་ཡིན་པ། ཐམས་ཅད་ཀྱི་རང་བཞིན་ལས་བཙལ་བར་བྱའོ། །ཐམས་ཅད་ཀྱི་རང་བཞིན་ནི་རང་རིག་པ་མ་འགགས་པས་ཆད་པ་མ་ཡིན། རྟག་པ་མ་ཡིན་པ་ཡང་མ་ཡིན་པ། ཅིར་ཡང་གསལ་ལ་མི་རྟོག་པ་དེ་ཁོ་ནའོ། །དེས་ན་རང་རིག་བྱང་ཆུབ་སེམས་ནི་དེ་བཞིན་ཉིད་མ་ནོར་བའོ། །དེ་ལ་ནི་ཤིན་ཏུ་ཡང་གདེང་ཆུད་པར་བྱའོ། །མཁན་སྔགས་ཀྱི། པོ་ལ་ལ་དག་སངས་རྒྱས་གསང་བའི་བཞེད། རྣལ་འབྱོར་ཆེན་པོ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པར་བལྟ་བ་ཡིན་ནོ། །ཞེས་གསུངས་ཏེ། དེ་དག་གི་ལུགས་ནི། ཐམས་ཅད་ཀྱང་རང་རིག་པ་བྱང་ཆུབ་སེམས་ཀྱི་ངོ་བོར་སངས་རྒྱས་པ་ལས། དངོས་པོ་གང་ཡང་འགགས་པ་མེད་པར་བྱུང་བ་ནི་ཐབས། དེ་ལ་གཞི་ནས་རང་གི་ངོ་བོ་འདི་འདྲ་ཞེས་པའི་རང་བཞིན་ཤེས་པ་ཤེས་རབ་བོ། །བརྒྱ་ཅུ་པ་ལས། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་གཏན་ཚིགས། སྣང་བ་མི་འགོག་ཐབས་ཡིན་ཏེ། །རང་བཞིན་མེད་པ་ཤེས་རབ་ཡིན། །ཞེས་པ་དང་། འདི་ལྟར་སྣང་བ་ཐམས་ཅད་ཀུན། །མངོན་སུམ་ཚད་མས་རྟགས་མཐོང་ཡང་། །སྣང་བ་ཉིད་ན་རང་བཞིན་མེད། །དེ་ཉིད་ཤེས་རབ་ཆེན་པོ་ཡིན། །ཞེས་འབྱུང་བས། སྣང་སྲིད་ཐམས་ཅད་ཐབས་དང་ཤེས་རབ་གཉིས་སུ་མེད་པར་སངས་རྒྱས་པ་ལ། སྣང་བ་ཞིག་ཏུ་བལྟས་ན་ཤེས་རབ་དང་བྲལ་ལ། རང་བཞིན་མེད་པ་ཞིག་ཏུ་བལྟས་ན་ཐབས་དང་བྲལ་བས། དེ་ཉིད་སྤངས་པ་དང་མ་ཡིན་ལ། དེའི་ངོ་བོ་གང་ཡང་མ་ཡིན་པ་ནི་གཉིས་སུ་མེད་པའོ། །དེར་མ་ཟད་ཆོས་ཕུང་པོ་ཁམས་སྐྱེ་མཆེད་ཐམས་ཅད་རང་རིག་པའི་ངོ་བོ་བས། གདོད་ནས་ལྷ་དང་ལྷ་མོ་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་རང་ཤར་བ་ནི་ཐབས། དེ་ཡང་ངོ་བོ་གཅིག་དུ་མ་ལས་འདས་པས་མི་དམིགས་པ་ནི་ཤེས་རབ་སྟེ། དེ་ལྟར་གཉིས་སུ་མེད་པས། སྣང་སྲིད་རིལ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ངང་ལས་མ་གཡོས་པར་སངས་རྒྱས་སོ། །དེ་ཡང་། སྣང་སྲིད་སྒྲུབ་པའི་ལུང་ལས། རྒྱལ་བའི་རང་བཞིན་ཐབས་ཀྱི་ཡབ། །དེ་ལ་རང་བཞིན་མེད་པ་ཡུམ་གྱི་དབྱིངས། །ཞེས་དང་། ལུང་གི་སྤྱི་ལས། དབྱིངས་ལས་དབྱིངས་བྱུང་འབྱུང་ཁུངས་ཀྱི་རྒྱུ་མ་ཡིན་ཏེ་ཡོངས་སུ་རྫོགས་པའི་རྒྱུའོ། །ཐབས་ཀྱི་ཕྱག་རྒྱར་གསལ། །ཐབས་ལས་དབྱིངས་བྱུང་ཡུམ་གྱི་ཕྱག་རྒྱར་གསལ། །དབྱིངས་དང་དབྱིངས་ཀྱི་ཡེ་ཤེས་འབྱོར་པས་ན། །བྱང་ཆུབ་སེམས་མཆོག་དཀྱིལ་འཁོར་བརྗོད་མི་ལངས། །ཞེས་འབྱུང་བ་དང་སྦྱར་ན་ཐབས་ཤེས་རབ་ཀྱང་རེ་ཞིག་ཐ་སྙད་ཙམ་དུ་དབྱེའི། ངོ་བོས་དབྱིངས་ཤེས་རབ་ཉིད་ཐབས་དང་ཡེ་ཤེས་སུ་གསལ་ལ། ཐབས་ཡེ་ཤེས་ཉིད་དབྱིངས་ཤེས་རབ་ཀྱི་རང་བཞིན་པས། དེ་ལ་ལམ་པའི་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་ཀྱང་ངོ་བོ་གཞི་མི་གཅིག་པར་མ་ཕྱེད་ལ། རྒྱལ་བ་ཉིད་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཀྱང་རང་རྒྱུད་སོ་སོར་བར་མི་མཁྱེན་མ་གཟིགས་པའི་ཕྱིར། དོན་དེ་ནི་ཡེ་ནས་གཉིས་སུ་མེད་པར་སངས་རྒྱས་པ་ལ་མ་བཅོས། བྱེད་པ་པོས་མ་བྱས། སྒྲིན་པོས་མ་བསླད་དོ། །ཡེ་ཉིད་དེ་ལྟ་བུར་སངས་རྒྱས་རང་རིག་པ། པ་ལ་ནི་དེ་བཞིན་ཐོག་ཏུ་བབ་པར་རྟོགས་པའོ། །དེ་ལྟ་བུའི་ངང་ལ་བདག་གཞན་གཉིས་མེད་དེ་གཅིག་པས། ཤེས་བྱ་ཤེས་བྱེད་དུའང་གཞི་ནས་མེད་དེ། རང་རིག་རང་གསལ་ལོ། །དེ་ལྟ་བའི་དོན་དེ་བསྒོམ་པར་བྱའོ། །ཞེས་གསུངས་སོ། །སྔགས་སྐ་བ་དཔལ་བརྩེགས་ཀྱི་བཞེད། ཀྱི་དགེ་བཤེས་ཁ་ཅིག་མ་ཧཱ་ཡོ་གའི་ལྟ་བ་བདག་ཉིད་ཆེན་པོར་ལྟ་བར་བཞེད་དེ། ཆོས་རིགས་པ། ཕུང་པོ་ཁམས་འབྱུང་བ་ཅིར་སྣང་ཅིར་སྲིད་ཀྱང་། ཡེ་ནས་བདག་ཉིད་ཀྱི་རིག་པ་བྱང་ཆུབ་ཀྱི་སེམས་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་དུ་རང་རྒྱུད་པ་མེད་པ་དང་། བདག་ལས་གཞན་པ་མ་ཡིན་པ་དང་། གཉིས་པ་མ་ཡིན་པ་དང་། བདག་ཉིད་ཡིན་པ་དང་། ངོ་བོ་གཅིག་པའི་ཕྱིར། བཀོལ་མདོ་མན་ངག །ལས། མ་ཧཱ་ཡོ་གའི་ལྟ་བ་བདག་ཉིད་ཆེན་པོར་ལྟ། ཞེས་མན་ངག་ལས་ཀྱང་། དེ་རིགས་པ། ལྟར་བདག་ཉིད་ཆེན་པོར་བལྟ་བ་ནི། དཔེར་ས་བདག་རྒྱལ་པོ་ཆེན་པོ་དང་འདྲ་སྟེ། ཆོས་ཐམས་ཅད་ལ་རང་རིག་པས་དབང་བསྒྱུར་བའི་ཕྱིར་ཏེ། དེ་ཇི་ལྟར་བསྒྱུར་ཞེ་ན། དེ་ནི་འཇིག་རྟེན་ན་བདག་པོ་ནོར་ལ་སྤྱོད་པ་བཞིན་འདིར་གཉིས་ཕ་མ་ཡིན་ཏེ། རང་རིག་པ་ཉིད་ཅིར་ཡང་འབྱུང་། ཅིར་ཡང་འཆར་བས། ལམ་གྱི་དུས་ན་སྐད་ཅིག་ལའང་སྤྲུལ་པ་དང་དཀྱིལ་འཁོར་མང་པོ་འཆར་ཞིང་འབྱུང་ལ། དེ་ཉིད་ཀྱང་སྐད་ཅིག་གིས་མ་དམིགས་པར་བྱེད་པ་ལ་སོགས་པ་དང་། དེ་རིལ་སེམས་ཀྱི་ངོ་བོ་ཉིད་རང་གསལ་བས། དེ་ལ་དབང་བསྒྱུར་ཞེས་བྱ་སྟེ། སྙིང་པོ་བདག་ཉིད་ཆེན་པོའི་གཏན་ཚིགས། ལས། ཉིད་ལ་དབང་བསྒྱུར་ཉིད་སྤྱོད་ཕྱིར། །ཞེས་འབྱུང་བ་དང་། ཞུས་ལན་ལས། རྟོགས་དང་ཏིང་འཛིན་རྒྱལ་པོའི་ཐུགས་དང་སྐུ། །རྟག་ཏུ་ཞུམ་པ་མེད་ཅིང་སྨོན་པ་མེད། །རྒྱལ་པོ་ཆེན་པོ་ལྟ་བུར་ས་མནན་ནས། །མ་ལུས་ཀུན་ལ་བསྒོ་ཞིང་དབང་དུ་བྱེད། །ཅེས་གསུངས་ཏེ། འདིར་ཉོན་མོངས་ལྔ་ལ་སོགས་པའི་དོན་མ་ནོར་བར་རྟོགས་ན། ལམ་དང་དངོས་གྲུབ་ཀྱང་གཞན་ནས་མི་རེ་སྟེ། བདག་ཉིད་ལས། སྒོ་གསུམ་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་གསལ་བ་རྡོ་རྗེ་གསུམ་གྱི་དངོས་གྲུབ་ཀྱང་གཞན་མ་ཡིན། དེར་མ་ཟད་ཞི་ཁྲོ་ལ་སོགས་པའི་དབུགས་འབྱིན་པའི་དཀྱིལ་འཁོར་རྣམས་ཀྱང་རང་རྒྱུད་དུ་མེད། གཞན་ནས་མ་བྱོན། མི་གཞན་ཞིག་གིས་མ་བཞག་སྟེ་རང་གི་རིག་པ་བྱང་ཆུབ་སེམས་སོ། །དེ་ཉིད་ལས། འབྱུང་བའི་ལུས་དང་ཕྱག་རྒྱ་ཆེན་པོ་ཡང་། །སེམས་ཀྱི་རྣམ་པར་མཉམ་པས་ལུས་ཉིད་མིན། །དཀྱིལ་འཁོར་སྤྲུལ་པ་དཀྱེ་ཞིང་དགོད་པ་ཡང་། །ཏིང་འཛིན་རྣམ་པ་ཡིན་པས་རང་གི་སེམས། །ཞེས་འབྱུང་། ལེའུ་ལག་བདག་ཉིད་ཆེན་པོ་རང་བཞིན་གྱི་གཏན་ཚིགས་ཀྱི། ལས། ཐམས་ཅད་མ་ལུས་བདག་ཡིན་པས། །ཀུན་ལ་སྨོན་ཅིང་ཆགས་སུ་མེད། །ཅེས་འབྱུང་སྟེ། རིལ་བདག་ཉིད་ཆེན་པོར་སངས་རྒྱས་སོ། །འོ་ན་བདག་ཉིད་ཆེན་པོ་གང་ལ་བྱ་ཞེ་ན། རང་རིག་པ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཐིག་ལེ་ཆེན་པོ་ཆོས་ཀྱི་སྐུ་ལ་བྱ་སྟེ། དེར་འཁོར་བའི་ཆོས་ལུས་དང་སྡུག་བསྔལ་བདེ་བའི་མཚན་མ་ཇི་སྙེད་དུ་སྣང་བ་དབྱེར་མེད་དེ། སྒྱུ་འཕྲུལ་བླ་མ་ལས་ཀྱང་། སྣང་སྲིད་ཁ་དོག་མང་པོ་ཡང་། །ཐིག་ལེ་ཆེན་པོའི་ལམ་དུ་ངེས། །འགྲོ་བའི་དོན་དུ་གསུངས་པ་ཡི། །དགུ་དང་སྟོང་ཕྲག་བརྒྱད་ཅུ་བཞི། །བྱང་ཆུབ་སེམས་ལས་གཞན་དུ་མེད། །རྒྱུ་རྐྱེན་རྟེན་དང་ལེན་བཅས་པར། །ཐིག་ལེ་ཆེན་པོའི་དབྱིངས་སུ་ངེས། །ཞེས་གསུངས་པས། ལམ་གྱི་ཆོས་རིལ་ཀྱང་བདག་ཉིད་ལ་འཁོར་བའང་སངས་རྒྱས་སོ། །ཁྲོ་ཚོགས་འདུ་འཕྲོ་མང་པོ་ཡང་། །ཆོ་འཕྲུལ་བྱང་ཆུབ་སེམས་སུ་ཐིམ། །ཞེས་འབྱུང་བས། དཀྱིལ་འཁོར་དང་སྤྲུལ་པ་རིལ་རང་རིག་པས། གཞན་དུ་མ་ཡིན་པར་བསྟན་ཏེ། དོན་དེ་དག་རྒྱ་ཆེར་འབྱུང་ངོ་། །དེས་ན་ལྟ་བ་དང་། དབང་དང་། དམ་ཚིག་དང་། མཆོད་པ་ཕྲིན་ལས་ལ་སོགས་པའི་ལམ་གྱི་ཆོས་ཇི་སྙེད་པ་དང་། གདུལ་བྱ་སེམས་ཅན་གནས་དང་བཅས་པ་ཇི་སྙེད་པ་དང་། འབྲས་བུ་རྒྱལ་བའི་ཡོན་ཏན་ཇི་སྙེད་པའང་བདག་ཉིད་ལས་གཞན་དུ་མི་ལྟའོ། །འོ་ན་བདག་ཉིད་ཆེན་པོའི་དེའི་མཚན་ཉིད་ཇི་ལྟ་བུ་ཞིག་ཞེ་ན། དེ་ནི་དེ་དག་ཐམས་ཅད་དུ་ཡང་རང་སྣང་ལ། ངོ་བོའི་རྣམ་པ་འདི་ལྟ་བུ་བྱ་བ་མེད་དེ། མཐའ་དབུས་དང་བྲལ་བའི་ངང་འདས་གྲོལ། གང་གིས་ཀྱང་མ་རེག་ལམ་སྲང་། པའི་དག་པ་ཆེན་པོར་བཞུགས་སོ། །དེ་དངོས་པོ་སྤངས་པར་བྱས་ནས་དག་པའམ། མ་སྤང་བར་དག་ཅེས་དྲིས་ན། ལན་གསོལ་བ། འདིར་དངོས་པོ་གཉིས་ལ་རིལ་བསལ་ནས་དག་པ་མ་ཡིན་ཏེ། རང་བཞིན་གྱི་གཏན་ཚིགས་ཀྱིས་ཐམས་ཅད་ཀྱང་ཡེ་ནས་མ་བྱས་པར་དག་པའོ། །ལེའུ་ལག་ལས། ཐམས་ཅད་དག་ཅེས་བྱ་བ་ཡང་། །དངོས་པོ་གསལ་དག་མ་ཡིན་ཏེ། །སྣང་སྤྱོད་ཉིད་ན་རྣམ་པར་དག །ཅེས་གསུངས་ཏེ། ཐམས་ཅད་ཀྱི་ངོ་བོ་མཐའ་ཡེ་ནས་དག་པའི་བདག་ཉིད་ཆེན་པོ་དོན་གདེང་ཆུད་པར་བྱས་ཏེ། བསྒོམ་པའི་དུས་སུ་ཡང་དོན་དེ་ལ་བློ་ཅིར་ཡང་མི་དམིགས་པར་བྱའོ། །ཞེས་གསུངས་ཏེ་དེ་ལྟར་བཞེད་དེ། དགེ་བའི་བཤེས་གཉེན་གཉེན་དཔལ་དབྱངས་ཀྱིས་བཞེད། ལ་ལའི་ཞལ་ནས། མ་ཧཱ་ཡོ་ག་གཉིས་སུ་མེད་པར་ལྟ་བར་བཞེད་དེ། ཆོས་རིགས་པ། འདུས་བྱས་དང་འདུས་མ་བྱས་ལ་སོགས་པ་ཐམས་ཅད་རང་གི་རིག་པ་ཡིན་པས། ངོ་བོ་འདི་འདྲ་བྱ་བ་ཡང་མེད། མེད་བཞིན་དུ་ལྷའི་དཀྱིལ་འཁོར་ལ་སོགས་པར་ཡང་སྣང་བས་དབུས་སུ་ཡང་མེད་དེ། དོན་དེ་ཉིད་ནི་ཡོད་མེད་གཉིས་སུ་མེད་པ་བརྗོད་པ་མེད་པ་ཡིན་ཏེ། སརྦ་འབུ་ཏ་ལས་སངས་རྒྱས་གསང་བ་ལས། ཡོད་པ་མ་ཡིན་མེད་པ་མིན། །དབུ་མར་ཡང་ནི་དམིགས་སུ་མེད། །ཤེས་རབ་ཕ་རོལ་ཕྱིན་སྦྱོར་བ། །སངས་རྒྱས་བྱང་ཆུབ་རབ་གྲུབ་པའོ། །ཞེས་འབྱུང་། ཟླ་གསང་ཐིག་ལེ་ལས། ཡན་ལག་ཐམས་ཅད་བསྒོམ་ལས་འདས། །འདྲེན་དང་ཚིག་ལས་ཡང་དག་འདས། །འདི་ནི་དཀྱིལ་འཁོར་མཆོག་ཅེས་བྱ། །ཞེས་འབྱུང་ངོ་། །དེ་ལྟ་བུའི་དོན་གྱི་ངོ་བོ་ཡེ་ནས་མི་ཟིན་པས་མ་སྐྱེས་པའི་ཕྱིར། སྣང་བའི་དངོས་པོ་གང་ཡང་མེད། དེ་ཙམ་ཉིད་ན་ཕུང་པོ་ཁམས་སྐྱེ་མཆེད་ལ་སོགས་རིལ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གསལ་བས། སྟོང་པའི་ངོ་བོ་ཡང་མེད་དེ། དངོས་སྟོང་གཉིས་སུ་མེད་པའི་དེ་བཞིན་ཉིད་དོ། །སྙིང་པོ་ལས། དངོས་རྣམས་ཉིད་ན་དངོས་མེད་པས། །རྟོག་པའི་སྨྲ་བསམ་ཡུལ་ལས་འདས། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །དེ་ཕྱིར་དངོས་པོ་དངོས་མེད་དེ། །ཞེས་འབྱུང་བས། དེ་ལྟ་བུའི་ངང་ལ་དབྱིངས་ཡེ་ཤེས་དང་ཡུལ་ཡུལ་ཅན་དུ་སྣང་བ་མེད་དོ། །འོན་ཏང་བྱང་ཆུབ་སེམས་ཉིད་ལ་ཕུང་པོ་ཁམས་སྐྱེ་མཆེད་ཐམས་ཅད་གཅིག་དང་དུ་མའི་མཐའ་ལས་གྲོལ་བས། རྟོག་པར་གཅིག་ཀྱང་ཡེ་ཤེས་ཀྱི་སྐུ་ཕྱག་རྒྱར་ཅིར་ཡང་སྣང་ཞིང་གསལ་བས་ཆད་པ་མ་ཡིན། དེ་ལ་ངོ་བོ་མེད་པས་རྟག་པ་མེད་དེ་རྟག་ཆད་གཉིས་མེད། དེ་ལྟར་མ་འགགས་པའི་ཡེ་ཤེས་ཀྱི་སྐུར་ཤར་ཙམ་ན་དངོས་གཞི་མེད་པས་སྐྱེས་པ་དང་མ་སྐྱེས་པ་གཉིས་མེད་པས། མདོར་ན་མཐའ་གང་དུ་ཡང་མི་སྣང་བར་གསོལ་ལོ། །ལེའུ་ལག་ལས། ཉི་མུན་སྣང་དབྱེར་མེད། ཟེར་མ་ཤར་བའི་འོད་བཞིན་དུ། །སྣང་དང་མི་སྣང་གཉིས་ཀ་མེད། །ཞེས་འབྱུང་ངོ་། །འཁོར་བའི་ཆོས་འདི་དག་བརྟགས་ན། འདི་ཉིད་ལ་རང་བཞིན་མེད་པ་དང་། སྣང་ན་ཡང་། ཕུང་པོ་ལྔ་ནི་རིགས་ལྔ། འབྱུང་བ་ལྔ་ཡུམ་ལྔ། སེམས་རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔར་རང་བཞིན་གྱིས་དག་པར་རྟོགས་པས་འཁོར་བ་མ་སྟོང་ལ། མྱ་ངན་ལས་འདས་པ་མ་བསྒྲུབས་རྫོགས་པས་འཁོར་བ་དང་། མྱ་ངན་ལས་འདས་པའང་གཉིས་སུ་མེད་དེ། དེ་ཉིད་ལས། འཁོར་བ་དང་ནི་མྱ་ངན་འདས། །གཉི་ག་ཡོད་པ་མ་ཡིན་ཏེ། །འཁོར་བ་ཡོངས་སུ་ཤེས་པ་ན། །མྱ་ངན་འདས་ཞེས་དེ་ལ་བྱ། །ཞེས་པས་མངོན་ཏེ། འཁོར་བ་སྟོང་པ་ཉི་ཚེར་སྦྱངས་པ་ནི་མ་ཡིན་ཏེ། རང་རིག་པ་གཉིས་མེད་དུ་ཤེས་པས། ཡོངས་སུ་མ་དམིགས་ཞེན་པ་གཉིས། ཏེ། དག་པ་ཉིད་སྟོང་ཞེས་བྱའོ། །དེར་མ་ཟད་རང་རིག་པ་གཉིས་མེད་གཅིག་དང་དུ་མར་བྲལ་བའི་རིགས་པ། དེ་ནི་རྟོགས་མ་རྟོགས་བཟང་ངན་གྱི་ཆོས་དུ་མར་ཡང་སྣང་ལ། སྣང་བ་ཉིད་མ་སྤངས་དག་པ་ངོ་བོ་མེད་པས་དུ་མ་ཡང་མེད་དེ། གཅིག་དང་དུ་མའི་མཐའ་གཉིས་སུ་མེད་དེ། དེ་ཉིད་ལས། གཅིག་གཅིག་དང་དུ་མར་བྲལ་བའི་གཏན་ཚིགས་ཀྱི་ལུང་། དང་དུ་མ་བྲལ་བ་ཡི། །མཐའ་དང་དབུས་བྲལ་དེ་བཞིན་ཉིད། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་ཏེ། །རང་བྱུང་ཡེ་ཤེས་གནས་མེད་སྣང་། །ཞེས་གསུངས་སོ། །ཀུན་ལྷག་པའི་བདེན་པ་གསུམ་གྱི་གཏན་ཚིགས། རྫོབ་དང་དོན་དམ་པ་གཉིས་སུ་མེད་དེ། ལྟ་བའི་ཕྲེང་བ་ལས། དོན་དམ་པ་སྐྱེ་འགག་མེད་པ་ལས། ཀུན་རྫོབ་ཏུ་ལྷ་དང་ལྷ་མོར་བསྒོམ་པ་ཨ་ནུ་ཡོ་གའི་སྐབས་སུ་གསུངས་པས། འདིར་ལྷག་པའི་མཉམ་པ་གཉིས་ནི་ཀུན་རྫོབ་མདོ་སྡེ་པ་ལྟར་རྟེན་འབྲེལ་ཕུང་ཁམས་སྒྱུ་མ་ཙམ། སྒྱུ་མའང་མི་འགོག་གིས་ཀྱང་། དེ་ཉིད་ཡེ་ཤེས་ཀྱི་དཀྱིལ་འཁོར་ལྷ་དང་ལྷ་མོ་སྐུ་མདོག་རྒྱན་དང་ཆ་ལུགས་བསམ་གྱིས་མི་ཁྱབ་པར་ཤར་བ་ནི་ཀུན་རྫོབ་བོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཉིད་ལམ་པས་བསྒོམ་པའི་དུས་སུ་སྐྱེ་འཇིག་ཅན་དེ། བསྐྱེད་ཅིང་བསྡུད་སྤྲུལ་པས་དོན་བྱེད་ནུས་པས་རིག་པ་ལ་མཐུན་པར་སྣང་བས། ཡང་དག་པའི་མཐའ་དང་བྲལ་བ། རྟག་པ་མ་ཡིན་པ། ཆད་པ་མ་ཡིན་པ། མཚན་མར་སྣང་བ། ཡང་དག་པར་རྟོག་པའི་རི་བོ་དགུ་བཅུའམ་བརྒྱད་ཅུ། དེ་ཉིད་ལ་ཞེན་ན། དེ་ཉིད་མཐོང་དུ་མི་སྟེར་བས། ཀུན་སྒྲིབ་པ་ཡིན་པའི་ཕྱིར་རོ། །དོན་དམ་པར་ནི་དེ་བཞིན་རང་རིག་པ་དཀོར་ཀུན་རྫོབ་དེ། རང་བཞིན་མེད་པའི་ཡེ་ཤེས་སུ་གསལ་བ། བརྗོད་དུ་མེད་པའི་བློས་རིག་དཀའ་བ་ཆོས་དེ་བཞིན་ཉིད་དོ། །འོ་ན་དེ་རེ་མོས་པའམ་དབྱེར་མེད་པ་ཡིན་ནོ་ཞེ་ན། འདིར་ཙེན་སྟོན་ལྟར་རེ་མོས་པ་མེད་དེ། དོན་དམ་པར་རང་རིག་པ་མཐའ་དང་བྲལ་བའི་ངང་ལས་མ་གཡོས་བཞིན་དུ། རྒྱ་མཚོ་དང་རླབས་ལྟར་རང་རིག་ལྷར་སྣང་ལ། སྣང་ཙམ་ན་ཆུ་ཟླ་ལྟར་ངོ་བོ་མེད་དེ་དུས་གསུམ་དུ་དབྱེར་མེད་པས། ལམ་ལ་ལྷ་བསྒོམ་པའི་དུས་ཉིད་བློ་རབ་བདེན་པ་རྣམ་གཉིས་དབྱེར་མེད་དེ། རེ་མོས་བསྐྱེད་བསྡུད་བྱེད་པ་ནི་རེ་ཞིག་ལམ་པ་གསར་བུ་ཐ་ཤལ་གྱི་ངོར་སྟེ། གཞུང་རྫོགས་པ་ནི་མ་ཡིན་ནོ། །སྒྱུ་འཕྲུལ་ཆེན་པོ་ཡོན་ཏན་རྫོགས་པའི་རྒྱུད་བརྒྱད་པ་ལས། དོན་དམ་སྐྱེ་འགག་མེད་པ་སྟེ། །ཀུན་རྫོབ་སྒྱུ་མ་ཅིར་ཡང་འགྱུར། །ཞེས་པ་དང་། འཁོར་རང་བཞིན་གཏན་ཚིགས། བའི་རང་བཞིན་བདག་མེད་པས། །དེ་ཕྱིར་དེ་བཞིན་གཤེགས་བསམ་ཡས། །ཞེས་པ་དང་། དེ་ཉིད་ལས། ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །གཞི་རྩ་མེད་ལས་ཐམས་ཅད་འབྱུང་། །ཡོད་དང་མེད་པ་གཉིས་ཀ་མིན། །དོན་དམ་ཀུན་རྫོབ་དབྱེར་མེད་དེ། །འདུས་མ་བྱས་ཉིད་འདུས་བྱས་སྣང་། །འདུས་བྱས་སྣང་བ་རྡོ་རྗེ་ཉིད། །སྣང་བ་ཉིད་ན་ངོ་བོ་མེད། །དངོས་མེད་དེ་ཉིད་སྣ་ཚོགས་སྣང་། །དེ་ཉིད་སྒྱུ་མ་མིག་ཡོར་ཚུལ་མེད་བཞིན་སྣང་བའི་ཕྱིར། ཞེས་འབྱུང་སྟེ། མདོར་སངས་རྒྱས་སེམས་ཅན་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་རིལ་གཉིས་མེད་པས། མཚན་ཉིད་འདི་འདྲར་བརྗོད་དུ་མེད་པ། བསམ་དཔྱོད་ལས་འདས་པར་རྟོགས་པས། དེ་ལ་ཅིར་སྣང་མི་རྟོག་པར་བསྒོམ་མོ། །འོ་ན་གཉིས་པའི་ཆོས་ཇི་སྙེད་པ་འདུག་པ་འདི་ཅི་ཉེས་ཞེས་དྲིས་ན། དེ་ནི་རང་བཞིན་དེ་བཞིན་ཉིད་གཉིས་སུ་མེད་པ་ཡིན་ཡང་། ཐབས་དང་མ་ལྡན་པས། དབུལ་མོའི་གཏེར་དང་། གྱད་ཀྱི་ནོར་བུ་བཞིན་མ་མཐོང་བར་ཟད་དོ། །འོན་ཀྱང་ལུགས་འདིར་འཁོར་བ་ཉམས་ཐག་བདོ་བ་ཉིད། གཉིས་མེད་ཀྱི་དོན་དུ་གསལ་ལ། དེ་ལྟར་སྣང་བའང་མཐོང་བས་བདེན་པ་རེ་མོས་པ་མེད་པའོ། །འོན་རིགས་དང་རྒྱུ་མེད་པ་ཐ་མི་དད་བཞིན། ཏེ་སངས་རྒྱས་སེམས་ཅན་ཐ་དད་ན་འབྲེལ་བ་མེད་པས་སྣང་དུ་མི་བཏུབ་སྟེ། ལྷོའི་འཛམ་བུ་གླིང་གི་མི་སྒམ་པོས། བྱང་གི་སྒྲ་མི་སྙན་གྱི་མི་ལེགས་པའི་ལམ་བསྟན་དུ་མི་བཏུབ་ལ། མཆིང་བུ་རིན་པོ་ཆེར་མི་འགྱུར་བ་དང་འདྲ་སྟེ། དེ་བཞིན་གཤེགས་པས་ལམ་གྱི་ཆོས་རྒྱུ་དང་འབྲས་བུའི་ཐེག་པ་གསུངས་ལ་ཕན་མེད་ལ། འགྲོ་བས་ཀྱང་རྒྱལ་བའི་གོ་འཕང་མི་འགྲུབ་བོ། །དེས་ན་ལེའུ་ལག་ལས། སོ་སོའི་རང་བཞིན་ངེས་ཞེས་ན། །ཡང་དག་ལམ་གྱིས་བཅོས་སུ་མེད། །ཅེས་པ་དང་། ཡང་། ཡེ་ནས་ངོ་བོ་ཡོད་མིན་ན། །ཉོན་མོང་སྤང་ཞིང་བྱང་གྲུབ་མེད། །ཅེས་གསུངས་པ་དང་། ཡང་། ཡང་དག་གཤེགས་དང་ལོག་རྟོག་ཉིད། །ངོ་བོ་ཉིད་ཀྱིས་གནས་གྱུར་ན། །དེ་ལ་བཅོས་ཤིང་བསྒྱུར་དུ་མེད། །དེ་བས་ཡང་དག་བློ་ཆེན་གྱིས། །ཐམས་ཅད་དངོས་པོ་མེད་ཅེས་བཤད། །ཅེས་གསུངས་སོ། །དགེ་བཤེས་སློབ་དཔོན་པདྨ་དང་མ་དུའི་བཞེད། ཁ་ཅིག་ནི་མ་ཧཱ་ཡོ་གའི་ལྟ་བ་ནི་མཉམ་པ་ཉིད་དུ་བཞེད་དེ། དེ་མཉམ་པའི་གཏན་ཚིགས་ལ་ལུང་མན་ངག་གསུམ། ཡང་དོན་དམ་པར་མཉམ་པ་དང་། ཀུན་རྫོབ་ཏུ་མཉམ་པ་དང་། བདེན་པ་གཉིས་སུ་མེད་པར་མཉམ་པ་དང་། ཆེན་པོ་ལྔ་དེ་བཞིན་གཤེགས་པ་ལྔར་མཉམ་པ་དང་། རྣམ་པར་ཤེས་པ་བརྒྱད་ཡེ་ཤེས་ལྔར་མཉམ་པ་དང་ལྔར་གསུངས་ན། དེ་དག་གི་གཏན་ཚིགས་རྒྱས་པར་ནི་ཡི་གེ་མང་སྟེེ་འགྲོ་བས་མ་བཀོད་དོ། །འདིར་ཅུང་ཞིག་བརྗོད་དེ། དོན་དམ་པ་མཉམ་པ་ནི། གོང་དུ་སེམས་ཉིད་དུ་བསྟན་པ་དང་འདྲ་སྟེ། རིལ་རང་རིག་གཉིས་མེད་མ་སྐྱེས་པའི་ངོ་བོ་ལ་བཟང་ངན་གཙང་སྨྲེ་གདོད་ནས་མ་དམིགས་པའོ། །དེ་ཡང་ལེའུ་ལག་ལས། ཐམས་ཅད་མ་ལུས་སྟོང་ཞེས་ཏེ། ས་རྡོ་དྲན་མེད་མ་ཡིན་པས། །རྟོག་མེད་རང་རིག་འོད་གསལ་བའོ། །ཞེས་འབྱུང་། རྡོ་རྗེ་བཀོད་པ་ལས། དབུས་མཐའ་མི་དམིགས་མཉམ་པའི་ལམ། །གཅིག་ཏུ་མཉམ་པར་ཆུད་ནས་ནི། །ཡུལ་མེད་ཚོལ་བའི་སེམས་བྲལ་ཏེ། །བླང་དོར་གཉིས་ཀྱི་མཐའ་སྤངས་ནས། །གནས་པ་མེད་པའི་ཚུལ་གྱི་གནས། །ཆོས་ཉིད་དབྱིངས་སུ་རོ་གཅིག་ཕྱིར། །ཤེས་དང་ཤེས་བྱ་གཉིས་སུ་མེད། །ཡེ་ནས་ཤེས་ཤིང་ཆོས་ཤེས་ན། །ཆོས་ཉིད་གཞན་ནས་བཅོས་མི་དགོས། །ཞེས་འབྱུང་ངོ་། །ཀུན་རྫོབ་སྒྱུ་མར་མཉམ་པ་ནི། །འདིར་ནི་ཡེ་ཤེས་སྒྱུ་མ་སྟེ། །ལོག་རྟོག་སྒྱུ་མའི་ངོ་བོ་ཉིད། །ཡེ་ཤེས་སྒྱུ་མ་ལྷ་དང་ལྷ་མོའི་རང་བཞིན་དུ་སངས་རྒྱས་པ་གསལ་བའི་ངོ་བོ་ལ། བཟང་ངན་རིལ་ལྷའི་དཀྱིལ་འཁོར་དུ་བྱུང་ཐབས་པས་མ་དམིགས་སོ། །ལེའུ་ལག་ལས། ཀུན་རྫོབ་སྒྱུ་མར་མཉམ་པ་ནི། །འདུས་སྐྱེ་བོ་བློ་འདྲིད་ཀྱི་ཁྱེར། བྱས་དངོས་པོ་ཐམས་ཅད་ཀུན། །སྒྱུ་མའི་ཚུལ་དུ་ཐམས་ཅད་སྣང་། །འཕྲལ་སྣང་བྱ་བ་ཀུན་བྱེད་ཀྱང་། །རྟོག་པ་ཀུན་གྱི་ཚད་མར་སྣང་། །འདི་དག་ཐམས་ཅད་གཟུགས་བརྟག་པ་ཙམ་སྣང་བའི་ཕྱིར། བརྙན་ཏེ། །བྱ་བྱེད། མེད་སྣང་ཞིང་དངོས་པོ་མེད། །ཆུ་ཟླའི་ཚུལ་དུ་ཐམས་ཅད་གནས། །ཐམས་ཅད་སྣང་ལ་རང་བཞིན་མེད། །ཅེས་གསུངས་སོ། །བདེན་པ་རྣམ་པ་གཉིས་དབྱེར་མེད་པར་མཉམ་པ་ནི། ཀུན་རྫོབ་དངོས་པོ་བཟང་ངན་དུ་སྣང་ནས་དོན་བྱེད་ཙམ་ན། དེ་ཉིད་ལ་རང་རིགས་བརྒྱུད་སོ་སོར་བསྟན་རེ་རེ་བ་མེད་པའི་ཕྱིར། བཞིན་འདི་འདྲར་བསྟན་དུ་མེད་དེ། རང་གི་བྱང་ཆུབ་ཀྱི་སེམས་ཅི་ཡང་མ་ཡིན་པ་ཉིད་དོ། །དེ་ལ་ནི་ངོ་བོ་ཡང་མེད་ལ། ཅིར་ཡང་སྣང་བ་མ་ཡིན་ཏེ། ངོ་བོ་བརྟག་ཅིང་བསྟན་པར་དཀའ་ལ་བརྗོད་དུ་མེད་པ་སྟེ། དེ་ལ་བླང་དོར་དང་ཆེ་ཆུང་གང་ཡང་མི་དམིགས་སོ། །དེ་ཞིབ་ཏུ་སྔར་བཤད་དེ། ཆེན་པོ་ལྔ་དེ་བཞིན་གཤེགས་པ་ལྔར་མཉམ་པ་ནི། ཆེན་པོ་ལྔ་ཉིད་རང་རིག་པ་དེ་བཞིན་རྣམ་ཤེས་དགུ་པ། ཉིད་ཀྱི་ཡེ་ཤེས་པས་ཡིན་ཕྱིར། འབྱུང་བ་ལྔར་སྣང་བ་ཉིད་ལོག་རྟོག་མ་ཡིན་ཏེ། ཡེ་ཤེས་ཀྱི་འབྱུང་བ་ལྔ་ཡིན་པའི་ཕྱིར། ནམ་མཁའ་ཅི་ཡང་མི་འགོགས་པ་དེ་བཞིན་རིགས། ས་སྲ་ཞིང་མི་འགྱུར་བས་རྡོ་རྗེ། ཆུ་མཚན་ཉིད་མཉེན་བཞིན་གང་དུ་ཡང་སྣང་བས་རིན་པོ་ཆེ། མེ་གསལ་ལ་མ་འགགས་པས་མཐའ་ཡས། རླུང་གང་དུ་ཡང་ཐོགས་པ་མེད་པས་ལས་སོ། །ལུང་ལས་ཀྱང་། ནམ་མཁའ་རྣམ་པར་སྣང་བར་མཛད། །ས་ནི་མི་གཡོ་རྡོ་རྗེ་འཛིན། །ཆུ་ནི་མཉེན་ཆགས་རིན་ཆེན་འབྱུང་། །མེ་ནི་འོད་གསལ་སྣང་མཐའ་ཡས། །རླུང་ནི་ཐོགས་མེད་དོན་ཡོད་གྲུབ། །ཅེས་གསུངས་ཏེ། འབྱུང་བ་ལྔ་ཉིད་གཅིག་དུ་མ་ལས་གྲོལ་བས། གཅིག་ཀྱང་རིགས་ལྔར་སྣང་སྟེ། དེ་ལ་རིགས་ལྔ་དང་ངོ་བོ་ཉིད་ཐ་མི་དད་དབྱེར་མེད་པའི་ཕྱིར་རོ། །དེ་ཡང་མིན་པ་ལས་ཡིན་པར་གྱུར་པ་མ་ཡིན་ནོ། །རྣམ་ཤེས་བརྒྱད་ཡེ་ཤེས་ལྔར་མཉམ་པ་ནི། གཞི་དོན་གྱི་ཀུན་གཞི་ཀུན་གྱི་དངོས་གཞི་པ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ནི་གསལ་ལ་མི་རྟོག་པས་དེ་བཞིན་ཉིད་ཀྱི་ཡེ་ཤེས་སོ། །ལེ་ལག་ལས། རྣམ་རྟོག་ཀུན་གཞི་མ་ཡིན་པ། །རང་སྔགས་ཀྱི། བཞིན་མེད་པ་དོན་གྱི་གཞི། །འདི་ནི་ཆོས་ཀྱི་དབྱིངས་ཞེས་བྱ། །དེ་བཞིན་ཉིད་ཀྱི་ཡེ་ཤེས་སོ། །ཞེས་འབྱུང་། སྦྱོར་བ་དོན་གྱི་ཀུན་གཞི་རྣམ་པར་ཤེས་པ་བག་ཆགས་གཉིས་ཀྱི་ཀུན་གཞི་ཐུན་མོང་ཀུན་གཞི་མཚན་ཉིད་ཀྱི། ཉིད་ངོ་བོས་དག་པའི་ཕྱིར་བག་ཆགས་ཀྱི་ས་བོན་དང་བཅས་མ་བསལ་དག་པ་ལ། གསལ་ལ་མི་རྟོག་པ་མེ་ལོང་ལྟ་བུའོ། །ཡིད་ཀྱི་རྣམ་པར་ཤེས་པ་ཉིད། ཡེ་ནས་རང་རིག་པའི་ཡེ་ཤེས་སྤྱོད་ཡུལ་མ་སྤངས་གསལ་བར་ཐལ་བ་ལ། སྤྱི་དང་རང་གི་མཚན་ཉིད་མ་དམིགས་མཁྱེན་པས། སོ་སོར་རྟོག་པའི་ཡེ་ཤེས་སོ། །ཉོན་མོངས་ཅན་གྱི་ཡིད་ཀྱི་རང་གི་ངོ་བོ་རྒྱལ་པོ་ཕྲུ་གུ་ལས་ནོར་ས་ཙམ་དང་འདྲ་ཡང་ཡེ་གཉིས་སུ་མེད་པ་ལ་བདག་འཛིན་མ་བསལ་དག་པ་མཉམ་པ་ཉིད་དོ། །སྒོ་ལྔ་ཡུལ་ཐ་དད་ལ་དམིགས་པ་ཉིད་རང་རིག་པ་ཅིར་ཡང་མ་འགགས་པ་ལ་བཙལ་བ་མེད་པས་བྱ་བ་གྲུབ་པའི་ཡེ་ཤེས་ཏེ། འདི་ལྟ་བུར་ཡེ་ནས་རང་གསལ་བ་ལས། ལམ་པས་བརྟགས་པས་བཟོད་གྲུབ་པར་བྱས་པ་ཡིན་ནོ། །འདི་ལ་རྨོངས་པ་དག་འཕྲལ་དུ་སྡིག་པ་འདག་སྟེ། ཀུན་གཞི་གནས་གྱུར་ཙམ་ན་ཡེ་ཤེས་ལྔར་འདོད་པ་ནི། དྲེད་མོས་རྩི་འགྲམ་བྱ་བས་པ་ལ་དོན་མེད་པ་དང་འདྲ་བསུར་མི་གཏུབ། སྟེ། རང་བཞིན་གྱིས་དོན་མ་མཐོང་བས་དོན་ཁོང་དུ་ཆུད་པར་ནམ་ཡང་མ་གསུངས་སོ། །འོ་མཉམ་པ་ནི། ན་ལྔར་ངེས་པ་ཁོ་ནའང་ཞེ་ན། རེ་ཞིག་མཚན་མའི་ཆོས་ལྔའི་ཕྱོགས་ནས་ལྔར་བཞག་པ་གཙོ་བོའམ་ལོང་ཙམ་སྟེ། དོན་ལས་མཚན་མ་མཉམ་པ་ལས་བརྟགས་ན། འགྲོ་དྲུག་མཉམ་པས་དྲུག་ཏུ་ཡང་རུང་། སྣོད་བཅུད་མཉམ་པས་གཉིས་སུ་ཡང་རུང་སྟེ། བརྗོད་པ་ལས་ཀྱང་འདས་ལ་གཅིག་ལས་ཀྱང་མེད་དོ། །དེ་དག་གི་གཏན་ཚིགས་བརྒྱ་བཅུ་པ་ལས་ཞིབ་བལྟའོ། །པ་ནི་འདིར་མ་བཀོད་དོ། །འོ་ན་མ་ཧཱ་ཡོ་གའི་ལྟ་བ་དེ་དག་ཁོ་ནར་ཟད་དམ་ཞེ་ན། རེ་ཞིག་འདོད་པའི་གཞུང་མི་མཐུན་པ་དྲངས་པ་སྟེ། ལྟ་གཞུང་ཐ་དད་དེ། གསང་སློབ་དཔོན་ཀླུ་སྒྲུབ་དང་ཟླ་གྲགས་ཀྱི་བཞེད། བ་འདུས་པ་ལས། ཆོས་ཐམས་ཅད་ལྷག་པ་བྱང་ཆུབ་སེམས་དཔེ། བུམ་པ། རྡོ་རྗེ་ཆུས་གང་བ་ལྟར་བཞེད་པ་ཡང་གཉིས་སུ་མེད་པ་བྱང་ཆུབ་སེམས་ཏེ། གྲངས་ལ་ངེས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རིག་པ་དོན། བྱང་ཆུབ་སེམས་ཅིར་ཡང་འཆར་བ་དང་། གང་ཟག་འདོད་པ་ཐ་དད་པའི་ཕྱིར་རོ། །དེ་ལྟར་བསྟན་ངོ་བོ་སངས་རྒྱས་ཉིད། པ་ཐ་དད་ཀྱང་བདག་གིས་ནི་དེ་བཞིན་ཉིད་གཅིག་གི་ངོ་བོ་ལས་ཡོན་ཏན་གྱི་བྱེ་བྲག་ཅིར་ཡང་སྣང་ལ་གཟུང་དུ་མེད་པར་འཇལ་ཏོ། །དེ་ཡང་ཇི་ལྟ་བུ་ཞེ་ན། རང་རིག་པ་མ་བཅོས་པ་གཉིས་བྲལ་དེ་བཞིན་ཉིད་ལས་ཆོས་ཐམས་ཅད་གཞན་པ་མིན་ཏེ། དེར་འདུས་པས་བདག་ཉིད་ཆེན་པོ་ཞེས་ཀྱང་བྱའོ། །དེ་ལ་བཟང་ངན་མེད་པས་མཉམ་པ་ཉིད་ཀྱང་ཡིན། དེ་ཉིད་སྐུ་གསུང་ཐུགས་སུ་ཡང་ཤར་ལ། དེ་ལ་ཕྲ་རགས་དབྱེར་མེད་པས། ཐབས་ཤེས་རབ་ཀྱང་ཡིན་ཏེ། དེ་ལྟ་བུ་ཉིད་གང་ལྟར་བརྟགས་པ་ལྟར་སྣང་ངོ་། །དོན་དེ་ནི་ཡོང་ཡེ་བརྟག་དཀའ་བ་བསམ་དུ་མི་རུང་བ། བརྗོད་དུ་མེད་པ། བསར་དུ་མེད་པ། ཟབ་པ། ཡུལ་མ་ཡིན་པ། རྒྱུ་རྐྱེན་མེད་པ། ངོ་བོ་མེད་པ། མ་བཅོས་པ། མ་བྱས་པ། མ་བསླད་པ། མ་བརྟགས་པ། ཉིན་མཚན་མེད་པ། བདག་གཞན་མེད་པ། མེད་པ་རྣམས་ཀྱང་མ་ཡིན་པ་སྟེ། རིལ་ཡང་མཐོང་དུ་མེད་པའོ། །རྡོ་རྗེ་བཀོད་པ་ལས། མཉམ་དང་མི་མཉམ་པ་མ་ཡིན། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །དམིགས་པ་མེད་ཅིང་མི་དམིགས་མེད། །དེ་ལྟར་ཤེས་པ་མཁས་པ་ཡིན། །རིག་དང་མ་རིག་ཚུལ་གཅིག་སྟེ། །དེ་ལྟར་ཤེས་པ་རྒྱལ་བ་ཡིན། །སེམས་ཀྱི་རང་བཞིན་སངས་རྒྱས་ཡིན། །སངས་རྒྱས་རང་བཞིན་སེམས་ཅན་ཏེ། །སེམས་ཅན་སངས་རྒྱས་གཅིག་པ་ཡིན། །དེ་ལྟར་ཤེས་པ་རྒྱལ་བའི་སྲས། །ཞེས་འབྱུང་སྟེ། གཉིས་སུ་མེད་པའི་དེ་བཞིན་ཉིད་ཅེས་བགྱིའོ། །དེ་ལས་སྐུ་དང་ཡེ་ཤེས་ཅིར་ཡང་སྣང་ངོ་། །དེ་ལྟ་བུའི་དོན་བདེན་པ་མཐོང་བ་ཉིད། ཇི་ལྟ་བུར་མཐོང་ཞེ་ན། དྲིས་པ་དང་། ལན་གསོལ་བ། དེ་བཞིན་ཉིད་ཅི་ཡང་མ་ཡིན་པས། བསམ་པས་གང་དུ་ཡང་མ་མཐོང་། གང་དུ་ཡང་མ་མཐོང་ན་ངེས་པར་མཐོང་བའོ། །དེ་ཡང་རྡོ་རྗེ་བཀོད་པ་ལས། བྱང་ཆུབ་ཕྱིར་ནི་གང་མ་རྙེད། །བརྙེས་པ་མེད་པ་མེད་པའི་དོན་མཐོང་ན། །དེ་བརྙེས་པ་ཡི་མཆོག་ཡིན་ནོ། །ཞེས་པ་དང་། ཡང་། དེ་ལྟར་སེམས་ཀྱིས་སེམས་མཐོང་ན། །ཡེ་ཤེས་ཀྱི་ནི་ཆོས་ཉིད་ཐ་སྙད་འདོགས། མཐོང་། །དུས་ཀུན་དུ་ན་སྐྱེ་འགག་མེད། །སྔོན་མ་མཐོང་བའི་དོན་མཐོང་འགྱུར། །དེ་ཡང་དངོས་པོ་ཅང་མ་མཐོང་། །ཐམས་ཅད་རང་བཞིན་མེད་པ་ཞིག །བློ་ལ་འགྱུར་བ་ཁོ་ནར་ཟད། །དེ་ལྟ་བུའི་དོན་མཐོང་ན། །མཚན་འདུ་ཤེས་ཀྱི་བཟུང་བ། མར་མཐོང་བ་ཅི་ཡང་མེད། །ཅེས་འབྱུང་། ཡང་། མཐོང་བ་མེད་པའི་དོན་དེ་ཉིད། །ཡིད་ཀྱི་ངོ་ལ་སྣང་གྱུར་ན། །སྣང་ཞེས་དེ་ཕྱིར་བརྗོད་པར་ཟད། །ཅེས་འབྱུང་བས་མངོན་ནོ། །དེ་ལ་ཡོད་སྟོང་གཅིག་ཏུ་འདོད་དམ་མཐོང་ན། དེ་ནི་ངེས་པར་མཐོང་བ་དང་འདྲ་བའི། མཐོང་བ་སྟེ། ངེས་པར་སྐྱོན་ཡིན་ནོ། །དེ་ལྟ་བུའི་བདེན་པ་མཐོང་བའི་མི་ལ་སྤྱོད་ཡུལ་འདི་སྣང་ངམ་མི་སྣང་དྲིས་ན། ལན་གསོལ་པ། བསམ་རང་རིག་པ་སྣང་ཕྱིར་སྣང་བ་མི་འགོག་ཞེན་པ་མེད་དོ། །པའང་མེད་ལ་ཐེར་ཟུག་པར་མཐོང་བ་ཡང་མེད་དོ། །བྱང་ཆུབ་སེམས་ལོན་ལས། འབྱུང་བ་ལྔ་དང་ཡུལ་ལྔ་དབང་པོར་བཅས། །སྐྱེ་རྒ་ན་འཆི་ལ་སོགས་སྡུག་བསྔལ་སོགས། །དབྱིབས་དང་ཁ་དོག་མཚན་མ་ཇི་སྙེད་པ། །འདི་དག་འཁྲུལ་པའི་སེམས་ཅན་ཡུལ་ཡིན་ཏེ། །བདེན་པ་མཐོང་བའི་ངོ་ལ་འདི་མི་སྣང་། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་བུའི་དོན་མ་རྙེད་པའི་མི་ཚིག་ཕྱིར་འབྲངས་པའི་རྨུ་རྒོད་རབས་གཅིག་ན་རེ། སྔགས་ཀྱི་དེ་བཞིན་ཉིད་ནི། སྟོང་པ་མ་སྐྱེས་པར་འདོད་དོ་ཞེས་ཟེར་བ་ནི། དཔེར་སྦྲང་བུས་ཟར་མ་ལྡོགས་པ་དང་འདྲ་སྟེ། དེ་བཞིན་ཉིད་བསྒོམ་པས་རང་བརླག་པར་འགྱུར་ཏེ། ལམ་མ་ནོར་བ་ལ་ཤིན་ཏུ་གོལ་ཏེ། དེ་རུང་དང་མི་རུང་ན། སྔགས་ཀྱི་དེ་བཞིན་ཉིད་ཀྱི་ངང་ནི་སྣང་བ་མ་སྤངས་པ་སྐད་ཅིག་ཙམ་གྱིས་ལྷ་དང་སྤྲུལ་པ་ཅིར་ཡང་འཆར་བ་ཡིན་ནོ། །ཁྱོད་ཀྱི་སྟོང་པ་ལས་འཆར་དུ་འདོད་དམ། གལ་ཏེ་འདོད་ན་ནམ་མཁའི་མེ་ཏོག་དང་། རི་བོང་གི་རྭ་ཡང་རིགས་པས། སྐྱོན་དེ་ནི་ཤིན་ཏུ་ཡང་སྡིག་ཆེའོ། །ཞུས་ལན་ལས། ཅི་འང་མེད་པ་ཉིད་ལ་འང་། །སེམས་ཉིད་དེ་ཕྱིར་སྣང་མི་ནུས། །འབྲེལ་མེད་ཏིང་འཛིན་གཞན་ན་བསྒོམ། །གཞན་གྱི་ཡུལ་ན་འགྱུར་བ་མེད། །ཅེས་འབྱུང་། དེ་བས་དབུ་མ་དབུ་མ་སྟོང་ཟད་མི་འདོད་ན། ལས། རྒྱལ་བ་རྣམས་ཀྱི་སྟོང་ཉིད་ནི། །ལྟ་ཀུན་ངེས་པར་འབྱིན་པ་སྟེ། །གང་ཟག་སྟོང་པ་ཉིད་ལྟ་བ། །དེ་ནི་གསོར་མི་རུང་ཞེས་བཤད། །ཅེས་གསུངས་སོ། །ལུང་ལས་ཀྱང་། སྟོང་པ་ཉིད་ལ་བལྟ་ཉེས་ན། །ཤེས་རབ་ཆུང་ལྡན་ཕུང་བར་འགྱུར། །ཞེས་གསུངས་པས། དེ་ལྟར་གང་ལ་ལྟའི་མི་ལྟའོ། །འདིར་གང་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་སྟོང་པ་ཉིད་དོ། །གང་ཡང་མི་དམིགས་པ་ལ་ཉམ་ང་བ་དང་ཟིན་ཆགས་མེད་པ་དང་། བྱ་ལམ་ལ་རྗེས་མེད་པ་དང་འདྲ་སྟེ། ལེ་ལག་ལས། ཁྱུང་ནམ་མཁར་ལྡིང་བ་བཞིན་ལྟ་བར་བསྟན་ནོ། །དེ་ལྟར་ལྟ་བས་ཐག་ཆོད་ནས། ལས་མཐའ་ཅི་ཙམ་ཞེ་ན། བསྒོམ་པ་ལ་འཇུག་སྟེ། འཇུག་པའི་དགོས་པ་དང་། རྒྱུ་དང་། དབྱེ་བའོ། །དགོས་པ་ནི་གཉིས་ཏེ། བླ་ན་མེད་རྒྱུ་འབྲས། པའི་འབྲས་རྒྱུ་འབྲས་དབྱེར་མེད་པའང་། བུ་བསྒྲུབ་པར་བྱ་བའི་སྒོ་ནས་འཇུག་པ་དང་། གཞན་ལོག་ལྟ་བསམ་དུ་མེད་པ་ཐ་སྙད་ཙམ་དུ་དྲང་དོན་དུ། དང་། སྒྲིབ་པ་ལ་སོགས་པ་སེལ་བའི་ཕྱིར་འཇུག་པའོ། །འཇུག་པའི་རྒྱུ་ཡང་རང་གི་ཤེས་རབ་ཀྱིས་ཐག་ཆོད་པ་དང་། མན་ངག་ཟབ་མོ་ཐོབ་པའོ། །དེ་ལ་མན་ངག་ནི་སྤྱིར་གཉིས་ཏེ། རྟེན་ཅན་དང་རྟེན་མེད་དོ། །དེ་ལ་རྟེན་མེད་ནི་སྙན་ཁུང་བརྒྱུད་པའི་མན་ངག་དེ་བཞིན་ཉིད་བསྒོམ་པ་བྱ་བསམ་བསླབ་པ་བྲལ་བར་སྟོན་པ་སྟེ། ཨ་ཏི་ཡོ་ག་ལ་ཁྱད་དུ་བཞུགས་སོ། །རྟེན་ཅན་ནི་སྟེང་འོག་གི་སྒོ། གཉིས་ཏེ། སྟེང་གི་སྒོ་ལ་བརྟེན་པ་ནི། ཤི་ར་པོ། ཙཀྲ་འཁོར་ལོ། བཞི་གནས་གཞི་ན་གནས་པ་ལ། དེ་སྤྱིར་བསྒོམ་སྟེ་བསམ་པའང་ལས་ཀྱི་མེ་རླུང་སོ་སོའི་ཐབས་མི་མཐུན་པ་ལས་བསྐུལ་ཏེ། ནམ་མཁའི་བ་བཞོས་ལ་ཡེ་ཤེས་ཀྱི་བདུད་རྩི་ཕབ་ལ་བདེ་བ་བརྟག་པ་དང་། དེ་དག་སོ་སོར་རང་རེ་ལ་རྩ་དང་ཐིག་སྐུད་པ། ལེ་དང་འོད་ལ་སོགས་རླུང་བཟུང་བ་མཆོག་ཏུ་གཅེས། པ། བསམ་པའི་གཞུང་མི་མཐུན་པ་མང་པོ་དང་། ཁྱད་པར་དུ་འདུ་བྱེད་ཆེའམ། ཡང་ན་བསྐལ་འཆི་ཀའི། པ་ཅན་འགའི་དོན་དུ་འདའ་ཀའི་མན་ངག་དང་། ནང་གི་གསང་བ་ཡེ་ཤེས་ཀྱི་སྒྲོམ་བུར་ཉོན་མོངས་པ་ཅན་གྱི་ཡིད་ནམ་མཁའི་རི་བོང་ཅན་ཟླ་ངེས། དུ་བསམ་པ་དང་། དེའི་ཐོག་ཏུ་ཀུན་གཞི་སྤྲོས་པ་དང་བྲལ་བ་དཔལ་ཐིག་ལེ། ཧེ་རུ་ཀ་ཚོན་གང་བར་གསལ་བ་དང་། དེའི་ཐོག་ཏུ་ཡེ་ཤེས་ཀྱི་ངོ་བོར་ཐུགས་ཀྱི་ཡི་གེ་ཧཱུྃ་དཀར་པོ་སྐྱེས་པ་དང་འདྲ་བར་བསམ་པ་དང་། དེ་གསུམ་སྔ་ནས་འདྲིས་པར་བྱས་པ་ཉིད་ལས་མི་དམིགས་པར་ཡང་འགྱུར་ལ། གཞན་འགགས་པའི་དུས་སུ་དེ་གསུམ་རླུང་དང་རེས་མོས་དང་འགྲོགས་ཏེ་འབྱུང་འཇུག་བྱས་ཏེ། གཅིག་ལ་གཅིག་བསྡུས་དལ་ཐིག་ལེ་ལ། ལ། མཇུག་ཐིག་ལེ་ཡི་གེ་ལ། ཧཱུྃ་ལ་བསྡུད་ན་ཡེ་ཤེས་ཀྱི་ཧེ་རུ་ཀ་ཚོན་འོད། གང་བར་བསམས་ལ། འོག་མིན་ཆེན་པོར་བསྐུལ། ཚོན་འོད། གང་པ་ལ་བསྡུད་ན་ཕྱིར་བྱུང་ནས་ཆོས་སོ་ཅོག་དང་བདག་མ་དམིགས་པས། ལས་ངན་རྒྱུན་བཅད་དོ། །སེམས་འབྱུང་ས་ནི་ན་པ་ནས་འགྲོ་བའི་མན་ངག་དེ་དག་ལ་སོགས་པ་དང་། གཞན་འཚོགས་མ་སྟོང་སྟོང་པོའི་མ་ཡིན་ནོ། །ནས་འབྱུང་བའི་མན་ངག་ལ་སོགས་ཧ་རེ་ཧི་རུ་ཧམ་གྱི་མན་ངག །པའོ། །མདོར་སྟེང་འོག་གི་རླུང་འཇུག་གི་ཕྱེ་བའོ། །དེ་དག་ལའང་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པ་ཀུན་གྱི་རོ་ཡོད་པས། དེ་དག་བརྟགས་ཏེ་མཐར་དབྱུང་ངོ་། །འོག་གི་སྒོ་ལ་བརྟེན་པ་ནི། སྔར་བཤད་པའི་ཤེས་རབ་མ་གཞུང་དང་མཐུན་པ་དཀར་བས་བཙལ་ཏེ། བཤད་པའི་བླ་མ་ལ་མཉེས་པར་ཕུལ་ནས། རིམ་པར་རྫོགས་པར་བྱ་སྟེ་ཕྱི་ནང་གི་རྫོགས་པ་དང་། ཟླ་བ་ཅན་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བརྟག །ཉི་མ་ཅན་ལ་བདེ་བ་ཆེན་པོ་བརྟག་གོ། །དེ་དག་ལ་གོམས་པར་བྱས་ཏེ། འཇིག་རྟེན་པའི་རོ་དང་། འཇིག་རྟེན་ལས་འདས་པའི་ལམ་རིམ་གྱི་རོ་བརྟག །དེ་ཡང་དང་པོ་ཤིན་ཏུ་བདེ་བའི་ཡེ་ཤེས་གཡོ་བ་དང་། ཐོབ་པ་དང་། འཇུག་བརྟན་ནས་རྗེས་སུ་འཇུག་པའི་རྣལ་འབྱོར་ཐོབ་བོ། །དེ་ནས་རྟེན་དང་བྲལ་ཡང་མི་ཉམས་པས་རྟེན་མེད་པའི་ཡེ་ཤེས་ལ་འདྲིས་གོམས་སུ་བྱའོ། །དེ་ལྟ་བུའི་མན་ངག་སློབ་དཔོན་བི་མ་ལ་དང་། འབུ་ཏ་ཀུག་ཏ་དང་། པདྨོའི་གཞུང་ལ་སོགས་པ་བླ་མའི་ཞལ་དུ་རག་ལུས་སོ། །དེ་དག་ལྔ་པར་ཐེག་པ་ཆེན་པོར་སྤྱད་པའི་སྐལ་བ་ཅན་དང་། དེས་འདུལ་བའི་གང་ཟག་གི་དབང་སྟེ། དེ་དག་ལའང་དེ་དག་གི་ཐབས་བཤད་པ་ཙམ་ལས། ཐོས་པ་རྒྱ་ཆེན་པོ་མི་དགོས་པར་གསུངས་ན། ཐོས་པ་མང་བ་ནི་བདག་གི་མཆོག་ཏུ་བཞག་གོ། །ཐོས་བསམ་ལ་བརྟེན་པ་ནི་གཞུང་འདི་ཉིད་དོ། །དབྱེ་བ་ཡང་བསམ་པའི་དབང་གིས་གཉིས་ཏེ། རིམ་གྱིས་པ་དང་། ཅིག་ཆར་པའོ། །དབང་པོ་རྣོ་རྟུལ་གྱིས་བྱེ་བྲག་གིས་བཞག་གོ། །དེ་ལ་རིམ་པར་སློབ་དཔོན་སྒེག་པ་རྡོ་རྗེ་དང་རྡོ་རྗེ་བཞད་པ་ལ་སོགས་པ། འཇུག་པ་ནི། དང་པོ་ལུས་ཀྱི་འདུག་ཐབས་དང་། སེམས་ཀྱི་བཞག་ཐབས་སོ། །དེ་ལ་ལུས་ཀྱི་འདུག་ཐབས་ནི། བདག་དང་ཆོས་ཀྱི་མཚན་ཉིད་ཐག་ཆོད་ནས། བསམ་པ་བྱེད་པའི་དུས་སུ་རས་བལ་གྱི། ནང་ཚངས་ཅན་ལ་སོགས་པའི་སྟན་བདེ་བ་ལ་ཁམས་བསྲངས། ཆ་མཉམ་སྟེ་སྐྱིལ་ཀྲུང་བཅའ་ལ་ལུས་དྲང་པོར་བསྲངས་ཏེ། མིག་སྣ་རྩེ་ལ་ཕབ་ལ་འདུག་གོ། །དེ་ཡང་ཆེན་པོ་པདྨའི་བསྒོམ་ལུགས་ལས། རས་སྟན་འབོལ་བ་ནང་མཚང་ཅན། །ཁམས་བསངས་ལུས་ཀྱི་ལུགས་བཞིན་འདུག །ཅེས་འབྱུང་། ཡང་། བདེ་བའི་སྟན་ལ་འདུག་ནས་སུ། །ཞེས་འབྱུང་། དེ་ནས་ཡིད་ཀྱི་མེ་ལོང་ལྟ་བ་ཡང་ཡོང་ཞིག་དབང་པོ་ཞན་ན་སྙིང་གི་དཀྱིལ་དུ་ༀ་ཨཱཿཧཱུྃ་དཀར་པོའམ་མཐིང་ཀ་ལ་སོགས་པ་བསམ་པ་བརྟན་པ་དང་། འཕྲོ་འདུས་སྣོད་བཅུད་སྦྱངས་ལ་མི་དམིགས་པ་ལ་འདུག་གོ། །ཐོས་པའི་གཉན་བསམ་དད་པའི་མཁར་ལན་ལས། ཆོས་ཉིད་ཀྱི་ཆུ་བབ་སྟེ་བརྩོན་འགྲུས་དང་དྲན་པའི་ལན་བར་བྱིང་རྒོད་ལེ་ལོའི་ཀོར་མ་ཆག་པར་རང་རིག་པའི་རྫིང་དུ་ཆོས་ཉིད་ཀྱི་མཚེའུ་བསྐྱིལ་ཏེ་བསྒོམ་པའང་ཇི་ལྟ་བུ་ཞེ་ན། སྒོ་ནས་མཐོང་བའི་ཉམས་ཅུང་ཟད་ཡོད་ན། ཆོས་ཐམས་ཅད་རང་རིག་པ་མ་སྐྱེས་པ་གཉིས་སུ་མེད་པའི་དོན་ལྟ་བས་མཐོང་ཚད་ལ་དམིགས་པ་རྩེ་གཅིག་པར་འདུག་གོ། །དེ་ལྟར་གྲིམས་ཆུང་ཞིང་དམིགས་པས། ནང་གི་སེམས་ཀྱི་གླང་པོ་དྲན་པའི་ཐག་པས་བཅིངས་ཏེ། དམིགས་པའི་སྡོང་པོ་ལ་ཐོག་ན། རྒྱུ་བ་ཇེ་ཉུང་ཇེ་ཉུང་སེམས་ཇེ་བརྟན་འགྱུར་ཏེ། འཇུག་སེམས་མི་འཁྲུག་མི་གཡོ་སྟེ་ཤིན་ཏུ་བཙལ་བ་མེད་པར་འགྱུར་ཏེ། དཔེར་ན་ཡི་གེ་སློབ་པའི་དུས་ན། དང་པོ་གྲལ་དང་ངོ་བོ་ཆོ་རོལ་དུ་ཀློག་སྟེ། གུ་ལྗ་སྨྲ་བ་སྐད་ལྡབ་ལྡིབ་ཏུ་འགྱུར་ཡང་། ཡང་ནས་ཡང་དུ་བསླབ་བཙལ་བས། ཇེ་ཇེ་ལ་ཐོགས་པ་མེད་པར་འགྱུར་རོ། །མཁན་པོ་དཔལ་དབྱངས་ཀྱི་མན་ངག་ལས། བསྒྲུབ་པར་བྱ་བ་གང་ཡིན་པ་དེ་ལ་ནི། །རྩོལ་བས་ཡང་དུ་མཉམ་བཞག་སྟེ། །གོམས་པ་ཀློང་དུ་གྱུར་ཅིང་ཁད་ཀྱིས་ནི། །རྩོལ་བ་མེད་ཅིང་ལྷུན་གྱིས་གྲུབ་པར་འགྱུར། །ཞེས་པ་དང་། ཡང་། རྩོལ་བ་མེད་པས་རྒྱུ་རྩོལ་བས། །འགྲུབ་པར་བཤད་པ་མི་འགལ་ལམ། །སེམས་ཅན་རྩོལ་བ་དགོས་པ་མངོན་སུམ་ན། །རྒྱལ་བ་ལྷུན་གྱིས་གྲུབ་པ་རྫུན་ནམ་ཅི། །ཡི་གེ་ལ་སོགས་བཙལ་བས་ཡང་ནས་ཡང་། །གོམས་པས་འབད་པ་མེད་པར་འབྱུང་བ་བཞིན། །ཅེས་འབྱུང་ངོ་། །འདི་ལྟ་བུ་དེ་བཞིན་ཉིད་བསྒོམ་པ་ལ་བྱང་ཆུབ་སེམས་ལྔ་ལྡན་ཏེ། དང་པོར་མུན་པའི་གཟེར་བཞིན་བློ་ལ་དོན་མ་ནོར་གཡོ་ཞིང་ལྡང་། དེ་ནས་དེ་ཐོབ་ཅིང་གསལ་བར་སྨོན་པ་སྐྱེ། དེ་ནས་དོན་ལ་འཇུག་པ་དང་། དེ་ནས་གནས་ཤིང་འདྲིས་པར་བྱེད་པ་དང་། དེ་ནས་མཐར་ཕྱིན་ཏེ་བཙལ་བ་མེད་པར་འབྱུང་ངོ་། །འོ་ན་འདི་བས་སྟོན་མུན་ཅིག་ཅར་འཇུག་པ་རྡོས་བཟང་ཡང་བཟང་སྟེ། ཁོའི་གཞུང་གི་སེམས་ལོན་ལས། འབད་རྩོལ་ཏིང་འཛིན་བྲལ་ཞིང་མི་གནས་བཏང་སྙོམས་ལས། །མ་བཅོས་གསལ་བའི་ངང་དུ་ཡེ་བཏང་གྱི་ནར་བཞག །བྱིང་རྨུགས་ཚོར་བར་བྱ་ཞིང་རེ་དོགས་བསྐྱེད་མི་བྱ། །ཅིར་ཡང་རྣམ་རྟོག་ཡིན་པས་དེ་ལ་ཅིར་མི་བརྟག །ཅེས་ཟེར་ན། དེ་བས་སྔགས་དམིགས་པའི་ལྟ་བས་ངན་པར་མི་འགྱུར་རམ་ཞེས་དྲིས་ན་ལན་གསོལ་པ། དེ་ནི་དཔེར་ན་དམ་པ་ཡི་བུ་ལུས་སྐྱེས་རྐང་རྫོགས་བྱ་བ་ཐམས་ཅད་ལ་ཐོགས་པ་མེད་ཀྱང་། རྒྱལ་པོར་སྐྱེ་ན་སྐྱེ་བ་བརྒྱུད་ལ་བསོད་ནམས་བསགས་དགོས་ཀྱི། རྒྱལ་པོའི་ཕྲུ་གུའི་རྒྱལ་ཐབས་ཀྱི་བྱ་བ་མི་ནུས་ཀྱང་། རྒྱལ་པོ་ཆེན་པོ་ཉིད་འབྱུང་བ་ལ་སྐྱེ་བ་བརྒྱུད་མི་དགོས་ཏེ། ཚེ་དེ་ཉིད་ལ་དབང་བསྒྱུར་ཆེན་པོར་འགྱུར་བ་དང་འདྲ་སྟེ། སྟོན་མུན་དང་ད་ལྟ་ནས་བྱ་བ་དང་བྲལ་བ་སྐད་ཟེར་ཡང་། ཐེག་པ་ཆེན་པོ་གཉིས་སུ་མེད་པའི་དེ་བཞིན་ཉིད་མཐའ་ཡང་མ་མཐོང་སྟེ། དོན་དམ་པ་འབའ་ཞིག་ལ་མི་སྩོལ་དུ་ཟད་དེ། འཇག་པ་ནོན་བགྲོད་པ་མཐར་ཕྱིན་ནས་དེ་བཞིན་གཤེགས་པས་དབང་བསྐུར་ནས་གཟོད་རྡོ་རྗེ་ལྟ་བུ་གཉིས་མེད་ཤར་ནས་སྔགས་མཐོང་བ་དང་། དེ་བཞིན་དུ་ད་ལྟ་བློ་ལ་བརྟན་པར་ཅུང་ཞིག་འདུག་ཏུ་མ་གཏུབ་ཀྱང་། གཉིས་སུ་མེད་པ་རྡོ་རྗེ་ལྟ་བུའི་ཡེ་ཤེས་ལ་སློབ་པས། ཚེ་འདི་ཉིད་ལ་མཐར་ཐུག་པའི་ཕྱིར་རོལ་ཀྱང་མི་འབྱི་ཆར་ཡང་མི་ཕོད་དེ། དེ་ནི་ལྟ་བའི་དོན་གཞི་ནས་ཁྱད་པར་དུ་འཕགས་པས་རྒྱུའི་ཐེག་པས་ཐོབ་པའི་བྱང་ཆུབ་སེམས་དཔའ་ཉིད། འདིར་དང་པོ་སེམས་བསྐྱེད་པས་ཟིལ་གྱིས་གནོན་པར་གསུངས་ཡང་། སེམས་དང་པོ་སྐྱེས་པ་ནས་གཉིས་སུ་མེད་པའི་དོན་ལ་སེམས་བསྐྱེད་པས། སྟོབས་དེ་ལས་གྱུར་པ་སྟེ། ཞིབ་ཏུ་ཕྱིས་འཆད་དོ། །རྣམ་པ་གཅིག་མཁན་པོ་དཔལ་དབྱངས་ཀྱིས། ཏུ་ན། ལས་དང་པོ་པས་སེམས་འཇོག་ན་འདི་བཞིན་དུ་བལྟས་ཏེ། དང་པོར་བདག་ཉིད་མི་དམིགས་པའི་དོན་དྲན་པར་བྱས་རང་གི་སེམས་ལ་བལྟས་པས་བདག་ལ་རིག་ངེས་པར་རིག་པ་མེད་ཕྱིར་དང་། རྒྱུད་ངེས་པར་རིག་པ་མེད་ཕྱིར་ཅིར་ཡང་སྣང་ལ་ངེས་པར་གཟུང་བ་མེད་དེ་སྨྲ་བསམ་ལས་འདས་སོ། །ཏེ། དེམ་ཤེར་ཙམ་དུ་བྱའོ། །འོན་ཏང་བདག་ཏུ་འཛིན་པ་མེད་ན། ཆོས་སུ་སྣང་བ་ལ་ནི་གཞིག་ཀྱང་མི་དགོས། དགག་ཀྱང་མི་དགོས་ཏེ། དེ་ལྟར་བདག་ནི་མི་དམིགས་པས་ཆོག་གོ། །དེ་ཡང་ཞུས་ལན་ལས། གང་གི་ཚེ་གཉིད་སད་མ་ཐག་པ་དང་འཐིབས་པའམ་མུན་པར་མི་བསྒོམ་སྟེ་ཁྲུས་བྱས་ཕན་ཚུན་བཅག་ལ་ཁམས་སངས་པ་དང་བསྒོམ་པར་བྱའོ། །ཡང་བར་འགའ་ཚིགས་པ་ཟ་བའམ། ཇི་ལྟར་བྱས་ཀྱང་ཡིད་འཇུག་ཏུ་མི་གཏུབ་བམ་འགྲོ་སྙིང་འདོད་དམ། སྔར་གསལ་འདེབས་ནུས་པའི་ལུང་མན་ངག་གསལ་མ་ནུས་པར་སྐྱུག་བྲོ་བའམ་ཡི་ག་འཆུས་ནས་ཁམས་ལྡོག་པ་ཡིན་པས་བསངས་ལ་ཡི་གར་མཐུན་པའི་དགེ་སྦྱོར་བྱས་ལ་བཟོད་པར་འཇུག་གོ། །བདག་འཛིན་སྒྱུ་མཁན་ཡོངས་ཀྱི་བར་དུ་ནི། །འདི་འདྲའི་ཞི་གནས་ཡོངས་ཀྱང་གྲོལ་མི་འགྱུར། །བདག་ཏུ་འཛིན་པ་ཡོངས་སུ་སྤངས་ནས་ནི། །ཆོས་སུ་འཛིན་པར་བྱེད་པ་གང་ཡང་མེད། །ཅེས་འབྱུང་ངོ་། །དགོངས་འདུས་ལས། བདག་མི་དམིགས་པར་ཤེས་པས་གཞན་ཐམས་ཅད་ཀྱང་མི་དམིགས་པ་རབ་ཏུ་ཤེས་སོ། །བདག་མཉམ་པར་ཤེས་པ་ལྟར། གཞན་ཐམས་ཅད་རབ་ཏུ་མཉམ་པར་ཤེས་སོ། །ཞེས་པ་ལ་སོགས་པ་འབྱུང་ངོ་། །དེ་ལྟར་ཡུན་རིང་དུ་མཉམ་པར་བཞག་པས་སྐབས་སུ་རྟོགས་པའི་སྐྱོན་སྐྱེ་སྟེ་དེ་ལའང་གསུམ་སྟེ། ལྷན་ཅིག་སྐྱེས་རྟོག་ཉོན། པའི་སྐྱོན་དང་། རྐྱེན་གྱིས་བསྐུལ་འཕྲལ་དུ་སེམས་འཕྲོས། བའི་སྐྱོན་དང་། ཆེད་དུ་བྱེད་པའི་རེ་བ་ལ་སོགས། སྐྱོན་ནོ། །དེ་དག་སེམས་འཆོས་པར་བྱེད་པའི་ཐབས་ནི། གཉེན་པོས་བསལ་བ་དང་། རབ་ཏུ་འབྱེད་པ་མངོན་དུ་བྱ་བས་བསལ་བ་དང་། འབྱེད་པ་མེད་པ་མངོན་དུ་མི་བྱེད་པས་བསལ་བ་དང་གསུམ་ལས། འདི་སྔ་མ་གཉིས་ཀྱིས་སེལ་ཏེ། གང་ཞེ་ན། སྐྱོན་ནི་སྤྱིར་བདུན་ཁོ་ན་སྟེ། དམིགས་པ་དོན་དང་ལས། བརྗེད་པ་དང་། ལེ་ལོ་གཉིས། དང་། བྱིང་གསུམ། བ་དང་། རྒོད་གསུམ་པ་དང་། དོགས་གདོལ་སྒྲིབ་ཀུན། པ་དང་། མི་རྩོལ་བ་ལས་དང་པོ། དང་། རྩོལ་གནས་བཞིན་དུ། བའོ། །དེ་སྤོང་བའི་འདུ་བྱེད་བརྒྱད་དེ། གང་ཞེ་ན། དྲན་པ་དང་། བརྩོན་འགྲུས་དང་། འདུན་པ་དང་ཤིན་ཏུ་སྦྱངས་པས་དང་། ཤེས་བཞིན་དང་། རྟོགས་པ་དང་། རྩོལ་བ་དང་། མི་རྩོལ་བའོ། །དེ་ལ་དམིགས་པ་བརྗེད་ན། དྲན་པ་བསྟེན་ནོ། །ལེ་ལོ་བྱེད་ན། བརྩོན་འགྲུས་དང་། འདུན་པ་དང་། ཤིན་ཏུ་སྦྱངས་པས་སྤང་ངོ་། །སེམས་བྱིང་བ་དང་། རྒོད་པ་ཤེས་བཞིན་གྱི་བྱ་ར་བས་ཚོར་བར་བྱའོ། །དེ་ལྟར་ཚོར་ནས་བྱིང་ན་ལྷག་མཐོང་གི་བྱིང་བ་རང་གང་ཡིན་བྱིང་བ་པོ་སུ་ཡིན་བརྟགས་ལ་དོན་མངོན་དུ་བྱས་པས་སེལ་ཏོ། །གཉེན་པོ་ནི་སེམས་གཟེངས་བསྟོད་ལ་ཡོན་ཏན་མང་པོ་ལ་དགའ་བྲོད་བསྐྱེད་དོ། །རྒོད་ན་དྲན་པའི་ཐག་པས་གདགས་འཕྲོར་མི་གཞུག་པར་ཁོང་བསྒྲིམ་མོ། །དོགས་པ་ནི། འདིར། འཇིག་རྟེན་ཕལ་པ་དང་། མུ་སྟེགས་རྟག་ཆད་དང་། ཉན་ཐོས་དང་། རང་རྒྱལ་བ་དང་། རྣམ་རིག་དང་། དབུ་མ་ཉིད་དང་དྲུག་སྟེ། དེའི་གཉེན་པོར་རྟོགས་པ་བསྟེན་ནོ། །དེའི་འོག་ཏུ་བཤད་དོ། །ཏིང་ངེ་འཛིན་མི་གསལ་བཞིན་དུ་མི་རྩོལ་ན་གྲིམས་དབྱུང་ངོ་། །གསལ་བཞིན་དུ་རྩོལ་ན་འདུག་ཏུ་མི་གཏུབ་པའི་སྐྱོན་པས། བཏང་སྙོམས་སུ་བཞག་སྟེ། དེ་དག་ནི་གཉེན་པོས་བསལ་བའོ། །རབ་ཏུ་འབྱེད་པ་མངོན་དུ་བྱས་པས་བསལ་བ་ནི། སྐྱོན་ཅི་སྐྱེས་ཀྱང་སོ་སོར་རྟོགས་སེམས་ཀྱིས་སེམས་ལ་རྟོག་པ་རྒྱུན་མ་ཆད་པར་བྱས་སེམས་ཅིར་ཡང་མི་མཐོང་བ་ཉིད། པའི་ཤེས་རབ་ཀྱིས་དེ་ཉིད་བརྟགས་ཕྱེ་བས་ངོ་བོ་མི་འགྲུབ་སྟེ། དེའི་དོན་དེ་བཞིན་ཉིད་དུ་རིག་པ་ཅི་གསལ་དུ་བྱས་པ་ཉིད་ཀྱིས་སེལ་ཏོ། །དེ་ལ་རྟོགས་པས་དོགས་པ་སེལ་བར་ཁས་བླངས་པའི་ལུགས་ནི་དོགས་པ་དྲུག་གིས་འཇིག་རྟེན་ཕལ་པའི་སྐབས་སུའང་། རྣམ་བཀོད་པ་ལས། ཡང་དག་དོན་གྱི་ལམ་ཚོལ་ན། །རྟོག་པའི་སྐྱོན་ལྔ་སྤང་བར་བྱ། །རྟོག་པ་རགས་པའི་རི་བོ་དང་། །མཚན་མ་རྒྱུ་བ་ཚོང་བ་དང་། །བྱུང་ཚོར་སྐྱོན་ལྔ་སྤང་བར་བྱ། །རྟོག་པ་ལ་ཡང་གཉིས་ཡོད་དེ། །རགས་པར་ཕྲ་བར་སྣང་བ་ཡིན། །དེ་བཞིན་མཚན་མ་ཆེ་ཆུང་གཉིས། །རྒྱུ་བ་རིང་པོ་ཐུང་ངུ་གཉིས། །དེ་བཞིན་ཚོར་བ་གསལ་མི་གསལ། །བྱུང་ཚོར་གཉིས་སུ་སྣང་བ་ཡང་། །མྱུར་བ་དང་ནི་བུལ་བའོ། །འདི་ནི་དོན་ལ་སྒྲིབ་པའོ། །རྟོག་པ་ཆེན་པོའི་གནས་ཆེན་ཡིན། །ཅི་ཕྱིར་དོན་དེ་མི་མཐོང་ཕྱིར། །མུན་པ་དང་ནི་འཁྲིགས་པ་དང་། །ཀུན་ཏུ་འཐིབས་དང་སྤྲིན་ཕུང་དང་། །ན་བུན་ལྟ་བུར་སྒྲིབ་པ་ཡིས། །ཡང་དག་དམིགས་ལ་མཐོང་མི་འགྱུར། །འདི་འང་བྱེ་བྲག་གཉིས་གཉིས་ཏེ། །མུན་པ་མུན་ནག་ཆེན་པོ་དང་། །ཀུན་ནས་འཐིབས་པ་ལྟ་བུ་དང་། །ཀུན་ཏུ་འཁྲིགས་དང་སྒྲིབ་པ་དང་། །འཐིབས་པ་ཆེན་པོ་ཆུང་ངུ་གཉིས། །སྤྲིན་ཆེན་འཐིབས་དང་འལ་འོལ་དང་། །ན་བུན་གཏམས་དང་བན་བུན་གྱིས། །གནས་ཡན་གསུམ་དང་མི་ཡི་གནས། །གཟུགས་ཀྱི་ཁམས་དང་གཟུགས་མེད་ཁམས། །ཉན་ཐོས་རང་རྒྱལ་གནས་སུ་ལྷུང་། །ལྟུང་བར་འགྱུར་བའི་སྐྱོན་ཆེན་ནི། །མཚན་མའི་གཡེང་བ་རྣམ་དྲུག་ཡིན། །རང་བཞིན་ཡུལ་ལ་གཡེང་བ་དང་། །དེ་བཞིན་ཡུལ་ལྔ། ཕྱི་རོལ་གཡེང་བ་དང་། །ནང་ཡོན་ཏན། དང་མཚན་མཚན་མ་སྤྱིར་བསྟན། མའི་གཡེ ང་བ་དང་། །ཡིད་ལ་བྱེད་དང་གནས་ངན་ལེན། །འདི་དག་རབ་ཏུ་བསལ་བར་བྱ། །བསལ་ནས་དོན་ལ་མཉམ་བཞག་ཚེ། །མཉམ་པའི་དོན་ལ་སྒྲིབ་པ་ནི། །རྣམ་པ་ལྔ་འབྱུང་འདི་ལྟ་སྟེ། །བྱུང་ཚོར་དབང་གིས་གཡེང་བ་དང་། །བྱིང་རྨུགས་དབང་གིས་འཐིབས་པ་དང་། །འཛིན་ཆགས་དབང་གིས་འགོགས་པ་དང་། ཐེར་ཟུག་དབང་གིས་བརྟག་པ་དང་། །ཕྱལ་བའི་དབང་གིས་མེད་པ་སྟེ། །འདི་ནི་མཉམ་པའི་སྐྱོན་ཡིན་ནོ། །ཞེས་འབྱུང་སྟེ། འཇིག་རྟེན་པ་ལས་གཟུགས་མེད་པ་མན་ཆད་པ་སྐྱོན་ཉི་ཤུའོ། །གང་ཞེ་ན། ཡོང་མེད་སྔོན་དུ་རྟོག་པ་ནི། རྟོག་པ་རྟས་ལས་བྱུང་བ་སྟེ། དེ་ལ་ཕྲ་རགས་གཉིས་ནི། མུན་གཅིག །པ་མུན་གཉིས། ནག་ཆེན་པོ་ཀུན་ཏུ་འཐིབས་པ་ལྟ་བུ་སྟེ། དམྱལ་བ་ཡི་དྭགས་བྱོལ་སོང་གི་ལྟུང་རྒྱུའོ། །མཚན་གསུམ། མ་ཆེ་ཆུང་བཞི། ནི་རྒྱུ་རྟོག་པ་ལས་པའི་རྒྱུ་མཚན་མ་ལས། བྱུང་བ་སྟེ། དེ་ནི་ཀུན་ཏུ་འཁྲིགས་པ་དང་སྒྲིབ་པ་ལྟ་བུ་སྟེ། དེ་སྐྱེས་ན་གླིང་བཞིའི་མིར་སྐྱེ་སྟེ་ལྟུང་བའོ། །རྒྱུ་ནི་དྲན་པ་ལས་ཀྱང་འབྱུང་ངོ་། །རྒྱུ་བ་ལྔ། རིང་ཐུང་དྲུག །ནི་ཚེ་རབས་ལས་བྱུང་སྟེ། འདི་ནི་འཐིབས་པ་ཆེ་ཆུང་དང་འདྲ་སྟེ། དེ་སྐྱེས་ན་འདོད་ཁམས་ལྷ་དང་པོར་ལྟུང་ངོ་། །ཚོར་བདུན། བ་ལ་གསལ་མི་བརྒྱད། གསལ་ནི་བྱུང་ཚོར་ལས་བྱུང་སྟེ། དེ་ནི་སྤྲིན་ཆེན་འཐིབས་དང་འལ་འོལ་ལྟ་བུའོ། །དེས་ནི་འདོད་ཁམས་གཉིས་པར་ལྟུང་ངོ་། །བྱུང་ཚོར་དགུ། མྱུར་བུལ་བཅུ། ནི་སེམས་ཏེ། དེ་ནི་ན་བུན་གཏམས་པ་དང་བན་བུན་ལྟ་བུའོ། །དེ་དག་སྐྱེ་ཤི་དབང་དུ་སོང་ན་འདོད་ཁམས་བཅུ་གཅིག །གསུམ་པར་རོ། །སེམས་སྐྱེས་ན་འདོད་ཁམས་ལྷ་བཞི་པར་ལྟུང་སྟེ། དེ་ལྟ་བུ་བཅུ་གཅིག་གོ། །དེའི་སྟེང་དུ་བསམ་གཏན་དང་པོའི་གཅིག །རྟོག་དཔྱོད་དང་། གཉིས་པའི་རྟོག་པ་མེད་པ་ལ་དཔྱོད་པ་དང་དགའ་བ་ཡོད་པ་གཉིས་པ། གསུམ་པའི་དཔྱོད་པ་མེད་པ་ལ་དགའ་བ་བཏང་སྙོམས་ཅན་གསུམ་པ། བཞི་པའི་དགའ་བ་མེད་པའི་བཏང་སྙོམས་དང་བཞི་བཞི། འདུ་ཤེས་མེད་པའི་བྱིང་བ་དང་ལྔ། ལྔ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་དྲུག་དྲུག །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་བདུན་བདུན་པ། དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་བརྒྱད་བརྒྱད། ཡོད་མིན་མེད་མིན་སྐྱེ་མཆེད་དང་བཅུ་གཅིག་དང་ཉི་ཤུ། དགུ་སྟེ། དེ་དག་བསྒོམ་པའི་ཚེ་སྐྱེས་ན། ཏིང་ངེ་འཛིན་དེ་དག་གི་དབང་དཀར་པོ་ན་ཁམས་གསུམ་དུ། གོལ་ལམ་ལྟུང་བས་ངོ་ཤེས་པར་བྱའོ། །ཡོད་མེད་དུ་འཛིན་པ་སྐྱེས་ན་རྟག་ཆད་དུ་ལྟུང་བའི་སྐྱོན་ནོ། །རྒྱུ་བ་བགེགས་ན་ཉན་ཐོས་སོ། །ཞི་བ་ཕྱོགས་གཅིག་པར་སོང་ན་རང་རྒྱལ་བའོ། །འཁྲུལ་པ་སྣང་བ་ཙམ་རྣམ་རིག་ཏུ་གོལ་བའོ། །རྣམ་རྟོག་སྟོང་པར་བྱེད་ན་མདོ་སྡེར་གོལ་བའོ། །དེས་ནི་རྟོག་སྐྱོན་ངོས་བཟུང་བ་སྟེ། དེ་ལ་མི་གོལ་བར་འགྱུར་བའི་དགོས་པ་ཡོད་དོ། །འོ་ན་རིམ་འཇུག་གི་སྐབས་འདིར་རྟོགས་པ་གསལ་བའི་དགོངས་པ་ནི་ག་ནས་འབྱུང་། ཐབས་ནི་ཅེ་ཞེ་ན། བསལ་བར་ནི་བཀའ་དུ་མ་འབྱུང་ན། རྡོ་རྗེ་བཀོད་པ་ལས། ཡང་དག་དོན་གྱི་གསེར་བཙལ་ན། །རྟོགས་འདོད་སྤྲེའུ་བཟུང་ནས་ཀྱང་། །རྐུན་མོ་བྱི་ལ་བཏགས་བྱས་ཏེ། །གསེར་ཁུང་དཀར་ཁུང་ཀུན་བཀག་ཅིང་། །ཁང་སྟོང་ཕང་ཕུང་བཤིག་ནས་ནི། །རྒྱལ་པོའི་དཀོར་མཛོད་ཁ་ཕྱེ་ན། །དེ་དག་རྟག་ཏུ་སངས་རྒྱས་ཡིན། །ཞེས་པས། རྟོག་པ་བསལ་ནས་བསྒོམ་ན་འགྲུབ་བོ། །རྟོག་པ་བསལ་བའི་ཐབས་ཀྱང་ཇི་ལྟར་བྱ་ཞེ་ན། རང་གིས་སོ་སོར་རྟོགས་པའི་ཤེས་རབ་གཞལ་བ་ལ་གོམས་པས། རྟོག་པ་སྐྱེས་པའི་སྐད་ཅིག་ལ་ཤེས་རབ་དྲན་པས། རྟོག་པ་རང་ལ་བརྟགས་ན་མ་དམིགས་པར་ཡང་འགྱུར་ལ། གང་དུ་ཡང་སེམས་མ་འཕྲོས་པས་དག་གོ། །དེ་ལ་བདག་གིས་དགྲོལ་བར་བྱ་མི་དགོས་པས་ལུང་ལས་གསལ་བར་བསྟན་ཏེ། དེ་ཉིད་ལས། ཚད་མ་གསུམ་དང་ལྡན་པའི་བློས། །རྣམ་པར་རྟོག་པའི་རྗེས་བཅད་པ། །ཡོད་མེད་མངོན་རྟོགས་གང་ལས་འབྱུང་། །བརྟགས་པས་རྟོག་པ་རྟས་ལས་བྱུང་། །རྟོག་པ་སྒྱུ་མར་རབ་ཤེས་ན། །རྟོག་པའི་རི་བོ་ཞི་བར་འགྱུར། །དེས་ནི་གནས་ངན་གསུམ་དུ་མིན། །རྟོག་པ་གང་ལས་བྱུང་ཞེ་ན། །མཚན་མའི་ཆོས་ལས་བྱུང་བ་ཡིན། །མཚན་མ་སྒྱུ་མར་རབ་ཤེས་ན། །མཚན་མའི་ཆོས་རྣམས་ཞི་བར་འགྱུར། །དེ་ཡི་འདོད་ཁམས་ཐ་མར་ཡིན། །མཚན་མ་གང་ནས་བྱུང་ཞེ་ན། །དྲན་པ་རྒྱུ་བ་དག་ལས་བྱུང་། །དྲན་པ་སྐྱོན་དུ་ཤེས་གྱུར་ན། །རྒྱུ་བའི་སྐྱོན་རྣམས་སེལ་བར་བྱེད། །མཐུ་དེས་འདོད་ཁམས་གཉིས་པར་མིན། །རྒྱུ་བ་གང་ལས་བྱུང་ཞེ་ན། །ཚོར་བ་སྒྱུ་མར་ཤེས་གྱུར་ན། །ཚོར་བ་དག་ལས་བྱུང་བ་ཡིན། །སྐྱོན་གྱི་ཆོར་བ་སེལ་བར་བྱེད། །འདོད་ཁམས་གསུམ་པར་ལྷུང་མི་ནུས། །ཚོར་བ་གང་ལས་བྱུང་ཞེ་ན། །ཚོར་བྱུང་ཕྱི་ནང་དག་ལས་བྱུང་། །དེ་ཉིད་སྐྱོན་དུ་ཤེས་གྱུར་ན། །དགག་དེར་སྐྱེ་བར་བྱ་བ་མིན། །དེ་ལྟར་ཤེས་པའི་མཐུ་ཡིས་ནི། །འདོད་ཁམས་བཞི་པར་མི་ལྟུང་ངོ་། །བྱུང་ཚོར་གང་ལས་བྱུང་བ་སྟེ། །སེམས་ཉིད་སྒྱུ་མར་རབ་ཤེས་ན། །སེམས་ཀྱི་ཆོས་རྣམས་ཞི་བར་འགྱུར། །ཕུང་པོ་གཟུགས་བརྙན་འདྲ་བ་ལ། །སེམས་ནི་སྨིག་རྒྱུ་འདྲ་བ་ཉིད། །ཡོད་མེད་གཉིས་ཀྱི་མཐའ་ལས་གྲོལ། །དེ་ལྟར་ཤེས་པའི་རྣལ་འབྱོར་པ། །འདོད་ཁམས་ལྔ་བར་ལྟུང་མི་འགྱུར། །སེམས་ཉིད་ཡོད་ཅེས་བྱ་བའམ། །མེད་ཅེས་བྱ་བ་མི་བལྟ་སྟེ། །མུ་སྟེགས་ཅན་དུ་ལྟུང་མི་འགྱུར། །བྱིང་རྨུགས་ཅན་དུ་མ་གྱུར་པས། །འདུ་ཤེས་མེད་པར་ལྟུང་མི་འགྱུར། །འདུ་ཤེས་རྗེས་སུ་མ་འབྲངས་པས། །སེམས་ཅན་གནས་སུ་དེ་མི་འཁོར། །ཀུན་ལ་དོན་ལ་གོམས་པས་ནི། །ཉན་ཐོས་གནས་སུ་དེ་མི་ལྟུང་། །སྟོང་ཉིད་ཞི་བར་མ་བྱེད་པས། །རང་རྒྱལ་ལྟ་བར་དེ་མི་ལྟུང་། །རྣམ་རྟོག་སྟོང་པར་མི་འབྱེད་པས། །བྱང་ཆུབ་སྤྱོད་པར་ལྟུང་མི་འགྱུར། །མཉམ་ཉིད་སྟོང་པའི་དོན་དག་ལ། །སོ་སོར་ཐ་དད་མི་བྱེད་པས། །ས་ཡི་རིམ་པར་མི་ལྟུང་ཞིང་། །རིམ་གྱིས་སྦྱང་ཞིང་འཕར་བ་མེད། །དེ་ཉིད་ལས། མཉམ་པའི་དོན་ལས་མ་གཡོས་ན། །གཟུགས་ཁམས་གནས་སུ་དེ་མི་ལྟུང་། །མཉམ་པ་ཉིད་ལ་མ་ཆགས་ན། །གཟུགས་མེད་ཁམས་སུ་ལྟུང་མི་འགྱུར། །མཉམ་ཉིད་མངོན་དུ་གྱུར་པས་ན། །ཉན་ཐོས་གནས་སུ་དེ་མི་ལྟུང་། །ཅི་ཡང་མེད་པའི་དོན་མི་མཐོང་། །སངས་རྒྱས་ཞེས་ནི་དེ་ལ་བྱ། །ཞེས་འབྱུང་། འོན་ཏང་དེ་ལྟར་རིམ་གྱིས་རྟོག་སྐྱོན་བཅོས་ཤིང་གནས་པར་བྱའོ། །དེ་ལ་ལས་དང་པོ་པའི་སེམས་ནི་མཚན་མ་སྤངས་པ་ལ་དགའ་ལ། མཚན་མ་ལ་མི་དགའ་ན། དེ་ནི་སྟོང་པ་མེད་པ་ཉིད་ཀྱང་མཚན་མ་སྟེ། ལེ་ལག་ལས། གང་ཞིག་མེད་པའི་ངང་ཡོད་ཅེས། །མེད་པའི་རང་བཞིན་རྟོགས་པ་སྟེ། །རི་བོང་རྭ་དང་མོ་གཤམ་བུ། །ཚིག་ཙམ་གདགས་སུ་རུང་མེད་ཀྱི། །ཐམས་ཅད་མིང་ཙམ་སྟོང་ཉིད་མེད། །ཅེས་འབྱུང་བས། སྟོང་པ་ཉིད་དུ་མི་འཛིན་པ་ནི། མཚན་མ་མེད་པ་སྟེ། ཡོད་སྟོང་དབྱེར་མེད་པ་ལ་བསྒོམ་མོ། །དེ་ཡང་བློ་ཆུང་བའི་ཏིང་ངེ་འཛིན་ནི། མེ་དང་དུ་བ་དང་འདྲ་སྟེ། དུ་བ་ཆེ་ན་མེ་ལྕེ་ཆུང་། མེ་ལྕེ་གསལ་ན་དུ་བ་ཆུང་བ་དང་འདྲ་བར། ཏིང་ངེ་འཛིན་གསལ་བའི་ཚེ་རྟོག་པའི་རྒྱུ་འགྲུལ་ཉུང་ལ། མི་གསལ་བའི་ཚེ་མང་བས། ཤིན་ཏུ་གཞུ་བདུངས་པའི་རྒྱུད་ལྟར་བློ་ཐང་ངེ་མ་ཡེངས་པར་བྱའོ། །འོན་ཏང་ཏིང་ངེ་འཛིན་གྱི་མེ་ལ་རྣམ་པར་རྟོག་པའི་དུ་བ་རང་ཞི་སྟེ། དོན་མ་བཙལ་བ་རྒྱ་མཚོ་ཆེན་པོ་གཡོ་བ་མེད་པར་སེམས་ལྟེམ་མེར་གསལ་བ་དང་། འོག་གི་རྟགས་རྣམས་ཀྱང་འཆར་ཞིང་སྒྲིབ་པ་དག་ནས་འབྲས་བུ་རང་ལས་འབྱུང་ངོ་། །དེ་ལ་ཅིག་ཅར་སློབ་དཔོན་པདྨའི་ལྟ་ཕྲེང་ལ་སོགས་པ། འཇུག་པའི་གཞུང་གིས། རང་དཔེར་ཤིང་སྟར་བུའི་འབྲས་བུ་དང་འདྲ་སྟེ། གི་སེམས་ཇི་ལྟར་བཞག་ཅེ་ན། ཆོས་ཐམས་ཅད་དེ་བཞིན་ཉིད་ཡིན་པས་དོན་ཐག་ཆོད་ནས་འཇོག་པའང་། བདག་ཆོས་ཉིད་དང་རང་གི་མཚན་ཉིད་དུ་བསྒོམ་པའང་། གི་རིག་པའང་དེ་བཞིན་ཉིད་ལས་ཇི་བཞིན་པའི་ཆོས་ཉིད་ལ་བློ་ཇི་བཞིན་པ་གྱི་ནར་བཞག་ཐ་སྙད་ཙམ་དུ། སྟེ། དེ་བཞིན་ཉིད་ལ་བློ་བཏང་བ་ཡང་མེད། དོན་ཤོར་བ་ཡང་མེད་དེ། བཏང་སྙོམས་སུ་བྱའོ། །དེ་ཡང་དེ་ཉིད་ལས། རྟོགས་ནས་གཉིས་ཀྱི་དོན་སྤངས་ཏེ། །རང་བཞིན་མཉམ་པར་དོན་བཞག་ནས། །བསྒོམ་ཞེས་མིང་དུ་བརྗོད་པར་ཟད། །ཅེས་འབྱུང་། ཡང་། ཇི་བཞིན་ནམ་མཁའི་རང་བཞིན་ལ། །བློ་བཞག་མ་ཡེངས་ཁོ་ན་ཟད། །དེ་ནི་སྐྱེས་མཆོག་དོན་པོ་ཆེ། །ཞེས་འབྱུང་། ཡང་རྣམ་གཅིག་ཏུ། སེམས་ཀྱི་སྐད་ཅིག་དྲན་པ་ལ། །ཡིད་ཀྱི་དམིགས་པ་རྒྱུན་བཅད་ནས། །བྱུང་ཚོར་ཆད་པའི་མཐའ་སྤངས་ཏེ། །ཆོས་རྣམས་ནམ་མཁའ་ལྟ་བུར་ནི། །བརྗོད་མེད་རྒྱུན་མ་འཆད་པར་དམིགས། །དེ་དོན་ཕྱིན་ཅི་མ་ལོག་པ། །བརྗོད་མེད་ཏིང་འཛིན་བསྒོམ་པའི་མཆོག །ཅེས་འབྱུང་བའི་དོན་དང་སྦྱར་ན། ཐམས་ཅད་རང་རིག་པ་དེ་བཞིན་ཉིད་པས། དོན་དེ་དྲན་པས་མ་བརྗེད་པར་རྒྱུན་དུ་བསྒོམས་ན་ཇེ་ལྷོད་ཇེ་ལྷོད་དངོས་པོ་ཅི་མཐོང་ཅི་ཐོས་ཅི་ཚོར་ཅི་མྱོང་རེག་དྲན་ཡང་། དྲན་པ་རྐྱེན་གྱི་མན་ངག་ཅེས་བྱ་སྟེ་དེ་ཉིད་ལོག་ནས་སྣང་བར་མི་ལྟ་རིག་པ་ཡང་སྣང་དུ་བསམ་མོ། །དེ་ཀློང་དུ་འགྱུར་རོ། །དེ་ལ་ནི་ཐུན་ཀྱང་མེད་དོ། །རྣམ་གཅིག་དཔལ་དབྱངས། ཏུ་དེ་བཞེད་པ་བསམ་པར་བྱ་བ་མེད་དེ། བདག་གི་བློས་ཀྱང་ཅི་ཡང་མི་བསམ། མི་དཔྱད། མི་བསྒོམ། མི་རྟོག་པར་རང་གསལ་ལ་མ་གཡོས་པའོ། །དེ་ལ་ནི་ཆེད་དུ་བསྒོམ་པར་བྱ་བ་ཡང་མེད་དེ། །དེ་ལ་ནི་ཐབས་མ་ནོར་བའོ། །ཞུས་ལན་ལས། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལྟར་བསྒོམ། །དུས་གསུམ་རྒྱལ་བས་མ་བཅོས་ཏེ། །རང་སེམས་གཟོད་ནས་སྐྱེ་བ་མེད། །རང་སེམས་མ་སྐྱེས་ཆོས་ཉིད་ལ། །ཆོས་ཉིད་བསྒོམ་པར་བྱ་བ་མེད། །འོ་ན་བསྒོམ་དུ་མེད་པས་བཞག་ཏུ་རུང་ལགས་སམ། །གལ་ཏེ་བརྗོད་གཞི་ཡོད་ན་ནི། །བསྒོམ་པ་པོ་ཡང་ཡོད་པར་འགྱུར། །སེམས་ནི་སྐྱེ་བ་མེད་བདེན་ན། །བསྒོམ་དུ་མེད་པར་འཇོག་པ་གང་། །ཞེས་འབྱུང་། རྡོ་རྗེ་བཀོད་པ་ལས། ཡང་དག་དོན་གྱི་རང་བཞིན་འདི། །ཅི་ལའང་མི་གནས་མི་ལེན་ཅིང་། །ཅི་ཡང་མི་མཐོང་ཐོས་པ་མེད། །ཅི་ཡང་མི་བྱེད་བྱེད་དང་བྲལ། །ཞེས་འབྱུང་། ཡང་། བསམ་དུ་མེད་པའི་ཆོས་ཉིད་ནི། །བསམ་དུ་མེད་པས་དེ་བཞིན་བཞག །རང་བཞིན་མེད་པའི་ཆོས་ཉིད་ལ། །སེམས་ཉིད་གྱི་ན་སྐད་ཅིག་མ། །མི་གཡོ་རྒྱུན་དུ་དྲན་པར་བྱ། །ཞེས་འབྱུང་། ཡང་བསམ་དང་བྲལ་བས་དེ་བཞིན་བཞག །མི་རྟག་བཞག་པའི་ཆོས་འདི་གང་། །བྱིས་པ་རྣམས་ལ་ངེས་མ་བསྟན། །ཞེས་འབྱུང་སྟེ། ལུང་རིགས་པའམ། མན་ངག་གཉི་ག་མི་འགལ་བར་ཅིར་ཡང་མི་བསམ་མོ། །མ་བསམས་ན་རྟོག་པ་གང་ལས་སྐྱེ། མ་སྐྱེས་ན་གང་དུ་གོལ་ཏེ་དེ་ནི་དོན་རྣལ་དུ་ཕེབས་པའོ། །ཡང་རྣམ་གཅིག་མཁན་པོ་གཉེན་དཔལ་དབྱངས་ན་རེ་སེམས་ལས། ཏུ་དེ་བཞིན་ཉིད་ནི་གཞན་མ་ཡིན་པས། དེ་བཞིན་ཕར་མི་སྣང་། བློ་ཚུར་མི་འཇུག་སྟེ། ཡུལ་ཤེས་དམིགས་པ་མེད་པར་རིག་པ་ཉིད་དེ་བཞིན་དུ་རང་གསལ་བར་མི་རྟོག་པ་བསྒོམ་ཞེས་བྱའོ། །ཡི་གེ་ཆུང་ངུ་ལས། མི་མཐུན་པ་དང་དབྱར་མེད་དོན། །གང་གིས་ཤེས་ནས་རྩོལ་བ་ཀུན་སྤངས་ཏེ། །བཏང་སྙོམས་ཆེན་པོར་མ་བཅོས་ངང་བཞག་ན། །ཐ་སྙད་ནམ་རྨུག་པ་དང་གཉིད་ལ་སོགས་པ་ཞི་བར་གྱུར་ན་ཞི་གནས་ཀྱི་ལམ་རྣམ་པར་དག་པར་འགྱུར་རོ། །ནམ་རྒོད་པ་དང་འགྱོད་པ་ཞི་ན་ལྷག་མཐོང་གི་ལམ་རྣམ་པར་དག་པར་འགྱུར་རོ་ཞེས་འབྱུང་། ཙམ་དུ་བསྒོམ་ཞེས་བརྗོད། །ཅེས་འབྱུང་། ལུང་གིས་ཀྱང་། བརྒྱ་བཅུ་པ་ལས། ཐམས་ཅད་མ་ལུས་གཅིག་པའི་ངང་། །ལྟ་དང་ལྟ་བར་བྱ་མེད་པའི། །ཡེ་ཤེས་སྒྲོན་མ་ཕྲེང་བ་ནི། །ཕྱོགས་ཐམས་ཅད་མཁྱེན་པའི་བསྒོམ་པ། བཅུའི་ཞིང་ཁམས་ཐམས་ཅད་མཐོང་། །ཞེས་འབྱུང་སྟེ། རང་རིག་པ་ཡུལ་མེད་པར་གསལ་བ་བཞིན་བོགས་ཀྱང་འབྱུང་ངོ་། །ཡང་། གཟུང་འཛིན་བྲལ་བའི་རང་རིག་ཉིད། །དམིགས་མེད་ཚུལ་དུ་རང་སྣང་ངོ་། །ཞེས་འབྱུང་། གཞི་ཉིད་སྤྱོད་ཡུལ་བྲལ་བའི་དེ་བཞིན་ཇི་ལྟ་བར་རང་རིག་པར་ཤར་རོ། །ཡང་། ཕྱི་ནང་སྣོད་དབྱིངས་དང་རིག་པ་གཉིས་མེད་པར་དེ་བཞིན་ཉིད་དུ་རྡོ་རྗེས་རིག་ཞེའོ། །བཅུད་ཡེ་ནས་དག །དག་རྟོགས་ཉིད་ཀྱང་དབྱིངས་ཀྱང་དབྱིངས་ཉིད་ཡིན། །འདི་ནི་རྡོ་རྗེ་མཉམ་ཡིན་ནོ། །ཞེས་འབྱུང་། རང་རིག་པ་ཉིད་ཆོས་ཉིད་ཡིན་པས། ཡུལ་མེད་པར་རང་གསལ་ཏེ། དམིགས་པ་དུས་གསུམ་དུ་མེད་དེ། དོན་དེ་ལ་མོས་པར་བྱའོ། །འོ་ན་དམིགས་པ་སྐྱོན་ནམ་ཞེ་ན། ལན་གསོལ་པ། རེ་ཞིག་པར་བུ་དབང་པོ་ཐ་ཤལ་ཙམ་ལས། མི་ཆེན་པོ་ཤེད་བྱེ་བ་རྣམས་ཀྱི་ཡུལ་མ་ཡིན་ནོ། །དེ་ཡང་ཀུན་འདུས་ལས། གཞན་ནམ་དམན་པའི་སྒོ་རྣམས་ནི། །ཐེན་རྩེར་མིག་གི་ནམ་མཁའ་ལ། །འཕྲ་རབ་འཐེག་ཐག་འཇུག་པ་ལྟར། །བྱིས་པ་ལས་གང་བྱེད་པ་སྟེ། །ཤེད་ཅན་དག་གིས་བྱར་མི་རུང་། །དམིགས་འཛིན་མེད་པའི་ཆོས་ཉིད་ལ། །དམིགས་པའི་ཏིང་འཛིན་བཅུག་པས་ནོར། །ཅེས་འབྱུང་། ལུང་ལས། དམིགས་པ་ཡིད་ལ་ཅི་གསལ་ཡང་། །ཤེས་པ་ཡུལ་ལ་འཇུག་འགྱུར་བས། །དེ་དག་མ་རབས་ཏིང་ངེ་འཛིན། །ཞེས་འབྱུང་ངོ་། །དེས་ན་ལྟ་བས་ཐག་མ་ཆོད་པར་བསྒོམ་པ་སྐྱོན་ཏེ། བསམ་གྱིས་མི་ཁྱབ་མི་ཤེས་པར། །བསམ་དུ་མེད་པར་འཇོག་པ་གང་། །བྱིས་པ་དེ་ནི་བླུན་པ་སྟེ། །མུན་པའི་སྐྱེ་མཆེད་ཉིད་དུ་འགྱུར། །བསམ་གྱིས་མི་ཁྱབ་དོན་ཤེས་ནས། །བསམ་དུ་མེད་པར་འཇོག་པ་གང་། །དེ་ནི་ཐམས་ཅད་མཁྱེན་པ་སྟེ། །ཡོན་ཏན་དཔག་ཏུ་མེད་པར་འབྱུང་། །ཞེས་གསུངས་ཏེ། ཐག་མ་ཆོད་ན་དམིགས་པ་འབྱུང་བའི་རྒྱུའོ། །དེ་ལྟ་བུ་མི་དམིགས་པ་ལ་གསུམ་སྟེ། མོས་པ་ལས་ཐོས་བསམ་ལས་བྱུང་བའི། མི་དམིགས་པ་ནི། རྟོག་པའི་ལྟ་བ་མེད་དོ། །ཤིན་ཏུ་མི་དམིགས་པ་ནི་དེ་ལྟར་དོན་གསལ་ལ་མི་གཡོ་བ་ན། ལྟ་བ་ནི་ཟུང་འབྲེལ་ལོ། །རྗེས་སུ་མི་དམིགས་པ་ནི། བར་བར་རྟོག་པ་དེ་བའི་རྗེས་སུ་བསྒོམ་པ་ལ་ཟེར་བ་ཡང་ཡོད། སྐྱེས་པ་ཚོར་མ་ཐག་སྔ་མའི་རྗེས་སུ་མི་དམིགས་པ་སྟེ། ངོ་བོ་དེ་ལྟར་འཇལ་བར་བགྱིའོ། །དེ་ལྟར་ཡུན་རིང་དུ་འཇལ་བ་དང་། བློ་ཀླུངས་སུ་གྱུར་པ་དང་། གེགས་བྱེད་པའི་རྟོག་སྐྱོན་ནི། གཞན་ལྟ་ཨ་ཅང་ཡང་ཆེས། དོན་ཆོས་ཉིད་ལ་དམིགས་པ་དང་། ངེས་པར་འཛིན་པ་ཉིད་ཀྱང་ཆེད་དུ་བྱས་པའི་སྐྱོན་ཏེ། ཡང་དག་པའི་ཞེན་པའོ། །དེ་ཡང་ཀུན་འདུས་ལས། བྱང་ཆུབ་དེ་ཡང་མི་དམིགས་ཏེ། །མི་གནས་ཞེས་ནི་གང་བརྗོད་ཀྱང་། །གནས་དང་དམིགས་པའི་དོགས་འཛིན་པ། །གཟུང་འཛིན་ཞེས་ནི་དེ་ལས་སྐྱེས། །ཞེས་འབྱུང་། འོན་ཏང་དེ་ཡང་སྐྱོན་ན། གཞན་ལྟ་སྨོས་ཅི་དགོས་ཏེ། སྐྱོན་སྔར་བཤད་པ་རྣམས་དང་། དེ་མ་ཡིན་པ་ཡང་དེས་ཤེས་པར་བྱའོ། །དེ་ཡང་དེ་ཉིད་ལས་འབྱུང་སྟེ། གང་ཞེ་ན། དྲན་བྱུང་གཡོ་བ་ཅི་བཀག་པ། །དེ་དག་འགག་པ་ཉིད་དུ་འགྱུར། །དྲན་བྱུང་མེད་པར་བླུན་པ་ནི། །མུ་སྟེགས་ཅན་ལམ་མུན་པར་འགྱུར། །འདི་ཞེས་སེམས་སུ་གཅིག་བཟུང་ན། །མཚན་མ་རྟོག་པའི་རེ་བ་ཡིན། །སྔ་ཕྱི་མེད་པར་ཕྱང་ཆད་ན། །མེད་དེ་ཆད་པའི་མུ་ཅན་ཡིན། །ཞེས་འབྱུང་སྟེ། དེ་ཡང་བསྒོམ་པའི་ཚེ་རྣམ་པར་རྟོག་པའི་དྲན་པ་སྐྱེས་ན། དེའི་རྗེས་སུ་འབྲངས་བ་ནི། སེམས་ཅན་ཕལ་པའོ། ། ༈ ལུས་དང་ལོངས་སྤྱོད་ལ་ཆགས་པ་ནི་ཞི་གནས་ཀྱི་གེགས་འཕགས་པའི་ཆོས་ཀྱི་གཏམ་མ་ཐོས་པས་ཆོས་ཀྱི་ཚིམས་པ་མ་ཐོབ་པ་ནི་ལྷག་མཐོང་མཐར་མི་ཕྱིན་པའི་གེགས། འདུ་འཛི་ན་གནས་པ་དང་ཆོས་ཅུང་ཟད་ཐོས་པར་ཕྱོགས་པར་འཛིན་པ་ནི་གཉིས་ཀའི་གེགས་སོ། །རྒོད་ཅིང་འགྱོད་པ་ནི་ཞི་གནས་ཀྱི་སྒྲིབ་པའོ། །རྨུགས་པ་དང་གཉིད་དང་ཐེ་ཚོམ་ནི་ལྷག་མཐོང་གི་སྒྲིབ་པའོ། །འདོད་པ་སྲེད་པ་དང་གནོད་སེམས་ནི་གཉིས་ཀའི་སྒྲིབ་པའོ། །ཡང་ཞི་གནས་ཆེ་བ་ལ་ལྷག་མཐོང་མེད་ན་ནོར་བའི་སྐྱོན། སྐྱེས་བུ་མུན་པའི་ནང་དུ་ཞུགས་པ་ལྟར་བྱིང་ཞིང་ལུང་དུ་མི་སྟོན་པ་དང་། འདུ་ཤེས་མེད་པའི་འགོག་པ་དང་ཞི་བ་ཕྱོགས་གཅིག་པའོ། །འགོག་པ་ལ་སྙོམས་པར་འཇུག་པ་ལ་སོགས་པའི་མཐར་ལྟུང་ངོ་། །ལྷག་མཐོང་ཆེ་བ་ཞི་གནས་མེད་ན། མེ་མར་རླུང་གིས་བསྐྱོད་པ་ལྟར་ཕྱི་ནང་གི་ཡུལ་དམིགས་པ་རྡུལ་ཙམ་ཡན་ཆད་འཕྲོ་ཞིང་གཡོ་བའི་སྐྱོན་དུ་འགྱུར་རོ། །དེ་བཀག་ན་ཉན་ཐོས་འགོག་པའོ། །དྲན་བག་ཅི་ཡང་མེད་དེ་དོན་ཀྱང་གསལ་བ་མེད་དེ། བྱིང་ཐབས་སུ་རྟོག་པ་མི་རྒྱུ་ལ་དོན་གསལ་བ་མེད་ན། རྟག་པ་སྣང་ལ་མི་རྟག་པ་དང་། ཆད་པ་གཉིས་ཀར་འགྱུར་རོ། །དོན་ལ་ངེས་པ་ཅན་ཞིག་ཏུ་བཟུང་ན། འཛིན་པ་དེས་རྟག་པར་འགྱུར། སེམས་འབྱང་སྟེ་ཕྱང་བཅད་ན་ཆད་པར་གྱུར་ཏེ་སྐྱོན་ནོ། །དེ་དག་དྲན་པའི་སྔ་མའི། རྗེས་སུ་མི་འབྲང་། མི་སྐྱོན་དུ། དགག་དོན་ཕྱིས་བྱུང་བའང་སྔོན་དུ་མི་སེམས། གསལ་ལ་མི་རྟོགས་པར་བྱའོ། །ཅིར་ཡང་མི་བཟུང་འཕྱང་མི་བཅད་དོ། །གཞན་ཡང་བར་དུ་གཅོད་པའི་བདུད་ལྔ་འབྱུང་སྟེ། དེ་ཡང་རྡོ་རྗེ་བཀོད་པ་ལས། རྣལ་འབྱོར་ངེས་པར་སྤྱོད་པ་ལས། བར་དུ་གཅོད་པའི་བདུད་ལྔ་འབྱུང་། །རྣམ་རྟོག་འཁྲིགས་པའི་བདུད་ཉིད་དང་། །དེ་བཞིན་བཏང་སྙོམས་ལེ་ལོའི་བདུད། །ལོངས་སྤྱོད་འདུ་འཛི་གཡེང་བའི་བདུད། །ཚིག་རྩུབ་མཚོན་ཆ་རྣོན་པོའི་བདུད། །ཁྲོ་གཏུམ་ངང་ཐུང་འཁྲུགས་པའི་བདུད། །རྣལ་འབྱོར་སྤྱོད་པའི་བདུད་ལྔ་པོ། །རྣལ་འབྱོར་དོན་ལ་སྒྲིབ་པ་སྟེ། །གཉེན་པོ་བྱང་ཆུབ་སེམས་མཆོག་གིས། །ཞི་བ་ཆེན་པོའི་ངང་དུ་ཟློག །ཅེས་འབྱུང་བས། དེ་གང་སྐྱེས་གང་བྱུང་གང་གི་དབང་དུ་གྱུར་ཀྱང་། དེ་ཉིད་དེ་བཞིན་ཉིད་མ་དམིགས་པའི་དོན་དྲན་པ་ཙམ་གྱིས་མ་སྤངས་རང་ཞི་བར་འགྱུར་རོ། །གཞན་ཡང་རྣལ་འབྱོར་གྱི་དགྲ་བཞི་འབྱུང་སྟེ། དེ་ཡང་གང་ཞེ་ན། གསང་བ་འཕེལ་བས་ཡ་ག་དང་བཅས་པའི་དགྲ་འབྱུང་བ་དང་། ལྟ་བ་དམན་ལ་སྤྱོད་པ་རྩིང་ན་གཞུང་ལོག་པས་བར་ཆད་ཀྱི་དགྲ་འབྱུང་། རྩ་བ་དང་ཡན་ལག་གི་དམ་ཉམས་པར་བཀའ་ཆད་ཆེན་པོའི་དགྲ་འབྱུང་། བརྩོན་པ་ཆུང་བས་ལེ་ལོས་འབྲས་བུ་འཇོམས་པའི་དགྲ་འབྱུང་སྟེ། དེ་དག་གི་དབང་ཀར་མི་བཏང་ངོ་། །གཞན་ཡང་དོན་ཡིད་ལ་བྱེད་ཉི་ཤུ་ཡིད། པ་དང་། སེམས་བྱིང་བ་དང་། ཡུལ་ལ་རྒོད་པ་དང་། ཏིང་ངེ་འཛིན་གྱི་རོ་ལ་ཆགས་པ་དང་། རྟོག་སྐྱོན་ལ་ཞེ་སྡང་བ་དང་། རོ་ཆེད་དུ་མྱོང་བར་བྱེད་པ་དང་། དོན་གཅིག་ཏུ་ངེས་པར་བཟུང་བ་དང་། ཏིང་ངེ་འཛིན་གསལ་དུ་རེ་བ་དང་། གོལ་དུ་དོགས་པ་དང་། རྟག་པ་སྐྱོན་དུ་འགེགས་པ་དང་། སེམས་དོན་སྣང་བ་མེད་ཅིང་འགགས་ཤིང་སུབས་པ་དང་། བྱུང་ཚོར་གྱི་རྗེས་སུ་འབྲངས་པ་དང་། བདག་གི་ལྟ་བ་སྙེམས་པ་དང་། རྟོག་སྐྱོན་འཆོས་པ་ལ་དགའ་བ་དང་། གནས་པར་འདོད་པ་དང་། ཆེད་དུ་དམིགས་པ་གཏོད་པ་དང་། དོན་མངོན་དུ་མི་གསལ་བྱེད་པ་དང་། སེམས་འཕྲོ་བ་ནང་དུ་བསྡུད་པ་དང་། ཐེར་ཟུག་ཏུ་འཛིན་པ་དང་། ཕྱལ་བས་དོན་མེད་པ་དང་། སྐྱོན་ཉི་ཤུ་པོ་སྐྱེས་ན། འདི་དག་སྟོང་པར་བལྟ་ན་མདོ་སྡེར་སྟོང་པས་ཡང་བརྗོད་དུ་མེད་དེ་ཅིར་ཡང་མི་སྣང་ན། དབུ་མ། གོལ་ཏེ། འདུ་ཤེས་སྟོང་པ་ནི་མ་རབས་ཀྱི་སེམས་སོ། །གཉེན་པོ་བསྟན་ནའང་ཅིག་ཅར་འཇུག་པར་མི་རུང་བས། འདིར་བཅོས་ན་སྐྱོན་ཏེ། སེམས་བཅོས་སུ་མེད་དེ་རབ་ཏུ་འབྱེད་པ་མེད་པར་མངོན་དུ་བྱེད་པས་སེལ་ཏོ། །ཡོང་ཡེ་ཆོས་ཐམས་ཅད་ཡེ་ཕྱི་མོ་ནས་དེ་བཞིན་ཉིད་ལ། སོ་སོར་ཡུལ་དང་ཤེས་པ་གཉིས་མེད་པའི་ཕྱིར། རྟོག་པའི་ཤེས་རབ་ཀྱི་ཅི་བརྟག །དོན་མངོན་དུ་སུ་བྱེད་དེ། དོན་མངོན་དུ་བྱར་མེད་ན་རྟོག་སྐྱོན་བཅོས་ཅི་དགོས་ཏེ་མི་དགོས་སོ། །འདིར་མཉམ་པ་ཆེན་པོ་རྟོགས་པ་ལ། མ་བཅོས་བཞག་རྟོགས་པ། པས་མི་ལྡང་རང་ཞིར། བ་ཁོ་ན་བཅོས་པ་ཆེན་པོའོ། །དཔེར་ན། ནམ་མཁའི་ཆོ་འཕྲུལ་སྣང་ཡང་མ་བཅོས་པས་ནམ་མཁའ་རང་ཞི་བ་དང་འདྲའོ། །བརྒྱད་ཅུ་པ་ལས། ཇི་ལྟར་བྱིས་པ་ཤེད་མི་བྱ། །བྱ་བྱེད་མང་པོས་གཡེང་བར་གནས། །བྱ་བྱེད་མང་པོས་བདག་མེད་པར། །ཏིང་ངེ་འཛིན་གྱིས་དབང་བསྒྱུར་ནས། །མཚན་མ་མཉམ་པའི་དབྱིངས་སུ་མནན། །ཞེས་འབྱུང་། རྡོ་རྗེ་བཀོད་པ་ལས། གཉིས་སུ་རང་བཞིན་གཏན་ཚིགས་ཀྱི་རྟོག་པ་མ་གྲུབ། ལྟ་བ་མ་སྐྱེས་ཕྱིར། །གཉིས་སུ་འདུ་ཤེས་ཅི་བྱུང་ཡང་། །རང་བྱུང་ཞི་བ་མ་བཀག་ཆོས། །ཡེ་ནས་མ་བཅོས་དོན་གྱིས་གསལ། །ཅེས་འབྱུང་། ཡང་། བྱུང་ཚོར་གཡོ་འགོག་ཐམས་ཅད་ཀྱང་། །རང་བཞིན་གྱིས་བྱུང་ངང་གིས་ཞི། །མདོར་ན་ཇི་ལྟར་བཏགས་བསམ་བཞིན། །འགྱུར་བས་ཐམས་ཅད་ངོ་བོར་སྣང་། །མ་བཅོས་གཡོ་བ་མེད་ཉིད་ལ། །སྣ་ཚོགས་རྒྱུ་འབྱུང་མི་སྐྱོན་ཞིང་། །ཆོ་འཕྲུལ་མི་དགག་ཉམས་པ་མེད། །ཅེས་གསུངས་པས། གང་ཡང་མ་དམིགས་པ་ལ། རྟོག་པའི་རྒྱུ་འགྲུལ་ཅི་བྱུང་ཡང་། ཉམ་ང་བ་མེད་པས་དགག་ཅིང་གླན་མི་དགོས་སོ། །ཇི་ཙམ་དུ་འཆོས་པ་ནི་སྐྱོན་ཏེ། དེ་ཁོ་ནས་གཉིས་མེད་མ་མཐོང་སྟེ། བསླད་པ་ཞེས་བྱ་སྟེ། ད་དུང་སེམས་ལ་དམིགས་པ་ཡོང་བ་ཡིན་ཏེ། དེས་དོན་མ་མཐོང་བས། འདིར་ཅི་ཡང་མི་དགག་རྒྱུ་བ་ནི་ཚོར་བར་བྱ། ཚོར་བའི་དུས་ན་དེ་ཉིད་ཆོས་ཉིད་བས་རྒྱུ་བ་མེད་དེ། དེ་ལྟ་བུའི་དོན་གཞན་གྱི་བདག་བསྒོམ་པར། བདག་མ་མཐོང་ཡང་རང་གི་མི་བཏང་ངོ་། །དཔེར་ན་བུམ་པའི་ནང་གི་མར་མེ་སུས་ཀྱང་མ་མཐོང་བར་གསལ་བ་དང་། བྱི་ལའི་སྡེར་མོ་སྤུ་འཇམ་པོའི་གསེབ་ནས་མི་མངོན་པར་བསླངས་པའི་བྱ་བ་བྱེད་པ་དང་འདྲའོ། །འོན་ཏང་དེ་ཉིད་ལས། རྣལ་འབྱོར་མཁས་པའི་རང་བཞིན་ཅན། །བུམ་སྣོད་ནང་གི་གསལ་བ་ལྟར། །ཤེས་རབ་མཛོད་ཀྱི་གཏེར་ལྡན་ཡང་། །སྲོག་ཆགས་རྐུན་མོའི་སྡེར་མོ་ལྟར། །ཁོང་ནས་གབ་སྤས་དོན་བསྟན་ལ། །བླུན་པོ་རྣམས་ཀྱི་ཅིར་མི་མཐོང་། །དཔེར་ན་འདི་འདྲར་ཚུལ་གཅིག་སྟེ། །ལུས་ལ་གཏེར་འཆང་མི་དང་ནི། །དབུལ་པོར་གྱུར་པའི་མི་དག་གཉིས། །འགྲོགས་ཀྱང་གཉིས་མཚུངས་ཁྱད་མེད་འདྲ། །ཞེས་གསུངས་སོ། །འོ་ན་སྐྱོན་བྱུང་བའི་རྒྱུ་ཅི་ཞེས་དྲིས་ན། ལན་གསོལ་པ། དཔེར་ན་ནམ་མཁའ་འཛིན་ཅིང་མཐའ་ན་སྤྲིན་འབྱུང་ལ། ནམ་མཁར་མི་རྟོག་ན་དེ་ལ་སྤྲིན་འབྱུང་བར་ཡང་མི་མཐོང་ངོ་། ། དེ་ལྟར་ཆོས་ཉིད་ཙམ་དུ་འཛིན་པ་མེད་ན། དེ་ལ་ལྟོས་པའི་རྟོགས་པ་ག་ལ་སྐྱེ་ན། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དུ་མཐོང་ན། དེ་ལ་མི་མཐུན་པའི་རྟོག་པའང་སྐྱེའོ། །འོན་ཏང་རྒྱུ་དེའོ། །བརྒྱད་ཅུ་པ་ལས། ནམ་མཁར་བཟུང་བས་སྤྲིན་གྱིས་ཁེབས་པར་འགྱུར། ནམ་མཁའ་མེད་པར་གང་གིས་ཤེས་པ་ནི། སྤྲིན་ཞིག་འབྱུང་ཞིང་ཁེབས་པར་མི་སྲིད་དོ། །ཞེས་འབྱུང་སྟེ། འདིར་ཅི་ཡང་མི་འཛིན་པས་རྟོག་པ་མི་སྐྱེའོ། །འོ་ན་དགག་ཏུ་མེད་པ་སྟོན་མུན་གྱི་གཞུང་དུ་མ་ལས་ཀྱང་འབྱུང་སྟེ། དེ་ཡང་། དགག་བྱ་ཅི་ཡང་མེད་པས་ན། །ད་ནི་ཅི་ཡང་མི་འགོག་གོ། །དེ་ཕྱིར་འགོག་པར་བྱར་མེད་དོ། །ཞེས་པ་དང་། ཁྱེད་ཀྱིས་ཐོག་ཏུ་མ་བབ་སྨྲས། །ཞེས་པ་ལ་སོགས་པ་དུ་མ་འབྱུང་བ་དང་འདྲ་མོད་ཅེ་ན། ལན་དུ་གསོལ་བ། ཁོའི་ས་ན་རབ་ཏུ་འབྱེད་པ་མངོན་དུ་མི་བྱེད་པས་སྤོང་བའི་དབང་པོ་རྣོན་པོར་གསོལ་བའང་། བྱུང་ཚོར་སྟོང་པ་མ་སྐྱེས་པ་ཡིན་པར་ལྟ་བས་སྤང་དུ་མེད་པར་བཞག་པ་ནི། འདིར་མ་རབས་ཀྱི་སེམས་ཏེ། གཉིས་མེད་ལ་མ་རེག་པར་བརྗོད་ཟིན་ཏོ། ༈ །རྣལ་འབྱོར་ཆེན་པོ་བསྒོམ་པའི་ཉམས་ཀྱང་། གསུམ་དུ་ཡང་བཤད་ཏིང་ངེ་འཛིན་འཕེལ་བའི་རིམ་པ་ལ་མུ་བཞི་སྟེ་གཡོ་བ་ཐོབ་པ་གོམས་པ་བརྟན་པ་བཞིར་བཤད་དེ་འཐད། དེ། གཡོ་བའི་ཉམས་དང་། ཐོབ་པའི་ཉམས་དང་། བརྟན་པའི་ཉམས་སོ། །དེ་ལ་གཡོ་བའི་ཉམས་ནི་འབབ་ཆུ་དང་འདྲ་སྟེ། མི་བརྟན་ལ་རྟོག་སྐྱོན་ཀྱང་སྐྱེའོ། །དེར་ཅུང་འགྲིམ་པར་བྱའོ། །ཐོབ་ཙམ་ན་ཆུ་ཀླུང་དང་འདྲ་སྟེ། སེམས་འགྲོ་ཡང་དལ་བཞིན་དུ་སྐྱེ་ཡང་། མི་དམིགས་པ་ཉིད་དུ་ཐབས་ཀྱི་སེམས་གཤིས་སུ་ཕེབས་པའི་ཚེ་ཉམས་ལ་བརྟག་པ་དང་། བཞིན་མདོག་ཉམས་པས་ཁ་སྣ་ནས་ཆུ་རིང་པོ་འབྱུང་ངམ། མགོ་བོ་ཡངས་དང་གུག་པ་དང་། དགྱེ་བ་དང་འགྱེལ་བ་དང་། དབང་པོ་ལྡོག་པ་དང་འདི་དག་གན་རྐྱལ་ཁ་སྦུབ་དྲང་པོར་གང་ལ་བྱུང་བ་ཡང་ཞི་བ་དང་བྱིང་བ་ཆེ་བའོ། །ཡང་དབང་པོ་ཁྲག་ཁྲིག་མང་ངམ་ཡང་དང་ཡང་འཚེས་སོ་གཡེང་ངམ། སྡོད་དམ། བྱ་བ་མང་ན་ཅུང་རྒོད་པ་ལྷག་མཐོང་ཆེའོ། །བྱ་བ་ཉུང་ན་བཀྲག་དང་ལྡན་ན་ཆ་མཉམ་པའོ། །སྐྱེའོ། །རྟོག་པའི་རྒྱུ་འགྲུལ་ཆོག་མ་ཤེས་པ་སླར་ཉམས་པར་འགྱུར། ཆ་འཕྲ་བྱུང་ཡང་སྙིང་ཞིང་ལྷོད་དོ། །དེར་བཏང་སྙོམས་སུ་བྱའོ། །བརྟན་པའི་ཉམས་ནི། མཚོ་གཏིང་འདྲ་སྟེ། གསལ་ལ་མི་གཡོ་མི་རྟོག་ཤིན་ཏུ་བརྟན་ཏེ། རྟོག་པའང་མི་སྐྱེ་ལ་བཏང་སྙོམས་སུ་བྱ་བ་ཡང་མི་དགོས་ཏེ། དེ་ལ་ནི་རྟགས་མང་བོ་འབྱུང་ངོ་། །རྣམ་པ་གཅིག་ཏུ་ཉམས་ནི། དོན་ལ་རྩོལ་བ། ཅི་བྱས་ཀྱང་སྐྱེད་དུ་བྱ་བ་འོང་བ་སྙམ་མི་བྱེད་པ་དང་། རྫས་རྟགས་སུའང་དུས། ལ་སོགས་པ་ཅི་ཡང་བྱ་བ་མེད་པ་སྙམ་བྱེད་པ་དང་། རྟོགས་པའི་རྒྱུ་འགྲུལ་ཅི་བྱུང་ཡང་སྐྱེས་ན་ཡང་སྐྱེས་སྙམ་པ་ལ་སོགས་པ་མང་དུ་བྱུང་ཡང་ལྔ་པར་འདུས་སོ། །དེ་ལྟར་ཉམས་བརྟན་ནས་དྲོད་བསྟན་ཏེ། སྤྱིར་གཡོ་བ་དང་། ཐོབ་པ་དང་། བརྟན་པ་ནི་གོ་རིམ་མོ། །ངོ་བོ་ནི་སྤྱིའི་དྲོད་ལུས་ཡང་བ་སྙམ་བྱེད་པ་དང་། ནང་གི་དྲོད་ནི་དབུགས་ཕྱི་ནང་དུ་རྒྱུ་བ་མི་ཚོར་བ་དང་། གསང་བའི་དྲོད་ནི། དོན་ཉིད་ཤིན་ཏུའང་ཐོག་ཏུ་ཕེབས་པའོ། །དེ་ཉམས་དང་ཆ་འདྲའོ། །དེ་ཡང་ངེས་པར་དྲོད་གསུམ་མྱོང་ནས་ནི། རྟགས་ཀྱི་རྣམ་པ་ཅིར་སྣང་ཡང་། ཞེས་གསུངས་སོ། །དྲོད་རྙེད་པའི་རྟགས་ཀྱང་ཇི་ལྟ་བར་འགྱུར་ཞེ་ན། བར་བར་དུ་ལུས་ཀྱི་བདེ་བ་རྣམས་ཀྱང་ཏིང་ངེ་འཛིན་གྱིས་སྐྱེས་ཏེ། རྟེན་གྱི་སྒོ་རྣམས་དབྱེ་བར་གྱུར་པས། དངོས་པོ་ཐམས་ཅད་ཀྱང་གཟུགས་ཀྱི་རྣམ་པ་ལྟ་བུས་གང་བར་མཐོང་བ་དང་། བར་བར་དུ་གསུང་ཡིག་འབྲུས་གང་བར་མཐོང་བ་དང་། བར་བར་དུ་ཐུགས་ཕྱག་མཚན་ཕྱག་རྒྱས་གང་བ་བར་བར་དུ་རྒྱལ་བ་དང་བྱང་ཆུབ་སེམས་དཔའ་དང་རིག་པ་འཛིན་པས་བྱིན་གྱིས་རློབས་པར་འབྱུང་སྟེ། དམ་པ་མཆོག་དང་དམ་པ་ཡིས། །སྲས་དང་སྤུན་དགོངས་བྱིན་གྱིས་རློབས། །ཞེས་སོ། །ལྟ་བུར་ཡོང་བར་འགྱུར་རོ། །གཞན་ཡང་མུན་པའི་ཕུང་པོ་མཐོང་བ་དང་། འོད་དཀར་པོ་ལ་སོགས་པའི་སྣང་བ་མཐོང་བ་དང་། དུ་བའི་རྣམ་པ་ལྟ་བུ་མཐོང་བ་དང་། ཟད་པར་མེ་དང་། ཆུ་དང་རླུང་གི་སྐྱེ་མཆེད་ཀྱི་རྣམ་པ་མཐོང་བ་དང་། ནམ་མཁའ་ལ་པདྨོ་ཆེན་པོའི་འོད་མཐོང་བ་དང་། རྡུལ་ཕྲན་དང་ཟླ་ཚེས་ལ་སོགས་པའི་སྣང་བ་མཐོང་བ་དང་། མི་མ་ཡིན་མཆོད་པ་བྱེད་དུ་འོང་བ་དང་། རྒྱལ་བས་ཕྱག་བརྐྱང་ནས་དབང་བསྐུར་བ་དང་། ལུང་སྟོན་པ་མཐོང་བ་ལ་སོགས་པ་སྟེ། བདུད་ཀྱི་སྤྱོད་ཡུལ་མཐོང་བ་དང་། དེ་ལ་སོགས་པ་ཇི་སྙེད་པ་འབྱུང་བ་ནི་ཕྱི་རྟགས་སོ། །ནང་གི་རྟགས་ཇི་ལྟ་བུ་ཞེ་ན། ནད་དང་དགྲ་བཅོམ། བོས་པ་མི་ཚོར་བ་དང་། འཇིག་རྟེན་གྱི་ཆོས་བརྒྱད། རྙེད་པ་དང་། བསྟོད་པ་དང་། གྲགས་པ་དང་། སྙན་པ་ལ་དགའ་བ་ཡང་མེད། མ་རྙེད་པ་དང་། སྨད་པ་དང་། མི་སྙན་པ་དང་། མ་གྲགས་པ་ལ་མི་དགའ་བ་མེད་པར་འབྱུང་བ་དང་། སྤྱོ་བ་བྱས་པ་ལ་མི་ཁྲོ། བརྡེག་པ་ལ་ལན་མི་ལྡོན་པ་དང་། ལྷའི་བུ་མོ་མཐོང་ཡང་ཆགས་པ་མི་སྐྱེ། སྲིན་པོ་འབར་བ་མཐོང་ཡང་བག་ཚ་བའི་འཇིགས་པ་མེད་པ་དང་། ཟས་ནོར་ལ་མ་ཆགས་པ་དང་། ཅི་ལ་ཡང་རྟོག་འཛིན་མེད་པ་དང་། ཁ་ཟས་བྲལ་ཡང་དབང་པོ་གསལ་བ་དང་། ལུས་སེམས་ཤིན་ཏུ་སྦྱངས་པ་ཐོབ་པ་དང་། ཤིག་མེད་པ་དང་། དྲི་མ་དག་པ་དང་། སླར་གཞོན་ཆེ་བ་དང་། གཉིད་མེད་པ་དང་། ནད་གྲོལ་བ་ལ་སོགས་པ་ནང་གིའོ། །འོ་ན་དེ་དག་འདིར་བསྟན་པ་ལ་དགོས་པ་ཅི་སྙམ་པ་ལ། དེ་དག་བསྟན་པས་ལས་དང་པོ་པ་ཤིན་ཏུ་བྲོད་པས་མདུན་བསུ་ནས་གྲིམས་པར་འགྱུར་བའི་ཕྱིར་རོ། །ཀུན་འདུས་ལས། དཔེར་ན་འཇིག་རྟེན་བྱིས་པ་དག །ཡུན་རིང་མ་ལ་སྐྱོ་བ་ལ། །སྔ་ལྟས་བྱུང་བའི་སྒྲ་ཐོས་ན། །ཤིན་ཏུ་བྲོད་པ་མདུན་བསུ་ལྟར། །ལྟས་ཆེན་འབྱུང་བའི་བྲོད་ཚུལ་གྱིས། །ཤིན་ཏུ་བརྩོན་པའི་བདེ་ཐོབ་འགྱུར། །དེ་བས་སྔ་ལྟས་མཚན་མ་རྣམས། །ཤེས་ནས་བརྩོན་པས་འབད་པར་རིགས། །ཞེས་གསུངས་སོ། །འོ་ན་འདི་ལ་རེ་བ་བསྐྱེད་ན་འབྱུང་ངམ་མ་བསྐྱེད་ན་འབྱུང་། གལ་ཏེ་རྟགས་མ་བྱུང་སྲིད་ན་འགྲུབ་ཏུ་མི་གཏུབ་པ་ཞིག་མ་ཡིན་ནམ་ཞེ་ན། ལེན་དུ་རེ་བ་བྱའང་མི་དགོས་ལ། རྟགས་མ་བྱུང་ནའང་སྐྱོན་མེད་པར་མན་ངག་གིས་འགྲུབ་སྟེ། ཞུས་ལན་ལས། ཇི་ལྟར་ཆུ་ལ་རྙོག་མ་དྭངས་གྱུར་ན། །ཉི་ཟླའི་གཟུགས་བརྙན་འབྱུང་བ་བཙལ་མི་དགོས། །རང་སེམས་རྣལ་འབྱོར་དག་པར་གྱུར་པ་ན། །རྒྱལ་བའི་བྱིན་རླབས་འབྱུང་བ་བཙལ་མི་དགོས། །ཞེས་པ་དང་། རྒྱལ་བའི་རང་བཞིན་ཤེས་རབ་སྙིང་རྗེ་ཁོ་ན་བས། །དེ་ཡོད་ཕྱི་རོལ་རྟགས་དང་མཚན་མའི་ཁར་མ་ལུས། །དཔེར་ན་མེ་འདོད་པ་འི་མེ་ནི་རྙེད་གྱུར་ན། །མེ་རྟགས་དུ་བ་ཡོད་དང་མེད་པའི་ཁར་མ་ལུས། །དེ་བས་རྟགས་དང་མཚན་མར་ཞེན་པའི་བློས། །གཞན་ནས་ནམ་འབྱུང་སྙམ་དུ་རེ་བ་མི་བྱའོ། །དུས་གསུམ་སངས་རྒྱས་དངོས་གཞི་རྣལ་འབྱོར་རྣམ་གཉིས་པོ། །རང་ལས་བྱུང་བར་རིག་ནས་སེམས་མཉམ་ལྟ་ཞིང་བརྩོན། །ཅེས་གསུངས་སོ། །དེ་ལྟ་བུའི་རྟགས་དེ་དག་འབྱུང་ན་ཇི་ལྟར་ཤེས་པར་བྱ་ཞེ་ན། དེ་ལའང་མི་ཆགས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ལ་ཆགས་ཤིང་དགའ་ན་དེ་ཉིད་དེ་བཞིན་ཉིད་མི་ཐོབ་པའི་གེགས་ཆེན་པོ་སྟེ། བདུད་ཀྱི་ལས་སོ། །ཡང་། ཇི་སྲིད་ཡིད་ཀྱི་ལོག་གཡོ་བ། །དེ་སྲིད་བདུད་ཀྱི་ལས་ཞེས་བྱ། །ཞེས་པའི་དོན་གྱིས་དེ་ལྟར་རྟགས་ལ་དགའ་ཞིང་ཆགས་པ་ནི་ལོག་པའི་འདུ་ཤེས་སོ། །འོ་ན་ཇི་ལྟར་ཡིན་ཞེ་ན། མན་ངག་ལས། དེ་ལྟའི་དོན་ལ་རིང་གནས་ཚེ། །རང་གི་རིག་པ་དེ་བཞིན་ཉིད། །ཡ་མཚན་རྟགས་ཀྱི་འབྱུང་གནས་པས། །ཅི་ཡང་སེམས་ལ་ཅིར་མི་རྟོག །ཅེས་འབྱུང་བས། རྟགས་ཇི་ལྟར་སྣང་། རང་རིག་པ་དེ་བཞིན་ཉིད་མ་ཡིན་པའི་ཆོས་ཞིག་ནི་རྡུལ་གྱི་ཆ་ཙམ་ཡང་མི་རྙེད་པས། དེ་དག་ལ་དགའ་ཞིང་ལྷག་པར་ཆགས་པ་ཡང་མི་བྱ་སྟེ། དེ་ཉིད་ཆོས་ཉིད་དུ་ཤེས་པར་བྱའོ། །དེར་མ་ཟད་རྨི་ལམ་གྱི་ལྟས་ཀྱང་འབྱུང་སྟེ། དམྱལ་བའི་འཇིག་རྟེན་གྱི་ཁམས་མཐོང་བ་དང་། སྔོན་མ་མཐོང་བའི་ཡུལ་མཐོང་བ་དང་། སྟོང་གསུམ་ལག་མཐིལ་ལྟར་མཉམ་པ་མཐོང་བ་དང་། གཤེད་མ་ལས་ཐར་བ་དང་། དུག་ནད་ལས་གསོས་པ་དང་། མཚོ་ཆུ་ལས་རྐྱལ་པ་དང་། ནད་གྲོལ་དང་། ཁྲག་འཛག་པ་རྨི་བ་དང་། ཉི་ཟླ་ཞོན་ཞིང་རྨི་བ་དང་། ཉི་ཟླའི་འཁོར་ལོ་བབས་པ་ལ་སོགས་པའི་སྒྲིབ་པ་འབྱང་བ་དང་། བདེན་པ་མཐོང་བ་དང་། ས་ནོན་པ་ལ་སོགས་པའི་ལྟས་རྣམས་འབྱུང་ངོ་། །དེ་དག་ལའང་སེམས་ཉིད་དུ་ལྟའོ། །འོ་ན་དེ་དག་ལས་མཉམ་པ་ལས་ལངས་པའི་དུས་སུ་སྤྱོད་པ་ཅི་ཡང་མ་ཆགས་སྤྱོད་དེ། དེ་ལ་སྤྱོད་པ་ཡང་བཞི་སྟེ། བརྟུལ་ཞུགས་ཐབས་ཀྱི་སྤྱོད་པ་དང་། ཆགས་སྡང་མེད་པའི་སྤྱོད་པ་དང་། དོན་གྱི་རྗེས་སུ་སྤྱོད་པ་དང་། མཐུན་འཇུག་འཚམས་པའི་སྤྱོད་པའོ། །དེ་ལ་བརྟུལ་ཞུགས་མཉམ་པའི་སྤྱོད་པ་ནི། གཙང་རྨེའི་རྣམ་པ་ཅི་ལའང་བྱེ་བྲག་མི་བྱ་བར་མཉམ་པ་ཉིད་དུ་སྤྱད་དོ། །དེར་མ་ཟད་ཐབས་ཀྱིས་ཟིན་པས་འཁོར་བའི་དངོས་པོ། ཀུན་གྱིས་སྤངས་བྱར་བཞག་པའི་ཆོས་ཅི་ལ་ཡང་སྤྱད་དེ། བརྒྱད་ཅུ་པ་ལས། སེམས་ཅན་རྟོག་པ་ཟློག་ཕྱིར་སྨན། །གཙོ་རུ་དང་དུ་བླངས་པར་བྱ། །བྱང་ཆུབ་སེམས་དང་ཤ་ཆེན་དང་། །དྲི་ཆེན་དྲི་ཆུ་རཀྟ་རྣམས། །སྒྲུབ་པ་པོས་ནི་རྟག་ཏུ་བཟའ། །ཞེས་འབྱུང་ངོ་། །སྔགས་ཀྱིས་ཡོངས་སུ་ཟིན་པའི་ནད། །ཀུན་ལ་གནོད་པ་བྱེད་མི་ནུས། །ཐབས་དང་ཤེས་རབ་རྟོགས་པ་ཡི། །དུས་གསུམ་སྡུག་བསྔལ་གནོད་མི་འགྱུར། །ཐབས་དང་ཤེས་རབ་ལྡན་པ་ལ། །ཉོན་མོངས་ཐམས་ཅད་བྱང་ཆུབ་རྒྱུ། །ཞེས་འབྱུང་། དེའི་ཡོན་ཏན་ཡང་། སྐུ་གསུང་རྡོ་རྗེ་དབང་ཐོབ་འགྱུར། །གྲུབ་པའི་རྫས་སུ་དེ་ཕྱིར་གསུངས། །ཞེས། འོ་ན་ཐབས་ཤེས་རབ་མ་རྟོགས་ཀྱང་ཐེག་པ་ཆེན་པོ་འདིར། རྣམ་པར་དཀར་བ་རྣམས་གཙོར་སྤྱོད་དོ་ཞེ་ན། དེས་མི་གྲོལ་བར་སྟོན་ཏེ། དེ་ཉིད་ལས། ཐབས་དང་ཤེས་རབ་མ་རྟོགས་པས། །མ་གྲོལ་ཁམས་གསུམ་འཁོར་བ་ཡིན། །ཡང་། ཐབས་ལ་མཁས་པ་མ་ཟིན་ན། །ལམ་གྱི་དགེ་སྤྱད་ལེགས་བཅས་ཀྱང་། །མཐོ་རིས་ལྷ་དང་མི་རུ་སྐྱེ། །སྐྱེ་ཤི་མེད་པའི་ས་མི་ཐོབ། །ཅེས་པ་དང་། ཚངས་དང་དྲང་སྲོང་གཙང་མ་ཟ། །ཀླུ་དང་བྲམ་ཟེ་གཙང་མ་ཟ། །དེ་དག་གྲོལ་བར་ངས་མ་བཤད། །བྱོལ་སོང་རྩྭ་མཆོག་ཟ་བ་ཡང་། །ཇི་སྲིད་འཚོའི་བར་དུ་ཟ། །དེ་དག་གྲོལ་བར་ངས་མ་བཤད། །ཅེས་འབྱུང་བས། ཐབས་ཀྱིས་མ་ཟིན་ན་འཁོར་བའི་ས་ལས་མི་འདའ་བར་གསུངས་སོ། །འོན་ཏང་ཐེག་པ་ཆེན་པོ་འདིར། ཐབས་ཀྱི་ཟིན་ན་སྤྱོད་པ་ལ་ངེས་པ་མེད་དེ། ཇི་ལྟར་སྤྱད་ཀྱང་ཚོགས་གཉིས་སུ་མ་གྱུར་པ་མེད་དེ། སྤྱོད་པ་ཅིའང་མི་འགོག་པར་ལོངས་སྤྱོད་པའི་བདེན་པ་ནི་བསོད་ནམས་དེ་ལ་ཟིན་ཆགས་མེད་པའི་ཡེ་ཤེས་སོ། །ཐབས་དངོས་གང་ཞེ་ན། མི་དམིགས་པའི་ཤེས་རབ་ཀྱིས། གང་ཡང་བག་ཆགས་ཀྱིས་མ་གོས་པའོ། །དེས་ན་དེ་ཉིད་ལས། གསང་སྔགས་བླ་ན་མེད་པ་ནི། །ཐབས་ཀྱིས་ཇི་ལྟར་ཟིན་བཞིན་འགྲུབ། །ཅེས་གསུངས་སོ། །ཆགས་སྡང་མེད་པའི་སྤྱོད་པ་ནི། བདག་གི་ཡུལ་ཞིང་བྲན་ཁོལ་དང་། རིན་པོ་ཆེ་དང་འབྲུའི་བང་མཛོད། རྟ་དང་གླང་པོ་ཆེ། རྒྱལ་སྲིད་དང་། ཕ་མ་དང་། ཉེ་དུ་སྣག་གི་གཉེན་དང་། ཁྱོ་མོ་དང་། བུ་ཕོ་དང་། བུ་མོ་དང་། མཛའ་མོ་ལ་སོགས་པ་ཆགས་པའི་ཡུལ་དུ་ཇི་སྙེད་པ་དང་། བདག་ལ་གཤེ་བ་དང་། སྤྱོ་བ་དང་། བརྡེག་འཚོག་པ་ལ་སོགས་པ་ཞེ་སྡང་གི་ཡུལ་རང་རྒྱུད་དུ་མེད་དེ། ཀུན་རྫོབ་ཏུ་ཡེ་ཤེས་ཀྱི་དཀྱིལ་འཁོར། དོན་དམ་པར་རིག་པ་བྱང་ཆུབ་སེམས། དེ་ཡང་ངོ་བོས་དུས་གསུམ་དུ་དབྱེར་མེད་པས། མཚན་ཉིད་གང་ཡང་སྣང་ལ་མ་དམིགས་པས། དེ་ལ་བདག་གཞན་མིང་མེད་ལ། ཆགས་སྡང་གང་ལ་བྱ། སུ་ཡིས་བྱ། བྱར་མེད་པས། སྤྱོད་པ་ཅི་ལ་ཡང་མི་ཆགས། གང་ལ་ཡང་ཞེ་སྡང་བར་མི་བྱའོ། །དེ་ཡང་གཏེར་ལས། ཆགས་དང་སྡང་ཡུལ་ཇི་སྙེད་པ། །སྣང་ཡང་རང་བཞིན་བདག་མེད་པས། །མཆོད་དང་གཤེ་བ་ཅི་བྱུང་ཡང་། །དེ་ལ་འདོད། ཆགས་སྤྱོད་མི་བྱ། ལན་མི་ཞེ་སྡང་མི་བྱ་བ། ཀླན། །ཞེས་པའི་དོན་དང་མཐུན་པར་བྱའོ། །དེ་ལ་དོན་གྱི་རྗེས་སུ་སྤྱོད་པ་ནི། རྣལ་འབྱོར་ལ་གནས་པས་སྤྱོད་ལམ་རྣམ་བཞིར་ཅི་བྱེད་ཅི་སྤྱོད་ཀྱང་། མདོ་སྡེ་པར་སྒྱུ་མར་མཐོང་ནས་ཀུན་རྫོབ་ཏུ། སྤྱོད་པའང་དོར་བ་མེད་ཀྱང་། དེ་ལས་ཁྱད་པར་དུ་འདིར་མཉམ་པ་ལས་ལངས་ཀྱང་སྣང་བ་ནི་གང་ཡང་མི་འགོག །བདག་ལ་ཕྱིན་པའང་མེད་དེ། འོང་བའང་མ་འགགས་དུས་ནའང་གཉིས་མེད་ཀྱི་རིག་པ་རང་གསལ་བར་མཐོང་བས། དོན་དེ་དང་མི་འབྲལ་བར་བྱའོ། །འོན་ཀྱང་རྟོག་པ་ཅན་ལ་འགྲོ་བའང་མ་འགགས། བདག་ལ་ཕྱིན་པའང་མེད་དེ། འོང་བའང་མ་འགགས་འོངས་པ་མེད་དེ། ཅི་བྱེད་ཅི་སྤྱོད་ཀྱང་མི་དམིགས་མ་ཆགས་མ་བཙལ་བྱ་བ་མེད། རྟོག་འཛིན་མེད་པར་སྤྱོད་དོ། །ཆོས་བརྒྱད་ཀྱང་མགོ་མཉམ་དུ་སྤྱོད་དོ། །བརྒྱད་ཅུ་པ་ལས། རྣམ་པར་རྟོག་མེད་ཚུལ་གྱིས་ནི། །ཐམས་ཅད་ཀུན་ལ་ཆགས་མེད་རོལ། །ཞེས་པ་དང་། འགྲོ་ཉལ་འདུག་སྡོད་ལོངས་སྤྱོད་ཀྱང་། །གལ་ཆེན་སྒོམ་ལས་ཉམས་པ་མེད། །ཅེས་པ་དང་། དེ་ཉིད་ལས། གོས་རྒྱན་བཟའ་བཏུང་གླུ་དང་ཚིག །བྲོ་གར་ཚོགས་ཀྱི་སྤྲིན་ཕུང་ལ། །ཧཱུྃ་དུ་ཤེས་པས་རབ་སྤྱད་ན། །ངོ་མཚར་འབྱུང་བའི་དཀྱིལ་འཁོར་མཉེས། །ཞེས་འབྱུང་། ལེ་ལག་ལས། རྣལ་འབྱོར་ཆེན་པོའི་སྤྱོད་པ་ནི། །ཐམས་ཅད་ཀུན་ལ་དབྱེར་མེད་སྤྱོད། །བདེ་བའི་རོ་མཆོག་མྱོང་འགྱུར་ཏེ། །དེ་ལ་སུ་ཡིས་ཆགས་པར་བྱེད། །སྤྱོད་བཞིན་མ་ཆགས་ཡེ་ཤེས་ཡིན། །བདེ་བ་མཆོག་སྦྱིན་བསོད་ནམས་ཚོགས། །དེ་ལྟ་བུ་ཡི་ངང་དུ་སྤྱོད། །ཅེས་གསུངས་སོ། །ལུང་ལས། སྣང་སྲིད་མཚན་མའི་རྫས་རྣམས་ཀུན། །མ་རིག་རྨོངས་པའི་བློ་རྣམས་ཀྱིས། །སྟོང་པ་ཉིད་དུ་སྣང་བ་དེ། །ཐབས་ལ་མཁས་པའི་རྣལ་འབྱོར་པས། །རང་བཞིན་མེད་པར་འདྲིས་པར་སྤྱོད། །ཅེས་འབྱུང་། ཀུན་འདུས་ལས། མི་དམིགས་པ་ལས་ནམ་མཁར་སྤྱོད། །དེ་ལྟར་སྤྱོད་པ་ཀུན་སྤྱོད་ཀྱང་། །དམ་པའི་དོན་དེ་སྤྱོད་མཆོག་ཉིད། །ཅེས་འབྱུང་། ཀུན་འདུས་ལས། དཔེར་ན་རྨི་ལམ་རང་བཞིན་ནི། །སྐྱེས་བུ་གཉིས་ཀྱི་དབང་གྱུར་ན། །ཐང་ཅིག་སྐད་ཅིག་ཡུད་ཙམ་དང་། །ལོ་ལ་སྩོགས་པ་དེ་བཞིན་དུ། །བདེ་དང་སྡུག་བསྔལ་དེ་བཞིན་མྱོང་། །སངས་ནས་ཅི་ཡང་མི་དམིགས་ལྟར། །དེ་བཞིན་སྔགས་ཀྱི་སྤྱོད་པ་ཡང་། །སྟོང་པ་ཉིད་ཀྱི་རང་བཞིན་ལས། །སྤྱོད་པའི་རྣམ་པ་ཅིར་ཡང་སྣང་། །བརྟགས་ན་དམིགས་པ་ཀུན་དང་བྲལ། །ཞེས་འབྱུང་། སྤྱོད་པ་དེའི་ཡོན་ཏན་ཡང་། བརྒྱད་ཅུ་པ་ལས། བྱ་བྱེད་མེད་པའི་བརྩོན་འགྲུས་ཀྱིས། །དེས་ནི་བྱང་ཆུབ་སྙིང་པོ་ལེན། །ཅེས་པ་དང་། ཡང་། བྱ་བྱེད་ལས་འཕགས་གྱིན་ངར་འདུག་བྱེད་པ་དང་། གང་ཞིག་བློ་ལ་སྤྱོད་པས་བྱང་ཆུབ་འཐོབ། ཅེས་གསུངས་པས། དོན་འདི་ལ་གནས་པ་ལ། ཆེད་དུ་བཅོས་རྩོལ་ཡང་བྱར་མེད་ལ། སྤྱོད་པ་གང་ཡང་བོར་བ་དང་སྤང་བ་གང་ཡང་མེད་དེ་སྤྱོད་བཞིན་མི་འཛིན་ན། ཇི་ལྟར་བྱས་ཀྱང་དོན་གྱི་ཀློང་ལས་མ་ཉམས་པས། དེས་བྱང་ཆུབ་ཀྱི་སྙིང་པོ་གདོན་མི་ཟ་བར་གསུངས་སོ། །མཐུན་འཇུག་འཚམས་པའི་སྤྱོད་པ་ནི། ཇི་ལྟར་སྤྱད་ཅེ་ན། བསམ་པ་ལ་མི་སྒྲིབ་ན་འགྲོ་དོན་གྱི་སྤྱོད་པ་གང་ཡང་མི་དོར་བར་སྤྱད་དེ། ཞགས་པ་ལས། རྣམ་གཅིག་ཏུ་སེམས་ཅན་དམྱལ་བ་ལ་སོགས་པའི་སྤྱོད་པའང་མི་བཀོལ། ཞེས་འབྱུང་། ཉན་ཐོས་དང་ལྟ་ཅི་སྨོས་ཅི་ཐམས་ཅད་མ་ལ་སུན་དབྱུང་ཞིང་ལྷག་པར་སྤྱོད་པར་མི་བྱའོ། །ཞེས་གསུངས་ཏེ། ཆོས་སྤྱོད་དང་། རྣམ་པར་དཀར་ནག་གི་སྤྱོད་པ་གང་ལ་ཡང་། བདག་ལ་དེས་བསྟང་བ་དང་། རེ་བ་མེད་ཀྱང་། འགྲོ་དོན་དུ་ཅི་འགྲུབ་ཏུ་སྤྱད་པ་དང་། འཕྲལ་གྱི་འདུ་སྤྱོད་ཀྱང་། སྤྲེའུ་དང་རྨ་བྱ་ལ་སོགས་པ་ལྟར་དཀྱུ་ཞིང་འགྲེ་རྒྱུག་དང་གར་ལོག་དང་གིར་ལོག་དང་མ་རབས་ཐུར་དུ་བུའི་སྤྱོད་པ་མི་བྱ་སྟེ། ཤིན་ཏུ་བག་དང་ལྡན་ན་འགྲོ་བ་ཡོངས་ཀྱི་བསམ་པ་དང་མཐུན་པས་ཁ་ན་མ་ཐོ་བ་མི་འབྱུང་བ་དང་། ངག་ཀྱང་འགྲོ་དོན་དུ་བཟླས་པ་དང་། གདམ་ངག་འདོན་བཤད་དང་། ཆོས་ཉིད་པས་ཅི་ཡང་མི་སྨྲ་བའམ། སྨྲ་བ་ཉུང་བ་ཐམས་ཅད་ལ་གོ་མཇལ་ཆེ་བ། བརྗོད་པ་ངེས་པར་བྱས་པ་ལས། ནེ་ཙོ་དང་འབྱུང་པོས་བཏབ་པ་ལྟར་ག་ཞ་དང་། ལོང་མོ་གཏམ་དང་། འཆལ་བག་གང་ཡང་མི་བྱའོ། །ཡིད་ཀྱིས་ཀྱང་དུས་ཐམས་ཅད་དུ་དོན་ཆེན་པོ་དང་མི་འབྲལ་བར་བྱ་བ་ལས་མ་གཏོགས་པ། ཆགས་སྡང་དང་རེ་དོགས་དང་ལོག་ལྟ་ཅི་ཡང་མི་བསམ་སྟེ། དེས་པ་འཇམ་པ་ཐམས་ཅད་ལ་བུ་བཞིན་དུ་སེམས་པ་རྒྱུད་ཞི་བར་བྱའོ། །འོ་ན་སྤྱོད་ལམ་གྱི་སྐྱོན་ཇི་ལྟ་བུ་ཡིན་ཞེ་ན། བར་འགའ་ལངས་པའི་ཚེ་སྒོ་གསུམ་སྔ་མ་བཞིན་སྤྱོད་ནའང་སྐྱོན་ན། དེར་མ་ཟད་འདུག་པའི་ཚེ་མཐོ་བར་འབྱུང་། དོན་ཡིད་ལ་མི་བྱེད་པར། གྲོང་ཡུལ་ན་སེམས་ཅན་པ་ཁ་ཚེ་རྒྱུས་ཡན་ཆད་ལྟ་ཞིང་ཡི་ཚེ་བྱེའུ་ཁྲ་ཆུང་ཚོལ་བ་ལྟར། བྱ་ར་འབའ་ཞིག་བྱེད་པ་དེ་ནི། མཚན་མ་བྱ་ར་སྒོམ་ཞེས་བྱའོ། །ཉལ་བའི་ཚེ་དོན་མ་བསྒོམ་པར་སེམས་མཚན་མའི་ཡུལ་སྣ་ཚོགས་པ་གཏོང་བ་དང་། དྲན་པ་བྱེད་པ་ནི། དུར་ཁྲོད་ཝ་མོ་སྒོམ་ཞེས་བྱའོ། །ཡང་སྡོད་པའི་ཚེ་བསམ་པའི་ཡུལ་བྲལ་ནས་བློ་བྱིང་བ་དང་གཉིད་དབང་དུ་བཏང་ནས། ལུས་པོ་ལས་མ་ཉམས་པར་འདུག་པ་ནི། གླང་གཉིད་ཐོ་ཡོར་བསྒོམ་ཞེས་བྱ་སྟེ་དོན་མེད་དོ། །བར་འགའ་གཡོག་གམ་བསམ་གཏན་གྱི་གྲོགས་དང་འདུ་བའི་ཚེ། དོན་ཕྱལ་བར་བཏང་ནས། ལོང་མོ་གཏམ་དང་། མ་རབས་ཀྱི་ལོ་རྒྱུས་དང་འཕྲན་ཚེགས་ཀྱི་ངག་འཁྱལ་བ་ཡན་ཆད་བརྗོད་པ་ནི། འཆལ་རྒོད་གྲོལ་བ་བསྒོམ་ཞེས་བྱའོ། །བར་འགའ་བཟའ་བཏུང་གི་ཚེ་མི་དམིགས་པའི་ལོངས་སྤྱོད་ཡལ་བར་བཏང་། ཁ་ཟས་སྤོང་ལེན་དང་ཞེན་ཆགས་བྱེད་པ་ནི། བསྐམ་ཆགས་ཡི་དྭགས་བསྒོམ་ཞེས་བྱའོ། །འགྲོ་བའི་ཚེ་གོམས་པ་འཇམ་པ་དོན་ལ་མ་ཉམས་པ་བྱ་རྒྱུ་ལས་མཆོངས་རྒྱུག་བྱེད་ཅིང་འགྲོ་བ་ནི། དོན་མེད་སྣེ་ཕྲུག་བསྒོམ་ཞེས་བྱའོ། །གནས་ན་འཇུག་པའི་ཚེ་དོན་ཆེན་པོ་ཞོར་དུ་བྱས་ཏེ། རྫས་ཕྲན་ཚེགས་སྐྱེལ་བའི་ཡོན་བདག་ལ་བྱིན་རླབས་ཆེན་པོས་མི་སྟོང་པར། ཐ་ན་རི་རྦད་ཡན་ཆད་བཏུས་ནས་བསྐུར་བ་ནི། ཉེ་དུ་ཁ་ལན་སྒོམ་ཞེས་བྱའོ། །གཞན་ཡང་དར་པོ་ཁེངས་གྲགས་དང་། རང་གི་འདོད་པའི་བསྐོར་ཐབས་བསྒྲུབ་པའི་སེམས་ཀྱི་ཞུགས། དམ་བཅས་ནས་དོན་དང་ནི་མ་ཕྲད། སླར་འགྲོ་དབང་ནི་མེད། བྱུང་ན་ནི་དགའ་བའི་སེམས་གཉའ་མེད་བཙོན་བུ་བསྒོམ་ཞེས་བྱའོ། །དེར་མ་ཟད་སྒོམ་ཁང་ན་བསམ་གཏན་མི་བྱེད་པར་གྲོང་ཡུལ་གྱི་ཕུད་སྡུད་དེ། གྲོང་ཆོག་གནས་ན་མཛད་ཅིང་འགམ་པ་ནི། དོན་མེད་གོ་ཕག་བསྒོམ་ཞེས་བྱ་སྟེ། གླང་རྭ་རྙོག་ཚད་བྱས་པ་ལྟར་སླར་ལུས་མི་ཐུབ་ཅིང་སྐྱེ་བོའི་འཆལ་བག་ཏུ་གྱུར་པས། དེ་དག་ལ་གནས་པར་མི་བྱ་སྟེ། ཁམས་བསངས་པ་ཙམ་བྱེད་ཀྱང་དེ་ལ་རྗེས་སུ་ལོང་མི་འདགས་སོ། །གཡུལ་སྤྲས་ལས། མཚན་མ་ཚིག་གི་རྣལ་འབྱོར་པ། །ཚིག་ལ་ཞིབ་ཅིང་དོན་ལ་རྩིང་། །ཡང་དག་དོན་དང་མ་འབྱོར་པས། །འདུག་ན་མཚན་མའི་བྱ་ར་བྱེད། །འགྲོ་ཚེ་མ་རབས་མཆོང་ཞིང་རྒྱུག །ཉལ་ན་མཚན་མའི་བསམ་སྤྱོད་གཏོང་། །འདུག་ཚེ་གཉིད་དང་བྱིང་དབང་གཏོང་། །ཟ་ན་སྐམ་ཆགས་དབང་གིས་སྤྱོད། །འཚོགས་ན་གཞན་ལ་བྲེ་མོའི་གཏམ། །སྒོམ་ཁང་ནང་ན་འགྲོ་དོན་མཛད། །རྫས་ཀྱི་ཁ་ལན་ཡོན་སེམས་པ། །བཞེད་པ་མཐོ་རིས་བྱང་ཆུབ་བཞེད། གཤེགས་པ་འཁོར་བའི་གནས་སུ་གཤེགས། །མོས་པ་ཙམ་གྱི་ཡོན་ཏན་གྱིས། །ལན་ཅིག་དེ་ལས་ཐར་པ་སྲིད། །ཚུལ་འཆོས་ཅན་གྱི་སྒོམ་པར་བྱེད། །ཅེས་གསུངས་ཏེ། དུས་དེང་སང་མི་སྒོམ་པ་དག་ནི་སྤྱོད་པ་དེ་དག་ཆེད་དུ་བྱེད་པའང་མང་ལ། བསྲུང་ཡང་མི་ཐུབ་ཤ་དག་གོ། །འོན་ཀྱང་དེ་དག་གི་དབང་དུ་མ་སོང་བར། གཞུང་དུ་བསྒྲུབས་ན་གྲུབ་པའི་ཐག་ཀྱང་ཤིན་ཏུ་ཉེ་བར་བཀའ་གཞུང་དུ་མ་ལས་ཀྱང་འབྱུང་སྟེ། སྤྱོད་པ་ཁོ་ན་གཙོར་བྱའོ། །རྣལ་འབྱོར་ཆེན་པོའི་ལུགས་ཀྱིས། ཚོགས་རྣམ་གཉིས་མ་བསགས་པར་རེ་བར་བྱེད་དམ་མི་བྱེད་ཞེ་ན། ཚོགས་ལ་མི་རེ་སྟེ། ཅི་སྟེ་ཞེ་ན། སྨོན་པ་དག་རྒྱུ་ལ་སྤྱད་པས་རྣམ་པར་སྨིན་པས་འབྲས་བུ་སྐུ་གསུམ་གྲུབ་པར་འདོད་པ་ནི་འདིར་གོལ་ཏེ་མ་ཡིན་ནོ། །འདིར་རང་རིག་པ་དེ་བཞིན་ཉིད་པས། ཕུང་པོ་ཁམས་སྐྱེ་མཆེད་ཡེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ། ལམ་པས་སྒོམ་པའི་དུས་ནའང་དེ་བཞིན་ཉིད་ཀྱི་ངང་ལས་བློ་ཆེ་ཆུང་གིས། སྐུ་ཕྱག་རྒྱར་བསྐྱེད་དེ་བསྒོམ་པའི་བསོད་ནམས་དང་། དེ་ཉིད་ཡེ་ཤེས་སུ་གསལ་བ་ཡེ་ཤེས་ཀྱི་ཚོགས་སོ། །འོན་ཏང་གཉིས་མེད་དུ་བསྒོམ་པའི་རིག་པ་ཉིད་ལ་ཚོགས་གཉིས་རྫོགས་པས་ལས་དང་བྱ་བ་བསགས་ཀྱང་མི་དགོས་ལ། སྐུ་གསུམ་བདག་ཉིད་ལས་གཞན་ལ་རེ་བ་ཡང་མི་འཇོག་གོ། །དེ་ཡང་རིན་པོ་ཆེའི་སྒྲོམ་ལས། དཔེ་བྱད་མཚན་གྱི་ཏིང་འཛིན་དབང་ཐོབ་ན། །བསོད་ནམས་ཚོགས་ཆེན་རྒྱལ་བས་གཟུགས་ཀྱི་སྐུ། །ཤེས་རབ་མཆོག་གི་ལོག་རྟོག་སེམས་བྱང་ནས། །ཡེ་ཤེས་ཚོགས་ཆེན་རྒྱལ་བ་ཆོས་ཀྱི་སྐུ། །རྣམ་སྨིན་ཚུལ་གྱིས་གྲུབ་པར་མི་ལྟ་ཞིང་། །ཡེ་ཤེས་གཞན་ནས་ཐོབ་པར་མི་བྱེད་དོ། །ཞེས་གསུངས་པ་དང་། རྡོ་རྗེ་བཀོད་པ་ལས། ཡེ་ཤེས་མཆོག་ལྡན་མཉམ་ཉིད་སྐུ། །ཏིང་འཛིན་མཆོག་ལྡན་བླ་མའི་དབང་། །དགེ་བསགས་མཆོག་ལྡན་ལུས་སྤྱོད་ཅིང་། །བསོད་ནམས་མཆོག་ལྡན་གཟུགས་ཀྱི་སྐུ། །རྣམ་སྨིན་ཚུལ་གྱི་གྲུབ་མི་ལྟ། །བཙལ་ནས་ཐོབ་པར་མི་བྱེད་དེ། །རྒྱུ་ཡི་དུས་ཉིད་འབྲས་བུའི་མཆོག །ཅེས་འབྱུང་། བརྒྱད་ཅུ་པ་ལས། ལྷ་ཡི་དེ་ཉིད་གསལ་བསྒོམས་ན། །བསོད་ནམས་ཚོགས་ཆེན་ཐོབ་པར་འགྱུར། །དེ་ཉིད་ཆུ་ཟླ་ལྟར་ཤེས་ན། །ཡེ་ཤེས་ཚོགས་ཆེན་ཐོབ་པར་འགྱུར། །ཞེས་འབྱུང་བས། འབྲས་བུ་ཉིད་དུ་བཞུགས་ཉིད་ལ་གོམས་པར་བྱེད་ཀྱང་། ལོག་ནས་རེ་བ་ཡེ་ནས་བྲལ་ལོ། །འོ་ན་སྒྲིབ་པ་ཚུལ་ཇི་ལྟར་འདག་ཞེ་ན། དཔེར་ན་གསེར་འགྱུར་གྱི་རྩི་དང་། མུན་པ་དང་སྣང་བ་འདྲའོ། །སྒྲིབ་པའི་ཕུང་པོ་ཇི་སྙེད་པ་ཡང་། དཔེར་ན་མར་མེ་རླུང་གིས་མ་བསྐྱོད་ན། དུ་བ་ཇེ་མེད་འོད་ཇེ་གསལ་དུ་འགྲོ་བ་ལྟར། འདིར་རང་རིག་པ་དེ་བཞིན་ཉིད། བྱ་བྱེད་ཀྱི་རྩོལ་སྒོམ་པ་ལ། བས་མ་བསླད་ན། སྒྲིབ་པ་ཤུགས་ཀྱིས་ཇེ་ཆུང་ཇེ་གསལ་དུ་འགྱུར་ཏེ་རང་ཞིའོ། །དེ་ཡང་འཛིན་པའི་རྟོག་པ་བྲལ་བས་ཉོན་མོངས་སྒྲིབ་པ་དག་ལ། གཟུང་བའི་རྟོག་པ་མེད་པས་ཤེས་བྱ་དག །གཉིས་སུ་མེད་པས་ལྟ་བའི་སྒྲིབ་པ་དག་གོ། །འོ་ན་དེ་དག་སྤངས་ནས་དག་གམ་ཞེ་ན། ལན་གསོལ་བ། སྒྲིབ་པ་ཆེད་དུ་མ་སྤངས་རང་དག་པ་ལ་མིང་དུ་སྤངས་ཞེས་བྱ་རུ་ཟད་ཀྱི། སྤང་ཞིང་བཀོལ་བ་མེད་དོ། །དེའི་ཚུལ་ནི་ལྕགས་ཟངས་སྟོང་གསེར་འགྱུར་རྩི་ཐིགས་པ་གཅིག་གིས་གསེར་དུ་འགྱུར་ཙ་ན། ལྕགས་ཟངས་ཀྱི་ངོ་བོ་མེད་པ་དང་། དུག་ཧ་ལ་ཧ་ལ་བུམ་པ་གང་གི་ནང་དུ། སྨན་ནད་མེད་ཐིག་པ་གཅིག་གིས་སྨན་དུ་གྱུར་པ་ལ་ནད་མེད་པ་དང་། མུན་པ་ལོ་སྟོང་མ་སྤངས་བཞིན། ལོན་པ་ལ་སྣང་བ་གཅིག་གིས་མ་གསལ་དག་པ་ལ་མུན་པ་མེད་པ་དང་འདྲའོ། །དེ་བས་ན་དེ་ཉིད་ཡེ་ཤེས་སུ་ཤར་བས་རིམ་གྱིས་སྤངས་པ་ཞེས་བྱའོ། །སྙིང་པོ་ལས། མུན་ལས་སྣང་བྱུང་ཇི་བཞིན་དུ། །འགྱུར་བས་གསེར་འགྱུར་སྨན་གྱི་ཚུལ། །ཞེས་དང་། བརྒྱད་ཅུ་པ་ལས། དཀར་པོ་ཚོན་གྱི་མདོག་བསྒྱུར་བཞིན། །དུག་ཀྱང་སྨན་དུ་འགྱུར་བ་དང་། །དེ་བཞིན་དུག་གསུམ་བྱང་ཆུབ་སྟེ། །འགྲོ་ལྔ་བྱང་ཆུབ་ལམ་དུ་སྦྱོར། །ཞེས་འབྱུང་། ཞགས་པ་ལས། སྒྲིབ་པ་རིམ་གྱིས་སྤངས་དུ་མེད་དེ་ཐམས་ཅད་མཁྱེན་པའི་གོ་འཕང་ལ་དུས་གཅིག་ཏུ་སྦྱོར་རོ། །ཞེས་འབྱུང་། ཡོན་ཏན་བཅུ་ལས། མ་ཧཱ་ཡོ་གའི་སྒྲིབ་པ་ནི། །ཕྱི་ཡི་ཡུལ་དང་ནང་གི་སེམས། །ཐམས་ཅད་མཉམ་པ་ཉིད་དུ་གནས། །འདི་ལ་སྒྲིབ་དང་མི་སྒྲིབ་ཅེས། །མཉམ་པའི་རྒྱལ་པོས་ཡོངས་མ་གསུངས། །ཞེས་འབྱུང་བས། བསྒྲིབ་བྱ་སྒྲིབ་བྱེད་མེད་པར་རྟོག་པས་རང་དག་གོ། །རྡོ་རྗེ་བཀོད་པ་ལས། དེ་ལྟར་ཤེས་པའི་མཐུ་ཡིས་ནི། །བག་ཆགས་མུན་པ་ཀུན་བསལ་ཏེ། །ཇི་ལྟར་རླུང་གི་སྤྲིན་ཆགས་ལྟར། །སྒྲིབ་པའི་ཕུང་པོ་ཆགས་པར་འགྱུར། །ཇི་ལྟར་མར་མེས་མུན་བསལ་ན། །མུན་ཉིད་སྣང་བར་གྱུར་པ་བཞིན། །སྐད་ཅིག་མ་ཡི་དོན་རིག་པས། །སྔོན་ནས་བསགས་པའི་མུན་པ་སེལ། །ཞེས་འབྱུང་ངོ་། །དེ་ལ་ཡང་རང་གི་ངོ་བོ་འདོར་བ་དང་། ཞེན་པ་འདོར་བ་གཉིས་ལས། མཐར་ཐུག་ཙམ་ལ་ལམ་གྱི་ཆོས་རྣམས་དང་། སོ་སོར་རྟོགས་པའི་ཤེས་རབ་ཉིད་ཀྱང་བྲལ་ཏེ། དེ་ཉིད་ལས། ཐབས་སམ་ཐེག་པའི་བྱེ་བྲག་རྣམས། །ཆུ་བོ་བསྒྲལ་བའི་གྲུ་བཞིན་འདོར། །རྩོལ་བ་མེད་པ་ཙམ་ལས་ཐ་སྙད་བཏགས་ཀྱི། ཞེས་གསུངས་པས། དཔེར་ན་ཤིང་གཉིས་འདྲུད་པས་གཉིས་ཀའི་ཚིགས་པ་བཞིན། སྒྲིབ་དང་སོ་སོར་རྟོགས་པའི་ཤེས་རབ་གཉིས་ཀ་རང་འདག་གོ། །འོ་ན་དེ་ལྟར་རྟོགས་པ་མ་སྤངས་ཡེ་ཤེས་གསལ་བ་དེ་ལྟ་བུའི་འབྲས་བུ་གྲུབ་པའི་ཚུལ་ཇི་ལྟ་ཞེ་ན། དེ་ནི་སྒྲིབ་པ་དག་ན་དངོས་གྲུབ་རང་ལ་འཆར་ཏེ། དཔེར་ན། རྒྱ་མཚོ་ཆེན་པོ་རྙོག་མ་སངས་ན་ཉི་ཟླའི་གཟུགས་བརྙན་འཆར་བ་རྩོལ་མི་དགོས་པ་དང་འདྲ་བར་འགྱུར་རོ། །རིག་པའི་རྒྱ་མཚོ་ཆེན་པོ་རང་དྭངས་ན་སྐུ་དང་ཡེ་ཤེས་མ་བཙལ་ངང་ལས་འཆར་རོ། །རྡོ་རྗེ་བཀོད་པ་ལས། སེམས་ཀྱི་ཆུ་གསལ་ནམ་མཁའ་ལ། །ཉོན་མོངས་སྤྲིན་གྱི་རྙོག་མེད་ན། །དངོས་གྲུབ་ཉི་ཟླ་སྐར་འཚོགས་བཀྲམ། །སྒྲིབ་མེད་བྱིན་རླབས་ངང་གིས་འཆར། །ཞེས་པ་དང་། ཡང་དེ་ཉིད་ལས། དངོས་གྲུབ་ཆེན་པོ་སེམས་ཉིད་དེ། །ཡིད་བཞིན་འབྱུང་བ་རིན་པོ་ཆེ། །ཇི་ལྟར་དམིགས་ཤིང་བསྒྱུར་དཀའ་འགྲུབ། །སྒྲུབ་པོའི་དོན་ཆེན་ཐམས་ཅད་རྫོགས། །སེམས་ཀྱིས་སེམས་ཀྱི་ཚུལ་མཐོང་ན། །དངོས་གྲུབ་ཅེས་ཏེ་ག་ལས་འོངས། །གང་གི་རྩོལ་ཏེ་གང་གིས་བླང་། །རྩོལ་དང་རྩོལ་ལྷ་དང་ནོར་བའི་མི་གཉི་ག །བར་བྱེད་མི་དམིགས། །དཔེར་ན་ཆུ་དང་མེ་ལོང་དང་། །མཁའ་དང་རལ་གྲི་ཤེལ་ལ་སོགས། །གསལ་བར་བྱེད་པའི་རང་བཞིན་ལ། །རྙོག་མེད་ལས་སོགས་བལྟས་གསལ་བ། །ཆུ་ལ་སོགས་པའི་རང་བཞིན་ཡིན། །དེ་ལ་ངོ་མཚར་ཆེ་མི་འགྱུར། །ཞེས་འབྱུང་ངོ་། །དེ་ཉིད་ལས། ཐམས་ཅད་མི་གནས་བྱང་ཆུབ་པས། །བཙལ་ནས་འགྲུབ་པ་མ་ཡིན་ཞིང་། །སྒྱུ་མ་བསངས་ནས་འཁྲུལ་བྲལ་བཞིན། །སྤྲོས་བྲལ་ཡེ་ཤེས་སྙིང་པོར་གནས། །ཞེས་འབྱུང་། བརྒྱད་ཅུ་པ་ལས། མ་བཅོས་ཇི་བཞིན་ངང་བཞག་དང་། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་འབྱུང་། །ཞེས་པ་དང་། ཡེ་ཤེས་ཐིག་ལེ་དེ་ཉིད་ལས། །ཡེ་ཤེས་ཐིག་ལེ་གཉིས་སྣང་བ། །བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག །ཅེས་པ་དང་། རིན་པོ་ཆེ་སྒྲོལ་མ་ལས། བདག་ཉིད་ཆོས་སྐུ་བྱང་ཆུབ་སྙིང་པོ་ལས། །གཞན་ནས་བཙལ་ཞིང་ཐོབ་པ་མ་ཡིན་ཡང་། །རྨི་ལམ་སད་ནས་གཟུགས་དང་བྲལ་བ་བཞིན། །སྒྲིབ་སྤངས་བྱང་ཆུབ་ཐོབ་ཅེས་རྒྱལ་བས་གསུངས། །ཞེས་འབྱུང་སྟེ། དོན་དུ་རང་གི་རང་མངོན་སུམ་དུ་འགྱུར། རང་རིག་པ་དེ་བཞིན་ཉིད་དུ་སོན་པ་ཉིད་སངས་རྒྱས་འབྲས་བུ་ཐོབ་ཅེས་བྱ་སྟེ། དེ་ཡང་རེ་ཞིག་རྟོག་པ་དང་བསྒྲུབ་པའི་ངོ་བོར་བསྟན་གྱི། དོན་དུ་བདག་ཉིད་དུ་གྱུར་པ་ལ་ཐོབ་པ་མེད་དེ་ཞེན་པ་དག་པ་ཙམ་མོ། །འོན་ཏང་འབྲས་བུ་དེ་ལྟར་ཐོབ་པའི་དུས་ཇི་ཙམ་དུ་འགྲུབ་ཅེ་ན། ཐེག་པ་དམན་པ་དག་རྣམ་པར་སྨིན་པའི་དུས་འདི་དང་། ཕྱི་མ་དང་། ལན་གྲངས་གཞན་དང་། སྨིན་པར་མ་ངེས་ལ་སོགས་པ་དང་། བསྐལ་པ་གྲངས་མེད་པ་གསུམ་ན་འགྲུབ་པ་དང་། བྱ་བ་རྫོགས་པའི་སྐད་ཅིག་མ་ལ་སོགས་པ་ལས་འཛོམས་པ་དང་། ཁྱད་པར་དུ་ཡང་ལས་ཁོ་ན་ལ་རག་ལུས་པར་སྨྲ་སྟེ། དེ་ནི་ཤིན་ཏུ་ཐག་རིང་ངོ་། །འདིར་བདག་ཉིད་མདོ་སྡེ་པ་ལྟར་རྒྱུ་མཚན་ཙམ་མ་ཡིན། ལྷུན་གྱིས་རྫོགས་པར་འབྲས་བུ་ཡེ་ནས་གནས་པ་ལས། བརྩོན་པ་རབ་ཀྱི་འགྲུབ་ན་དུས་ཕྱི་མ་ལ་རག་མ་ལུས་ཏེ། དཔེར་ན། ས་གཞི་ཤང་ལ་གཤིན་པ་ལ། ས་བོན་ཤང་ལ་སྐྱོན་མེད་པ་བཙལ་ན། འབྲས་བུ་མྱུར་ལ་མང་བ་དང་འདྲ་སྟེ། ཚེ་འདི་ཉིད་ཀྱིས་སྦྱོར་རོ། །རྡོ་རྗེ་བཀོད་པ་ལས། དེ་བས་མཉམ་པའི་དོན་དེ་ལ། །བཏུད་དེ་ཅིག་ཅར་འཇུག་ཤེས་ན། །སྒོམ་པའི་ཡུན་ནི་རིང་ཐུང་དང་། །ལས་འཕྲོ་ཡོད་དང་མེད་པ་དང་། །ནམ་གྲུབ་སྙམ་པའི་ཁར་མ་ལུས། །མཉམ་པའི་དོན་ལ་མཉམ་བཞག་ན། །དེ་མ་ཐག་ཏུ་རིག་པ་འཆར། །ཞེས་འབྱུང་། བྱི་མ་ལས་ཀློང་འགྲེལ་ལས། ལས་འཕྲོ་ཡོད་ཅེས་བསྟན་པ་ལ། །གསར་བུའི་གང་ཟག་ཐེ་ཚོམ་ཟ། །འོག་མ་ཀུན་དང་ཆ་འདྲ་སྙམ། །འོག་མ་ཕྱིས་ནས་གྲུབ་ལྟ་དང་། །འདི་ན་དེ་ལ་བརྩོན་བྱེད་པ། །ལས་འཕྲོ་མེད་ཀྱང་གྲུབ་ཅེས་གསུངས། །ཞེས་འབྱུང་ངོ་། །འོ་ན་དུས་འདི་ཉིད་ལ་འགྲུབ་པའི་ཚུལ་ཇི་ལྟ་བུ་ཞེ་ན། འདིར་དོན་མ་ནོར་བ་ལ་ཞུགས་པས་ཕུང་པོའི་ཟག་པ་ཡང་ཟད་ནས། ད་ལྟར་གྱི་རྣམ་པར་སྨིན་པ་ལྷག་མའི་ལུས་འདིས་ཚེ་ལ་དབང་བའི་རིག་འཛིན་འགྲུབ། དེས་ལོ་སྟོང་དྲུག་བརྒྱ་ལ་སོགས་པ་ཚུན་ཆད་དུ་སྣུར་ཞིང་བསྒྲུབས་པས་ཡང་དག་པར་རྫོགས་པའི་ས་ལ་ལུས་འདི་མ་བྲལ་བར་འགྲོ་བའི་ཕྱིར་ཚེ་འདིས་འགྲུབ་ཅེས་གསུངས་སོ། །དེ་ཡང་ཞུས་ལན་ལས། སངས་རྒྱས་ཚེ་གཅིག་གིས་འགྲུབ་པའི་དོན་ཇི་ལྟ་བུ་ལགས། ལྷག་མར་བཅས་པའི་ལུས་ཉིད་ཀྱིས། །ཚེ་ལ་དབང་བའི་རིག་འཛིན་འགྲུབ། །རིག་པ་འཛིན་པའི་ཚེ་ཉིད་ཀྱིས། །བླ་མེད་ཀུན་ཏུ་བཟང་པོར་འགྱུར། །ཞེས་པའི་ཕྱིར་འདིས་འགྲུབ་སྟེ། ལྔ་པ་མངོན་སུམ་པའི་ཚད་མ། སློབ་དཔོན་ཆེན་པོ་བྱི་མ་ལ་བོད་ཡུལ་དུ་འདའ་བའི་ཚུལ་བསྟན་ནས། རྒྱ་གར་ཡུལ་ན་མ་འདས་པར་བཞུགས་པ་དང་། པདྨ་འབྱུང་གནས་རྟིང་སྲིན་པོ་འདུལ་དུ་བཞུད་པ་ལ་སོགས་པ་རྒྱ་གར་གྱི་མཁས་པ་ལ་གྲངས་མེད་ན། མངའ་རིས་བོད་ཀྱི་རྒྱལ་ཁམས་སུ་ཡང་གྲངས་མེད་པར་རིག་འཛིན་དུ་གཤེགས་སོ། །ཇོ་བོ་གཉགས་ཛྙཱ་ན། ཞང་དྲུང་གིས་ཐུགས་དམ་ལྷ་དང་བཀའ་མོལ་པ་མཛད། ལོ་ཙཱ་བ་རྨ་རིན་ཆེན་མཆོག་རབ་སྣང་ལ་གཤེགས་སྤྱོད། ངན་ལམ་རྒྱལ་བ་མཆོག་དབྱངས་རྟ་མགྲིན་གྱི་དངོས་གྲུབ་བརྙེས། ཇོ་བོ་གནུབས། ནམ་མཁའི་སྙིང་པོ་མཁའ་འགྲོ་མས་བསུས་ནས་གཤེགས། མཁན་པོ་གཉན་དཔལ་དབྱངས་མཁའ་འགྲོ་མས་བསུས་ནས་གཤེགས། གྲངས་མེད་པ་བྱུང་། ཕྱིས་ཀྱང་འབྱུང་བར་བཤད། བཀའ་དང་མན་ངག་དུ་མ་ལས་གསུངས་པས། གདུང་འཚོབས་ཀྱི་སྐྱེས་བུ་འགའ་འབྱུང་སྲིད་པས་ཐེ་ཚོམ་ཟ་བར་མི་བྱའོ། །གལ་ཏེ་ཕུང་པོ་བོར་སྲིད་ནའང་དེ་ལ་ཐག་རིང་བར་མ་ལྟ་ཞིག །མྱ་ངན་ལས་འདས་པའི་ཚུལ་གཉིས་ནི་བཀའ་ཉིད་ལས་བཞུགས་པས། ཕུང་པོ་ལྷག་མ་མེད་པ་མྱ་ངན་ལས་འདས་ནའང་། ཁྱུང་དང་སེང་གེ་དཔེ་ལྟར་ལུས་ཀྱི་དྲྭ་གསང་སྔགས་ཀྱི་བཀའ་དུ་མ་ལས་འབྱུང་། བའམ་རྒྱ་མདུད་བྲལ་མ་ཐག་པ་ལ་རྣལ་འབྱོར་པས་གདོན་མི་ཟའོ། །དེས་ན་ཚེ་གཅིག་གི་འཁོར་བ་ཟད་པར་བྱ་བའི་ཐབས་ཁྱད་པར་ཅན་ལ་ཤིན་ཏུ་འབད་པར་རིགས་སོ། །རྣལ་འབྱོར་ཆེན་པོ་མ་ཧཱ་ཡོ་གའི་དཔེ་ཅི་འདྲ་ཞེ་ན། ཉི་མ་དང་འདྲ་སྟེ། དཔེར་ན་ཉི་མའི་འོད་ནམ་མཁའ་ལ་ཤར་བ་ལ། མུན་པ་མིང་མེད་དེ་ཐམས་ཅད་སྣང་བ་ཉི་ཚེའི་ངོ་བོར་གསལ་བ་དང་འདྲ་སྟེ། མ་ཧཱ་ཡོ་གའི་རང་རིག་པ་བྱང་ཆུབ་སེམས། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ནི་རིལ་རང་རིག་པ་ཡེ་ཤེས་མཐས་མ་རེག་པ་ཡེ་ནས་རང་གསལ་བ་ལ། ད་དབྲལ་དུ་བྱ་བའི་སྣང་མི་སྣང་གི་ཐ་སྙད་དང་ཡེ་ནས་བྲལ་ཉིད་སད་རིག་པ་དུས་གཅིག་དལ་བས། ལོ། །བརྒྱད་ཅུ་པ་ལས། ཉི་མ་ཤར་བའི་འོད་བཞིན་དུ། །སྣང་དང་མི་སྣང་གཉིས་ཀ་མེད། །ཅེས་གསུངས་སོ། །འོ་ན་གསང་སྔགས་ཀྱི་དེ་བཞིན་ཉིད་དང་སྟོན་མུན་ལ་ཁྱད་པར་མེད་དོ་ཞེས་མཆི། མདོ་སྔགས་ཀྱི་ཐེག་པ་དངོས་ཀྱང་ཐབས་མི་མཐུན་དུ་ཟད་ཀྱི། ཐེག་པ་ཆེན་པོར་འདྲ་མོད་ཅེས་རབས་ཅིག་མཆི་ན། འདི་ཇི་ལྟར་ལགས། ཞེས་དྲིས་པ་དང་། ལན་གསོལ་པ། དེ་ནི་བདེན་ཏེ་དུས་དེང་སང་གིས་མི་སྔགས་ཀྱི་གདེང་མ་ཆུད་པ་དང་། མདོ་སྡེ་ལ་ལྕེ་སྦྱངས་པའི་མུན་སྦྲུལ་གྱི་བློ་ཅན་ཁ་ཅིག་སྨྲ་སྟེ། དེ་ནི་ལག་སྦྲུལ་གྱི། འགྲོ་འོ་མ་འཐུང་བ་ལྟར་མཐོང་བའི་ནད་དུ་འགྱུར་རོ། །ཉོན་ཅིག་དེའི་དོན་རྒྱས་པར་བརྗོད་ཀྱིས་མི་ལང་ནའང་། མདོར་བརྡ་ཙམ་ཞིག་བསྟན་ཏེ། མདོ་སྔགས་ཀྱི་ཐེག་པ་ནི་ཤིན་ཏུ་ངེས་དོན་མ་ནོར་བ་ཐེག་པ་ཡང་ཆེན་པོ་ཡིན་པས་ཕྱིས་འབྱུང་བ་ལྔ་པར་འདས་པ། རྒྱལ་བ་མང་པོས་ལུང་བསྟན་ཏོ། །དབུ་མ་གཞུང་དམ་པ་ཉིད་ལས། གསང་སྔགས་ནི་ཉེ་ལམ་མོ། །ཞེས་བསྟན་པས། ཁྱད་པར་ཤིན་ཏུ་ཆེ་སྟེ། དེ་ཡང་རེ་ཞིག་འདིར་བཅུ་གཉིས་ཏེ། གང་ཞེ་ན། སེམས་བསྐྱེད་པའི་ཁྱད་པར་དང་། རྟོགས་པའི་སྟོབས་ཀྱི་ཁྱད་པར་དང་། ལྟ་བའི་ཁྱད་པར་དང་། མཉམ་པར་བཞག་པའི་ཏིང་ངེ་འཛིན་གྱི་ཁྱད་པར་དང་། སྤྱོད་པའི་ཁྱད་པར་དང་། རྣམ་རྟོག་སྐྱོན་བྱུང་ན་སེམས་བཅོས་པའི་ཁྱད་པར་དང་། ཚོགས་བསོག་པའི་ཁྱད་པར་དང་། སྒྲིབ་པ་སྦྱོང་བའི་ཁྱད་པར་དང་། འགྲོ་དོན་སྤྱོད་པའི་ཁྱད་པར་དང་། འཇུག་ལུགས་ཀྱི་ཁྱད་པར་དང་། གྲུབ་པའི་འབྲས་བུའི་ཁྱད་པར་དང་། དེས་མཛད་པའི་ཕྲིན་ལས་ཀྱི་ཁྱད་པར་རོ། །དེ་ལ་སེམས་བསྐྱེད་པའི་ཁྱད་པར་ནི། དབུ་མ་དང་པོ་ནས་སེམས་རེས་མོས་བསྐྱེད་དེ། ཀུན་རྫོབ་ཏུ་སྙིང་རྗེ་ཆེན་པོ་བསྒོམ་པ་དང་། དོན་དམ་པར་མ་སྐྱེད་པར་བསྐྱེད་དོ། །འདིར་དང་པོ་ནས་གཉིས་སུ་མེད་པའི་བྱང་ཆུབ་སེམས་ཉིད་ལ་སེམས་བསྐྱེད་དེ། གསང་བའི་སྙིང་པོ་ལས། ཡེ་ནས་གཉིས་སུ་མེད་པའི་སངས་རྒྱས་པའི་སེམས་ཡེ་ཤེས་སུ་བསྐྱེད་པ་འདི་གསུངས་སོ། །ཞེས་འབྱུང་། ལྔ་དྲིས་ལན། བཅུ་པ་ལས། དབུ་མ་ཆེན་པོར་སེམས་བསྐྱེད་པ། །བདེན་གཉིས་སོ་སོར་སེམས་བསྐྱེད་བྱེད། །ཐབས་ཆེན་གསང་བའི་ངེས་དོན་ནི། །གཉིས་མེད་བྱང་ཆུབ་སེམས་བསྐྱེད་པས། །སེང་ཕྲུག་དཔེ་བཞིན་ཟིལ་གནོན་པ། །གཉིས་སུ་མེད་པའི་སྟོབས་ལས་བྱུང་། །ཞེས་འབྱུང་ངོ་། །མེ་ལས་ཀྱི། ལོང་ལས། སེང་གེའི་ཕྲུ་གུ་དེས་ནི་གར་ཁྱབ་པར། །གང་དག་མི་བཟོད་ཐམས་ཅད་འབྲོས་པར་འགྱུར། །སྙིང་པོ་དོན་ལ་རེག་པའི་མཐུ་མེད་ཀྱང་། །སེམས་བསྐྱེད་ཙམ་གྱིས་དབུ་མ་ཟིལ་གྱིས་གནོན། །ཞེས་འབྱུང་ངོ་། །རྟོགས་པའི་ཐབས་ཀྱི་ཁྱད་པར་ནི། མང་བ་དང་། ཐབས་ཆེ་བ་གཉིས་ཀས་འཕགས་ཏེ། ཐབས་ཀྱང་སྟོན་མུན་ལ་ཐོས་བསམ་གྱི་ལམ་ཙམ་ཡོད་པ་ལ། ཐབས་ཆེན་པོའི་སྟོང་པའི་ངང་ལ་བསླབ་ཏུ་མེད་དེ་མི་རྩོལ་བ་ཙམ་མཆོག་ཏུ་བཞག་ན། འདིར་དེ་ནི་བདེན་པ་ཕྱོགས་གཅིག་ལ་མི་སྩོལ་བའི་ཐབས་ཡིན་པས་ཆེན་པོ་མེད་དོ། །འདིར་ཐབས་མང་ཞིང་ཆེ་བས་འཕགས་ཏེ། གདམས་ངག་ཏིང་ངེ་འཛིན་ཐབས་མང་པོ་དང་། ཐབས་དབང་ཟབ་མོའི་ཁྱད་པར་ཡོད་ལ། དེར་མ་ཟད་ཐོས་བསམ་གྱི་ལམ་དངོས་ཀྱི་སྙན་ཁུང་བརྒྱུད་པའི་ངག་ཁྱད་པར་ཅན་དང་ཐབས་ཤེས་རབ་ཀྱི་རིག་པ་དེ་བཞིན་ཉིད་ཀྱི་ངང་ལ་སེམས་མེད་པས། བྱ་བ་མེད་པ་ནི། མ་རྩོལ་བ་ལྟར་ཆ་འདྲ་ཡང་། གཉིས་མེད་ལ་མི་རྩོལ་བས་འཕགས་སོ། །དཔེར་སྨན་པ་ཆུང་ངུས་བཅོས་པས་མ་ཐུབ་ན། ཆེན་པོས་འཚོ་ལ། སྨན་པ་ཆེན་པོས་མ་ཐུབ་ན། ཆུང་ངུས་མི་འཚོ་སྟེ། དབུ་མའི་ལྟ་བ་ཉམས་ན། ཚུལ་ཁྲིམས་རལ་ཀྱང་སྔགས་ཀྱི་གཞིལ་ལ། སྔགས་ཉམས་ན་དབུ་མས་བ་སྤུའི་ཆ་ཡང་མི་སོས་སོ། །ལྟ་བའི་ཁྱད་པར་ནི། སྟོན་མུན་ཆོས་ཉིད་དོན་དམ། དོན་དམ་པར་མཚན་ཉིད་ངོ་བོ་ཉིད་མེད་པ་ཀུན་བཏགས། སྐྱེ་བ་ངོ་བོ་ཉིད་མེད་པ་དང་། དོན་དམ་པ་ངོ་བོ་ཉིད་མེད་པ་དང་། སྟོང་པ་ཉིད་དུ་འདུ་ཤེས་མེད་པར་འདོད་པས་སྣང་བ་འབའ་ཞིག་གོ། །སྟོང་པ་བྱ་རྩོལ་དང་བྲལ་བ་ལ་རྒྱུ་མཚན་ཅན་དུ་རྒྱལ་བའི་འབྲས་བུ་རྫོགས་པས། འབྲས་བུ་ལ་མི་རེ་བ། དེར་གཉིས་པས་ཡུལ་དུ་ལྟ་བ་གཉིས་མེད་པ་བདེན་པ་གཉིས་ཀྱང་དོན་དམ་པར་གཅིག་པར་ལྟ་ཡང་། བདེན་པ་གཉིས་དུས་གཅིག་ཏུ་གསལ་བ་མེད་པས། རེས་འཇོག་ཡོད་དོ། །དེས་ཐེག་པ་ཆེན་པོའི་གཉིས་སུ་མེད་པའི་དེ་བཞིན་ཉིད་ལ་འབྲས་བུ་ལྷུན་གྱིས་གྲུབ་པའི་དོན་དེའང་མ་དཔྱད་དོ། །འདིར་དེ་བཞིན་ཉིད་ཀྱི་ངང་ལས་སྐད་ཅིག་གིས་ཞི་ཁྲོ་དཀྱིལ་འཁོར་མང་པོའི་སྤྲུལ་ལ་འཕྲོ་འདུ་དང་བཅས་པ་གསལ་བ་དང་། མདོ་སྡེ་སྟོང་པ་ལས། ཅིར་ཡང་སྣང་མི་ནུས་པ་ཉིད་ཀུན་རྫོབ་བྲལ་བའི་སྐྱོན་ཅན་ནི་ཁྱད་པར་ཡོད་དོ། །བརྒྱད་ཅུ་པ་ལས། མཉམ་པའི་དོན་ཉིད་མ་རྟོགས་ཤིང་། །དོན་དམ་ཀུན་རྫོབ་གཉིས་བྱེད་ཅིང་། །ཆོས་དང་གང་ཟག་བདག་མེད་ན། །འདི་ནི་བྱང་ཆུབ་ས་པ་ཡིན། །ཐབས་ཀྱི་ཐེག་པ་ཆེན་པོ་ནི། །ཀུན་རྫོབ་ཏུ་ནི་མཉམ་རྫོགས་ཏེ། །དོན་དམ་དུ་ནི་ནོར་བདུན་ནོ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་འབྱུང་། མན་ངག་སྤྱི་བཅིངས་ལས་ཀྱང་གསལ་བར་འབྱུང་། དེ་ནི་སྔར་ཡང་བཀོད་ཟིན་ཏོ། །ཏིང་ངེ་འཛིན་གྱི་ཁྱད་པར་ནི། མདོ་སྡེ་རིག་པ་མ་སྐྱེས་སྟོང་པའི་ངང་ལས་དེ་ཡང་སྣང་བ་མེད་པ། མི་གཡོ་བ་དང་། ཐེག་ཆེན་གཉིས་མེད་དུ་མི་གཡོ་བ་གཉིས་མི་གཡོ་བར་ཆ་འདྲ་ཡང་། རྐྱལ་སྟོང་བུས་པ་དབུགས་ཀྱིས་གང་བ་དང་། རིན་པོ་ཆེ་གཏེར་གྱིས་གང་བ་ཙམ་མོ། །མདོ་སྡེ་སྟོང་པར་སྒོམ་པའི་ཚེ། །བསྒོམ་པའི་སེམས་ཉིད་སྟོང་པར་བརྡལ། །ཐབས་ཆེན་རང་རིག་གཉིས་མེད་གསལ། །ཏིང་འཛིན་ཁྱད་པར་བསམ་ལས་འདས། །ཞེས་པའི་དོན་ཏོ། །མཉམ་པ་ལས་ལངས་པའི་ཚེ་མཐོང་ལུགས་དང་སྤྱོད་པའི་ཁྱད་པར་ནི། དབུ་མས་ལངས་ཚོ་དངོས་སྒྱུ་མར་མཐོང་ལ། སྟོན་མུན་རབས་ཅིག་དྲག་པར་གསོལ་བ་ཡང་། དོན་དམ་པ་འབའ་ཞིག་ཏུ་མཐོང་། སྤྱོད་ལམ་ཡང་། བཤད་པའི་ཞེས་བདེན་པ་གཅིག་ཏུ་སྨྲ་བ་ཡང་ཡོད། སྤྱོད་པ་བཞི་པའོ། །འདིར་ལངས་པའི་ཚེ་ཡང་གཉིས་མེད་དུ་མཐོང་སྟེ། ལུང་ལས། རང་བཞིན་ཞེན་པ་མེད་ཀྱི་སྣང་བ་མི་སྤོང་སྟེ་དུས་གཅིག་ཏུ། མེད་པར་ཡིད་ལ་དྲན། །ཤེས་རབ་ཆེན་པོ་རྟོགས་པའི་རྟགས། །ཞེས་འབྱུང་། སྤྱོད་ལམ་ཡང་སྤྱོད་པ་བཞི་པོས་ཁྱད་པར་དུ་ཝ་དང་སེང་གེའི་སྤྱོད་པ་ཙམ་ཡོད་དོ། །སྐྱོན་བཅོས་པའི་ཁྱད་པར་ནི། དབུ་མ་ཆེན་པོ་མཐར་ཐུག་པའང་། རྟོག་པ་ཅི་སྐྱེས་པ་ཚོར་བར་མི་བྱ། དེ་མི་དགག་རྗེས་སུ་མི་འབྲང་སྟེ། ཆུ་དང་ཆབ་རོམ་ལྟར་དེ་ཉིད་ཀྱང་མ་སྐྱེས་སྟོང་པ་ལ་གསལ་དུ་མེད་པར་སྨྲའོ། །འདིར་མཚལ་དང་ཁུ་བ་ལྟར་རྟོག་པ་ཅི་བྱུང་ཡང་། དེ་གཉིས་གཉིས་མེད་ཀྱི་རིག་པ་རང་གསལ་བ་ལ། བཅོས་བསླད་བྱར་མེད་པ་གཉིས་ནི་དུག་ལ་སྨན་བླུགས་པ་དང་། དུག་ཉིད་སྨན་དུ་ཤེས་ནས་བཟའ་བ་དང་འདྲའོ། །ཚོགས་ཀྱི་ཁྱད་པར་ནི། དབུ་མས་ལུས་ངག་དགེ་ལ་གནས་པས་བསོད་ནམས་ཚོགས། སྟོང་པ་མི་དམིགས་པ་ཤེས་རབ་ཀྱི་ཡེ་ཤེས་སུ་འདོད་ཀྱང་། རྒྱུ་མཚན་ཙམ་ལས་དེ་ཉིད་འབྲས་བུར་མི་ཤེས་ཏེ། ལུས་ངག་གིས་ཀྱང་ཅི་ནུས་སྤྱད་པ་དང་། མི་འཇིགས་པ་འཇོམས་པས་རྫོགས་པར་འདོད་པ་དང་། འདིར་དེ་བཞིན་ཉིད་ལས་མ་གཡོས་པར་ལྷར་གསལ་བ་དང་། གསལ་བ་ཉིད་རང་རིག་པས། ཡེ་ནས་དེ་ལྟར་ཡིན་པའི་དོན་ལས་སུ་རུང་བ་ཙམ་གྱིས་བྱ་བྱེད་ཀྱིས་བསྟང་མི་དགོས་པར་རང་འཆར་བ་གཉིས་ནི། དཔྱིད་སོ་ནམ་ལ། རྩས་རྡབ་ཙམ་མོ། །སྒྲིབ་པ་སྦྱོང་བའི་ཁྱད་པར་ནི། སྟོན་མུན་གྱི་གཞུང་ལུགས་ཀྱིས། སྒྲིབ་པ་སྤང་དུ་མེད་ལ། ཅིག་ཆར་ཡང་འདག་པ་སྐད་སྨྲ་བ་ནི་རིལ་དོན་དམ་པར་གཅིག་པ་ལ་དགོངས་པ་དང་། འཇུག་བྱ་བ་རྫོགས་པའི་སྐད་ཅིག་ཙམ་གྱི་དབང་སྟེ། རིམ་གྱིས་སྦྱོང་བ་དང་། འདིར་སྒྲིབ་པ་གཉིས་མ་སྤང་པར་ཡེ་ཤེས་གསལ་བས་རང་དག་པ་ནི། དཔེར་ན་ཁྲུས་བྱས་པས་དག་པ་དང་། བཀྲུ་ཡང་མི་དགོས་པ་ལྟ་བུའོ། །འགྲོ་དོན་གྱི་ཁྱད་པར་ཕྲིན་ལས་ཀྱི་ཁྱད་པར་ནི། དབུ་མ་ལས་ལུས་ངག་གི་ཁྱད་པར་དང་སྙིང་རྗེ་ཙམ་བྱེད་པ་དང་། ཏིང་ངེ་འཛིན་ས་མ་ཐོབ་བར་དུ་མི་ནུས་པ་ཡིན་ལ། འདིར་སྐད་ཅིག་ལ་ལས་བཞི་ཞི་ཁྲོ་སྤྲུལ་པ་ཡིས་དོན་བྱ་བ་དང་། མངོན་སྤྱོད་ཀྱིས་ཇི་ལྟར་འདུལ་བ་བཞིན་བྱེད་པ་ནི། དཔེར་ན་སྐར་མའི་འོད་དང་ཉི་མའི་འོད་མི་ཕྱོགས་མེད་པས་འདུལ། ཆུང་ཆེ། འདྲའོ། །འཇུག་ལུགས་ཁྱད་པར་ནི། དབུ་མས་དོན་དམ་པའི་བདེན་པ་ལ་དོན་མ་ཤོར་ཙམ་དུ་བཏང་སྙོམས་བྱེད་པ་དང་། འདིར་ཐམས་ཅད་གཉིས་མེད་ལ། ཅིར་ཡང་མ་བསམ་མ་བཙལ་བ་ཉིད་ཞུགས་ཟིན་པ་ནི་དཔེར་ན་ཁྱིམ་བདག་དང་མགྲོན་པོ་ལྟ་བུ། འདྲའོ ། །འཇུག་པ་ནི་གཏེར་ཁྱིམ་དང་ཁང་སྟོང་ལྟ་བུ། འདྲའོ། །འབྲས་བུའི་ཁྱད་དཔེར་ན་རང་སངས་རྒྱས་ལྟ་བུ། པར་ནི། དབུ་མས་བསྐལ་པར་སྦྱངས་པས་གྲུབ་པའི་ཀུན་ཏུ་འོད། སྨོན་ལམ་དང་སྙིང་རྗེའི་སྟོབས་ཀྱིས་གཟུགས་སྐུ་འཆར་བ་དང་། ཐབས་ཆེན་པོ་གཉིས་མེད་ཀྱི་སྐུ་ལྔ་མ་བཙལ་རྫོགས་པ་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་རིལ་གྱི་བདག་ཉིད་དུ་བཞུགས་པས། རྒྱ་མཚོའི་རླབས་བཞིན་དུ་སྤྲུལ་པ་རང་ལས་འཆར་བས་གལ་སྔོ་སྟེ། ཀུན་ཏུ་འོད་ནི་བསྟི་གནས་ཀྱི་ས་པའོ། །དེ་ནི་འདིར་ལྷུན་གྱིས་རྫོགས་པའི་རིག་འཛིན་དངོས་སོ། །དེ་ལའང་རང་བཞིན་གྱི་དཀྱིལ་འཁོར་དུ་རྒྱལ་བའི་དབང་དང་བྱིན་རླབས་ཤར་ནས་ལྷུན་གྱིས་གྲུབ་པའི་ས་ལ་འགྲོའོ། །དེ་ལ་ནི་མདོ་སྡེ་པ་ལྟར་ཨ་ཅང་ཆེས། སྔགས་ཀྱི་གང་ཟག་གདེངས་མ་ཆུད་པར་ཚིག་གི་ང་རྒྱལ་སྙེམས་པ་རབས་གཅིག །མདོ་སྔགས་ལ་གྲུབ་ཐག་རིང་ཐུང་ནི་ཡོད་ཀྱི། འབྲས་བུ་ཀུན་ཏུ་འོད་གཅིག་པར་སྨྲ་བ་ཡོད་དེ། དེ་ནི་རང་གིས་སྔགས་གདེང་མ་རྙེད་པར་རྒྱུད་གཅལ་ལོ། །དེས་སྔགས་པ་བྱེད་པ་ནི། ནོར་བུ་བློན་གྲལ་བསྐོས་པ་ཡིན་ནོ། །ལྟ་བ་བེམ་པོ་དེ་ནི་གཟུགས་བོར་ནས་གྲིབ་མ་སྙེགས་པ་བཞིན་ནོ། །ཞགས་པ་ལས། ཀུན་ཏུ་འོད་ཀྱི་ས་ལས་འདས་ནས། པདྨ་ཅན་དུ་གྱུར་པ་ན། ཞེས་པ་དང་། བདུད་རྩིའི་རྒྱུད་ལས། ཀུན་ཏུ་འོད་ཀྱི་ས་ལས་འདས་ནས། པདྨ་ཅན་གྱི་ས་ལ་བཞག །ཅེས་འབྱུང་ངོ་། །སློབ་དཔོན་ཨཱརྱ་དེ་ཝ་དབུ་མའི་མཁན་པོ་ཉིད་ཀྱིས་མཛད་པའི་སྔགས་ཀྱི་མན་ངག་ལས། གཅིག་དང་དུ་མ་རྟེན་འབྲེལ་གྱིས། །བྲལ་བའི་མ་སྐྱེས་སྟོང་ལྟ་བ། །བེམ་པོའི་ནང་ན་དེ་ལ་འདས། །བེམ་མའི་མཆོག་ཏུ་སྨྲ་བ་ཡིན། །རྒྱུ་ཡིས་བགྲོད་པའི་ཀུན་ཏུ་འོད། །ཐབས་ཆེན་ལམ་གྱི་ཆོས་སྐུ་སྟེ། །ཡང་དག་རྫོགས་པའི་སངས་རྒྱས་ལ། །རྒྱ་མཚོ་རླབས་བཞིན་ཤུགས་ཀྱིས་འཆར། །ཆུ་ཟླའི་གཟུགས་ལྟར་འགྲོ་འོང་མེད། །སྨོན་ལམ་སྟོབས་ལ་རག་མ་ལུས། །ཞེས་གསུངས་ན། བེམ་པོ་ནི་མི་ཕིགས་པ་སྟེ། དོན་མི་མཐོང་བའོ། །དེ་ལ་མདོ་སྔགས་བསྲེ་ཞིང་གཞུང་ནོར་ས་ནི། མར་དང་སྦྱིན་བསྲེས་པས་གཉིས་ཀ་མ་རུངས་པ་དང་འདྲའོ། །རྒྱལ་བའི་མཛད་པའི་ཁྱད་པར་ནི། སྨོན་ལམ་གྱི་ཤུགས་ཀྱིས་བྱུང་ནས་མཛད་པར་དགོངས་པ་གང་ལའང་རག་མ་ལུས་པར་ལྷུན་གྱིས་རྫོགས་པའི་བྱིན་གྱིས་རླབས། དེས་ཡིད་བཞིན་ནོར་བུ་ལྟར་འཆར་ཞིང་དོན་མཛད་དེ། དེ་དག་གི་གཉེར་སྔར་གྱི་གཞུང་ཞིབ་ཏུ་བཤད་པ་མ་རྟོགས་ཤིག །དོན་གྱི་སྔར་ཐལ་བས་མ་དྲངས་སོ། །དུས་དེང་སང་གི་སྔགས་པ་ནི་སྙན་ངག་ལ་དགའ་ཞིང་། རྩོད་པ་རྒྱལ་ཕམ་ལྷུར་བྱེད་པས། དོན་མ་མཐོང་བ་ལ་བསྟན་ཀྱང་དམུས་ལོང་མདུན་དུ་མདོག་བསྟན་པ་དང་འདྲ་སྟེ་མདོངས་སོ། །དེ་བས་ཤིན་ཏུའང་སྔགས་ཀྱི་ལྟ་བ་གདེངས་ཆུད་པ་གཅེས་སོ། །རྣལ་འབྱོར་མིག་གི་བསམ་གཏན་ཞེས་བྱ་བ་རྒྱ་ཆེར་འགྲེལ་པ་ལས་རྣལ་འབྱོར་ཆེན་པོའི་གཞུང་བཤད་པའི་ལེའུ་སྟེ་དྲུག་པ་རྫོགས་སོ།། །།དེ་ནས་ཐེག་པའི་མཆོག་རྣལ་འབྱོར་གྱི་ཕུལ་ཡང་ཏོག །རྒྱལ་བ་རིལ་གྱི་ཡུམ་ཨ་ཏི་ཡོ་གའི་དོན་བསྟན་པ་ནི། མཚན་རྫོགས་པ་ཆེན་པོ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། བསམ་གྱིས་མི་ཁྱབ་པའི་ཆོས་ཐམས་ཅད་མ་བཙལ་ལྷུན་རྫོགས་པའི་དོན། གཅེར་གྲོལ་གོ་བར་བྱ་བའི་ཕྱིར་ཞིབ་ཏུ་བསྟན་ཏེ། དེ་ལྟ་བུའི་ཐེག་པ་ཐམས་ཅད་ཀྱི་ཡང་མཛོད་སྤྱི་མེས་ཆེན་པོ་འདིའི་ངོ་བོ་ལྷུན་གྱིས་པའི་ངང་ཉིད་ཀྱི་དོན། རང་རིག་པའི་མངོན་སུམ་ཁོང་དུ་ཆུད་ནས་བློ་བཞག་པར་བྱར་ཡང་མེད་པའི་དོན་ཆེན་པོ་རང་གི་རིག་པ་ལ་གསལ་བར་བྱ་བ་ཡང་། ཇི་ལྟར་ཤེས་པར་བྱ་ཞེ་ན། ཤིན་ཏུ་རྣལ་འབྱོར་གྱི་ཐེག་པ་འདི་ལ། རྒྱུད་ལུང་མན་ངག་གི་གཞུང་ལྟར། དང་པོ་གཞལ་བྱའི་ཆོས་གཅིག་ལ། རང་གི་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་གཞལ་བར་བྱར་ཡང་མེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཆོས་སོ་ཅོག་ཏུ་གྲགས་པ་ཐམས་ཅད། ཡེ་གདོད་མ་ནས་སྤུ་མ་བརྗེས་མདོག་མ་བསྒྱུར་བར་རང་བྱུང་གི་ཡེ་ཤེས་ཐིག་ལེ་ཆེན་པོའི་ཀློང་དུ་སངས་རྒྱས་པའི་རང་བཞིན་ལ། དངོས་པོ་གཞལ་བྱར་སུ་ཡིས་མཐོང་། གཏན་ཚིགས་སུ་ཡིས་བསྟན། གྲུབ་པའི་མཐའ་ཅི་ཞིག་ཚོལ། འཇལ་བྱེད་གང་གིས་བྱས་ཏེ། དེ་དག་གི་ངོ་བོ་སོ་སོ་བ་མེད་པའི་ཕྱིར་མ་དམིགས་སོ། །དེ་ཡང་མཛོད་ལས། དངོས་པོ་རྣམས་ཀྱི་ངོ་བོ་ལས། །གཙེས་ནས་དོན་གཅིག་གང་ནས་བཙལ། །དེ་ལྟར་ཚོལ་བ་སུ་ཞིག་འཁྲུལ། །བྱར་མེད་ངང་ལ་ཅི་ཡང་མེད། །ཅེས་པའི་དོན་དང་སྦྱར་ན། དེ་ལྟར་གཞལ་ནས་གྲུབ་པའི་མཐའ་ཚོལ་ན་བློ་འཁྲུལ་ཏེ། དེ་ཉིད་ཀྱི་སེམས་ལ་གཉིས་འཛིན་ཡོད་པར་མངོན་ནོ། །དེ་ཡང་ཡུལ་ཀུན་ལ་འཇུག་པའི་རྒྱུད་ལས། རྡུལ་ཕྲན་གཅིག་ལས་གསེས་ཤིང་ཕྱོགས་བཅུ་ཀུན་དང་བྲལ། ཞེས་འབྱུང་བས་གཏན་ཚིགས་ཀྱིས་གཙེ་བ་དང་བྲལ་ལོ། །སྲོག་གི་འཁོར་ལོ་ལས། མ་སྤངས་མ་སྒྲུབས་ནམ་མཁའི་ངང་དུ་གནས། །ཁམས་གསུམ་བརྟགས་ན་འཁོར་བ་མྱ་ངན་མེད། །ཕྱོགས་ཆར་གཙེས་ན་བདེ་གཤེགས་སྙིང་པོ་མིན། །ཅེས་འབྱུང་། འོ་ན་ཁམས་གསུམ་བརྟགས་ན་ཞེས་པ་ཉིད་ཀྱིས། འདིར་ཡང་གཞལ་བྱ་ནི་ཡོད་དམ་ཞེས་དྲིས་ན་ལན་གསོལ་པ། དེ་ཁོ་ན་ཉིད་ཀྱི་མ་རིག་པ་སྟེ། མ་སྤངས་མ་བསྒྲུབས་ཞེས་པའི་དོན་གྱིས། ཐམས་ཅད་ལྷུན་གྱིས་གྲུབ་པའི་ངང་དུ་གསལ་བ་ལ་གཉིས་མེད་ལ་བརྟགས་ན་ཞེས་པའི་སྒྲ་ཡང་ཐ་དད་པས་འཇལ་བ་ནི་མ་ཡིན་ཏེ། རང་རིག་པས་ཅི་ཡང་མ་བསམས་ལ་མ་བརྟགས་མ་སེམས་བསྒོམ་རྒྱུད་ལས་ལ་ལར་མ་བརྟགས་པ་ལས་རྒྱལ་བ་འབྱུང་གི་བརྟགས་པ་འཁྲུལ་ཞེས་འབྱུང་ཕྱིར། དཔྱད་པ་ཉིད་ཐོག་ཏུ་ཕེབས་པས་དྲང་པོའི་ལམ་སྟེ་དེ་ནི་གཞལ་བ་དམ་པ་འདོད་དོ། །དེ་ཡང་མན་ངག་ལས། བསམ་མེད་ནམ་མཁའི་ངོ་བོ་ལ། དཔྱོད་ཅིང་བསམ་ལས་འདས་པའི་དཔྱོད་པའི་བློ་མི་འཇུག །བསམ་པའི་ཡུལ་ལས་འདས་པ་བསམ་ཤིང་དམིགས་སུ་མེད། མ་དཔྱད་བཞག་ན་མ་གཡོས་པའོ། །མ་བསམས་བཞག་ན་མ་བཅོས་པའོ། །ཞེས་འབྱུང་། ཡང་། སྤྱོད་པ་མ་ཞུགས་དྲང་པོ་ཡིན། །ཞེས་འབྱུང་། གཉིས་མེད་ནམ་མཁའི་རང་བཞིན་ལ། །བསམ་ཞིང་སྤྱོད་པའི་བློ་མི་འཇུག །བསམ་པས་རྙེད་ཕྲད་མི་འགྱུར་ཏེ། །མ་བསམས་པས་ཀྱང་སྟོར་བྲལ་མེད། །ཅེས་འབྱུང་ངོ་། །འོན་ཏང་དོན་དང་མཐུན་ན་གོལ་བ་མེད་པའི་ལམ་དྲང་པོ་སྟེ། དེ་མནལ་དུ་འབེབས་པས་གཞལ་དུ་མེད་པའི་གཞལ་བ་ཆེན་པོའོ། །མ་བརྟགས་པ་ཆེན་པོའོ། །དེ་ལྟར་དོན་གཏན་ཚིགས་ཀྱིས་གཞལ་བ་དང་བྲལ་བས་གང་ཟག་རྩོལ་བའི་བྱ་བ་མི་བྱེད་ལ། རྩོལ་སྤྱོད་ཀྱིས་མི་འཕིགས་པའི་ཕྱིར། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ལས། མ་སྐྱེས་ངོ་བོ། པས་ན་འཇིག་གཏན་ཚིགས། པ་མེད། །གདོད་ནས་སྙིང་པོ་བྱང་ཆུབ་ལ། །རྩོལ་བའི་བསམ་པས་དབྱིངས་མི་བསྐྱོད། །ཅེས་འབྱུང་། རྩལ་ཆེན་སྤྲུག་པ་ལས། རྟོག་དཔྱོད་རྣམ་དག་གཉིས་མེད་ཆོས་དབྱིངས་ལ། །ལོག་རྟོག་བྱིས་པའི་སྤྱོད་པས་འགའ་ཞིག་བསླུ། །ཞེས་འབྱུང་སྟེ། འོན་ཏང་དངོས་པོ་ཡེ་ནས་བདེ་བ་ཆེན་པོའི་ཀློང་ལ་འཕྲལ་དུ་ལམ་པས་མ་དཔྱད་མ་གཞིག་པ་ཉིད་མ་ནོར་བ་ལ་རྦད་ཀྱིས་གཅད་དོ། །འོ་ན་ཅིར་ཡང་མ་བརྟགས་མ་དཔྱད་ན་སེམས་གྲོལ་དུ་བཏུབ་བམ་ཞེ་ན་གྲོལ་བར་བྱར་མེད་པ་ཉིད་ཀྱིས་གྲོལ་བ་སྟེ། ཅིའི་ཕྱིར་ཞེ་ན། རྟོག་དཔྱོད་ལས་འདས་པ་ལ་བཅིངས་པ་ཉིད་མ་དམིགས་པའི་ཕྱིར་ཐ་སྙད་ཙམ་དུ་ད་ལྟ་ལས་དང་པོ་པས། གྲོལ་ཞེས་བྱའོ། །དེ་ཡང་རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ལས། དོན་རྣམས་ཇི་བཞིན་མི་བསྐྱོད་དོ། །བྱ་བ་མེད་པས་གྲོལ་བས་གྲོལ། །རང་བྱུང་ཡེ་ཤེས་བཙལ་མེད་པས། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །ཞེས་གསུངས་ཏེ། དོན་བྱ་བ་མེད་པས་དེ་ཇི་ལྟ་བར་རིག་པར་བྱ་བ་མེད་པ་ཉིད་ཀྱིས་གྲོལ་ཏོ། །འོ་ན་དོན་ཉིད་འདིར་བསྟན་པའི་ཚིག །རེ་ཞིག་གང་གིས་མཚོན་ཞེ་ན། སྤྱི་བཅངས་ལས་ཀྱང་། གསང་སྔགས་རྒྱ་མཚོ་ཆེན་པོ་ནི། །དཔེ་དང་ཚད་མ་གཏན་ཚིགས་དང་། །རྗེས་སུ་དཔོགས་པའི་ཤེས་རབ་ཀྱིས། །རྟོགས་པར་ནུས་པ་མ་ཡིན་ཏེ། །དེ་བས་གསང་སྔགས་བདག་ཉིད་ཆེ། །དངོས་གྲུབ་རླབས་ཆེན་འཁྲིགས་པ་ཅན། །བསམ་ཡས་གཏིང་ནི་དཔག་དཀའ་བས། །ལུང་དང་མན་ངག་ཐོབ་པས་འགྲུབ། །ཅེས་འབྱུང་། སེམས་བསྒོམ་རྡོ་ལ་གསེར་ཞུན་ལས། བསྟན་ཅིང་བརྟག་པར་དཀའ་ལ་བརྗོད་པའི་ཐ་སྙད་རྣམས་དང་བྲལ། ཚིག་གི་མི་ཕེབས་གཞན་དང་བྱིས་པ་ཀུན་གྱི་སྤྱོད་ཡུལ་མ་ཡིན་ཡང་། སྟོན་པས་ངེས་པའི་ལུང་དང་བླ་མ་རྣམས་ཀྱི་མན་ངག་དེ་ཉིད་དོན་འདིར་བལྟ། ཞེས་འབྱུང་སྟེ། དེ་ལྟ་བུའི་ལུང་དང་མན་ངག་གི་སྟོན་ལུགས་ཀྱང་། གང་གཞལ་དུ་མེད་པ་རྟོགས་པར་བྱར་མེད་པར་བསླབ་ཏུ་མེད་པ་བསམ་སྤྱོད་མེད་པ་ཉིད་དུ་སྟོན་པས། མ་ནོར་བ་ཡང་དག་པའི་གཏན་ཚིགས་སོ། །དེ་བས་ན་གསེར་ལྟ་འདོད་པ་ལ་བོང་བ་བསྟན་པས་མི་མཐོང་གི། གསེར་ཉིད་བསྟན་པས་ངོ་ཤེས་པ་ལྟར། དཔྱད་དུ་མེད་པ་སྨྲ་བསམ་ལས་གྲོལ་བའི་དོན་ཚོལ་དཔྱོད་པའི་རྗེས་སུ་དཔོགས་པས་མི་རྙེད་ཀྱི། བྱ་རྩོལ་མེད་པར་བསྟན་པ་ཉིད་ཀྱིས་གོ་བ་ནི་མངོན་སུམ་ཚད་མའི་མཆོག་དེས་ཀྱང་དོན་ལོགས་ནས་མི་ཚོལ། གོ། །དེ་ཡང་རྣལ་འབྱོར་གྲུབ་པའི་ལུང་ཆེན་པོ་ལས། བཀའ་སྩལ་པ། སྐྱེས་བུ་དམ་པ། བྱང་ཆུབ་ཀྱི་སྙིང་པོ་གང་ནས་བཙལ། གསོལ་པ། གང་ནས་ཀྱང་མི་ཚོལ། བཀའ་སྩལ་པ། ཅིའི་ཕྱིར་མི་ཚོལ། གསོལ་པ། ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་གང་ནའང་མི་གནས་སོ། །དེ་ཉིད་ལས། བཀའ་སྩལ་པ། སྐྱེས་བུ་དམ་པ། སྙིང་པོ་བྱང་ཆུབ་དེ་དཔེ་གང་གིས་བསྟན། གསོལ་པ། བཤེས་གཉེན་དམ་པ། མཐུན་པའི་དཔེ་ནི་གང་ཡང་མ་མཆིས་ཏེ། དཔེ་གང་གིས་ཀྱང་བསྐྲུན་དུ་མ་མཆིས་པ་ལགས་སོ། །བཀའ་སྩལ་པ། དཔེས་མཚོན་དུ་མེད་དམ། གསོལ་པ། ཅུང་ཟད་དུ་མཐུན་པའི་དཔེ་བཟུང་ན། འདི་ལྟ་སྟེ། ནམ་མཁའ་དང་། ཉི་མ་དང་། ནོར་བུ་རིན་པོ་ཆེ་དང་། རིན་པོ་ཆེ་གསེར་དང་། སྒྲོན་མ་དང་། དུག་འགྱུར་རྩི་དང་། གསེར་འགྱུར་རྩི་དང་། བཻ་ཌཱུརྻ་འོད་ཀྱིས་མཚན། དང་། རྒྱ་མཚོ་ཆེན་པོ་དང་། རྡོ་རྗེ་སྙིང་ངན་སྔགས་འབྱུང་བ། པོ་དང་། རྩལ་དམག་དཔུང་འབྱུང་བ། གྱིས་གནོན་པ་དང་། ཡུལ་ལ་འཇུག་པ་དང་། གསེར་རྡོ་རྗེ་རིན་པོ་ཆེ་དང་། མངོན་པར་སྤྲོ་བ་བསྐྱེད་པ་ལྟ་བུ་ལགས་སོ། །ཞེས་འབྱུང་བས། གྲུབ་པའི་མཐའ་ཡང་མི་ཚོལ། མཚོན་དུ་ཡང་མེད། གལ་ཏེ་མཚོན་ན་ཡང་དཔེ་ཉིད་ཀྱིས་ཀྱང་གཉིས་མེད་པ། བྱ་བྱེད་བསམ་དཔྱོད་བྲལ་བར་མཚོན་ནོ། །རྨད་དུ་བྱུང་བའི་རྒྱུད་ལས། བསླབ་རྒྱུའི་ཐེག་པ་གསུམ། པ་ཐམས་ཅད་རྣམས་འཇིག་སྔགས་ཀྱི་བཅུ། པ། །གང་ལ་བསླབ་པ་མེད་པ་ནི། །མཁས་པ་ང་ཡི་བསླབ་པ་ཡིན། །ཞེས་གསུངས་པས། རྟོག་དཔྱོད་ཀྱི་ཆེད་དུ་བྱ་བ་རིལ་ནི་ངང་གིས་བྲལ། དེ་ཉིད་ཀྱི་དོན་གྱིས་ཡང་དག་པའི་དོན་མ་ནོར་བ་ལ་མཇལ་ཟིན་པ་ནི་ཐབས་ཀྱི་མཆོག་གོ། །དེ་ལྟ་བུའི་དོན་ནི་སྔོན་གྱི་མི་ཆོས་དོན་བཟང་པོ་སྤྱོད་པའི་ཡུལ་ཡང་ཡིན། དེ་ལ་ཡང་མོས་སོ། །དུས་དེང་སང་གི་སྔགས་པ་ལྟ་བའི་གནས་མ་ཆུད་པ་རབས་ཅིག །ཆོས་ཀྱི་གཞི་ལ་དེ་ལྟར་ཡིན་ཡང་གང་ཟག་གི་བསམ་པའི་དབང་དུ་དེ་ལྟར་མ་ལགས་ཏེ། ད་རུང་ཀློང་དུ་མ་གྱུར་པས། དངོས་པོ་གཏན་ཚིགས་ཀྱིས་གཞལ་འཚལ། འོན་ཏང་གྲུབ་པའི་མཐའ་བྱང་ཆུབ་སེམས་ཀྱི་དོན་རྙེད་པར་འགྱུར་ཏེ། སོ་སོར་རྟོགས་པའི་ཤེས་རབ་ཀྱི་རྟོག་དཔྱོད་མན་ངག་གི་སྐབས་སུའང་གཙོར་བྱའོ། །ཞེས་སྨྲ་བ་དག་ནི། ཤིན་ཏུའང་ལྟ་བའི་གནད་དུ་གྱུར་ཏེ། སྤྲེའུ་ཡིས་སྦྲང་རྩི་ལྡགས་པ་དང་འདྲའོ། །དོན་ཆེན་པོ་སྤྱོད་དེ་ཅིའི་ཕྱིར་ཞེ་ན། པ་ལ་ནི་ཡལ་བར་འདུག་པའང་མེད། བྱ་བསམ་ཡང་མེད་ན། མདོངས་པོ་དེ་དག་གིས་རྟོག་དཔྱོད་བཅུག་པས་རྟོག་མཐའ་སྐྱེས་ཏེ། ཇི་ལྟར་བྱས་ཀྱང་མཐའི་ལྟ་བར་འགྱུར་ལ། དེ་ཅིའི་ཕྱིར་ཞེ་ན། དངོས་པོ་གཉིས་པའི་ཆོས་གཞལ་ནས་གཉིས་མེད་དུ་བྱས་པ་ཉིད་གཉིས་པའོ། །དེ་ཅིའི་ཕྱིར་ཞེ་ན། གཉིས་མེད་དུ་འཛིན་པ། བྱ་བ་ཡོད་པས། གཉིས་པ་ཡང་འབྱུང་ངོ་། །བྱ་བ་རྩོལ་བ་དང་མ་བྲལ་བའི་ཆོས་རྣམས་ལ་རྟོག་དཔྱོད་བྱས་ནས་གྲུབ་པའི་མཐའ་བཙལ་བ་དང་། བྲལ་བར་འདོད་པ་ཉིད་ནི། བཙལ་བ་དང་མ་བྲལ་བའོ། །གང་རྩོལ་གྲུབ་མཐའི་ཚོལ་བ་ཉིད་རྩོལ་བ། བ་དང་བྲལ་བ་ཡོད་ན། དེ་ལ་ལྟོས་པའི་བཙལ་བ་དང་མ་བྲལ་བ་ཡང་ཡོད་པར་འགྱུར་རོ། །རྨོངས་པ་དག་གིས་ལྷུན་གྱིས་མ་གྲུབ་པའི་ཆོས་རྣམས་ལ་བརྟགས་པས་ལྷུན་གྱིས་གྲུབ་པར་འདོད་པ་ཉིད་ལྷུན་གྱིས་མ་གྲུབ་པའོ། །དེ་ཅིའི་ཕྱིར་ཞེ་ན། གང་ལྷུན་གྱིས་མ་གྲུབ་པ་སྤོང་ལེན་ཡོད་པ། བརྟགས་པ་ལས་ལྷུན་གྱིས་གྲུབ་པ་ཡོད་ན། དེ་ལ་ལྟོས་པའི་མ་གྲུབ་པའང་ཡོད་དོ། །གང་གིས་ཡོངས་སུ་མ་རྫོགས་པའི་ཆོས་རྣམས་ལ་དཔྱད་པས་གྲུབ་པའི་མཐའ་རྫོགས་པ་ཆེན་པོར་འདོད་པ་ཉིད་ཡོངས་སུ་མ་རྫོགས་པའོ། །དེ་ཅིའི་ཕྱིར་ཞེ་ན། ཡོངས་སུ་རྫོགས་པ་ཞིག་ཡོད་ན། དེ་རྫོགས་པར་འདོད་པའི་ཕྱོགས་ཆེན་དུ་སོང་། ལས་ལྟོས་པའི་མ་རྫོགས་པ་ཡང་ཡོད་དོ། །སུ་ཞིག་གི་རྒྱུ་རྐྱེན་གྱི་ཆོས་རྣམས་ལས་བརྟགས་ནས་གྲུབ་པའི་མཐའ་རང་འབྱུང་གི་ཡེ་ཤེས་སུ་འདོད་པ་ནི། དེ་ཉིད་རང་བྱུང་གི་ཡེ་ཤེས་མ་ཡིན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རྒྱུ་རྐྱེན་བརྟགས་པ་ལས་བྱུང་བའི་ཕྱིར་རོ། །གང་དག་གིས་ཐ་སྙད་མང་པོ་ལས་བསམ་སྤྱོད་མང་པོ་བྱས་པའི་གྲུབ་མཐའ་ཐིག་ལེ་གཅིག་ཏུ་འདོད་པ་དེ་ཉིད་མང་པོའོ། །དེ་ཅིའི་ཕྱིར་ཞེན་ན། མང་པོ་དུ་མའི་ཆོས་གཞལ་བ་ལས་བྱུང་བའི་ཕྱིར་དང་། དེ་ཡོད་ན་དེ་ལ་ལྟོས་པ་ཡོད་པར་འགྱུར་བའི་ཕྱིར་རོ། །གང་གིས་བདག་གཞན་གྱི་ཆོས་ལ་བརྟགས་དཔྱད་ནས་བདག་ཉིད་ཆེན་པོར་འདོད་པ་ནི། དེ་ཉིད་གཉིས་པའི་ཆོས་སོ། །དེ་ཅིའི་ཕྱིར་ཞེ་ན། བདག་གཞན་བདག་ཉིད་ཆེན་པོ་ལ་རྟོགས་པའི་ཡུལ་ཅན་ནོ། །བརྟགས་པའི་གྲུབ་མཐའ་བདག་ཉིད་ཆེན་པོ་ཡོད་ན། དེ་ལ་ལྟོས་པའི་གཞན་པ་ཡང་ཡོད་པར་འགྱུར་རོ། །སུའང་རུང་བས་བཟའ་བའི་ཆོས་རྣམས་ལ་བསམས་ཏེ། གཟའ་གཏད་མེད་པར་ལྟ་བ་ཉིད་གཟའ་གཏད་དོ། །དེ་ཅིའི་ཕྱིར་ཞེ་ན། གཟའ་གཏད་མེད་པར་འདོད་པ་ཡོད་པའི་ཕྱིར་རོ། །ཡང་བསྒྲུབ་པའི་ཆོས་རྣམས་ལ་བརྟགས་ཏེ། བསྒྲུབ་ཏུ་མེད་པར་འདོད་པ་ཉིད་བསྒྲུབ་པའོ། །དེ་ཅིའི་ཕྱིར་ཞེ་ན། བསྒྲུབ་ཏུ་མེད་པར་དོན་དུ་གཉེར་བ་དང་། དེ་ལ་ལྟོས་པའི་ཆོས་ཡོད་པའི་ཕྱིར་རོ། །གང་སྡུག་བསྔལ་དང་ཉོན་མོངས་པའི་ཆོས་རྣམས་བརྟགས་ཏེ། གྲུབ་མཐའ་བདེ་བ་ཆེན་པོར་འདོད་པ་ཉིད་སྡུག་བསྔལ་ལོ། །དེ་ཅིའི་ཕྱིར་ཞེ་ན། གང་སྡུག་བསྔལ་དང་ཉོན་མོངས་པ་མི་འདོད་པར་བདེ་བ་འདོད་པའི་ཕྱིར་དང་། གཅིག་ཡོད་ན་གཅིག་ཡོད་པའི་ཕྱིར་རོ། །ཡང་གྲུབ་མཐའི་ཆོས་རྣམས་ལ་དཔྱད་པས། གྲུབ་མཐའི་མཐའ་ཐམས་ཅད་དང་བྲལ་བར་འདོད་པ་ཉིད་མཐའ་འོ། །དེ་ཅིའི་ཕྱིར་ཞེ་ན། མཐའ་དང་བྲལ་བ་ཡོད་ན་མཐའ་ཡང་ཡོད་པས། མཐའ་མེད་པར་འདོད་པ་ཉིད་མཐའི་ཕྱིར་རོ། །གང་འཁོར་བའི་སེམས་ཅན་ལ་བསམ་དཔྱད་ནས། དེ་མ་གྲུབ་པའི་སངས་རྒྱས་སུ་འདོད་པ་ཉིད་སེམས་ཅན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཁོར་བ་སྤང་གྲུབ་པའི་སངས་རྒྱས་ཡོད་ན། སེམས་ཅན་ཡང་ཡོད་པར་འགྱུར་རོ། །གང་གི་ཆེད་དུ་འཇུག་པའི་ཆོས་རྣམས་ལ་བསམ་དཔྱད་ནས། འདིར་མཐའ་འཇུག་ཏུ་མེད་པ་ཉིད་རྩོལ་བའི་འཇུག་པའོ། །དེ་ཅིའི་ཕྱིར་ཞེ་ན། འཇུག་ཏུ་མེད་པ་ཆེད་དུ་བྱེད་པ་དང་། མེད་པ་ཡོད་ན་འཇུག་པ་ཡང་ཡོད་པར་འགྱུར་རོ། །ཡང་བསྒོམ་པའི་ཆོས་རྣམས་ལས་བརྟགས་པས། བསྒོམ་དུ་མེད་པར་འདོད་ན། དེ་ཉིད་རྩོལ་བའི་བསྒོམ་པའོ། །དེ་ཅིའི་ཕྱིར་ཞེ་ན། བསྒོམ་དུ་མེད་པའི་དོན་ཆེད་དུ་བྱེད་པ་ཡོད་པའི་ཕྱིར་རོ། །གང་ཟག་གི་ཐོབ་པའི་ཆོས་རྣམས་ལ་དཔྱད་དེ་འབྲས་བུ་ཐོབ་ཏུ་མེད་པར་འདོད་པ་ནི། རྩོལ་བས་ཐོབ་པའོ། །དེ་ཅིའི་ཕྱིར་ཞེ་ན། ཐོབ་ཏུ་མེད་པ་ཡོད་ན། ཐོབ་པར་རེ་བ་ཡོད་པའི་ཕྱིར་རོ། །སུ་ཞིག་གིས་བསམ་གཏན་གྱི་སྐྱོན་བཅོས་པའི་ཆོས་རྣམས་ལ་དཔྱད་པས། བཅོས་སུ་མེད་པར་འདོད་པ་ནི་རྩོལ་བས་བཅོས་པའོ། །དེ་ཅིའི་ཕྱིར་ཞེ་ན། བཅོས་སུ་མེད་པའི་དོན་འདོད་པའི་ཕྱིར་དེ་ཉིད་བཅོས་པའོ། །འོན་ཏང་བྱས་པ་རིལ་མཐའ་ཡིན་པའི་ཕྱིར། རྟོག་དཔྱོད་འཁྲུལ་པས་སླར་རྟོག་པའི་རྒྱུ་བྱེད་དེ། ནམ་ཡང་དོན་མཐོང་བར་མི་ནུས་སོ། །དེ་བས་ན་རྣལ་འབྱོར་གྲུབ་པའི་ལུང་ལས། གྲོལ་དང་མ་གྲོལ་ལ་སོགས་པ། །གཉིས་སུ་རྟོགས་པ་ཐམས་ཅད་མཐའ། །ཞེས་འབྱུང་སྟེ་འཁྲུལ་ལོ། །དེ་ཡང་མན་ངག་ལས། རྟོགས་མཐའ་མང་ན་དཔྱོད་མཐའ་ཆེ། །ཞེས་དང་། ཡང་རྟོག་དཔྱོད་མང་པོ་ནམ་མཁའི་སྐར་ཚོགས་འདྲ། ཞེས་འབྱུང་། མན་ངག་ལས། བསམ་མེད་ནམ་མཁའི་ངོ་བོ་ལ། །དཔྱོད་ཅིང་སོམས་པའི་བློ་ཞུགས་ན། །བསམ་མེད་ནམ་མཁའི་སྐྱོན་ཆེན་ཡིན། །དཔྱད་པའི་ཐོག་ཏུ་མི་ཕེབས་ཤིང་། །བསམ་པས་དོན་དང་མི་ཕྲད་དོ། །ཞེས་འབྱུང་བ་དང་། ནམ་མཁའི་རྒྱལ་པོ་ལས། མཚོན་ཅིང་རྟོག་པར་བྱ་བ་དེ་ཉིད་ནི། །ཚད་མར་བཟུང་ཕྱིར་འཛིན་པ་དེ་སྐྱེས་ཏེ། །དེ་བས་མཚོན་བྱེད་སེམས་ཀྱི་རྒྱུད་ཁ་འཁོར། །ཞེས་འབྱུང་བས། བརྟགས་ན་དོན་ལ་ངེས་པར་འཛིན་པའི་ཤེས་པ་སྐྱེ། སྐྱེས་པའི་རྩོལ་སྒྲུབ་ཀྱི་ཁ་འཁོར་རོ། །ཁྱུང་ཆེན་ལྡིང་བའི་རྒྱུད་ལས། སྟོན་པའི་ལུང་བཞིན་ཚིག་གི་མཐའ་སྤྱོད་ལམ་དུ་དེ་མཐོང་ན། །དེ་ཉིད་རྟོག་པའི་རྒྱུད་འབྲངས་སྨིག་རྒྱུ་སྙེགས་པ་འདྲ། །ཞེས་འབྱུང་བས། ལྷག་པའི་རྣལ་འབྱོར་གྱི་སྐབས་སུ་རྩོལ་བའི་རྟོག་དཔྱོད་དོན་མི་ཆེ་བར་མངོན་ལ། དེ་དག་འཁྲུལ་ཏེ་དོན་མེད་པས་མི་ཆེན་པོ་རྣམས་ཀྱིས་དེ་ལྟར་མི་ལྟའོ། །འོ་ན་དེ་དག་འཁྲུལ་ན་དོན་མ་ནོར་བ་དེ་ཉིད་ཇི་ལྟ་བ་ཡིན་ཅེ་ན་ཡེ་འཕྲལ་དུ་གཉིས་ཡོད་པ་ལས་མེད་པ་བྱས་པ་མེད་པས། གཉིས་སུ་མེད་པའི་ཐ་སྙད་མེད་པ། ངང་གིས་བཙལ་བ་དང་བྲལ་ཟིན་པ་ལ་བཙལ་བ་བྲལ་བར་ཡང་སྒྲོ་གདགས་བྱ་རྩོལ་བྲལ་བ་ཞིག་གི་རྣམ་པར་ཡང་མེད། སུ་མེད་པ། གདོད་ནས་ལྷུན་གྱིས་གྲུབ་པའི་མིང་མེད་པ་མ་གྲུབ་པ་གྲུབ་པར་བྱས་པ་མེད། ཡེ་ཉིད་རྫོགས་པ་ཆེན་པོ་ལ་རྫོགས་པ་ཆེན་པོའི་བློ་གདགས་མ་རྫོགས་པ་རྫོགས་པར་བྱས་པ་མེད། བྲལ་བ་གདོད་ནས་རང་བྱུང་གི་ཡེ་ཤེས་རང་བྱུང་གི་ཡེ་ཤེས་སུའང་གདགས་ཐ་སྙད་འདོགས་པ་ཙམ། སུ་མེད་པ། ཡེ་ཕྱི་མ་ནས་ཐིག་ལེ་ཆེན་པོ་ནང་ཐིག་ལེ་ཆེན་པོ་ཞེས་མ་བཏགས་པ། དུས་གསུམ་དུ་བདག་ཉིད་ཆེན་པོའི་མཚན་ཞེན་པ་མེད་ཕྱིར། མེད་པ་སྒོ་ཕུག་མེད་པར་གཟའ་ཡེ་ནས། གཏད་བྲལ་བ་ལ་གཟའ་གཏད་བྲལ་བར་མ་བསྙད་པ། ཡེ་གྲུབ་ཟིན་པ་ལས་བསྒྲུབ་ཏུ་མེད་པར་ཡང་སྒྲོ་མ་བཏགས་པ། ངང་གི་བདེ་བ་ཆེན་པོར་གནས་པ་ལ་ཐ་སྙད་མེད་པ་གདོད་མ་ཉིད་ནས་གཉིས་མེད་པ་ལ་འཇུག་ཏུ་མེད་པ་ཞེས་མ་བསླད་པ། ཡེ་རང་གསལ་ལས་མ་གཡོས་པ་ལ་སྒོམ་དུ་མེད་པ་ཞེས་མ་བཅོས་པ། ངང་ཉིད་མཐའ་མེད་པ་ལ་མཐའ་དང་བྲལ་བ་ཞེས་མ་བསྙད་པ། རྣམ་རྟོག་མིང་མེད་པ་ལ་བཅོས་སུ་མེད་པར་བསྟན་དུའང་མེད་པ། རང་བཞིན་གྱི་སངས་རྒྱས་ཟིན་པ་ལ་སངས་རྒྱས་ཞེས་མ་བྱས་མ་བརྟགས་པའོ། །དེ་ཅིའི་ཕྱིར་ཞེ་ན། ཡེ་ནས་གྲུབ་ཟིན་པས། ད་མ་བརྟགས། མ་བཅོས། མ་བསླད། མ་བཟུང་། མ་བྱས། འཕྲལ་དུ་ཤེས་རབ་ཀྱིས་བརྟགས་པ་ལས་མ་བྱུང་། བརྡ་དང་ཐ་སྙད་ཡེ་ནས་རང་བྲལ་བའི་ཕྱིར་རོ། །རྟོགས་པར་ཡང་དཀའ་འོ། །གསལ་བའི་སྒྲོན་མ་ལས། སྒྱུ་མ་ཡེ་ནས་སྐྱེ་མེད་ལ། །སྐྱེ་མེད་སྙད་ཀྱི་སྒྲོ་མི་འོན་ཀྱང་སྣང་བ་མི་སྤོང་སྟེ་རྒྱུ་རྐྱེན་བྲལ་བ་དང་ཅིར་ཡང་སྣང་བས་གང་དུ་ཡང་ངོ་བོ་གཟུང་དུ་མི་གཏུབ་པ་དང་། གློ་བུར་དུ་མ་བྱུང་བ་དང་། རྒྱུད་དུ་སྐྱེ་བ་མེད་ཕྱིར། འདོགས། །ཞེས་པ་དང་། ཆོས་སེམས་ལས། ཅན་མི་དམིགས་ཆོས་ཉིད་ལོགས་ན། ཡོད་མ་ཡིན། །ཞེན་པ་བཟློག་ཐ་སྙད་འདོགས་པ་ཙམ། ཕྱིར་རྐྱེན་བཤད་མ་གཏོགས་པ། །ཆོས་ཀྱི་དབྱིངས་ལ་ཚིག་མེད་བརྗོད་དུ་མེད། །ཅེས་འབྱུང་ངོ་། །ལྟ་བ་དེ་ལྟ་བུའི་དོན་ལ་གནད་ཆུད་པར་གྱིས་ཤིག །འོན་ཏང་ཚེགས་མེད་དོན་པོ་ཆེ་ཞེས་བྱའོ། །དེ་ལྟར་ཅིར་ཡང་མ་བརྟགས་པའི་ཐབས་ཀྱི་ཡང་དག་པའི་དོན་གྱི་བདེན་པ་མཐོང་ངོ་ཞེས་བགྱི་བ་ཇི་ལྟ་བུ་ལགས། ལན་དུ་གསོལ་པ། ཆོས་ཐམས་ཅད་ལ་བདག་གཞན་གཉིས་མེད། ཤེས་བྱ་ཤེས་བྱེད་གཉིས་མེད་པས། ཅིར་ཡང་མ་མཐོང་མ་གཟིགས་པ་ཉིད་ལ་བླ་དྭགས་ཙམ་དུ་མཐོང་ཞེས་བྱའི། ངེས་པར་གུད་ནས་མཐོང་བ་ཅི་ཡང་མེད་དེ། དེ་ཡང་རྣལ་འབྱོར་གྲུབ་པའི་ལུང་ཆེན་པོ་ལས། སེམས་དཀོན་མཆོག་གསུམ། ཉིད་མ་བྱུང་མ་སྐྱེས། སྐྱེ་བ་མེད་པ། ཡེ་ཇི་བཞིན་པའི་དལ། རང་བཞིན་ལྷུན་གྱིས་གྲུབ་པའི་དལ། རྩ་བ་བྱང་ཆུབ་ཀྱི་སེམས་ཀྱི་དལ། རྩ་བ་དམ་པ་ཁོ་ན་ཉིད་དུ་ངེས་པར་ཆུད་དེ། སངས་རྒྱས་ཀྱི་དགོངས་པ་ཉམས་སུ་མྱོང་བ་ནི་འདི་ལྟ་སྟེ། སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ནམ་མཁའ་ལྟ་བུར་གྱུར་ཏོ། །ཞེས་འབྱུང་། ཡང་དེ་ཉིད་ལས་བྱང་ཆུབ་སྙིང་པོ། གཟུགས་སྣང་གང་མཐོང་རྫས་རྙེད་མིན། །མ་མཐོང་དེ་མཐོང་ཉིད་ངེས་པས། །བརྗོད་མེད་རང་རིག་ཉམས་རྙེད་ལ། །མཐོང་རྙེད་ཐ་སྙད་ཙམ་དུ་འབྱུང་། །ཞེས་འབྱུང་། ཡང་དེ་ཉིད་ལས། ཀྱེ་སྐྱེས་བུ་དམ་པ་དག །གང་སྙིང་པོ་བྱང་ཆུབ་མཐོང་ངམ། གསོལ་པ། བཤེས་གཉེན་དམ་པ། བྱང་ཆུབ་ཀྱི་སྙིང་པོ་ནི་བདག་ཅག་གིས་མ་མཐོང་བར་མཐོང་ལགས་སོ། །བཀའ་སྩལ་པ། ཇི་ལྟར་མ་མཐོང་མཐོང་བར་མཐོང་། གསོལ་པ། བྱང་ཆུབ་ཀྱི་སྙིང་པོ་མ་མཐོང་བར་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོར་མཐོང་ལགས་སོ། །བཀའ་སྩལ་པ། སྐྱེས་བུ་ཡེ་ཇི་བཞིན་པའི་དཀྱིལ་འཁོར། དམ་པ་ཐམས་ཅད་ཀྱི་རང་བཞིན་མཐོང་ངམ། གསོལ་པ། བཤེས་གཉེན་དམ་པ། ཐམས་ཅད་ཀྱི་རང་བཞིན་ནི་བདག་ཅག་གིས་མ་མཐོང་ལགས་སོ། །བཀའ་སྩལ་པ། ཅིའི་ཕྱིར་མ་མཐོང་། གསོལ་པ། མི་དམིགས་པའི་སླད་དུའོ། །བཀའ་སྩལ་པ། ཁྱེད་ཀྱི་ཐམས་ཅད་ཀྱི་རང་བཞིན་མ་མཐོང་ངམ། གསོལ་པ། བཤེས་གཉེན་དམ་པ། བདག་བདག་གིས་མཐོང་ལགས་སོ། །བཀའ་སྩལ་པ། སྐྱེས་བུ་དམ་པ་ཇི་ལྟར་མཐོང་། གསོལ་པ། ཐམས་ཅད་ཀྱི་རང་བཞིན་གང་ལགས་པ་དེ། མ་བཅོས། མ་བྱས། མ་བསླད། མ་བྱུང་། མ་སྐྱེས་པ། ཡེ་ཇི་བཞིན་པ་དེ་ཁོ་ན་ཉིད། ཡེ་ཇི་བཞིན་པའི་དཀྱིལ་འཁོར་དུ་མཐོང་ལགས་སོ། །བཀའ་སྩལ་པ། སངས་རྒྱས་མཐོང་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར། ངམ། གསོལ་པ། མ་མཐོང་ལགས་སོ། །བཀའ་སྩལ་པ། ཅིའི་ཕྱིར་མ་མཐོང་། གསོལ་པ། མི་དམིགས་པའི་སླད་དུའོ། །བཀའ་སྩལ་པ། མ་མཐོང་ངམ། གསོལ་པ། མཐོང་ལགས་སོ། །བཀའ་སྩལ་པ། ཇི་ལྟ་བུར་མཐོང་། གསོལ་པ། ཐམས་ཅད་དེ་བཞིན་ཉིད་དུ་སངས་རྒྱས་དེ་ཀུན་ལ་ཁྱབ་པའི་སླད་དུ། རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་མཐོང་ལགས་སོ། །བཀའ་སྩལ་པ། སེམས་ཅན་ཐམས་ཅད་མཐོང་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར། ངམ། གསོལ་པ། མ་མཐོང་ལགས་སོ། །བཀའ་སྩལ་པ། ཅིའི་ཕྱིར་མ་མཐོང་། གསོལ་པ། མི་དམིགས་པའི་སླད་དུའོ། །བཀའ་སྩལ་པ། མ་མཐོང་ངམ། གསོལ་པ། མཐོང་ལགས་སོ། །བཀའ་སྩལ་པ། ཇི་ལྟ་བུར་མཐོང་། གསོལ་པ། ཐམས་ཅད་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་མཐོང་ལགས་སོ། །ཞེས་འབྱུང་། དེ་ཉིད་ལས། མཐོང་དང་མ་མཐོང་སྣང་ལ་རང་བཞིན་མེད། །ཀུན་འདུས་གསང་བའི་དགོངས་སྤྱོད་ཟབ་མོ་ནི། །རང་བྱུང་རང་རིག་ལས་དང་པོ་པ་ནས་རང་རིག་པའི་མངོན་སུམ་དུ། མངོན་སུམ་སྣང་དུས་ན། །རང་བྱུང་ཡེ་ཤེས་དེ་ཉིད་མཐོང་ཞེས་བྱ། །ཞེས་འབྱུང་སྟེ། དོན་དེ་དག་དང་སྦྱར་ན། མཐོང་བ་ཆེད་དུ་བྱེད་ན། རྒྱུད་ལུང་གཉིས་སུ་གོལ་ཏེ། བདག་ཉིད་དུ་མ་ཤེས་པའི་སྐྱོན་ཡོད་པས་ཆོས་ལུགས་འདིར་ཆེད་དུ་མི་བྱེད་དེ། ཆེན་པོ་འདིར་དོན་མཐོང་བ་ཆེད་དུ་བྱར་མེད་པ་ཉིད་ཀྱི་ཕྱིར། ཐམས་ཅད་བདག་ཉིད་ཆེན་པོ་པས། མ་བཙལ་ཡང་མཐོང་བ་མེད་པར་རང་གསལ་བ་ཉིད་སྤྱན་གྱི་མཆོག་ཡིན་པས། དོན་དེ་ནི་རྒྱལ་བའི་དགོངས་པ་མངོན་དུ་ཕྱུང་བ་ཁོ་ནའོ། །དེ་ལྟ་བུ་ནི་མ་ཤེས། ལྟ་བའི་གདེངས་ནི་བྲལ། ཁུངས་སུ་བརྒྱུད་པའི་མན་ངག་ནི་མེད། འོག་མ་ལ་ལྕེ་སྦྱངས་པའི་གང་ཟག་ཁ་ཅིག །རང་རིག་པས་ཆོས་ཉིད་ཀྱི་ངོ་བོ་མ་སྐྱེས་སྟོང་པ་དེ་བཞིན་ཉིད་བྱ་བ་ལ་དམིགས་འཛིན་མེད་ལ་མི་རྟོགས་པས། ཡེ་ཤེས་ཀྱི་ཡུལ་ཡང་མེད། དམིགས་པའི་དུས་ན་གཉིས་སུ་མེད་དེ། དེ་ཁོ་ན་རྫོགས་པ་ཆེན་པོ་ཡིན་ཏེ། དེ་ལ་ནི་བྱ་བ་དང་མཐོང་བ་ནི་མེད་དོ། །ཞེས་སྨྲ་བའི་གང་ཟག་ནི། རྫོགས་ཆེན་དུ་ཁས་འཆེས་ནས་དབུ་མའི་བསམ་གཏན་ལ་རྟེན་འཆའ་བ་ཡིན། སྤྱི་བཅིངས་ལས་ཀྱང་། རྫོགས་ཆེན་བླ་ན་མེད་པར་ཁས་འཆེས་ནས། །སྟོན་མེན་བསམ་གཏན་ཙམ་ལ་རྟེན་འཆའ་བ། །རྒྱལ་པོའི་སྲས་འབངས་བབས་པ་ལུང་དང་འགལ། །དེས་རྒྱལ་པོའི་སྲས་དམ་པ་འབངས་སུ་བབས་པ་དང་འདྲ་སྟེ། ལུང་དང་ཡང་འགལ་ལོ། །ད་ནི་རང་གི་ལྟ་བ་འཁྲུལ་པ་རྫོགས་ཆེན་དུ་སྣང་བ་སྟེ། དེ་དཔེར་ན་མིག་ཨ་བ་ར་དང་ཚ་བའི་རིལ་གྱིས་བསྐྱོད་ན་གཟུགས་ཐ་དད་སྣང་བ་དང་འདྲ་སྟེ་མི་བདེན་ནོ། །རྨོངས་པ་དེ་དག་བློ་ཉིད་ཀྱི་རྗེས་སུ་འབྲང་ཞིང་ཁོང་བཅོལ་ལོ། །འོ་ན་རྫོགས་བྱ་རུ་མེད་ན། པ་ཆེན་པོ་བྱ་བ་དང་བྲལ་བའི་ཐེག་པའི་དོན་ལ་དགོངས་པ་ཅི་ཡོད་ཅེས་དྲིས་ན། འདི་ནི་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ། རྩོལ་བའི་ལས་ཐམས་ཅད་ཀྱི་གཉེན་པོ་ཡིན་ཏེ། ཐབས་དང་ལམ་གང་ནས་བསྒྲུབས་ཀྱང་། འདི་མ་རྟོགས་པར་སངས་མི་རྒྱ་བས། སངས་རྒྱས་པར་བྱ་བ་དང་། ལས་རིལ་ལ་དོན་ཆེན་པོ་ཡོད་པར་བྱ་བའི་ཕྱིར་ཏེ། ཇི་ལྟ་ཞེ་ན། ཨ་ནུ་ཡོ་ག་ཡན་ཆད་ད་དུང་མཉམ་པའི་དོན་ལ་སྒོ་ཕུགས་འབྱེད། འདྲིས་གོམས་སུ་བྱེད། དོན་རྟགས་ཀྱིས་མཚོན་ནས། རྩོལ་དོན་མངོན་དུ་བྱེད་པ་དང་མ་བྲལ་བས། དེ་བཞིན་མི་མཐོང་སྟེ། དཔེར་ན་རྒྱ་མཚོ་རྙོགས་དང་རླབས་གཡོ། རྙོག་མ་ལྡང་། མ་རྙོགས་ན་རང་དྭངས་ནས་གཟུགས་བརྙན་ཐམས་ཅད་སྣང་བ་ལ་བཙལ་མི་དགོས། དེ་ལྟར་གཉིས་རྟོག་སྐྱེ་མཆེད་བྱས་པའི་ཞེན་པ་ལྡང་། འོག་མས་བཙལ་བས་སླར་མ་ཕྲད་དེ། ངོ་བོ་མི་གཡོ་བ་དང་མ་མཐུན་དེ་གོལ། ནོ། །ལུགས་ཆེན་པོ་འདིར་བྱ་བ་མེད་པ་ཉིད་ཀྱིས་ཕེབས་པས། ཕྱི་མོའི་སངས་རྒྱས་མ་བཙལ་བར་སྣང་བའི་ཕྱིར། རྒྱལ་བ་རྒྱུད་དག་པར་སྦྱངས་པ་མན་ཆད་ནས། མནར་མེད་པའི་དམྱལ་བ་ཡན་ཆད་ཀྱི་དོན་འདིས་མཐར་འབྱིན་ཏོ། །དེས་ན་རྒྱལ་བ་ཐམས་ཅད་འདིའི་དོན་གོ་ནས་སངས་རྒྱས་པའི། རྨད་དུ་བྱུང་བ་ལས། རྨད་བྱུང་བྱང་ཆུབ་སེམས་འདི་ཡིས། །རྡོ་རྗེ་སེམས་དཔའ་བདག་ཉིད་ཀྱང་། །རྡོ་རྗེ་གདན་ལ་ཡང་སངས་རྒྱས། །ཞེས་འབྱུང་། རྡོ་ལ་གསེར་ཞུན་ལས་ཀྱང་། བདེ་གཤེགས་མ་ལུས་ཡུམ་དུ་གྱུར་པས་རྒྱལ་བ་ཀུན་གྱི་ལམ་གཅིག་གོ། །ཚུལ་ཁྲིམས་ལ་སོགས་ཕ་རོལ་ཕྱིན་ལམ་སྤྱོད་པ་རྒྱ་མཚོའི་གཞིར་གྱུར་པ། །ཇི་སྙེད་འཕགས་པའི་རྣམ་གྲོལ་ཆོས་སུ་བསྙད་པ་དེ་དག་ཐམས་ཅད་ཀྱང་། །བྱང་ཆུབ་སེམས་ཉིད་རྫོགས་ལས་དེ་ཡི་ཡོན་ཏན་དེ་དག་དེ་ལས་བྱུང་། །འཕགས་པའི་རིགས་ཆེན་འཆི་མེད་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་། །དེ་མེད་མི་འགྲུབ་དེ་ཕྱིར་རྣམ་གྲོལ་མཆོག་གི་ལམ་ཉིད་དོ། །ཞེས་འབྱུང་། རྣལ་འབྱོར་གྲུབ་པའི་ལུང་ལས། སྙིང་པོ་བྱང་ཆུབ་ཀུན་ཡུལ་ལ། །མ་སྤྲོས་དེ་བཞིན་ལྷན་ནེ་བའོ། །ཞེས་འབྱུང་། ཐིག་ལེ་དྲུག་པ་ལས། ཇི་སྙེད་རྣམ་གྲོལ་ལམ་དུ་བསྙད་པ་དང་། །བདེ་གཤེགས་ཡུམ་དུ་གྱུར་ཅིང་ཀུན་གྱི་མཚུངས་པའི་ལམ། །དེ་མེད་མི་འབྱུང་དེ་ཕྱིར་རྣམ་གྲོལ་མཆོག་གི་ལམ་ཉིད་དོ། །ཞེས་འབྱུང་། རྨད་དུ་བྱུང་བ་ལས། བྱང་ཆུབ་སེམས་ནི་མ་ཡིན་པའི། །ཁམས་གསུམ་གནས་པའི་སེམས་ཅན་ལ། །ཕན་པའི་སྨན་ནི་གཞན་མེད་དེ། །བྱང་ཆུབ་སེམས་ཀྱི་དོན་རིག་ན། །འཁོར་བའི་ཆོས་ནི་རྒྱུ་མེད་དེ། །མྱུར་དུ་བྱང་ཆུབ་ཀུན་གྱིས་ཐོབ། །ཅེས་འབྱུང་། ཁྱུང་ཆེན་ལྡིང་བ་ལས། མི་གཡོ་རང་ལམ་པས་བྱས་པ་ལ། བཞིན་གནས་པའི་སྨན་ཆེན་མ་བྱས་ན། །མཐོ་རིས་བགྲོད་པའི་རྒྱུ་དེས་ཉོན་མོངས་ཟིན་པར་འགྱུར། །ཞེས་འབྱུང་བས། ལམ་འདི་མེད་ན་རྒྱལ་བ་ཡང་མི་འབྱུང་། ལམ་རྣམས་ཀྱང་རྩོལ་གྲུབ་ཀྱི་ཁྲི་མུན་ནས་མ་ཐར། འགྲོ་བ་རྣམས་ཀྱང་འཁོར་བའི་རྒྱ་མཚོ་བསྐམས་པའི་དུས་མེད་པས། དེ་དག་བདེ་བ་ལ་བྱ་བ་མེད་པས། མ་བཀོད་པར་བཀོད་པའི་ཕྱིར། ལམ་འདི་བརྟེན་པར་བྱ་དགོས་སོ། །ཐབས་དེ་ལྟ་བུས་མཇལ་བ་མེད་པར་འཇལ་བའི་ལྟ་བ་ནི། རྟོགས་པ་མེད་པའི་རྟོགས་པ་ཆེན་པོ་སྟེ། དེ་ནི་སྤྱིར་གཅིག་འབུ་ཏ་ཀུག་ཏའི་བཞེད། ལས་ཀྱང་མེད། བསམ་ལས་བསྒྲངས་ན། ཀྱང་འདས་ན། རེ་ཞིག་དགེ་བའི་བཤེས་གཉེན་གྱི་བཞེད་གཞུང་འགའ་སྒྲ་སོ་སོར་ཕྱེ་བ། འདིར་བསྟན་ཏེ། ལུགས་མི་མཐུན་པ་ནི། ཇི་སྐད་བསྟན་བྱང་ཆུབ་སེམས་ཀྱི་མཚན་དང་ཡོན་ཏན་ཐ་དད་པ་ལྟར་སྣང་བ་ལ། ཀྱང་ངོ་བོ་འདྲ་བ་རྒྱུས། ལ། ལ་ལས་ནི་གཟའ་གཏད་བི་མ་མི་ཏྲ་ཨོ་རྒྱན་མ་ཧཱ་རཱ་ཙའི་བཞེད། བྲལ་བར་བསྟན། དེ་བཞིན་དུ་ལྷུན་གྱིས་གྲུབ་དགའ་རབ་རྡོ་རྗེའི་བཞེད། པར་ལྟ་བ་དང་། བདག་ཉིད་བཻ་རོ་ཙ་ནའི་བཞེད། ཆེན་པོར་ལྟ་ཆེ་བ་ལྔ། བ་དང་། དགེ་སློང་མ་ཀུན་དགའ་མའི་བཞེད། རང་བྱུང་གི་ཡེ་ཤེས་སུ་ལྟ་རྒྱུ་རྐྱེན་བྲལ་བ། བ་དང་། བྱ་བཙལ་ཟིན། དང་བྲལ་བར་ལྟ་བ་དང་། བདེ་བ་ཆེན་ཤྲཱི་སེང་དང་ཀུ་ཀུ་རཱ་ཙའི་བཞེད། པོར་ལྟ་ཡུལ་ཤེས་པ། བ་དང་། གཉིས་སུ་མེད་པར་ལྟ་འཇམ་དཔལ་བཤེས་གཉེན་གྱི་བཞེད། བ་དང་། ཐིག་ལེ་ཆེན་པོར་ལྟ་སྲས་ཐུ་བོ་རཱ་ཙ་ཧ་ཏའི་བཞེད། བ་དང་། མཐའ་རྒྱལ་པོ་འདའ་ཧེ་ན་ཏ་ལོ་དང་དགའ་རབ་རྡོ་རྗེའི་བཞེད། རིལ་མ་སྤངས་བྲལ་བའི་རང་ལུགས་ཆེན་པོར་ལྟ་བའོ། །དེ་ལ་གཟའ་གཏད་ཨོ་རྒྱན་མ་ཧཱ་ར་ཙ་དང་བི་མ་མི་ཏྲའི་བཞེད། དང་བྲལ་བའི་ལྟ་བ་ཡང་། ནོར་མ་ནོར་བའི་ལུགས་དང་། དེ་ལྟར་མ་རྟོགས་གོལ་བའི་སྐྱོན་བཤད་པའོ། །དེ་ལ་དོན་མ་གཉིས་སུ་མེད་པའི་གཏན་ཚིགས་ཀྱིས་དེ་ལའང་ལུང་དང་མན་ངག་རིགས་པ་གསུམ། ནོར་བ་ནི། སངས་རྒྱས་སེམས་ཅན་འཁོར་བ་དང་མྱ་ངན་ལས་འདས་པ་རིལ་ཀྱང་ཐ་སྙད་ཀྱི་བླ་ཆགས་ཙམ་སྟེ། ངོ་བོ་སྣ་ཚོགས་སྣང་ལ་གནས་པ་མེད་པ། རང་བྱུང་བའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཐམས་ཅད་ངང་ཉིད་ཀྱིས་མ་བསལ་བྲལ་བ་ལ། བྱང་ཆུབ་ལོགས་ཤིག་ནས་གཉེར་བར་བྱ་བའི་བཟའ་བ་དང་། དོན་རིག་པས་གསལ་བྱར་འདོད་པའི་གཟའ་བའང་མེད་པས། གཅིག་གི་རང་བཞིན་ལ་དམིགས་གཏད་ག་ལ་ཡོད་དེ་མེད་དོ། །འདི་ནི་གཟའ་གཏད་གསལ་བ་ལས་བྱུང་བ་མ་ཡིན་ཏེ། ཡེ་ཉིད་གཟའ་གཏད་མེད་དེ་ཞེས་བྱ་བའི་མིང་ཙམ་དུ་ཡང་བསྙད་དུ་མེད་པ་ལ་དོན་དེ་ཉིད་ཀྱང་བདག་ཡིན་པས། ཆེད་དུ་གཉེར་དུ་མེད་དེ། དཔེར་ན་ཉི་མས་སྲིན་བུའི་འོད་མི་ཚོལ་བ་དང་འདྲའོ། །དེ་ཡང་ཁྱུང་ཆེན་ལས། བདུད་རྩི་ཆེན་པོའི་རང་བཞིན་ལ། །བཟའ་བའི་ཐབས་ལ་རགས་པ་མེད། །ཅེས་པ་དང་། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཀུན་འདུས་ལས། སྙིང་པོ་བྱང་ཆུབ་མཆོག་འདི་ཡིན་ཤེས་ན། །གཟའ་ཞིང་གཏད་པའི་ཡུལ་ནི་ག་ལ་ཡོད། །བྱར་མེད་རྫོགས་པའི་ངང་དུ་རབ་རྟོགས་ན། །གང་ལྟར་གཟའ་ཞིང་བགྲོད་ཀྱང་ཡུལ་ལས་འདས། །ཞེས་འབྱུང་བས། གཟའ་བ་མེད་པའི་དོན་ལ་གདེངས་ཆུད་ན། གཟའ་བའི་བྱེད་སྤྱོད་ཅི་བྱས་ཀྱང་། བྱེད་པ་མི་འགོག་བྱས་པ་མེད་པས། གཟའ་གཏད་ཀྱི་སྤྱོད་ཡུལ་ལས་གྲོལ་ཏེ། བྱང་ཆུབ་སེམས་ཏིག་ལས། གཟའ་བའི་ཡུལ་མེད་རྩོལ་བའི་དབང་པོས་སྟོང་། །ཞེས་འབྱུང་ངོ་། །དེ་དག་ལ་སོགས་པ་རྒྱ་ཆེར་འབྱུང་སྟེ། དེ་ཇི་སྐད་བསྟན་ཀྱང་གཟའ་གཏད་ནི་དམིགས་པ་སྟེ། འདིར་གཟའ་གཏད་མེད་པ་མི་དམིགས་པའི་དོན་ཉིད་བློ་ལ་གནས་པ་བྱར་མེད་པས། མན་ངག་ལས། མཚན་མ་མེད་པ་ལ་ཡང་མི་གནས་ན། །མཚན་མར་མི་གནས་སྨོས་ཅི་དགོས། །ཞེས་འབྱུང་། བསམ་པ་གང་ལའང་གནས་པར་བྱར་མེད་པ་ལ་གཅད་ཉིད་བསྒོམ་པ་ཡང་མིན་ནོ། །དོ། །གཟའ་གཏད་མེད་པའི་དོན་མ་མཐོང་བའི་སྐྱོན་ནི། མདོངས་པ་དག་མངོན་དུ་བྱེད་ཅིང་འབྲས་ཆུ་ཚོལ་བ་ནི། དོན་དང་འབྲས་བུ་བདག་ཉིད་ཡིན་པར་མ་ཤེས་པ་སྟེ། དེ་ནི་རི་དྭགས་སྨིག་རྒྱུ་སྙེགས་པ་དང་འདྲ་སྟེ་ཚི་ཆད་དོ། །དེ་ཡང་། རྨད་དུ་བྱུང་བ་ལས། བྱང་ཆུབ་འདོད་པ་དེ་ལ་བྱང་ཆུབ་མེད། །ས་དང་རྣམ་པར་བྱང་ཆུབ་མཆོག་ལ་རིང་། །རྒྱུ་འདྲའི་ཆོས་ཉིད་གང་གིས་ཤེས་གྱུར་པ། །དེ་ནི་བྱང་ཆུབ་སེམས་བདག་ཡིན་པར་ངེས། །བྱང་ཆུབ་སྙིང་པོར་བདག་འཇུག་པས། །ཐོབ་པ་མེད་ཅིང་སྤངས་པ་མེད། །སངས་རྒྱས་རྣམས་ཀྱི་བྱང་ཆུབ་ནི། །ཐ་སྙད་ཡིན་ཏེ་དོན་དུ་མིན། །ཞེས་གསུངས་པས། གཟའ་བ་འཁྲུལ་ལ་འདིར་གཟའ་བའང་མེད་དོ། །ཁྱུང་ཆེན་ལྡིང་པ་ལས། ལམ་མེད་ལམ་དུ་འཇུག་པ་ལམ་གྱི་ནད་ཆེན་ཡིན། །ཕྱིན་པར་འདོད་པར་རི་དྭགས་སྨིག་རྒྱུ་སྙེགས་པ་འདྲ། །རྙེད་པའི་ཡུལ་མེད་འཇིག་རྟེན་གསུམ་ལས་ཡོངས་མི་འབྱུང་། །ས་བཅུར་ལྟོས་པའི་གནས་ཀྱང་བྱང་ཆུབ་སྒྲིབ་པ་ཡིན། །ཞེས་འབྱུང་། ནམ་མཁའ་ཆེ་ལས། གོང་ནས་གོང་དུ་ཚངས་པའི་ལམ། །བྱ་བྲལ་ཆོས་དང་མཐུན་པ་མིན། །ཅི་སྟེ་ལམ་གྱི་བགྲོད་གྱུར་ན། །ནམ་མཁའི་མཐའ་བཞིན་ཐུག་པ་མེད། །ཅེས་འབྱུང་བས། གཟའ་ཞིང་བགྲོད་པ་འཁྲུལ་ལོ། །དེས་ན་སྐབས་འདིར་ཀློང་ལས། ཇི་བཞིན་མ་བཅོས་བྱང་ཆུབ་སེམས་ཉིད་ལ། །གཟའ་གཏད་བཅས་ནས་བསྒོམ་དུ་མེད་པ་ནི། །བཅོམ་ལྡན་ཀུན་ཏུ་བཟང་པོས་མཁྱེན་ཏེ་གསུངས། །ཞེས་འབྱུང་བས། དེ་ལྟར་ངེས་པ་རྙེད་པ་བྱའོ། །དེ་ལ་དགའ་རབ་རྡོ་རྗེ་དང་རང་བཞིན་དང་བདག་ཉིད་ཆེན་པོའི་གཏན་ཚིགས་ཀྱིས། ལྷུན་གྱིས་གྲུབ་པའི་ངང་ཆེན་པོར་བ་ནི། སྐྱོན་དང་། དོན་གཉིས་ཏེ། དེ་ལ་དོན་མ་ནོར་བ་ནི། སངས་རྒྱས་དང་། སེམས་ཅན་དང་། དེའི་སྤྱོད་ཡུལ་རིལ་གྱི་རང་བཞིན་གྱི་ངོ་བོ་ཉིད་ནི། ཡོང་ཡེ་གདོད་མ་མེད་པ་ནས་ཐ་མ་མེད་པར་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ངང་ཆེན་པོའི་རང་བཞིན་དུ་ལྷག་མ་མེད་པར་སངས་རྒྱས་སོ། །དེའི་མཚན་ཉིད་ཅི་འདྲ་ཞེ་ན། དཔེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་བསོད་ནམས་ཆུང་ངམ་དེ་ལ་སྤྱོད་པའི་དབང་གིས་ཇི་ལྟར་བསམ་པར་སྣང་ན་དེ་ནང་ན་ཡོད་ཅེས་བྱའམ། ཕྱི་ན་ཡོད་དམ། བར་ན་ཡོད་དམ། གང་ནའང་མེད་དམ། གསུམ་ཀ་ན་ཡོད་དོ་ཞེའམ། སྣང་བ་དེ་དག་ཀྱང་འདྲེས་ནས་ཅི་ལ་སྣང་ཞེའམ། སོ་སོ་ན་ཡོད་ཅེས་བརྟག་ཅིང་བསྟན་པའམ། སྨྲ་བར་ཡང་དཀའ་ན། དགོས་འདོད་ཅིར་ཡང་སྣང་ངོ་། །དེ་ལྟར་ལྷུན་གྱིས་གྲུབ་པའི་ངང་ཆེན་པོའི་ཆོས་ཉིད་ཀྱང་ཡོན་ཏན་གྱིས་ཆོས་ཐམས་ཅད་ཀྱིས་བཞག་ཀྱང་། གཅིག་ཅེའམ། དུ་མ་ཞེའམ་ཡོན་ཏན་གྱི་བྱིན་རླབས་དེ་དག་ཕྱོགས་མཚམས་འདི་ན་ཡོད་ཅེས་བརྟག་ཅིང་བསྟན་པར་དཀའ་ཡང་བྱིན་རླབས་ཆེན་པོ་རང་སྣང་བ་ལ་རྒྱུན་ཆད་མེད་དོ། །དེར་མ་ཟད་རིན་པོ་ཆེའི་ངོ་བོ་དེ་ཡང་། དཔེ་ཉེ་བར་བཟུང་བ་ཡང་། རྣལ་འབྱོར་གྲུབ་པའི་ལུང་ལས། རྣམ་པར་མི་རྟོག་པ་བྱ་བ་མེད་པ་དང་། འདོད་པ་འབྱུང་བ་དང་། དགོས་པ་ཚང་བ་དང་། རེ་བ་སྐོང་བ་དང་། རྒྱུན་མི་འཆད་པ་དང་། དགའ་བ་བསྐྱེད་པ་དང་། མི་ཟད་པ་དང་། བདེ་བ་ལ་འགོད་པ་དང་། ཐམས་ཅད་དུ་གྲུབ་པ་དང་། ཐོགས་པ་མེད་པ་དང་། མི་སྐྱོ་བ་དང་། རབ་ཏུ་སྦྱིན་པ་དང་། དགོས་པ་འགྲུབ་པ་སྟེ། ལང་ཀའི་བདག་པོ། ཆོས་དེ་དག་ཕྱོགས་ཙམ་དུ་མཐུན་ཀྱང་རང་རིག་པའི་དཔེར་ནི་ཕྱོགས་མེད་དེ། ཞེས་པ་དང་སྦྱར་ན། བདེ་བ་ཆེན་པོ་ལྷུན་གྱིས་གྲུབ་པའི་ངང་ནི་དུས་གསུམ་དུས་མེད་པར་སྤྱོད་ཡུལ་ཐམས་ཅད་དང་བྲལ་བས། བརྟག་པ་པོ་དང་། རྟོག་པའི་ཡུལ་མེད་པས། མི་རྟོག་པ་ཆེན་པོ་ཡང་ཡིན། ལམ་པ་དང་གདུལ་བྱའི་རིལ་གྱིས་དོན་བྱ་བ་དང་། དགོས་པའི་རེ་བ་ཡང་སྐོང་། ཇི་ལྟར་བསམ་པའི་དངོས་གྲུབ་ཀྱི་འདོད་པ་ཡང་འབྱུང་། དངོས་གྲུབ་ནི་རབ་འབྲིང་ཐམས་ཅད་ལྷག་མ་མེད་པར་རྫོགས་པ་ཡང་མངའ། དུས་འདིའི་ཚེ་འབྱུང་དུས་འདིའི་ཚེ་མི་འབྱུང་བྱ་བ་ཡང་མེད། གདུལ་བྱ་དགའ་བ་བསྐྱེད་པ་དང་། ཡོན་ཏན་མི་ཟད་པ་དང་། ལམ་པ་རིལ་ཡང་དག་པའི་བདེ་བ་ལ་འགོད་པ་དང་། དུས་ཐམས་ཅད་དུ་གཞན་གྱི་མཛད་པ་ལ་རིལ་གྲུབ་པ་དང་། གང་དུ་དངོས་པོ་ཟིན་ཆགས། ཐོགས་པ་མེད་པ་སྣང་བ་དང་། དོན་མཛད་པ་ལ་བསྐྱར་མི་དགོས་པ་དང་། བསམ་པ་མཐུན་ལམ་པ་དང་འགྲོ་བ་རིལ་གྱིས། པར་འདོད་པ་རབ་ཏུ་སྟེར་ཇི་སྙེད་པར་ཤར་དུ་གྲུབ་པས། བ་དང་། དགོངས་བསམ་རིལ་འགྲུབ་པར་བྱེད་དེ། ཅི་ཡང་འབྱུང་འཁོར་བ་དང་མྱ་ངན་ལས་འདས་པར་འགྲོ་འོང་མེད་པར། བ་རྒྱུན་ཆད་མེད་དེ། དེ་ཉིད་ལས། ཡང་། ཡོན་ཏན་རྒྱུན་དང་བཅས་པའོ། །མཛད་པ་རྒྱུན་དང་བཅས་པའོ། །ཞེས་པ་ལ་སོགས་པ་གསུངས་སོ། །ངང་གི་དོན་ནི་མཚན་ཉིད་ཀྱང་བསྟན་དུ་མེད་པ། ཐམས་ཅད་ཀྱང་མ་བཀོལ་བར་ཁྱབ་པའོ། །བློ་རེག་དཀའ་བ། གང་དང་ཡང་ལྷན་མི་གཅིག་པའོ། །དེའི་ཕྱིར་ལྷུན་གྱིས་གྲུབ་པའི་ངང་ཞེས་བླ་དྭགས་སུ་བརྗོད་དོ། །དེ་ཡང་འཕྲལ་དུ་རྒྱལ་བས་མཛད་པའམ། ལམ་པས་བརྟགས་པའམ། ཕྱྭ་འམ། དབང་ཕྱུག་ལྟ་བུས་བྱས་པ་མ་ཡིན་ཏེ། ཡེ་ལྷུན་གྱིས་གྲུབ་པའོ། །ཁུ་བྱུག་ལས། ཟིན་པས་རྩོལ་བས་ནད་སྤངས་ཏེ། །ལྷུན་གྱིས་གནས་པས་བཞག་པ་ཡིན། །ཞེས་འབྱུང་བས། འབྲས་བུ་ཡེ་ནས་གྲུབ་ཟིན་པ་ལ། བཙལ་དུ་མེད་པར་བསྟན་ཏེ། ལམ་དང་འབྲས་བུ་ཐམས་ཅད་ཀྱང་། ཡེ་ཤེས་ཆེན་པོ་ལ་མ་བཙལ་བར་རྫོགས་པས། ནམ་མཁའ་ཆེ་ལས། ཡིད་ཀྱི་བསམ་པས་ཡོན་བདག་སྟེ། །བལྟས་པས་སྟོབས་ནི་བཀྲམ་པའོ། །མཐོང་བར་གྱུར་པ་དངོས་གྲུབ་ལ། །དེ་ཉིད་མཉམ་བཞག་རྫོགས་པའོ། །ཞེས་འབྱུང་། སྲོག་གི་འཁོར་ལོ་ལས། སྡེ་སྣོད་རྒྱུད་དང་གལ་པོ་ཐུགས་ལ་རྫོགས། །ཞེས་འབྱུང་། རྩེ་མོ་བྱུང་རྒྱལ་ལས། གང་ཡང་མ་ཡིན་སྣ་ཚོགས་ཆོས་ཀྱི་དབྱིངས། །ཤེས་པ་རིག་ཅན་བྱང་ཆུབ་སྙིང་པོ་ནི། །གཉིས་མེད་དོན་རྟོགས་ཐབས་ཆེན་རྣལ་འབྱོར་པའི། །ཡེ་ཤེས་རྣམ་དག་ལྷུན་སྦྱོར་གྲུབ་པའི་མཐའ། །རེ་དོགས་མེད་པ་དབྱིངས་ལ་དབྱིངས་ཉིད་གསལ། །ཞེས་པའི་དོན་གྱིས། འཁོར་བ་དང་མྱ་ངན་ལས་འདས་པ་གཉི་ག་ལྷུན་གྱིས་གྲུབ་པའི་ངོ་བོ་ལ། རེ་དོགས་ཀྱང་མེད་པར་བསྟན་ཏོ། །རིན་པོ་ཆེ་ཀུན་འདུས་ལས། བཀོལ་བ་མེད་དེ་ཀུན་གྱི་རེ་སྐོང་བའི། །མཉམ་ཉིད་ངང་རྟོགས་ཐེག་ཆེན་འདི་དག་ནི། །ཀུན་ལ་ཁྱབ་ཅིང་མ་རྫོགས་ཆོས་འགའ་འང་མེད། །ཅེས་འབྱུང་བའི་དོན་གྱིས་ཀྱང་། ལྷུན་གྱིས་རྫོགས་པའི་རིག་པ་ལ་ཡོན་ཏན་དང་། བྱིན་རླབས་མ་བཙལ་བར་རང་བྱུང་ཞིང་། ཐམས་ཅད་ཀྱི་བདག་ཉིད་པར་བསྟན་པས་བསལ་ཐོབ་མེད་པར་གསུངས། བདེ་འབྱམས་ལས་ཀྱང་། དབྱེར་མེད་ལྷུན་རྫོགས་ཐིག་ལེ་དབྱིངས་ཉིད་ཚེ། །བསྐྱེད་པ་མི་མངའ་ཡེ་ནས་རིན་པོ་ཆེ། །བྱ་བ་མེད་པས་ལྷུན་རྫོགས་ཐིག་ལེ་ཆེ། །ཞེས་འབྱུང་། ཡང་། འགྱུར་བ་མེད་པས་བལ་ནག་བཞིན། །བརྟགས་ན་བལ་ནག་ཉིད་ཀྱི་དབྱིངས། །ལྷུན་གྱིས་གནས་པས་གོ་འཕང་གཅོད། །ཅེས་འབྱུང་། སྤྱི་གཅོད་ལས། འདི་གཞན་གདོད་ན་མེད་པ་ཡི། །ལྷུན་གྱིས་རྫོགས་པའི་ངང་ཉིད་ལ། །འཆི་འཕོ་འགྱུར་བའི་དུས་མེད་དེ། །མི་འགྱུར་བརྟན་པས་གསེར་བཞིན་ནོ། །ཞེས་འབྱུང་བས། མི་འགྱུར་ཞིང་བཙལ་མི་དགོས་པའི་ངང་ཉིད་དུ་བསྟན། རྨད་དུ་བྱུང་བ་ལས་ཀྱང་། སེམས་དཔའ་ཆེན་པོ། རྒྱལ་བའི་རྒྱལ་བ་རྣམས་ཀྱི་སྐུ། །སྣ་ཚོགས་ཅིར་ཡང་སྣང་མོད་ཀྱང་། །ཀུན་ཏུ་རིན་ཆེན་ལྟ་བུ་སྟེ། །ཞེས་པ་དང་། སྐུའི་ཁ་དོག་ཅིར་ཡང་སྣང་ཞིང་ཅིར་ཡང་རོལ་པ་ནི། རིན་པོ་ཆེ་དང་འདྲ་སྟེ། རིན་པོ་ཆེ་ཁ་དོག་དཀར་པོ་ཡང་རིན་པོ་ཆེ། དམར་པོ་དང་། སེར་པོ་དང་། ལྗང་གུ་ལ་སོགས་པ་ཁ་དོག་ཅི་འདྲ་བ་ཡང་རིན་པོ་ཆེ་ཉིད་ཡིན་ནོ། །འདི་ནི་རིན་པོ་ཆེ་ཡིན། འདི་ནི་རིན་པོ་ཆེ་མིན་པ་ནི་མ་ཡིན་ནོ། །དེ་བཞིན་དུ་རྒྱལ་བ་རྣམས་ཀྱི་སྐུ་ཡང་ཁ་དོག་དང་དབྱིབས་འདི་ནི་རྒྱལ་བའི་སྐུ་ཡིན། འདི་ནི་སྐུ་མ་ཡིན་པ་མེད་པའོ། །ཞེས་འབྱུང་། དེ་ནི་ཡོན་ཏན་རིལ་རྫོགས་ཏེ། དངོས་པོ་ཉིད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡིན་ནོ། །དེ་ལྟ་བུའི་དོན་སྐལ་བ་དང་ལྡན་པའི་བུས་རྟོགས་པར་བྱར་མེད་པའི་ཚུལ་གྱིས་རྟོགས། རིག་པ་མེད་པའི་ཚུལ་གྱིས་ན། ཡེ་ཉིད་དེ་ལྟར་ཡིན་པས། བདག་གི་སྤྱོད་ཡུལ་རིལ་དོན་དེ་རྙེད་པ་ཙམ་གྱིས་ལྷུན་རྫོགས་ཀྱི་རིན་པོ་ཆེ་ཉིད་དུ་གསལ་བར་འགྱུར། དེ་ཉིད་ལས། ཁམས་གསུམ་རིན་ཆེན་རྙེད་པའི་མི། །ཇི་ལྟར་འདོད་པ་བཞིན་དུ་འགྲུབ། །ཁམས་འདི་ཡིད་བཞིན་ཉིད་དུ་འགྱུར། །ཞེས་འབྱུང་སྟེ། མིན་པ་ལས་ཡིན་པར་གྱུར་པ་ལྟ་བུ་ནི་མ་ཡིན་ཏེ། ཡིན་པའི་དོན་རང་ཤར་བ་ལ་བྱའོ། །དེ་ལྟ་བས་ན་ད་འཕྲལ་དུ་ཚོགས་བསགས་ཅིང་བཙལ་དུ་ཡང་མེད་ལ། ཅི་བྱས་ཅི་སྤྱད་ཀྱང་གྲོན་ཚོགས་སུ་འགྱུར་བ་མེད་པའི་ཕྱིར། བྱང་ཆུབ་སེམས་ཉིད་བྱང་ཆུབ་ཉིད། །ཚོགས་རྣམས་མ་བསགས་ཅིག་ཅར་རྫོགས། །རང་གི་སྙིང་པོར་རང་བསྔགས་པས། །བསྒྲུབ་པའི་སྙིང་པོ་ཆུད་མི་ཟ། །རང་གི་སྙིང་པོར་རང་བྱས་པས། །བསམ་ན་ལྷུན་གྱིས་གྲུབ་པའི་སྐུ། །ཞེས་འབྱུང་བས། དོན་དེ་དང་ལྡན་ན་གདོན་མི་ཟའོ། །དེ་ཡང་དེ་ཉིད་ལས། བྱང་ཆུབ་སེམས་ཀྱི་བྱས་པ་རྣམས། །དགེ་ཚུལ་དཔག་བསམ་ལྗོན་ཤིང་བཞིན། །རྟག་ཏུ་བྱང་ཆུབ་བདེ་བ་ཡིས། །བྱང་ཆུབ་མཆོག་གི་སྙིང་པོར་འགྱུར། །ཞེས་འབྱུང་ངོ་། །དོན་དེ་དག་ལ་སོགས་པ་རྒྱ་ཆེར་འབྱུང་ངོ་། །འོན་ཏང་བདག་གཞན་ལྷུན་གྱིས་ཡེ་གྲུབ་པ་ལ། དེ་ལ་སུ་ཡིས་དམིགས་ཤིང་གང་ལ་བལྟ་སྟེ། ཅིར་ཡང་ལྟ་བསམ་དོན་དུ་གཉེར་བ་མེད་ན་ལྷུན་གྲུབ་མཐོང་བས་ལྟ་བ་མ་ནོར་བ་ཀ་དག་གོ། །དེ་ལྟར་རང་གསལ་བ་ཁོ་ན་བསྒོམ་པའོ། །དེ་ལྟ་བུ་མ་རྟོགས་པའི་སྐྱོན་ནི། དུས་ལྔ་བརྒྱ་ལ་ཐག་ཉེ་བའི་གང་ཟག་ཆོས་ཕུལ་དུ་གསོལ་པ་རབས་གཅིག་གིས། དེ་ལྟར་ཡིན་ཡང་གཞི་ལ་ཐལ་བས་ཕན་མེད་དེ། ཉམས་སུ་བླངས་པའི་ཐབས་དམིགས་པའི་མན་ངག་བདེ་མོ་ཡོད་ཅེས་ཟེར་བ་དག་ནི། དང་རེའི་ལྡེ་མིག་གི་བང་མཛོད་ཀྱི་ཐ་རམ་འབྱེད་དུ་འགྲོ་བ་ཡང་འདྲ་སྟེ། དམིགས་འཛིན་གྱི་མན་ངག་གིས་ལྷུན་གྲུབ་ཏུ་རེ་བ་གོལ་ཏེ། དེས་ན་འདི་མ་རྟོགས་ན་ཐར་པའི་ཐབས་མེད་དེ་རྩོལ་བའི་ཁ་འཁོར་རོ། །དེ་ཡང་ནམ་མཁའི་རྒྱལ་པོ་ལས། ཡེ་ནས་ལྷུན་གྱིས་གྲུབ་པའི་ཐབས་ཆེན་ལ། །རྒྱུ་བཅོས་སྤྱོད་པ་ཐབས་ཆེན་མ་ཡིན་ཏེ། །རྒྱུ་འཆང་ཐབས་ཀྱི་སྤྱོད་དང་མ་བྲལ་ན། །མི་རྟོག་ཐབས་ཆེན་དེ་ཡིས་ཅི་ཞིག་བྱ། །ཞེས་འབྱུང་བས་ཤིན་ཏུ་གོལ་བར་མངོན་ནོ། །དེ་ལ་ལྷག་པའི་རྣལ་འབྱོར་ཆེན་པོའི་ལྟ་བ། བདག་ཉིད་ཆེན་པོར་བཻ་རོ་ཙ་ནའི་བཞེད། ལྟ་བ་ཡང་དོན་མ་ནོར་བ་དང་། དོན་མ་རྟོགས་གོལ་བའོ། །དེ་ལ་དོན་མ་ནོར་བདག་ཉིད་ཆེན་པོ་ཀུན་འདུས་པའི་གཏན་ཚིགས་ལ་གསུམ་རིགས། བ་ནི་གང་ཞེ་ན། བདག་དང་གཞན་གྱིས་བསྡུས་པའི་ཆོས་མ་ལུས་པ་དང་། བདག་དང་བདག་ཏུ་སྣང་བ་ཐམས་ཅད་མ་བསྒྱུར་མ་སླད་པར་ཡེ་ནས་རང་རིག་པ་མི་གནས་པའི་ཡེ་ཤེས་ཀྱི་བདག་ཉིད་དུ་རང་གསལ་བ་ལ་བདག་ཉིད་ཆེན་པོ་ཞེས་བྱ་བའི་ཐ་སྙད་ཀྱིས་ཀྱང་མི་ཐོགས་ཏེ། ཡེ་ཚིག་དང་ཡི་གེས་བརྗོད་པའི་ཐ་སྙད་ལས་འདས་སོ། །འོ་ན་ཚིག་ཏུ་བཏགས་པའི་དགོས་པ་དེ་རང་མེད་དམ་ཞེ་ན། ཐེག་པ་ཆེན་པོ་ལ་མོས་པའི་གང་ཟག་གསར་བུ་རྣམས་ལམ་གཞན་དུ་ཞེན་པ་དང་། འབྲས་བུ་གཞན་དུ་རེ་བ་དག་བཟློག་པའི་ཕྱིར་རང་དག་པར་བྱ་བའི་ཐ་སྙད། ཏེ། ངོ་བོ་ལ་བདག་གཞན་གྱི་སྒྲོ་སྐུར་ངང་གིས་མེད་དེ། དེས་ན་བདག་ཉིད་ཆེན་པོའི་ངང་ལ་གཞན་པའི་ཆོས་མ་བཀོལ་བར་བདག་ཉིད་ཀྱི་སྣུབས་པའོ། །དེ་ཅིའི་ཕྱིར་ཞེ་ན། སྤྱི་བཅིངས་ལས། བདག་ནི་ཡོད་དོ། །གཞན་ནི་མེད་དོ། །བདག་གཞན་ཆེན་པོ་ལྷུན་གྱིས་གྲུབ་པས་ཡོད་དོ། །ཀུན་ཏུ་བཟང་པོའི་ངང་དུ་གཅིག་པས་གཞན་མེད་དེ། ཞེས་བྱ་བའི་དོན་གྱིས། བདག་གཞན་དུ་སྣང་འཛིན་ངང་གིས་དག་པ་ལ། ང་མེད་པའི་ང་ཆེན་པོ་ནི་བདག་ཉིད་ཆེན་པོའོ། །དེ་ཡང་བདག་དོན་དུ་འབྲས་བུ་བསྒྲུབ་ཏུ་མེད་པ་དང་། ལམ་གཞན་བཙལ་དུ་མེད་པའི་ཕྱིར་བདག་ཉིད་ཆེན་པོར་བརྗོད་པ་ནི། གལ་ཏེའང་འབྲས་བུ་སངས་རྒྱས་བྱ་བའི་ངོ་བོ་ཞིག་བདག་ལས་གཞན་དུ་མེད་པས། རྣལ་འབྱོར་གྲུབ་པའི་ལུང་ཆེན་པོ་ལས་བཀའ་སྩལ་པ། སྐྱེས་བུ་དམ་པ་དག །བྱང་ཆུབ་ཀྱི་སྙིང་པོ་དེ་ཇི་ལྟར་བསྒྲུབ། གསོལ་པ། བསྒྲུབ་ཏུ་མ་མཆིས་ལགས་སོ། །བཀའ་སྩལ་པ། ཇི་ལྟར་བསྒྲུབ་ཏུ་མེད། གསོལ་པ། ཡེ་ནས་གྲུབ་པ་ཉིད་ཀྱི་སླད་དུའོ། །བཀའ་སྩལ་པ། དེ་ཡེ་ནས་ཇི་ལྟར་གྲུབ། གསོལ་པ། གཞན་ནས་མི་འབྱུང་བ་དང་། རང་ལས་འབྱུང་བ་དང་། བྱ་རྩོལ་མེད་པ་དང་། རང་བྱུང་བའི་ཕྱིར། ཡེ་ཉམས་སུ་ལོན་པར་ངེས་པའོ། །ཞེས་འབྱུང་། དེ་བས་ན་བསྒྲུབ་ཅིང་བཙལ་མི་དགོས་པའི་ཕྱིར་རོ། །ལྟ་བ་ཆོས་ཉིད་སྤྲིན་ལས་ཀྱང་། །འཁྲུལ་པ་ལས་བྱུང་སེམས་ཅན་དང་། །རྟོགས་པ་ལས་བྱུང་སངས་རྒྱས་རྣམས། །དེ་དག་བདག་གི་ངོ་བོ་བས། །ཐམས་ཅད་མ་ལུས་བདག་ལ་འདུས། །ཞེས་འབྱུང་སྟེ། དེ་ཡང་གཞན་ཡོད་པ་གཅིག་བདག་ཏུ་འདུས་པ་མ་ཡིན་ནོ། །ནམ་མཁའ་ཆེ་ལས་ཀྱང་། གང་དང་གང་གི་གང་དུ་ཡང་། །ཀུན་འཁོལ་ཀུན་སྤྱོད་བདག་ལ་འབྱུང་། །ཞེས་པས། སྣང་ན་སྣང་དུ་ཟད་དེ་ཐམས་ཅད་དུ་བདག་ཉིད་ཆེན་པོ་རང་སྣང་སྟེ། བདག་ཉིད་ལ་བདག་ཉིད་ལོངས་སྤྱོད་པར་ཟད་དོ། །ཡང་། ནམ་མཁའ་བཞིན་དེ་མཐའ་མཉམ་ཞིང་། །གཞན་ལ་ལྟོས་འགྱུར་ཆོས་མ་ཡིན། །མཚུངས་པ་མེད་པའི་ཡེ་ཤེས་ཀྱིས། །རང་གི་མཐུ་ཡིས་རིག་པ་ལས། །ཆོས་ནི་གཞན་ནས་འབྱུང་མི་འགྱུར། །ཞེས་པས། བདག་ཉིད་ཆེན་པོའི་ཡེ་ཤེས་ལས་ལམ་དང་འབྲས་བུ་གཞན་མེད་པར་བསྟན། འཕྲ་བཀོད་ལས། བདག་ཉིད་ཆེན་པོ་ཀུན་འདུས་དཔལ། །ཀུན་ནས་འདུས་པ་སྲོག་གི་མཆོག །ཅེས་འབྱུང་། རྩེ་མོ་བྱུང་རྒྱལ་ལས། རྒྱལ་བའི་ཚོགས་ཀུན་འདུས་པའི་གཙོ་བོ་སྟེ། །ཕྱི་ནང་གསང་བ་དཀྱིལ་འཁོར་ཀུན་གྱི་བདག །ཅེས་འབྱུང་། བདེ་འབྱམས་ལས། སྨོན་དུ་མེད་པས་རང་ལ་རྫོགས། །ཐ་སྙད་མེད་པས་རྣལ་འབྱོར་བདག །ཅེས་འབྱུང་། རྗེ་བཙུན་དམ་པ་ལས། ཤིན་ཏུ་རྣལ་འབྱོར་ལྷ་ཡི་ལྷ། །རྣལ་འབྱོར་ལས་ཀྱང་རྣལ་འབྱོར་མཆོག །འཕགས་པ་ལས་ཀྱང་འཕགས་པས་ན། །རྡོ་རྗེ་རྒྱལ་བ་ཀུན་གྱི་མེས། །རྗེ་བཙན་དམ་པ་ཀུན་ཏུ་བཟང་། །ཞེས་འབྱུང་བས། ཐམས་ཅད་ཀྱི་བདག་ཉིད་ཆེན་པོ་རྒྱལ་བ་རིལ་གྱི་སྤྱི་མེས། ཐེག་པའི་འབྱུང་གནས་སུ་གསུངས། དེ་ལྟ་བུར་སངས་རྒྱས་པའི་དོན་རྟོགས་པར་བྱར་མེད་པས་མཇལ་བའི་སྐྱེས་བུ་ཆེན་པོ་ནི། རིག་པ་ཡེ་སངས་རྒྱས་པ་ལ་རྒྱལ་བ་རིལ་རྫོགས་པས་ཉིད་ཤ་ཅན་ནོ། །རྨད་བྱུང་ལས། བྱང་ཆུབ་སེམས་ཀྱི་དོན་རྟོགས་པས། །སངས་རྒྱས་ཀུན་གྱི་ཉིད་ཤ་ཅན། །ང་ནི་སངས་རྒྱས་ཀུན་གྱི་དུར། །དུར་ཁྲོད་ཆེན་པོ་ང་བདག་ཡིན། །ཞེས་འབྱུང་སྟེ། རྒྱལ་བ་རིལ་འདུས་ཤིང་འབྱུང་བའི་ཕྱིར་རོ། །བདག་ཉིད་ཆེན་པོ་ལ་ཟླ་མེད་པས། ང་རྒྱལ་ཆེན་པོ་མངའ་བ་དང་། གཉེན་པོ་མེད་པ་དང་། ཡོན་ཏན་གྱི་བདག་ཉིད་པས་ང་རྒྱལ་ཆེན་པོ་སྟེ། ང་ཞེས་ཀྱང་བླ་དྭགས་སུ་བརྗོད་དོ། །འོ་ན་བདག་ཉིད་ཆེན་པོ་ཐམས་ཅད་ཀྱི་འབྱུང་གནས་ཡིན་ནོ་ཞེས་པ་དེ། དེ་ཇི་ལྟར་ཡིན་ན། བརྟགས་སྣང་ཐམས་ཅད་བཟང་རྟོག་ངན་རྟོག་སྣང་བའི་གློ་བུར་བ་ཡིན་ལ། བདག་ཉིད་ཆེན་པོ་ནི་སུས་ཀྱང་མ་བརྟགས་པས་སྣང་བ་མེད་པའི་ཕྱིར། ཐམས་ཅད་ཀྱི་ཡང་སྔོན་དུ་བྱུང་ཞེས་གནས་པས་རིལ་དེ་ལས་ཤར་ཀྱང་ཐོགས་པ་མེད་དོ། །དེ་ཉིད་ལས། སེམས་དཔའ་ཆེན་པོ། བསྐལ་པ་འབུམ་ཕྲག་འབུམ་སྔོན་དུ། །ང་ཉིད་གཅིག་པུ་སྔོན་དུ་བྱུང་། །འབྱུང་བ་ལས་ཀྱང་ང་སྔར་བྱུང་། །སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས། །ང་ལ་བྱུང་བ་དེ་ཡི་ཕྱིར། །སེམས་དཔའ་ཆེན་པོའི་ཐུགས་ཉིད་ནི། །ང་ཡི་བྱིན་རླབས་ཆེན་པོ་པས། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །རྣལ་འབྱོར་ཆེན་པོ་ཀུན་འདུས་པས། །འོད་ཟེར་མངོན་སུམ་ཉིད་བཞིན་ཤར། །ཞེས་འབྱུང་། དོན་འདི་མ་རིག་པར་རིག་ན། བདག་ཉིད་བདག་ཉིད་ཆེན་པོའི་ཕྱིར་འབྲས་བུ་སངས་རྒྱས་ཀྱི་ས་ལ་རྟེན་མི་འཆའ་སྟེ། དེ་ཉིད་ལས། དོན་འདི་རིག་པའི་རྣལ་འབྱོར་པ། །སངས་རྒྱས་ས་ལ་མི་གནས་ཏེ། །ཐམས་ཅད་ས་ཉིད་ང་ཡི་ཐུགས། །སེམས་ཅན་ཐམས་ཅད་ང་ལས་སྐྱེས། །ཞེས་འབྱུང་། ཡང་དེ་ཉིད་ལས། མགྱོགས་པས་དུས་མཐའ་མེད་པར་བྲོས་པས་ཀྱང་། །ངའི་ཆོས་ཉིད་དབྱིངས་ལས་གར་མ་ཕྱིན། །ཡོད་མེད་སྟོང་ལས་འདས་པ་ང་ལ་ཐུད། །ཅེས་འབྱུང་བས། བྱང་ཆུབ་སེམས་མཐའ་ལས་གྲོལ་བ་ང་རྟོགས་པར་གྱིས་ཤིག་པའོ། །ཡང་། ཀུན་གྱི་སྐུ་མཆོག་ཡེ་ཤེས་ཞལ་གདངས་པས། །རྨོངས་འཁྲུག་དངོས་ལྟ་གཏི་མུག་ལ། །འདོད་པའི་སྙིང་གི་ཁྲག་ཆེན་མང་པོ་ཡི། །ཀུན་གཞི་གཏན་ནས་ཕུང་བྱེད་ང་ལ་ཐུད། །ཅེས་པས། ཉོན་མོངས་དང་བག་ཆགས་ཐམས་ཅད་མ་སྤངས་འཇོམས་པར་བྱེད་པ་ཡང་བདག་ཉིད་ཆེན་པོའོ། །དེ་དག་ལ་སོགས་པ་གསུངས་པའི་རྗེས་ལ། ཡང་། གཤིན་རྗེའི་འདི་ན་ལྷ་མི་འགའ་ཙམ་གསོད་བྱེད་པ། གསོད་པས་འཇིགས་སུ་རུང་ཞེས་ཀུན་སྦག་ཀྱང་། །གཡོ་དང་མི་གཡོ་ཐམས་ཅད་ཀུན་གསོལ་བའི། །འཇིགས་བྱེད་ང་ལྟ་བུ་ལ་ཇི་སྐད་བྱ། །སངས་རྒྱས་ཐམས་ཅད་གསོལ་ཡང་ང་ལ་ཞོས། །ད་རུང་འགྲོ་ཀུན་གསོལ་བྱེད་སྒྲིབས་ཤིང་སྐྱེས་སམ་ང་ལ་ཐུད། །རང་རིག་གཤེགས་བྱེད་སྲས་མང་སྤེལ་མཛད་མ། །འདའ་དཀའ་ང་ལྟ་བུ་ལ་ཀུན་བཟང་ཇི་སྐད་བྱ། །ཞེས་འབྱུང་བས། རིལ་དེར་བྱུང་ཐེབས་ཀྱང་། བྲི་ཏ་ཙམ་དུ་སངས་རྒྱས་ནི་རྟོགས་པ་མངོན་སུམ་དུ་བྱས་ཏེ་མཇལ་ཟིན་པས། བདག་ཉིད་ཆེན་པོ་ཉིད་དུ་གྱུར་ཀྱང་ཟིན་པས་གསོལ་ཟིན་ལ། སེམས་ཅན་ཡང་འདིར་མཐར་འབྱིན་པར་བྱེད་པས་ད་རུང་གསོལ་ཞེས་བསྟན་ཡང་ངོ་བོ་ལ་དེར་མ་ལུས་པ་མེད་དོ། །དེས་ན་འདི་ནི་རྒྱལ་བ་རིལ་གྱི་ཡུམ་ཡང་ཡིན་ནོ། །ཡང་། དཀྱིལ་འཁོར་དཀྱིལ་འཁོར་ཞེས་བྱ་བ། །རྫོགས་པའི་དཀྱིལ་འཁོར་བདག་ལ་འདུས། །ཞེས་འབྱུང་། དེ་ལྟ་བུ་རང་བྱུང་གི་ཡེ་ཤེས་བདག་ཉིད་ཆེན་པོ་ནི། རྒྱུ་རྐྱེན་མ་སྤངས་ལ་མ་བསྐྱེད་པར། ཐམས་ཅད་དུ་ཡང་རང་སྣང་ལ་གནས་པ་མེད་དེ། རྡོ་རྗེ་བཀོད་པ་ལས་ཀྱང་། སེམས་ལས་ཡང་དག་ཡེ་ཤེས་འབྱུང་། །དེ་བཞིན་ཞེས་ཐ་སྙད་འདོགས་ཀྱི་དོན་དུ་རང་སྣང་ངོ་། །བདེ་དང་སྡུག་བསྔལ་འབྱུང་། །ཆོས་དང་སངས་རྒྱས་ཡེ་ཤེས་འབྱུང་། །དགེ་འདུན་ཡང་ནི་དེ་བཞིན་ནོ། །འདི་ལས་ཕ་རོལ་ཕྱིན་སོགས་དང་། །བྱང་ཆུབ་དང་ནི་པདྨོ་འབྱུང་། །ཞེས་པ་ནས། དེ་བཞིན་སྤྱོད་དང་མི་སྤྱོད་ཀུན། །ཐམས་ཅད་ཐམས་ཅད་འབྱུང་བར་འགྱུར། །ཞེས་འབྱུང་ངོ་། །དེ་ལྟ་བུའི་བདག་ཉིད་ཆེན་པོར་རིག་པ་ནི། རང་བཞིན་དུ་སླད་ངང་དུ་ཕེབས་པས་རིག་པ་དང་ཉིད་དུ་གསལ་བ་ལ་ཆེ་བ་ལྔ་དང་ལྡན་ཏེ། མ་ལུས་ལུས་པ་མེད་པའི་ཆོས་འབྱུང་བ་ལྔ་དང་ལྔས་བསྡུས་པའི་ཆོས་ཐམས་ཅད་བདག་ཉིད་ཆེན་པོའི་ངོ་བོ་ཟླུམས་པ་ལས་མུ་མཐའ་མེད་པར་ཆོས་ཀྱི་དབྱིངས་སུ་སངས་རྒྱས་པའི་ཆེ་བའོ། །དེ་ཉིད་ལས། མཐའ་དང་ལས་སྒྲིབ་རིལ་ངང་གིས་དག་པས་ཆོས་ཀྱི་དབྱིངས་སུ་རང་དག་པའི་ཕྱིར་ན་འབྱུང་བ་ཆེན་པོ་ལྔར་སྣང་བ་ཡང་། རང་རིག་པའི་མངོན་སུམ་དུ་ཡེ་ཤེས་ཆེན་པོར་བྱུང་ཐེབས་པ་ནི་མངོན་དུ་སངས་རྒྱས་པའི་ཆེ་ས་དེའི་ཆོ་འཕྲུལ་ཡང་རྒྱལ་པོའི་སྤྱོད་པའོ། །བའོ། །བདག་ཉིད་ཆེན་པོར་སངས་རྒྱས་པའི་ཆེ་བ་ནི། རང་རིག་པ་བདག་ཉིད་ཆེན་པོ་ཡེ་ཤེས་ལ་རྫོགས་པའི་ཕྱིར་རོ། །དེ་ཡིན་པའི་སངས་རྒྱས་པའི་ཆེ་བ་ནི། འབྱུང་བ་ལྔ་ཡེ་ནས་རིགས་ལྔར་མ་བཙལ་ལྷུན་གྱིས་གྲུབ་པའི་ཕྱིར། སངས་རྒྱས་བྱ་བ་ཡང་དངོས་པོའི་ཆོས་འདི་ཉིད་ཀྱི་རང་བཞིན་ཡིན་པའོ། །ཐམས་ཅད་ནས་ཐམས་ཅད་དུ་སངས་རྒྱས་པ་མེད་པའི་ཆེ་བ་ནི། ཡེ་ཉིད་སྟོང་པ་ཆེན་པོ་བྱང་ཆུབ་སེམས་ཀྱི་བདག་ཉིད་ལ། སངས་རྒྱས་ཞེས་བྱ་བའི་ཐ་སྙད་ཙམ་ཡང་གྲོལ་བའི་ཕྱིར། དེ་ཡང་རྣལ་འབྱོར་གྲུབ་པའི་ལུང་ལས། གང་དག་དབྱིངས་སུ་སངས་རྒྱས་པ། །ཆེན་པོ་ལྔར་སྣང་དག་འདི་དག །འབྱུང་བ་རྒྱུན་གྱི་བཅོམ་ལྡན་འདས། །ཐུགས་རྗེ་རྟགས་པའི་སངས་རྒྱས་དེ། །རང་བཞིན་ཀུན་ལ་ཁྱབ་པར་གནས། །ཇི་ལྟར་འདོད་དང་འདོད་པར་སྣང་། །རང་བཞིན་སྟོང་པས་མཇལ་བར་སྟོན། །མངོན་པའི་སངས་རྒྱས་བྱ་བ་ནི། །མཁའ་དབྱིངས་ཀུན་ཏུ་མུ་མེད་དབྱིངས། །ཁམས་གསུམ་དངོས་དང་དངོས་མེད་ཀུན། །ཕྱོགས་མཚམས་ཀུན་གྱི་ལུས་དང་གནས། །ཀུན་གྱི་གོ་སྐབས་སྟོང་ཡོད་གནས། །ཞེས་པའི་ཚིག་ཚན་ལྔ་འབྱུང་ངོ་། །བདག་ཉིད་ཆེན་པོའི་སངས་རྒྱས་པ་ནི། །ཀུན་ཤོང་ཡེལ་འཕྱོ་ཀུན་ཏུ་བཟང་། །ཀུན་ཐེག་ལྷུན་སྡུག་ཡེ་ཤེས་གཟུགས། །ཀུན་སྡུད་མཉམ་སྦྱོར་ཏིང་ངེ་འཛིན། །སྒྲིབ་སེལ་ལྷག་མཐོང་ཤེས་རབ་འབར། །ཐོགས་མེད་མ་རྨོངས་ཤེས་བྱ་རྫོགས། །དེ་ཉིད་ཡིན་པའི་སངས་རྒྱས་ནི། །ནམ་མཁའ་རྣམ་པར་སྣང་བར་མཛད། །ས་ནི་མི་གཡོ་རྡོ་རྗེ་འཛིན། །མེ་ནི་རིན་ཆེན་འབྱུང་བར་ལྡན། །ཆུ་ཉིད་མཉེན་གསལ་སྣང་མཐའ་ཡས། །རླུང་ནི་གོ་བྱེད་གདོན་མི་ཟ། །གང་འདིར་སངས་རྒྱས་མེད་པ་ནི། །ཐམས་ཅད་སྟོང་པར་ཡེ་སངས་ཏེ། །དེ་ཁྱབ་མ་འདྲེས་སངས་རྒྱས་ཉིད། །མ་བཅོས་ཡེ་ནས་སངས་རྒྱས་པ། །འབྱུང་བ་ཆེན་པོ་བཅོམ་ལྡན་འདས། །ཞེས་འབྱུང་། ནམ་མཁའ་ཆེ་ལྕགས་འགྲེལ་ལས། སྙིང་པོ་བྱང་ཆུབ་ལ་དགོངས་པར་འགྲེལ་ཏེ། ཆེ་བ་ལྔ་དང་ལྡན་པར་བཞུགས་སོ། །ཞེས་འབྱུང་བས། ཁྱད་པར་དུ་འཕགས་སོ། །དེ་ལྟ་བུའི་བདག་ཉིད་ཆེན་པོ་ལ། བལྟ་བྱ་ལྟ་བྱེད་ལས་གྲོལ་ཏེ། ཅིར་ཡང་དམིགས་གཏད་མེད་པ་ནི་ལྟ་བའི་མཆོག་གོ། །དེ་ལྟ་བུའི་དོན་མ་མཐོང་བའི་ཉེན་ནི། དུས་དེང་སང་གི་གང་ཟག་དམིགས་པ་ཅན་རབས་གཅིག །ཐམས་ཅད་བདག་ཡིན་ན་བསྒྲུབ་ཅི་དགོས། དེ་སྐད་བྱ་བ་ནི་རང་བཞིན་ཏེ། དེ་བཞིན་གཤེགས་པའི་དགོངས་པའོ། །གང་ཟག་གིས་དེ་མཐོང་དུ་མི་རུང་བས། །བསྒྲུབ་དགོས་ཏེ་རྩོལ་བས་འབད་ན། སངས་རྒྱའོ་ཞེས་རང་ཉམས་ངན་པས་སྨྲ་བ་ཁ་ཅིག་འཁར་ལན་སྤངས་ལ་ཕུབ་སྟེ་ཚི་ཆད་དོ། །དེ་ཅིའི་ཕྱིར། སངས་རྒྱས་བདག་ཡིན་པ་ལ། གཞན་ནས་རེ་བ་རྙེད་པའི་དུས་མེད་པའི་ཕྱིར་རོ། །ཁྱུང་ཆེན་ལས། ཡེ་ནས་སངས་རྒྱས་བདག་ཉིད་མངོན་སུམ་གནས་པ་ལ། །གྲིབ་མ་གཟུགས་ཀྱི་དཔེ་བཞིན་དེ་ལ་རྟོག་པ་འབྱུང་། །ཞེས་པས། སླར་ཉོན་མོངས་པའི་གཞིར་འགྱུར་རོ། །རྩེ་མོ་བྱུང་རྒྱལ་ལས། ཡེ་ནས་བདག་ཉིད་སངས་རྒྱས་མངོན་སུམ་ན། །གང་ནས་སངས་རྒྱས་སུ་ལ་གསོལ་བ་འདེབས། །འཁྲུལ་འཁོར་ཉམ་ཐག་རི་དྭགས་སྨིག་རྒྱུ་སྙེགས་པ་འདྲ། །ཞེས་གསུངས་སོ། །དེས་ན་སྐལ་པ་དང་ལྡན་པའི་བུ་དག་གིས་བཙལ་བྱ་མེད་པ་ཉིད་ཀྱིས་མཇལ་བར་བྱེད་པའི་ཐབས་ཆེན་པོ་ནི། མཉེས་པས་ཕོག་པར་བྱས་ཏེ་ཞུས་ལ་སྙིང་དང་འདྲ་བར་བཅའ་འོ། །དེ་ལ་དགེ་སློང་མ་ཀུན་དགའ་མའི། རང་བྱུང་གི་ཡེ་ཤེས་སུ་ལྟ་བའི་ལུགས་ནི་སྐྱེ་འཇིག་རིག་པ། གིས་དངོས་པོ་རང་གི་ལོ་རྒྱུས་ཀྱི་གཏན་ཚིགས་ཀྱིས། བསྡུད་པའི་ཆོས་ཐམས་ཅད་ཀྱང་གདོད་མ་ནས་རང་བྱུང་གི་ཡེ་ཤེས་རྒྱུ་རྐྱེན་ངང་གིས་བྲལ་བའི་ངོ་བོར་སངས་རྒྱས་པའི་ཕྱི་ནང་མེད་པར་ནམ་མཁའི་འོད་བཞིན་ཡེ་ཤེས་ཆེན་པོར་རང་གསལ་ལོ། །དེ་ཡང་ཡོན་ཏན་བཅུ་ལས། ས་དང་ཆུ་དང་མེ་དང་རླུང་། །དེ་བཞིན་འཇིག་རྟེན་སྣོད་བཅུད་ཀྱང་། །ཀུན་ཀྱང་རང་བཞིན་ཡེ་ཤེས་དབྱིངས། །དེ་ལས་མ་གཏོགས་ཡེ་ཤེས་མེད། །ཅེས་འབྱུང་། དེ་ལྟ་བུའི་ཡེ་ཤེས་ཆེན་པོ་ནི་ངང་གིས་སྤྱོད་ཡུལ་བྲལ་བས་ལྟ་བ་པོའི་རྟོགས་འཛིན་ཡེ་མེད་དོ། །དཔེར་ན་ནམ་མཁའ་ལ་ནམ་མཁའ་མི་རྟོག་མི་འཛིན་པ་བཞིན་ནོ། །ཁྱུང་ཁྱུང་ནི། ཆེན་ལས། རང་བྱུང་ཡེ་ཤེས་མི་རྟོག་ཀུན་ཏུ་ཇི་བཞིན་གནས། །ཞེས་འབྱུང་། ཡོན་ཏན་བཅུ་ལས། བརྗོད་པར་ལྟ་བ་བྱ་བ་མེད། །ལྟ་བ་མེད་པའི་ལྟ་བ་ནི། །འདི་ནི་ལྟ་བའི་དམ་པ་ཁོ་ནའོ། །ཞེས་པ་དང་། ནམ་མཁའི་རྒྱལ་པོ་ལས། དབང་པོ་རང་གི་བློ་མེད་སྤྱོད་ཡུལ་བྲལ། །ཞེས་པས། ཡུལ་མི་དམིགས་སོ། །དེའི་མཚན་ཉིད་ནི་གཞད་ཆུད་པའི་མན་ངག་ཏུ། ཡོད་མེད་རྟག་ཆད་ཉིད་མཚན་མ་འགྲོ་འོང་གང་ཡང་མ་བཀོལ་ལ་བྲལ་བས། འདི་འདྲར་བརྗོད་དུ་མེད་པའོ། །ཁྱུང་ཆེན་ལས། རང་བྱུང་ཡེ་ཤེས་ཉིད་ཀྱང་ཚིག་གི་མཐའ་དང་བྲལ། །ཞེས་འབྱུང་། དེ་ཉིད་བདག་ཉིད་ཡིན་ན་ཅི་ལ་དམིགས་ཤིང་ཅི་མཐོང་སྟེ། ཅིར་ཡང་མི་རྟོག་གོ། །དེ་ཉིད་ལས། རང་བྱུང་ཡུལ་ལ་ཀུན་ཏུ་ཇི་བཞིན་གནས། །ངོ་མཚར་མཐོང་བའི་ཡུལ་མེད་དེ་ལ་མཐོང་བའི་མིག །གང་ལ་ཐོས་པར་མི་རིགས་བསྙད་པ་ཀུན་དང་བྲལ། །ཞེས་འབྱུང་། འོ་ན་རྒྱུ་རྐྱེན་སྣ་ཚོགས་སུ་སྐྱེས་པ་འདི་ཅི་ཉེས། མངོན་སུམ་གྱི་ཚད་མར་ཡང་འདུག་ན་ཞེས་དྲིས་ན། ལན་གསོལ་པ། རྒྱུ་རྐྱེན་གྱི་ངོ་བོ་ཉིད་རྟོགས་དང་རྒྱུ་རྐྱེན་ཉིད་ཉི་མ་དང་ཟེར་བཞིན་རང་བྱུང་ཡེ་ཤེས་པས་སྤང་དུ་མེད། རྒྱུ་རྐྱེན་ལས་སྐྱེས་སོ། །དེ་ཙམ་ངོ་བོ་ཉིད་གང་དུ་ཡང་སྐྱེས་པ་མེད་པས་ཡེ་ཤེས་རྡོ་རྗེ། ནམ་མཁའ་ཆེ་ལུང་གི། ལས། རྒྱུ་ཉིད་རྡོ་རྗེ་ལས། རྐྱེན་ཀྱང་དེ། དང་འདྲ། འོ། །མ་སྐྱེས་པས་ན་འཇིགས་པ་མེད། །ཅེས་གསུངས་སོ། །ནམ་མཁའ་རྒྱལ་པོ་ལས། ཡིད་བཞིན་ཡེ་ཤེས་དབྱིངས་ཀྱི་མཐའ་ཀླས་པས། །སྣང་མེད་བརྗོད་ལས་འདས་པའོ། །ཞེས་འབྱུང་། དེ་ལྟ་བུའི་ཡེ་ཤེས་ཆེན་པོ་ནི་མཐའ་མེད་ཅེས་ཏེ། ཉི་ཚེ་བའི་སྟོང་པ་མ་ཡིན་པའི་ཕྱིར། བདེ་བ་འཕྲ་བཀོད་ལས། ཆུ་ཤིང་རུལ་བའི་སྙིང་པོ་ལྟར། །གཏན་དུ་མེད་པ་མ་ཡིན་ཏེ། །སུརྱའི་འོད་དང་ཙན་དྲ་བཞིན། །དངོས་པོ་མེད་ལས་སྙིང་པོ་འབྱུང་། །ཞེས་པའི་དོན་གྱིས། ཡོན་ཏན་གྱི་ཚོགས་མ་བཙལ་བར་རང་འཆར་རོ། །དེ་ནི་རིལ་ལ་བླུམས་ཤིང་ཁྱབ་པས། རྨད་དུ་བྱུང་བ་ནི་ལུང་ལས། ངའི་བྱང་ཆུབ་སེམས་འཕྲ་ཞིང་ཟག་པ་མེད་པ། ས་བོན་བྲལ་བ། རྡུལ་མེད་པ། རྡུལ་དང་བྲལ་བས་དྲི་མ་མེད་པ། བདེ་བར་གཤེགས་པ་དང་སེམས་ཅན་ཐམས་ཅད་ལ་གནས་པ་ཡིན་ནོ། །ཞེས་འབྱུང་ངོ་། །དོན་འདི་ལྟ་བུ་ལ་རིག་པ་གཏིང་ཁེལ་ན། སྤྱོད་ཡུལ་ངན་པར་སྣང་བ་འདི་ཉིད། སངས་རྒྱས་ཀྱི་ས་སྟེ་རྟོགས་པའི་ཡོན་ཏན་ཆེན་པོའོ། །དེ་ཡང་དེ་ཉིད་ལས། དཔེར་ན་བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བའི་དོན་རྟོགས་པ་ནི། མཆོང་དང་མཆིང་བུའི་རི། ནོར་བུའི་རི། ནོར་བུ་ཆེ་བ་ཡང་བཻ་ཌཱུརྱ་ལུག་ཤིག་ཙམ་གྱི་འོད་ཀྱིས། རི་དེ་རིལ་དང་ནོར་བུའི་རི་དེ་ཀུན་བཻ་ཌཱུརྱར་མངོན་ནོ། །དེ་དང་འདྲ་བར་བྱང་ཆུབ་སེམས་སྟོང་སྤྱི་ཕུད་ཡེ་ཤེས་མཁའ་ལ་རོལ་པ་འདི་ནི་རྨད་དུ་བྱུང་བ་སྟེ། ཁམས་གསུམ་རིལ་ཡང་རིན་པོ་ཆེར་མཐོང་ལ། སྲིད་པ་གསུམ་ཡང་རིན་པོ་ཆེར་འགྱུར་པ་ལ་བྱའོ། །དེ་ལྟ་བུའི་ངེས་པའི་གདེངས་མེད་པས་ཡེ་ཤེས་ཡུལ་ལ་སྐྱེ་ཞིང་གསལ་བར་འདོད་པས་ཡེ་ཤེས་ཀྱི་དོན་ཅི་གསལ་དུ་རྩོལ་བ་བྱེད་པ་ནི་འཁྲུལ་ཏེ། རང་བྱུང་གི་ཡེ་ཤེས་ཀྱིས་རང་བྱུང་གི་ཡེ་ཤེས་ཚོལ་བ་ནི། དཔེར་སྨན་ཉིད་སྨན་པ་གཉེར་བ་དང་འདྲ་སྟེ། སྡུག་བསྔལ་གྱི་དྲྭ་བར་ཆུད་དོ། །ནམ་མཁའ་ཆེ་ལས། བྱིས་པས་བསླད་པས་འཁྲུལ་པའི་ཕྱིན། །སྨན་ཉིད་སྨན་པ་ཚོལ་བ་བཞིན། །ཅེས་འབྱུང་ངོ་། །དེ་ལ་བྱ་བཙལ་འབུ་ཏ་ཀུག་ཏའི། དང་བྲལ་བར་འདོད་པའང་འདི་ལྟར་བཞེད་དེ། ཟིན་པའི་གཏན་ཚིགས། ལྷག་པའི་རྣལ་འབྱོར་ཆེན་པོའི་ལུགས་ཀྱིས། སྣོད་ཀྱི་འཇིག་རྟེན་མ་བཅོས་པའི་གཞལ་ཡས་ཁང་། བཅུད་ཀྱི་འཇིག་རྟེན་འགྲོ་དྲུག་རང་བྱུང་རྡོ་རྗེ་འོད་ཀྱིས་སངས་རྒྱས། ཁམས་གསུམ་སྐུ་གསུང་ཐུགས་ཀྱི་བདག་ཉིད་ལ་ཉོན་མོངས་པ་ཆོས་ཉིད་དུ་བསྐྱལ་བསྟབ། སྡུག་བསྔལ་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། སྒྲིབ་པ་ཡེ་ཤེས་སུ་རང་འབར། སྐྱེ་ཤི་གཡུང་དྲུང་ཚེར་གྱུར། རྒས་རྒུད་འཕོ་འགྱུར་མེད་པའི་ངོ་བོར་ཡེ་སངས་རྒྱས་པ་ལ། དེ་འཕྲལ་དུ་བཙལ་དུ་ཅི་ཡོད། དེ་ལྟ་བུའི་དོན་ནི་སེམས་ཅན་སངས་རྒྱས་སུ་བཀོད་པས། འགྲོ་དོན་ཡེ་ནས་བྱས་ཟིན། རང་འབྱུང་དེ་བཞིན་ཉིད་ལ་རྒྱལ་བ་རིལ་མ་འདྲེས་ལ་ཡོངས་སུ་རྫོགས་པས། དཀྱིལ་འཁོར་ཡེ་ནས་བཀོད་ཟིན། སྟོང་གསུམ་ཡོངས་གྲོལ་གྱི་རང་བཞིན་པས། མཆོད་པ་ཡེ་ནས་ཕུལ་ཟིན། ཅི་བྱས་སངས་རྒྱས་ཀྱི་མཛད་པ་སྟེ་ཀུན་ཏུ་བཟང་པོའི་མཛད་པར་མ་གྱུར་པ་མེད་པས་སྤྱོད་པ་ཡེ་ནས་སྤྱད་ཟིན། ཐམས་ཅད་ཡེ་ཤེས་ཆེན་པོར་འཛིན་རྟོག་མེད་པར་རང་གསལ་བས་ལྟ་བས་རྟོགས་ཟིན། བདེ་བ་ཆེན་པོའི་ངང་ལ་དུས་གསུམ་དུ་འབྱུང་འཇུག་བྲལ་བས། བསྒོམ་པ་བྱས་ཟིན། ཇི་ལྟར་བྱས་ཀྱང་ཐིག་ལེ་ཆེན་པོ་ལ་འདའ་བ་མེད་པས་དམ་ཚིག་བསྲུངས་ཟིན། ལྷུན་གྱིས་རྫོགས་པས་དོན་གཞན་དུ་མ་ལུས་པས། བསྒྲུབ་པ་བྱས་ཟིན། སྣང་སྲིད་སྐུ་དང་ཡེ་ཤེས་སུ་རང་ཤར་བས་དངོས་གྲུབ་ཐོབ་ཟིན། སྐུ་གསུམ་བྱང་ཆུབ་སེམས་ཉིད་པས་ཚོགས་རྫོགས་ཟིན། དུས་གསུམ་མཉམ་པ་ཉིད་ཀྱི་རླུང་ལས་མ་ཉམས་པས་དངོས་གྲུབ་རྩམས་ཟིན། རང་བྱུང་ཡེ་ཤེས་རྒྱལ་པོ་བགྲོད་དུ་མེད་པས་ས་ནོན་ཟིན། ཐམས་ཅད་བདག་ཉིད་ཆེན་པོར་སྣུམས་པས། དབང་རྫོགས་ཟིན། དེ་ལྟར་མཐའ་མ་སྤངས་པའི་ཡེ་ཤེས་གང་དང་ཡང་ལྷན་མི་ཅིག་པས། སྒྲིབ་པ་སྦྱངས་ཟིན། ཅིར་སྣང་ཕྱག་རྒྱའི་ངོ་བོ་བས། ཕྱག་རྒྱ་བཅིངས་བསྒོམས་བྱས་ཟིན། སྒྲར་སྣང་བ་རྒྱལ་བའི་གསུང་ཡིན་པས། བཟླས་བརྗོད་བྱས་ཟིན། ཡེ་གཉིས་སུ་མེད་པའི་གཟུངས་ཀྱི་རྒྱལ་མོ་དང་འདུ་འབྲལ་མེད་པས་སྦྱོར་བ་བྱས་ཟིན། བྱུང་ཚོར་རྟོག་པ་ཡེ་ཤེས་སུ་གསལ་བ་ལ་རྣམ་རྟོག་མིང་མེད་པས། བསམ་སྐྱོན་བཅོས་ཟིན། རང་རིག་ཆེན་པོ་ཅིར་ཡང་མ་འགགས་པར་ཤར་བས་རྟགས་ཐོན་ཟིན། རང་རིག་མཉམ་པའི་རླུང་དུ་གཉིས་མེད་པས་དྲོད་རྙེད་ཟིན། དེ་ལྟར་ཟིན་པའི་དོན་ཉི་ཤུས་གཏན་ལ་ཕེབས་ཟིན་པ་ལ། སུ་ཞིག་གིས་གང་ཞིག་ལ་བཙལ་ཏེ། རྩོལ་བ་པོ་དང་བཙལ་བ་ཀ་ནས་དག་གོ། །དེ་ལྟ་བུའི་དོན་ཡིད་ཆེས་པར་བྱ་བའི་རྒྱབ་གནོན་ཡང་། ཁྱུང་ཆེན་ལས། ཟིན་པས་ཆགས་དང་བྲལ་ཡང་ཞི། །དངོས་པོ་མེད་དང་རྣམ་པར་སྤངས། །བདུད་རྩི་ཆེན་པོའི་རང་བཞིན་ལ། །བཟའ་བའི་ཐབས་ལ་རེག་པ་མེད། །ཅེས་འབྱུང་། ཁུ་བྱུག་ལས། ཟིན་པས་རྩོལ་བའི་ནད་སྤངས་ཏེ། །ཞེས་འབྱུང་། ཐིག་ལེ་དྲུག་པ་ལས། ཟིན་པའི་བདུད་རྩིས་རྩོལ་བའི་སྡུག་བསྔལ་འཇོམས། །བྱ་བྲལ་ཇི་བཞིན་ཡུལ་ལ་ཀུན་ཏུ་གནས། །ཞེས་འབྱུང་། རྩལ་ཆེན་ལས། སླབ་བྱེད་རྩལ་སྤྲུགས་སྨོན་པ་མེད་པ་ཡི། །བྱར་མེད་ལྷུན་རྫོགས་སྔ་མ་དེ་ཉིད་དོན། །ཞེས་འབྱུང་། རིན་པོ་ཆེ་ཀུན་འདུས་ལས། དེ་བཞིན་ཡེ་ནས་བདུད་རྩིས་ཟིན་པ་ལ། །བྱས་པས་ཟིན་པར་ཡོད་མི་འགྱུར། །མ་ལུས་ཟིན་པར་གྱུར་ཏེ་དབྱིངས་རྟོགས་ན། །རྣམ་པར་ཀུན་བྱས་བྱང་ཆུབ་མཆོག་གི་ངང་། །ཞེས་འབྱུང་། བདེ་འབྱམས་ལས་ཀྱང་། བྱ་བ་མེད་པས་ཐིག་ལེ་བདེ། །དུས་གསུམ་མེད་པས་ཐིག་ལེ་བདེ། །བཙལ་དུ་མེད་པས་ཐིག་ལེ་བདེ། །རྩོལ་བར་འདོད་པས་དབྱིངས་མི་བསྐྱོད། །ཅེས་འབྱུང་། ཡིད་བཞིན་ནོར་བུ་ལས། རང་བྱུང་ཡེ་ནས་མ་བཅོས་འོད་གསལ་བ། །རྩོལ་བས་རྩོལ་དུ་མེད་དེ་སྙིང་པོའི་དོན། །ཞེས་འབྱུང་ངོ་། །རྗེ་བཙན་དམ་པ་ལས། དེ་གཞོལ་དེར་ནི་མཆོད་པའི་སྤྲིན། །ཀློང་དུ་གནས་པ་བསྒྲུབ་ཐབས་སོ། །ངང་གིས་མི་ལྡོག་དངོས་གྲུབ་པས། །དོན་ཀུན་ཕྱག་རྒྱར་རྫོགས་པ་ཡིན། །ཞེས་འབྱུང་། རྨད་དུ་བྱུང་བ་ལས། འཛབ་དང་བསྙེན་པ་དབུལ་མི་དགོས། །བྱང་ཆུབ་སེམས་ནི་བསྐྱེད་མི་དགོས། །ལྷ་ཡང་གཞན་ནས་བོད་མི་དགོས། །མཆོད་པ་གཞན་ནས་མི་མཆོད་ཞིང་། །དངོས་གྲུབ་གཞན་ནས་མི་སློང་ངོ་། །ཞེས་འབྱུང་། ནམ་མཁའི་རྒྱལ་པོ་ལས། སྐུ་གསུང་ཐུགས་དང་བྲལ་བས་ཆེ་བའི་མཆོག །སྔགས་དང་ཕྱག་རྒྱ་བྲལ་ཡང་ཉམས་པ་མེད། །ཅེས་འབྱུང་། སེམས་བསྒོམ་ལས། སྩོལ་བར་ཡིད་ལ་མི་བྱེད་གང་ཡང་ཤེས་དང་མི་ཤེས་བྲལ། །ཞེས་འབྱུང་། རྣལ་འབྱོར་གྲུབ་པའི་ལུང་ལས། བཀའ་སྩལ་པ། སྐྱེས་བུ་དམ་པ་རྣམས། ཞིང་ཁམས་ཡོངས་སུ་བགྲོད་པར་འདོད་དམ། གསོལ་པ། ཡོངས་སུ་བགྲོད་པར་མི་བགྱིད་ལགས་སོ། །བཀའ་སྩལ་པ། ཅིའི་ཕྱིར་བགྲོད་པར་མི་བྱེད། སེམས་ཅན་གྱིས་མཐའ་དག་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་ཉིད་ཀྱི་སླད་དུའོ། །བཀའ་སྩལ་པ། སྐྱེས་བུ་དམ་པ། ཁྱེད་བྱང་ཆུབ་ཀྱི་སྙིང་པོ་འགྲུབ་པར་འདོད་དམ། གསོལ་པ། བཤེས་གཉེན་དམ་པ། ཡོངས་སུ་སྨིན་ཏོ། །བཀའ་སྩལ་པ། ཅིའི་ཕྱིར་མི་འདོད། གསོལ་པ། གང་སྐྱེས་བུ་དམ་པ་ཞེས་བགྱི་བ་ཉིད་དང་། སེམས་ཅན་སེམས་ཅན་ཞེས་བགྱི་བ་ཉིད་བྱང་ཆུབ་ཀྱི་སྙིང་པོ་ཉིད་ལས་མ་གཡོས་པའོ། །བཀའ་སྩལ་པ། སྐྱེས་བུ་དམ་པ། ཆོས་ཀྱི་སྐུར་ལྷུན་གྱིས་གྲུབ་འདོད་དམ། གསོལ་པ། གྲུབ་པར་མི་འཚལ་ལོ། །བཀའ་སྩལ་པ། ཅིའི་ཕྱིར་གྲུབ་པར་མི་འདོད། གསོལ་པ། གང་འདུས་པ་ལས་བྱུང་བའི་སླད་དུའོ། །བཀའ་སྩལ་པ། སྐྱེས་བུ་དམ་པ། ས་རྣམས་ཡོངས་སུ་བགྲོད་པར་འདོད་དམ། གསོལ་པ། ཡོངས་སུ་བགྲོད་པར་མི་བགྱིས་ལགས་སོ། །བཀལ་སྩལ་པ། ཅིའི་ཕྱིར་མི་བགྲོད། གསོལ་པ། ཐམས་ཅད་སངས་རྒྱས་ཀྱི་ས་ལམ་བགྲོད་པར་བཀོད་པའི་ཕྱིར་རོ། །ཞེས་འབྱུང་། རྣམ་པ་གཅིག་ཏུ་བྱ་བ་དང་བྲལ་བའི་དོན་གྱི་གཏིང་ཚུགས་པ་ནི། སྟོང་གསུམ་མཆོད་པར་ཕུལ་ཀྱང་འཕགས་པ་མི་མཉེས། བསྐལ་པར་བགྲོད་ཀྱང་ས་མི་ནོན། སྒོ་གསུམ་གྱི་དགེ་བ་ཅི་བྱས་ཀྱང་སངས་མི་རྒྱ། དུས་བཞིར་བཙལ་ཡང་སངས་རྒྱས་མི་རྙེད། ཡུན་དུ་བསྒོམས་ཀྱང་དོན་གསལ་བར་བྱར་མེད། འགྲོ་ལོག་སྤྱོད་ཚུགས་གང་འདྲེས་ཀྱང་སྙིང་པོའི་དོན་ལས་འདའ་བ་མེད་དེ། དོན་ཆེན་པོ་རང་ལ་གསལ་ལོ། །འོ་ན་ཅི་ཡང་མི་བྱ་བར་མཆིས་སམ་ཞེ་ན། ལན་དུ་དགེ་བ་དང་རྩོལ་བའི་བྱ་བ་ཡང་སྐྱོན་ནོ་ཞེས་བྱ་ན། ཡལ་བར་འདོར་བར་ཏང་ག་ལ་སྲིད་དེ་མི་འདོར་རོ། །དེ་ཅིའི་ཕྱིར་ཞེ་ན། ལུགས་ཆེད་པོ་བྱ་བ་དང་བྲལ་བ་ནི། ཡལ་བར་བོར་བ་མིན། ཆེད་དུ་རྩོལ་བ་ཡང་མིན། དོན་དང་བྲལ་བ་མེད་པར། རྩོལ་བ་མེད་པའོ། །དེ་ལྟར་ཤེས་ན་ཅི་བྱས་ཀྱང་མི་འགོག་སྟེ། བྱ་བཙལ་གྱི་རྒྱུ་ཡང་མེད་དོ། །འོན་ཏང་གནའི་མི་ལུགས་ཆེན་པོར་སྤྱོད་པ་ནི། གང་ལ་ཡང་འདོར་བའང་མེད། ལེན་པའང་མེད། ཐ་ན་བྱ་བྲལ་གྱི་དོན་ཉིད་གཉེར་བའང་མི་བྱེད། བྲལ་བའང་མི་བྱེད་དོ། །དེ་བཞིན་ཕྱི་ནས་ཆོས་ལུགས་སྤྱོད་པའི་སྐལ་ལྡན་རྣམས་ཀྱང་བྱོས་ཤིག །དེ་ནི་དོན་ཆེན་ཉལ་མོའི་ཚུལ་ཞེས་བྱ་སྟེ། ཆོས་ཀྱི་དབྱིངས་ཀྱི་ངང་ལ་རིག་པའི་རྒྱལ་པོ་མི་འདོར་བར་མནལ་བའོ། །དེ་དག་གི་དོན་རིག་པའི་ཡེ་ཤེས་ནི་ནུབ། རྩོལ་བའི་ཆུ་བོ་རྒྱུན་ཕྱོགས་སུ་ཁྱེར་ཏེ་གཡེངས་པ་ཡི། དེ་ནི་དོན་ཆེན་ཉལ་མོའི་ཚུལ་ཞེས་བྱ་སྟེ། ཆོས་ཀྱི་དབྱིངས་ཀྱི་ངང་ལ་རིག་པའི་རྒྱལ་པོ་མི་གཡོ་བར་མནལ་བའོ། །དེ་དག་གི་དོན་རིག་པའི་ཡེ་ཤེས་ནི་ནུབ། རྩོལ་བའི་ཆུ་བོ་རྒྱུན་ཕྱོགས་སུ་ཁྱེར་ཏེ་གཡེངས་པ་ཡི། མུན་ལོང་དང་འདྲ་བའི་གང་ཟག །རྫོགས་ཆེན་ཁས་ལེན་པའི་རབ་གཅིག །རྩོལ་མེད་ཀྱི་ཚིག་སྨྲ་ཞིང་ཁོང་རྩོལ་བ་ཆེད་དུ་གཉེར་ཞིང་། དོན་གྱིས་བྱར་མེད་ཀྱི་དོན་བྱ་བས་ཚོལ་བ་ནི། བྲོ་བརྡུངས་པས་ཐུགས་ཟིན་དུ་རེ་བའི་མི་མོ་དང་འདྲའོ། །ནམ་མཁའ་ཆེ་ལས། དེ་དང་དེར་ནི་རྣམ་བཙལ་ན། །དེ་ལས་དེ་བཞིན་དེ་མི་འབྱུང་། །ཞེས་པས་དོན་གྱིས་བཙལ་བས་མི་འགྲུབ་པར་ལ་བཅད་ནས་བསྟན་ཏོ། །དེ་ལ་བདེན་པ་ཆེན་པོར་ཀུ་ཀུ་ར་ཙ་དང་ཤྲཱི་སེང་ཧའི། ལྟ་བའི་ལུགས་རང་བཞིན་གཏན་ཚིགས། ཀྱིས་ནི། ལས་རིག་པ། དང་ཉོན་མོངས་པ་དང་འབྲས་བུ་སྡུག་བསྔལ་གྱི་བསྡུས་པའི་ཆོས་ཇི་སྙེད། བྱེད་ཅིང་མྱོང་བའི་རང་བཞིན་ཉིད། བརྟགས་ན་མེད་ལ་བཞག་ན་ཅིར་ཡང་འབྱུང་བའི་ཕྱིར། དེ་ལ་ངོ་བོ་ཡེ་མེད་པས་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་ཀློང་དག་པ། ཟུག་རྔུ་མ་སྤངས་བདེ་བ་ཆེན་པོ་རང་ཤར་བ་ལ། བདེ་བ་ཆེན་པོ་ཞེས་བརྗོད་པ་མ་འགགས་བརྗོད་དུ་མེད་པ། བློས་ཀྱང་བདེ་བ་ཆེན་པོ་ཞེས་པར་གཟུང་བ་ཡེ་བྲལ་བ་ནི་འདི་ལྟར་སྣང་བ་ཉིད་དེ། གཞན་དུ་བཙལ་དུ་མེད་དོ། །ཁྱུང་ཆེན་ལས། ཤན་པ་སྨད་འཚོང་མཚམས་མེད་ལྔ། །ཡོངས་སུ་རྫོགས་པ་ཆོས་ཀྱི་རྩི། །བདེ་བ་ཆེ་ལ་གཞན་མེད་དོ། །ཞེས་འབྱུང་། དེ་ལྟ་བུའི་དོན་གྱི་གནད་ཆུད་པས། རང་རིག་པ་བདེ་བ་ཆེན་པོར་གསལ་བ་ནི། ངན་སོང་འཁོར་བ་ཉིད་བདེ་བ་ཆེན་པོར་གསལ་བས་སྤྱོད་ཡུལ་མ་བཀོལ་དག་པའི་ཕྱིར། ནམ་མཁའ་ཆེ་ལས། གོ་བའི་ཡུལ་ན་བདེ་བ་ཆེ། །དེ་ཉིད་རྣམ་དག་འཇིག་རྟེན་ཡིན། །ཞེས་གསུངས་སོ། །དེ་ལྟ་བུའི་ངང་ལ་གོལ་སྒྲིབ་དང་། ཆད་པའི་སྐྱེ་གནས་ངང་གིས་བྲལ་བས། རེ་དོགས་དང་བཅས་པ་མེད་དེ། འཕྲ་བཀོད་ལས། བྱང་ཆུབ་སེམས་ནི་བདེ་ཆེན་གྱིས། །གཡེང་བ་ཞེས་པ་གཏན་དུ་བྱུང་། །གཡང་ས་ཉིད་ཀྱང་བྱང་ཆུབ་སེམས། །ཞེས་པ་དང་། སྐུ་གསུང་ཐུགས་ཀྱི་བདེ་ཆེན་ལ། །གོལ་བ་བྱ་བ་ག་ལ་ཡོད། །སུ་ཞིག་གོལ་བ་དོན་དུ་གཉེར། །ཞེས་འབྱུང་། རྨད་བྱུང་ལས། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་ནི། སངས་རྒྱས་ཀྱིས་རྫོགས་པ་བདེ་བ་ཆེན་པོ་ཉིད་དོ། །བྱང་ཆུབ་ཆེན་པོ་རྫོགས་པ་ཉིད་དོ། །སངས་རྒྱས་ཀྱི་ཞིང་བདེ་བ་ཆེན་པོ་ཉིད་དོ། །བྱང་ཆུབ་ཀྱི་ས་ཉིད་དོ། །བྱང་ཆུབ་སེམས་རྨད་དུ་བྱུང་བའི་ངོ་བོ་ཉིད་ཡིན་ནོ། །ཞེས་འབྱུང་ངོ་། །ཡང་། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ན། འཁོར་བ་དང་ཉོན་མོངས་པ་མིང་ཡང་མེད་དོ། །སངས་རྒྱས་བྱུང་བ་ལས་མ་གཏོགས་པ། སེམས་ཅན་དུ་སྐྱེ་བའི་རྒྱུ་མིང་ཡང་མེད་དོ། །སངས་རྒྱས་ཀྱི་བདེ་བ་ཆེན་པོ་ལས་མ་གཏོགས་པ། སེམས་ཅན་དང་སྡུག་བསྔལ་གྱི་ཆོས་མིང་ཡང་མེད་དོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་འབྱུང་། ཡང་། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་འདི་ལ་འཁོར་བ་ཡང་མེད། མྱ་ངན་ལས་འདས་པ་ཡང་མེད། བདེ་བ་ཆེན་པོའི་ཆོས་ཉིད་འབྱུང་བའི་དཀྱིལ་འཁོར་ཉིད་དོ། །ཞེས་འབྱུང་ངོ་། །དེ་ལྟ་བུའི་ངང་ལ་ན་རཀ་དོང་སྤྲུགས། འཁོར་བ་དབྱིབས་ཕྱུང་། ངན་སོང་ཕྱགས་མས་བཏབ། ཕྱིན་ཅི་ལོག་བྱང་ཆུབ་ཀྱི་ལམ་དུ་ཤར། སྟོང་གསུམ་བདེ་བ་ལ་བཀོད། གོལ་སྒྲིབ་བདེ་ཆེན་དུ་རྒྱས་བཏབ། སྡུག་བསྔལ་ལོངས་སྤྱོད་དུ་གྱུར་པས། དུས་གསུམ་དུ་བདེ་བ་ཆེན་པོ་སྐྱིད་པའི་ལྷུན་ལ་རྟེན་མ་བཅས་པར་བཞུགས་སོ། །དེ་ཉིད་ལས། ལམ་འདིར་རྫོགས་པའི་བྱང་ཆུབ་སེམས། །ཚེ་འདི་ཉིད་ལ་བདེ་བ་དང་། །ཕྱི་མར་འབྱུང་བ་བདེ་བ་དང་། །སངས་རྒྱས་རྣམས་ཀྱི་བདེ་བ་དང་། །སངས་རྒྱས་ཉིད་ལ་རྫོགས་འགྱུར་ཏེ། །སངས་རྒྱས་ཉིད་དང་སྐལ་པ་མཉམ། །ཞེས་འབྱུང་། དོན་དེ་རང་གི་རིག་པའི་མན་ངག་ཏུ་བྱ་ན། གཞན་མེད་དེ་བདག་ཉིད་པས། དེ་ལ་སེམས་འཕྲོ་བ་མེད། མངོན་པར་དགའ་བ་མེད་དེ། ཅིར་ཡང་མི་རྟོག་གོ། །དེ་ལྟ་བུའི་དོན་གྱི་སྐལ་པ་དང་མི་ལྡན་པ། དུས་ཐ་མར་སྐྱེས་པའི་གང་ཟག་བློ་མུན་པའི་ཁུ་ཚུར་དང་འདྲ་བ་རྣམས། རྫོགས་ཆེན་དུ་སེམས་གཏད་ནས་སྡུག་བསྔལ་ནི་བྲལ་བར་འདོད་ལ། བདེ་བ་ཅིག་དོན་དུ་གཉེར་ནས་ཚོལ་བ་ནི། བདེ་བ་བདག་ཉིད་པའི་དོན་མ་མཐོང་སྟེ། རྒྱབ་ཀྱིས་ཕྱོགས་སོ། །དེ་ནི་གླང་པོ་ཞོན་ནས་གླང་པོ་ཚོལ་བ་དང་འདྲ་སྟེ། རྙེད་པའི་དུས་མེད་དེ། ཁྱུང་ཆེན་ལས་ཀྱང་། བདེ་བ་འདོད་པ་བདེ་བར་རྒྱབ་ཀྱིས་ཕྱོགས། །བདེ་བ་ཟིན་ཏེ་བདེ་བས་བདེ་རིགས་པ། བ་ཚོལ། །བྱང་ཆུབ་འཁྲུལ་པ་ཡེ་རྔམ་ཆོས་ལ་ཟ། །དེ་ལྟ་ཡུལ་ཅན་སངས་རྒྱས་མཐོང་བ་མེད། །ཅེས་གསུངས་ཏེ། ཤིན་ཏུ་གོལ་ཚབས་ཆེ་བས། དོན་དྲང་པོར་སྤྱོད་པ་རྣམས་ཀྱིས་དེ་ལྟར་ལྟ་བར་མི་བྱའོ། །ལྷག་པའི་རྣལ་འབྱོར་འཇམ་དཔལ་བཤེས་གཉེན་གྱིས། ཆེན་པོ་པས། །གཉིས་སུ་མེད་པར་ལྟ་བ་ནི། །ཡེ་ནས་གནས་བདག་ཉིད་ཆེན་པོ་གཅིག་ཏུ་འདུས་པའི་གཏན་ཚིགས་ཀྱིས་གཏན་ལ་དབབ། པའི་བྱང་ཆུབ་སེམས་བདེ་བ་ཆེན་པོ་རྩོལ་བ་དང་བྲལ་བའི་དོན་ནི་མཐའ་ཇི་སྙེད་དུ་གྲགས་པ་ཐམས་ཅད་གཉིས་མེད་དེ། དེ་ཇི་ལྟ་བུ་ཞེ་ན། བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད་ཀྱི་ངོ་བོ་བརྟགས་ན་མེད་ལ། བསམ་ན་ཐམས་ཅད་དུ་སྣང་བས་ཡོད་པ་དང་མེད་པ་གཉིས་མེད། རང་བཞིན་གར་ཡང་མ་ངེས་ལ་ཡོན་ཏན་གྱི་ཆོས་ཐམས་ཅད་ཀྱིས་བཞག་པས་རྟག་ཆད་གཉིས་མེད། བདེ་བ་ཆེན་པོ་མུ་མཐའ་མེད་པའི་ངང་ལ། ངོ་བོ་མཚན་དང་གྲངས་བརྗོད་ལས་ཀྱང་འདས་ལ། དེ་གང་དུ་འང་མི་དམིགས་པས། གཅིག་དང་དུ་མ་གཉིས་མེད། དེ་ལྟར་རང་རིག་པ་ངོ་བོ་ཅིར་ཡང་སྣང་ལ་གཟུང་དུ་མེད་པས། སྐྱེས་པ་དང་མ་སྐྱེས་པ་གཉིས་མེད། རིག་པ་རང་བྱུང་གི་ཡེ་ཤེས་ཀྱི་ཉི་མ་ཡེ་ཕྱོགས་མེད་པར་བརྡལ་བ་ལ་ཉིན་མོ་དང་མཚན་མོ་གཉིས་མེད། འགྲོ་བ་རིགས་དྲུག་ཡེ་ནས་རང་འབྱུང་རྡོ་རྗེ་འོད་ཀྱི་སངས་རྒྱས་མིང་གི་བླ་དྭགས་དང་བྲལ་བ་ལ། སངས་རྒྱས་དང་སེམས་ཅན་གཉིས་མེད། ལྷུན་གྱིས་རྫོགས་པའི་ཆོས་ཉིད་ཡེ་ནས་འབྲས་བུ་སྐུ་དང་ཡེ་ཤེས་སུ་རང་ཤར་བ་ལ། འབྲས་བུའི་མིང་ཙམ་དུའང་བརྗོད་དུ་མེད་པས། རྒྱུ་འབྲས་གཉིས་མེད། བདག་ཉིད་ཆེན་པོ་ཡེ་ནས་མ་བཅོས་རང་ཉིད་དུ་གསལ་བས། སྒོ་ཕུགས་གཉིས་མེད། བྱ་རྩོལ་ངང་གིས་བྲལ་བའི་བདེ་ཆེན་གདོད་ནས་ཡིན་པ་ལ་འཕྲལ་དུ་བཙལ་མི་དགོས་པས། རྩོལ་བ་དང་མི་རྩོལ་བ་གཉིས་མེད། ཡོན་ཏན་ཆེན་པོའི་དངོས་གྲུབ་ཏུ་རང་ཤར་བ་ལ། ཐོབ་པ་དང་མ་ཐོབ་པ་གཉིས་མེད། མཁྱེན་པའི་ཡེ་ཤེས་སུ་རང་བྱུང་བ་ལ། རྟོགས་པ་དང་མ་རྟོགས་པ་གཉིས་མེད། གཏི་མུག་ཆེན་པོ་བྱང་ཆུབ་ཀྱི་སེམས་མི་གཡོ་མ་ཆགས་པར་གསལ་བ་ལ། བསྒོམ་པ་དང་མི་བསྒོམ་པ་གཉིས་མེད། ཅིར་ཡང་ཅིར་སྲིད་སེམས་ཀྱི་རང་བཞིན་སྣང་ཞིང་སྲིད་པ་ལ། རྣམ་རྟོག་གི་བྱུང་ཚོར་ལྡང་བ་དང་མི་ལྡང་བ་གཉིས་མེད། རིག་པའི་རྒྱ་མཚོ་ཆེན་པོ་ངང་གིས་མི་གཡོ་ཐ་སྙད་དང་བྲལ་བ་ལ་མཉམ་པར་བཞག་པ་དང་མ་བཞག་པ་གཉིས་མེད། བདེ་བ་ཆེན་པོ་ཐམས་ཅད་དུ་རང་ཁྱབ་པའི་ཕྱིར། གྲགས་པ་དང་མ་གྲགས་པ་གཉིས་མེད། ཐམས་ཅད་ཀུན་ཏུ་བཟང་པོའི་ངང་ལ་སྒྲོ་བསྐུར་མེད་པའི་ཕྱིར། བཟང་བ་དང་ངན་པ་གཉིས་མེད། སྐྱེ་རྒ་ན་འཆིའི་སྡུག་བསྔལ་བྱང་ཆུབ་སེམས་སུ་བྱུང་ཐེབས་པའི་ཕྱིར། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་མེད། གཉིས་སུ་མེད་པའི་བྱང་ཆུབ་སེམས་གདོད་མ་ནས་རྒྱུ་རྐྱེན་མེད་པར་རང་ཤར་བའི་ཕྱིར། འགགས་པ་དང་མི་འགགས་པ་གཉིས་མེད། ངང་ཉིད་རྟེན་དང་རྟེན་ཅན་རང་བྲལ་བའི་ཕྱིར། གནས་པ་དང་མི་གནས་པ་གཉིས་མེད། ཕན་ཚུན་དང་ཡན་མན་གྱི་ཆོས་ཡེ་ཤེས་ཀྱི་ཀློང་དུ་ཤར་བའི་ཕྱིར། འགྲོ་བ་དང་འོང་བ་གཉིས་མེད། ཀུན་ཀྱང་ཐིག་ལེ་ཆེན་པོའི་ཆོས་ཉིད་ཀྱི་སྐུར་གསལ་བ་ལ་སྣོད་བཅུད་མ་དམིགས་པའི་ཕྱིར། ཕྱི་ནང་གཉིས་མེད། གཞི་ནས་མཐའ་རིལ་སྤངས་པའི་ཕྱིར། ཕྱོགས་རིས་གཉིས་མེད། རང་བཞིན་ངང་དུ་གསལ་བའི་བདག་ཉིད་ཆེན་པོ་ཟླ་མེད་པའི་ཕྱིར། བདག་གཞན་གཉིས་མེད། ལྟ་བ་ཨ་ཏི་ཡོ་ག་རྒྱལ་བའི་སྤྱི་མེས་སུ་རིལ་གསལ་བའི་ཕྱིར། ཆེ་ཆུང་གཉིས་མེད། མཉམ་པའི་དབྱིངས་ཆེན་པོའི་ངང་ལ་རྗེ་ཁོལ་དཔོན་གཡོག་མིང་མེད་པའི་ཕྱིར། མཐོ་དམན་གཉིས་མེད། སྣོད་བཅུད་ཀྱི་བྱ་བྱེད་རིལ་སྣང་བ་རྒྱལ་བའི་མཛད་སྤྱོད་དུ་ཤར་བའི་ཕྱིར། སྤྱོད་པ་དང་ནི་མི་སྤྱོད་པ་གཉིས་མེད། ཐ་སྙད་ཐམས་ཅད་ཡེ་ཤེས་ཆེན་པོ་བདེན་པའི་དོན་མ་ནོར་བའི་ལམ་ཡིན་པའི་ཕྱིར། ཡིན་པ་དང་མིན་པ་གཉིས་མེད། ལྷུན་གྱིས་རྫོགས་པའི་ལྟ་བ་དུས་གསུམ་མ་འགགས་རིམ་པ་བྲལ་བའི་ཕྱིར། ཐོག་མ་དང་ཐ་མ་གཉིས་མེད། ཡོད་མེད་ཀྱི་རྟག་ཆད་ཀྱི་བླ་དྭགས་བྲལ་བས་དབུས་མི་རྙེད་པའི་ཕྱིར། མཐའ་དབུས་གཉིས་མེད། རྫོགས་པ་ཆེན་པོ་བསྐྱེད་རྫོགས་དང་བྲལ་བའི་ཕྱིར། འཕེལ་འགྲིབ་གཉིས་མེད། བཅིངས་པ་ལྔའི་ཉོན་མོངས་པ་ལ་སོགས་པ་ཡེ་ཤེས་མཁྱེན་རིག་ཏུ་ཤར་བའི་ཕྱིར། གྲོལ་བ་དང་མ་གྲོལ་བ་གཉིས་མེད། རིལ་ཆོས་ཉིད་བརྗོད་དུ་མེད་པ་ལ་སྒྲ་མི་འགོག་གྲགས་པར་མེད་པའི་ཕྱིར། བརྗོད་པ་དང་མ་བརྗོད་པ་གཉིས་མེད། དབྱིབས་དང་ཁ་དོག་མ་སྤངས་བྲལ་བ་ལ། སྣང་བ་དང་མི་སྣང་བ་གཉིས་མེད། གྲངས་ཀྱི་ཆོས་མ་བཀོལ་ཐ་སྙད་འདས་པས་མང་ཉུང་གཉིས་མེད། རྣམ་རྟོག་དང་ཉོན་མོངས་པའི་ཟུག་རྔུ་ངང་གིས་བྲལ་བ་ལ་དོར་བས། ཞི་བ་དང་མ་ཞི་བ་གཉིས་མེད། རང་བྱུང་ཡེ་ཤེས་ལ་མུན་པ་དང་སྣང་བ་མ་སྤངས་སེལ་བས། གསལ་བ་དང་མ་གསལ་བ་གཉིས་མེད། ཏིལ་འབྲུའི་མར་བཞིན་དངོས་པོ་གཉིས་པ་རིལ་བྱང་ཆུབ་སེམས་ཀྱིས་སྣུམ་པས་ཁྱབ་པ་དང་མ་ཁྱབ་པ་གཉིས་མེད། ཡུལ་དང་ཤེས་པའི་ཆོས་མ་འགགས་མཐོང་ཐོས་མེད་པ། དམིགས་པ་དང་མི་དམིགས་པ་གཉིས་མེད། སྐྱོན་དུ་བསྙད་པ་རིལ་རང་འབྱུང་དག་པའི་དཀྱིལ་འཁོར་དུ་སྙེད་པ་མེད་པའི་ཕྱིར། དག་པ་དང་མ་དག་པ་གཉིས་མེད། ལྟ་བ་ཨ་ཏི་ཡོ་ག་གཞི་རྩ་ངང་གིས་མེད་པས། རྟེན་དང་རྟེན་ཅན་གཉིས་མེད། ལམ་དང་བསྟན་པའི་ངོ་བོ་བདག་ཉིད་ཀྱི་ཕྱིར། སློབ་པ་དང་མི་སློབ་པ་གཉིས་མེད། བྱས་པ་གང་ཡང་མི་དམིགས་པའི་ཕྱིར། དགེ་སྡིག་གཉིས་མེད། ལས་གཉིས་ཀྱི་མ་བགོས་པ་ལ་ཐོབ་བྱ་མེད་པས། མཐོ་རིས་ངན་སོང་གཉིས་མེད། ལྷུན་གྱིས་རྫོགས་པའི་རང་བཞིན་རྟག་ཆད་ཡན་ཆད་མ་དོར་བས། ལོག་པ་དང་མ་ལོག་པ་གཉིས་མེད། མཉམ་པ་ཆེན་པོའི་ངོ་བོ་གང་དུ་ཡང་མ་ཟིན་པ་ལ་ས་བོན་དང་གྲོགས་བྲལ་བའི་ཕྱིར། རྒྱུ་རྐྱེན་གཉིས་མེད་ཤིན་ཏུ་རྣལ་འབྱོར་གྱི་གཞུང་གིས། གཟུགས་སྣང་སྒྲར་གྲགས་དྲན་རྟོག་སྐུ་གསུང་ཐུགས་སུ་རང་ཤར་བའི་ཕྱིར། འབྲས་བུ་ཚོལ་བ་དང་མ་ཚོལ་བ་གཉིས་མེད། སྟོང་གསུམ་རྫོགས་ཆེན་གྱི་ངང་ལ་ངན་སོང་རྒྱུད་གསུམ་ཡན་ཆད་སངས་རྒྱས་པ་ལ། སངས་རྒྱས་ཀྱི་ས་ནོན་པ་དང་མ་ནོན་པ་གཉིས་མེད། གཉིས་སུ་མེད་པའི་ངང་ལ་འདའ་ཉམས་མེད་པས། བསྲུང་བ་དང་མི་བསྲུང་བ་གཉིས་མེད། རྒྱུད་དྲུག་རང་འབྱུང་ཐུགས་རྗེས་ཟིན་པ་ལ། སྙིང་རྗེ་བ་དང་མི་རྗེ་བ་གཉིས་མེད། ཐམས་ཅད་གཏི་མུག་ཆེན་པོ་འབྱེད་འགྲོལ་བྲལ་བས། བྱམས་མི་བྱམས་གཉིས་མེད། རིལ་བདེ་བར་གཤེགས་པའི་ཞིང་ཁམས་དག་པའི་ངོ་བོ་ལ་གྲུབ་པ་དང་མ་གྲུབ་གཉིས་མེད་པས། དགའ་བ་དང་མི་དགའ་བ་གཉིས་མེད། དུས་གསུམ་འབྱུང་འཇུག་བྲལ་ཡང་མཛད་པ་རྒྱུན་མི་གཅོད་པ་ལ། བཏང་སྙོམས་བྱས་མ་བྱས་གཉིས་མེད། ཆད་པའི་སྐྱེ་གནས་བདེ་བ་ཆེན་པོར་ལམ་གཏོད་པ་ལ། གོལ་མ་གོལ་གཉིས་མེད། དམྱལ་བ་རྫོགས་ཆེན་གྱི་ས་ལ་ལྷུངས་མ་ལྷུང་གཉིས་མེད། གཟུང་འཛིན་དབྱེར་མེད་དུ་ཀ་ནས་དག་པས། སྒྲིབ་མི་སྒྲིབ་གཉིས་མེད། ཅི་ཡང་ཡིན་ཏེ་གང་ཡང་རུང་བ་ལ། ལེན་པ་དང་མི་ལེན་པ་གཉིས་མེད། དེ་ལ་དམིགས་བྱ་དང་དམིགས་བྱེད་གྲོལ་བས། བལྟ་བྱ་དང་ལྟ་བྱེད་གཉིས་མེད། དངོས་པོ་གཞི་ནས་མ་དམིགས་པས། གཏན་ཚིགས་ཀྱིས་གཞལ་བ་དང་མི་འཇལ་བ་གཉིས་མེད། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་སུ་མ་འ གྲུབ་མ་འགགས་པས། བདེན་པ་གཉིས་མེད། དེ་ལྟ་བུ་ལ་སོགས་ཏེ། གཉིས་མེད་ཆོས་རིལ་གང་ཡང་མ་འགགས་ལ་མེད། མེད་ལ་སྣང་བས་འདི་ཡིན་ནོ་ཞེས་གཟུང་དུ་མེད་པ་ལ། གཉིས་མེད་དོ་ཞེས་བྱ་བའི་ཐ་སྙད་ཉིད་ཀྱང་ཡེ་མི་རྙེད་པས། ཅི་ཡང་བསམ་སྤྱོད་བྱར་མེད་དོ། །འོན་ཏང་མ་བསམ་མ་དམིགས་པས། ཐོག་ཏུ་དབབ་པར་གྱུར་ཏེ། རང་རིག་པ་ལ་ཅི་ཡང་མེད་ལ་མ་འགགས་པའི་དོན། སྣང་བ་མེད་པར་སྣང་བར་འགྱུར་ཏེ། ཤིན་ཏུ་ངེས་པ་ཆུད་པ་ལ་ཐེ་ཚོམ་ཟ་བར་མི་བྱའོ། །དེ་དག་ཡིད་ཆེས་པར་བྱེད་པའི་གཏན་ཚིགས་རྒྱས་པར་བརྗོད་དཀའ་ནའང། ཟུར་ཙམ་དུ་གསོལ་ཏེ། ནམ་མཁའ་ཆེ་ལས། གཅིག་སྟེ་རྣམ་པ་ཡོངས་ཀྱིས་མེད། །རྣལ་འབྱོར་ནམ་མཁའི་བྱ་ལམ་གནས། །མ་བྱུང་མ་སྐྱེས་སྙིང་པོ་ལ། །སྒྲོས་བཏགས་ཆོས་ཀུན་ག་ལ་ཡོད། །ཕྱི་ནང་གཉི་ག་ཕྱི་ཉིད་ནང་། །ཟབ་མོའི་ཆ་ཤས་རྟོགས་ཡུལ་མེད། །ཅེས་འབྱུང་། ཡང་། དེ་ལ་ཐ་ཚིག་ཕྱི་དང་ནང་། །རང་བཞིན་ཕུང་པོ་ཁམས་བཞིན་གནས། །དུས་གསུམ་འདི་དང་མི་འབྲལ་བས། །ཐ་ཚིག་མིང་དུ་བཏགས་པ་མེད། །ཅེས་འབྱུང་། སྤྱི་གཅོད་ལས། དཀར་བས་དཀར་བའི་ཉི་མ་མེད། །གནག་པའི་མུན་པ་སེལ་བ་མེད། །ལྷག་པའི་ལྷ་ཡང་ཡོད་མ་ཡིན། །ཐམས་ཅད་ཆོས་ནི་གཅིག་པུ་ཉིད། །རྒྱུད་དྲུག་མེད་ཅིང་སངས་རྒྱས་མེད། །རིག་པ་མེད་ཅིང་གནས་པ་མེད། །བྲི་བ་མེད་ཅིང་འཕེལ་བ་མེད། །སུ་ལ་ཕན་མེད་གནོད་མི་འགྱུར། །སྣང་བ་མེད་ཅིང་འགྱུར་བ་མེད། །ཤེས་རབ་མེད་ཅིང་ཐབས་ཀྱང་མེད། །བྱང་ཆུབ་མེད་ཅིང་ལམ་ཡང་མེད། །བདེན་པ་མེད་དེ་སྙིང་པོའི་དོན། །ཞེས་འབྱུང་། རྨད་འབྱུང་ལས། ཐམས་ཅད་མ་སྐྱེས་ཟག་པའང་མེད། །བྱང་ཆུབ་མེད་ཅིང་མངོན་རྟོགས་མེད། །ཁམས་ཀྱང་མེད་ཅིང་འབྱུང་བའང་མེད། །མཚན་མེད་མི་འགྱུར་ནམ་མཁའ་བཞིན། །གཉིས་མེད་གཉིས་སུ་མེད་མིན་ཞི། །ཞེས་འབྱུང་། ཁྱོད་ལས་མ་བྱུང་ཡི་གེ་མེད། །གསང་སྔགས་དོན་དུ་བསྐྱེད་རྣམས་ལ། །རྣམ་པ་ཀུན་ལྡན་རྣམ་པ་མེད། །ཡན་ལག་མེད་པར་རྩིས་ལས་འདས། །ཞེས་འབྱུང་། ཡང་། དེ་ལ་ལམ་མེད་འགྲོ་བའང་མེད། །སངས་རྒྱས་མེད་དེ་རྒྱུ་ཡང་མེད། །བྱང་ཆུབ་མེད་དེ་མིང་ཡང་མེད། །བྱང་ཆུབ་ཉིད་ཀྱི་ས་ཡང་མེད། །སེམས་ཅན་མེད་དེ་སྲོག་ཀྱང་མེད། །བདེ་བ་མེད་དེ་འབྲས་བུའང་མེད། །རེ་བ་མེད་དེ་དོགས་པའང་མེད། །གནས་པ་མེད་དེ་ཡུལ་ཡང་མེད། །ཐོག་པ་མེད་དེ་འཇུག་པའང་མེད། །སྨོན་པ་མེད་ཅིང་བསྒྲུབ་པའང་མེད། །སྤངས་པ་མེད་ཅིང་ལེན་པའང་མེད། །སེམས་ཀྱི་གནས་པའི་ཡུལ་མེད་པས། །བསྒོམ་དུ་མེད་པའི་བྱང་ཆུབ་སེམས། །ཞེས་འབྱུང་། ཡང་། མི་འབྱུང་མི་འཇུག་ཡུལ་མེད་དབང་པོས་སྟོང་། །ཕྱི་ནང་སྒོ་ཕུགས་མེད་པ་རྒྱ་ཆེ་ནང་པ་ཉིད། །ཅེས་འབྱུང་། ནམ་མཁའི་རྒྱལ་པོ་ལས། གང་ཟག་སྒྱུ་མ་བཀྲི་དོན་བདེན་གཉིས་མེད། །ཅེས་འབྱུང་། ཀུན་ཏུ་བཟང་པོ་ཆེ་བ་ལ་རང་གནས་པ་ལས། ཡོད་དེ་དངོས་པོ་མ་ཡིན་ཏེ། །ཆུ་ཟླ་བཞིན་དུ་རང་བཞིན་མེད། །མེད་དེ་ཆད་པ་མ་ཡིན་ཏེ། །ནམ་མཁའི་དབྱིངས་ལྟར་ཅིར་ཡང་སྣང་། །གཅིག་སྟེ་རྣམ་པ་མ་ཡིན་ཏེ། །དོན་དམ་གཅིག་དང་ཐམས་ཅད་འདུས། །གཉིས་མེད་ཕྱལ་བ་མ་ཡིན་ཏེ། །ཡོངས་ལ་ཁྱབ་པའི་བདལ་བའི་སྐུ། །ཡང་། གང་ལྟར་ཡང་བསྟན་ནས་གང་ཡང་མིན། །མིན་པ་མ་ཡིན་དྲན་བཞིན་ཚོར། །རྟག་པར་མ་སོང་དངོས་པོ་མེད། །གཉིས་སུ་མ་སོང་བརྟགས་པ་མེད། །གཅིག་ཏུ་མ་གྲུབ་ཀུན་ལ་ཁྱབ། །དང་པོ་བསྐྱེད་པའི་རྒྱུ་མེད་པས། །མཐའ་མ་འཆི་ཞིང་འཕོ་བ་མེད། །ད་ལྟར་དངོས་པོའི་རྫས་མེད་པས། །རྟག་པར་ཆགས་ཤིང་བཟུང་དུ་མེད། །ཅེས་འབྱུང་། སེམས་བསྒོམ་ལས། ཡོད་ལ་ལྟོས་པའི་མེད་པར་རང་མེད་དེ་མེད་པའི་བདེན་པའང་མེད། །མཐའ་རྣམས་མེད་ཕྱིར་དབུས་མེད་དབུས་ལའང་གནས་པར་མི་བྱེད་དོ། །ཞེས་འབྱུང་། སྐྱེ་འཆི་མེད་ཕྱིར་རྟག་ཆད་མེད་དེ་བདག་གཞན་མེད། །དེས་ན་འཁྲུལ་འཁོར་མེད་ཅིང་མྱ་ངན་འདས་པ་མེད་པར་མངོན། །ཞེས་འབྱུང་ངོ་། །དེ་བས་ན་རང་གི་རིག་པར་བྱ་བ་ནི། དེ་ལྟ་བུ་དོན་རང་རིག་པའང་མངོན་དུའང་མི་བྱེད། མ་དམིགས་མ་བསླད་མ་ཕྱེ་མ་བརྟགས་ན་རྟོག་པ་རང་འཆར་རོ། །དོན་དེ་ལྟ་བུ་མ་ཤེས་པའི་ལམ་པ་དུས་དེང་སང་གི་སྔགས་པ། དམིགས་པའི་ལྟ་བ་ཅན་རབས་གཅིག་ནི། གཉིས་སུ་མེད་པར་སྨྲ་ཞིང་མཐའ་ལ་གཏོད་དོ། །མི་འགྱུར་བར་ནའང་མཐའ་འོ། །དེ་བཞིན་དུ་དམིགས་པ་དང་། བྱ་བ་མེད་པ་དང་། གཉིས་མེད་པ་རང་ཙམ་དུ་འདོད་ནའང་མཐའ་སྟེ། དེས་ན་ནམ་ཡང་དོན་མི་རྙེད་དེ་ཕྱོགས་ལས་གོལ་ལོ། །དེ་ནི་ལོང་བ་ལམ་དུ་ཞུགས་པ་དང་འདྲའོ། །ནམ་མཁའ་ཆེ་ལས། ཀུན་གྱི་མཉམ་ཉིད་ཡིན་པ་ལ། །ཕྱོགས་སུ་ལྟ་བས་གྲུབ་པ་མེད། །ཅེས་འབྱུང་བས། གང་མཐའ་ལ་ཞེན་པའི་ལྟ་བས་མི་རྟོགས་པར་བསྟན་ཏོ། །ཁྱུང་ཆེན་ལས། ཆོས་དང་ཆོས་ཉིད་རྟག་ཏུ་འདྲེས་ཤིང་དབྱེར་མེད་ལ། །དོན་དམ་ཆོས་ཤེས་ལྷག་པར་བཤད་པ་མེད། །འཁྲུལ་དང་བྱང་ཆུབ་ལམ་དེ་རྟོག་པས་ཐོབ་པ་མེད། །ཅེས་པའི་དོན་གྱིས་གཉིས་མེད་བསམ་པ་ལས། འདས་པའི་གདེང་མ་རྙེད་པས། དོན་དམ་པའི་བདེན་པ་བྱ་བ་ཞིག་ལ་གཏད་དམ། མཐའ་ལ་ཞེན་པ་ནི། རང་གི་རིག་པ་འཁྲུལ་པའི་སྣང་བ་ལ་ཚད་མར་འཛིན་པ་སྟེ། རབ་རིབ་ཅན་གྱིས་ཐོ་ཡོར་ལ་ངེས་པར་མིར་བཟུང་བ་དང་འདྲའོ། །དེ་བས་ན་གང་དག་དུས་ངན་དུ་སྐྱེས་ཀྱང་། དྲང་པོར་སྤྱོད་པའི་མི་རྣམས་གཉིས་སུ་མེད་པའི་དོན་ལ་བྱ་བ་བྱེད་པའི་བརྩོན་འགྲུས་ཀྱིས་འབད་དོ། །ལ་སྲས་ཐུ་བོ་རཱ་ཙ་ཧ་སྟིའི། མཐའ་དང་བྲལ་བའི་གཏན་ཚིགས་རྣམས། ལ་དག་ཐིག་ལེ་ཆེན་པོ་གཅིག་གི་རང་བཞིན་དུ་ལྟ་བའི་ལུགས་ནི་ཇི་ལྟར་ཡིན་ཞེ་ན། སྤྲོས་པ་ནི་ཆོས་རིལ་གྱི་རང་བཞིན་ཉིད། ལོག་རྟོག་དང་ས་ལམ་པ་ལ་ཐ་དད་པར་སྣང་ཙམ་ཉིད་ན། རང་རིག་པ་བྱང་ཆུབ་ཀྱི་སེམས་སྤྲོས་པ་ཐམས་ཅད་དང་ངང་གིས་བྲལ་བ་ཐིག་ལེ་ཆེན་པོའི་རང་བཞིན་དུ་སངས་རྒྱས་པ་ལ་གཉིས་སྤྲོས་ཀྱི་ཆོས་ཐམས་ཅད་མ་སྤངས་མ་དམིགས་པའི་ཕྱིར། ཐ་སྙད་ཙམ་དུ་ཟླ་མེད་པས་གཅིག་ཅེས་བརྗོད་དུ་ཟད་ཀྱི། ངོ་བོ་ཉིད་གཅིག་གི། མིང་དང་ཡང་། བྲལ་ལོ། །དེ་ཡང་གཉིས་སུ་འཛིན་པ་བཟློག་པའི་ཕྱིར་ལས། ཕྱི་མོའི་ཆོས་ལ་སྒྲོ་བསྐུར་མེད་དོ། །དོན་དེ་རང་རིག་གི་རྟོགས་པར་བྱ་ན། གཞན་ཡིན་པར་མ་སེམས་ཤིག །དེ་ནི་བདག་ཉིད་རང་བཞིན་དེ་ལྟ་བུས་དེ་ལ་བདག་ཏུ་སྣང་ཙམ་ངོ་བོ་བསྟན་དུ་མེད་དེ། བདག་གཞན་ཅི་ཡང་མ་ཡིན་པ་ལ། ཡུལ་དམིགས་ཏེ་དངོས་པོ་གཞིགས་ལ་བཙལ་དུ་མེད་པས། དེ་ལ་མི་དཔྱད་དྲང་པོར་ལྟོས་ཤིག །དྲང་པོར་བལྟས་པ་གང་ཞེ་ན། བསམ་པ་གང་དུའང་མ་གཡོས་པའོ། །དེ་ལྟར་ན་ཐིག་ལེ་ཆེན་པོའི་ཉམས་རང་རྙེད་པར་འགྱུར་རོ། །དེ་དག་གི་ལུགས་བརྟན་པར་བྱེད་པ་ནི། གཏན་ཚིགས། ནམ་རང་བཞིན་གཏན་ཚིགས་ཀྱི་ལུང་། མཁའ་ཆེ་ལས། ཆོས་སྐུས་ཁྱབ་པའི་གཅིག་པའི་ཕྱིར། །ཆེ་བས་ཆེན་པོའི་རང་བཞིན་གནས། །ཞེས་དང་། སྤྲོད་པ་མེད་པའི་ཏིག་ལས། ཡེ་ཤེས་རྣམ་པར་དག་པས་གཅིག་ཕྱིར་ཏེ། །གྲོལ་བའི་ལམ་ཉིད་ཡོད་མ་ཡིན། །གཅིག་དང་དུ་མའི་མཐའ་ལས་འདས་པ་ནི། །ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་བཀྲ་བ་མེད། །ཀུན་གྱི་བདག་ཉིད་དུས་གསུམ་དབྱིངས་མི་གཡོ། །ཞེས་འབྱུང་། རྩེ་མོ་བྱུང་རྒྱལ་ལས། ཐེག་པའི་རྣམ་གྲངས་གྲལ་ཐབས་ཆེ་སྙམས་པ། །མ་འདྲེས་ཆོས་རྣམས་ཡོངས་སུ་རྫོགས་པའི་རྒྱན། །ཀླུ་ཡང་རྒྱ་མཚོ་ཆུ་བོའི་འཕྲོ་འདུ་བཞིན། །རྒྱལ་ཐབས་སྤྱི་བླུགས་དབང་ཕྱུག་རྣམས་ཀྱི་མཛོད། ཡང་། ཀུན་ཏུ་བཟང་པོ་རང་འབྱུང་བཅོམ་ལྡན་འདས། །གཅིག་པུ་རབ་ཏུ་ཆེ་མཆོག་ཆོས་ཀྱི་སྐུ། །ཞེས་འབྱུང་། ཡང་། ཆོས་དབྱིངས་མ་སྐྱེས་སེམས་ཅན་མེད་པའི་ཕྱིར། །སྲིད་པའི་ཆོས་རྣམས་ཡེ་ནས་ལྷུན་གྱིས་གྲུབ། །དེ་རྒྱུ་ལྷུན་རྫོགས་བྱང་ཆུབ་སེམས་ཀྱི་དབྱིངས། །མི་གནས་མྱ་ངན་འདས་པའི་འབྲས་བུར་གནས། །ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་བ། །ཡེ་ནས་རྒྱ་མཚོ་འཁྱིལ་བའི་དབྱིངས་དང་མཚུངས། །སྤྲོས་ཀྱང་དེ་བཞིན་བསྡུས་ཀྱང་དེ་བཞིན་པ། །བསོད་ནམས་ཡེ་ཤེས་སྐུ་གསུང་ཐུགས་ལ་རྫོགས། །ཞེས་འབྱུང་། ཡང་། ཀུན་ཏུ་བཟང་པོ་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་རབ་ཏུ་ཆེ་མཆོག་ཆོས་ཀྱི་སྐུ། །ལྷུན་རྫོགས་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཆེ། །དེ་གནས་ལྷུན་གྲུབ་བྱང་ཆུབ་སྙིང་པོར་ནི། །བླ་མེད་རྒྱལ་བའི་གོ་འཕངས་མཆོག་ལ་ཞུགས། །ཞེས་འབྱུང་། རིན་ཆེན་ཀུན་འདུས་ལས། ཆོས་སྐུ་ཡེ་ནས་རྣམ་དག་རབ་དབེན་པའི། །འཁོར་བའི་རྒྱ་མཚོ་བླ་དྭགས་ཡུལ་སྤངས་པའི། །ཡོད་དང་མེད་པའི་མཐའ་ཀུན་དབྱིངས་སུ་གཅིག །ཅེས་འབྱུང་། བདེ་འབྱམས་ལས། ཐོགས་མེད་ཡོངས་སུ་རྫོགས་པའི་བྷ་ག་ལ། །དབྱེར་མེད་ལྷུན་རྫོགས་ཐིག་ལེའི་དབྱིངས་ཉིད་ཆེ། །སྐུ་གསུང་ཐུགས་སུ་ཤར་བ་མུ་ཁྱུད་དཀྱིལ། །ཞེས་འབྱུང་། རྨད་དུ་བྱུང་བ་ལས། གཏི་མུག་ནི་བདག་ཉིད་ལས་བྱུང་བའི་ཆོས་ཐམས་ཅད་ལ། ལྟ་བ་སོ་སོར་དབྱེར་མེད་པར་ཐུགས་སུ་ཆུད་དེ། སོ་སོར་དབྱེ་བའི་དགོངས་པ་མི་མངའ་བས་གཏི་མུག་པ་དང་། ཆོས་ཐམས་ཅད་བདེ་བར་གཤེགས་པའི་ཐུགས་ཉིད་དུ་གྱུར་པས། གསང་བ་མཆོག་གི་དགྱེས་པ་ན་ཐམས་ཅད་བདག་ཉིད་གཅིག་པུར་བཞུགས་ཏེ། ས་དང་སའི་རིམ་པར་དབྱེ་བ་མི་མངའ་བའི་གཏི་མུག་པ་དང་། ཞེས་པ་ལ་སོགས་པ་དང་། ཡང་། ཡིད་བཞིན་ནོར་བུ་རིན་ཆེན་ལྟར། །མ་བསམ་ལྷུན་གྱིས་གྲུབ་པའི་སྐུ། །ཁམས་གསུམ་འདི་ན་གཅིག་པུ་གནས། །གཅིག་པུ་རབ་ཏུ་ཆེ་བའི་ས། །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་གཅིག་པུར་བཞུགས། །ཞེས་འབྱུང་། དེ་དག་ལ་སོགས་པས་གཏན་ཚིགས་རྒྱ་ཆེ་བས། ཡིན་མིན་གྱི་ཁོ་ཐག་བཅད་དེ། དེ་ལྟ་བུའི་དོན་ལ་དངོས་པོ་གང་ཡང་སྤངས་པ་མེད་དེ། མ་གྲུབ་པས་ཀུན་བྲལ་ཉག་གཅིག་ཇི་མ་སྤངས་པའོ། །འཕྲ་བཀོད་ལས། སེམས་ནི་གཟུགས་བྲལ་གཟུགས་ཀྱང་རྫོགས། །ཁ་དོག་དབྱིབས་ཀྱང་ཟུང་དུ་མེད། །ཅེས་འབྱུང་བས། དོན་དེ་རྒྱལ་བའི་དགོངས་པ་མངོན་དུ་ཕྱུང་བ་ཉིད་དོ། །དེ་ལྟ་བུ་ལ་གནས་པའི་སྐྱེས་བུ་ཆེན་པོ་ལ། སྣང་སྲིད་རྒྱལ་བའི་ཞིང་ཁམས་རྣམ་པར་དག་པ་ཉིད་དུ་གསལ་ཏེ། དཔེར་ན་འཛམ་བུ་གསེར་གླིང་ན་ས་རྡོ་བཙལ་ཀྱང་མི་རྙེད་པ་བཞིན་ནོ། །དེ་ཉིད་ལས། མཐོང་བ་སྣང་སྲིད་དག་པའི་ཞིང་། །དམ་པ་བྱང་ཆུབ་སེམས་ལ་གནས། །ཞེས་འབྱུང་ངོ་། །དེ་ལྟར་མ་རིག་མ་ཤེས་པའི་གང་ཟག །བློ་ཕད་ཧྲུལ་དུ་སྙུང་བ་བླུགས་པ་བཞིན། དམིགས་ལ་འཕོ་ཞིང་རྩོལ་བ་དང་། གཅིག་ཏུ་འདོད་པ་རྣམས་ཀྱིས་ཆོས་གཅིག་ཏུ་བསྡུས་ནས་གཅིག་ཏུ་བྱ་བར་སེམས་པ་དག་ནི། ཉི་མ་འདོད་ནས་མུན་པ་སྙེགས་པ་དང་འདྲ་སྟེ་གོལ་ལོ། །ནམ་མཁའ་ཆེ་ལས། དེ་བས་དེ་ལུང་དེ་ཉིད་ལས། །དེ་ལ་དེ་བྱར་སྒྲིབ་པར་འགྱུར། །དེ་ལྟར་དེ་ལ་དེ་རྟོག་ན། །དེ་ལ་དེ་ཉིད་གྲུབ་པ་མེད། །ཅེས་གསུངས་ཏེ། དེ་ནམ་དུའང་མི་རྟོགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཐིག་ལེ་ཆེན་པོ་ནི་ཐིག་ལེ་དྲུག་པར་ལྡན་པར་བཞུགས་ཏེ། དེ་ལྟ་བུའི་ངང་ལ་མུ་མཐའ་མེད་ཅིང་ཀུན་གྱི་འབྱུང་གནས་ཡིན་པས་དབྱིངས་ཀྱི་ཐིག་ལེའོ། །དེ་ཉིད་མཐའ་མ་བཀོལ་དག་པས། དབྱིངས་རྣམས་དག་པའི་ཐིག་ལེ། ཐིག་ལེ་ཆེན་པོ་ཕྱོགས་རིས་དང་བྲལ་བ་ལ་བཅོས་བསླད་མེད་པས། ཆོས་ཉིད་ཀྱི་ཐིག་ལེ། ཐམས་ཅད་རྒྱུ་རྐྱེན་མེད་པར་རང་ཤར་བས། ཡེ་ཤེས་ཆེན་པོའི་ཐིག་ལེ། འཁོར་བ་ངན་སོང་གཏན་ཆགས་ཆེན་པོས་བཏབ་པས་གང་ཡང་དོར་བ་མེད་པས། ཀུན་ཏུ་བཟང་པོའི་ཐིག་ལེ། ཡ་ཐ་རྒྱལ་བའི་གོ་འཕངས་ནས། མ་ཐ་དམྱལ་བའི་འཇིག་རྟེན་ཡན་ཆད་ལྷུན་གྱིས་རྫོགས་པས་མཐའ་དབུས་མེད་པས་ལྷུན་གྱིས་གྲུབ་པའི་ཐིག་ལེའོ། །དེ་ནི་དྲུག་ཏུ་སྣང་ཞིང་གཅིག་ཏུའང་མེད་དེ་དམིགས་པ་ཅན་གྱིས་མཐོང་དཀའ་འོ། །དེ་ལ་ཆོས་ཐམས་ཅད་གཞི་ཇི་བཞིན་དགའ་རབ་རྡོ་རྗེ་དང་རྒྱལ་པོ་འདའ་ཧ་ན་ཏ་ལོའི་བཞེད། བན་ཆུང་རང་གི་འདོད་བྱང་ཀྱང་ཡིན། པར་ལྟ་བ་ནི། ཁྱད་པར་དུའང་མ་ནོར་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་ཁོ་ན་མ་བཅོས་མ་བསླད་པ་ཉིད་པས་ཨ་ཏི་ཡོ་ག་རྫོགས་པ་ཆེན་པོའོ། །དེའི་མཚན་གྱི་རྣམ་གྲངས་ནི་ཡོན་ཏན་གྱི་ཆ་ལས་སྣང་བ་གྲངས་ལས་འདས་སོ། །དེ་ཁོ་ན་ཉིད་ལ་དམིགས་འཛིན་མེད་པས། གཟའ་གཏད་བྲལ་ཞེས་བྱ་བར་ཡང་གྲགས། དེ་ལ་འབྲས་བུ་རིལ་རྫོགས་པས་ལྷུན་གྱིས་གྲུབ་པ་ཞེས་བྱ་བར་ཡང་གྲགས། དེ་ཁོ་ན་སྡུག་བསྔལ་མིང་མེད་པས་བདེ་བ་ཆེན་པོ་ཞེས་བྱ་བར་ཡང་གྲགས། གཞན་པའི་ཆོས་མེད་པས་བདག་ཉིད་ཆེན་པོར་ཡང་གྲགས། ཟླ་དང་སྤྲོས་པ་མེད་པས་ཐིག་ལེ་ཆེན་པོར་གྲགས། མཐའི་ཆོས་མེད་པས་གཉིས་སུ་མེད་པར་ཡང་གྲགས། དེ་ཉིད་དུ་ཐམས་ཅད་གསལ་བས་རང་བྱུང་ཡེ་ཤེས་སུ་ཡང་གྲགས། འབྲས་བུ་ལ་རེ་བ་མེད་པས་མི་རྩོལ་བའི་ཕྱིར། བྱ་རྩོལ་བྲལ་བ་ཞེས་བྱ་བར་ཡང་གྲགས་ཏེ། དེ་དག་རྟགས་ཐ་དད་ཀྱང་ངོ་བོ་ལ་ཐ་དད་མེད་པས། གཅིག་ཀྱང་ཐམས་ཅད་ཡིན་ལ། ཐམས་ཅད་གཅིག་པས། གཞི་ཇི་བཞིན་པའི་མཚན་གྱི་རྣམས་གྲངས་སོ། །དེ་ལྟ་བས་ན་དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་རྟོགས་པར་བྱའོ། །དེ་ཚུལ་ཇི་བཞིན་ཞེ་ན། ཡེ་གཟའ་གཏད་བྲལ་བ་ལ་གཟའ་གཏད་བྲལ་བའང་མེད། ཡེ་བདག་ཉིད་ཆེན་པོ་དེར་ལྟ་བའང་མེད། ཡེ་ལྷུན་གྱིས་གྲུབ་པ་ལ་ལྷུན་གྱིས་གྲུབ་པར་ལྟ་བའང་མེད། ཡེ་གཉིས་སུ་མེད་པ་ལ་གཉིས་སུ་མེད་པར་ལྟ་བའང་མེད། ཡེ་བྱ་རྩོལ་དང་བྲལ་བ་ལ། བྱ་རྩོལ་དང་བྲལ་བར་ལྟ་བའང་མེད། ཡེ་བདེ་བ་ཆེན་པོ་ལ་བདེ་བ་ཆེན་པོར་ལྟ་བའང་མེད། ཡེ་ཐིག་ལེ་ཆེན་པོར་ལྟ་བ་ལ། ཐིག་ལེ་ཆེན་པོར་ལྟ་བའང་མེད། ཡེ་རང་བྱུང་ཡེ་ཤེས་ལ། རང་བྱུང་ཡེ་ཤེས་སུ་ལྟ་བའང་མེད་པའི་ཕྱིར། དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་ཇི་བཞིན་པའི་ཆོས་ལ་དེ་ཉིད་དུའང་མི་ལྟ་བའོ། །དེ་ཅིའི་ཕྱིར་ལྟ་བ་པོ་དང་ལྟ་བའི་ཡུལ་མེད་པའི་ཕྱིར་ཏེ། རྡོ་རྗེ་བཀོད་པ་ལས། མ་སྤངས་མ་བཀོལ་མ་རྟོགས་འཁོར་བའི་ཕྱིར་ལྷུན་གྲུབ་དབྱེར་མེད་པས། ལྟ་བ་དང་ལྟ་བར་བྱ་བ་མེད་ཅེས་བྱུང་བའི་ཕྱིར། དེ་བས་ན་ལུགས་ཆེན་པོ་འདིར་བྱ་བས་བསམས་བསླད་པའི་རིལ་གྲོལ་བའོ། །དེ་ལ་དྲིས་ཏེ་ཅི་ཡང་བྱ་བ་མེད་པས་ནི་གྲོལ་དུ་མི་བཏུབ་སྟེ། མནར་མེད་པའི་དམྱལ་བ་ཡང་མཉམ་པ་ཉིད་ལས་མ་གཡོས་མ་བཀོལ་ཡང་། མ་རྟོགས་པས་འཁོར་བའི་ཕྱིར། དེ་ཁོ་ན་ཉིད་ལ་འབད་པར་རིགས་ཏེ། མ་འབད་ན་ཅི་ལ་གྲོལ་ཞེས་འདྲི་ན། དེ་ལ་ལན་དུ་དེ་བདེན་ཏེ། དམྱལ་བའི་འཇིགས་ཚོགས་མཉམ་པ་ལས་མ་གཡོས་ཀྱང་འཁོར་བ་བདེན་ཀྱང་། ཁྱོད་ཉིད་ཀྱིས་དེ་མ་རིག་སྟེ། དམྱལ་བའང་ཉམ་ཐག་བདོ་ཙམ་ན། བདེ་བ་ཉིད་དམྱལ་བར་བརྟན་པར་ངེས་པར་གྲུབ་པའི་རིགས་རྒྱུད་མེད། ཡིན་པའི་དོན་འབད་པས་མི་རྙེད་དོ། །དེ་ཅིའི་ཕྱིར་ཞེ་ན། མི་ཤེས་པ་རྣམས་ནི་སེམས་བྱ་རྩོལ་དང་བྲལ་བའི་དོན་གྱི་རྗེས་སུ་འབྲང་ཞིང་མངོན་དུ་བྱས་ཏེ་རྟོགས་པར་འདོད་དོ། །ཤེས་པ་ལ་རྗེས་སུ་འབྲང་བ་མེད་དེ་བྱ་རྩོལ་དང་བྲལ་བ་ཉིད་རང་རིག་པའི་རྗེས་སུ་འབྲང་སྟེ་བདག་ཉིད་དོ། །དེ་བཞིན་མི་ཤེས་པ་ནི་བློ་བཟའ་གཏད་མེད་པ་ལ་འབྲང་ངོ་། །ཤེས་ན་བདག་ཉིད་དོ། །མི་ཤེས་པ་དག་ནི་སེམས་ལྷུན་གྱིས་གྲུབ་པའི་དོན་གྱི་རྗེས་སུ་འབྲང་ངོ་། །ཤེས་ན་ལྷུན་གྱིས་གྲུབ་པར་བདག་ཉིད་དོ། །མི་ཤེས་པ་རྣམས་སེམས་རང་བྱུང་གི་རྗེས་སུ་འབྲང་ངོ་། །ཤེས་ན་རང་བྱུང་ཡེ་ཤེས་ཀྱང་དེ་ཉིད་དོ། །མི་ཤེས་པ་བདེ་བ་ཆེན་པོའི་རྗེས་སུ་འབྲང་ངོ་། །ཤེས་ན་བདག་ཉིད་དོ། །མི་ཤེས་ན་ཐིག་ལེ་ཆེན་པོའི་རྗེས་སུ་འབྲང་ངོ་། །ཤེས་ན་ཐིག་ལེ་ཆེན་པོ་བདག་གི་རྗེས་སུ་འབྲང་ངོ་། །མི་ཤེས་པ་རྣམས་ནི་གཉིས་སུ་མེད་པའི་བདག་ཉིད་ཆེན་པོའི་རྗེས་སུ་འབྲང་ངོ་། །ཤེས་ན་བདག་ཉིད་ཆེན་པོ་རང་གི་རྗེས་སུ་འབྲང་ངོ་། །མི་ཤེས་པ་རྣམས་ནི་ཇི་བཞིན་པའི་དོན་གྱི་རྗེས་སུ་སེམས་འབྲང་ཞིང་མངོན་དུ་བྱེད་དོ། །ཤེས་པ་ནི་ཇི་བཞིན་པས་ཡང་བདག་ཉིད་པས་རྗེས་སུ་མི་འབྲང་། སེམས་པ་མེད་འདོད་པ་མེད་དོ། །དེ་བས་ན་ཤིན་ཏུ་རྣལ་འབྱོར་པས་གཏན་ཚིགས་མ་བཙུག །མ་གཞིག་པས་མ་བསམ། མངོན་དུ་མ་བྱས། མ་བརྟགས། མ་དཔྱད། མ་གཞལ། དེ་ཅི་ཡང་བྱ་བ་མེད་པར། མ་བཞག་པར་བཞག་པ། ཇི་བཞིན་པ་དེ་ཁོ་ན་ཉིད། མི་རིག་པར་རིག །མི་རྙེད་པར་རྙེད། མ་བསྒྲུབ་པར་གྲུབ། མ་མཐོང་བར་མཐོང་། མ་རྟོགས་པར་རྟོགས། མ་ཐོབ་པར་ཐོབ། མི་གསལ་བར་གསལ། མ་མྱོང་བ་མྱོང་བར་འགྱུར་རོ། །དཔེར་ན། ནམ་མཁའི་གཟའ་སྐར་ལྟར་འདོད་ན། སྤྲིན་གསལ་བས་མི་གསལ་མི་མཐོང་གི། རང་བཞག་པས་ཞི་ནས་མཐོང་བར་འགྱུར་རོ། །དེ་ལྟར་རྟོགས་པར་བྱེད་པ་ལ་ཆེད་དུ་རྟོགས་པར་བྱ་བ་ཡང་མེད། དེ་ལྟར་རྟོགས་པ་བཀག་པ་ཡང་མེད། བྱས་པ་བྱས་འཛིན་པ་ཡང་མེད་དེ། འོན་ཏང་ན་མི་ཆེན་པོ་ཆོས་མ་ནོར་བའི་དོན་ལ་གནས་པ་རྣམས་ནི་དེ་བཞིན་བྱེད་པས། རིག་འཛིན་གྱི་གྲལ་ནོན་པ་ཡང་མང་། དུས་དེང་སང་གི་གང་ཟག་ནི་ཕལ་ཆེར། ལྟ་བ་དེ་ལ་སྐུར་སྤོང་འགེགས་སྣུབ་པར་བྱེད་དོ། །ཕལ་ཆེར་གྱིས་བཟང་ངན་གང་དུ་ཡང་ངོ་མ་ཤེས་པས། མི་འདོར། མི་ལེན། མི་སྤོང་ངོ་། །ཁ་ཅིག་སྤྱོད་འདོད་ཀྱང་མི་གོའོ། །སྐལ་པ་དང་ལྡན་པ་འགའ་ཡིས་སོ། །འཕྲིགས། སྤྱོད་ལེན་བརྟེན་པར་བྱེད། རྟག་གོ་སྒོམ་གང་དུ་མ་ངེས་པ། སྟེ། དུས་དེར་ཡང་འདི་ལ་གནས་ན་ཤིན་ཏུ་གྲུབ་ཐག་ཉེ་སྟེ། བསྒོམ་རིང་ཐུང་དང་ལས་འཕྲོ་ལ་རག་ལུས་པ་མེད་དེ། དེ་བས་ན་གདུང་འཚོབ་པ་འགའ་བྱུང་སྲིད་ན། དགོན་གནས་སུ་བྱུང་ལ་རྟོགས་ཤིག །གཞི་ཇི་བྱང་ཆུབ་ཀྱི་མཚན་ཉིད་ཅི་འདྲ་ཞེ་ན་མཐའ་གསུམ་མ་སྤངས་མ་བྲལ་བ། བཞིན་པའི་ཆོས་ཉིད་ཅེས་བྱ་བ་ནི། འདི་ལྟ་བུ་ཞེས་གཟུང་དུ་ངོ་བོ་གཏན་དུ་མེད་པ། མ་གཏུབ་པ། སྣ་ཚོགས་སུ་བཟུང་བས་ཅི་ཡང་གཟུང་ལ་མ་བཟུང་བ་དག་གང་ཡང་མ་སྤངས་པ། ཡིན་ལ། གང་ཡང་མིན་པ་ཡིན་པ། མིན་པ། འདི་འདྲར་ཐ་དད་དུ་སྣང་བས། བསྟན་དུ་འདོད་ལ་མི་འདོད་མི་འདོད་པ་འདོད་པ་རང་བཞིན་མེད་པ། པ། ཤིན་ཏུ་བརྟག་སླ་ལ། དཀའ་བ་ཡུལ་མེད་པ། གོམས་པར་བྱ་བ་ཡོད་ལ་སྔར་མ་མཐོང་བས་ཡུལ་དུ་མེད་པས་ཡོད་པ། མེད་པ། རྟོག་དཔྱོད་བྱར་ཡོད་ལ་མེད་པ། རིལ་དང་ཉིད་དུ་གྲུབ་ཟིན། མ་མཐོང་བས་མེད་ལ་ཡོད་པ། སྣ་ཚོགས་སུ་སྣང་ཅིར་ཡང་བརྟགས་པ་ལྟར། ལ་གནས་ངོ་བོ་གཅིག་ཏུ་མེད་པ་ཡོད་པ། པ་ཐ་དད་ངོ་བོ། དུ་མི་འདུག་པ་ལ་འདུག་བརྟགས་པ་འདུག་པ་མི་འདུག་པ། པ། རྟག་ལ་མི་རྟག་པ། མི་རྟག་ལ་རྟག་པ། ཆད་ལ་མ་ཆད་པ། མ་ཆད་ལ་ཆད་པ། གཅིག་ལ་དུ་མ་དུ་མ་ལ་གཅིག་པ། མ་ངེས་པ་ལ་ངེས་པ། ངེས་ལ་མ་ངེས་པ། སྣ་ཚོགས་སུ་འབྱུང་བ། འབྱུང་ལ་འབྱུང་བ་མེད་པ། བསམ་དུ་ཡོད་ལ་མེད་པ། མེད་ལ་ཡོད་པ། དྲན་པར་བྱར་ཡོད་ལ་མེད་པ། མེད་ལ་ཡོད་པ། མཚོན་དུ་ཡོད་ལ་མེད་པ། མེད་ལ་ཡོད་པ། བརྗོད་དུ་ཡོད་ལ་མེད་པ། མེད་ལ་ཡོད་པ། འཇུག་ཏུ་ཡོད་ལ་མེད་པ། མེད་ལ་ཡོད་པ་དེ་ལ་སོགས་ཏེ་བསམ་ཡས་པས་བླ་དྭགས་ཙམ་ན་ཤིན་ཏུ་བསྟན་དཀའ་འོ། །མཐའ་ཐམས་ཅད་དང་བྲལ་བ་ཞེས་བྱ་བ་ནི། མཐའ་དང་མ་བྲལ་བ་ལ་ལྟོས་པའི་མཐའ་བྲལ་བ་སྟེ། དེ་དག་ལ་སོགས་ཇི་སྙེད་བརྗོད་པར་སྐྱོན་པས་བརྗོད་དུ་མེད་དེའི་ཚིག་གི་ཐོག་ཏུ་མི་ཕེབས་པའང་དེའི། དེ་བས་ན་སྒུམ་ཆུང་ལས། ཇི་ཙམ་ཟབ་པའི་ཚིག་བརྗོད་ཀྱང་། །དོན་དང་མཐུན་པར་མི་འགྱུར་རོ། །ཞེས་པའི་དོན་གྱི་རིག་པས་ཁོང་མཇལ་དུ་བྱའོ། །དེ་ལྟ་བུའི་དེ་ཁོ་ན་ཉིད་ལ་མི་ཁྱོད་ཇི་ལྟ་བུ་ཞིག་ཏུ་སེམས། ཡིད་ལ་ཅི་སྤྱོད་ཅི་བལྟ་གང་ལ་སྤྱོད། འདི་ལ་བུ་ལ་རྟོག །གང་སུ་ལ་འཇུག །གང་ཞིག་སྒོམ། ཚིག་ཙམ་དུ་ཡང་བྱ་རྒྱུ་ཅི་ཡང་མེད་པ་ལ་བཅད་དོ། །འོ་ན་གལ་ཏེ་ཚིག་གིས་མཚོན་དུ་མི་འདོད་ན། བརྗོད་པ་ལ་དགོས་པ་མེད་དོ། །ཞེས་འདྲི་ན། ལན་དུ། དེ་སྔར་ཡང་ཞིབ་ཏུ་བརྗོད་ན། དོན་དེ་ལྟར་ཡིན་ཡང་དེ་སྐད་བརྗོད་པ་ཉིད་མཚོན་པ་ཡིན་པས་སྒྲོན་མེད་མུན་ཁུང་གསེར་ཚོལ་ལྟར། །གསང་བའི་སྙིང་པོའི་མཛོད་བརྡོལ་ཏེ། །དགོས་ཆེད་ཡོད་དོ་ཞེས་ལན་བཏབ་བོ། །ལུགས་དམ་པ་རྣམས་ཀྱི་གསེར་ཚན་འབྱིན། །ཅེས་པའི་དོན་ནོ། །དེ་སྒྲོ་བསྐུར་མེད་པ་ཡང་དག་པ་ཡིན་པར་ཡིད་ཆེས་པར་བྱེད་པའི་རྒྱབ་ནོན་གྱི་གཏན་ཚིགས་ཀྱང་། ཁྱུང་ཆེན་ལས། བརྟགས་ན་མེད་ལ་བཞག་ན་སྣ་ཚོགས་འབྱུང་བའི་ལེགས་པ་ཆེ། །དངོས་རང་གི་ངོ་བོ། སུ་མི་སྣང་ཆགས་ཐམས་ཅད་མི་བྱེད། པའི་ཆ་ལུགས་ཅིར་ཡང་སྣང་། ཀུན་ལ་སྟོན་ཞེས་འབྱུང་། །ཡང་། བཏང་ངོ་བཞག་གོ་རང་བཞིན་དེ། །འདོད་པ་མེད་ཅིང་ལེན་པ་མེད། །བྲེད་པ་རྡུལ་ཙམ་མི་སྐྱེ་ཞིང་། །ཁྱུང་ཆེན་ནམ་མཁར་ལྡིངས་པ་ལྟར། །སྤྲོས་པ་མེད་ཅིང་བསྡུ་བ་མེད། །སྟོང་པར་མི་དགོས་བཟའ་བ་མེད། །རྒྱ་མཚོ་བཞིན་དུ་ཡེ་གནས་ལ། །ཆོས་རྣམས་སྣ་ཚོགས་འབྱུང་བར་བྱེད། །ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །བསྡུ་བའི་གནས་སུ་ངེས་པར་མེད། །ཅེས་འབྱུང་། ནམ་མཁའ་ཆེ་ལས། མཆོག་ཏུ་གསང་བའི་ཆོས་ཉིད་ནི། །རྣ་དབང་གཞན་ལས་ཐོས་མི་འགྱུར། །དེ་བཞིན་ལྕེའི་དབང་པོས་ཀྱང་། །དེ་ལ་བརྗོད་དུ་རྡུལ་ཙམ་མེད། །ཅེས་འབྱུང་། འཕྲ་བཀོད་ལས། ཅི་ཡང་མིན་ནོ་གང་ཡང་རུང་། །སྲོག་གི་འཁོར་ལོ་ལས། འཆི་བ་མེད་པའི་སྨན་ཆེན་བདུད་རྩི་འདི། །ཡེ་ཤེས་རྫོགས་པས་གཞན་ལ་བཙལ་མི་དགོས། །ཀུན་ཀྱང་རྒྱུ་གཅིག་ཆོས་དབྱིངས་ངང་དུ་མཉམ། །གཞན་ནས་འོང་མེད་གར་ཡང་འགྲོ་མི་སྲིད། །ཐམས་ཅད་དེ་བཞིན་བྱང་ཆུབ་སེམས་སུ་གསལ། །ཞེས་འབྱུང་། རྨད་དུ་བྱུང་བ་ལས། ཆེན་པོ་ལྔ་ཡི་དྭངས་མ་ནི། བྱང་ཆུབ་སེམས་དྲི་མ་མེད་པ་ཉིད་དོ། །དངོས་མེད་གསལ་བ་སྙིང་པོ་ཤིན་ཏུ་བརྟག་དཀའ་བ་ཉིད་ཡེ་ཤེས་དེ་ཐུགས་ཉིད་དུ་གྱུར་པའོ། །ཡང་། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ནི་སངས་རྒྱས་ཀྱི་ཞིང་ཁམས་ཡོངས་སུ་དག་པ་ཉིད་དོ། །ཞེས་འབྱུང་སྟེ། སངས་རྒྱས་དང་སེམས་ཅན་མེད་ལ་འབྱུང་བ། ཡོད་ལ་མེད་པ་ཉིད་དུ་བསྟན་ཏེ། ཡང་དེ་ལ་མ་སྐྱེས་པས་མི་འཆིའོ། །གདོད་ནས་མ་བྱུང་བས་མི་འགྲོའོ། །མི་གནས་པས་མྱ་ངན་ལས་འདས་པའོ། །གཟུང་འཛིན་བྲལ་བས་ཡེ་ནས་སྟོང་པའོ། །ཞེས་འབྱུང་སྟེ། དོན་གྱིས་སྐྱེ་ཤི་མེད་ལ་ཡོད། ཡོད་ལ་མེད། འགྲོ་འོང་མེད་ལ་ཡོད་པ། ཡོད་ལ་མེད་པ། གནས་པ་མེད་ལ་ཡོད་པ། ཡོད་ལ་མེད་པ། འཁོར་བ་དང་མྱ་ངན་ལས་འདས་པ་མེད་ལ་ཡོད་པ། ཡོད་ལ་མེད་པ། གཟུང་འཛིན་དང་མ་བྲལ་ལ་བྲལ་བ། བྲལ་བ་ལ་མ་བྲལ་བ། ཆོས་ཐམས་ཅད་སྟོང་ལ་ཡོད་པ། ཡོད་ལ་སྟོང་པར་བསྟན་ཏོ། །དེའི་ཕྱིར་མཚན་ཉིད་གང་དུའང་མ་ངེས་པས། ཅིར་ཡང་བསམ་པ་ཅིར་ཡང་མི་སྐྱེའོ། །ནམ་མཁའ་ཆེ་ལས། རང་བཞིན་གཅིག་ཏུ་མ་ངེས་པས། །ཇི་ལྟར་བརྟགས་པ་དེ་ལྟར་སྣང་། །ཞེས་གསུངས་སོ། །དེ་ལྟ་བུ་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ་གསང་སྔགས་ཀྱི་ངོ་བོ་ཇི་བཞིན་པ་ཁོ་ན་ཉིད་ནི་ལྟ་བའི་མཆོག་སྟེ། དེའི་དོན་རྒྱས་པར་བསྟན་པའི་ཕྱིར། གཏན་ཚིགས་ཀྱང་འདིར་བསྟན་པར་བྱ་སྟེ། དེ་ཡང་རྣལ་འབྱོར་གྲུབ་པའི་ལུང་ལས། ལང་ཀའི་བདག་པོ། སེམས་ཞེས་བྱ་བ་ནི། མ་བྱས་མ་བཅོས་སྣ་ཚོགས་སུ་བྱུང་བའོ། །དཀྱིལ་འཁོར་ཞེས་བྱ་བ་ནི། ཐིག་ལེ་གང་ཡིན་པ་ཉིད་དོ། །འོད་ཅེས་བྱ་བ་ནི། སྣང་བའོ། །གསལ་བ་ཞེས་བྱ་བ་ནི། གང་མི་ཤེས་པ་ལས་གཞན་གང་གིས་ཀྱང་མ་བསྒྲིབ་པའོ། །གསང་བ་ཞེས་བྱ་བ་ནི། སྤྱོད་ཡུལ་དུ་མ་གྱུར་པར་སྨྲར་མེད་པ་ལ་བྱའོ། །སྔགས་ཞེས་བྱ་བ་ནི། ཡོན་ཏན་གྱི་འབྱུང་གནས་བརྗོད་པ་ལ་བྱའོ། །ངོ་བོ་ཉིད་ཅེས་བྱ་བ་ནི་མ་ནོར་མི་འགྱུར་བ་ལ་བྱའོ། །ཞེས་པ་དང་། ཡང་བྱ་བས་བཙལ་དུ་མེད་པའི་ཕྱིར། མ་བྱས་པའོ། །གཞི་ཇི་བཞིན་པའི་ཕྱིར་མ་བཅོས་པའོ། །ཞེས་འབྱུང་། དོན་དེས་ན་ཇི་བཞིན་དེ་ཁོ་ན་ཉིད་ལས། བླ་དྭགས་ཙམ་དུ་བསམ་གྱིས་མི་ཁྱབ་པའི་ཆོས་སུ་གྲགས་པའི་ཕྱིར། དེ་ཉིད་ལས། ལང་ཀའི་བདག་པོ་དེ་ལ་ནི་བླ་ན་མེད་པའི་བྱང་ཆུབ་སེམས་ཞེས་བྱའོ། །ཆོས་རྣམས་ཀྱི་ཆོས་ཉིད་དེ་བཞིན་ཉིད་ཅེས་ཀྱང་བྱའོ། །སེམས་ཀྱི་སྟོང་པ་ཉིད་ཅེས་ཀྱང་བྱའོ། །མཐའ་ལས་འདས་པ་ཞེས་ཀྱང་བྱའོ། །དབུ་མར་མི་དམིགས་པ་ཞེས་ཀྱང་བྱའོ། །སངས་རྒྱས་ཀུན་གྱི་དངོས་ཞེས་ཀྱང་བྱའོ། །སྤྲུལ་པ་ཀུན་གྱི་འབྱུང་གནས་ཞེས་ཀྱང་བྱའོ། །ཞེས་པ་དག་གི་རྗེས་ལ། ལང་ཀའི་བདག་པོ། དེ་དག་ཀྱང་གང་གི་དོན་དུ་དེ་ལྟར་བརྟགས་ཀྱིས། དེ་ཁོ་ན་ཉིད་ལ་མིང་དུ་བཏགས་པ་མེད་དེ། དེ་དག་ནི་བླ་དྭགས་ཉིད་དུ་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱང་བླ་དྭགས་སོ། །ཆོས་ཀྱང་བླ་དྭགས་སོ། །བྱང་ཆུབ་ཀྱང་བླ་དྭགས་སོ། །དེ་བཞིན་དུ་དབྱིངས་དང་ཡེ་ཤེས་དང་། ཆོས་ཀྱི་སྐུ་དང་། སྐུ་ཐ་དད་པ་དང་། སེམས་ཅན་དང་འཇིག་རྟེན་ལ་སོགས་པ་ཐམས་ཅད་དུ་བརྟགས་ཤིང་ཆགས་པ་ཇི་སྙེད་པ་དག །བླ་དྭགས་འབའ་ཞིག་ཏུ་རིག་པར་བྱའོ། །བླ་དྭགས་གང་ཡིན་པ་དེ་ནི་གློ་བུར་དུ་བཏགས་པ་སྟེ། ཡེ་ནས་ལྡན་པ་ནི་མ་ཡིན་ནོ། །གལ་ཏེ་ཡེ་ནས་ལྡན་པ་ཞིག་ཡིན་ན་ནི། གང་གློ་བུར་བ་ཐམས་ཅད་མི་འབྱུང་བར་འགྱུར་རོ། །གློ་བུར་ནི་སྤྲིན་བཞིན་ཏེ། ཐེར་ཟུག་མ་ཡིན། ཡེ་ནས་ལྡན་པ་མ་ཡིན་བརྟག་བཟོད་པ་མ་ཡིན་ནོ། །དེའི་ཕྱིར་མིང་དང་། བརྡ་དང་། ཐ་སྙད་དང་། མཚན་མ་དང་། བརྟགས་པ་དང་། ལས་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་སོགས་པ་གློ་བུར་དུ་མ་བཏགས་ཏེ་ཡོད་ན་ནི། དེ་བཞིན་ཉིད་ཅེས་བྱ་བ་སྟེ། དེ་ལྟར་མི་རུང་བ་ཞིག་ན། དེ་བཞིན་ཉིད་དེ་ནི་གང་གི་དབང་དུ་མི་འགྱུར་བའི་བླ་དྭགས་སུ་རིག་པར་བྱའོ། །དེའི་ཕྱིར་ཆོས་ཐམས་ཅད་ནི་མིང་མེད། ཚིག་མེད། བརྗོད་དུ་མེད། ཚིག་གི་ལམ་ཆད་པའོ། །ཞེས་འབྱུང་ངོ་། །དེས་ན་ཅིར་ཡང་མི་བརྟག་སྟེ། གང་དེ་ལྟར་ཉམས་རྙེད་པ་ནི། མི་རྟོག་པ་ཆེན་པོ་ཞེས་བྱའོ། །དེ་ཉིད་ལས། གསང་བའི་བདག་པོ། གང་མིང་དུ་བཏགས་པའི་གཞི་ལ་གཞིའི་དོན་དམ་དུ་ཡང་མི་རྟོག་གམ། སྨྲས་པ། ལང་ཀའི་བདག་པོ། གཞིའི་དོན་ཙམ་དུ་ཡང་མི་རྟོག །རྣམ་པར་མི་རྟོག་ལགས་སོ། །དེ་ཅིའི་ཕྱིར་ཞེ་ན། གཞིའི་དོན་ཙམ་ཞིག་ནི་འདི་ཞེས་སངས་རྒྱས་ཉིད་ཀྱིས་བཙལ་ཡང་མི་རྙེད་དོ། །དེ་བས་ན་གློ་བུར་གྱི་རྟོག་པ་དང་། མི་རྟོག་པ་ལ་སངས་རྒྱས་དང་། སེམས་ཅན་ཞེས་བཏགས་པར་ཟད་ཀྱི། དེ་བཞིན་ཉིད་དེ་ལ་ནི་སངས་རྒྱས་དང་། སེམས་ཅན་དུ་ཅུང་ཟད་ཀྱང་མེད་དོ། །འོན་ཏང་ན་བྱིས་པ་རྣམས་ནི་གློ་བུར་གྱི་སྤྲིན་གྱིས་སྒྲིབ་པ་ལ། གློ་བུར་གྱི་ཆོས་དག་བྱེད་དུ་མེད་ཅིང་། འཁོར་བ་དང་། བྱང་ཆུབ་གཉིས་སུ་རྟོག་པར་བྱེད་དོ། །སེམས་ཅན་དང་སངས་རྒྱས་གཉིས་སུ་རྟོག་པར་བྱེད་དོ། །ཞེས་གསུངས་པས། མི་རྟོག་པ་ལ་རྟོག་པ་ནི་དོན་ལ་བརྡ་ཤེད་མ་བྱེ་བའོ། །དེ་ཡང་མ་ཟད་དེ། ཇི་བཞིན་པ་ཁོ་ན་ཉིད་དེ་ནི་རྒྱུ་རྐྱེན་མེད་ལ་གང་དུ་ཡང་ཐོགས་པ་མེད་དེ་ལྷུན་གྱིས་གྲུབ་པའི་ཕྱིར། གང་ལའང་རག་མ་ལས་པ། དེ་ནི་རྟེན་དང་བྲལ་བའི་ཕྱིར། གནས་མེད་པ་གཞི་མེད་པའི་ཕྱིར། རྟེན་མེད་པ་གང་དུའང་མ་འགགས་པས། ཆད་པར་མ་ཡིན་པ། ཐེར་ཟུག་མེད་དེ་རང་བཞིན་ངེས་པས་རྟག་པ་མེད་པ། རྣམ་གྲངས་ཀྱི་ཆོས་ཡ་བྲལ་བས། སྤུངས་པ་མ་ཡིན་པ། བསྐྱེད་པའི་རྩ་བ་མེད་པས། རྒྱུ་ལས་མ་བྱུང་། གྲོགས་དང་སྟོངས་ངང་གིས་མེད་པས། རྐྱེན་མེད་པ། རྒྱུ་རྐྱེན་གཉིས་མ་གྲུབ་པས། དེ་གཉིས་ལས་བསྐྱེད་པ་ཡང་མ་ཡིན། ངོ་བོ་མི་ཟིན་ཅིང་ཟླ་དང་བྲལ་བས། གཞན་ལས་བསྐྱེད་པ་ཡང་མ་ཡིན། གཞན་པའི་ཆོས་འདི་ཉིད་ཀྱང་མ་ཡིན། དེ་ལ་ངོ་བོས་གཞན་པ་ཡང་མ་ཡིན། སངས་རྒྱས་སེམས་ཅན་དུ་རྒྱ་མ་ཆད་པའི་ཕྱིར། རིགས་མེད་པ། གདོད་ནས་གཅིག་གི་རིགས་སུ་མེད་པའི་ཕྱིར། རྒྱུ་མེད་པ། ངོ་བོ་ཅིར་ཡང་སྣང་ཡང་། སྣང་བ་མེད་པས་མི་འཕོ་ལ། མཐའ་ལས་གྲོལ་བའི་ཕྱིར་མི་སྣང་བ། དངོས་གཞི་མེད་པའི་ཕྱིར། ངོ་བོ་མེད་པ་སྟེ། ཐ་སྙད་བཅུ་བདུན་ལས་ཀྱང་གྲོལ་བར་སྟོན་ཏོ། །དེ་ཡང་དེ་ཉིད་ལས། གང་རག་མ་ལས་པ། སེམས་ལ་གནས་མེད་པ། རྟེན་མེད་པ་ཆད་པ་མ་ཡིན། རྟག་པ་མ་ཡིན། སྤུངས་པ་མ་ཡིན། རྒྱུ་ལས་མ་བྱུང་། རྐྱེན་གྱིས་མ་བསྐྱེད། དེ་ལས་མ་ཡིན། གཞན་ལས་མ་ཡིན། དེ་ཉིད་མ་ཡིན། གཞན་མ་ཡིན། རིགས་མེད་པ། རྒྱུད་མེད་པ། མི་འཕོ་བ། མི་སྣང་བ། ངོ་བོ་མེད་པ། ཇི་ལྟ་བ་བཞིན་དུ་མཐོང་ངོ་། །ཞེས་འབྱུང་ངོ་། །རྣམ་པ་གཅིག་ཏུ་ཇི་བཞིན་པ་དེ་ཁོ་ན་ཉིད་དེ། ཐ་སྙད་ལྔ་བཅུ་ལས་གྲོལ་བར་སྟོན་ཏེ། ཡང་དཔྱད་པ་ཐམས་ཅད་བྲལ་བ། མཐའ་དང་། ཡོད་མེད་རྟག་ཆད་དང་བྲལ་བ། དབུས་མི་རྟག་པ་མེད། དམིགས་པ། སྒྲོ་ཆད་པ་མེད་པ། བསྐུར་མེད་པ། བླང་བཟང་ངན་གཉིས་མེད། དོར་མེད་པ། རྒྱུ་ཡེ་འབྲས་བུས་ལམ་པའི། འབྲས་ལས་འདས་པ། ཡེ་མཐས་མ་རེག་པ། ནས་དག་པ། ཡེ་ནས་ཟིན་ཟིན་པ་ཉི་ཤུ། པ། བྱ་ཟིན་པའི་ཕྱིར། བ་མེད་པ། རྩོལ་བྱ་བ་མེད་པའི་ཕྱིར། བ་མེད་པ། བསྒྲུབ་བདག་ཉིད་ཆེན་པོ་པས། ཏུ་མེད་པ། བརྩོམ་ཡེ་གྲུབ་པས་འཕྲལ་དུ། དུ་མེད་པ། གཞན་བདག་ཉིད་ཡིན་པས་རག་མ་ལུས་པའི་ཕྱིར། ནས་མི་འབྱུང་བ། གཉེན་དེ་ཉིད་ལ་ཅིས་ཀྱང་ཟིལ་མ་གནོན། པོ་མེད་པ། བྱེད་རྩོམ་པའི། པ་པོ་མེད་པ། མ་བྱེད་པ་པོ་མེད་ཕྱིར། བྱས་པ། མ་བཏགས་ཐ་སྙད་བྲལ་བས། པ། བདག་མེད་སྤྱོད་ཡུལ་བྲལ་བ་ཆོས་དང་གང་ཟག །པ། མ་བཅོས་གཞི་ཇི་བཞིན་པའི་ཕྱིར། པ། མ་བསླད་ཡེ་བདེ་བ་ཆེན་པོ་ལ་ལོག་པ། པ། དེ་ཡིན་རིལ་དེ་ཁོ་ནས། པ། ངེས་མི་བསླུ་མི་འགྱུར། པ། མ་ནོར་ངེས་པའི་ཕྱིར། བ། ཇི་བཞིན་བཅོས་བསླད་མེད་པ། པ། མ་འགགས་ཅི་ཡང་ཤར་བས། པ། མ་སྐྱེས་ངོ་བོ་འདི་འདྲར་མེད་པས། པ། མི་དུས་གསུམ་མི་འགྱུར་བས། ནུབ་པ། མི་མི་ནུབ་པའི་ཕྱིར། རླག་པ། མི་སྣང་ཡོད་མེད་པས་གྲོལ་བས། བ། མ་བྱུང་མི་སྣང་བའི་ཕྱིར། བ། མ་འགྲོ་སྐད་ཅིག་མའི་རྒྱུད་དུ་མེད་པས། བ། ཡེ་ནས་གནས་འཕྲལ་དུ་མ་བྱས་པ། པ། ཀུན་ལ་ཁྱབ་རིལ་དེ་ཁོ་ན་བས། པ། མིང་མེད་བརྗོད་པ་དང་བྲལ་བས། པ། མཚན་གཟུགས་མེད་ཕྱིར། མ་མེད་པ། གཟུགས་དབྱིབས་ཁ་དོག་མེད་པ། མེད་པ། ཐ་ཚིག་གི་ལམ་ཆད་པའི་ཕྱིར། སྙད་མེད་པ། བལྟར་ཤེས་པ་མེད་པ། མེད་པ། གཟུང་ངོ་བོ་གང་དུ་ཡང་སྣང་ལ་མ་གྲུབ་པས། དུ་མེད་པ། མཚོན་གཟུང་དུ་མེད་པའི་ཕྱིར་དཔེ་ལ། དུ་མེད་པ། དཔེ་དེ་དང་འདྲ་བ་མེད་ཕྱིར། མེད་པ། ཚད་གཟུང་དུ་མེད་པ། མེད་པ། བརྟག་བློས། ཏུ་མེད་པ། རྟོག་གེ་ལས་འདས་སྤྱོད་པས་ཡེ་གྲོལ། པ། དཔག་བློས། ཏུ་མེད་པ། བསམ་ཡིད་ལ། དུ་མེད་པ། བསམ་གྱིས་མི་ཁྱབ་བསམ་པ་པོས་མུ་མཐའ་དང་མཚན་ཉིད་དང་བྲལ། པ། ཀུན་གྱི་འབྱུང་རིལ་གྱི་ཡུམ་པས། གནས། ཐམས་ཅད་ནས་ཐམས་ཅད་དུ་བཏང་སྙོམས་ཆེན་སྤ་བའི་དུས། ཕྱིས་ཀྱི་དུས། རྒྱུན་ལ་ཐུན་མཚམས་མེད། པོ། སྟོང་ཡོད་མེད། པ་ཉིད་རིག་པ་རང་བྱུང་བ་ཁོ་མ་འགགས་རྒྱུ་རྐྱེན་མེད་པར་གསལ་བས་ཕྱོགས་གཞན་འབད་དོ། ། ནའོ། །ཞེས་གསུངས་སོ། །རྣམ་པ་གཅིག་ཏུ་དེ་ཉིད་ལས། ཐམས་ཅད་ནས་དུས་གནས་སྐབས། ཐམས་ཅད་དུ་རིགས་ཀྱི་མཚན་ཁ་ལ་རྫོགས་པ། མ་མེད་དོ། །ཐ་ཚིག་གམ། སྙད་མེད་དོ། །རྣམ་ངོ་བོའི། པ་མེད་དོ། །ཡུལ་སྦྱིན་པའི། མེད་དོ། །འཇུག་འཇུག་པར་བྱེད་པའི་ཤེས་པ། པ་མེད་དོ། །སངས་རྒྱས་གུད་ན་མེད་པས། མེད་དོ། །ལུང་བསྟན་པ་སངས་རྒྱས་མེད་ཕྱིར། མེད་དོ། །ངེས་པ་རྙེད་དོན་གཞན་མེད་པས། པ་མེད་དོ། །ཐམས་དུས། ཅད་ཐམས་ཅད་དུ་བྱང་ཆུབ་གནས་སྐབས་ཡེ་ཆོས་སྐུ་བས། པ་ཉིད་དོ། །སྙིང་འབྲས་བུ་ཉིད་པས། པོ་ཉིད་དོ། །དེ་མ་ནོར་མ་བཅོས། ཁོ་ན་ཉིད་དོ། །ཡང་ངེས་པའི་ཕྱིར། དག་པ་ཉིད་དོ། །ངེས་ཡང་དག་པ་ཉིད་ཀྱི་ཕྱིར། པ་དམ་པ་ཉིད་དེ། གཞན་མ་ཡིན་རིལ་རང་རིག་པ། པ་ཉིད་དོ། །སྐྱེ་བ་མེད་རྒྱུ་རྐྱེན་བྲལ་བ། པ་ཉིད་དོ། །འགགས་ཅིར་ལྟ་བར་སྣང་བ། པ་མེད་པ་ཉིད་དོ། །དེ་མ་བཅོས་པ། བཞིན་ཉིད་དོ། །མ་ནོར་དྲང་པོ་པ། བ་ཉིད་དོ། །ཆོས་ཕྱོགས་རིས་མེད་པ། ཉིད་དོ། །ཆོས་མུ་མཐའ་མེད་པ། ཀྱི་དབྱིངས་ཉིད་དོ། །བསམ་བསམ་པ་པོའི་བློ། གྱིས་མི་ཁྱབ་པ་བསམ་དུ་མེད་པ་ཉིད་མ་བསམ་ན་ཁྱབ་པ་དེ་ཡིན། དོ། །ཡང་བསྐྱེད་དུ་ལ་བཟླས་པ་མེད་པ། དག་པའི་མཐའ་ར་ཐུག་པ། ཉིད་དོ། །ཞེས་པའི་དོན་གྱི་ཐ་སྙད་བརྒྱད་ལས་གྲོལ་བ། མཚན་ཉིད་བཅུ་བཞི་དང་ལྡན་པར་ཡང་བསྟན་ཏོ། །ཡང་དེ་ཉིད་ལས། མཚན་ཉིད་དང་རང་བཞིན་མེད་ངོ་བོ་འདི་འདྲར། ཅིར་ཡང་། བདག་ཉིད་མི་ཕྱེད་པས། པའོ། །མི་རང་རིག་ཉིད་དུ་གྲུབ་པས། དམིགས་པའོ། །གོམས་པར་བྱས་པའོ། །ངེས་པར་བརྟགས་པའོ། །ཡོངས་དོན་དེ་ཉིད་ལས་མ་འདས། སུ་དཔྱད་པའོ། །ཅིར་ཇི་ལྟར་བརྟགས་པ་ལྟར། ཡང་སྣང་བའོ། །མིན་མ་ནོར་བར་ཆད་མི་བསུ། པར་ངེས་པའོ། །ཀུན་ཐམས་ཅད་པའི་ཕྱིར། ཏུ་བྱུང་བའོ། །ཐམས་གང་ཡང་མ་བཀོལ་བས། ཅད་འདུས་པའོ། །ཡོངས་རིལ་འདུས་ཕྱིར། ལ་ཁྱབ་པའོ། །ཡོངས་ཅིར་ཡང་འབྱུང་བས། ཀྱིས་སྐྱེ་བའོ། །རྣམ་གང་ཡང་ལྷན་མི་གཅིག་པས། པར་དག་པའོ། །གང་མཚན་ཉིད་མེད་པས། ཡང་མ་གྲུབ་པའོ། །ཁྱབ་པ་པར་བྱས་པ། མེད་པ། མ་རིལ་བྱུང་ཐེབས་པས། ཁྱབ་པ་མེད་པ། མཐོ་སངས་རྒྱས་སེམས་ཅན་དབྱེར་མེད་པ། དམན་མེད་པ། ཆེ་མཐོ་དམན་མེད་ཕྱིར། ཆུང་མེད་པ། བཟང་ཆེ་ཆུང་མེད་ཕྱིར་ཀུན་བཟང་ཡུལ། ངན་མེད་པ། ཡངས་ལྟོས་པ་མེད་པ། དོགས་མེད་པ། རྒྱུ་ལས་མི་སྐྱེ་སྟེ་སྙིང་པོ་ཉིད་པས། འབྲས་མེད་པ། ཕོ་འི་རིགས་སུ་འཆད་པ། མོ་མེད་པ། རིགས་མཚན་བཞི་ཅིར་ཡང་སྣང་བ། བརྒྱུད་མེད་པ། གཟུགས་དབྱིབས་དང་ཁ་དོག་བྲལ་བ། མེད་པ། ལས་མ་དང་རྣམ་པར་སྨིན་པ་མེད་པ། དམིགས་པ། ཕྱི་དང་ནང་མེད་ཕྱི་ནང་རང་རིག་ཏུ་གསལ་བས། པ། སྐྱེ་ད་དཔྲལ་དུ། བ་མེད་པ། འཕོ་འགྱུར་མེད་གཉེན་པོ་བྲལ་བ། པ། མུན་སྣང་མེད་ཡེ་ཤེས་ཉི་མ་བརྡལ་བ། པ། སྔ་ཕྱིར་མེད་དུས་གསུམ་རྒྱུད་གྲོལ་བ། པ། མཐའ་དབུས་མེད་བརྒྱད་དང་བཞི་དང་གཉིས་གྲོལ་བ། པ། བདག་གཞན་དུ་སྣང་བ་སེམས་ཉིད་ལས། མེད་པ། རྩོལ་སྒྲུབ་མེད་འབྲས་བུ་གྲུབ་ཟིན་པས། པ། བླང་དོར་མེད་བཟང་ངན་མེད་པས། པ། ངང་གིས་མ་བཅོས་རང་བཞིན་གཏན་ཚིགས་བྱེད་པས། པ། ཡོང་གི་འོད་གསལ་ཅིས་ཀྱང་མ་སྒྲིབ་པ། བ། མ་བསླད་ཕྱིན་ཅི་ལོག་བྱང་ཆུབ་པས། པ། མ་འཕྲོ་མེད་པ། བྱུང་བ། མ་མ་བྱུང་བ་ཡིན་པས། སྐྱེས་པ་ཡིན་ནོ། །ལང་ཀའི་བདག་པོ། མཚན་ཉིད་དང་རང་བཞིན་ཅི་ཞེས་འདྲི། བྱང་ཆུབ་ཀྱི་སྙིང་པོ་སྣང་བ་དང་མི་སྣང་བ་ལས་འདས་ཏེ། མཚན་ཉིད་དང་རང་བཞིན་མི་དམིགས་སོ། །ཞེས་འབྱུང་བའི་དོན་གྱིས། མཚན་ཉིད་སོ་བརྒྱད་དང་ལྡན་པར་བསྟན་ཏོ། །ཡང་དེ་ཉིད་ལས། བཀའ་སྩལ་པ། བྱང་ཆུབ་ཀྱི་སྙིང་པོ་ཞེས་གང་ལ་བྱ། གསོལ་པ། བཤེས་གཉེན་དམ་པ། བྱང་ཆུབ་ཀྱི་སྙིང་པོ་ནི། སངས་རྒྱས་ཀུན་གྱི་དགོངས་པ་དམ་པ་ལ་བྱའོ། །བཀའ་སྩལ་པ། སྐྱེས་བུ་དམ་པ། དགོངས་པ་དམ་པ་ཞེས་གང་ལ་བྱ། གསོལ་པ། ཐམས་ཅད་ཀྱི་རང་བཞིན་གང་ལགས་པ་དེ་ཁོ་ན་ཉིད་དོ། །བཀའ་སྩལ་པ། ཐམས་ཅད་ཀྱི་རང་བཞིན་ལ་གསང་སྔགས་ཞེས་བྱ། གསོལ་པ། ཐམས་ཅད་ཀྱི་རང་བཞིན་གང་ལགས་པ་དེ་ནི། གང་གིས་ཀྱང་མ་མཐོང་། མི་མཐོང་དུ་མེད་པས་མ་ཧཱ་མན་ཆད། རྟགས། སྤྱོད་དམིགས་པར་བྱེད་པ་རྣམས་ཀྱི། ཡུལ་དུ་མ་གྱུར། སྨྲར་རང་རིག་པས་དམིགས་སུ་མེད་ཕྱིར། མེད་པ། བརྗོད་མཚན་ཉིད་མ་ངེས་པ། པ་ལས་འདས་པ། བསམ་བརྗོད་པའི་ལམ་ཆད་དེ་བརྗོད་པ་མི་ཐེབས། དུ་མེད་ཡིད་ལ་བྱར་མེད་པས། པ། བསམ་གྱིས་མི་ཁྱབ་མུ་མཐའ་མེད་པའི་ཀློང་། པ། བརྟག་པར་དཀའ་གཏིང་ཤིན་ཏུ་ཟབ་པ། ཞིང་། བསྟན་གཞན་ལ་འདི་འདྲ་ཞེས། པར་དཀའ་བའི་ཕྱིར་ལགས་སོ། །ཞེས་འབྱུང་། ཡང་བཀའ་སྩལ་པ། སྙིང་པོ་བྱང་ཆུབ་ཇི་ལྟར་སྣང་། གསོལ་པ། སྙིང་པོ་བྱང་ཆུབ་ནི་སྐད་ཅིག་ཀྱང་སྣང་མི་སྲིད་ལགས་སོ། །བཀའ་སྩལ་པ། ཅི་གང་དུ་ཡང་མི་སྣང་ངམ། གསོལ་པ། ཇི་ལྟར་བལྟས་པས་དེ་ལྟར་སྣང་ལགས་སོ། །བཀའ་སྩལ་པ། དེ་ཇི་ལྟར་ཡོངས་སུ་སྣང་། གསོལ་པ། འདི་ལྟ་སྟེ། ཀུན་དེ་ཁོ་ན་ཉིད་དེས། འདི་ཁོ་ན་ཡིན་པར་འཛིན། ལ་ཁྱབ་པས་སྣང་བ་མེད་པ་ལགས་སོ། །གང་སྙིང་པོ་བྱང་ཆུབ་དེ། ཡང་མ་སྦས་མ་མཐོང་བ་ལགས་ཀྱང་ལྟ་བྱར་མེད་པ་མ་མཐོང་། སོ། །ཡེ་བདག་ཉིད་ཡིན་པས། མིག་གི་མི་མཐོང་བ་འདྲ། ནས་མ་བྲལ་ཀྱང་། ངོ་མ་ཤེས་པ་ཉིད་དོ། །བརྟགས་བློས། ན་མ་མཐོང་ཅིར་ཡང་སྣང་བ་ཉིད་ངོ་བོ་འདི་འདྲར། རྟོགས་མ་རྟོགས་པས་ཐ་དད་དུའང་། དོ། །སྣ་ཚོགས་དེ་ལྟར་མཐའ་གྲོལ་བས་ཡོད་སྟོང་གི། སྣང་ཡང་དངོས་པོ་མེད་པ་ཉིད་དོ། །བསྐལ་འཁོར་བར། པར་འཁྱམས་ཀྱང་བྱང་ཆུབ་སེམས་ཡིན་ཕྱིར། སྟོར་བ་དང་། བྲལ་བ། མེད་པ་ཉིད་དོ། །སྣ་བག་ཆགས། ཚོགས་བགོ་ཡང་འགྱུར་བ་མེད་ངོ་བོ་དེའི་དབང་པོ་ཉིད། དོ། །རྡུལ་ཙམ་ཆ་མེད་པར་སྣང་སྲིད་ཁྱབ་པ་ཉིད་ངོ་བོ་བཟུང་ན། ཐམས་ཅད་བྱང་ཆུབ་སེམས་ཡིན་ཕྱིར། ངོ་བོ་མེད་གཉིས་ཀ་བསམ་གྱིས་མི་ཁྱབ་པ་མི་འགོག །སྟོང་པ་ཉིད་ལས། སྣ་ཚོགས་འབྱུང་བ་ཉིད་དོ། །དངོས་གཞི་མེད་པར་ཅིར་ཡང་བརྟགས་པ་ཉིད་སྙིང་པོ་བྱང་ཆུབ་རང་གི། འདི་ཡན་བྱ་བ་མེད་པ། མིང་ཅི་བཏགས་པ། གུད་ནས་འབྲས་བུ་ལ། དོ། །བཙལ་གནས་མེད་པར་ཅིར་བསྒྲུབས་འགྲུབ་པ་རབ་འབྲིང་དངོས་གྲུབ་ཐ་དད་དུ། ཉིད། གཟུགས་དང་མཚན་མའི་ངོ་བོ་མ་བོར་མ་བྲལ་བ་ལྟར། མ་མེད་པར་ཅིར་བལྟས་སྣང་བའི་ངོ་བོ་ཤེས་བྱ། ཉིད་དོ། །ཅིར་ཡང་མེད་པར་ཅིར་རིག་པ་ཉིད་མཚོ་དྭངས་པར་སྐར་བཞིན། དོ། །ཁྱབ་བརྡལ་འུབ་ཆུབ་གཅིག་གི་མཐའ་ལས་གྲོལ། མཐའ་ཡས་པར་ཉིད་རང་སྣང་། དོ། །ཀུན་བྲལ་ཉག་གཅིག་ཇི་མ་སྤངས་པ་ཉིད་དོ། །ཕྱི་དང་ནང་མེད་ཀུན་ཏུ་ནང་ཉིད་དོ། །མཐའ་ཡས་བྱུང་ཡང་ཟད་པ་མེད་པ་ཉིད་དེ་འབྱུང་བ་ཉིད་ཡིན་ཕྱིར་རོ། །དོ། །ངོ་བོ། མ་གཟུང་མིང་དུ། མ་བཏགས་ཐམས་ཅད་ལ། གང་དུ་ཡང་ཆགས་པ་ཉིད་དོ། །གདོས་པ་མེད་པར་གང་དང་ཡང་ལྷན་མི་གཅིག་པས་ཐ་སྙད། དེ་གང་ཡང་བཀོལ་བ་ནི་མེད་དོ། །མ་སྤངས་བྲལ་བས་རིལ་དེ་བཞིན་ཉིད་ཀྱི་ཕྱིར། དངོས་གྲུབ་དང་དངོས་པོའི་ཆོས། དེར་གཅིག་པས། ཐ་སྙད་ཅིར་ཡང་དངོས་པོ། བརྟགས་པའི་ངོ་བོ་ལ་མི་འགྱུར་བས། རྟག་པར་ལྷུང་བར་བྱེད་པ། ཉིད་དོ། །ཆོས་ཉིད་ཀྱིས། འདེགས་པ་མེད་པར་རང་རིག་འཕྱོ། མཁའ་ལ་འགྲོ་བ་ཉིད་དོ། །ཡན་ལག་མེད་པའི་རིལ་བ་རིལ། པར་ས་རྣམས་བགྲོད་པ་ཉིད་འགྲོ་འོང་མེད། དོ། །གར་ཡང་མ་གཡོས་ཀུན་ཏུ་རིལ་ཡིན་ཕྱིར། ཕྱིན་པ་ཉིད་དོ། །བསྐྱེད་འགྲོ་བ་མེད། པ་མེད་པར་ཐོགས་མེད་རང་རིག་པ་སྐད་ཅིག་ལ། མྱུར་བ་ཉིད་ཐམས་ཅད་དུ་ཁྱབ་བོ། །དོ། །ཐ་དད་དུ། སྤྲོས་ཀྱང་ངོ་བོ། གཅིག་ལས་མ་གཡོས་པ་ཉིད་དོ། །གཅིག་ལས་མ་གཡོས་ཡུལ་ལ། སྣ་ཚོགས་པར། སྣང་བ་ཉིད་དོ། །ཐམས་སྙིང་པོ་བྱང་ཆུབ་ཇི་བཞིན་པ་དེར། ཅད་དུ་འཇུག་པས་ལམ་ཉིད་ཡང་ཡིན། དོ། །གང་ཡང་སྣོད་བཅུད། མ་སྤངས་པས་འཁོར་བ་ཉིད་གང་ཡིན། དོ། །མ་ཤེས་དོན་ཉིད། འཁྲུལ་པས་སེམས་ཅན་ནོ། །ཆུ་བོ་བཞི་སྐྱེ་རྒ་ན་འཆི། སྒྲོལ་བའི་གྲུ་མ་བསྒྲལ་ཐར་པ། ཉིད་དོ། །རྣམ་པར་ཐམས་ཅད་དུ་ཕྱིན་པ། བསྐྱོད་པས་འགྲོ་བ་ཉིད་དོ། །དམིགས་པ་མེད་པས་བྱང་ཆུབ་བོ། །རྣམ་པ་སྣ་ཚོགས་རང་རིག་ཅིར་ཡང་། པས་སེམས་ཉིད་དོ། །ཀུན་ལ་ཤེས་བྱ། མཁས་པས་ཤེས་རབ་རིལ་གསལ་བས། བོ། །ཐམས་ཅད་གསལ་བས་ཏིང་འཛིན་ནོ། །མ་གང་ནས་ཀྱང་། བགྲོད་པར་ཕྱིན་གཞི། པས་གནས་ཉིད་དོ། །ཟླ་འགྲན་དུ་བྱ་བ། མེད་པས་རབ་ཉིད་ཆོས་སྐུ། དོ། །ངོ་སྐུ་དང་ཡེ་ཤེས་ཀྱི་ངོ་བོ། མཚར་བས་མཆོག་ཉིད་དོ། །དེ་དངོས་པོ་ཀུན་ལ་ཁྱད་པར་དུ། རྣམ་པར་འཕགས་པས་ཕུལ་ཉིད་དོ། །དེ་བཞིན་ཉིད་དུ་ཐོབ་པར་བྱ་མེད་དེའི། དབང་དང་གཉེན་པོ་ཡང་། ཡོད་པས་བླ་ན་མེད་པ་ཉིད་དོ། །གཏིང་མཐའ། མི་རྙེད་པས་བློ་འདི་འདྲར། དཔག་ཏུ་མེད་པས་ན་གསང་བ་ཉིད་དོ། །འཕྲ་བས་མི་གསལ་བ་ངོ་བོ་བཟུང་དཀའ་བའི་ཕྱིར། ལྟ་བ་པོ་ལ། ཉིད་དོ། །ཐམས་ཅད་འབྱུང་འཁོར་བ་དང་མྱ་ངན་ལས་འདས། བས་ཆོས་སོ། །ངོ་བོ་མཐའ་གང་དུ་ཡང་། མི་འགྱུར་བས་དེ་ཁོ་ན་ཉིད་དོ། །གོ་བསྒྲུབ་བྱ་ཆོས་སྐུ་གཉིས་མེད་ཕྱིར། འཕང་ཉིད་པས་བྱང་ཆུབ་པ་ལ། སེམས་དཔའ་བ་ཤེས་བུའོ། །ཉིད་དོ། །རྒྱུན་རྟོག་རྒྱུན་མ་སྤང་། སོང་ཁྱབ་པས་རིལ་ལ་སྣུམས། སངས་རྒྱས་ཉིད་དོ། །གཞིར་ཆོས་ཐམས་ཅད་འབྱུང་བའི། གྱུར་པས་རྩ་བ་ཉིད་དོ། །ཐམས་ཅད་རྒྱལ་བ་རིལ་དང་ལམ་ཆོས། བསྐྱེད་པས་ཡུམ་ཉིད་དོ། །དེ་ལ་བྱུང་བས་ཡབ་རྒྱལ་བ་རིལ་བཞི། ཉིད་དོ། །གདུང་བརྒྱུད་འཛིན་པས་དུས་གསུམ་དུ་མི་ནུབ་པའི་རྒྱལ་བའི་སྲས་ཉིད་དོ། །རང་བྱུང་བས་དབང་བདག་སུས་ཀྱང་མ་བྱས་ཏེ་རག་མ་ལུས་པ། ཉིད་དོ། །དེ་བཞིན་ཉིད་པས་གདུང་རྒྱུད་ཆད་པ་མེད་ཕྱིར་རང་པར་གྱི། ཆེན་པོ་ཉིད་དོ། ། འདའ་དེ་ཁོ་ན་ཉིད་ལ་འབྲེལ་ལོག་སྤྱི་ཚུགས་གར་འདྲེས་ཀྱང་འདའ་བ་མེད། བར་དཀའ་བས་ཐུགས་དམ་ཆེན་པོ་ཉིད་དོ། །རྣམ་དེ་ཁོ་ན་ཉིད་དཔེ་རིལ་གཟུང་། པར་འཚོ་བས་སྲོག་ཉིད་དོ། །ཟད་མི་ཤེས་ཡོན་ཏན་ཐམས་ཅད་དུ། པས་གཏེར་ཆེན་པོ་ཉིད་དོ། །འདོད་པ་གྲུབ་ལམ་པའི། པས་ནོར་ཉིད་དོ། །རྒྱུན་གྱི་སྙིང་རྗེས་འགྲོ་བའི། བྱ་བ་མེད་པས་དྲན་པ་ཉིད་དོ། །རྣམ་པར་བརྗིད་པས་ལྟ་བས་མི་ངོམས་མི་འགྱུར། སྐུ་ཉིད་དོ། ། སྨྲ་བརྗོད་པ་རིལ་ལྷུན་གྱིས་གྲུབ། བརྗོད་འབྱུང་བས་གསུང་ཉིད་དོ། །ཐམས་ཅད་མཁྱེན་པས་ཐུགས་སྤྱོད་ཡུལ་མེད་པར་རང་གསལ། ཉིད་དོ། །འདོད་རྒུ་འབྱུང་བས་གདུལ་བྱ་ལ་བསམ་པ་དང་མཐུན་པར། ཡོན་ཏན་ཉིད་དོ། །བྱ་བ་བྱེད་པས་ཕྲིན་ལས་མཛད་པར་མ་གྱུར་པ་མེད་པས། ཉིད་དོ། །ཡུལ་ལ་འགྲོ་བས་ཡུལ་གྱི་ཆོས་རིལ་ལ་སོན་ཏེ་གཉིས་མེད། འདོད་པ་ཉིད་དོ། །དེ་དེ་ཁོ་ན། ཉིད་ལ་སྤྱོད་པས་ལོངས་སྤྱོད་ཆེན་སྤྱོད་ཡུལ་མེད་པར་བདག་ཉིད་དུ། པོའོ། །རྒྱུར་གྱུར་པས་ཐམས་ཅད་ཀྱི། ཡོ་བྱད་ཆེན་པོའོ། །དགོས་པ་ཚང་བས་ཚོགས་ཆེན་པོའོ། །བྱ་བ་དང་། རྩོལ་བའི་རྒྱུ། མེད་པས་དོན་ཐམས་ཅད་འགྲུབ་པའོ། །སྣ་ཅིར་ཡང་བལྟས་པ་ལྟར་ཤར། ཚོགས་འཁྲུལ་པས་ཆོ་འཕྲུལ་ཆེན་པོའོ། །མཚན་སྐུའི། མར་བྱུང་བས་ཕྱག་རྒྱ་ཇི་སྙེད་དུ། ཉིད་དོ། །གང་ཡང་མ་རྫོགས་པ་མེད་དོ། །གཞན་ནས་མི་ཚོལ་ལམ་པའི་འབྲས་བུ། བས་བསྙེན་པ་ཉིད་དོ། །རང་ལས་བྱུང་བས་ཉེ་བའི་བསྙེན་པ་ཉིད་དོ། །སྙིང་པོ་ཉིད་པས་བསྒྲུབ་པ་ཉིད་དོ། །འབྲས་བུ་ཉིད་པས་བསྒྲུབ་པ་ཆེན་པོའོ། །ཞེས་གསུངས་པའི་དོན་གྱིས་སྙིང་པོ་བྱང་ཆུབ་ཇི་བཞིན་པ་དེ་ཁོ་ན་ཉིད་ནི། འཁོར་བ་དང་། ལམ་གྱི་ཆོས་དང་། འབྲས་བུ་དང་། ཐམས་ཅད་དུ་ཡང་རང་ཤར་ལ་ཅིར་ཡང་གནས་མེད་པར་བསྟན་ཏོ། །ཡང་། དེ་ཉིད་མི་གཡོ་ནམ་མཁའ་ལ། །གཡོ་རྡུལ་ཐ་སྙད་ཇི་སྙེད་པ། །མི་རྟག་ཡེ་ཤེས་རྒྱ་མཚོ་ཆེ། །གཅིག་ལས་རྣམ་པ་ཡོངས་ཀྱིས་མེད། །རང་བྱུང་ལྷུན་གྲུབ་དཀྱིལ་འཁོར་ཆེ། །ཞེས་འབྱུང་། སྣང་སྲིད་འཁོར་བའི་ཁ་བརྒྱུད་ཀྱང་། །སྙིང་པོ་དབྱིངས་ལ་གར་མ་ཕྱིན། །མཐའ་ཐུག་མེད་པའི་ཞིང་བགྲོད་ཀྱང་། །སྙིང་པོ་དེ་ལས་གཡོས་པ་མེད། །དཔག་མེད་རྒྱལ་བའི་སྐུ་བསྐྲུན་ཀྱང་། །སྙིང་པོ་ཡོངས་སུ་འཕེལ་བ་མེད། །སེམས་ཅན་མཐའ་ཐུག་མེད་བྱུང་ཡང་། །དེ་ཉིད་དེ་ལ་སྒྲིབ་པ་མེད། །ཅེས་འབྱུང་། དེ་ཉིད་ལས། གསང་བའི་བདག་པོ། ཅི་ག་སྣང་བ་ཐམས་ཅད་སྣང་བ་དེ་གསང་སྔགས་སམ། འོན་ཏེ་ཐམས་ཅད་ཀྱི་རང་བཞིན་མི་སྣང་བ་དེ་གསང་སྔགས་སམ། ཅི་གཉི་ག་མ་ཡིན་པ་ཅིག་གསང་སྔགས་ཡིན། གསང་བའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ་ཐམས་ཅད་སྣང་བ་དེ་གསང་སྔགས་མ་ཡིན། གལ་ཏེ་སྣང་བ་དེ་གསང་སྔགས་ཡིན་ན་ནི། གསང་སྔགས་ཞེས་བརྗོད་པ་ཉིད་དང་འགལ་ལ། གང་སེམས་ཅན་གྱི་འདུ་ཤེས་དང་། སངས་རྒྱས་ཀྱི་དགོངས་པ་ཡང་ཁྱད་པར་མེད་པར་འགྱུར་རོ། །དེ་ལས་གཞན་ཡང་གསང་སྔགས་ཡོད་པ་མ་ཡིན། གལ་ཏེ་དེ་ལས་གཞན་པ་འབའ་ཞིག་གསང་སྔགས་ཡིན་ན་ནི། ཐམས་ཅད་ཆོས་ཉིད་དུ་མ་འདུས་པར་འགྱུར་རོ། །ཐམས་ཅད་ཀྱི་རང་བཞིན་མི་སྣང་བ་དེ་གསང་སྔགས་མ་ཡིན། གལ་ཏེ་མི་སྣང་བ་དེ་གསང་སྔགས་ཡིན་ན་ནི། གཞན་མུ་ཆད་པ་དག་ཡང་དག་པར་རྫོགས་པ་ཉིད་དུ་འགྱུར་རོ། །གང་གཉི་ག་མ་ཡིན་པ་དེ་ཡང་གསང་སྔགས་མ་ཡིན། གལ་ཏེ་གཉི་ག་མ་ཡིན་པ་ཞིག་གསང་སྔགས་ཡིན་ན་ནི། གསང་སྔགས་ཞེས་བྱ་བ་ཞིག་བཙལ་བས་རྙེད་པས་གནས་གཞན་མེད་དེ། ལང་ཀའི་བདག་པོ། གསང་སྔགས་ཞེས་བྱ་བ་ནི། སྣང་བ་དང་མི་སྣང་བ་གཉིས་སུ་མེད་པས། གཉིས་ཀྱི་ངོ་བོ་ཉིད་ལས་གྲོལ་བ་དབུ་མར་མི་དམིགས་པ་གང་ཡིན་པ་དེ་ཁོ་ན་ཉིད་དོ། །ཞེས་འབྱུང་ངོ་། །འོན་ཏང་ན་ཇི་བཞིན་པ་དེ་ཁོ་ན་ཉིད་སེམས་ཀྱི་རང་བཞིན་འོད་གསལ་བ་དེའི་མཚན་ཉིད་ཅིར་ཡང་མ་འགགས་པ། ཡིན་ཡིན་དུ་བཟུང་དུ་མི་འདོད་པའི་ཕྱིར། ལྷག་པའི་རྣལ་འབྱོར་ཆེན་པོ་ཆེ་ལ་གནས་པ་ཡང་བསམ་པ་ཐམས་ཅད་མ་བཀག་བྲལ་བས་སྣང་ཞིང་མི་རྟོག་གོ། །དེ་ཅིའི་ཕྱིར་ཐམས་ཅད་ཀྱང་བདག་ཡིན་ལ། བདག་ཐམས་ཅད་དུ་སྣང་བས། སྣང་བ་དང་མི་དམིགས་པའི་དོན་དུས་གཅིག་ཏུ་དམིགས་གཏད་མེད་པར་གསལ་ལོ། །དེ་བཏུབ་བམ་ཞེ་ན། དཔེར་ན་སྒྱུ་མའི་མཁན་པོ་ཞིག་གིས། དཔུང་བུ་ཆུང་དང་། སྒྱུ་མའི་རྟ་གླང་དང་། འགྲོ་བ་བཟང་མོ་ལ་སོགས་པར་སྤྲུལ་ནས། འཐབ་རྩོད་པ་དང་རོལ་མོའི་དགའ་བ་ཅི་བྱེད་ཀྱང་། ལྟད་མོ་པ་འཁྲུལ་པ་དག་ངོ་མཚར་སྐྱེ་ལ། སྒྱུ་མའི་མཁན་པོ་ལ་ནི་ངོ་མཚར་མེད་དེ། དེ་དག་འདུག་པ་དང་སྒྱུ་མ་ཡིན་པས། དེ་དཔུང་བུ་ཆུང་ལ་སོགས་པ་དང་། དེ་པ་མེད་པ་གཉི་ག་ཤེས་པ་དང་བྲལ་ལོ། །དེ་ལྟར་གནད་ཆུད་པའི་མི་ཆེན་པོ་དག་ནི། བསྒོམ་པ་ལ་བློ་འཇུག་པ་ཡང་མེད། མ་བཞུགས་པ་ཡང་བྲལ། བསྒོམ་པ་ཡང་མེད། ཡེངས་པ་ཡང་མེད། ལྟ་བ་ཡང་མེད། རྟོག་ཀྱང་ཟིན། གྲུབ་ཀྱང་ཟིན། མཚན་མ་ལྡང་བ་ཅི་བྱུང་ཡང་རང་འབྱུང་དབྱིངས་སུ་རང་གསལ་ཏེ། སྐྱེས་བུ་དེ་ལ་བློ་དང་ལུས་བདག་མེད་པར་ག་ལ་གནོད་དེ། ཉམ་ཐག་པ་ཙམ་ཡང་མེད་པར་ཤེས་པར་བྱའོ། །དེ་རྟས་པའི་རྨི་ལྟས་དང་མངོན་སུམ་དུ་ངན་སྲི་སྡུག་བསྔལ་བག་མི་ཚ་བ་དང་བདུད་ལ་མི་འཇིགས་པ་དང་སྐྱེ་ཤིས་མི་འཇིགས་པ་དང་འཁོར་བ་ལ་མི་སྐྱོ་བ་དང་འདོད་སྤྱོད་དབྱིངས་སུ་སྦྱོར་བ་དང་ཚིག་ལ་མི་དད་པ་ལ་སོགས་པ་འབྱུང་ངོ་། །ལྟ་བས་ན་དོན་དེ་ཐོག་མར་ལྟ་བས་ཐག་བཅད་དུ་མེད་པར་ཆོད་པར་བྱ་བ་ཤིན་ཏུ་གཅེས་སོ། །རྨོངས་པ་དག་གིས་ལྟ་བ་ཕྱོགས་ལས་གོལ་ཏེ། ཇི་བཞིན་པ་དངོས་པོ་འདི་ཁོ་ན་སྣང་བ་ལྟར་འདོད་པ་ན་རྫོགས་ཆེན་དུ་ཁས་འཆེས་ནས་སྐྱེ་བོ་ཕལ་པའི་ས་ལ་གནས་སོ། །དམིགས་འཛིན་གོལ་པ་སོགས་སྔར་བསྟན་པར་ཟད་དོ། །དེ་ལྟ་བུ་དོན་གྱི་གསེར་འཆང་བའི་ལྟ་བའི་དཔེ། ལས་ཀྱི་མཐའ་མཐའ་བསྒོམ། ནི། བློ་འཇུག་ཏུ་མེད་པའི་བསྒོམ་ལུགས་དང་གནད་ཐུན་མོང་དུ་སྟོན། བསྒོམ་པ་སྟེ། དེ་ཡང་བསྒོམ་པ་ལས་འཇུག་པའི་བཞག་ཐབས་དང་། སེམས་ཀྱི་འཇུག་ཐབས་སོ། །དེ་ལ་ལུས་ཀྱི་བཞག་ཐབས་ནི། བསྐྱེད་པའི་རྣལ་འབྱོར་མན་ཆད་ལྷང་ལུས་བཅོས་ལ་བཞག་པ་མེད་དེ། ལུས་འཛིན་པའི་འདུ་ཤེས་དང་བྲལ་བའི་ཕྱིར། ལུས་ལ་འདུག་ཐབས་ངེས་པར་བཞག་པ་མེད་དོ། །འོ་ན་འོག་མའི་སྐྱིལ་མོ་ཀྲུང་ལ་སོགས་པ་དགག་གམ་ཞེ་ན། ལུས་སུ་མ་དམིགས་ཕན་ཆད་དགག་ཏུ་མེད་དེ། ཆེད་དུ་དང་དུ་ལེན་པ་མེད་ན། སྐྱིལ་མོ་ལ་སོགས་པ་གན་རྐྱལ་ཁས་བུབ་གང་དུ་འགྲེ་ཡང་འགལ་མེད་དེ། རྣལ་འབྱོར་ཉིད་གང་བདེ་བར་བྱ་སྟེ། སྙོམས་ལས་ཀྱིས་ནི་བྱ་བ་མ་ཡིན་ནོ། །ངའི་ཡིད་ཆེས་པར་བྱ་བའི་རྒྱབ་གནོན་དུ། རྒུམ་ཆུང་ལས། ལུས་སེམས་མ་སྐྱེས་གཞི་མེད་པས། །ཁ་ལྟར་བཅོས་པའི་ཁ་ན་མེད། །ཅེས་པ་དང་། ཡང་། སྒྱུ་མ་བཞིན་དུ་ལུས་ཤེས་ན། །དྲང་འདུག་སྐྱིལ་ཀྲུང་འཆའ་བའང་མེད། །སྤྱོད་ལམ་གསུམ་གྱིས་གནས་པ་གང་། །ཆེད་དུ་བྱ་མེད་བྱེད་པའང་མེད། །ཅེས་འབྱུང་། རྣལ་འབྱོར་གྲུབ་པའི་ལུང་ལས། གང་ལ་གནས་གཞི་རྟེན་མེད་པས། །གནས་དེར་ལུས་བཅོས་ཁ་ན་མེད། །ཡང་། བསམ་གཏན་ལུས་དབེན་བཅོས་མི་བྱ། །དེ་ལ་དེ་དབེན་མ་བཅོས་པ། །དེ་ཉིད་ཡེ་ཤེས་དབེན་པའི་གནས། །འདི་ནི་རྣལ་འབྱོར་མཆོག་གི་ཡུལ། །ཞེས་འབྱུང་བ་དང་། མཐའ་ཡས་ཞིང་ཁམས་བདག་ལུས་ཕྱིར། །རྣམ་པའི་ལུས་ངན་མ་སྤངས་བྲལ། །ལུས་སུ་དབེན་པའང་དབེན་པའི་ཕྱིར། །སྐྱིལ་ཀྲུང་དྲང་པོར་འདུག་པའང་མེད། །ཅེས་པའི་དོན་གྱིས། ལུས་བྱིང་བཞག་ཐབས་བྱ་བ་མེད་པས། བྱས་པ་མི་འགོག་པར་བཞེད་དོ། །འོ་ན་བཅོས་པའི་སྐྱོན་ཇི་ལྟ་བུ་ཞེ་ན། གང་ལུས་འཆོས་པ་ལ་ནི་ད་རུང་ལུས་སུ་འཛིན་པ་ཡོད་དེ། འཛིན་པས་ནམ་དུ་ཡང་དོན་མཐོང་བར་མི་འགྱུར་རོ། །དེས་ན་རྒུམ་ཆུང་ལས། ཚད་མར་ལུས་སེམས་འཆོས་བྱེད་པ། །འཛིན་པའི་ཕུར་པ་དེ་ལ་ཡོད། །ཅེས་འབྱུང་། གྲུབ་པའི་ལུང་ལས། ཞེན་པས་སྤྱོད་ལམ་སྤྱོད་བྱེད་པ། །དེ་ནི་ལུས་སྤྱོད་བསླད་པ་ཡིན། །ཞེས་འབྱུང་སྟེ་གོལ་ལོ། །དེར་མ་ཟད་གནས་ཀྱང་ཆེད་དུ་དགོན་པ་བླང་དུ་མེད་དེ། སྔར་བསྟན་པ་ལྟར་ཡེ་དབེན་པ་ཆེན་པོ་ཡིན་པའི་ཕྱིར། འགྲོ་དྲུག་རང་འབྱུང་གི་སངས་རྒྱས་ལ་མི་དང་མཇལ་མོད། སངས་རྒྱས་ནང་ཞལ་བ་ཡིན་མོད། དེ་བས་ན་ཆེད་དུ་དགོན་པ་ལ་ཆགས་པ་ཡང་སྤང་ངོ་། །ཡང་བས་གྲོང་ཡུལ་དུ་ཚིག་ཙམ་ལ་ཁུངས་ཕྱུང་ནས་འདུག་པ་ཡང་མིན་ཏེ། གདེངས་ཆུད་ནས་སྤང་བླངས་མེད་པས་དགོན་པར་གནས་སོ། །ཡང་། རི་ཕུག་གཞལ་མེད་བཅོས་མི་བྱ། །དེ་ཉིད་དཔག་མེད་མ་བཅོས་པའི། །འདི་ནི་ཡེ་ནས་རྨད་འབྱུང་གཞལ། །བྱེད་པ་མེད་པར་རང་འབྱུང་པའོ། །ཞེས་འབྱུང་བའི་དོན་གྱིས་གནས་སུ་གང་ཡང་བཟང་ངོ་། །དེ་ལྟ་བས་ན་མི་དང་ཕྲད་ཀྱང་། རྟོག་པ་མི་བཅའ། ཡལ་བར་མི་ཕྲད། ཕྲད་པར་བྱ་རྒྱུ་ཡང་མ་དམིགས་སོ། །དུས་ད་ལྟ་ནི་གྲོང་ཡུལ་ལ་ཞེན། མིག་ཙམ་གྱི་ལྟ་བ་ཁ་ལ་བཅངས་ཏེ། དགོན་པ་ན་དོན་ཆེན་པོ་སྤྱོད་པ་ལ་འཕྱ་བ་མང་སྟེ། དེ་དག་ནི་ལྟུང་བའི་རྒྱུ་རབ་ཏུ་ཆེའོ། །སེམས་ཀྱི་འཇུག་ཐབས་ནི། འདི་འཇུག་པ་མེད་པར་འཇུག་པའོ། ཤེས་པ་ཉིད། །དེ་ནི་ཇི་བཞིན་པ་དེ་ཁོ་ན་ཉིད་དེ་ལ། གང་ཡང་མ་དམིགས་ཏེ། བདག་ཉིད་མི་རྟོག་པ་ཆེན་པོའི་ངོ་བོར་གསལ་བས། ད་འཇུག་ཏུ་མེད་པར་ཤེས་པ་ཉིད་ཞུགས་པར་བཞེད་དོ། །སྐོལ་མདོ་ལོ་ཙཱ་བ་དཔལ་བརྩེགས་ཀྱི་བཤད་པ་ལས། ཨ་ཏི་ཡོ་ག་དམིགས་སུ་མེད་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་འཇུག །ཅེས་འབྱུང་སྟེ། ཆེད་དུ་འཇུག་ཏུ་མེད་དོ། །རྣལ་འབྱོར་གྲུབ་པའི་ལུང་ལས། བཀའ་སྩལ་པ། སྐྱེས་བུ་དམ་པ། མི་གཡོ་བ་ལ་མི་རྟོག་པ་ཉིད་དུ་གནས་སམ། གསོལ་པ། རྟོག་པ་ལ་འཇུག་ལགས་སོ། །བཀའ་སྩལ་པ། ཅིའི་ཕྱིར་མི་འཇུག །གསོལ་པ། བདག་ཉིད་མི་རྟོག་པ་ཉིད་ལས། བཟོད་པ་མི་རྟོག་པ་ལ་འཇུག་མི་འཚལ་བའི་སླད་དུའོ། །གལ་ཏེ་བདག་ཡེ་ནས་རྣམ་པར་མི་རྟོག་པ་མ་ལགས་ན་ནི། རྣམ་པར་མི་རྟོག་པ་ལ་བདག་འཇུག་པ་ཞིག་ན། ཐམས་ཅད་ཡེ་ནས་རྣམ་པར་མི་རྟོག་པའི་སླད་དུའོ། །ཞེས་འབྱུང་ངོ་། །དོན་དེ་དང་སྦྱར་ན་བློ་གང་དུ་ཡང་བསམ་སྤྱོད་མ་སྐྱེས་པ་ཉིད་དུ་ཞུགས་པའོ། །མི་རྟོག་པའི་ལུང་ལས། མི་རྟོག་གཡུ་སྒྲས། ནམ་མཁའི་རང་བཞིན་ལ། །རྟོག་མེད་རིག་པ་ཐབས་ཀྱིས་འཇུག །དམིགས་མེད་ནམ་མཁའི་རང་བཞིན་ལ། །བསམ་མེད་རིམ་པ་ཐབས་ཀྱིས་འཇུག །ཅེས་འབྱུང་བས་མངོན་ནོ། །དེ་ལྟར་བློ་འཇོག་པའི་སྐྱོན་གསུམ་སྟེ། གང་ཞེ་ན། དེ་ལ་ངེས་པར་འཛིན་པའི་ཏིང་ངེ་འཛིན་ནི། ཡིད་ལ་བྱེད་པའི་ཏིང་ངེ་འཛིན་དང་། ཡོངས་སུ་ཚོལ་བའི་ཏིང་ངེ་འཛིན་དང་། འཕྲ་མེན་གྱི་ཏིང་ངེ་འཛིན་ཏོ། །དོན་ཇི་བཞིན་པ་ཅིར་ཡང་བསམ་དུ་མེད་ལ། འདི་ཁོ་ན་ལའོ་ཞེས་ངེས་པར་བཟུང་ནས་ཡིད་ལ་བྱེད་པ་སྟེ། དེས་ཡང་དག་པའི་དོན་མི་མཐོང་ངོ་། །དེ་ཡང་འཛིན་པའི་སྐྱོན་ཡིན་ཏེ། ཞེས་པའི་ཡིད་ཆེས་སོ། །ཡོངས་སུ་ཚོལ་བ་ནི། ཆོས་ཉིད་ཡངས་པའི་ཀློངས་བསམ་དཔྱོད་ངང་གིས་བྲལ་བ་ལ་མཉམ་པར་འཇོག་ཅིང་སེམས་ཀྱི་བཞག་ས་ཚོལ་ཏེ། དཔེར་ན་བུང་བ་ཁུང་ཚོལ་བ་ལྟ་བུར་འདུ་ཤེས་ཏེ། འདི་ལྟར་བསྒོམ་པ་བདེའམ། དེ་ལྟར་བཞག་ན་རུང་ངམ་སྙམ་པའི་བསམ་པ་ཚོར་རྟོག་ཅན། དེ་ཡང་བསམ་པ་བྱེད་པའི་སྐྱོན་ཡིན་ནོ། །དེ་ཡང་རྡོ་རྗེ་བཀོད་པ་ལས། གཞིའི་དོན་ལ་ཡུད་ཙམ་ཞིག །ཅིར་གཡོས་སྐྱེ་འགག་འབྱུང་བ་སྟེ། །དེ་ལ་དྲན་པ་མང་འཕེལ་ཞིང་། །ལམ་ཚོལ་བ་ཡི་གྲངས་བྱུང་ན། །རྣམ་གྲངས་ལམ་དེ་འཕེལ་འགྱུར་ཞིང་། །ཆོས་ཉིད་དོན་དུ་ག་ལ་འགྱུར། །ཞེས་པའི་དོན་གྱིས་འདིར་བརྒྱུད་པ་ཙམ་ལས། དངོས་སུ་མཐོང་བར་མི་ནུས་བར་ལ་བཅད་དོ། །ཕྲ་མེན་གྱི་ཏིང་ངེ་འཛིན་ནི། མཉམ་པའི་ཀློང་ལ་རྣམ་རྟོག་ཀ་ནས་དག་པ། ཆོས་ཉིད་བྱ་བ་ཙམ་དུ་ཡང་བཙལ་དུ་མེད་པ་ལ་བློ་གཉིས་མེད་ཀྱི་གནད་མ་ཆུད་པས། རེས་མཚན་མ་མེད་པའི་དོན་གསལ། རེས་མཚན་མའི་རྟོག་པ་རྒྱུ་སྟེ། འདྲེན་མར་བྱུང་ན་ཕྲ་མེན་ཏེ། དེས་གཟའ་གཏད་མེད་པའི་བསྒོམ་པ་མི་རྟོགས་སོ། །ཡང་སེམས་ཉིད་བདེ་བ་མ་མཐོང་ན། །ཡིད་ལ་མཚན་མེད་དོན་གསལ་དང་། །མཚན་མ་འཁྲུལ་བར་རྒྱུ་བ་རྒྱུར་བ་ན་སངས་རྒྱས་རང་གི་འདོད་ཀྱི། གཉིས། །འདྲེན་མར་རྒྱུ་བྱེད་འབྲལ་གྱུར་མིན། །ཞེས་པས་མངོན་ཏེ། དེ་ཡང་བརྒྱུད་པས་ཕེབས་པ་ཙམ་མོ། །འོན་ཀྱང་དེ་དག་དང་བྲལ་བས་བློ་ཐ་སྙད་ཙམ་དུ་བཞག་པའི་བཞག་ཏུ་མེད་པར་ཤེས་པར་བྱའོ། །ཐབས་ཀྱང་། སྤྱིར་ཐོབ་པར་བྱེད་པའི་དོན་ཐ་སྙད་ཐམས་ཅད་བྱང་ཆུབ་ཀྱི་ལམ་ཡིན་པས། ཐབས་བརྟན་སྒོ་དྲུག་དགག་ཏུ་མེད་ཡུལ་སྣང་བ་བསམ་དུ་མེད་པས་ལྷུག་པའོ། །པར་བྱེད་པའི་ཐབས། ཡོངས་སུ་མཐའ་གསུམ་ལས་གྲོལ་བས་ཡུལ་དང་བྲལ་བ་ཉིད་དོ། །ཞིབ་ཏུ་ཚིག་འདི་དག་ལ་རྟོགས་ཤིང་ཞར་ལ་བསྒོམ་ཞིང་ཉམས་ལོངས་རང་རིག་པ་ནང་ནས་རང་འཆར་གྱིས། མི་འཛིན་པའི་ཐབས་ཏེ། ལྟ་བའི་ཁོང་གིས་ཁྲོལ་ཏེ། དེ་ལ་ལྷག་པའི་རྣལ་འབྱོར་པས། བསྒོམ་པའང་གོང་དུ་ཐག་ཆོད་པའི་དོན་ཇི་བཞིན་ཏེ། དོན་དང་བསྒོམ་པ་པོར་རྒྱ་མ་ཆད་དེ་གཅིག་པའི་ཕྱིར་ཆོས་ཉིད་ཇི་བཞིན་པའི་ངོ་བོ་ཡིན་པས། བློ་ཇི་བཞིན་པར་ཆེད་དུ་མ་བཞག་པར་ཤེས་པ་ཉིད། བཞག་གོ། །དེ་བཞིན་དུ་ཆོས་ཉིད་ལྷུན་གྱིས་གྲུབ་པས་རང་རིག་པའང་ལྷུན་དེ་གཉིས་ཐ་དད་མེད་པའི་ཕྱིར། གྱིས་གྲུབ་པར་བཞག་གོ། །ཆོས་ཉིད་ཐིག་ལེ་ཆེན་པོའི་ངོ་བོར་གསལ་བས། རང་རིག་པའང་ཐིག་ལེ་ཆེན་པོར་བཞག་གོ། །དོན་བྱ་བ་རྩོལ་བ་དང་བྲལ་བའི་ཕྱིར། རང་རིག་པ་བྱ་བ་རྩོལ་བ་དང་བྲལ་བའོ། །ཆོས་ཉིད་གཉིས་སུ་མེད་པས། རིག་པ་གཉིས་སུ་མེད་པའོ། །ཆོས་ཉིད་གཟའ་གཏད་དང་བྲལ་བས། རིག་པ་གཟའ་གཏད་དང་བྲལ་བའོ། །ཆོས་ཉིད་རང་བྱུང་གི་ཡེ་ཤེས་པས། རང་རིག་པ་རང་བྱུང་གི་ཡེ་ཤེས་སོ། །ཆོས་ཉིད་ཐམས་ཅད་བདག་ཉིད་ཆེན་པོ་པས། བློ་བདག་ཉིད་ཆེན་པོའོ། །ཆོས་ཉིད་ཐམས་ཅད་ཅིར་ཡང་མི་བསམ་པས། བློ་ཅིར་ཡང་མི་བསམ་མོ། །ཆོས་ཉིད་ཅིར་ཡང་མི་གཡོ་བས། བློ་ཅིར་ཡང་མི་གཡོ། ཆོས་ཉིད་ཅིར་ཡང་མི་འཇུག་པའི་ཕྱིར། བློ་ཅིར་ཡང་མི་འཇུག །ཆོས་ཉིད་མི་འཇུག་པས། བློ་མི་འཇུག །ཆོས་ཉིད་ཅིར་ཡང་མི་སྣང་བས། བློ་ཅིར་ཡང་མི་སྣང་། ཆོས་ཀྱི་ངང་ལ་མི་རྟོག་མི་དཔྱོད་མི་ཚོལ་མི་ལེན་པས། བློ་མི་རྟོག་མི་དཔྱོད་མི་ཚོལ་མི་ལེན་ནོ། །ཆོས་ཉིད་མི་སྐྱེ་མི་འགག་པས། རང་གི་བློ་གང་དུའང་མི་སྐྱེ་མི་གནས་མི་འགོག་གོ། །ཆོས་ཉིད་ཀྱི་ངང་ཆེད་དུ་མི་བྱེད། མི་འཆོས་མ་བསླད་པས་རང་གི་བློ་ཡང་ཆེད་དུ་མི་བྱེད་མི་འཆོས་མི་བསླད་དོ། །ཆོས་ཉིད་གསལ་ལ་མི་རྟོག་པས། རང་རིག་པ་ཡང་གསལ་ལ་མི་རྟོག་གོ། །ཆོས་ཉིད་མི་འབྱུང་མི་འཇུག་འདུ་ཤེས་མེད་པས། རང་རིག་པའང་མི་འབྱུང་མི་འཇུག་འདུ་ཤེས་མེད་དོ། །ཆོས་ཉིད་མི་རྟོག་མི་གཡོ་མི་དམིགས་པ་ལའང་གནས་པ་མེད་པས། རང་གི་བློ་ཡང་མི་རྟོག་མི་གཡོ་མི་དམིགས་པ་ལའང་གནས་པར་མི་བྱེད་དོ། །ཆོས་ཀྱི་དེ་ཁོ་ན་ཉིད་ཡེ་ཕྱད་པ་ཐུན་མཚམས་བྲལ་བས། རང་རིག་པའང་དུས་གསུམ་ཕྱད་པ་ཆེན་པོ་ཐུན་མཚམས་བྲལ་བའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཉིད་ཇི་བཞིན་པ་གང་ཡིན་པ་རང་རིག་པ་ཉིད་ཡིན་པའི་ཕྱིར་རོ། །ལུགས་ཆེན་པོ་ལ་གནས་པ་ཅིག་ཅར་ཡང་མི་བསམ་མོ། །དེ་ཡང་རྨད་འབྱུང་ལས། བྱང་ལམ་པས་བསྒོམ་པའི་དུས་ནའང་། ཆུབ་ཀྱི་སྙིང་པོར་ཞུགས་པའི་ཚེ། སྟོང་པའི་ཆོས་ལ་སྟོང་པའི་ཡུལ་མེད་དེ་མི་གནས་སོ། །ཞེས་འབྱུང་བས་ཡུལ་མེད་པས་གསལ་ལོ། །འོ་ན་ཚེ་སྐབས་བཞུགས་པའི་ཚེ་ཞེས་པ། སྨོས་པས་ཞུགས་པའི་ཚེ། ཡུལ་མེད་ཀྱང་བཞུགས་ཅིང་མཉམ་པར་མ་བཞག་པའི་ཚེ། ཡུལ་སྤྱོད་པས་ཐུན་མཚམས་ཀྱང་ཡོད་དོ་ཞེ་ན། དེ་ནི་དོན་འབྱུང་འཇུག་མེད་དེ་གདུལ་བྱའི་ངོར་བསྟན་པའོ། །འོན་ཏང་འདིར་ནི་ཆུ་ཚོད་ཐུན་བརྟག་པའི་དུམ་བུ་མེད་དེ། ཡེ་མཉམ་པ་ཇི་བཞིན་ཉིད་ལ་སུ་ཡི་གང་ལ་བསྒོམས་ཏེ་བྱ་བ་མེད་དེ། དེ་ལྟར་ཐག་ཆོད་ནས་དྲན་པས་སློང་བ་ཅི་མ་འགགས་ཀྱང་དྲན་པ་མེད་དོ། །མན་ངག་དེ་ཉིད་རྒྱུན་གྱི་མན་ངག་རིལ་བཏགས་པ་ཙམ་ཕྱིར་རིག་པར་སྣང་ངོ་། །ལས། དྲན་མེད་མི་ཡང་འཁོར་རྒྱུན་མི་བྱེད་དེ། །ཞེས་པ་དང་། རྣ་བ་རྒྱུད་ལས་ཀྱང་། དེ་ལྟར་ཡུན་རིང་མ་བརྗེད་ན། འཇུག་ཚིག་དོན་མཐུན་པའི་ཉམས་འབྱུང་ངོ་། །ཞེས་འབྱུང་ངོ་། །མདོར་ཐུན་ཀྱང་སྐྱོན་དུ་བཀག་པའང་མེད། བླང་བ་ཡང་མེད་དེ་ཐུན་མེད་པར་ཤེས་ནས་ཐུན་དུ་བཅད་ཀྱང་སྐྱོན་མེད་དོ། །དེ་ལྟར་བསྒོམ་པའི་སྙིང་པོ་བྱང་ཆུབ་དེ། གནས་པའི་ཡུན་ངེས་པ་མེད་དེ། དེ་ཡང་རྣལ་འབྱོར་གྲུབ་པའི་ལུང་ལས། ལང་ཀའི་བདག་པོ། ཀུན་ཏུ་མ་ངེས་ཏེ། དུས་ཚིག་དང་། ཟླ་བ་དང་། ཟླ་བ་ཕྱེད་དང་། ཞག་དང་། ཉི་མ་དང་། ཐུན་དང་། ཐུན་ཕྱེད་དང་། སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་དང་། དེ་མ་ཐག་དང་། ཡེ་དེ་ཁོ་ན་ཉིད་དུ་པ་དང་། བསྐལ་པ་དང་། བསྐལ་པ་ཚད་མེད་པས་སོ། །ཞེས་འབྱུང་བས། ལམ་པ་ལ་སྣང་བའི་རིག་པ་ལ་སྣང་བའི་ཡུན་དང་། དུས་དེ་དག་ཉིད་དུ་སྙིང་པོ་བྱང་ཆུབ་རང་ཤར་བ་གཉིས་ཀར་སྦྱོར་རོ། །རྣམ་གཅིག་ཏུ་ཨ་ཙཱརྱ་རྒྱལ་བ་གསལ་གྱིས་བཞེད། ཨ་ཏི་ཡོ་གའི་བསྒོམ་པ་ཀློང་ཕེབས་པ་ནི། རྒྱ་མཚོ་ཀློང་ལས། ཡེ་ཡིན་ཀློང་ཆེན་དོན་རྟོག་མ་ཡེངས་པ། །བྱང་ཆུབ་སེམས་ཆེན་ཀློང་གི་བསྒོམ་པ་ཡིན། །ཞེས་པའི་དོན་དང་སྦྱར་ན། གོང་དུ་ལྟ་བས་ཐག་ཆོད་པས་ཅི་ཡང་རིག་པ་མེད་པས་རིག་པ་ལ་སེམས་ཆེད་དུ་མ་བཏང་མ་ཤོར་ཙམ་དུ་དྲན་པས་དྲན་རྒྱུ་མེད་པ་རང་བཞག་ན། དེ་བསྒོམ་པ་མ་ནོར་བ་སྟེ། དེ་ཡང་བྱ་བ་མེད་པའི་བརྩོན་འགྲུས་ཀྱིས་ཡུན་བསྲིངས་ན། ཕྱི་མོ་ཆོས་ཉིད་རང་མངོན་དུ་འ གྱུར་རོ། །རྣམ་གཅིག་ཏུ་དགེ་སློང་མ་ཀུན་དགའ་མའི་བཞེད། ལྟ་བ་ཨ་ཏི་ཡོ་གའི་བསྒོམ་མནལ་དུ་ཕེབས་པ་ནི། འདི་ལྟར་བསྒོམ་སྟེ་ཁྱུང་ཆེན་ལས། །ཤིན་ཏུ་མྱུར་བའི་བསམ་པ་ཀུན་དང་བྲལ། །ཞེས་དང་། ནམ་མཁའ་ཆེ་ལས། བསམ་གཏན་ཉིད་པས་བསམ་དུ་མེད། །མ་བསམས་མ་སྦྱངས་ཆོས་བཞིན་དུ། །རྣམ་རྟོག་བསམ་པ་ཉིད་ལས་སྐྱེ། །ཞེས་པའི་དོན་དང་སྦྱར་ན། རིག་པ་རང་བྱུང་གི་སྤྱོད་ཡུལ་དང་བྲལ་བ་ལ། ངག་གིས་བསམ་དུ་མེད་པས་རང་རིག་པ་ཅིར་ཡང་བསམ་སྤྱོད་མེད། ཡེ་ཤེས་ཀྱི་ཀློང་དུ་བརྡལ་བ་ལ་འཛིན་རྟོག་མེད་པ་ཉིད་ནི་རིག་པ་ནམ་མཁའ་དང་འདྲ་སྟེ། ནམ་མཁའ་ནི་ཅི་ལ་ཡང་མི་བསམ་མི་གནས་པའི་ཕྱིར་ན་བློ་བཞག་པ་མེད་པར་བཞག་པ་སྟེ། དོན་དེ་ལ་ཅི་སྤྱོད་ཀྱང་མི་ཉམས་པར་བྱའོ་ཞེས་གསུངས་སོ། །ཡང་རྣམ་གཅིག་གསལ་བ་རྒྱལ་གྱིས་བཞེད་ཅིང་། ཏུ། རྫོགས་པ་ཆེན་པོ་ལ་གནས་པའི་སྒོམ་ཆེན་པས་བློ་འདི་བཞིན་དུ་བཞག་སྟེ། ཁྱུང་ཆེན་ལས། སྣང་བ་རྒྱ་མཚོ་ཆེན་པོ་བཞིན། །མི་རྟོག་ནམ་མཁའི་མཐའ་ལྟར་ཡངས། །ཞེས་པའི་དོན་དང་སྦྱར་ན། རིག་པ་ཡེ་ཤེས་ཀྱི་རྒྱ་མཚོ་ཆེན་པོར་རང་གསལ་བ་ལས། སྣང་བའི་ཆོས་གང་ཡང་མི་འགོག་མི་གཟུང་། ཡིད་ལ་མི་བྱ་སྟེ། རྒྱ་མཚོ་དྭངས་པ་ལ་གཟའ་སྐར་གསལ་ལ་མི་འཛིན་པ་ལྟར། རང་རིག་པ་ཅིར་ཡང་རང་ཤར་བ་ལ་མི་འགོག་མི་རྟོག་པར་བློས་མ་བསམ་པར་རང་གསལ་བ་ཡངས་དོགས་མེད་པས། བློ་ཐ་དད་མེད་པར་བཞག་ཅེས་བྱའོ། །སྤྱོད་ལམ་རྣམ་བཞིར་ཡང་དོན་གྱི་རླུང་དེ་ལས་མ་ཉམས་པར་སྦྱར་བར་བྱའོ། །ཡང་རྣམ་གཅིག་འབུ་ཏ་ཀུག་ཏའི་བཞེད། ཏུ། ནམ་མཁའ་ཆེ་ལས། སྣང་བ་མེད་པའི་ཆོས་ཉིད་ནི། །མ་བཙལ་བཞག་པས་བསྒོམ་པ་ཡིན། །ཞེས་འབྱུང་བ་དང་སྦྱར་ན། སྙིང་པོ་བྱང་ཆུབ་ཇི་བཞིན་རྣམ་པ་ཐམས་ཅད་པའི་ཕྱིར་རྣམ་པའི་སྣང་བ་འདི་ལྟ་བུའོ་ཞེས་པ་མེད། པ་ནི་མཐའ་གང་ཡིན་གྱིས་མ་རིག་པས། དུས་གསུམ་དུ་ཡུལ་དུ་སྣང་བ་མྱོང་ལ། དོན་དེ་ལ་ངོ་བོ་མེད་པས། དེ་ལ་དམིགས་གཏད་གང་ཡང་མི་བྱ་སྟེ། གང་བཅོས་པ་ནི་བསླད་པ་ཡིན་ཏེ་བྱ་བ་མེད་པས་རང་བཞིན་བཞག་པ་མེད་པར་གསལ་ན་བཞག་པ་སྟེ་ཐབས་དམ་པའོ། །རྣམ་གཅིག་འཇམ་དཔལ་བཤེས་གཉེན་གྱིས་བཞེད། ཏུ། སེམས་བསྒོམ་ལས། རྣམ་པ་ཅིར་ཡང་མི་འབྱེད་ཡེ་ཤེས་གཏི་མུག་དང་། །ཐོགས་མེད་གསལ་བའི་མར་མེ་བསམ་པ་ཀུན་དང་བྲལ། །ངང་གིས་མི་གཡོ་རྨུགས་ཤིང་ཏིང་འཛིན་རྒྱལ་པོར་གནས། །ཞེས་པའི་དོན་དང་སྦྱར་ན། ལྷུན་གྱིས་རྫོགས་པའི་ཡེ་ཤེས་ཇི་བཞིན་པ་ནི། ཕྱོགས་རིས་ཐམས་ཅད་དང་བྲལ་བ་ལ། མཐའ་མ་རེག་པར་རང་གསལ་བས། ཅིར་ཡང་བསམ་དུ་མེད། རྣམ་རྟོག་ལྡང་བའི་ས་མེད། གཡོ་བའི་ཡུལ་མ་དམིགས་ཏེ། མི་གཡོ་བར་ཆེན་པོར་གསལ་བ་མེད་པར་གསལ་བ་ནི་ཉི་མ་དང་འདྲ་སྟེ། ཉི་མ་ལ་དེ་གསལ་བར་བྱ་མི་དགོས་པའི་ཕྱིར། གསལ་བར་ཆེད་དུ་མི་བྱེད་པ་དང་འདྲ་བ་ནི་བསྒོམ་པའི་མཆོག་སྟེ། དེ་ལ་བློ་ལྷུན་གྱིས་གྲུབ་པའི་རྗེས་སུ་འབྲང་ཞིང་མངོན་དུ་བྱེད་པ་མེད་ན། བསྒོམ་ཀློང་བརྡལ་མ་ནོར་བ་སྟེ། དེ་ལ་དྲན་པ་ཙམ་གྱིས་ཆོག་སྟེ། དྲན་ནས་ཡིད་ལ་བྱ་བ་ཐམས་ཅད་དང་བྲལ་ཏེ། སྐྱེ་ཤི་ཆོས་དུས་གསུམ་དུ་མེད་པར་ལ་བཅད་དོ། །རྣམ་གཅིག་བི་མ་ལ་མི་ཏྲའི་བཞེད། ཏུ། ནམ་མཁའི་རྒྱལ་པོ་ལས། ཆོས་ཉིད་བསམ་དུ་མེད་པས་ནམ་མཁའ་ཆེ། །ནམ་མཁའི་བསམ་པ་དེ་དག་ཀུན་དང་བྲལ། །བསམ་དུ་མེད་པས་ནམ་མཁའ་བསམ་པ་དག །ནམ་མཁར་མི་དམིགས་པར་ཡང་དམིགས་སུ་མེད། །ནམ་མཁའི་མཚན་ཉིད་ཀུན་ལ་རབ་འདས་པ། །མེད་པས་ནམ་མཁའ་ལ་ཡང་ནམ་མཁའ་མེད། །ནམ་མཁའ་དེ་ཉིད་བསྒོམ་དུ་མེད་པས་ནི། །བརྗོད་མེད་ནམ་མཁའི་བསྒོམ་དུ་མེད་ལས་འདས། །ཞེས་གཅིག་དང་གཉི་ག་ལས་བྱུང་བ་དང་སྦྱར་ན། དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱི་ནམ་མཁའ་ནི། ཡེ་ལྷུན་གྱིས་བརྡལ་བར་གསལ་བ་ལ། བསྒོམ་བྱ་བསྒོམ་བྱེད་དུས་གསུམ་དུ་མ་དམིགས་པས། བསྒོམ་པའི་བློ་ཉིད་དང་སྒོམ་པའི་ནམ་མཁའ་ལ་ཅིར་ཡང་མི་བསམ། མི་རྟོག །མི་ལེན། མི་འདོད། མི་བསྒོམ་པ་ལ་མི་དམིགས་ཤིང་། མི་སྒོམ་བྱ་བ་རང་ཙམ་དུ་ཡང་། དམིགས་པ་དང་དྲན་བག་མེད་པར་གསལ་བ་ནི། བློ་ཆོས་ཉིད་ལས་མ་གཡོས་པས། མཉམ་པར་བཞག་ཅེས་བྱའོ། །རྣམ་གཅིག་བཻ་རོ་ཙ་ནའི་བཞེད། ཏུ། ལྷག་པའི་རྣལ་འབྱོར་པ་རྣམས་བློ་འདི་ལྟར་བཞག་སྟེ། རིན་པོ་ཆེ་ཀུན་འདུས་ལས། བསྒོམ་པའི་ཡུལ་མེད་དེ་ལ་བསྒོམ་མི་གནས། །བསྒོམ་ཆགས་བདེ་བར་འདོད་པ་བདག་འཛིན་སྡུག་བསྔལ་ཡིན། །བསྒོམ་པའི་གནས་མེད་རབ་ཏུ་དག་རྟོགས་ན། །བསྒོམས་ཀྱང་སྐྱོན་མེད་ཆོས་དབྱིངས་ནམ་མཁའ་འདྲ། །ཞེས་པའི་དོན་གྱིས་ཉམས་སུ་བླངས་ན། བྱ་རྩོལ་དང་བྲལ་བའི་ཆོས་བསྒོམ་པའི་ཡུལ་བྲལ་བར་ཐག་ཆོད་ནས། བསྒོམ་པའང་མི་འགེགས་ཏེ། བྱ་བ་ཐམས་ཅད་བྲལ་བའི་དོན་ལ། ལུས་སེམས་ཁོང་ཀློད་ཡངས་བག་ཏུ་བཞག་ལ། བྱ་བ་མེད་པའི་བརྩོན་འགྲུས་ཀྱིས། ཁོང་དོན་དང་བྲལ་བ་མེད་པ། མེད་པར་རང་གསལ་བ་བསྒོམ་མོ། དེའི་མཚན་ཉིད་ནི། བསྒོམ་པས་བསྒོམ་པའི་རྟོགས་འཛིན་མེད་ལ། དམིགས་པ་མ་དམིགས་པའི་རྟོགས་འཛིན་མེད་པ། གོམས་པར་བྱ་བ་མ་འགགས་བྱ་རྒྱུ་མེད་དེ། དེ་ནི་ཐབས་མཆོག་ཏུ་གྱུར་པའོ། །རྣམ་དགའ་རབ་རྡོ་རྗེའི་བཞེད། གཅིག་ཏུ། བསྒོམ་པའི་དོན་མ་ནོར་བའི་ཀློང་དཀྱིལ་ནས་བཞག་ན་འདི་ལྟར་བཞག་སྟེ། རྨད་བྱུང་ལས། སེམས་དཔའ་ཆེན་པོ། ཐམས་ཅད་མཁྱེན་པ་བསྒོམ་པའི་མཆོག །ངོ་བོ་ཉིད་ནི་དམིགས་སུ་མེད། །ང་ཡི་ལུས་སུ་སྦྱོར་བ་ལ། །བྱང་ཆུབ་མེད་ཅིང་བསྒོམ་པ་མེད། །ཅེས་པའི་དོན་ལ་གཏུགས་ན། རང་བྱུང་ཡེ་ཤེས་མུ་མཐའ་མེད་པའི་ཀློང་དུ། བདག་གཞན་མེད་པར་རང་གསལ་ལ། གཡོ་བ་མེད་པར་བསྒོམ་པའི་མཆོག་གོ། །དེའི་མཚན་ཉིད་ཅི་འདྲ་ཞེ་ན། ཡེ་ཤེས་ཆེན་པོའི་ངང་ལ་ཐམས་ཅད་བདག་ཉིད་དུ་སྣུམས་པའི་ཕྱིར། རིག་པ་ཚུར་མི་འཇུག །ཡུལ་ཕར་མི་སྣང་། ཅིར་ཡང་འཛིན་རྟོག་མེད་དེ། དེ་ལས་ཉོན་མོངས་པ་ངང་གིས་གློ་བུར་མི་སྐྱེ་བའི་དོན་དེ་ནི་རྒྱལ་བའི་དགོངས་པ་མངོན་དུ་ཕྱུང་སྟེ་སྙན་ཁུང་བརྒྱུད་པའོ། །ཡང་ལས་དང་པོའི་རྣལ་འབྱོར་པས། བློ་འདི་ལྟར་ཡང་བཞག་སྟེ། དེ་ཉིད་ལས། མ་སྐྱེས་པ་ཡི་ཆོས་རྣམས་ལ། །ངོ་བོ་མེད་དེ་བསྒོམ་པའང་མེད། །ནམ་མཁའི་ཚུལ་དུ་རབ་སྦྱོར་བས། །དངོས་གྲུབ་ཀུན་ཏུ་རབ་ཏུ་གྲགས། །ཞེས་པ་དང་། ཡང་། རང་རིག་པ་ལས་བྱུང་བའི་ཆོས་རྣམས་ལ། །གང་ཡང་བསམ་དུ་མེད་པ་ཉིད་ཀྱི་དོན་དུ་གྱུར་པའི་གནས་ནི། བྱང་ཆུབ་སེམས་རྨད་དུ་བྱུང་བ་ཉིད་དོ། །ཞེས་པའི་དོན་གྱིས་ཐམས་ཅད་ཀྱང་ངོ་བོ་མེད་པས་ཡུལ་དང་རིག་པ་གཉིས་མེད་དེ། མ་སྐྱེས་པ་ཇི་ལྟ་བ་རང་རིག་པ་རང་བརྡལ་ཏེ། ནམ་མཁའ་ལ་ཉི་མ་ཤར་བ་ལྟར་གསལ་ལ། འདུག་པ་མེད། དྲན་པ་མེད། མངོན་དུ་བྱེད་པ་མེད། ཆེད་དུ་བསྒོམ་པ་ཡང་མེད། ཡེངས་ཞིང་བྲལ་བ་ཡང་མེད་ན། བློ་བཞག་ཅེས་བྱའོ། །དེ་ལྟ་བུའི་དོན་ལ་གནས་ན། ཆོས་ལམ་སྤྱོད། དྲང་པོར་ལྟ། རྣལ་འབྱོར་བྱེད་ཅེས་བྱ་སྟེ། རྒྱལ་བ་ཉིད་དང་སྤྱོད་ཡུལ་གཅིག་གོ། །རྣ་བརྒྱུད་ཀྱི་མན་ངག་ལས། ཇི་བཞིན་པར་སྣང་བའི་དུས་ན། ཡུལ་ལ་ཕར་མི་དཔྱོད། ཤེས་པར་ཚུར་མི་འཇུག །བྱུང་ཚོར་འགོག་ཀྱང་མི་འགོག །བློ་ཇི་ལྟར་ཡང་མི་འཇུག་པར། གཡོ་བ་མེད་ན་ཐོག་ཏུ་ཕེབས་པ་ཡིན་པས། བདེ་བ་ཆེན་པོའི་རོའང་དབང་མེད་པར་འབྱུང་ངོ་། །ཞེས་གསུངས་སོ། །བསྒོམ་ལུགས་དེ་ཇི་ལྟར་བསྟན་ཀྱང་གང་ཟག་བློ་མི་མཐུན་པས། སྐྱེ་བའི་མཆོག་དང་ཆོས་ཀྱི་གཞུང་ཙམ་སྟེ། དོན་ལ་ཟབ་མི་ཟབ་མེད་དེ། དེ་གང་ལྟར་བསྒོམས་ཀྱང་ཐོག་ཏུ་ཕེབས་པར་འགྱུར་རོ། །མདོར་བྱ་ན། བན་ཆུང་རང་གི་འདོད། ཕྱི་ནང་གི་ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་ཐག་ཆོད་པ་ལ། ཨ་ཏི་ཡོ་ག་རྫོགས་པ་ཆེན་པོ་པས། ཆོས་ཐམས་ཅད་བློ་ཕྱི་རོལ་དུ་འཕྲོས་པའང་མེད། ནང་དུ་བསུ་རྒྱུ་ཡང་མེད། བར་དུ་བཞག་རྒྱུ་ཡང་མེད་པར་རང་གསལ་བ་ལམ་པ་ལས་ཉམས་སུ་དོགས་པའམ་རྟོགས་པ་འཕྲོས་སུ་དོགས་གསལ། གཞི་བདག་རང་ལུགས། སྤུ་མ་བརྗེས། མདོག་མ་བསྒྱུར། དེ་ཇི་བཞིན་པའི་ཕྱིར། བློ་ཅིར་ཡང་འདི་ལ་ཚུལ་གཉིས་ཀྱི་མི་རེག་སྟེ་ཕྱོགས་མཐུན་པས་མི་རེག་པ་དང་། མཐུན་པར་མི་རེག་པ་དང་མི་མཐུན་པས་མི་རེག་པའོ། །ཕྱོགས་མཐུན་པས་མི་རེག་པའང་ཚོགས་དྲུག་འགགས་ཏེ་ཞི་བས་མི་རེག་འདུ་ཤེས་ཀྱི་མི་རེག་བཏང་སྙོམས་ཀྱི་མི་རེག་འགགས་སྣང་མི་རེག །ངོ་བོས་མི་རེག་གོ། །མི་མཐུན་པས་མི་རེག་པ་ནི་ཡིད་ལ་བྱེད་པ་དང་། ཕྲ་མེན་དང་། ཚོར་བ་དང་འདུ་ཤེས་ཀྱི་བཟུང་བ་དང་། ཉམས་སུ་མྱོང་བས་མ་ཡིན་ནོ། །མི་འཇུག་མི་བསྒོམ་མ་ཡེངས་བ་ལ་ཚོགས་དྲུག་རྟོག་པ་མ་བཀག་པ་ལ་མཐོང་ཐོས་མེད་པ། བྱུང་ཚོར་འབྱུང་རྒྱུ་ཡང་མེད། བྱུང་ཡང་མི་སྤོང་། མི་འབྲེང་སྟེ། ཡེ་ཤེས་ཆེན་པོའི་ཀློང་དུ་བསམ་དཔྱོད་མེད་པར་རང་གསལ་ལོ། །དེ་ལྟ་བུ་ཐེག་པ་ཆེན་པོ་འདིའི་ཏིང་ངེ་འཛིན་ཡང་མང་སྟེ། བླ་མའི་གོང་ན་མེད་པས། ཏིང་ངེ་འཛིན་དང་། རང་དབང་ཅིར་ཡང་སྣང་བ་མི་འགོག་པས། ཆེན་པོའི་ཏིང་ངེ་འཛིན་དང་། བདག་རིལ་བདག་ཏུ་རྫོགས་པས། ཉིད་ཆེན་པོའི་ཏིང་ངེ་འཛིན་དང་། ཟིལ་གྱིས་གནོན་པའི་དོན་གྱི་ཁོང་འོག་ཏུ་ཆུད་པས། ཏིང་ངེ་འཛིན་དང་། མི་གཡོ་སྲིད་གསུམ་དཀྲུགས་ཀྱང་མི་གཡོ། ཆེན་པོའི་ཏིང་ངེ་འཛིན་དང་། སྣང་གསལ་རང་རིག་ཡེ་ཤེས་ཉི་མ་ཤར་ནུབ་མེད་པ་ཉི་མ་སྟོང་གིས་མི་སྙེག །ཡེལ་འཕྱོའི་ཐམས་ཅད་མཁྱེན་པའི། ཏིང་ངེ་འཛིན་དང་། གཏི་མུག་གང་ལའང་རིས་སུ་འབྱེད་པ་མེད་མི་འབྱེད་པའི་ཏིང་ངེ་། ཆེན་པོའི་ཏིང་ངེ་འཛིན་དང་། འཇོམས་པ་བྱ་རྩོལ་འཁོར་བ་ཀ་དག་པས། ཆེན་པོའི་ཏིང་ངེ་འཛིན་དང་བརྒྱད་ཀྱིས་གཏན་ལ་དབབ་པའོ། །ཡིན་ན་ནི་དེ་ཁོ་ན་ལྟར་ཡིན་ན། ལས་དང་པོ་པ་ནི་མཚན་མ་ལ་མི་དགའ། མཚན་མ་མེད་པ་ལ་དགའ་འོ། །སེམས་འཕྲོས་པ་ལ་མི་དགའ། སྡུད་པ་ལ་དགའ་འོ། །གཡོ་བ་ལ་མི་དགའ། མི་གཡོ་བ་ལ་དགའ། བསམ་པ་མེད་པར་ཟེར་ཞིང་བསམ་པ་བྱེད། སྤྱོད་ཡུལ་བྲལ་བར་ཟེར་ཞིང་མངོན་དུ་བྱེད་པས་དོན་མི་མཐོང་སྟེ། སླར་བྱུང་ཚོར་སྐྱེའོ། །དཔེར་ན་མེ་དང་དུ་བ་འདྲ་སྟེ། གཅིག་གསལ་ན་གཅིག་འགྲིབ་བོ། །ཆུ་དང་རྙོག་མ་འདྲ་སྟེ། རླབས་གཡོས་ན་ལྡང་། མ་གཡོས་ན་མི་ལྡང་ངོ་། །ཆར་དང་ན་བུན་འདྲ་སྟེ། ཆར་འབབ་ན་ན་བུན་སངས། ཆར་ཆད་ན་ན་བུན་ལྡང་སྟེ། དེ་ལྟར་ལས་དང་པོ་པའི་སེམས་ཅུང་ཟད་དོན་གསལ་བར་བྱེད་པའི་བར་དུ་རྟོག་པ་མི་རྒྱུ་ཡང་། བཏང་ཙམ་ན་ལྡང་ངོ་། །ཁྱུང་ཆེན་ལས། ཇི་བཞིན་པ་ཞེས་རྣམ་རྟོག་དེ་ཕྱིར་རྟག་སྒོམ་པ། །བདེ་བ་ཆེན་པོ་འདོད་པས་ཆགས་པའི་ནད་ཡིན་ཏེ། །ཞེས་གསུངས་སོ། །ཡོངས་མཉམ་པའི་དོན་གྱི་གདེངས་མ་རྙེད་ན། བློ་བཞག་པས་ཅུང་ཞིག་ཀྱང་མི་གཡོ་ཡང་། ཐག་མ་ཆོད་པའི་རྒྱུས་རྟོག་པ་ཕྱིས་སྣང་སྟེ། ཉ་ལྕིབས་ཅན་གྱི་ཆུ་ལ་བཅུས་ན་སྐྱོགས་བཅུག་པས། ཉ་ལྕིབས་ཐ་མར་གྱེས་ཀྱང་། ཕྱུང་མ་ཐག་ཏུ་སླར་འདུས་ཏེ། ཆུ་ལ་གཡོགས་པ་དང་འདྲའོ། །དེས་ན་ཆོས་ཉིད་ཀྱི་རྗེས་སུ་འབྲང་ཞིང་། འདོད་པ་ཡོད་ན་ནི་སྐྱོན་གྱི་རྒྱུ་ཁོ་ན་སྟེ། རྣལ་འབྱོར་གྲུབ་པའི་ལུང་ལས། ཡོན་ཏན་མཉམ་དུ་མཐོང་ལས་བྱུང་། །ཞེས་པ་དང་། ཡང་དེ་ཉིད་ལས། བདུད་ནི་གང་ལས་བྱུང་ཞེ་ན། །རྟག་ཏུ་གྲུབ་པས་བྱུང་བ་ཡིན། །ཅི་ཕྱིར་མི་འགྲུབ་དེ་བཞིན་བདུད། །ཅེས་པའི་སྐྱོན་ལྡང་ངོ་། །དེ་བས་ན་སྐལ་པ་དང་ལྡན་པའི་མི་རྣམས་ཀྱིས་ཆ་ཆུགས་འདི་ལྟ་བུ་སྤྱོད་ན། བློ་ཅི་ལའང་བརྟག་བྱ་རྟོགས་བྱེད་བྲལ་བས། མི་བརྟག་མི་རྣམ་པའི་ཡུལ་དུ་མེད་པས། བསམ། ཡིད་ལ་བྱ་བ་རང་རིག་རང་གསལ་བས། མེད། དོན་དུ་ཆོས་ཉིད་ཁོ་ན་རང་སེམས་པས། མི་གཉེར། མངོན་དུ་ཡེ་ཉིད་ནས་རང་རིག་མངོན་སུམ་རང་གསལ་བས། མི་བྱེད་གསལ་བར་ཡེ་གསལ་བས་འཕྲལ་དུ། མི་འདོད། ཆོས་ཉིད་ཆེད་དུ་དངོས་པོ་བོར་ནས། མི་བྱེད། མི་རྣམ་པ་ཅིར་ཡང་། དམིགས། དེ་དག་ཏུ་ཡང་མི་གང་གི་དོན་དེ་ཉིད་ལའང་ཞེས་པས། འཛིན། མི་ཆེད་དུ། རྩོལ་དང་དུ། མི་ལེན་ལོགས་ནས་ཆོས་ཉིད་གཅིག་གང་གིས་མི་གཡོ་བ་མ་ཡེངས་པའི་ངོ་བོ་བས། པ་ནི་བསྒོམ་པའོ། །དེ་ལྟ་བས་ན་རྩོལ་བའི་བློ་ཞུགས་ན་རྩོལ་བ་མེད་པས་གོལ། ནོར། བསམ་དཔྱོད་བྱས་ན་རྟོགས་པ་སྐྱེ། བཤས། མཚན་མའི་རྗེས་བཅད་ན་འཛིན་པའི་གཟུངས་སུ་འགྱུར། གཅལ། བློ་དོན་གྱི་རྗེས་སུ་འབྲངས་ན་ཡུལ་ཅན་དུ་སོང་། གོལ། རིག་པ་ནང་ནས་མ་ཤར་ན་གཉིས་འཛིན་གྱི་དབང་གི། ལྷ་བདུད་དུ་བབས། སངས་རྒྱས་དགྲར་བཀའ་ཆད་འོངས། ལང་། རང་རྟོག་པས། སྤྱོད་ཀྱི་རང་བཅིང་པ་ཁུ་འཕྲིག་འབྱུང་། འཇིགས། བསྒོམ་པ་མིག་བཙུམ་མ་ཐག་རྟོགས་པ་སྔངས། ཡང་རྟོག་པའི་རླུང་འཚུབ་ཀྱིས་རླུང་དུ་འགྲོ་བར་རྦད་ཀྱིས་བཅད་དོ། །འདི་ལྟ་བའི་དོན་ལ། དུས་ཕྱི་པའི་གང་ཟག་དམིགས་པའི་མན་ངག་ཅན། ང་ལ་རྒྱ་གར་གྱི་མན་ངག་ཡོད་པས། ཞག་དང་ཟླ་བས་སངས་རྒྱས་ཏེ། ཁྱོད་ཀྱི་འདི་ལྟ་བུ་ཡུག་པ་རྐྱང་གཏད་མེད་དོ་ཞེས་སྨྲ་བའི་འཆལ་པ་དག་འབྱུང་སྟེ། དེ་ནི་དོན་ཆེན་པོ་རང་ལ་མ་ཤར་བར་མངོན་ཏེ། ཁམས་སའི་མི་མོ་མི་ཤེས་པར་འཇིམ་པའི་སྐུ་ལུགས་མ་བརྩོམས་པ་དང་འདྲ་སྟེ། དམིགས་པའི་ཐབས་སྣ་རེས་དོན་ཆེན་པོ་གཏན་ལ་འབེབས་པ་ནི་དེ་དང་འདྲའོ། །ཅི་དམིགས་པས་སངས་རྒྱས་པ་ཉིད་བསྟི་གནས་ཀྱི་སངས་རྒྱས་པ་ཡིན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་པ་མིན་ནོ། །དེ་ཏང་ཁྱོད་ལ་སངས་རྒྱས་པའི་ཐབས་ཡོད་ན། ཁོ་བོ་འདི་ལ་སངས་རྒྱས་ཡང་མི་དགོས་ཏེ་དེ་ཉིད་ཀྱིས་གསལ་ལོ། །དེ་ལྟར་རྣལ་འབྱོར་ཆེན་པོ་ལས་ཀྱང་ཁྱད་པར་དུ་གྱུར་པའི་ཐེག་པ་ལས། སྡེ་རྒྱུད་ཡང་རྟོག་བླ་ན་མེད་པའི་དོན་གོང་ནས་བཤད་པ་བཞིན་དྲན་པས་ཆོག །འདའ་ཀའི་མན་ངག་མ་ནོར་བ་ཡང་དེ་ཉིད་དོ། །དེ་ལ་སྐྱེ་འཆི། འདའ་བ་ཉིད་མ་འགགས་ལ་མ་དམིགས་པས། མཚན་མའི་ལས་གང་གི་ཡང་དབང་དུ་མི་འགྱུར་ཏེ། རྨད་དུ་བྱུང་བ་ལས། མ་སྐྱེས་རྨད་བྱུང་བྱང་ཆུབ་ལ། །ཉོན་མོངས་ལས་ཀྱི་གོས་མི་འགྱུར། །ཞེས་པ་དང་། ནམ་མཁའ་ཆེ་ལས། ཁྱད་པར་ཅིར་ཡང་མཚུངས་པ་ལ། །ལས་སོ་ཞེས་ནི་རྣམ་པར་བརྟགས། །ཅི་སྟེ་ལས་ཀྱི་དབང་གྱུར་ན། །རང་བྱུང་ཡེ་ཤེས་ཡོད་མ་ཡིན། །ཞེས་འབྱུང་། དགེ་བའི་ཕྱོགས་དང་སྡིག་ལས་སོགས། །ཐ་སྙད་ཙམ་ཡང་ཡོད་མ་ཡིན། །ཞེས་སྤྱི་གཅོད་ལས་འབྱུང་བས། འདའ་ཀའི་མན་ངག་གི་ཡང་དེ་ཉིད་དོ། །རྣམ་གཅིག་འདའ་ཀའི་ཏིང་ངེ་འཛིན་འདི་ལ་གནས་པར་བྱ་སྟེ། ཨ་ཙ་ར་རྣམ་གསུམ་བརྒྱུད་པའི་མན་ངག་གོ། །དེ་ཡང་མན་ངག་བདེ་ཀློང་ལས། མན་ངག་གསང་ཆེན་འདའ་ཀ་མ། །མ་བཅོས་ཐིག་ལེ་ཟླུམ་པོ་ལ། །གསང་བའི་མཛོད་གསུམ་དབུས་སུ་དགབ། །སེམས་ཀྱི་སྲོག་བཙུག་གདེངས་སུ་གྱུར། །རྩེ་མོ་རྣམ་གསུམ་དབྱིངས་ན་ཡན། །གཏིང་དཔག་མེད་པས་ཁོང་ཡངས་ཏེ། །རྣམ་དག་རིན་ཆེན་གཏེར་ལྟ་བུ། །བོ་དེ་ཙིཏྟའི་གཞལ་ཡས་སུ། །འཆི་བ་མེད་པའི་སྲོག་བཙུགས་ཤིང་། །གོལ་ས་མེད་པའི་ལམ་སྟོན་ཏེ། །ཚོན་གང་རིན་ཆེན་གཞལ་ཡས་སུ། །འདེགས་མེད་དབུགས་ཀྱི་རྟ་ཕོ་ལ། །འབྲས་བུ་སྲོག་གི་རྒྱལ་པོ་ཞོན། །ཨ་དང་ཡ་ཡིས་སྤར་བྱས་ཏེ། །འོག་མིན་ཐིག་ལེ་ཀློང་འབྱམས་སུ། །རེ་དོགས་མེད་པའི་ཀློང་འབྱམས་སུ། །སྐྱེ་ཤི་མེད་པས་དང་རེ་སྤྲོ། །གསེར་ཞུ་ཞི་གར་བླུགས་པས་གཟུགས་སུ་གསལ་བ་བཞིན། །སྣང་སྲིད་སེམས་སུ་གསལ་ན་བདག་ཉིད་ཆེ། །བསྒོམ་དང་མི་བསྒོམ་གཉིས་ནི་ཚིག་གི་ལམ། །ཀློང་དུ་གྱུར་ན་བསྒོམ་པའི་རྒྱལ་པོ་ཡིན། །ཞེས་འབྱུང་སྟེ། དེའི་དོན་སེར་སྣ་སྤངས་པའི་སེམས་ཀྱིས། ལུས་སྲོག་ཡན་ཆད་ཕུལ་ལ། བླ་མའི་ཞལ་བྱང་དུ་ཞུའོ། །དེ་ལྟར་དོན་ལ་གནས་ཤིང་བསྒོམ་པའི་ཚེ། ནམ་མཁའ་ཡོད་པས་སྤྲིན་འབྱུང་བའམ། ཆུ་དང་རྙོག་མ་ལྟར་བསམ་པའི་སྐྱོན་དག་བྱུང་ཡང་། དེ་ལ་ཆེད་དུ་སྒོ་གསུམ་བཅོས་སུ་མེད་པ། དེ་ལ་སྐྱོན་ནི་རྣལ་འབྱོར་ཆེན་པོ་དང་། ཐུན་མོང་འདྲ་སྟེ། བཅོས་ལུགས་ལ་ཁྱད་པར་ཡོད་དོ། །དེ་བཞིན་ལྷན་ཅིག་སྐྱེས་པའི་སྐྱོན་ནི། གཟུང་འཛིན་གྱི་རྟོག་པ་གཏིང་ཟུག་རྒྱུ་འཕྲལ་གྱི་རྐྱེན་མེད་པར་ཤུགས་ཀྱིས་འབྱུང་བའོ། །རྐྱེན་ལས་བྱུང་བའི་སྐྱོན་ནི། སྒྲས་རྐྱེན་པའི་བྲག་ཆ་དང་འདྲ་སྟེ། འཕྲལ་ལ་ཡུལ་གློ་བུར་བ་སློང་བའོ། །ཆེད་དུ་བྱས་པའི་སྐྱོན་ནི། འཕྲལ་ལ་སྒོ་གསུམ་བཅོས་པའི་སྐྱོན་རྣམས་སོ། །ཉམས་སུ་མྱོང་བའི་སྐྱོན་ནི། དོན་ཡུལ་དུ་བྱས་པ་སྙམ་པའོ། །ཤུགས་ཀྱི་སྣང་བའི་སྐྱོན་ནི། མེ་ལོང་སྐར་མས་བརྒྱན་པ་ལྟ་བུ་མཐོང་བས་དགའ་བའོ། །རྩ་བའི་སྐྱོན་ནི། བདག་པོ་གཞིར་བཞག་བྱས་ནས་བསྒོམ་པའོ། །སྐྱོན་དེ་དག་དུས་གཅིག་ཏུ་མི་ལྡང་སྟེ། རིམ་པས་འབྱུང་ངོ་། །དེ་ཡང་དང་པོར་དགོས་བརྩོན་འགྲུས་རྩོལ་ལ། བཏང་སྙོམས་ཡིན་པས་རྩོལ་ན་སྐྱོན་ངོས་བཟུང་། པ་ལ། བཏང་སྙོམས་ཡིན་པ་ལ་བསྒྲིབས་ན་སྐྱོན་ཡིན། འཇུག་ཏུ་སྒྲིབ་པ་དང་། འཇུག་གི་དགོས་པ་ཐོག་མར་སྒྲིབ་པའང་འབྱུང་བས་ངོ་ཤེས་པར་བྱའོ། །དེ་ལ་སྐྱོན་སྤྱི་སྟོན་མུན་རྩོན་མེན་ཡན་ཆད་དང་། ཨ་ཏི་ཨ་ནུ་ཡོ་ག་མན་ཆད་དང་མ་ཧཱ་ཡོ་ག་ཡན་ཆད་སྐྱོན་ཇི་ལྟ་བུ་བ་ཡིན་ནོ། །ཐུན་མོང་དང་། དགོས་སྐྱོན་ནི་སྤྱི་མཐུན་མ་མཐོང་ཞིང་ལྟུང་བ་མང་བས་ཁྱད་པར་སྐྱོན་ནོ། །དེ་ལ་བར་འགའ་ནི་སྐྱོན་འདི་ལྟ་བུ་འབྱུང་སྟེ། དོན་ལ་འཇུག་པར་འདོད་པ་ནི་འཇུག་ཏུ་མེད་པའི་སྐྱོན་ནོ། །དོན་ཆེད་དུ་གསལ་བར་འདོད་པ་ནི། འདི་ཁོ་ན་ལྟར་བཞག་སྙམ་སྟེ། སྙམ་པ་ཙམ་གྱི་སྐྱོན་ནི། མངོན་དུ་བྱེད་པ་དང་། རྩོལ་བ་དང་། ཉམས་ཀྱི་མྱོང་བར་བྱེད་པ་དག་འབྱུང་སྟེ། མདོར་དེ་དག་བསླད་པའི་སྐྱོན་ཞེས་བྱའོ། །དཔེར་ན་མར་མེ་རླུང་གིས་བསྐྱོད་པ་དང་འདྲ་སྟེ། བྱ་བ་མེད་པའི་རླུང་ལས་ཉམས་སོ། །འོན་ཏང་དེ་དག་ཇི་ལྟར་ཐག་ཆོད་པའི་དོན་སྐད་ཅིག་དྲན་པས་དེ་དག་བྱས་པ་མེད་པར་རང་ཤར་རོ། །ལ་ལ་དག་ལྟ་བའི་གདེང་དུ་ཆུད་པ་བློ་བཞག་ཏུ་མེད་པར་ཐག་ཆོད་ཀྱང་། མི་བསྒོམ་ན་འགལ། པའི་བསྒོམ་པར་མི་གཏུབ་པས་འགལ་ཟེར་ན། པར་མཚན་མ་མང་པོ་དང་། ལྷག་མཐོང་གི་རྒྱུ་ཤེས་རབ་བསམ་པའི། དྲན་པ་མང་པོ་དབང་མེད་དུ་རྒྱུ་བ་འོང་ན། ལྔ་པར་ཐེག་པ་ཆེན་པོ་ཐོས་བསམ་བྱས་ཀྱང་། མ་བསྒོམ་པས་མི་གཡོ་བའི་ཤས་ཆུང་བ་སྟེ། དེ་ལ་ཁོང་ལྷོད་བག་ཙམ་བརྡལ་ཏེ། དོན་ལ་བྱ་བ་མེད་པས་ཁོང་དུ་མ་བསྒྲིམས་བྱ་བ་མེད་པའི་བརྩོན་འགྲུས། པའི་གྲིམས་པར་བྱས་ཏེ་བཞག་དང་རང་བཞིན་གྱིས་བརྟན་ཏེ། བསམ་པ་གང་དུ་ཡང་མི་བསམ་མི་དགག །སོ་གཟུད་དུ་ཇི་བཞིན་པའི་ངང་ལས། མི་དཔྱད་དུ་མེད་པའི། པ་དེ་སོ་ཐུབ་འདི་ཉིད་ཀྱི་འདུ་ཤེས་ཀྱང་། པར་བྱའོ། །དེ་ལ་ནི་བརྟན་པར་བྱེད་པའི་ཐབས་བློ་ཆུང་ཞེན་ན། གཞན་རྣམས་ཀྱང་མི་འགག་སྟེ། ཐམས་ཅད་ཀྱང་འདི་ཉིད་ཀྱི་ཐབས་ཡིན་པའི་ཕྱིར་རོ། །གཞན་ཡང་ཏིང་ངེ་འཛིན་གྱི་བདུད་དྲུག་ལ། ལེ་ལོ་ཆེ་ཞིང་བྱ་བ་མང་པོས་བར་དུ་གཅོད་པའི་བདུད་དང་། མེ་མར་རླུང་གིས་བསྐྱོད་པ་ལྟར་སེམས་གཡེངས་རྒོད་ཀྱི་བར་དུ་གཅོད་པའི་བདུད་དང་། རྩོལ་བསྒྲུབ་ཆུང་ཞིང་ལེ་ལོ། གཉིད་ཆེ་བའི་བར་དུ་གཅོད་པའི་བདུད་དང་། རྨུགས་ཤིང་འདོད་པ་ཆེ་བས་བར་དུ་གཅོད་པའི་བདུད་དང་། བསམ་པའི་རྗེས་སུ་འབྲངས་པས་བར་དུ་གཅོད་པ་དང་དྲུག་བདུད་གཅིག །གོ། །ཡང་སྒྲིབ་པ་བཅུ་ནི། ཤེས་རབ་མི་གསལ་རྨུགས་པའི་སྒྲིབ་པ་དང་། གསལ་བ་རྒོད་འཕྱར་གྱི་སྒྲིབ་པ་དང་། འཐིམ་པ་སྐྱེས་བུ་མུན་ཁུང་དུ་ཆུད་པ་འདྲ་བའི་སྒྲིབ་པ་དང་། བསམ་གཏན་གྱི་བདེ་བའི་རོ་ལ་ཆགས་པའི་སྒྲིབ་པ་དང་། ཡེ་ཤེས་ལ་ཤེས་པ་སྐྱེས་པ་གཟུང་འཛིན་གྱི་སྒྲིབ་པ་དང་། མངོན་པར་ཤེས་པ་དང་ལྡན་དུ་རུང་བའི་སྒྲིབ་པ་དང་། རྫུ་འཕྲུལ་འབྱིན་པར་འདོད་པའི་འདོད་སེམས་མ་བྲལ་བའི་སྒྲིབ་པ་དང་། བདག་གི་ལྟ་བ་བསྙེམས་པས་ཤེས་པ་ལ་ངར་བརྟག་པའི་སྒྲིབ་པ་དང་སྒྲིབ་པ་གཉིས། བཅུའོ། །བསམ་གཏན་གྱི་སྐྱོན་དྲུག་ལ། གློ་བུར་དུ་འདོད་ཆགས་ཆེན་པོ་ལྡང་བ་སྲེད་ལེན་གྱི་སྐྱོན་དང་། ཞེ་སྡང་ཆེན་པོ་འབྱུང་བ་མནར་སེམས་ཀྱི་སྐྱོན་དང་། ཕྲག་དོག་ཆེན་པོ་བྱུང་བས་གནོད་སེམས་ཀྱི་སྐྱོན་དང་། ང་རྒྱལ་ཆེན་པོ་ཁེངས་སེམས་ཀྱི་སྐྱོན་དང་། གཏི་མུག་ཆེན་པོ་རྨོངས་སེམས་ཀྱི་སྐྱོན་དང་། རང་གི་ལྟ་བ་འཛིན་པ་སྙེམས་པ་ངར་འཛིན་པའི་སྐྱོན་དང་དྲུག་གོ། །ཡང་གོལ་བ་མང་སྟེ། མེད་པ་ད་ལྟར་གྱི་ཆོས་འདི་གློ་བུར་དུ་སྐྱེས་པ་འབའ་ཞིག་ཡོད་དེ་ཚེ་ཕྱི་མ་མན་ཆད་ལས་ཀྱང་མེད། རྣམ་པར་སྨིན་པ་ཡང་མེད། སྐྱེ་བ་ཡང་མེད། ཞེ་འཛིན་ཅིང་ལྟའོ། །མུར་ཐུག་པའི་གོལ་བ་ནི། མུ་སྟེགས་ཆད་པར་ལྟ་བ་སྟེ། དེ་ནི་བྱང་ཆུབ་སེམས་བདེ་བ་ཆེན་པོའི་ངང་ལ་སོ་སོར་རང་གིས་རིག་པའི་ལྟ་བ་མི་གསལ་བ་མེད་ཅིང་རིག་པའི་ཡེ་ཤེས་ལ་གསལ་བས། མེད་པ་མུར་ཐུག་པའི་གོལ་ས་བསལ། ཕྱལ་བ་གཡེང་བའི་གོལ་བ་ནི། དོན་གང་ཡང་མ་ཤེས་པས་གཏད་མེད་པ་སྟེ། འདི་ནི་འཇིག་རྟེན་བྲལ་བའི་བྱང་ཆུབ་སེམས་ཏེ། ཡོད་མེད་དང་མཚན་མ་ལ་རྗེས་སུ་མི་འབྲང་བས། ཕྱལ་བ་གཡེང་བའི་གོལ་བ་བསལ། གཅིག་པུ་དོན་མི་གསལ་བའི་གོལ་བ་ནི། རྟག་པར་ལྟ་བའི་བདག་ཏུ་སྣང་ལ་མི་རྟོག་པར་འདོད་པས། ཡང་དག་པའི་དོན་མི་གསལ་བ་སྟེ། དེ་ནི་བྱང་ཆུབ་བདེ་བ་ཆེན་པོ་རིག་པར་རང་དབང་དུ་གྱུར་ནས། ཡེ་ཤེས་ཀྱི་སྣང་བ་ཆེན་པོ་རང་ལས་ཤར་བ་གང་ཡང་ཟིན་ཆགས་མེད་པར་གསལ་ལོ། །དེ་ནི་རྩེ་མོ་བྱུང་རྒྱལ་ལས། རྟག་ཆད་གཉི་གར་གང་གི་བློ་ཞེན་པ། །དོན་གྱི་སྙིང་པོ་བཞེད་ལས་གོལ་བར་གསུངས། །ཞེས་འབྱུང་བས། སྐྱོན་ངོས་ཟིན་ཏོ། །དྲིན་བྱུང་མཚན་མའི་རྗེས་སུ་འབྲེངས་ན། འཇིག་རྟེན་ཕལ་པར་གོལ་བའོ། །དེ་ཡང་རང་རིག་པ་ཅི་ཡང་མ་ཡིན་པ་ལ། དྲན་རྟོགས་བྱར་མེད་པར་རྟོགས་པས་གསལ་ཏེ། དྲན་བྱུང་ཅི་ཡང་མེད་པར་བླུན་ན་འདུ་ཤེས་མེད་པའི་གོལ་བ་སྟེ་དེ་ནི་ཡེ་ཤེས་ཆེན་པོ་ཕྱོགས་མེད་པར་རང་གསལ་བར་རྟོགས་པས་གསལ་ལོ། །བསམ་གཏན་བཞིའི་གོལ་ས་ནི། སྔར་བཤད་ཟིན་ནོ། །འདིར་ཡང་རེ་ཞིག་བསྟན་ཏེ། རྣལ་འབྱོར་གྲུབ་པ་ལས། མོས་པ་ཆུང་དུ་ཐམས་ཅད་ནི། །གང་ལ་བདག་མེད་རྟེན་གཞི་མཐོང་། །གར་འདོད་པ་དང་སྡིག་པ་ཚོགས་དྲུག །བཀག་རྟོག་པ། ཡོད་ལ། སྤྱོད་མེད་ནི། པ། །བསམ་གཏན་དང་པོ་ཁོ་ནའོ། །ཀུན་སྟོང་འཕྲོ་བའི་སྟོང་པ་ལ། །གནས་ཏེ། རྟོག་མེད་ལ་སྤྱོད་པ་ཡོད་པ། ཙམ་སོ། གཉིས། །སྟོང་པ་ཉིད་ལ་བློ། ངེས་པར། བཞག་སྟེ། །དགའ་བ་མེད་པ་གསུམ་པའོ། །བདག་གམ་གཞན་གྱི་མཐུས་བསྟེན་ཏེ། །སྐྱོན་མེད་ལ་བློ་བཏང་སྙོམས་སུ་འདོད། མི་གཡོ་གནས་བཞི་པ། །ཞེས་འབྱུང་སྟེ། འདིར་རིག་པ་སྤྱོད་ཡུལ་མེད་དེ། བྱ་རྩོལ་དང་བྲལ་བ་ལ། རྟོག་དཔྱོད་བྱར་ཡང་མེད་ལ། རོ་ལ་ཆགས་པའི་དགའ་བ་དང་། བཏང་སྙོམས་འཛིན་པ་མེད་པ་ཉིད་ཀྱིས་དག་གོ། །གཞན་ཡང་རྣམ་པར་རྟོག་པའི་བྱུང་ཚོར་འགེགས་ཤིང་། ཞི་བར་བྱེད་ན་ཉན་ཐོས་སུ་གོལ་ཏེ། འདིར་ན་ཚོགས་དྲུག་བཀག །མཐོང་ཐོས་མེད་པ་ཉིད་རང་བཞིན་ནོ། །དེ་ཡང་དེ་ཉིད་ལས། དྲུག་གི་སྤྱོད་ཡུལ་མཚན་མ་སྟེ། །མཚན་མ་དངོས་པོར་སྣང་བས་ན། །ཅི་དགར་བཞག་པས་དེ་བཟློག་མེད། །ཅེས་པ་དང་། དེ་ཉིད་ལས། དྲུག་གི་མཚན་མ་ཅི་སྐྱེས་ཀྱང་། །མ་བཅོས་རང་བྱུང་དེ་བཞིན་ཉིད། །མ་སྐྱེས་བས་ན་བཟློག་ཏུ་མེད། །རང་བྱུང་རང་ཞི་ཅི་དགར་བཞག །ཅེས་འབྱུང་ངོ་། །རྟོགས་པ་འགག་ནས་ཞི་བའི་རོ་ལ་ཆགས་ན། མྱ་ངན་ལས་འདས་པའི་མཐའ་ཞི་བ་ཕྱོགས་གཅིག་པ་སྟེ། རང་རྒྱལ་བའི་གོལ་ས་ཡིན་ནོ། །དེ་མིང་ཁྱུང་ཆེན་ལས། མངོན་སུམ་ཐོབ་པར་འདོད་པས་རྒྱུ་ལ་རྟག་ཏུ་བསྒོམ། །བསྒོམ་ཆགས་བདེ་བ་དེ་ལས་ཉམས་པའི་དོན་མི་འབྱུང་། །ཞེས་པ་དང་། ནམ་མཁའི་རྒྱལ་པོ་ལས། ཏིང་འཛིན་བདེ་བའི་རོ་ལ་ཆགས། །གནས་པ་གཡོ་མེད་རྒྱུ་ལ་མི་གནས་ཆོས་ཉིད་ཡིན། །དེ་བས་ཆགས་པའི་གནས་ལ་ཏིང་འཛིན་ནི། །ཞི་བའི་ས་དེ་མྱ་ངན་དེ་མི་འདའ། །ཞེས་འབྱུང་། དེར་འདི་གཉིས་སུ་མེད་པའི་ངང་ལ་གང་གིས་གང་ལ་ཆགས་ཏེ་རོ་མྱོང་བར་མི་བྱེད་དེ། དེས་ན་མི་རྟོག་པའི་ལུང་ལས། ཇི་སྲིད་ཡིད་ཀྱི་བློ་གཡོས་ན། །བག་ཆགས་རྒྱུ་བ་རྩིང་ཞིབ་ལས། །གལ་ཏེ་མཚན་མར་དེ་རྟོག་ན། །དེ་སྲིད་བདུད་ཀྱི་སྤྱོད་ཡུལ་ཡིན། །བག་ཆགས་རྒྱུ་བ་རྩིང་ཞིབ་རྣམས། །སེམས་ཀྱི་རྒྱུ་འགྲུལ་མ་ཡིན་པ། །ལོགས་ནས་གྲུབ་པ་ཅི་ཡང་མེད། །དམིགས་མེད་ཤེས་རབ་དྲན་ཤར་བས། །བསམ་མེད་དབྱིངས་ལ་རབ་གཞོལ་ཞིང་། །བྱུང་ཚོར་རྗེས་སུ་མ་འབྲངས་ལ། །བྱིང་རྨུགས་དབང་དུ་མ་བཏང་ཞིང་། །ཏིང་འཛིན་རོ་ལ་མ་ཆགས་ན། །མི་རྟོག་པ་ལ་མི་རྟོག་བསྒོམ། །རྟག་ཆད་མུ་བཞི་གཏན་མེད་པས། །མུ་སྟེགས་ལྟ་བར་དེ་མི་ལྟུང་། །གསང་བའི་ཡེ་ཤེས་མངོན་ཤར་བས། །འགོག་པའི་ལྟ་བར་དེ་མི་ལྟུང་། །སྙིང་པོའི་དོན་ལ་རབ་གནས་ཤིང་། །གཅིག་དང་གཉིས་སུ་མི་འབྲང་བས། །རང་རྒྱལ་ལྟ་བར་དེ་མི་ལྟུང་། །སྙིང་པོའི་དོན་ལ་སྒྲིབ་མེད་ཡེ་ཤེས་གསལ། །བྱིང་རྨུགས་དབང་དུ་དེ་མི་འགྱུར། །ཞེས་འབྱུང་། དངོས་པོ་ཡེ་ནས་བདེ་བ་ཆེན་པོའི་ངང་ལ་འཁྲུལ་པ་སྣང་བར་འདོད་པ་དང་། གཉིས་མེད་ཀྱི་ཡེ་ཤེས་ལ་དག་པ་འཇིག་རྟེན་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་སྐད་ཅིག་མར་ལྟ་བ་སེམས་ཙམ་དུ་གོལ་བའོ། །སེམས་བསྒོམ་ལས། ཆོས་ལས་འཁྲུལ་བར་མཐོང་བ་དེ་ཉིད་འཁྲུལ་པ་ཡིན་པར་རབ་རྟོགས་ཏེ། །ཞེས་པ་དང་། ནམ་མཁའ་ཆེ་ལས། མངོན་སུམ་པ་དང་རྒྱབ་ནས་བྱུང་། །དེ་ཡང་སྣང་བའི་སྐྱོན་ཡིན་ཏེ། །ཞེས་འབྱུང་བས་མངོན་ཏེ། འདིར་སྟོང་གསུམ་བདེ་ཆེན་དུ་རྒྱས་བཏབ་པ་ལ། སྤྱོད་ཡུལ་མེད་པས་འཁྲུལ་པ་སྣང་བ་དང་། ཡེ་ཤེས་གཉིས་དང་། སྐད་ཅིག་མ་མེད་པས་བསལ་ཏེ། སེམས་བསྒོམ་ལས། ཆོས་དབྱིངས་རྡོ་རྗེ་རྩེ་མོ་དེ་དག་ཕྱོགས་ཉིད་མེད་པས་སྐད་ཅིག་མིན། །དག་པའི་དགེ་རྩ་གཟུགས་བརྙན་མེད་པས་འཇིག་རྟེན་ཡེ་ཤེས་ཡོད་མ་ཡིན། །ཞེས་འབྱུང་ངོ་། །ཡེ་ནས་མུ་མཐའ་མེད་པའི་དོན་ལ་ཀུན་རྫོབ་སྒྱུ་མ་ཙམ་དུ་ལྟ་ལ། དོན་དམ་པར་མ་སྐྱེས་པ་ལྟ་ན། མདོ་སྡེར་གོལ་བའོ། །ནམ་མཁའི་རྒྱལ་པོ་ལས། མཚན་ཉིད་མེད་པའི་ཆོས་ཉིད་ཆེན་པོ་འདི། །ཆོས་ཀྱི་དབྱིངས་ལ་སྒྱུ་མར་གར་བསྒྱུར་ཡང་། །སྒྱུ་མའི་ལམ་དུ་རྒྱལ་བས་མ་བསྔགས་སོ། །ཞེས་འབྱུང་ངོ་། །ཆོས་ཐམས་ཅད་རང་བཞིན་གྱི་སྟོང་པ་ལུས་ངག་ཡིད་གསུམ་སྐྱོན་ཅི་ཡང་སྟོང་པ་ཉིད་ཡིན་པས་ལུས་སྟོང་ཞིང་དབེན་པ་ངག་དང་ཡིད་ཀྱང་སྟོང་ཞིང་དབེན་པས། དགོན་པ་གསུམ་ལ་གནས་སོ། །དེས་གྲུབ་པར་ལྟ་ན་སྟོན་མུན་དུ་གོལ་བའོ། །ནམ་མཁའ་ཆེ་ལས། འཕྲ་བའི་སྒོ་མོར་མིང་བཏགས་པས། སེམས་ཀྱི་དབེན་པས་ལམ་ཚོལ་ཞིང་། །དགོན་པའི་རྒྱུད་དུ་དབེན་འཛིན་པ། །བརྟགས་ན་དེ་ཉིད། རྣམ་པར་རྟོག་པར། འགྱུར་རེ་དོགས། བསྒོམ་མོ། །ཞེས་འབྱུང་ངོ་། །འདིར་ཡང་ཡེ་ཤེས་ཆེན་པོའི་ངང་ལ་རྣམ་རྟོག་སྟོང་པར་བྱར་མེད་པ་ཉིད་ཀྱིས་དག་གོ། ཁྱུང་ཆེན་ལས། བྱ་བྲལ་ཡུལ་ལ་མི་གནས་གཉེན་པོས་བཅོས་སུ་མེད། །ཅེས་འབྱུང་ངོ་། །ཨ་ཙ་ར་རྣམ་གསུམ་གྱི་མན་ངག་ལས། ཁོང་ཀློད་འཆོས་པ་ནི། ནམ་མཁའ་བཞིན་ཁོང་ཆེད་དུ་ཀློད་པ་མེད། ཀློད་པས་གོ་འབྱེད་པ་ལྟར་ན། རང་བཞིན་མེད་པས་ཐམས་ཅད་བྱང་ཆུབ་སེམས་སུ་འདུས་ཏེ། ཆོས་ཉིད་ལ་གོ་འབྱེད་པ་མེད་དེ། ཞེས་འབྱུང་ངོ་། །སྔགས་སུ་གོལ་བ་ནི། འདིར་ཇི་བཞིན་པ་དེ་ཁོ་ན་ཉིད་ཀྱི་ཀློང་ལ་ངོ་བོར་བཟུང་དུ་མེད་བཞིན་དུ། བྱང་ཆུབ་སེམས་རྫོགས་པའི་རིམ་པའི་གོལ་བ། དཔའི་འོད་དང་ཐིག་ལེའི་རང་བཞིན་རྟག་པ་ཅན་དུ་བཟུང་ནས་བསྒོམ་པས་ལུས་འདར་བདེ་བ་སྐྱེ་བར་འདོད་ན། བ་ལ་སོགས་པ་བྱུང་ན། སྔགས་སུ་གོལ་བའོ། །ནམ་མཁའ་ཆེ་ལས། འདི་ལ་བརྟུལ་ཞུགས་དྲག་ཤུལ་གྱིས། །གནས་སུ་བྱ་བའི་མིང་མེད་དེ། །ཨ་དང་པར་ནི་རྣམ་ལྡན་ན། །རྒྱུ་བའི་བདེ་བ་བསྐྱེད་པར་འདོད། །དེ་ཡང་འཛིན་པའི་སྐྱོན་ཡིན་ཏེ། །ཨཱརྱ་དེ་ཝའི་མན་ངག་ལས། །གཉིས་མེད་བདེ་ཆེན་བྱང་ཆུབ་ལས། །སྙིང་དཀྲུགས་མ་ཡིན་འདར་བ་མིན། །བླང་དང་དོར་བསྟོད་གསིབ་པ་དང་། །རྡུལ་བྱུང་བ་སྤུ་འགྲེང་པ་མིན། །ཞེས་འབྱུང་བས་གསལ་ལོ། །རྣམ་གཅིག་བསྐྱེད་པས་རིམ་པས་གོལ་བ། ཏུ། ཕུང་པོ་ཁམས་སྐྱེ་མཆེད་ལྷར་བསྒོམས་ཏེ་ཀུན་བཏགས་ལོག་ཞེས། རྟོག་པ་དང་པོ་བྱུང་ནས། འཇུག་ཡང་དག་ཞེན་པ། དེ་ལ་ཡང་མི་གནས་པར་བྱེད་པ་ནི། སྔགས་ཀྱི་མཚན་མར་གོལ་བའོ། །དེ་ཡང་ནམ་མཁའ་ཆེ་ལས། སྲིད་པ་གསུམ་ན་སྦྱོར་བ་ཡང་། །མིང་ཙམ་སྒྱུ་མར་སྣང་བ་སྟེ། །འཁོར་ལོ་བསྒྱུར་བའི་གནས་ཆེན་ཡང་། །སྒྱུ་མས་སྦྱོར་བའི་བསྟི་གནས་ཡིན། །ཞེས་པ་དང་། ནམ་མཁའི་རྒྱལ་པོ་ལས། འཇའ་ཚོན་སྒྱུ་མ་འཕགས་པའི་སྐུ་བརྒྱུད་ཀྱང་། །བསོད་ནམས་བསྐྱེད་ཀྱང་སྒྱུ་མར་མི་རྟོག་ན། །རྣམ་དག་ལམ་ཆེན་ལྷུན་གྱིས་གྲུབ་པ་ལ། །བསོད་ནམས་མེད་ཀྱང་གྲུབ་ཅེས་རྒྱལ་བས་གསུངས། །ཞེས་འབྱུང་བས། མ་ཧཱ་ཡོ་གའི་བསོད་ནམས་མི་རྟེན་པས་གསལ་ཏོ། །སྔགས་ཀྱི་དེ་བཞིན་ཉིད་དུ་གོལ་བ་ནི། མ་ཧཱ་ཡོ་ག་པ་ནི་ཆོས་ཐམས་ཅད་རང་རིག་པའི་ཡེ་ཤེས་དུས་གསུམ་མཉམ་པ་ཆེན་པོ། དེ་བཞིན་ཉིད་ལ་བློ་འཇུག་པ་དང་། བསྒོམ་པ་དང་ལྡན་པ་ཡོད་ན་བདག་ཉིད་ཆེན་པོ་བྱ་བ་མེད་པར་མ་ཤེས་སོ། །ནམ་མཁའི་རྒྱལ་པོ་ལས། བྱར་མེད་པ་དེ་ལ་ཆགས་པ་དང་མ་བྲལ་ན། དུས་གསུམ་མཉམ་པ་ཉིད་ཀྱང་འབྱུང་འཇུག་གོ། །ཞེས་འབྱུང་སྟེ་སྐྱོན་ནོ། །དེར་གསལ་བ་ནི་འདིར་རང་བྱུང་ཆེན་པོ་ཉིད་དུ་བསམ་པ་དང་བྲལ་བས། འབྱུང་འཇུག་མེད་དེ་ཕྱད་པ་ཆེན་པོའོ། །དེ་ཉིད་ལས་ཀྱང་། རང་བྱུང་ཡེ་ཤེས་དབང་ལ་མ་རྟེན་པས། །རེ་ཞིང་དོགས་པའི་མཐའ་ཀུན་རྣམ་པར་ཞི། །ཞེས་འབྱུང་ངོ་། །ཨ་ནུ་ཡོ་གར་གོལ་བ་ནི། མ་ཧཱ་ཡོ་ག་ནི་ཅི་ཡང་ཆེད་དུ་བྱེད། དེ་ལས་ཁྱད་པར་འཕགས་པར་གསལ་བའི་ཨ་ནུ་ཡོ་ག་ཡང་། བཏང་སྙོམས་སུ་འཇོག་ཅིང་། ཆེད་དུ་བྱ་བ་མེད་པ་སྐད་ཟེར་ཡང་། གོང་མ་ལས་ལྟོས་ན། ཡབ་ཡུམ་འབྱེད་པ་དང་། ཁ་དོག་གྲངས་ཀྱི་རྩོལ་བ་དང་། དོན་བརྟགས་དང་། སྒོ་ཕུགས་འབྱེད་ལ། མི་དམིགས་པའི་ངང་སྐད་ཅིག་མས་ལྷ་གྲངས་མེད་དུ་བསྐྱེད་ཅིང་དོན་བྱེད་པ་ཉིད་ལ་མཐོང་སྟེ་གོལ་ལོ། །འདིར་བསྒོམ་ལུགས་ལ་སོགས་པ་དང་། འབྱེད་པ་ཅི་ཡང་མེད་པ་ལྟ་བའི་སྐབས་སུ་བསྟན་པ་ཉིད་ཀྱིས་དག་གོ། །དེ་དག་ནི་གོལ་སའོ། །ཡང་རྣམ་གཅིག་ཏུ་གོལ་ས་གསུམ་སྟེ། ཡལ་བར་འཇོག་པ་དང་དོན་མེད་པའི་ཕྱལ་བ་དང་། དམིགས་པ་རྩེ་གཅིག་པའོ། །རྣལ་འབྱོར་གྲུབ་པའི་ལུང་ལས། གང་འདིར་ཉམས་པའི་ལོག་སྲེད་ཅན། །ཡལ་བ་ཕྱལ་བ་དམིགས་པ་གཅིག །གང་འདིར་ལྟ་བས་མདོངས་པ་དག །བདག་ལ་བརྟེན་ནས་མཐའ་བསྒྲུབས་ཏེ། །མེད་མྱོས་དེས་འགྲོ་མེད་སྙམ་ནས། །དེ་མ་ཐག་ཏུ་ངན་འགྲོར་འགྲོ། །ཞེས་འབྱུང་སྟེ། དེ་དག་མུ་སྟེགས་སུ་གོལ་བའོ། །ཡང་བསམ་གཏན་གྱི་སྐྱོན་བཅུ་བར་གཅོད་དོ། བཞི་འབྱུང་སྟེ། ལེ་ལོ་ཆེ་འདི་དག་རང་རེའི་དོན་གྱིས་དག་སྟེ། བ་དང་། བྱ་བ་མང་ཡེངས་མ་ཡེངས་མེད་པ། བ་དང་། སེམས་རྒོད་པ། བློ་མ་ཧཱ་དང་ཨ་ནུའི་དོན་མན་ཆད་ཡིད་ལ་བྱེད་ཅིང་ཨ་ཏིའི་དོན་མི་གསལ་ནའང་ཡིད་ལ་བྱེད་པའི་གཡེང་བའོ། ། གཡེང་བ་དྲུག་གི་དབང་དུ་སོང་བ་དང་། སེམས་རྨུགས་པ་དང་། ལྟ་བ་ཏིང་ངེ་འཛིན་གསལ་བར་འདོད་པ་དང་། གཉིད་ཆེ་བ་དང་། འབྲས་བུ་རེ་བ་དང་། གོལ་ལམ་ལྷུང་གཡེང་མེད་པར་ཤེས་པས། དུ་དོགས་པ་དང་། ཐེ་ཚོམ་ཟ་ངེས་པའི་གདེངས་ཀྱིས། བ་དང་། སེམས་ནང་དུ་ནང་དུ་འཛིན་པ་མེད་པས་དག །འདུ་བར་བྱེད་པ་དང་། ཡུལ་ལ་ཕྱིར་འཕྲོ་ཕྱི་རོལ་གྱི་འདུ་ཤེས་ཀྱི་བྲལ་བས་དག །ཆོས་སྤྱོད་ཀྱི་བྱ་བ་མང་པོ་སྤྱོད་འདོད་པ་དང་། སེམས་ཅན་དོན་ལས་འབྱུང་བར་འདོད་པ་དང་། ཅ་ཅོ་ལ་དགའ་བའོ། །དེ་ཡང་མཉམ་པར་ཐག་ཆོད་པས་བྱ་བསམ་མེད་པ་ཉིད་ཀྱིས་མི་ལྡང་ངོ་། །ཡང་། འདི་ལ་གང་འཇུག་པར་གཅོད་པ། །ལེ་ལོ་བྱ་མང་རྒོད་པ་དང་། །གཡེང་དང་རྨུགས་པ་འདོད་པ་དང་། །གཉིད་དང་རེ་དོགས་ཐེ་ཚོམ་དང་། །འགྲོ་འདུག་སྤྱོད་དང་འབྱུང་དགའ་བའོ། །དེ་ཡང་རང་བཞིན་དེ་བཞིན་ཉིད། །ཅེས་འབྱུང་ངོ་། །ཡང་། སྒྲིབ་པ་བཅུ་གཉིས་ནི། སེམས་མི་གཡོ་ངང་གིས་མི་གཡོ་བ་ལ། བར་བྱེད་པ་དང་། དོན་གཅིག་བདག་ཉིད་ལས་རྩད་ནས་གསལ་བར་བྱར་མེད་པ། གསལ་བར་འདོད་པ་དང་། སེམས་བདེ་གཉིས་མེད་ཉམས་སུ་མྱོངས་སུ་མེད་པ་ལ། བ་ལ་དགའ་བ་དང་། ལས་སུ་མི་རུང་ཡེ་གསལ་བར་གྲུབ་ཟིན་ཞིང་། གིས་དོགས་པའི་སྡུག་བསྔལ་དང་། བསམ་དཔྱོད་བྱར་མེད་བཞིན། མང་པོ་སྐྱེ་བ་དང་། མངོན་ཤེས་གསལ་བར་རང་རིག་ལས་འདྲེས་ཡེ་རྫོགས་པར་གསལ་བཞིན། འདོད་པ་དང་། རྫུ་འཕྲུལ་འབྱིན་པར་ཆེ་བ་དབྱུང་དུ་མེད་པར ། འདོད་པ་དང་། འདི་ལས་མེད་དོ་ཞེས་ཆོས་ཉིད་ངོ་བོ་མེད་པ། ངེས་པར་འཛིན་པ་ཆོག་པར་སེམས་པ་དང་། གཞན་བདག་གཞན་མེད་པར། གྱི་ལྟ་བ་ཁྱད་དུ་གསོད་པ་དང་། རང་གི་ལྟ་བར་བདག་འཛིན་བྲལ་ཞིང་། སྙེམས་པ་དང་། འབྱུང་འཇུག་མེད་བཞིན། སེམས་ཡུལ་ལས་འབྱུང་བ་སྒོམ་པ་ལས་བློ་འབྱུང་། དང་། རྣམ་རྟོག་ཞི་བར་ངང་གི་བྲལ་བ་བཞིན། འདོད་པ་ཞེས་བཤད་ན། ཐ་མ་གཉིས་ནི་བཅོས་པ་སྟེ། རང་བྱུང་རང་ཞིར་འདོད། འོན་ཏང་སྐྱོན་བཅུར་ངེས་ཏེ་སྔར་བཤད་དོ། །ཁྱད་པར་སྙེམས་པ་ནི། རྩེ་མོ་གཞན་ལ་བསྟན་མི་དགོས་གཞན་གྱི་ལྟ་བ་ཁྱད་དུ་གསོད་པ་དང་། རང་གི་ལྟ་བའོ་སྙམས་པའི་ཡིད་ཆེས་པར་བྱེད་པའི་གཏན་ཚིགས་སྤྱིར་ཡང་ནས་ཡང་འདིར་མན་ངག་ཉིད་ལས་དྲངས་པས་ཡིད་པས་ཆེས་པའི་རྒྱུར་ཆེའོ། །བྱུང་རྒྱལ་ལས། གསང་སྔགས་དབང་ཕྱུག་གོ་འཕང་ཆེན་པོ་འདིར། །ཕྱི་ནང་གསང་བའི་དོན་དང་གཏི་མུག་དབང་གིས་བག་ཟོན་མ་ཆགས་པས། །དྲན་དྲོད་ཡས་བཞག་བཙན་ཐབས་དྲེགས་པ་ཡིས། །བདག་ལས་གཞན་མེད་དཔེ་ཟླ་འཕགས་འདོད་པ། །གཞན་ལ་བརྙས་འདོད་བདག་ཉིད་ལྷར་བསྒོམས་ཀྱང་། །མཉམ་པའི་རྒྱལ་པོའི་དོན་ལས་འགལ་བའི་ཕྱིར། །ལྟ་སྤྱོད་ཡ་ཆ་བདུད་ཀྱི་ལས་སུ་འགྱུར། །ཞེས་འབྱུང་། སེམས་བསྒོམས་ལས། རང་གི་ཤེས་པ་དམ་པར་བྱེད། །དེ་ཀུན་ལས་རྒྱལ་དེ་བསྙེམས་ནས། །འདོད་ཆགས་ཞེ་སྡང་སྐྱེས་ནས་རྩོད་འབྱུང་གཏི་མུག་ཡིན་ཏེ་དོན་མི་མཐོང་། །ཞེས་འབྱུང་ངོ་། །དེ་དག་གང་སྤྱིའི་གཏན་ཚིགས། ཀྱང་། དམ་པའི་དོན་ལ་གང་སྒྲིབ་པ། །མི་གཡོ་གསལ་བདེ་སྡུག་བསྔལ་དང་། །སྐྱེ་བ་གསལ་བར་འབྱིན་པ་དང་། །ངེས་དང་ཁྱད་སྙེམས་རང་སྨ ིག །འགྱུ་རང་། ཞི་ཉིད། །ཅེས་གསུངས་སོ། །དེ་དག་ལ་སོགས་པ་བསྐྱེད་པའི་རྣལ་འབྱོར་ཆེན་པོའི་སྐབས་སུ་བཤད་པ་དག་སྐྱེས་ན། དེ་ཉིད་རང་ལུགས་བཅོས་སུ་མེད་པ་སྟེ། དེ་ཡང་རྒུམ་ཆུང་ལས། རྒྱུ་བ་བཞིན་དུ་སེམས་མེད་ན། །མི་གནས་མི་དམིགས་བྱེད་པ་གང་། །ནམ་མཁའ་རང་ལས་མི་གནས་པར་ཆེད་དུ་བྱེད་པ། མ་གནས་ཞེས། །བསྒོམ་པ་དོན་དང་ལྡན་པ་མིན། །ཞེས་པ་དང་། སེམས་བསྒོམ་ལས། ལྡང་དང་མི་ལྡང་ཆེད་དུ་མི་སྤོངས་སེམས་རྟེན་མི་འཆའ་མངོན་དུ་མིན། །འཇམ་དཔལ་མ་ཡིན་རྡུལ་ཙམ་གཡོ་བ་དེ་ཉིད་དེ་ཡིན་དེར་མི་གནས། །ཞེས་འབྱུང་ངོ་། །རྣལ་འབྱོར་གྲུབ་པའི་ལུང་ལས། ཐམས་ཅད་སེམས་ཀྱི་ཆོས་ཉིད་དུ། །ཚིག་མེད་ལྟ་བས་ཐག་ཆོད་ན། །མ་བཅོས་མ་ཡེངས་ཡེང་ཐུབ་ཕྱིར། སྙོམས། །རྩོལ་སྒྲུབ་རེ་དོགས་ག་ལ་ཡོད། །མི་མཐུན་གཉེན་པོ་བསྒོམ་མི་དགོས། །ཞེས་པས། ཡེངས་བྲལ་མེད་དོ། །ཡང་། དུག་ལྔ་ལ་སོགས་ཀུན་བྱུང་བ་ལ་རྟོག་པ་དང་མཚན་མ་དུས་གསུམ་དུ་མཐོང་རྒྱུ་མེད་པ། ཡང་། རང་བྱུང་རང་ཞི་དེ་བཞིན་ཉིད། །ཅེས་འབྱུང་། དོན་དྲུག་པ་ལས། རྣམ་པར་རྟོག་པའི་མཚན་མ་ཅི་བྱུང་ཡང་། །རྟོག་པ་དེ་ཉིད་ཆོས་ཉིད་ཡིན་ཞེ་ན། །ཆོས་ཀྱི་དབྱིངས་ཉིད་གཞན་དུ་བསྒོམ་མི་དགོས། །ཞེས་འབྱུང་། རྡོ་རྗེ་བཀོད་པ་ལས། དཔེར་ན་ནམ་མཁའི་རང་བཞིན་ལས། །སྤྲིན་དང་ན་བུན་ཁུག་སྣ་དང་། །ཟླ་བ་ཉི་མ་སྐར་ཚོགས་དག །སྣང་ཡང་ནམ་མཁའ་བཞིན་དུ་གནས། །དེ་བཞིན་སེམས་ཀྱི་ནམ་མཁའ་ལ། །མཚན་མའི་ཆོ་འཕྲུལ་ཅི་བྱུང་ཡང་། །བསམ་སྤྱོད་བྲལ་བའི་བསམ་པ་ཅིག་གིས་ཞི་ནས་ལྡང་མི་ནུས་ཏེ། མ་བཀག་མི་ལྡང་། གཉེན་པོ་རེ་རེ་བསམ་མི་དགོས་སོ། །དེ་ནི་དཔེ། ཁྱུང་ལྡིང་ལ་རི་ཟག་གྱེན་རྟོག་པ་ཡ་མེད་པ། ཐུར་མི་བདེ་བ་རིལ་ཁོབས་ཁོག་ཏུ་ཚུད་པ་དང་འདྲའོ། །དེ་ལ་ནི་གོལ་སྒྲིབ་མིང་ཡང་མེད་དོ། །རྣལ་འབྱོར་གྲུབ་པའི་ལུང་ལས། མི་ནུབ་མ་ཆགས་བདེ་ཆེན་སེམས། །སེམས་ཀྱི་དབྱིངས་ལས་མ་གཏོགས་པ། །གཞན་ཞེས་གང་ཡང་མེད་པས་ན། །སུ་ཞིག་གོལ་སྒྲིབ་དོན་དུ་གཉེར། །གང་གིས་གོལ་སྒྲིབ་ཇི་ལྟར་རྙེད། །གོལ་སྒྲིབ་ཉིད་ཀྱང་དེ་ཉིད་དབྱིངས། །ཞེས་འབྱུང་ངོ་། །དེ་ལྟ་བས་ན་དོན་མ་ནོར་བའི་བསྒོམ་པ་འདི་ལ་གོལ་བ་མེད་དོ། །རྣལ་འབྱོར་སྤྱོད་པའི་དབུ་མའི་སྒོམ་པ་ནོར་ཏ་རེ་བསྟན་པ། བསྒོམ་པ་གང་ཞེ་ན། དེ་ཉིད་ལས། དོན་མ་ནོར་བར་ཕེབས་པ་ཡུལ་གང་ལ་ཡང་། ཡང་དག་པ། མི་གཡོ་བ་བྱིང་རྒོད་ལས། དབེན་ཅིར་ཡང་འཛིན་པ་མེད་པ། པ། ཅུང་ཟད་ཀྱང་མ་མཐོང་། རྣམ་པར་སོ་སོ་བྱེ་བྲག་ཏུ། མི་མཐོང་། མི་རྟོག་ཅི་ལའང་། པ། རྣམ་པར་མི་མི་རྟོག་པ་ཉིད་དུའང་མི་རྟོག་པ། རྟོག །མི་ཡུལ་གང་ལ་འང་། བསྐྱོད། མི་སེམས་ཡིད་ལ་བྱ་བ་མེད། མི་ཕྱི་རོལ་དུ། སྤྲོ། སེམས་ལ་དབྱིབས་དང་ཁ་དོག །གཟུགས་མེད་པ། གང་སེམས་སྣང་བའི་ཆོས། བྱུང་ཡང་གཟུགས་མེད་པ། གང་ཆོས་ཐམས་ཅད། ལ་གཟུགས་མེད་པས། བྱང་ཆུབ་ལ་ཡང་གཟུགས་མེད་དོ། །སེམས་ཀྱི་རང་བཞིན་ནི་བྱང་ཆུབ་སྟེ་དབྱེར་མེད་དོ། །བོ། །བྱང་ཆུབ་དེ་དབྱེར་མེད་དོ། །ཀྱི་རང་བཞིན་ནི་ཆོས་ཐམས་ཅད་དོ། །ཆོས་ཐམས་ཅད་ཀྱི་རང་བཞིན་ནི་དེ་ཁོ་ན་ཇི་བཞིན་པ། ཉིད་དེ། ཞེས་འབྱུང་བས། བསྒོམ་པའི་མཚན་ཉིད་བཅུ་གཉིས་དང་ལྡན་པར་བསྟན་ཏོ། །དེ་ལས་ཁྱད་པར་དུ་གཉིས་མེད་ཀྱི་རང་བཞིན་ནི་ནམ་མཁའ་དང་འདྲ་སྟེ། རང་བཞིན་གཅིག་པ་དང་། མི་གོས་པ་དང་། གོ་འབྱེད་པ་དང་། དབྱིབས་ཁ་དོག་མེད་པ་དང་། འདུས་མ་བྱས་པ་དང་། གཟུགས་འཛིན་མེད་པ་དང་། མཐའ་དབུས་མེད་པ་དང་། འཕེལ་འགྲིབ་མེད་པ། གཡོ་འགུལ་མེད་པ། ཆགས་གནས་མེད་པ། འཇིག་སྟོང་མེད་པ། འགྱུར་བ་མེད་པ། མ་ཁྱབ་པ་མེད་པ། མི་འབྱུང་བ་མེད་པ། མི་ནུས་པ་མེད་པ། སྐྱེ་བ་མེད་པ། ནུབ་པ་མེད་པ། མཚན་ཉིད་མེད་པ། རྒྱུ་མེད་པ། རྐྱེན་མེད་པ། འབྲས་བུ་མེད་པ། རྩོལ་བ་མེད་པ། མངོན་པར་འདུ་བྱེད་པ་མེད་པ་ཡིན་ཏེ། མཚན་ཉིད་སོ་བཞིས་དཔེ་དོན་སྦྱར་རོ། །དེ་ལྟ་བུ་ལ་ཡུན་རིང་དུ་གནས་ན་འོག་གི་རྟགས་ཀྱང་རང་འཆར་རོ། །དེ་ལྟ་བུ་མི་ཤེས་པར་སྒོ་གསུམ་ཆེད་དུ་འཆོས་ཤིང་རྩོལ་བ་ནི། འཛིན་པའི་ཕུར་པ་དང་། སྒྲིབ་པ་ཡིན་ཏེ་ཞིབ་ཏུ་སྔར་ཡང་བསྟན། འདིར་ཡང་དེ་ཉིད་ལས། བསམ་ཡུལ་དམིགས་སུ་མེད་པ་ལ། །བཏང་སྙོམས་ཆེན་པོའི་རྣལ་འབྱོར་པ། །ཇི་བཞིན་པ་ཉིད་ཡིད་བཞིན་དུ། །ལུས་དབེན་སེམས་ཀྱི་གོལ་བར་ཞུགས། །ཞེས་འབྱུང་བས་བཅོས་སུ་མེད་པ་ལ་བཅོས་པ་ཉིད། རྟོག་པའི་འཛིན་པ་དང་ཕུར་པའོ། །དེ་བས་ཤིན་ཏུ་རྣལ་འབྱོར་གྱི་དོན་སྤྱོད་པ་ལ། ཐུན་མཚམས་བྲལ་བས་ཡེ་རང་བྱུང་དུ་རང་གསལ་བ་ལ་རྣམ་རྟོག་ངང་གིས་མི་གཡོ་མི་ལྡང་སྟེ། ཡེ་ནས་ལྷུན་གྲུབ་ངང་ཆེན་པོའི་ཆོས་ཀྱི་སྐུར་བརྡལ་བ་ལ། འཕྲལ་དུ་རེ་མོས་སུ་ཏིང་ངེ་འཛིན་ལས་ལྡང་ཞིང་སླར་འཇུག་ཅིང་བསྒོམ་པ་མེད་པར་ལ་རྦད་ཀྱིས་བཅད་དོ། །འོ་ན་འདིར་ལངས་པའི་སྤྱོད་མཐོང་ཇི་ལྟ་བུ་ཞེ་ན། སྤྱོད་ལམ་ཡང་ཆེད་དུ་སྤྱོད་པར་བྱར་མེད་དེ། ཅིའི་ཕྱིར་ཞེ་ན། ཀུན་ཀྱང་བདེ་གཤེགས་ཀྱིས་མཛད་པའི་ཕྱིར་རོ། །དེ་ཡང་རེ་ཞིག་ཨ་ཏི་ཡོ་གའི་སྤྱོད་པ་ལ་རྣམ་པ་བཞི་སྟེ། ཐུགས་རྗེ་ཆེན་པོའི་སྤྱོད་པ་དང་། བྱ་རྩོལ་བྲལ་བས་དོན་དང་མཐུན་པའི་སྤྱོད་པ་དང་། ཐབས་ཆེན་པོའི་སྤྱོད་པ་དང་། ལྷུན་གྱིས་རྫོགས་པའི་སྤྱོད་པའོ། །དེ་ལ་ཐུགས་རྗེ་ཆེན་པོའི་མཛད་སྤྱོད་ནི། འདིར་ཐུགས་རྗེ་ཐབས་ཀྱི་འབྱུང་གནས་ཆེན་པོར་གྱུར་པས། སྙིང་རྗེ་ཆེན་པོ་ཕྱོགས་མེད་པར་ཤར་བས་དོན་མཛད་དོ། །དེ་ཡང་ཚུལ་ཅི་འདྲ་ཞེ་ན། འདིར་འཁོར་བ་འདྲེན་ཆེད་དུ་བཏང་བས་སེམས་མ་འགགས་ལ་མ་དམིགས་པར་རིག་པ་ནི། ཐུགས་རྗེ་ཆེན་པོ་ཡེ་ཟིན་པ་ཡང་མིན། རང་བྱུང་གི་ཡེ་ཤེས་ལས་མཛད་པ་དང་སྤྲུལ་པ་རྒྱུན་མི་ཆད་པ་ཉིད་བདག་ཉིད་ཀྱི་མཛད་སྤྱོད་དོ། །བདག་གིས་དེ་ལྟར་ཤེས་ནས། ཐུགས་རྗེ་ཆེན་པོ་བཙལ་བ་དང་། དམིགས་པ་མེད་པར་དོན་མཛད་དོ། །ནམ་མཁའ་ཆེ་ལས། བྱམས་པས་དོན་ཉིད་རྣམ་སྦྱངས་ཕྱིར། །སྙིང་རྗེ་ཆེན་པོ་ཆེད་དུ་བྱ་བ་མེད་པས་ཅིར་ཡང་སྣང་། ཅིར་མི་མཛད། །ཅེས་འབྱུང་། རྩེ་མོ་བྱུང་རྒྱལ་ལས། མ་སྐྱེས་མི་གནས་ནམ་མཁའི་རང་བཞིན་ལས། །ཐུགས་རྗེ་ཆོ་འཕྲུལ་ཡ་མཚན་ཆེན་པོ་སྟོན། །ཞེས་པ་དང་། ཡང་། རང་བྱུང་ཡེ་ཤེས་དབྱིངས་ལས་མ་གཡོས་ཀྱང་། །སྟོང་ཁམས་ཡོངས་སུ་སྙོམས་པའི་སྙིང་རྗེ་ཅན། །འགྲོ་བའི་དཔལ་མགོན་སྣ་ཚོགས་ཀུན་ཏུ་བཟང་། །ཞེས་འབྱུང་། ཡང་། མཐུན་འཇུག་ཚང་བའི་སྤྱོད་པ་རྒྱ་མཚོ་ནི། །བདག་དང་གཞན་དོན་ཡེ་ནས་ལྷུན་གྲུབ་ཀྱང་། །ཐུགས་རྗེ་ཆེན་པོས་འགྲོ་དོན་རྫོགས་པར་མཛད། །ཅེས་འབྱུང་། ཡང་། དེ་ལྟར་དེ་བཞིན་ཆོས་ཀྱི་དབྱིངས་རིག་ནས། །མ་རིག་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད། །སྙིང་རྗེ་སྐྱེས་ནས་སྒྱུ་མའི་ཏིང་འཛིན་གྱིས། །འགྲོ་དོན་ཐབས་ཀྱི་སྤྱོད་པ་སྣ་ཚོགས་སྤྱོད། །ཅེས་འབྱུང་། རིན་ཆེན་ཀུན་འདུས་ལས། འདོད་དགུར་འབྱུང་ཞིང་སྙིང་རྗེའི་ཐབས་མི་སྤོང་། །ཞེས་འབྱུང་། སྲོག་གི་འཁོར་ལོ་ལས། འཁོར་བ་མྱ་ངན་འདས་ལ་དགོད་པའི་ཕྱིར། །རང་བྱུང་ཡེ་ཤེས་ངང་ལས་མ་གཡོས་ཀྱང་། །སྟོང་ཁམས་ཡོངས་ལ་སྙོམས་པའི་སྙིང་རྗེ་འབྱུང་། །ཞེས་གསུངས། ཡང་། བདག་མེད་ཕྱོགས་བྲལ་ཆོས་དབྱིངས་ནམ་མཁའ་མཉམ། །སེམས་ཅན་ཀུན་འདྲེན་བྱང་ཆུབ་དབྱིངས་ལ་འགོད། །ཅེས་འབྱུང་སྟེ། མདོར་ཆེད་དུ་མ་བྱས་པའི་སྙིང་རྗེ་ཆེན་པོ་དུས་གསུམ་དུ་མ་ཐལ་བ་སྟེ། ཅི་བྱས་ཅི་སྤྱད་ཅིར་སྣང་ཡང་བདག་རང་བྱུང་གི་ཡེ་ཤེས་ཀྱི་མཛད་སྤྱོད་ཡིན་པའི་ཕྱིར། བདག་མཉམ་པས་ངང་ལས་མ་གཡོས་པས་འགྲོ་དོན་རྫོགས་པ་སྟེ། སྙིང་རྗེ་ཆེན་པོའི་ངང་ལ་ཡུལ་དུ་བྱེད་པ་ལ་དམིགས་པ་རང་འབྱུང་ཡེ་ཤེས་སུ་བསྒྲལ་ལོ། །དེ་ལྟར་གང་གིས་ཤེས་པ་དེ་ལ་གནས་པ་སྟེ། རྣལ་འབྱོར་གྲུབ་པ་ལས། སྟོང་པ་ཉིད་ལ་གནས་པ་ནི། བྱམས་པ་གང་ལ་རིགས་སུ་འབྱེད་པ་མེད་དོ། །ཆེན་པོ་ལ་གནས་པའོ། །ཞེས་འབྱུང་བས་མངོན་ཏེ། ཚད་མེད་པ་བཞི་ག་མ་བཙལ་བར་རྫོགས་སོ། །བྱ་བརྩལ་དང་བྲལ་བའི་ཕྱིར་དོན་རྗེས་སུ་བྱ་བ་མེད་པར་སྤྱོད་པ་ནི། རྣལ་འབྱོར་མ་ཧཱ་ཡོ་ག་ལྟར། ཏིང་ངེ་འཛིན་དེ་ཁོ་ན་ལྟར་ལས་སུ་རུང་བས་བྱས་པའི་ཕྱིར། ཆེད་དུ་བྱས་པ་མེད་པས་དང་དུ་བླང་དུ་མེད་དེ། བྱ་བ་མེད་པ་ཞིག་ཏུ་དང་དུ་ལེན་ན། དེ་ཉིད་ཀྱང་བྱ་བྱེད་ཀྱི་སྤྱོད་པ་ཡིན་པའི་ཕྱིར། འདིར་ཅི་ཡང་བྱ་རྒྱུ་དང་། དང་དུ་བླང་བྱ་ངང་གིས་མེད་དོ། །འོ་ན་ཅིར་ཡང་བྱར་མེད་ན། མི་བྱ་བར་འདུག་གམ་ཞེ་ན། ལན་དུ་འདུག་པ་ཡང་མ་དམིགས་ཏེ། གང་འདུག་པ་ཡོད་ན་མེད་པའང་ཡོད་པར་འགྱུར་གྱི། སྤྱོད་ལམ་རྣམ་བཞི་ཉིད་མ་འགགས་མ་དམིགས་པའི་ཕྱིར། ཅི་ཡང་བྱས་ཀྱང་བྱས་པ་མེད། བྱ་རྒྱུ་མེད། ཡོད་པ་དང་བྲལ་བ་ཡང་མེད་དེ། དེ་ལྟར་སྤྱོད་པ་གདེངས་ཆུད་པ་ལ། འོག་གི་མཆོད་འདོན་ལ་སོགས་པ་ཆེད་དུ་བྱར་མེད་དོ། །དེ་ཡང་བདེ་འབྱམས་ལས། ལས་རྣམས་སྣ་ཚོགས་ཅི་བྱས་ཀྱང་། །ཐིག་ལེ་ཉིད་པས་སྤང་དུ་མེད། །ཅེས་འབྱུང་། རྨད་བྱུང་ལས། སངས་རྒྱས་ཞིང་ཁམས་ཐམས་ཅད་དུ། །བདག་ཉིད་ཀུན་གྱི་ལྷ་ཡིན་པས། །ཀུན་གྱི་མཆོད་པས་བདག་ལ་མཆོད། །ཅེས་འབྱུང་། ནམ་མཁའ་ཆེ་ལས། མཉམ་པས་རིམ་པར་བཀོད་པ་མེད། །གཅིག་ལས་ཕྱོགས་སུ་བསྔོ་དང་བྲལ། །ཚོགས་ཀྱི་བརྒྱན་དང་བཀྲམ་པ་ཡང་། །རང་བཞིན་གནས་ནས་འགྲིམ་པ་མེད། །ལྷུན་གྱིས་གྲུབ་པས་མི་བསྔོ་ཞིང་། །གདོད་ནས་དག་པ་བདུད་རྩི་ཡིན། །ཞེས་འབྱུང་། ཡང་། མི་བཟུང་གཏོང་བས་གཏོར་མ་ཡིན། །བྱ་བ་མེད་པའི་ལས་རྣམས་ཏེ། །ཞེས་འབྱུང་། རྡོ་རྗེ་བཀོད་པ་ལས། ཆོས་ཉིད་བྱ་རྩོལ་ཀུན་བྲལ་ལས། །སྒྲུབ་དང་སྒྲུབ་པའི་དམིགས་པ་མེད། །ཅེས་འབྱུང་། རྣལ་འབྱོར་ཆོས་གཞུང་ཆེན་པོའི་ཡོན་ཏན་ལས། ལུས་དང་གཟུགས་སུ་སྣང་བ་ཐམས་ཅད་ཡེ་ནས་མ་གཡོས་པས་མི་འགྱུར། མི་རྟོག་པས་མི་དམིགས། མི་སྣང་བས་མི་འཛིན། ཐམས་ཅད་ཆོས་ཀྱི་སྐུའི་ངང་ལས་གཟུང་འཛིན་གྱི་རྩོལ་བ་ལས་འདས་པ། དེ་ལུས་ཀྱི་ཆོས་འབྱུང་ཡིན་ཏེ། དེས་ཅི་འགྲུབ་ན། ཆོས་ཐམས་ཅད་རྩོལ་བ་མེད་པར་ཡེ་ནས་ལྷུན་གྱིས་གྲུབ་པར་སངས་རྒྱས་ཟིན་པའོ། །ཞེས་འབྱུང་། དེ་བས་ཀྱང་ངག་གི་ལས་སུ་སྙིང་པོ་བཟླས། ཆོས་ཐམས་ཅད་ཚིག་དང་ཡི་གེ། ཐམས་ཅད་ཐུགས་ཡེ་ཤེས་ཡིན་པར་ཤེས་པས། ཅི་འདས་པ་ཐམས་ཅད་ཆོས་ཉིད་ཀྱི་བཟླས་བརྗོད། ཡེ་ཤེས་ཀྱི་ཆོ་འཕྲུལ་གཉིས་སུ་མེད་པའི་དོན་ཡིན་པར་ཤེས་ན། ངག་གིས་ཅི་བརྗོད་པ་ཆོས་ཀྱི་གཞུང་ཡིན་ནོ། །བདག་གི་སེམས་ཀྱི་གཞུང་བཞིན་མ་རིག་པའི་དབང་ལས་འདུ་བྱེད་ལངས་པའི་དུག་ལྔ་རང་ཀ་མ་དང་། གནོད་སེམས་དང་། གདུག་སེམས་དང་། ལོག་པར་ལྟ་བ་ལ་སོགས་པ་ལྟ་བ་ལོག་ཅིང་བསམ་པ་གོལ་བ་མ་ཡིན་པ། ཆོས་ཉིད་ལ་འཇམ་རྩུབ་མེད་པས་ཞི་ཞིང་དེས་པའི་སེམས་ལ། སངས་རྒྱས་ལ་ཕྱོགས་རིས་མེད་པས་ཐམས་ཅད་ལ་མཉམ་སྙོམས་ཆེན་པོ་ཤོང་ཡངས་ཆེ་ཞིང་བག་ཡངས་པས་ཀུན་དང་མཐུན་ཞིང་ཡོངས་དང་མ་འགྲས་པ། རིས་མེད་ཅིང་ཉེས་པ་ཅི་ལ་ཡང་མི་བཟོད་པ་མེད་པ། ལེགས་པ་ལ་ཆགས་ཤིང་ཞེན་པ་མེད་པས། རྒྱུ་འབྲས་ཀྱི་ཆོས་ཐམས་ཅད་གཉིས་སུ་མེད་པས་སྲིད་པ་ཉིད་དག་ཀྱང་སྟེ། མི་འགྱུར་བའི་དབྱིངས་ན་མ་ཡེངས་པའི་བློ་བཏང་སྙོམས་སུ་ལྡེམ་མི་གནས་པ་ནི། རྣལ་འབྱོར་པའི་སེམས་ཀྱི་གཞུང་ཡིན་ནོ། །ཞེས་འབྱུང་། བྱ་བྲལ་རྫོགས་པའི་ལུང་ལས། སེམས་ཉིད་ཅིར་མི་སྣང་བའི་ཕྱིར་སྤྱོད་པ་ཅིར་ཡང་མི་སྤྱོད་དེ། གཙང་རྨེ་ཕྱོགས་རིས་རྩོད་པ་དང་། །ཆེ་ཆུང་ཆགས་སྡང་བླང་དོར་སོགས། །ཅི་ལ་ཡང་བྱེ་བྲག་མི་བྱ་ན། །ཐེག་ཆེན་རྣལ་འབྱོར་ག་ལ་ཡིན། །ཞེས་འབྱུང་། ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པ་ལས། བདེ་དང་སྡུག་བསྔལ་རྟོག་པས་ན། །བདག་རྒྱལ་གཞན་ལ་ཕམ་ཅིའི་ཆོས། །བཟང་དང་ངན་པར་འཁྲུལ་པ་ན། །འདོད་པས་མི་ཆོག་གང་གིས་བསྟན། །མཉམ་ཉིད་ཆེ་ཆུང་མེད་པ་ལ། །བདག་བསྟོད་གཞན་སྨོད་སུ་ཞིག་སྨྲ། །གང་ཉིད་སྤོང་ལེན་མེད་པ་ལ། །བླང་དང་དོར་བ་གང་གིས་བརྗོད། །ཅེས་འབྱུང་བས། གཏན་ཚིགས་དེ་དག་གིས་ཡིད་ཆེས་པར་བྱའོ། །ཀུན་ཏུ་བཟང་པོ་ཐབས་ཀྱི་སྤྱོད་པ་ནི། ཡེ་ཉིད་མ་ལུས་ཆོས་ཐམས་ཅད་ཀུན་ཏུ་བཟང་པོའི་ངང་དུ་སངས་རྒྱས་པ་ལ་སྤངས་བླང་ཡང་མེད་ལ། གོལ་ལས་ཀྱི། སྒྲིབ་ཀྱང་མིང་མེད་དོ། །དེ་ལྟར་གདེངས་ཆུད་ནས་གང་ཡང་མི་འདོར་བར་སྤྱོད་པ་ལ་མི་གོལ་བ་ནི་ཀུན་བཟང་ཐབས་ཀྱི་སྤྱོད་པའོ། །དེ་ཡང་ཡིད་ཆེས་པར་བྱེད་པའི་རྒྱབ་ནན་སེམས་བསྒོམ་ལས། ཤེས་རབ་ཀྱི་སྤྱོད་པ་དང་། ཐབས་ཀྱི་སྤྱོད་པ་གཉིས། ལ་མི་གནས་ཕྱིར་ན་བདུད་ཀྱི་འདྲ་བར་སྤྱོད་དོ། །དྲུག་ནག་པོ་ཅན་གྱི་བུ་ཀོར། མི་ཕམ་སྐྲའི་ལྭ་བ་ཅན། འོད་སྲུང་རྫོགས་བྱེད། ཀུན་ཏུ་རྒྱུ་གནག་ལྷས་ཀྱི་བུ། གཅེར་བུ་པ་གཉེན་གྱི་བུ། སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་དང་དྲུག་གོ །གིས་བསྟན་པའི་བདུད་ཀྱི་ལས་ཀྱང་མི་འདོར་ངན་དུ་མི་རྟོག་གོ། །ཞེས་འབྱུང་། རྣལ་འབྱོར་ལུང་ལས། སྤྱོད་ལམ་རྣམ་བཞི་གང་སྤྱད་ཀྱང་། །འཆི་བར་མི་འགྱུར་གྲོལ་གྱུར་ཐབས། །ཞེས་འབྱུང་། རྡོ་རྗེ་བཀོད་པ་ལས། བརྟུལ་ཞུགས་སྤྱོད་པ་སྤྱོད་མིན་ཏེ། །སེམས་ལ་སེམས་གཞོལ་རོལ་སྤྱོད་པ། །ཐབས་ཆེན་ཡངས་པ་སྤྱོད་པའི་མཆོག །ཅེས་འབྱུང་། ཆོས་གཞུང་ལས། དཔེར་ན་སྨན་འཚོ་བྱེད་མཁས་པས། སྟོན་ཟླ་ར་བའི་ཉ་ལ་ཡལ་ག་དང་ལོ་འདབ་རྒྱས་པའི་དུས་སུ་ནགས་ཚལ་ཆེན་པོར་སོང་ན། ཅི་སྐྱེས་པ་ཐམས་ཅད་འདུ་བ་རྣམ་བཞིའི་ནད་ལ་སྨན་དུ་མ་གྱུར་པ་གང་ཡང་མེད་པ་དང་འདྲ་བ་དེ་བཞིན་དུ་བཟང་ངན་དང་སྤོང་ལེན་ཆེ་ཆུང་མེད་པར་ཤེས་པས་ཐམས་ཅད་བཟང་པར་ཡིད་ཆེས་ཤིང་བཀའ་ཡང་དག་པ་ཡིན་པར་དོན་རྟོགས་པས། གང་ལའང་ཐེ་ཚོམ་མི་ཟ་བར་སྤྱོད་པ་རྣལ་འབྱོར་གྱི་ཆོས་གཞུང་ཡིན་ནོ། །ཡང་། དཔེར་ན་སྨན་པ་འཚོ་བྱེད་གཞོན་ནུ་ཡིས། དུག་དང་རྫས་ཅི་སྦྱར་བར། ཕན་པའི་བདུད་རྩིར་འགྱུར་བ་བཞིན། རྣལ་འབྱོར་པ་ཆོས་ཀྱི་དོན་ལ་མཁས་པས། འཁོར་བ་དང་མྱ་ངན་འདས་པའི་ཆོས་ལ་ཇི་ལྟར་སྤྱད་ཀྱང་ཉེས་པ་མེད་ཅིང་། ཐམས་ཅད་བདེ་བ་ཆེན་པོའི་རང་བཞིན་དུ་འགྱུར་བའོ། །ཞེས་འབྱུང་ངོ་། །ཁྱུང་ཆེན་ལས། འདོད་སྤྱོད་སྙིང་རྗེས་བརླན་པ་ལ། །གང་དུ་དགའ་བར་བྱང་ཆུབ་སྤྱོད། །ཅེས་འབྱུང་། ནམ་མཁའ་ཆེ་ལས། ཀུན་སྤྱོད་ཡོན་ཏན་རྣམ་ལྔ་ཡང་། །ཆོས་ཉིད་དབྱིངས་ཀྱི་རྒྱན་ཞེས་གསུངས། །ཞེས་པ་དང་། ཡང་། རྣམ་གྲངས་བརྒྱ་སྟོང་ཕྲག་ཡངས་པས། །གང་ལྟར་སྤྱད་ཀྱང་མེ་ཏོག་སྐྱེ། །ཞེས་འབྱུང་། ཐིག་ལེ་དྲུག་པ་ལས། འཛིན་པས་བཏགས་ཤིང་སྣང་བའི་ཆོས་རྣམས་ནི། །རང་གི་རྐྱེན་གྱིས་སྣང་བས་མི་འདོད་སྤོང་མི་བྱེད། །རྣམ་པ་ཅིར་ཡང་མི་དགོངས་ཐབས་ཀྱིས་དེ་ལ་རོལ། །ཞེས་འབྱུང་། འཕྲ་བཀོད་ལས། ཡེ་ཤེས་རྟོགས་པའི་ཁྱད་པར་གྱིས། །སྤྱོད་ལམ་རྣམ་བཞིར་གང་སྤྱོད་ཀྱང་། །འཆིང་བར་མི་འགྱུར་གྲོལ་འགྱུར་རྫོགས། །རྩེ་མོ་བྱུང་རྒྱལ་ལས། བདག་དང་གཞན་དོན་ལྷུན་གྲུབ་མ་སྤངས་པ། །སྤྱོད་པ་རྒྱ་མཚོར་སྣ་ཚོགས་ཅི་བདེར་སྤྱོད། །པདྨ་སྐྱེས་པའི་རྒྱུ་ནི་འདམ་ཡིན་ཏེ། །པདྨ་ལ་ནི་འདམ་གྱིས་གོས་པ་མེད། །ཆོས་ཉིད་ཆགས་པ་མེད་པར་རྟོགས་འགྱུར་ན། །ཡེ་ཤེས་ཆགས་མེད་ཉམས་པ་རྡུལ་ཙམ་མེད། །ཐུགས་རྗེ་སྤྱོད་པ་བསམ་ཡས་ཇི་སྙེད་པ། །རྣལ་འབྱོར་ཐབས་ཀྱི་སྤྱོད་པ་དེ་བཞིན་སྤྱོད། །ཅེས་འབྱུང་། སྤྱི་གཅོད་ལས། དོགས་མེད་སྤྱད་ཀྱང་དེ་ལ་ནི། །གང་ལྟར་སྤྱད་ཀྱང་མེ་ཏོག་སྐྱེ། །ཞེས་འབྱུང་། སྤྱི་བཅིངས་ལས། མ་བཀག་ཅི་བདེ་བྱང་ཆུབ་ཡན་དུ་ཁྱེར། །ཞེས་འབྱུང་། རྨད་བྱུང་ལས། རང་གི་ལོངས་སྤྱོད་རང་ལས་སྤྲུལ། །རང་ལས་སྤྲུལ་པའི་སྐུ་རྣམས་ལ། །རང་གི་ལོངས་སྤྱོད་ཅིར་ཡང་མཛད། །ཅེས་འབྱུང་། ཡང་། སྐུ་ལས་ཀུན་འབྱུང་བའི་ཆོས་ལ་ཀུན་སྤྱོད་པའོ། །སེམས་ལས་ཀུན་འབྱུང་བའི་ཆོས་ལ་སྤྱོད་པའོ། །ངག་ལས་ཀུན་འབྱུང་བའི་ཆོས་ལ་སྤྱོད་པའོ། །ཆོས་ལས་ཀུན་འབྱུང་བའི་ཆོས་ལ་སྤྱོད་པའོ། །ཡུལ་ཝ་རཱ་ཎ་སིའི་ཁ་དོག་སོ་སོར་གསལ་བ་དང་། གོས་ཀྱི་ཁ་དོག་བཞིན་དུ་སོ་སོར་འགོག་པ་མེད་པར་ཐུགས་སུ་ཆུད་དོ། །ཞེས་འབྱུང་། དེ་ཉིད་ལས། སངས་རྒྱས་བཅོམ་ལྡན་འདས་ནི་ཚད་མེད་པའི་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་རྣམས་ཡང་དག་པར་བསགས་པས་མཁྱེན་ནོ། །ཞེས་པ་ལ་སོགས་པ་གསུངས་ཏེ། གང་ལ་ཡང་སྤངས་བླང་མི་བྱའོ། །ལྷུན་གྱིས་རྫོགས་པའི་སྤྱོད་པ་ནི། རིལ་སངས་རྒྱས་པ་ལ་འཁོར་བ་མིང་མེད་དེ། འབྲས་བུ་ཉི་ཚེར་གསལ་བ་ནི། སྟོན་ཟླ་འབྲིང་པོའི་ཉ་བཞིན་པས་སྤྱོད་དོ། །ཕྱོགས་ཐམས་ཅད་སངས་རྒྱས་ཀྱི་མཛད་པར་མ་གྱུར་པ་མེད་པའི་ཕྱིར། སྤྱོད་པ་རིལ་འདིར་མཛད་སྤྱོད་དོ། །ཡོན་ཏན་ཆེན་པོ་བཅུ་ལས། ཨ་ཏི་ཡོ་གའི་སྤྱོད་པ་ནི། མུ་སྟེགས་ཀྲི་ཡའི་སྤྱོད་པ་དང་། །སྲིད་གསུམ་སེམས་ཅན་ཐམས་ཅད་དང་། །སྐྱེ་བ་རྣམ་བཞིར་རྟོགས་པ་ཀུན། །རྫོགས་ཆེན་རང་བཞིན་ལྷུན་གྱིས་སྤྱོད། །ཅེས་འབྱུང་། རྡོ་རྗེ་བཀོད་པ་ལས། སྤྱོད་པར་བྱེད་དང་སྤྱད་མེད་པས། །སྲིད་དང་མུ་སྟེགས་འཇིག་རྟེན་པའི། །སྤྱོད་པར་སྣང་བ་ཐམས་ཅད་ཀུན། །ལྷུན་གྱིས་རྫོགས་པའི་མཛད་སྤྱོད་དོ། །ཞེས་འབྱུང་། རྨད་བྱུང་ལས། སེམས་ཅན་མང་པོའི་བྱེད་སྤྱོད་ནི། །གསང་བ་མཆོག་གི་དོན་ཡིན་ཏེ། །སངས་རྒྱས་ཉིད་ཀྱི་མཛད་པ་ཡིན། །ཞེས་འབྱུང་། དེ་ལྟར་གཏན་ཚིགས་རྒྱབ་ཏུ་བཞག །རིག་པས་མདུན་ན་བསུ་སྟེ། གཉིས་མི་འགལ་བར་ཡིད་ཆེས་པར་བྱེད་པ་ལ་ཐེ་ཚོམ་མ་ཟ་ཞིག །སྤྱོད་པ་བཞི་ཡང་ངོ་བོ་ཐ་དད་པ་མ་ཡིན་ཏེ། གཅིག་ཀྱང་བཞི་ཅར་དུ་སྣང་ངོ་། །དེ་ལྟ་བུ་ལ་ཆེད་དུ་སྤྱོད་ལམ་དུམ་བུ་ཅན་དུ་མེད་དེ། ཐམས་ཅད་དུ་སྤྱོད་པ་ལས་མཉམ་པའོ། །མཉམ་པ་ལས་ལངས་མ་ལངས་མཐོང་ལུགས་ལ་ཁྱད་པར་མེད་དེ། དེ་ཡང་ཀུན་ཏུ་བཟང་པོ་རང་གནས་པ་ལས། སྣང་ལ་རང་བཞིན་མེད་པ་ཡི། །ཆུ་ཟླ་སྨིག་རྒྱུ་སྒྱུ་མ་བཞིན། །མེད་པ་ཟང་མ་མ་ཡིན་ལ། །ཡོད་པར་ཡང་ནི་མ་ཡིན་ནོ། །ཡོད་མེད་གཉིས་ལས་འདས་པ་ཡི། །རང་བཞིན་མེད་པར་ཡིད་ལ་དྲན། །ཤེས་རབ་ཆེན་པོས་རྟོགས་པའི་རྟགས། །མཁའ་ལྟར་མཉམ་པར་ཉིད་ལ་གནས། །ཤེས་རབ་ཆེན་པོས་ཁྱབ་པའི་རྟགས། །མི་གཡོ་མཉམ་བཞག་འདུས་མ་བྱས། །ཤེས་རབ་ཆེན་པོ་གྲུབ་པའི་རྟགས། །མ་ཆགས་ཐབས་ཀྱི་ཀུན་སྤྱོད་ན། །ཤེས་རབ་ཆེན་པོ་གྲུབ་པའི་རྟགས། །ཞེས་འབྱུང་ངོ་། །དེ་བས་ན་དོན་ལས་མ་ཉམས་ཀྱང་སྒྱུ་མར་སྣང་བ་འགོག་པ་མེད་དོ། །སྤྱོད་པ་གོལ་བ་ནི་དུས་དེང་སང་གི་སྔགས་པ་ཐོས་པ་རྒྱ་ཆེན་པོ་དང་བྲལ་བས། གདེངས་མ་ཆུད་ཅིང་ལྟ་བ་ཁ་ལ་ཁྱེར་ནས། ཀུན་ཏུ་བཟང་པོ་ཡིན་ཞེས་ཟེར་ཞིང་འདོད་སྦྱར་གསོད་གཅོད་དང་། རྩིང་ཆོས་ཕཊ་ཧྲལ་འདྲལ་གྱི་སྤྱོད་པ་བྱེད་པ་ནི། དམྱལ་བའི་གཏིང་རྡོ་བྱེད་དོ། །སེམས་བསྒོམ་ལས། ཀུན་ཏུ་བཟང་པོའི་སྤྱོད་པས་མ་ཟིན་དགེ་བའི་ཆོས་ནི་གང་ཡང་རུང་། །ཀུན་ཏུ་བཟང་པོའི་སྤྱོད་པའང་བདུད་ཀྱི་ལས་ཏེ་ཟད་ཅིང་མཐར་ཐུག་འགྱུར། །དེ་དག་ལྡན་པའི་ལས་ནི་བདུད་ཀྱི་ལས་ཀྱང་བྱང་ཆུབ་སྤྱོད་པར་གསུངས། །ཞེས་གསུངས། རྩེ་མོ་བྱུང་རྒྱལ་ལས། སྙིང་རྗེ་མེད་པའི་ལས་ཀྱི་གཞི་རྣམས་ནི། །ཀུན་ཏུ་བཟང་པོའི་ཚིག་ཙམ་སྨྲ་འདྲ་ཡང་། །སྙིང་པོའི་དོན་ལ་འགལ་འགྱུར་འགྲུབ་མི་འགྱུར། །ཞེས་འབྱུང་། ཀློང་འགྲེལ་ལས། ལྟ་བ་ཁ་ལ་ཡོད་སྙིང་ལ་མེད་ལ་སྤྱོད་པ་རྩིང་ན་མེད། ཅེས་འབྱུང་སྟེ་གོལ་ཏོ། །དེ་དག་ལྟ་ཨ་ཅང་ཡང་ཆེས་རྣམ་པར་དཀར་བའི་ལས་ཉིད་ཀྱང་ཐབས་འདིས་མ་ཟིན་ན་མི་གྲོལ་བར་སྟོན་ཏེ། ནམ་མཁའ་ཆེ་ལས། བླ་མ་མཆོད་དང་གཏོང་བ་དང་། །དེ་བཞིན་བསོད་ནམས་ཐམས་ཅད་ཀྱང་། །མ་ཆགས་མི་གཡོའི་སྟོབས་མེད་ན། །བྱས་ཀྱང་འཆིང་བ་ཆེན་པོར་འགྱུར། །ཞེས་འབྱུང་ངོ་། །ནམ་མཁའི་རྒྱལ་པོ་ལས། ལྟ་བ་འདི་མེད་སྤྱོད་པ་སྒྱུ་མས་མིན། །ལྟ་བ་འདི་ཡིས་མ་ཟིན་འཁོར་བ་ལས་མི་འདའ། །ཞེས་འབྱུང་ངོ་། །དེ་ལྟ་བས་ན་གདེངས་ཡོད་ཀྱང་སྡིག་ལ་ཤིན་ཏུ་འཛེམ་པར་བྱས་ན་ཚུལ་དང་ལྡན་ཏེ། རྩེ་མོ་བྱུང་རྒྱལ་ལས། སྡིག་འཛེམ་ཆེར་སྐྱེས་བསོད་ནམས་ཁྲི་ཕྲག་ཡས། །ཞེས་འབྱུང་ངོ་། །སྤྱོད་པ་འདི་ལྟ་བུ་ལ་མོས་པའི་ཡོན་ཏན་ཡང་། ཆོས་གཞུང་ལས། གང་ཞིག་རྟོག་པ་དང་མི་ལྡན་ཡང་། །གཞུང་དུ་སྤྱོད་པ་རྣམས་མོས་པའི་སྟོབས་ཀྱི་ཐུགས་རྗེའི་བྱིན་རླབས་རང་སྣང་སྟེ། གསེར་ལ་ནག་ཚུར་བཏང་བ་ལྟར་དོན་མ་ནོར། གཞུང་མ་ཉམས། བྱས་པ་ཆུད་མ་ཟོས་པས། ཡིད་ཀྱི་ཏིང་འཛིན་གསལ་བྱས་ཏེ། །བླ་མ་མཁས་པའི་མན་ངག་གིས། །ཡང་དག་བདུད་རྩིར་བྱིན་རླབས་ནས། །གཉིས་སུ་མེད་པར་སངས་རྒྱས་སོ། །ཞེས་འབྱུང་ངོ་། །ཡོངས་སྤྱི་རུ་ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྒོམ་ཆེན་གྱིས་ཇི་ལྟ་བ་ལྟ་བའི་གདེངས་ཆུད་ཀྱང་། དེ་བཞིན་དུ་མ་མཐོང་བ་དྲང་ཞིང་ཚུལ་དང་ལྡན་པར་བྱ་བའི་ཕྱིར་འདི་ལྟར་མཛད་འཚལ་ཏེ། དེ་ལ་ལུས་ཀྱི་སྤྱོད་པ་ཡང་ཆོས་ཐམས་ཅད་མཉམ་པའི་ངང་ལ་བདག་མཐོ་སར་རྒྱུ་མེད་པས་ཚུལ་འཆོས་བཟང་དུ་རེ་མི་བྱ་བ་དང་། རིལ་བདག་ཉིད་ཆེན་པོ་ཡིན་པས་གྲོགས་ལ་མི་ཆགས་པར་བྱ་བ་དང་། གཅིག་པུར་གནས་པ་དང་། གླང་པོ་ཆེ་ལྟར་ཟོན་བག་ཆེ་བར་བྱ་ཞིང་བརྗིད་བརྟན་ཆེ་བར་བྱ་བ་དང་། ལུས་སྤྱོད་ཅི་ཡང་ཆེད་དུ་བཅོས་པར་མི་བྱ་བ་དང་། གནས་གང་ཡང་རུང་བའི་དགོན་པར་རྟག་པར་འདུག་པ་དང་། སྐྱ་ཆུས་མང་པོ་མི་བྱ་ཞིང་དེ་ལའང་མ་ཆགས་པ་དང་། སྤྱོད་ལམ་བཞི་ཀར་ལུས་བྱ་བ་བསྒྱུར་ཞིང་དོན་དང་མ་བྲལ་བ་དང་། གོས་ཀྱང་གྲང་བས་མི་ཉེན་པ་ཙམ་ལས་བཟང་དུ་རེ་བའི་ཕྱིར་རྒྱན་གྱིས་བཅོས་སློབ་མི་བྱ་བ་དང་། ཁ་ཟས་ཀྱང་ཆེད་དུ་ཞིམ་པ་ལ་ཆགས་པར་མི་བྱ་བ་དང་། སྟོང་འཕྱོར་ངོམ་འཕྱར་གང་ཡང་མི་བྱའོ། །དེ་ཡང་ཡིད་ཆེས་པའི་གཏན་ཚིགས། རྣལ་འབྱོར་གྲུབ་པའི་ལུང་ལས། རྡོ་རྗེ་ལུས་ཀྱི་སྤྱོད་པ་ནི། །ཕྱིན་པ་མེད་པས་ཚུལ་མི་འཆོས། །གཅིག་པུ་ཉིད་ལ་གཅིག་པུར་གནས། །གླང་པོ་ལྟ་སྟངས་ཇི་བཞིན་དང་། །དེ་བཞིན་རྣལ་མས་གནས་པར་བྱ། །གང་དུ་གནས་པས་རྟག་པར་གནས། །གནས་པ་དེ་ལ་ཆགས་མི་བྱ། །སྤྱོད་ལམ་རྣམ་བཞིར་གར་ལྡན་པར། །མ་བཅོས་རྣལ་མས་གནས་པར་བྱ། །གང་གིས་གདུང་བས་མི་ཉེན་པའི། །གནོད་པ་སྐྱོ་བ་ཙམ་དག་ལས། །བཟང་དང་རྒྱན་གྱིས་ཆས་མི་བྱ། །གང་དུ་ཇི་ལྟར་བདེ་ལྡན་སྦྱར། །ཅེས་འབྱུང་། ཁ་ཟས་ཀྱང་ལུས་སུ་འཛིན་པའི་འཚེ་རྟེན་དུ། ཡོ་བྱད་ཀྱིས་འབྱོར་ན་བཟང་ཡང་རུང་། མ་འབྱོར་ན་ངན་ཡང་རུང་། འབྱོར་ཚད་ལས་རོ་མཆོག་ཅན་ལ་ཆེད་དུ་ཆགས་པས་མི་གཉེར་བ་དང་། དེ་ཡང་རླུང་དགག་ཁམས་ལོག་ཏུ་དོགས་པ་ཙམ། པ་དང་། ཆེད་ཀ་ཅན་ལ་ཡིན་པ་དང་། དྲོ་འཚག་དང་ཉམས་སེལ་ཕྱིར་བླང་བ་དང་། ལོངས་སྤྱོད་པ་ཡང་ཇི་བཞིན་པའི་དོན་དང་ལྡན་པས་དཔྱད་པ་དང་། རང་ཀ་མས་ཚིམས་པར་བྱ་བའི་ཆེད་དུ་སྐྱེ་བོའི་བསམ་པས་མི་བྱ་བ་དང་། རོ་ཞིམ་མི་ཞིམ་གང་ལ་ཡང་བླང་དོར་གྱི་སེམས་མི་བྱ། ཐེག་པ་ཆུང་ངུའི་སྤྱོད་པ་བསོད་སྙོམས་མི་བྱའོ། །དེ་ཡང་དེ་ཉིད་ལས། རྣལ་འབྱོར་ངེས་པའི་བསམ་གཏན་པ། །རྡོ་རྗེ་སྔགས་ཀྱི་ཁ་ཟས་ནི། །ལུས་ཟུངས་འཛིན་པའི་རྟེན་ཙམ་དུ། །གང་སྔར་འབྱོར་ལྡན་མ་གཏོགས་པ། །ཟས་ཕྱིར་ཆེད་དུ་བསྒྲུབ་མི་བྱ། ཚག་དང་ཉམས་ཕྱིར་ག་ལ་ཡིན། །མ་བཅོས་རྣལ་མས་ཇི་བཞིན་བཟའི། །འཚོ་བའི་ཆེད་དུ་བཅོས་མི་བྱ། །ཆགས་དང་མ་ཆགས་སྤང་བླངས་མེད། །བླང་བར་བྱ་བ་མ་ཡིན་ཞིང་། །སློང་མོས་འཚོ་བར་ཡོང་མི་བྱ། །ཅི་ཕྱིར་དོན་དུ་མི་འགྱུར་ཕྱིར། །འཚོ་བ་ཡོངས་སུ་མ་དག་པའོ། །ཞེས་འབྱུང་། ངག་གི་སྤྱོད་པ་ཡང་། ཆོས་ཀྱི་དོན་དུ་སྙན་པར་སྨྲ་བ་ཡང་། གད་མོ་ཆེན་པོ་རྟ་གད་མི་བྱ་བ་དང་། སྨྲ་བ་བཙན་པར་བྱ་སྟེ་རྫུན་མི་བྱ་བ་དང་། འཆལ་བར་སྨྲ་བ་མི་བྱ་བ་དང་། ཅི་སྨྲས་པ་བདག་གཞན་གྱི་དོན་དུ་འབྲེལ་བར་བྱ་བ་དང་། དགོས་ཆེད་དང་སྐབས་ལ་བབ་པ་མ་ཡིན་པ་བསམ་གཏན་གྲོགས་དང་འདུས་པའི་ཚེ་ཡང་འཆལ་གཏམ་མི་བྱ་བ་དང་། སྨྲ་བརྗོད་དཔེས་མཚོན་ལ་ཕ་རོལ་ལ་གོ་མཇལ་དུ་སྨྲ་བ་དང་། རིལ་བདེ་བ་ཆེན་པོས། ངག་ཚད་མར་སྨྲ་བ་དང་། ཇི་སྐད་བརྗོད་པ་ཉིད་དུ་མེད་པའི་དོན་ཡིན་པས། ངག་ཀྱང་ཆེ་ངག་དང་རུང་དུ་རེ་མི་བྱ་བར་དོན་དང་མ་བྲལ་བར་སྨྲ་བའོ། །དེ་ཡང་དེ་ཉིད་ལས། རྡོ་རྗེ་ངག་གི་སྤྱོད་ཡུལ་ཡང་། །བདེན་པའི་ཆེད་དུ་སྙན་སྨྲ་ལས། །གཞན་དུ་ཁ་གསག་ག་ཞ་མིན། །བརྗོད་པ་ཐམས་ཅད་ངེས་པ་ཉིད། །དངོས་པོར་སྨྲ་ཞིང་ཚིག་མི་འགྱུར། །ཇི་ལྟར་བརྗོད་པ་དེ་བཞིན་བྱ། །ཐམས་ཅད་ཀུན་ཏུ་སྨྲ་མ་ཡིན། །གང་བརྗོད་དོན་དང་འབྲེལ་བར་བྱ། །སྐབས་དང་དགོས་ཆེད་མ་གཏོགས་པར། །རྣམ་པར་འཆལ་བར་བྱ་བ་མིན། །ཀུན་ལ་དཔེས་མཚོན་ཐོག་ཏུ་དབབ། །ཐམས་ཅད་ཚད་མས་ཚད་མར་བྱ། །མ་བཅོས་ངང་གི་རྣལ་འབྱོར་པ། །རྡོ་རྗེ་ངག་གི་སྤྱོད་པར་བཤད། །ཅེས་འབྱུང་ངོ་། །ཡིད་ཀྱི་སྤྱོད་པ་ཡང་། རྡོ་རྗེ་ཡིད་ཀྱི་སྤྱོད་ཡུལ་ཉིད། །མ་བཅོས་སེམས་རྩོལ་བས། མ་ཡེངས་ཏིང་ངེ་ལས། བསམ་ཡིད་ལ་དང་བྲལ། །མི་གཡེང་གཡེངས་བ་དྲུག་མེད་པ། མ་རྨུགས་གསལ་བྱིང་རྨུགས་མེད་པ། ཞིང་རྟོགས་འཛིན་ཞི་བ། གནས། །འདོད་པ་ཟ་ཟི། ལ་མ་ཆགས་པ། སྒྲོ་མི་བསམ་པ། སྐུར་བྲལ། །བླང་མེད་དོར་མེད་ཆགས་འདོད། སྡང་ཞེ། མེད། །པ། ཉེས་པ། འཆང་པ་མེད་པ། སྤྱོམ་མེད་པ། དེ་རྙེད་ནོར་རྫས་རྙེད་པ་ལ་མ་ཆགས། འབྱོར་མིན། །ཕྱོགས་རིས། བྲལ་བ། མུ་མཐའ། མེད་པས་དོན་དང་ལྡན་པ། ཡོངས་སུ་གང་ལ་ཡང་ནང་དུ་སྐྱོན་དུ། དག །གོ་བགོས་ལམ་ཉིད་བརྩོན་འགྲུས་ཀྱི་སྒོ་གསུམ་ཆོས་དང་མི་འགལ། དྲང་པོར་བསྲང་། །དུག་འགྱུར་ལྟ་བའི་ཐབས་དང་མན་ངག །སྨན་བསྲེལ་མཚོན་ཆར་ལྟ་བ་ཆེ་བ་སྟེ་ཤེས་རབ། ལྡན། །རྡོ་རྗེའི་རྫོང་ལ་དེ་རྙེད་པས་མི་འབྲལ། ཞེན་པ་དང་། །ཡིད་བཞིན་བྱང་ཆུབ་སེམས་ཞི་གནས་ལྷག་མཐོང་འབྲེལ། ནོར་བུ་བློ་གྲོས་ལྡན། །གང་དུ་བསམ་པ་ཡུལ་གང་གི་དབང་དུ། མི་འགྱུར་གང་མི་བསམ་པ་དངོས་དོན་ལས། འགྱུར། །དབྱིངས་འདིར་དོན་གྱི་དབང་གི་ཀུན་དང་མཐུན། ཀུན་དང་གཅིག་པ་དང་། །གང་གི་བློ་ལ་མངོན་ཆོས་སྤྱོད་མིས་སྤྱོད་གཞན། པའི་ཕྱིར། །ཡོངས་སྤྱོད་པ། སུ་མཛེས་པ། དང་ཟིན། བག་ཡོད་པ། དང་། །དེ་ཉིད་རང་སེམས་དཔང་དུ་བཙུག །དབང་བས་ཁྲེལ་ཡོད་དང་། །དེ་ལ་ང་འམ་ང་བདག་འཛིན་དང་ང་རྒྱལ། མེད་པས། །ཀུན་ལ་མཐུན་སྦྱོར། ཡོངས་སུ་ལྡན་པ་དང་། །ཐམས་ཅད་དེ་བཞིན་ཉིད། བས་དེས་སེམས། པ་དང་། །གང་འདིར་དངོས་པོ་ཐམས་ཅད། སྟོང་པ་ཡིན། པས་ཅིར་ཡང་། མི་རྟོག །དེ་ཉིད་ཞི་རིལ་རང་རིག་ཏུ། བས་འཁྲུལ་ཞེ་སྡང་ཁོང་ཁྲོ་མེད་དང་། །གང་ནས་ཕྱོགས་ཀྱང་དངོས་གྲུབ་སྟེ་རབ། ཅི་ཡང་མི་འབྱུང་བས། །གཞན་འབྲས་བུ། དུ་ཚོལ་བའི་སེམས། མེད་པ་དང་། །ཟང་ཅི་ལའང་འདོད་པ། ཟིང་མེད་པས་ཚུལ་མི་འཆོས། །གདུང་བ་མེད་འདོད་ཆགས་ཀྱི་ཡུལ་གང་ལ་ཡང་། པས་འདོད་པ་མེད། །མ་ཆགས་པའི་བསམ་པ་ཅན། འབྱུང་བས་ཆོག་པར་གང་ལ་ཆོག་པར། འཛིན། །གང་ལའང་རྟོག་པ་དང་ལྡན་པ། མཚན་མར་མི་འཛིན་པས། །གཙང་རང་མི་བྱེད། རྨེ་མེད་ཅིང་དུས་གསུམ་དུས་སྔ་ཕྱི་འཛིན་པ། མེད། །དེ་བཞིན་དམ་པའང་དང་དུ་ལེན་པའི། ཡོད་མ་ནོ་སྤྱོད་པ་བཞི་བཅུའི་གསུམ་མོ། །ཡིན། །ཞེས་འབྱུང་བའི་དོན་དང་སྦྱར་ལ་སྤྱོད་དོ། །དེ་ལྟར་ཚུལ་བཞིན་སྤྱོད་པ་ནི། རྣལ་འབྱོར་ཆེན་པོ་རྣམས། བྱ་བ་དེ་དག་བྱས་ཀྱང་བྱས་འཛིན་དང་། དཀའ་ཐུབ་སེམས་སུའང་མི་འཆའ་སྟེ། རང་བཞིན་གཟའ་གཏད་མེད་པས་སྤྱོད་དོ། །དེ་ལ་སྤོང་ལེན་ངང་གིས་བྲལ་ཡང་སྤྱོད་པ་རིལ་སྤྱོད་ལ། དེ་ལ་དྲན་པས་བསྐུལ་བ་ཙམ་མི་འགོག་ལ། བསྐུལ་ན་ཆེད་དུ་དྲན་པ་ཡིད་ལ་བྱེད་པ་ལས་ཀྱང་འདས་སོ། །དེ་ལྟ་བུའི་དགོངས་པ་ལ་འབྲས་བུ་དང་། རྟགས་མཚན་གྱི་རེ་བ་དང་། དོགས་པ་དང་ཡང་བྲལ་ཡང་། ཉམས་དྲོད་འབྱུང་ལ་འགོག་པ་མེད་པར་འཆར་བ་སྟེ། ཉམས་ནི་རྣལ་འབྱོར་མ་ཧཱ་ཡོ་གའི་སྐབས་སུ། བསྟན་པའི་སེམས་དུ་ཡང་རུང་ངོ་། །དེ་ལྟར་བྱུང་ཡང་ངོ་བོ་འདི་སྙོམ་བྱེད་ཅེས་བསྟན་དུ་མེད་དེ། མྱོང་བྱའི་ཡུལ་ལ་དམིགས་པའི་ཕྱིར་རོ། །ནམ་མཁའ་ཆེ་ལས། སླ་ཞིང་དཀའ་ལ་སླ་ཕྱིར་དཀའ། །མངོན་སུམ་མི་གནས་ཀུན་ཏུ་ཁྱབ། །མིང་ཙམ་འདི་ཞེས་བསྟན་པར་ནི། །རྡོ་རྗེ་སེམས་དཔའ་མཚོན་དུ་མེད། །ཅེས་འབྱུང་ངོ་། །རྣལ་འབྱོར་གྲུབ་པའི་ལུང་ལས། མ་སྐྱེས་དོན་ལ་རེག་འགྱུར་ན། །རང་གི་ཁོ་ན་ཙམ་དུ་ཟད། །རང་རིག་དེ་ཡང་འདི་སྙམ་ཞེས། །གཞན་ལ་བསྟན་ཅིང་བརྗོད་དུ་མེད། །ཚིག་གི་མཚོན་དུ་དེ་ལ་མེད། །ཅེས་འབྱུང་ངོ་། །རྣམ་གཅིག་ཏུ། སེམས་བསྒོམ་པའི་རྒྱུད་ལས། ཇི་ཙམ་རྟག་ཏུ་མེད་པའི་ཟབ་མོ་ཞིག །བློའི་ངང་དུ་གསལ་བར་དེ་ཞེན་ན། །གང་ལ་མི་རྟོག་ཟབ་མོའི་དོན་མྱོང་བ། །མྱོང་བ་ཡིན་ཕྱིར་དེ་ནི་རྟོག་པ་ཡིན། །ཞེས་པས། ཅིར་ཡང་མ་མྱོང་བའི་དོན་གདེངས་ཆུད་པ་ཉིད་ལ་ཐ་སྙད་དུ་མྱོང་ཞེས་ཀྱང་བྱ་སྟེ། འོན་ཀྱང་བསྟན་དུ་མེད་དེ། རྣམ་གཅིག་ཏུ། ཉམས་དྲོད་ནི། གཡོ་དང་པོར། བ་དང་། ཐོབ་བར་དུ། པ་དང་། བརྟན་མཇུག་ཏུ། པའོ། །དེ་ཡང་ཨ་ཙར་རྣམ་གསུམ་གྱི་མན་ངག་ལས། སེམས་དང་པོར་ཚོར་བ་ནི། འདུ་ཤེས་འབྱུང་ཞིང་འགོག་པའོ། །སེམས་བར་མའི་ཚོར་བ་ནི། འདུ་ཤེས་སྐྱེ་བ་ལས་སྒྱུ་མ་ཡིན་པ་ལ་སྒྱུ་མར་རྟོག་པའོ། །དེ་ལ་མི་འགོག་མི་འབྲང་བར་བྱའོ། །མཐར་ཕྱིན་པའི་ཚོར་བ་ནི། སྐྱེ་འགག་མེད་པའི་དབྱིངས་ཉིད་རྣམ་པར་མི་རྟོག་པའི་དབྱིངས་ཉིད་དེ། དེ་ལ་ཡང་མི་གནས་པར་བྱའོ། །བསྒོམ་ཆགས་རྣམ་གསུམ་ཡོད་དོ། །དེ་ལ་ཉམས་དང་པོ་ནི་འདུ་ཤེས་བྱུང་ཚོར་ནས་ཞི་བའོ། །གོམས་པའི་ཉམས་ནི། འདུ་ཤེས་སྐྱེ་བ་ལས། སྒྱུ་མར་རིག་ནས། མི་འགོག་མི་འགྲེང་སྟེ། མཉམ་པའི་དབྱིངས་སོ། །མཐར་ཕྱིན་པའི་ཚོར་བ་ནི། དབྱིངས་མཉམས་པ་ཉིད་ལའང་མི་གནས་པའི་ཚོར་བའོ། །ཞེས་འབྱུང་ངོ་། །མན་ངག་རྣ་བརྒྱུད་ལས། ཚིག་གི་དོན་མ་ཡིན་པའི་དོན་བློས་གཤིས་སུ་ཕེབས་པའི་དུས་ན། དྲོད་ཆེན་པོ་གསུམ་ཞིག་འབྱུང་སྟེ། ཕྱིའི་དྲོད་དང་། ནང་གི་དྲོད་དང་། གསང་བའི་དྲོད་དོ། །དེ་ལ་ཕྱིའི་དྲོད་ནི། དབུགས་ཕྱི་ནང་དུ་རྒྱུ་བ་ཡང་མི་ཚོར་བའོ། །ནང་གི་དྲོད་ནི། མཉམ་པ་ཉིད་མངོན་སུམ་དུ་སྣང་ཙམ་ན། གཟུགས་ཀྱི་ཕུང་པོ་ཤིང་བལ་གྱི་འདབ་མ་རླུང་གིས་གཡེངས་པ་ལྟར་ཕུང་པོ་ཡོད་པར་མི་མཐོང་བའོ། །གསང་བའི་དྲོད་ནི། ཡུམ་ཀུན་ཏུ་བཟང་མོ་ཡུམ་གྱི་མཁའ་གསལ་བར་གྱུར་པའི་དུས་ན། ཆོས་ཉིད་ཀྱི་རོ་བདེ་བ་ཆེན་པོ་ཉམས་སུ་མྱོང་སྟེ། བདེ་བ་བྱུང་ཙམ་ན། བདག་ཉིད་གཅིག་པུ་ལ་བདེ་བ་འབྱུང་བ་ལྟ་བུ་མ་ཡིན་གྱི། ཀུན་གཞིས་མ་ཁྱབ་པའི་ཆོས་མེད་པས། ཐམས་ཅད་ནས་ཐམས་ཅད་དུ་བདེ་བ་ཆེན་པོའི་རོ་འདའ་བར་འགྱུར་རོ། །ཞེས་འབྱུང་། དེ་ཉིད་ལས། དེ་ལ་ཐོག་ཏུ་ཕེབས་པའི་དྲོད་གསུམ་ཞིག་ཡོད་དེ། མཚན་མར་སྣང་བའི་བག་ཆགས་རྒྱུ་བ་ཆད་ནས། བློ་དྭངས་མ་ཡི་ནམ་མཁའ་ལྟར་གནས་ཏེ། མཚན་མ་གཡོ་བ་མེད་པར་བདེ་བ་ཞིག་བྱུང་ན། དྲོད་རྣམ་པ་གཅིག་གོ། །རྣམ་གཅིག་ལས། ཕྱི་ནང་སྲིད་པའི་ཆོས་ཐམས་ཅད་མངོན་སུམ་དུ་སྣང་ཞིང་ཉམ་ང་བ་མེད་པར་རིག་ན། འདི་ནི་སྣང་བ་མི་སྐྱེན་པ་ཞེས་བྱ་སྟེ། དྲོད་གཉིས་སོ། །རྣམ་གཅིག་ནི། ཅི་ལ་མ་སྤྱད་པར་ཡོངས་སུ་ཁྱབ་པ་ཆེན་པོར་བཏང་བས། ཆོས་ཇི་བཞིན་པ་ལ་རིག་པ་དེ་བཞིན་སྤྱི་བླུགས་སུ་གྱུར་པས་རྒྱུད་ཞིབ་མོས་མ་བཀྲོལ་བཞིན་དུ་སེམས་དང་ཆོས་ཐུགས་ཕྲད་དུ་གྱུར་པས། ཆུ་དང་འོ་མ་འདྲེས་པ་བཞིན་དུ་བློ་བདེ་བ་ཆེན་པོ་ཞིག་ཏུ་གྱུར་ནས། སྔར་འདི་ལྟ་བུ་བློ་ལ་བྱུང་མ་མྱོང་སྟེ། ཡིད་གཡང་ཟ་བ་ཕྱད་ཆད་པ་ཞིག་བྱུང་བ་དེས། ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་དུས་གཅིག་ཏུ་ཕྱགས་མས་བཏབ་ནས་སོ། །ཞེས་འབྱུང་ངོ་། །རྡོ་རྗེ་བཀོད་པ་ལས། དེ་ལྟའི་དོན་ལ་རིང་ཞིག་ནས། །ཤེས་ཤིང་འདྲིས་པར་གྱུར་པ་ན། །དེས་དོན་མཐོང་བའི་ཉམས་དྲོད་ནི། །དོན་དང་མཇལ་བའི་རྟགས་ཆེན་ཡང་། །མན་ངག་ལུང་གིས་བརྒྱད་འཆར་ཏེ། །ངེས་པར་དོན་གསུམ་མྱོང་བར་འགྱུར། །དེ་དག་ཐོག་ཏུ་ཕེབས་པའི་དྲོད། །དྲོད་ཆེན་རྟགས་སུ་བརྟན་པ་ཡིན། །དེ་ཡི་ཞར་ལས་འབྱུང་བའི་དྲོད། །འཁོར་བའི་ཆོས་ལ་སྙིང་རྗེ་བའི། །བྱང་ཆུབ་སེམས་ཀྱང་སྐྱེ་བར་འགྱུར། །མཚན་མར་རྟོག་པའི་ཆོས་རྣམས་ལ། །ཡིད་མི་ཆེས་པའི་འདུ་ཤེས་འབྱུང་། །ཆོས་རྣམས་འདི་ལྟར་ཡིན་པ་ལ། །འདི་ལྟར་འཁྲུལ་པ་ངོ་མཚར་ཆེ། །ཡ་མཚན་སྤྱོད་པའི་འདུ་ཤེས་འབྱུང་། །འདི་དོན་མ་ཤེས་འགྲོ་བ་རྣམས། །རྩོལ་སྒྲུབ་དཀའ་བའི་ཐབས་ཆེན་གྱིས། །ཡང་དག་དོན་ཆེན་ལམ་རེ་རིང་། །བསགས་པའི་འབྲས་བུ་ཡོད་གྱུར་ཀྱང་། །དོན་དེ་མཐོང་བར་ཡོང་མི་འགྱུར། །དེ་འདྲའི་འདུ་ཤེས་འབྱུང་བར་འགྱུར། །དེ་ལྟར་ཤེས་པའི་ཉམས་དྲོད་ནི། །སྐལ་དང་ལྡན་པའི་སྐྱེས་བུ་གང་། །རྒྱུད་འགྲོས་ཚིག་གིས་མ་བཀྲོལ་བར། །སེམས་ལ་ཆོས་འབྱུང་འབུམ་ཕྲག་ཡས། །སྨྲ་བའི་སྒོ་མོར་ཐམས་ཅད་གསལ། །དོན་ལ་ངེས་པའི་གཏན་ཚིགས་དག །ཚིག་གིས་མཚོན་ཏེ་འབྱིན་པར་ནུས། །ཞེས་འབྱུང་། ཡང་། བློ་རྩལ་ལས་ཀྱི་ཁྱད་པར་གྱིས། །ཏིང་འཛིན་དྲོད་ཀྱི་སྔ་ལྟས་འབྱུང་། །ཡང་དག་བདེན་པའི་དོན་བསྟན་ན། །མི་སྐྲག་མི་དངངས་དགའ་བ་སྐྱེ། །ཡང་དག་དོན་ལ་ངེས་བལྟས་ན། །འཁོར་བའི་ཆོས་ལ་སྐྱོ་བ་སྐྱེ། །ཡང་དག་དོན་ལ་འདྲིས་པ་དང་། །རྣམ་གྲངས་ཆོས་ལ་དད་མི་འབྱུང་། །ཡང་དག་དོན་ཉིད་མཐོང་བ་ན། །ཚོགས་ལ་དགའ་བ་མི་སྐྱེ་ཞིང་། །དོན་ཉིད་ཉེ་བར་འཛིན་པར་བྱེད། །དོན་མཐོང་བ་དང་ཡེ་ཤེས་སྐྱེ། །ཡེ་ཤེས་སྐྱེས་པར་གྱུར་པ་དང་། །དངོས་པོ་སྣང་བ་ཐམས་ཅད་ཀུན། །སྒྱུ་མ་བཞིན་དུ་ཤེས་པར་འགྱུར། །སྒྱུ་མ་ཙམ་དུ་ཤེས་པ་ལ། །བརྟེན་ནས་ཆོས་ཉིད་དོན་བལྟས་ན། །སྣང་བ་མེད་པའི་དོན་ཉིད་ནི། །སྣང་བ་མེད་པར་མཐོང་བར་འགྱུར། །སྣང་མེད་སྲིད་པ་མཐོང་བའི་ཚེ། །ཆོ་འཕྲུལ་རྒྱུ་བ་ཐམས་ཅད་འབྱུང་། །དེ་ནི་བདེན་པའི་སྔ་ལྟས་སོ། །དེ་ནས་ཉི་མའི་འོད་ཟེར་གྱིས། །རྡུལ་ཕྲན་འདྲ་བའི་མཚན་མ་འབྱུང་། །འདི་ནི་གཡོ་བའི་སྔ་ལྟས་སོ། །དེ་ནས་སྨིག་རྒྱུ་ལྟ་བུ་འབྱུང་། །དང་པོའི་དྲོད་ཅེས་བྱ་བར་བཤད། །དེ་ནས་མཚོའི་རླབས་ལྟར་འབྱུང་། །བར་གྱི་དྲོད་ཅེས་བྱ་བར་བཤད། །དེ་ནས་རླུང་ཆེན་ལྟ་བུ་ཡང་། །ཐོགས་པ་མེད་པར་འབྱུང་བར་འགྱུར། །ཐ་མའི་དྲོད་ཅེས་བྱ་བར་བཤད། །དེ་ནས་ཡིག་འབྲུའི་དྲོད་སྤྲོས་པས། །ཆར་ཆེན་འབབ་པ་ལྟ་བུར་འབྱུང་། །དེ་ནི་ཐོབ་པའི་དྲོད་ཅེས་བཤད། །དེ་ནི་མཁའ་ལ་སྤྲིན་བཞིན་ལྡིང་། །ཏིང་འཛིན་རྩལ་འཕངས་མཐོ་བར་འགྱུར། །དེ་ནི་ཤིན་ཏུ་བརྟན་པའི་དྲོད། །དེ་ནས་ཏ་ལ་གཅིག་ཙམ་དུ། །བདག་གི་ལུས་ནི་དབང་མེད་པར། །མཁའ་ལ་འཕར་ཞིང་འཕགས་པར་རྩོལ། །འདི་ནི་ཤིན་ཏུ་གསལ་བའི་དྲོད། །ཅེས་འབྱུང་། རྣལ་འབྱོར་གྱི་ཆོས་གཞུང་ལས། བསྒོམ་པ་ལ་ཞུགས་ནས། རྟོགས་རུང་མ་རྟོགས་རུང་། དང་པོ་མི་དགའ་བའི་ཤས་འབྱུང་། དེ་ནས་གཞིག་ཅིང་བག་ཚ་བ་འབྱུང་། དེ་ནས་ཐམས་ཅད་སྒྱིད་ལུག་པ་འབྱུང་། དེ་ནས་བདག་ཉིད་ཆུང་ཞིང་དུལ་བ་སྙམ་བྱེད། དེ་ནས་འདི་ལྟར་སྣང་བའི་ཆོས་ཐམས་ཅད་བརྫུན་ནམ། སྒྱུ་མའམ། རྨི་ལམ་སྙམ་བྱེད། དེ་ནས་འདི་ལྟར་སྣང་བའི་ཆོས་ཐམས་ཅད་ལ་དངོས་པོ་དང་། སྡུག་བསྔལ་དང་། ཕྱོགས་རིས་སུ་འཛིན་པ་ལ་སྙིང་རྗེ་བསྐྱེད་དེ། ཅོལ་མེད་རེ་གོལ་སྙམ་བྱེད། དེ་ནས་ཅི་ལ་ཡང་མ་ཆགས་པ་སྙམ་བྱེད་ལ། འཇིགས་ཤིང་དོགས་པའི་རྣམ་པ་ཏིལ་ཙམ་ཡང་མེད་པར། ལུས་ཤིང་བལ་གྱི་འདབ་མ་ལྟར་ཡངས་ཤིང་ཡོད་པ་སྙམ་ཡང་མི་བྱེད་ལ། ཡིད་ཀྱི་རྣམ་པར་ཤེས་པ་དར་ལོ་ལྕེའི་མེ་ཏོག་ལྷ་མོ་བསྐྱེད་མས་བཏེགས་པ་བཞིན། ཉམས་ལ་ཏེག་ཏེག་ལ་ཐམས་ཅད་འདུས་པའི་ཚེ། རབ་ཡེང་ཡེང་པོ་ཅིར་སྣང་ཙམ་ལ། ཆོས་ཐམས་ཅད་རྣམ་པར་ཅི་ཡང་མ་གྲུབ་པའི་ཏིང་ངེ་འཛིན་གྱི་རྩལ། གང་ལྟར་འདོད་པ་ལྟར་བསྒོམ་ཞིང་། བསྒྱུར་དུ་འདོད་པ་ཞིག་འབྱུང་ཕན་ཆད། བྱང་ཆུབ་སེམས་བསྒོམ་པའི་དྲོད་ཕེབས་པས། ཀུན་ཏུ་བཟང་པོ་བདེ་བ་ཆེན་པོ་ཉིད་ཡིན་ནོ། །དེ་ལྟར་དྲོད་མ་ཤར་ཀྱང་ཁད་ཀྱིས་ཅིག་པ་ཆུང་ཡང་དེ་ལྟར་བསྒོམས་ན། ལྷུན་གྱིས་གྲུབ་པའི་རིག་འཛིན་དུ་གྱུར་ནས། དེ་ལས་ཡང་ཀུན་ཏུ་བཟང་པོར་དེ་ཉིད་འགྱུར་རོ། །ཞེས་འབྱུང་ངོ་། །དེ་ཉིད་ལས། ཡང་དག་པའི་དོན་ལས་འཕོ་འགྱུར་མེད་པ་ལྷང་ངེར་གནས་པ་ནི་ཆོས་ཀྱི་གཞུང་གི་དྲོད་ཐོབ་པ་ཞེས་འབྱུང་ངོ་། །རྡོ་རྗེ་བཀོད་པ་ལས། ལུས་ཀྱི་དྲོད་འོག་ན་མེད་ཤིག་མི་ཚོར་བ་ཡན་ཆད། ལས་རྩལ་འབྱུང་སྟེ། །གཉིད་ཀྱི་རྟོགས་པ་ཆོམས་པ་དང་། །ལུས་ཀྱི་བཟོད་པ་ཐོབ་པ་ནི། །འདི་ནི་དང་པོའི་དྲོད་ཡིན་ནོ། །ཁམས་ཀྱི་ཟས་དང་བྲལ་བ་དང་། །མདངས་དང་དབང་པོ་གསལ་བར་འགྱུར། །འདི་ནི་གཉིས་པའི་དྲོད་ཅེས་བྱའོ། །ཤིང་བལ་ལྟ་བུར་ཡང་བ་དང་། །ཁམས་བདེ་མི་བདེ་མི་འབྱུང་ཞིང་། །ནད་ཀྱི་ཚོགས་དང་བྲལ་གྱུར་པ། །འདི་ནི་དྲོད་ཆེན་བརྟན་པ་ཡིན། །ཞེས་འབྱུང་ངོ་། །དེ་དག་གསལ་བས་དགྲོལ་བཤད་མི་བྱའོ། །དེ་དག་གི་དྲོད་སྔ་ཕྱི་ལ་གནས་པའི་དུས་སུ། རྨིས་ལྟས་རྣམས་ནི་མཚན་མ་ལ་བརྟག་ཅིང་འབྱུང་ཡང་། ཡང་དེ་ཉིད་ལས། མཚན་མ་པྲའི་རྨི་ལྟས་ཀྱང་། །ཤིན་ཏུ་རྒྱ་ཆེར་འབྱུང་བ་སྟེ། །རྣལ་འབྱོར་ཅན་གྱིས་ཤེས་པར་གྱིས། །བག་ཆགས་འབྱང་བའི་སྔ་ལྟས་ཀྱང་། །རྟག་པར་གཅེར་བུར་ཕྱུང་བ་དང་། །ཁྲུས་ཆེན་རྟག་ཏུ་བྱེད་པ་དང་། །དྲི་མའི་ཚོགས་རྣམས་དག་པ་དང་། །ཆུ་བོ་དག་ལ་རྐྱལ་པ་དང་། །མཚོ་ཆུ་དག་ལ་རྐྱལ་བ་དང་། །ཆར་གྱི་རྒྱུན་གྱིས་འཁྲུ་བ་དང་། །གཞན་གྱིས་བུམ་པ་གང་བའི་ཆུས། །བདག་གི་ལུས་ལ་ལྡུགས་པ་ཡང་། །མེ་དཔུང་ཆེན་པོས་སྲེག་པ་དང་། །ཤིན་ཏུ་མཐོན་པོའི་རྩེ་དག་ལ། །རླུང་གིས་ཤིན་ཏུ་གཡེངས་ཤིང་འཐོར། །འདི་དག་བག་ཆགས་འབྱང་བའི་ལྟས། །འཇིགས་དང་བྲལ་བའི་སྔ་ལྟས་ནི། །གཡུལ་འགྱེད་པ་ལས་ལོག་པ་དང་། །ནད་ལས་ཐར་ཏེ་གསོས་པ་དང་། །བཙོན་ར་དག་ལས་ཐར་བ་དང་། །གཤེད་མའི་ལག་ལས་ཤོར་བ་དང་། །གཅན་གཟན་ནང་ནས་བྲོས་པ་དང་། །དུག་ནད་དག་ལས་སོས་པ་དང་། །བཅིངས་པ་དག་ལས་གྲོལ་བ་དང་། །ཐག་པ་བཅད་པར་གྱུར་པ་དག །མཚན་མ་བཟང་པོའི་ལྟས་ཆེན་ཡིན། །ས་རྣམས་ཐོབ་པའི་སྔ་ལྟས་ནི། །ཁྲི་རྐང་དག་ལ་འཛེག་པ་དང་། །ཕལ་པའི་སྐས་ལ་འཛེག་པ་དང་། །ལྗོན་ཤིང་དག་ལ་འཛེག་པ་དང་། །གྱེན་དུ་ཤིན་ཏུ་འགྲོ་བ་དང་། །རི་བོའི་རྩེ་ལ་འཛེག་པ་དང་། །རིན་ཆེན་སྐས་ལ་འཛེག་པ་དང་། །མཆོད་རྟེན་དག་ལ་འཛེག་པ་དང་། །ནམ་མཁའི་སྐས་ལ་འཛེག་པ་རྣམས། །འདི་དག་དོན་གྱི་སྔ་ལྟས་ཡིན། །ས་རྣམས་ནོན་པའི་སྔ་ལྟས་ཀྱང་། །ཁྲི་མཐོན་སྟེང་ན་འདུག་པ་དང་། །གླང་པོ་ཆེ་ལ་ཞོན་པ་དང་། །སེང་གེ་དག་ལ་ཞོན་པ་དང་། །ཁྱུང་ཆེན་ལྡིང་ལ་ཞོན་པ་དང་། །མཆོད་རྟེན་ཁ་ལ་ཕྱིན་པ་དང་། །རི་བོའི་རྩེ་ལ་འདུག་པ་དང་། །ནམ་མཁའི་དབྱིངས་ན་འདུག་པ་དང་། །ལུས་ལ་སྤྲིན་ཕུང་འབྱུང་བ་དང་། །ཉི་མའི་དཀྱིལ་ན་འདུག་པ་རྣམས། །རྣལ་འབྱོར་ས་ལ་གནས་པའི་རྟགས། །སངས་རྒྱས་སྲས་ཀྱི་སྔ་ལྟས་ནི། །རྒྱལ་པོའི་བཀའ་ལ་བཏགས་པ་དང་། །བཀའི་དབང་པོར་བསྐོས་པ་དང་། །གཞན་ལ་དབང་ནི་བྱེད་པ་དང་། །འཇིག་རྟེན་སྐོས་ལ་འབེབས་པ་དང་། །གཞན་གྱི་སྡེ་བ་དབང་སྡུད་དང་། །གཡུལ་ཆེན་དག་ལས་རྒྱལ་བ་དང་། །བདག་ཉིད་རྒྱལ་པོར་གྱུར་པ་དང་། །མགོ་ལ་མེ་ཏོག་སྐྱེས་པ་རྣམས། །རྒྱལ་བའི་སྲས་སུ་གྱུར་པའི་ལྟས། །ཆོས་ལ་དབང་ཐོབ་སྔ་ལྟས་ཀྱང་། །གླེགས་བམ་ཟབ་མོ་རྙེད་པ་དང་། །དེ་བཞིན་དྲི་བ་མང་པོ་དང་། །དེ་དག་ལ་ནི་སྤྱོད་པ་དང་། །གཞན་ལ་འཆད་ཅིང་སྟོན་པ་དང་། །དོན་ཉིད་གཏན་ལ་འབེབས་པ་དང་། །མེ་ལོང་དག་ལ་བལྟ་བ་དང་། །ཤེལ་གྱི་བུམ་པ་གང་བ་ལ། །བལྟ་ཞིང་བརྟགས་ལྡེག་ཟེར། ཏེ་འཐུང་བ་དང་། །རིན་ཆེན་ནོར་བུ་འཐུ་བ་དང་། །འཁོར་ལོ་ལག་ཏུ་ཕེབས་པ་དང་། །ཉི་ཟླ་ལག་པས་ཟིན་པ་དང་། །རི་རབ་ཀླད་ལ་བསྐོར་བ་རྣམས། །ཆོས་ལ་དབང་ཐོབ་སྔ་ལྟས་ཡིན། །བདེན་པ་མཐོང་བའི་སྔ་ལྟས་ཀྱང་། །སྔོན་མ་མཐོང་བའི་ཡུལ་མཐོང་དང་། །སྟོང་གསུམ་རྒྱ་ཆེར་མཐོང་བ་དང་། །གླིང་གྲངས་གཞལ་དུ་ཕྱིན་པ་དང་། །རི་རབ་ཁ་ལ་ཕྱིན་པ་དང་། །ནམ་མཁའ་རྒྱ་ཆེར་མཐོང་བ་དང་། །རྒྱ་མཚོའི་གཏིང་དུ་ཕྱིན་པ་དང་། །ལག་ན་སྒྲོན་མེ་ཐོགས་པ་དང་། །ཉི་མའི་སྙིང་པོ་བལྟ་བ་དང་། །སྣང་སྲིད་སྤྱོད་པ་བྱེད་པ་རྣམས། །བདེན་པ་མཐོང་བའི་ལྟས་ཆེན་ཡིན། །ལུང་ཆེན་ཐོབ་པའི་སྔ་ལྟས་ནི། །རོལ་མོའི་སྒྲ་རྣམས་ཐོས་པ་དང་། །འབྲུག་གི་སྒྲ་ནི་གྲགས་པ་དང་། །སེང་གེའི་ང་རོ་གྲགས་པ་དང་། །ཆོས་ཀྱི་འགྲོ་བའི་གཏམ་ཐོས་དང་། །གཟུགས་བརྙན་ཞལ་ནི་འཛུམ་པ་དང་། །སངས་རྒྱས་གསུང་ཐོས་སྐུ་མི་མཐོང་། །ལྷ་མོས་གླུ་དབྱངས་སྒྲོགས་པ་དང་། །གཞལ་ཡས་དག་ལས་སྒྲ་བྱུང་དང་། །གྲོགས་པོ་གྲོགས་པོ་ཞེས་བརྗོད་ཅིང་། །ཆོས་ཀྱི་བགྲོ་བ་བྱེད་པ་རྣམས། །ལུང་བསྟན་འབྱུང་བའི་སྔ་ལྟས་སོ། །ཞེས་འབྱུང་། དེ་ལྟར་དྲོད་རྟགས་འབྱུང་བའི་ལྟས་དག་བསྟན་པ་ནི། སེམས་བསྒོམས་པ་ལས། རྩོལ་བ་ཡིད་ལ་མི་བྱེད་ཅིས་ཀྱང་མི་འཁྲུགས་མཉམ་པར་ཤེས་པ་དང་། གང་ལའང་ལྷའི་བུ་མོ་ལ་མ། ཆགས་པ་དང་ཡུལ་གྱི་མྱོས་གཏི་མུག་མེད་སྲིན་མོ་འབར་བ་མཐོང་ཡང་མི་སྡུག །སྐྲག་མེད་དེ་མི་འབྲལ་མི་གནས་ཤིང་། མི་འགྲོགས་མཉམ་ཤེས་བཞི་པོ་ཕྱོགས་དང་ཕ་རོལ་ཕྱིན་རྣམས་དེར་ཤེས་ཏེ། ཞེས་པས་རྟགས་དེ་ལྟ་བུ་འབྱུང་བར་གསུངས། ཆོས་གཞུང་ལས། ཕྱི་ནང་གི་ཆོས་རྣམས་རིས་སུ་མི་འཛིན་པ་ནི་རྟོགས་པའི་རྟགས་སོ། །ཐམས་ཅད་ལ་ཁོངས་ཡངས་ཤིང་འཕྲལ་སྤོང་ལེན་མེད་པ་ནི། གོམས་པའི་རྟགས་སོ། །ཅི་ལྟའང་སྐྱོན་མི་བལྟ་གང་ལའང་དངོས་པོར་མི་རྟོག་པ་ནི། ཤེས་པའི་རྟགས་སོ། །སྐྱོན་ལ་རྟོག་པ་མེད། ཡོན་ཏན་ལ་ཆགས་པ་མེད་པ་ནི་བསྒོམ་པའི་རྟགས་སོ། །འཁོར་བའི་ཆོས་མི་སྤོང་ལ་མྱ་ངན་ལས་འདས་པའི་ཆོས་ལ་མི་འཛིན་པ་ཉམས་སུ་མྱོང་བའི་རྟགས་སོ། །བདེ་བ་ལ་འདོད་པ་མ་སྐྱེས་སྡུག་བསྔལ་ལ་སྐྱོན་དུ་མི་འཛིན་པ་གྲུབ་པའི་རྟགས་སོ། །ཉིན་མཚན་དུ་ཡེངས་པ་མེད་ཅིང་སྔ་ཕྱིིར་གྱུར་པ་མེད་པ་ཀློང་དུ་གྱུར་པའི་རྟགས་སོ། །རྟག་ཆད་ཀྱི་མཚན་མ་ལས་འདས་པས། སྐྱེ་ཤི་མེད་པར་ཡིད་ཆེས་པར་ཀློང་དུ་གྱུར་པའི་རྟགས་སོ། །རང་བཞིན་མེད་པ་ཆོས་ཉིད་ཀློང་ན། འཛིན་རྟོག་མེད་པའི་ཡེ་ཤེས་རོལ་པས། རྩོལ་སྒྲུབ་ཀྱིས་བློ་མ་བསྒྱུར། རྒྱུ་འབྲས་ཀྱིས་ཀུན་གཞི་མ་བསླད་པར། ལྷམ་མེ་ལྷང་ངེར་གསལ་ཏེ། སང་ངེ་ས་ལེར་རྟོགས་པ་མཐར་ཕྱིན་པའི་རྟགས་སོ། །ཞེས་འབྱུང་། དོན་དྲུག་པ་ལས། འདི་ལྟར་དུས་གསུམ་རྣམ་པ་ཐམས་ཅད་དུ། །ཉིད་ལས་མ་ཡེངས་པ་ནི་ཆོས་ཉིད་ཀྱི། །སྟོབས་སུ་གྱུར་ནས་འཇིག་རྟེན་རང་བཞིན་མེད། །ཅེས་འབྱུང་ངོ་། །ཡུན་རིང་ན་འདི་ལྟ་བུ་དག་འབྱུང་སྟེ། ཆོས་གང་ལ་ཡང་ཕྱོགས་རིས་སུ་མི་འཛིན་ན་ཆོས་ཀྱི་སྐུའི་དགོངས་པ་མྱོང་བའི་རྟགས་སོ། །ཕན་གནོད་ཅི་བྱས་ཀྱང་ཕན་བྱེད་ལ་དགའ་བ་མེད་ལ། གནོད་བྱེད་ན་ཞེ་མི་སྡང་ན་གཉིས་མེད་ཀྱི་དགོངས་པ་ཉམས་སུ་མྱོང་བའོ། །སངས་རྒྱས་འོད་ཀ་རེ་མཐོང་ཡང་བཟང་བར་མི་འཛིན་ལ། སེམས་ཅན་འདྲེ་མོ་ལུང་མཐོང་ཡང་ངན་སེམས་མ་སྐྱེས་ན། མཉམ་པ་ཉིད་ཀྱི་དགོངས་པ་མྱོང་བའི་རྟགས་སོ། །མཐོ་དམན་བཟང་ངན་ཅི་ལ་ཡང་བླང་དོར་མེད་ན། ཕྱོགས་རིས་མེད་པའི་དགོངས་པ་མྱོང་བའི་རྟགས་སོ། །བདེ་སྡུག་བཟང་ངན་ཅི་བྱུང་ཡང་སེམས་མ་གཡོས་ན་བདེ་བ་ཆེན་པོའི་དགོངས་པ་ཉམས་སུ་མྱོང་བའི་རྟགས་སོ། །ཅི་བྱེད་ཅི་སྤྱོད་ཀྱང་འཛིན་ཆགས་མེད་ན། ཀུན་ཏུ་བཟང་པོའི་དགོངས་པ་ཉམས་སུ་མྱོང་བའི་རྟགས་སོ། །ནད་དང་མི་མཐུན་པའི་དགྲ་བགེགས་ཅི་བྱུང་ཡང་། དེ་ལས་མ་གཏོགས་བདེ་བའི་འབྲས་བུ་མི་ཚོལ་བས་དེ་ལ་མི་དགའ་བ་མེད་ན་དངོས་གྲུབ་བཙལ་མི་དགོས་པ་ཉམས་སུ་མྱོང་བའི་རྟགས་སོ། །དུས་སྔ་ཕྱི་བྲལ་བས། འཆི་བ་ལ་སྡུག་བསྔལ་དུ་འདུ་ཤེས་པ་མི་འབྱུང་བས། གཡུང་དྲུང་ཚེའི་དགོངས་པ་ཉམས་སུ་མྱོང་བའི་རྟགས་སོ། །ཇི་ལྟར་སྣང་སྲིད་ཀྱང་བདག་ལས་མི་གཞན་པར་རིག་ན། བདག་ཉིད་ཆེན་པོའི་དགོངས་པ་ཉམས་སུ་མྱོང་བའི་རྟགས་སོ། །ལྷའི་བུ་མོ་མཐོང་ཡང་འདོད་ཆགས་མ་སྐྱེས། སྲིན་པོ་འབར་བ་མཐོང་ཡང་འཇིགས་སེམས་མ་གཡོས་ན་ཇི་བཞིན་པའི་དགོངས་པ་ཉམས་སུ་མྱོང་བའི་རྟགས་སོ། །ལུས་ངག་གིས་ཅི་བྱེད་ཀྱང་ཁུར་བོར་འདུ་ཤེས་མེད་དེ་བྱས་པ་མི་འཛིན་ན། བྱ་རྩོལ་དང་བྲལ་བའི་དགོངས་པ་ཉམས་སུ་མྱོང་བའི་རྟགས་སོ། །འཁོར་བའི་གནས་སུ་བསྐལ་བར་གནས་ཀྱང་སྐྱོ་བ་སྙམ་མི་བྱེད་ན། ཐུགས་རྗེ་ཆེན་པོ་མི་ཉམས་པའི་དགོངས་པ་ཉམས་སུ་མྱོང་བའི་རྟགས་སོ། །འདི་ལྟ་བུ་དག་ཀྱང་འབྱུང་སྟེ། ཅི་སྤྱད་ཀྱང་ཏིང་ངེ་འཛིན་ལས་མི་ཉམས་པ་དང་། འབྲས་བུ་ལ་རེ་བ་མེད་པ་དང་། དམྱལ་བའི་འཇིག་རྟེན་མཐོང་ཡང་ལྷུང་དུ་དོགས་པ་མེད་པ་དང་། སངས་རྒྱས་ཀྱི་ཞིང་ཁམས་མཐོང་ཡང་དྭངས་པ་མི་སྐྱེ། བདུད་དང་སྲིན་པོ་མཐོང་ཡང་འཇིགས་སེམས་མི་གཡོ་བ་དང་། ལྷའི་བུ་མོ་མཐོང་ཡང་མ་ཆགས་པ་དང་། ཅི་བྱས་ཚོགས་སུ་མ་གྱུར་པ་མེད་པས་དགེ་བ་རྒྱུན་མི་འཆད་པ་དང་། ལས་ལེགས་ཉེས་ཀྱི་རྣམ་པ་ལ་སྤོང་ལེན་མེད་པ་དང་། བརྡེག་བརྩོག་དང་སྤྱོད་པ་ཅི་བྱེད་ཀྱང་སེམས་འཁྲུགས་པ་མེད་པ་དང་དགུ་འབྱུང་སྟེ། རྣལ་འབྱོར་ལུང་ལས། བསམ་གཏན་ཆེན་པོར་ངེས་སྣང་བ། །ཀུན་ཏུ་མི་ཉམས་རེ་དོགས་མེད། །དྭངས་བ་མི་སྐྱེ་མི་གཡོ་དང་། །མ་ཆགས་མི་འཆད་ལེན་པ་མེད། །འཁྲུལ་པ་མེད་ན་རང་བཞིན་ཉིད། །ཅེས་འབྱུང་ངོ་། །དེར་མ་ཟད་བདུད་ཀྱི་སྤྱོད་ཡུལ་བཅོ་བརྒྱད་ཡང་འབྱུང་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོ་བདག་གི་སྤྱད་ན་འདུག་པ་དང་། དེ་དག་ལ་བདག་སྣང་མཛད་དུ་གྱུར་ནས་བྱང་ཆུབ་སེམས་དཔའ་ལ། ཆོས་སྟོན་པ་དང་། བདག་གི་སེམས་ཀྱི་སྐད་ཅིག་ལ་སྤྲུལ་པ་མང་པོ་འགྱེད་ནུས་པ་མཐོང་བ་དང་། རྒྱལ་བས་གསུངས་པའི་ཆོས་ཀུན་གསལ་བར་མཐོང་བ་དང་། དུས་ཚེས་སྔ་ཕྱི་ཀུན་གསལ་བར་ཤེས་པ་དང་། རྒྱུད་དྲུག་གི་ལམ་ལ་གནས་པ་ཀུན་ཡིད་ལ་ས་ལེ་བར། མཐོང་བ་དང་། དེ་ལ་སྙིང་རྗེ་ཆེན་པོ་རང་དབང་མེད་པར་སྐྱེ་བ་དང་། ཉིན་མཚན་མེད་པར་ས་ལེ་འོད་ཆེན་པོར། མཐོང་བ་དང་། བྲག་བདག་གིས་ལུས། དང་རི་དང་ཆུ་ལ་ཐོགས་པ་མེད་པར་འགྲོ་བ་དང་། ནམ་མཁའ་དང་ས་ལ་བྱ་བཞིན་འགྲོ་ཞིང་འདུག་ནུས་མཐུ། པ་དང་། རྒྱལ་ཕྱོགས་བཅུའི། བས་ཕྱག་གསེར་མདོག་ཅན། སྟེ་བདག་གི་སྤྱི་བོར་བཞག་ནས་ལུང་སྟོན་པ་ནུས་སྙམ། མཐོང་བ་དང་། འགྲོ་བ་ཀུན་གྱི་སྐད་དུ་ཆོས་སྟོན་ཤེས་པ་དང་སྣོད་བཅུད་ཀྱི་འཇིག་རྟེན་ལས་བདག་མཆོད་པའི་རིམ་གྲོ་བཀུར་སྟི་བྱེད་པའི། གནས་སུ་མཐོང་བ་དང་། སྟོང་གསུམ་ལག་མཐིལ་ལྟར་མཉམ་པར་མཐོང་བ་དང་། སྣོད་འོད་ཕྱོགས་བཅུར་གསལ་བར་འབྱུང་བ། བཅུད་ས་ལེར་མཐོང་བ་དང་། ཅི་ལའང་རེས་ངེས་པར་མངོན་དུ་གྱུར་པས་འགྲོ་བ་ཐམས་ཅད་ཀྱི་དོན་ཐོགས་པ་མེད་པར་ནུས་སྙམས། ཐོགས་པ་མེད་པར་འགྲོ་བ་དང་། ལྷ་སྲིན་དང་རིག་འཛིན་ཀུན་གྱིས་ཆོས་ཀྱི་སྟོན་པ་གྱིས་ཤིག་པར་བསྒོ་བ་དང་། ཚངས་པ་དང་། བརྒྱ་བྱིན་ལ་སོགས་པ་རྣམས་མཆོད་པ་བྱེད་དུ་འོང་བ་དང་བཅོ་བརྒྱད་འབྱུང་ངོ་། །དེ་ཡང་རྣལ་འབྱོར་བདུད་ཀྱི་སྤྱོད་ཡུལ་ནི། དམ་པར་འདུན་མཐོང་དམ་པར་སྨྲ། །སྤྲུལ་པ་གྲངས་མེད་པར་མཐོང་བ། །དམ་པས་སྨྲས་ཀུན་གསལ་མཐོང་དང་། །དུས་ཀུན་ཤེས་གསལ་མཐོང་བ་དང་། །རྒྱུད་དྲུག་ལམ་གནས་ཀུན་སྣང་དང་། །དེ་ལ་གདུང་བའི་ཤུགས་འབྱུང་དང་། །ཀུན་སྣང་གསལ་བར་མཐོང་བ་དང་། །ཅི་ལའང་ཐོགས་མེད་འགྲོ་བ་དང་། །མཁའ་ལ་ས་བཞིན་འདུག་པ་དང་། །དམ་པའི་ཕྱག་བརྐྱང་ལུང་སྟོན་དང་། །ཀུན་གྱི་སྐད་དུ་ཆོས་སྨྲ་དང་། །དངོས་པོ་བརྟན་གཡོ་བསྟི་གནས་མཐོང་། །ཐམས་ཅད་མཉམ་པར་བཀོད་པ་དང་། །དེ་ཉིད་རང་བཞིན་གསལ་སྣང་དང་། །ལས་སུ་རུང་བས་ཐོགས་མེད་དང་། །དམ་པའི་དོན་ལ་བསྒོ་བ་དང་། །འཇིག་རྟེན་གཙོ་བོས་མཆོད་པ་དག །རང་བཞིན་ཤེས་ན་དམ་པའི་རྟགས། །གང་མ་རྟོག་པ་ལོག་པའི་བདུད། །ཅེས་འབྱུང་། ཡང་། འདས་དང་མ་འོངས་ད་ལྟར་གྱི། །ཉེས་དང་ལེགས་པ་གང་ལ་ཡང་། །དགའ་དང་འགྱོད་པའི་རྟོག་པ་མེད། །རང་བྱུང་རང་ཞི་དེ་ཉིད་ཡིན། །ཞེས་འབྱུང་སྟེ། དེ་ལྟ་བུ་ཡང་འཆར་རོ། །བྱང་ཆུབ་སེམས་ཀྱི་མན་ངག་ལས། །སེམས་དང་སྣང་བའི་མཚན་མ་སྟེ། །ང་བདག་གཉིས་པོའི་མཐའ་མེད་པས། །སྣང་བ་ཐམས་ཅད་ཡོན་ཏན་ཡིན། །དེ་བས་དགའ་སྤྲོ་འདུ་ཤེས་མེད། །ཡོན་ཏན་བསྙེམས་པའི་ང་རྒྱལ་གྱིས། །དྲེགས་ཁེངས་མཐོ་དམན་སེམས་སྐྱེས་ན། །ངེས་པར་བདེན་པ་མ་མཐོང་བས། །དེས་ན་བདུད་ཀྱི་སྤྱོད་ཡུལ་གསུངས། །དེ་བས་སྒྱུ་མར་རབ་ཤེས་ན། །རློམ་སེམས་བྲལ་བ་སངས་རྒྱས་ཡིན། །ཞེས་གསུངས་ཏེ། དེ་དག་ལའང་ཆགས་འཛིན་མི་བྱའོ། །རྡོ་རྗེ་བཀོད་པ་ལས། སྣང་བ་ལུས་ཀྱི་སྔ་ལྟས་དང་། །ངོ་མཚར་རྫས་རྙེད་ཚུལ་རྟགས་དང་། །མཚན་མ་པྲའི་རྨི་ལྟས་དང་། །འདུན་པ་མང་པོའི་སྔ་ལྟས་དང་། །བློ་རྩལ་ལས་ཀྱི་ཁྱད་པར་དང་། །ལྔར་གསུངས་སོ། །རྩི་འཚལ་ལོ་མ་གར་བྱུང་བ། །ཟེས་ནས་གསེར་ཁུང་ཡོད་པ་ལྟར། །སྔར་ལྟས་མཚན་མ་འདི་དག་གིས། །འབྲས་བུ་མཐོ་དམན་གང་གྱུར་པ། །སྒྱུ་མ་མཁས་པར་བྱས་ནས་ནི། །མཚན་མ་ཅི་བྱུང་དེ་ལ་སྦྱར། །ཞེས་པས་འབད་དོ། །དེ་ཉིད་ལས། དེ་ནས་ས་ཆེན་གཡོ་བ་ལྟར། །ཤིན་ཏུ་ཡལ་ཡོལ་མར་མེར་འབྱུང་། །འདི་ནི་དང་པོའི་རྟགས་ཞེས་བྱ། །དེ་ནས་ཏིང་འཛིན་རྩལ་སྦྱངས་ན། །ཇི་ལྟར་དམིགས་པ་དེ་འགྲུབ་སྟེ། །མེ་ཡི་སྐྱེ་མཆེད་དེར་བསྒོམ་ན། །མེ་ཡི་སྐྱེ་མཆེད་ཉིད་དུ་འགྱུར། །ཞེས་པ་དག་གི་རྗེས་ལ། དེ་ལྟར་རྫས་ཀྱི་སྐྱེ་མཆེད་དུ། །གང་ལྟར་བསྒོམ་པ་དེ་ལྟར་འགྱུར། །དེ་ནི་རྟགས་ཆེན་ཐོབ་པ་ཡིན། །ངག་གིས་བདེན་པའི་རྩལ་འབྱུང་སྟེ། །སྲིད་པའི་སྐྱེ་མཆེད་མཐོང་བ་ན། །ཞི་བར་གྱུར་ཅིག་བརྗོད་པ་ཡིས། །དེ་ཉིད་དུ་ནི་ཞི་བར་འགྱུར། །ཆུ་ཀླུང་གནོད་པའི་རྒྱུན་བྱུང་ན། །ཆད་པར་གྱུར་ཅིག་བརྗོད་པ་ཡིས། །དེ་ཉིད་དུ་ནི་ཆད་པར་འགྱུར། །ཞེས་པ་དང་། རླུང་ཞི་བ་དང་། ནད་ག་ན་ན་བར་སེ་གོལ་གཏོགས་པས་ཞི་བ་དང་། ཇི་སྐད་བརྗོད་པ་ལྟར་འགྱུར་རོ། །ཁམས་ཀྱི་ཟས་ལ་མ་བརྟེན་ཡང་། །དབང་པོ་ཞི་མདངས་རབ་ཏུ་གསལ། །འདི་ནི་ཏིང་འཛིན་རོ་ཚོར་རྟགས། །གཞན་ཡང་ལུས་ཀྱི་སྔ་ལྟས་ནི། །མཉམ་པའི་སྐྱིལ་ཀྲུང་བཅས་ནས་ནི། །ཁྲུ་གང་ཙམ་དུ་འཕར་ནས་ནི། །ཏཱ་ལ་གང་ཙམ་བར་དུ་འགྲོ། །འདི་ཡང་རྟགས་ཆེན་ལྟས་ཡིན་ནོ། །གཞན་ཡང་སྣང་བ་ནམ་མཁའ་ལ། །གོམ་པས་བགྲོད་དེ་འགྲོ་བ་དང་། །ཆུ་ལ་མི་བྱིངས་ས་ལ་འཛུལ། །མེ་ཡིས་མི་འཚིག་རླུང་བཅིངས་བ། །འདི་ཡང་སྔ་ལྟས་ཆེན་པོ་ཡིན། །ལུས་ཀྱི་བདེན་པའི་རྩལ་རྫོགས་ནས། །མཐུ་ཡི་རྩལ་ཡང་འབྱུང་བ་སྟེ། །མཐུ་ནི་བྱིན་རླབས་བསམ་མི་ཁྱབ། །གལ་ཏེ་འདོད་དམ་དགོས་པ་ན། །ས་འམ་རྡོའམ་ཕྱེ་མ་དག །གསེར་དང་དངུལ་ལ་སོགས་པར་འགྱུར། །སྐམ་ས་དག་ལས་ཆུ་འབྱིན་ཅིང་། །སོལ་བ་དག་ལས་ལྗོན་ཤིང་འབྱུང་། །དེ་ལ་སོགས་པའི་དགོས་པ་རྣམས། །ཇི་ལྟར་འདོད་པ་དེ་ལྟར་འགྲུབ། །སྤྱོད་པའི་མཐུ་དང་རྩལ་རྫོགས་ན། །འབྱོར་པའི་ཡོན་ཏན་རྫོགས་འགྱུར་ཏེ། །ཡིད་དུ་འོང་བའི་ནོར་འབྱུང་ཞིང་། །འདོད་པར་བསམ་པ་ཐམས་ཅད་འགྲུབ། །རྫས་ཀྱི་མཆོག་ཏུ་གྱུར་པ་ཡི། །ངོ་མཚར་ཅན་ཡང་རྙེད་པར་འགྱུར། །དེ་དག་ལས་སུ་རུང་བའི་སྔ་ལྟས་སུ། །འགྲོ་གང་འདུ་བའི་སྔ་ལྟས་ཀྱང་། །ཀུན་གྱིས་བཀུར་ཞིང་དགའ་བ་དང་། །ཀུན་གྱི་ཡིད་དུ་འོང་བར་འགྱུར། །ཐམས་ཅད་འདུལ་ཞིང་ཐམས་ཅད་ལ། །དབང་བསྒྱུར་བྱེད་པའི་མཆོག་ཏུ་འགྱུར། །དེ་དག་སྔ་ལྟས་ཆེན་པོ་ཡིན། །ཉི་ཟླ་ཞོན་ནས་འགྲོ་བ་དང་། །རི་རབ་སྙེགས་ནས་གསོར་བ་དང་། །འཇིག་རྟེན་རྒྱང་མང་འཕང་བ་དང་། །སྲེག་པའི་སྐལ་པ་གཞིལ་བ་དང་། །རྫོགས་པའི་ཆོ་འཕྲུལ་ཐམས་ཅད་ཀུན། །རྫུ་འཕྲུལ་གྱི་ནི་ཆོ་འཕྲུལ་ཡིན། །རྗེས་སུ་བསྟན་པའི་ཆོ་འཕྲུལ་ནི། །འདུལ་བའི་འགྲོ་བ་ཐམས་ཅད་ལ། །སོ་སོའི་སྐད་དུ་ཆོས་མཐུན་པར། །འདུལ་བ་སྒོ་ནི་སྣ་ཚོགས་སུ། །སོ་སོའི་སྐད་དུ་སྟོན་པར་ནུས། །ཆོས་ཀྱི་སྒོ་རྣམས་སྣང་བ་ནི། །ཏིང་འཛིན་རྩལ་གྱི་ཁྱད་པར་གྱིས། །འཇིག་རྟེན་ཁམས་རྣམས་གཡོ་ནས་ཀྱང་། །ཐམས་ཅད་ངོ་མཚར་སྐྱེས་འགྱུར་ཏེ། །སེམས་ཀྱི་བསམ་པར་རང་བྱས་ནས། །སོ་སོར་དགའ་བའི་རོ་མྱོང་འགྱུར། །ཀུན་ཏུ་ཀུན་ཏུ་བརྗོད་པ་ཡི། །གསང་བའི་ཡི་གེ་འཕྲེང་བ་ལས། །རྫུ་འཕྲུལ་ཆོས་ཀྱི་སྒྲ་བསྒྲགས་པས། །ཡོད་མཐོང་སྣང་གྲགས་ཆོས་རྣམས་ཀུན། །སྔགས་སུ་མ་གྱུར་གང་ཡང་མེད། །ཅེས་གསུངས་ཏེ། དེ་ལྟ་བུ་དག་འབྱུང་ངོ་། །འོ་ན་ཨ་ཏི་ཡོ་ག་ཅི་ལ་ཡང་རག་མ་ལུས་པ། ངོ་བོ་མེད་པས། རྟགས་དང་མཚན་མ་འབྱུང་བར་མི་བཞེད་དོ། །ཞེས་རབས་གཅིག་གསུངས་ན། འདི་ནི་བདེན་ནམ་ཞེ་ན། ལན་དུ་གསོལ་པ། སྤྱིར་རྟགས་དེ་དག་རྣལ་འབྱོར་ཆེན་པོ་མ་ཧཱ་ཡོ་ག་པ་ལ་འབྱུང་ན། འདིར་ཇི་བཞིན་པ་བྱང་ཆུབ་ཀྱི་སེམས་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་མཚན་མ་གང་ཡང་མ་སྤངས་ཏེ། ཡ་མཚན་སྣང་བ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས། དཔེ་རྒྱ་མཚོ་དང་རླབས་ཀྱི་ཚུལ་དུ། མི་སྐྱེ་བའི་ཆོས་ཉིད་ཀྱི་ངོ་བོ་ཉིད། རྟགས་མཚན་སྐྱེ་བའི་ཆོ་འཕྲུལ་རང་ཤར་བ་ལ་འགོགས་པ་མེད་དེ། དེ་ཡང་ནམ་མཁའ་ཆེ་ལས། དེ་ནི་སྙིང་པོ་དེ་བས་ན། །དེ་ལས་དེ་འབྱུང་ངོ་མཚར་ཆེ། །ཞེས་པ་དང་། ངོ་མཚར་རྨད་བྱུང་རོལ་པ་འདི། །བྱ་བྲལ་ནམ་མཁའ་ཇི་བཞིན་ཏེ། །ཅིར་ཡང་མི་དམིགས་གཏི་མུག་ལས། །དེ་མ་ཐག་ཏུ་རང་ལས་འབྱུང་། །ཞེས་གསུངས། རྩེ་མོ་བྱུང་རྒྱལ་ལས། སྐྱེ་མེད་དབྱིངས་ནས་སྐྱེ་བའི་ཆོ་འཕྲུལ་རྣམས། །རྣམ་དག་བྱང་ཆུབ་སེམས་ཀྱི་དབྱིངས་ནས་འཕྲོ། །ཞེས་པ་དང་། དེ་ཉིད་ལས། ཆོས་རྣམས་སྒྱུ་མར་མངོན་སུམ་བསལ་བའི་ཕྱིར། །ཏིང་འཛིན་སྒྱུ་མའི་ཆོ་འཕྲུལ་སྣ་ཚོགས་རྣམས། །ཅིར་ཡང་མི་དམིགས་གར་ཡང་ངེས་པ་མེད། །ཅེས་འབྱུང་། རྨད་བྱུང་ལས། ཆོ་འཕྲུལ་རྨད་དུ་བྱུང་བ་བསྟན་ནས། རྟགས་མཚན་འབྱུང་བ་ལ་ཐེ་ཚོམ་ཟར་མེད་པར་ལ་རྦད་ཀྱིས་བཅད་དོ། །འོན་ཏང་སེམས་ཀྱི་ཆོ་འཕྲུལ་པས། དེ་དག་ལ་ཆགས་པར་བྱར་མེད་དེ། དཔེར་ནམ་མཁར་མཚན་མ་འཇའ་ཚོན་གློག་ལ་སོགས་པ་སྣང་བ་གཞི་མ་ཅིར་ཡང་སྣང་ལ་མ་དམིགས་སོ། །དེ་ལྟ་བུའི་རྟགས་ཤར་ནས། འཇུག་སྒྲིབ་པ་འདགས་པ་དང་། འབྲས་བུ་ཐོབ་པའི་ཐ་སྙད་དེ་ཚུལ་ཇི་ལྟ་བུ་ཞེ་ན། ལྷུན་གྲུབ་རང་བཞིན་ནམ་མཁའ་འདྲ། ཞེས་པའི་དོན་གྱིས་ལུང་དང་སྦྱར་ཏེ། རྣལ་འབྱོར་གྲུབ་པའི་ལུང་ལས། མཐོང་བདེན། ཟིན་སྦྱངས་སྒྲིབ་པ། ཟིན་བྱས་པ་བཞིན། འདོད་ཡོན་ཏན། པ་གྲུབ་ཟིན་དོན་གྱི་ཆེ་བ། སྤྱོམ་པ་དང་། དེ་བཞིན་དངོས་གྲུབ་གྲུབ་ཟིན་པས། །དེ་ཉིད་རྙེད་པ་ཉིད་ལས་བྱུང་། །ཞེས་པའི་དོན་སྦྱར་ན་གྲུབ་ཟིན་པ་དྲུག་སྟེ་ཞིབ་ཏུ་སྔར་བཤད་དོ། །དེ་ལས་འདིར་བཟུང་སྟེ། སྒྲིབ་པ་སྦྱངས་ཟིན་པ་ནི། རྣལ་འབྱོར་མ་ཧཱ་ཡོ་ག་པ་ནི་དུག་སྨན་དུ་གྱུར་པ་ལྟར། མི་སྤོང་ཆེད་དུ་འཇོམས་པར་བྱེད་ལ། འདིར་སྔར་བཤད་པ་ལྟར། ཐམས་ཅད་ཇི་བཞིན་པའི་དེ་ཁོ་ན་ཉིད་ཀྱི་ངང་ལ་འཁོར་བ་མྱ་ངན་ལས་འདས་པར་ཡེ་ནས་སངས་རྒྱས་སོ། །ཕྱིན་ཅི་ལོག་བྱང་ཆུབ་ལམ་དུ་གཏོད། སྡུག་བསྔལ་ཆོས་ཉིད་དུ་ཡོ་ལང་སྐྱེ། ཉོན་མོང་བདེ་ཆེན་དུ་ཤར། སྒྲིབ་པ་ཡེ་ཤེས་ཆེན་པོར་རང་གསལ། ངན་སོང་གསུམ་མཐོ་རིས་ཀྱི་གནས་དམ་པ་ཡེ་མ་བཅོམ་མ་བསྒྱུར་བ་སངས་རྒྱས་པ་ལ། ད་འཕྲལ་དུ་གསེར་འགྱུར་རྩི་ལྟར་སྒྲིབ་པ་ཡེ་ཤེས་སུ་གྱུར་པར་བྱ་ཡང་མེད་དེ། ཀ་ནས་ངང་གིས་དག་པར་ཤེས་པ་ཉིད་ལ་སྒྲིབ་བྱེད་མིང་མེད་དེ། རྒྱ་མཚོ་དྭངས་པ་ལྟར་གནས་པ་ཉིད་ལ་བག་ལ་ཉལ་གྱི་ས་བོན་ཐམས་ཅད་དང་བྲལ་བའོ། །རྩེ་མོ་བྱུང་རྒྱལ་ལས། བསྐལ་པར་བསགས་པའི་མུན་ནག་ཐིབས་པོ་དག །རིག་པའི་རྒྱལ་པོ་ཡེ་ཤེས་ཉི་ཟེར་གྱིས། །སྐད་ཅིག་ཡུད་ཙམ་ཉིད་ལ་གསལ་བར་འགྱུར། །ཞེས་འབྱུང་སྟེ། ལམ་པས་ངོ་བགྲོད་དུ་མེད་པ་ཉིད་ལ་བྱའོ། །དོན་རིག་པ་ཉིད་ལ་བྱའོ། །རིན་པོ་ཆེ་ཀུན་འདུས་ལས། ཡེ་ཤེས་རླུང་དུ་ཤར་བའི་རྣལ་འབྱོར་གྱིས། །ས་མཆོག་འདི་ན་མ་བསྒྲུབས་ལྷུན་གྱིས་གྲུབ། །བག་ལ་ཉལ་བའི་སྐྱོན་རྣམས་མ་ལུས་ཀུན། །ཡེ་ཤེས་འོད་གསལ་ཆེན་པོས་རབ་བསལ་ནས། །ཐེག་ཆེན་འདི་ཡི་མཁའ་ལ་ཉི་ཤར་བཞིན། །མཐའ་ཡི་མུན་པ་ཡེ་ནས་མེད་ཅེས་གསུངས། །ཞེས་འབྱུང་། རྨད་བྱུང་ལས། རི་རབ་སུམ་ཅུ་ཕྲག་དགུ་ཡང་། །རྨད་བྱུང་བྱང་ཆུབ་སེམས་འདི་ཡིས། །སྒོམ་པས་རྡོ་རྗེ་ཕྱེ་མར་བརླགས། །ཞེས་འབྱུང་། རྣལ་འབྱོར་གྲུབ་པའི་ལུང་ལས། ལས་དང་ཉོན་མོངས་སྡུག་བསྔལ་རྒྱ་མཚོ་ནི། །གསང་ཉིད་སྐད་ཅིག་སྣང་བས་ཐམས་ཅད་མེད། །ཅེས་འབྱུང་། ཡང་། གསང་བའི་དོན་མཐོང་སྐད་ཅིག་གིས། །ཐམས་ཅད་སྣང་བའི་རྣམ་པར་འགྱུར། །ཞེས་འབྱུང་། རྨད་བྱུང་ལས། བྱང་ཆུབ་སེམས་ནི་སྤུ་གྲིའི་སོ། །ཏིལ་མར་ངར་བཏགས་རལ་གྲི་བཞིན། །བྱང་ཆུབ་སེམས་ནི་ཡོངས་ཀྱི་ལམ། །སྐྱོན་གྱིས་མ་གོས་པདྨ་བཞིན། །བསྐལ་པ་འབར་བའི་མེ་བཞིན་དུ། །སྡུག་བསྔལ་སྡིག་པ་ཅི་སྤྱད་ཀྱང་། །རྣལ་འབྱོར་བླ་མེད་སངས་རྒྱས་འགྲུབ། །ཅེས་འབྱུང་ངོ་། །དེ་ལྟ་བས་ན་སྐབས་འདིར་ཅི་ལའང་ཟིན་ཆགས་མེད་པས་ལས་དང་རྣམ་པར་སྨིན་པ་དང་། སྐྱེ་གནས་ཀྱི་སྒྲིབ་པ་ཡེ་དག་གོ། །བདག་འཛིན་དུས་གསུམ་བྲལ་བས་ཉོན་མོངས་པ་ངང་གིས་སྐྱེ་བ་མེད་དོ། །ཉོན་མོངས་པའི་སྒྲིབ་པ་དག་གོ། །ཡེ་བརྡལ་ཁྱབ་གཉིས་སུ་མེད་པས་ཇི་བཞིན་པས་དེ་ཁོ་ན་ཉིད་ཙམ་དུ་ཡང་མི་འཛིན་པ་གདོད་ནས་བྲལ་བའི་ཤེས་བྱའི་སྒྲིབ་པ་དག་གོ། །འོན་ཏང་ཡེ་དག་པ་ལ་གཉེན་པོའི་རྩོལ་བ་མི་དགོས་པར་དག་པ་ཉིད་ཀྱིས་ཟིན་པའི་དོན་དང་མཇལ་བ་མེད་པར་མཇལ་བ་ལ། ཐ་སྙད་དུ་སྒྲིབ་པ་དག་ཅེས་བཏགས་སོ། །དེ་ལ་ཚོགས་བསགས་པ་དང་བྲལ་ཏེ་བཤད་ཟིན་ཏོ། །དངོས་གྲུབ་ཡེ་ནས་གྲུབ་ཟིན་པ་ནི། ཐོབ་བྱ་རིལ་གྱི་བདག་ཉིད་དུ་རང་རིག་པ་བཞུགས་པའི་ཕྱིར། བསལ་ཐོབ་མེད་ཀྱང་ཐོབ་པ་མེད་པའི་དོན་མ་བཙལ་བར་མཇལ་བ་ལ། ཐ་སྙད་དུ་ཐོབ་ཤར་ཞེས་བཏགས་སུ་ཟད་ཀྱི། ངོ་བོ་ལ་དངོས་གྲུབ་རང་ལས་ཤར་མ་ཤར་གྱི་ཐ་སྙད་ཀྱང་མེད་དེ། དེ་ཡང་བྲོད་པ་བསྐྱེད་པའི་ངོར། སེམས་བསྒོམས་པ་ལས་ཀྱང་། རྣམ་དག་བྱང་ཆུབ་སེམས་ཀྱི་ངང་ཚུལ་སྒོམ་དང་ཡོན་ཏན་ཁྱད་པར་ནི། བློ་ལྡན་ནམ་ཞིག་སེམས་ཀྱི་དམ་པ་མངོན་དུ་གྱུར་པ་ན། །དེ་ལ་སྐུ་གསུམ་མཆོག་ཏུ་གྱུར་པ་ཆོས་ཀྱི་སྐུ་ཞེས་རྒྱལ་བས་གསུངས། །ཤེས་བྱེད་དམ་པར་གྱུར་པར་ཤེས་རབ་ཅན་ཞེས་ཀྱང་ནི་དེ་ལ་བྱ། །རྡོ་རྗེ་རྩེ་མོ་མཆོག་ཉིད་མི་རྟོག་ཡེ་ཤེས་དེ་ཡང་དེ་ཉིད་དོ། །ཞེས་འབྱུང་ངོ་། །རྣལ་འབྱོར་གྲུབ་པའི་ལུང་ལས། ནམ་མཁའི་ངང་ལ་རང་བཞིན་མེད། །རྟག་ཏུ་མེད་པས་དངོས་དང་བྲལ། །སྙིང་པོ་ཉིད་པས་གཞན་པ་མེད། །སྣ་ཚོགས་དག་གིས་རྒྱུན་དུ་འཆར། །སྒྲོན་མར་སྣང་བས་མུན་པ་སེལ། །ཡིད་བཞིན་ནོར་བུ་ཉིད་ལས་འབྱུང་། །སྐྱེ་འགགས་མེད་པ་འཇིགས་དང་བྲལ། །ཅིར་ཡང་མ་ངེས་ཉམས་མི་ང་། །ཆུབ་ན་བྱ་རྩོལ་ཀུན་དང་བྲལ། །གོ་བའི་ཡུལ་ན་བགྲོད་པ་མེད། །གཞན་དུ་རྩ་བ་གསུམ་བཅད་ཀྱང་། །གསང་བའི་དོན་ཉིད་རང་ལས་འབྱུང་། །ཞེས་འབྱུང་ངོ་། །ནམ་མཁའ་ཆེ་ལས། ཡོན་ཏན་ཀུན་དང་སྟོབས་ཀྱི་རྣམས། །ཇི་བཞིན་རྟོགས་པ་ཕྲ་བ་ལས། །དེ་མ་ཐག་ཏུ་རང་ལས་འབྱུང་། །ཞེས་གསུངས་ཏེ། ལྟ་བའི་སྐབས་སུ་ཞིབ་ཏུ་བརྗོད་ཟིན་ཏོ། །དེ་ལྟ་བས་ན་དངོས་གྲུབ་དང་འབྲས་བུ་གཞན་ནས་ཐོབ་ཏུ་མེད་པ་ཙམ་ལ་རང་ལས་བྱུང་ཞེས་བྱ་བའི། ཐོབ་པ་དང་མ་ཐོབ་པ་མེད་པར་གདེངས་ཆུད་པ་ཉིད་ཐོབ་པའོ། །རྨད་དུ་བྱུང་བ་ལས། ཐེག་པ་གསུམ་གྱིས་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་གསུངས་ཏེ། མི་རྟོག་པ་རིམ་པ་གསུམ་པོ་ནི་ངེས་པར་འབྱུང་བྱེད་ཡིན། དེ་རིལ་གྱི་གྲུབ་མཐའ་ནི་ལྷུན་གྱིས་རྫོགས་པའི་ཐེག་པ་འདི་ཡིན་ཏེ། འདི་མ་རྟོགས་པར་གཞན་གྱིས་སངས་རྒྱ་བའི་ཐབས་མེད་པར་ཞིབ་ཏུ་བརྗོད་པའི་ཕྱིར་ན། ཁྱད་པར་ཆེན་པོ་མཚན་བརྗོད་པ་ཡང་ངེས་སོ། །འདི་ནི་རིལ་གྲུབ་ཟིན་པ་དཔེ་ནམ་མཁའ་དང་འདྲ་བར་ཡང་བཞེད་དོ། །ཐེག་པའི་ཁྱད་པར་བཤད་པ་ནི། ཁོང་གིས་ཁྲེལ་བར་ཡོད་དེ་ཟིན་པའི་དོན་ཉི་ཤུ་ཁོ་ནས་ཆོག །དེ་ལ་མན་ངག་དང་ལུང་གི་གཏན་ཚིགས་རྒྱབ་ཏུ་བཞག་ལ། ཕྱིར་རྒོལ་བ་པོའི་བློ་ལ་གཏན་ཚིགས་གྲུབ་པར་གྱིས་ཤིག །དེས་ཡིད་ཆེས་པར་འགྱུར་རོ། །མདོར་ན་གོ་བདེ་བར་རྩ་བར་དྲིལ་ཏེ་གསོལ། སྟོན་མུན་ནི་རྫོགས་ཆེན་དང་སྐད་མཐུན། བྱ་བ་མེད་བསྒྲུབ་པ་མེད་པར་སྟོན་ཡང་། གཞི་མི་འབྱུང་བ་ཡོངས་སུ་གྲུབ་པ་ལ་དགོངས་ནས། དོན་དམ་པའི་བདེན་པ་མ་སྐྱེས་སྟོང་པའི་གཞི་ལ་སྨྲ་སྟེ། དེ་ལ་ནི་བརྟགས་ན་ད་དུང་བདེན་པ་རེ་མོས་པ་དང་། སྟོང་པའི་ངང་ལ་འདྲིས་པར་བྱེད་པ་དང་། རྩོལ་བ་ཡོད་དེ། བདེན་པ་གཉིས་མེད་པ་ལ་སྤྱོད་ཀྱང་མ་མྱོང་སྟེ། རང་གི་ལྟ་བས་བསྒྲིབས་ཏེ་གཉིས་མེད་ལ་བཟོད་འཇུག་དགོས་སོ། །མ་ཧཱ་ཡོ་ག་ཨ་ཏི་ཡོ་ག་དང་དོན་ཕྱོགས་གཉིས་སུ་མེད་པར་དོན་ཡང་བདག་ཉིད་དུ་མ་ཤེས་ཏེ། དེ་ལ་གོམས་རྩོལ་ཆེར་བྱེད་པ་དང་མ་བྲལ་ལོ། །ཨ་ནུ་ཡོ་ག་མ་ཧཱ་ཡོ་ག་ལ་བལྟོས་ན་ཁྱད་པར་ཆེ་ཡང་། རྩོལ་བ་མི་བྱེད་པར་འཇོག་ཚུལ་བྱེད་ཀྱང་མི་རྩོལ་བའི་བཏང་སྙོམས་ལ་ཆེད་དུ་བྱེད་དོ། །ཡང་མ་ཧཱ་ཡོ་ག་དེ་བཞིན་ཉིད་ལས། རིམ་པས་ལྷར་བསྐྱེད་ཅིང་འགྲོ་དོན་བྱེད། ཨ་ནུ་ཡོ་ག་སྐད་ཅིག་མར་བསྐྱེད་ནས་དོན་བྱེད་པ་ཉིད་ཀྱིས་རང་བྱུང་ཡེ་ཤེས་བྱ་བ་མེད་པའི་མཛད་སྤྱོད་ཆེན་པོ་མ་མཐོང་སྟེ། མི་རྟོག་པ་ལ་བཞག་པས་བདག་གཞན་གྱི་དོན་རྫོགས་པ་ལས་གོལ་ཏེ་དོན་གྱིས་གོང་མ་ལ་ལྟོས་ན། བདེན་པ་རེ་མོས་ཀྱང་འདུག་གོ། །རྣམ་གཅིག་ཏུ་དོན་གྱི་ངོ་བོ་ལ་ཡང་ཁྱད་པར་ཡོད་དེ། སྔགས་ཀྱི་དེ་བཞིན་ཉིད་ནི། རང་རིག་གཉིས་མེད་ཀུན་ཏུ་འོད་གསལ་བ་ཡིན་ལ། རྫོགས་ཆེན་ནི་ལྷུན་རྫོགས་དེ་བཞིན་ཉིད་མཐར་ཐུག་པ་ཉིད་པས། གཉིས་མེད་ཆེན་པོ་དབྱེ་བ་མེད་པས། ཡེ་ཤེས་བླ་མའི་ས་ཡིན་པས་ཁྱད་པར་ཤིན་ཏུ་ཆེའོ། །ཡང་རྣམ་གཅིག་ཏུ་རྣལ་འབྱོར་སྤྱོད་པའི་དབུ་མ་པས་ཨ་ཏི་ཡོ་ག་ལ། གསོལ་པ། ཆོས་ཐམས་ཅད་རང་གི་སེམས་ཀུན་རྫོབ་ཏུ་རང་རིག་གཉིས་མེད་ཡེ་ཤེས་སྐད་ཅིག་མ། སྣང་སེམས་སུ་འདུས། དེ་ཡང་དོན་དམ་པར། མཐའ་བཞི་དང་བྲལ་བར་ཡང་འདོད། དེ་ལས་དེ་ལྷག་པའི་ལྟ་བ་ཅི་མཆིས། མདོ་སྡེ་དབུ་མ་པས་ཨ་ཏི་ཡོ་ག་ལ། གསོལ་པ། རྟེན་ཀུན་རྫོབ་ཏུ། ཅིང་འབྲེལ་བར་འབྱུང་སྒྱུ་མ། བའི་ཆོས་ཙམ། ཉིད་སྣང་བ་ཡང་། ངོ་བོ་མ་དོན་དམ་པར། སྐྱེས་དབེན་པ་ཆེན་པོ་ལ་རྟག་ཆད་དང་བྲལ་བ་ལས་འཕགས་པའི་དོན་ལས་ལྷག་པ་ཅི་མཆིས། སྟོན་མུན་ཅིག་ཆར་འཇུག་པས་གསོལ་ཨ་ཏི་ལ། པ། ཆོས་ཐམས་ཅད་ཡེ་ནས་མ་སྐྱེས་སྟོང་པའི་ངང་ལ་བདན་ེ པ་གཉིས་དོན་དམ་པ་གཅིག་མེད་པས། རྩོལ་སྒྲུབ་དང་། རེ་དོགས་མེད་པའི་དོན་ང་ཡང་འདོད་དེ། དེ་ལས་འཕགས་པའི་དོན་ག་ལ་ཡོད། སྔགས་ནང་པས་གསོལ་པ། རང་རིག་པ་གཉིས་སུ་མེད་པ་དེ་བཞིན་ཉིད་ཀྱི་ངང་དུ་གསལ་བ་ལ། སྣང་ན་སྣང་ཀུན་རྫོབ་ཏུ། དུ་ཟད་དེ་ཕུང་པོ་ཁམས་སྐྱེ་མཆེད་ལྷའི་དཀྱིལ་འཁོར་ལགས་པའི་དོན་དེ་ལས་ལྷག་པ་ཅི་འཚལ། ཨ་ནུ་ཡོ་ག་པས་གསོལ་པ། ཆོས་ཐམས་ཅད་གཉིས་སུ་མེད་པའི་སྲས་བྱང་ཆུབ་སེམས་བདེ་བ་ཆེན་པོའི་ངང་ལས་སྐད་ཅིག་གི་ངང་གིས་ཀྱང་སྐུ་དང་དཀྱིལ་འཁོར་སྤྲུལ་པས། དོན་གཉིས་གྲུབ་པ་ལས་ལྷག་པ་ཅི་མཆིས་གསོལ་པ་དང་། ཨ་ཏི་ཡོ་གའི་རྣལ་འབྱོར་སེམས་པ་ལ་ལན་བཏབ་པ། ཆོས་རྣམས་ཐམས་ཅད་སེམས་སུ་འདུས་པ་ལ། །སེམས་ཀྱི་རང་བཞིན་སྐད་ཅིག་ལྟ་བས་ནོར། །དོན་དམ་པར་མ་སྐྱེས་སྟོང་པར་ལྟ་བས་འཁྲུལ། །སྐད་ཅིག་སྟོང་ལས་འདས་པས་དེ་ཉིད་འཕགས། །མདོ་སྡེ་པ་ལ་ལན་བཏབ་པ། ཆོས་ཐམས་ཅད་ཐིག་ལེ་ཆེན་པོའི་རང་བཞིན་ལ། །བདེན་པ་གཉིས་སུ་ལྟ་བ་ཁྱོད་ཉིད་འཁྲུལ། །གཉིས་མེད་གཉིས་སུའང་ང་ནི་འཛིན་མི་བྱེད། །དེས་ན་བརྡལ་ཁྱབ་འུབ་ཆུབ་ང་ཉིད་ཆེ། །སྟོན་མུན་པ་ལ་ལན་བཏབ་པ། སྟོང་དང་མ་སྐྱེས་གཉིས་མེད་བྱ་བྲལ་ཡང་། །གཉིས་མེད་བྱ་བྲལ་མ་མཐོང་ཐོས་པའང་མེད། །ཞ་བདེན་པ་རེ་མོས། མོ་བྱ་བྲལ་ང་ལ་ཨ་ཏི། དང་དུ་སྐལ་པར་ཡང་། །བཅོས་ནས་མཐོང་དགོས་ཕྱིར་ན་འཕགས་པས་ང་ཉིད་ཆེ། །སྔགས་ནང་པ་ལ་ལན་བཏབ་པ། དེ་བཞིན་ཉིད་དུ་གཉིས་སུ་མེད་པ་ལ། །སྐུར་བསྐྱེད་དོན་བྱེད་རྩོལ་བ་བཅུག་པས་ནོར། །བྱར་མེད་ཏིང་འཛིན་དོན་ལ་ནམ་ཡང་རེ་མི་ནུས། །དེ་ཕྱིར་ལྷུན་གྲུབ་རྒྱལ་པོར་ང་ཉིད་གཅིག་པུར་བྱུང་། །ཨ་ནུ་ཡོ་ག་པ་ལ་ལན་བཏབ་པ། ཇི་བཞིན་མ་བསླད་བཙལ་རྒྱུ་མེད་པ་ལ། །སྒོ་ཕུགས་དཀྱིལ་འཁོར་བསྐྱེད་དང་མ་བྲལ་ནོར། །འཇུག་སྐྱེས་ཡེ་བྲལ་ངང་ཉིད་ཁྱོད་ཀྱིས་ཀྱང་། །ཕྱོགས་ཙམ་མ་ཤེས་རང་འབྱུང་ང་ཉིད་འཕགས། །ཞེས་ལན་བཏབ་པས། ཐེག་པ་སོ་སོའི་ལྟ་བ་ཤན་ཕྱེད་དེ། རང་རང་གི་ལྟ་བ་ལ་ཁོ་ཐག་ཆོད་པར་གྱུར་ཏོ། །འདི་ནི་མན་ངག་རྣ་བརྒྱུད་དང་། ལྟ་བ་ལ་ཤན་ལས་ཀྱང་འབྱུང་ངོ་། །རྣལ་འབྱོར་མིག་གི་བསམ་གཏན་ཞེས་བྱ་བ་རྒྱ་ཆེར་འགྲེལ་བ་ལས། རྫོགས་པ་ཆེན་པོའི་གཞུང་རྒྱས་པར་བཀོད་པའི་ལེའུ་སྟེ་བདུན་པའོ།། །།བདག་དང་གཞན་མ་དམིགས་ལ། མ་འགགས་པས་དགེ་བའི་རྩ་བ་བསྔོ་སྟེ། དུས་ལན་གཅིག་མཐའ་འཁོབ་ཀྱི་རྒྱལ་ཁམས། བོད་སྲིན་པོ་གདོང་དམར་གྱི་ཡུལ་འདི་དག་ཏུ། གསང་སྔགས་ཐེག་པ་ཆེན་པོ་དར་ཞིང་རྒྱས་པའི་རྐྱེན་དང་སྟོབས་ཀྱིས། དགོན་པར་གནས་པའི་གང་ཟག་བྱང་ཆུབ་དོན་དུ་གཉེར་བ་ཡང་མང་དུ་འབྱུང་བའི་དུས་སུ། ངའི་བཀའ་རྣལ་འབྱོར་མིག་གི་བསམ་གཏན་རྒྱ་ཆེར་འགྲེལ་པ་འདི། དར་ཞིང་ཆེས་པའི་ནུས་མཐུ་དང་བྱིན་རློབས་ཀྱིས། རྣལ་འབྱོར་སྤྱོད་པའི་སྐལ་པ་དང་ལྡན་པ་འདི་ལ་ཡང་ཅིང་འཇུག་པའི་སྐྱེས་མཆོག་རྣལ་འབྱོར་པ་ཀུན་ཀྱང་དྲ་བ་གཅིག་པ་དབུ་མ་པ། དང་། ཕྱེད་པ་ཉན་ཐོས་རང་རྒྱལ། དང་། ཆེན་པོ་སོ་སོའི་སྐྱེ་བོ། དང་། དྲ་བ་དང་བཞི་མུ་སྟེགས། བྲལ་ཏེ། སྒྲིབ་པ་དག་ཀྱང་བྱང་ཞིང་བོར་ཏེ་རྒྱུད་ཤིན་ཏུ་དྭངས་བས་ཤེས་རབ་ཀྱི་མིག་རྙེད་པའི་དོན་ལ་བསྒོམས་པས་ཡེ་ཤེས་མཆོག་གི་ས་ཐོབ་སྟེ། དེ་ལྟར་འབྲས་བུ་ཐོབ་ནས་འགྲོ་བ་མཐའ་ཡས་པ་རྣམས་བྱང་ཆུབ་ཏུ་འདྲེན་ཅིང་དོན་བྱེད་པར་ཤོག་ཅིག་པར་བསྔོ། བཀའ་ཕྱི་ནང་དང་ཁྱད་པར་ངའི་བསྟན་པ་རྣལ་འབྱོར་གྱི་བསམ་གཏན་འདི་དུས་ཀུན་ཏུ་བརྟན་ཅིང་མི་འགྱུར་བར་གྱུར་ཅིག །ཅེས་དགེ་བའི་རྩ་བ་བསྔོ་བའོ། །འོ་ན་འདི་ཕྱི་ནས་ཇི་ལྟ་བུའི་ལག་ཏུ་གཏད་པའི་གང་ཟག་གི་སྣོད་སྐྱོན་བསྟན་པ་ནི། ཕོ་དྲེགས་ཕྱི་ལང་རང་ཕྱོགས་ཅན། །ལྕེ་མཁས་སྙིང་རིང་ང་ཆེ་འབྱིན། །གདུང་བྲལ་ཆགས་ཆེ་སྒྱུ་འབྲུ་དང་། །མི་ཆོས་ངོར་བལྟ་ཆོས་མི་ཉན། །ཆུང་མ་བུ་དང་ངན་སྐྱོང་འཁོར། །འདོད་སྨྲ་དམ་མེད་དེ་དག་ལ། །རྒྱལ་ཁམས་འབྱོ་བཟློག་སྙིང་འབྱིན་ཡང་། །ནམ་ཡང་བསྟན་པར་མི་བྱའོ། །ཞེས་གསུངས་པའི་ཕྱིར་མི་སྤེལ་ཏེ། སྤྱིར་ཐམས་ཅད་རང་བྱུང་མཆོག་གི་སངས་རྒྱས་ལ། སྣོད་བཟང་ངན་མ་དམིགས་ཀྱང་། མཛུབ་མོའི་རྩེ་མོ་བཞིན་རང་གི་མཚན་ཉིད་མ་རིག་པའི་གང་ཟག་བསམ་གྱིས་མི་ཁྱབ་པ་ཡང་མ་འགགས་པར་ཡང་སྣང་སྟེ། དེ་དག་ལ་བསྟན་ན་སྐྲན་ཅན་ལ་བཅུད་ཅན་བྱིན་པ་དང་འདྲ་སྟེ། སླར་རླག་པར་བྱེད་དོ། །ཕོ་དྲེགས་ང་བོ་རང་འགྱིང་ཅན། །ཕྱི་ལང་སྤྱོད་དཀའི་ཚིག་མི་བཙན། །རང་ཕྱོགས་གཟུངས་འཛིན་ཤིན་ཏུ་ཆེ། །དེ་དག་བསྟན་པའི་སྣོད་མ་ཡིན། །ལྕེ་མཁས་རོ་དང་བསླུ་འབྲིད་ཅན། །སྙིང་རིང་གདུང་བའི་སེམས་དང་བྲལ། །ང་ཆེ་དཔོན་བས་མཐོ་བར་སེམས། །གདུང་བྲལ་སྙིང་རིང་གདོང་འདས་ཅན། །རླུང་ཕྱོགས་ཙམ་དུའང་བསྙེན་པ་མིན། །ཆགས་པས་སེར་སྣས་བཅིངས་པ་ཡིས། །མན་ངག་སྒོ་གསུམ་གཡོ་སྒྱུས་འབྲུ། །གཟོལ་པ་རྒྱལ་པོའི་དཀོར་ཁང་དགུ། །ཤེས་ནས་གཏན་དུ་སྤངས་པའི་རིགས། །ཆོས་ཕྱིར་མི་འབྲེང་གང་ཟག་རྣམས། །མི་ཆོས་འབྲེལ་དང་གཉེན་ངོར་བལྟ། །དེ་ལྟོས་མཉེས་པ་འབུལ་མི་བྱེད། །བཀའི་ཟུར་ཡང་ཉན་མི་བྱེད། །མི་བཟད་སྲིན་མོ་ཆུང་མ་དང་། །རིམ་པ་མེད་པ་ལུས་ཀྱི་བུ། །བརྩམས་ཡང་སྙིང་རིང་ངན་གྱོང་འཁོར། །མན་ངག་འདོད་པ་དམ་པ་མེད། །ཕྱི་ནང་མེད་པར་ཁ་སྨྲ་ཞིང་། །མན་ངག་ཐོབ་ནས་ཕྱི་ཐག་མེད། །ཁུངས་སུབ་རང་ཆེ་འབྱིན་བྱེད་ལ། །རྒྱལ་ཁམས་འདུས་ན་སྲོག་གཅོད་ཀྱང་། །གཏན་དུ་བསྟན་པར་མི་བྱ་སྟེ། །བསྟན་ན་རྡོ་རྗེ་དམྱལ་བར་ལྟུང་། །ཞེས་པའི་དོན་ཏོ། །གཞན་ཡང་། ལྟོགས་ལ་ངན་པའི་སློབ་བུ་ནི། །དར་མ་ཤོག་ཤོག་འཕྲག་ལ་ཁྱེར། །རྒྱུས་མེད་ཉུང་ཞི་ཕབ་འཚོལ་འདྲ། །ཟབ་མོ་མན་ཏེ་གནས་མཚོན་ནས། །ཟང་ཟིང་ངོར་ལྟ་སྣང་འཚོར་བྱེད། །ཆེད་དུ་རེ་བའི་སློབ་བུ་ནི། །ང་རྒྱལ་དྲེགས་པས་ཁེངས་པ་ཡིས། །གུས་པས་མི་ཞུ་ཐབས་ཀྱིས་འདོད། །ཐོབ་ནས་དཔོན་པས་མཁས་པར་སྨྲ། །དྲིན་ལས་སེམས་ཀྱི་བསམ་ཐག་ཆོད། །ཡོན་གྱི་སྐྱེན་པ་འཚོལ་རིངས་པས། །གཏུགས་པས་དར་མ་འདོད་སྤེལ་ལ། །ནམ་བཞར་བསྟན་པར་མ་བྱེད་ཅིག །བེའུ་སྦྲེལ་གཡང་དུ་བསྐྱུར་བ་བཞིན། །གཉིས་ཀ་སྲེག་དང་སྒྲིབ་གནས་སུ། །ལྷུངས་ནས་ཐར་བའི་སྐབས་མི་སྲིད། །ཅེས་ཀྱང་འབྱུང་ངོ་། །བན་ཆུང་གནུབས་བན་སངས་རྒྱས་ཀྱིས། །རྒྱ་བལ་བོད་དང་བྲུ་ཤ་སོགས། །མཁས་པའི་ཁ་བརྒྱུད་མཉེས་ཕུལ་བས། །པཎྜི་ཏ འི་ཐུགས་སྒོ་ཕྱེ། །ཡང་རྩེ་ལུང་གི་མན་ངག་ཐོབ། །ཅེས་བྱ་སྟེ། བདག་སྤྲང་པོ་གནུབས་བན་སངས་རྒྱས་ཡེ་ཤེས་རིན་པོ་ཆེས། རྒྱ་གར་གྱི་མཁས་པ་པཎྜི་ཏ་མང་པོ་དང་། བལ་པོའི་རྒྱལ་པོ་བ་སུ་དྷ་ར་དང་། བྲུ་ཤའི་ཡུལ་གྱི་ལོ་ཙཱ་བ་ཆེ་བཙན་སྐྱེས་ལ་སོགས་པ་རྒྱལ་ཁམས་སོ་སོའི་མཁས་པ་མང་པོའི་ཞལ་བྲིམས་ཏེ། མཉེས་པ་ཕུལ་བས་པཎྜི་ཏ་རྣམས་དགྱེས་པ་སྐྱེས་ཏེ་གནང་བ་ཐོབ་པས། ཐུགས་ཀྱི་མཛོད་སྒོ་ཕྱེ་ནས། མན་ངག་གི་རྒྱལ་པོ་དགོངས་དོན་མཐར་གཏུགས་པ་བདག་གིས་ཐོབ་སྟེ། བདག་མན་ངག་གི་རྒྱལ་པོར་གྱུར་ཏོ། །དེ་ཡང་། བདག་ལ་ལྷ་སྲིན་རྣམས་ཀྱིས་དབང་བསྐུར་བས། །རང་ཉམས་གོམས་པའི་ཡི་གེ་བྲིས། །ཞེས་བྱ་སྟེ། བདག་ནི་ནམ་ཞིག་ཤེལ་བྲག་འོད་ན་ཉལ་བའི་ཚེ། །འཛབ་གྲངས་ཡིད་ལ་བཟླས་པའི་ཚེ། །ཆོས་ཉིད་བློ་ལ་གསལ་བའི་ཚེ། །ལྷ་སྲིན་སྡེ་བརྒྱད་ཀྱིས་བདག་ལ་དབང་བསྐུར་རོ། །ཀུ་ཅོ་བཏོན་ནོ། །དེ་ལྟར་མངོན་ཤེས་ཅན་རྣམས་ཀྱིས་བདག་ལ་བསྒོ་བས། བདག་གི་དཔའ་བོར་བློན་ཆེན་འཕགས་པ་ལ་སོགས་པའི་བུ། གདུང་བརྒྱུད་ཁུ་ལུང་ཡོན་ཏན་རྒྱ་མཚོ། སྲུ་ལེགས་པའི་སྒྲོན་མ། སོ་ཡེ་ཤེས་འབྱུང་གནས། འཛིན་ཅིང་རྟགས་འཆང་བ་དང་། བཀའ་བརྒྱུད་སྤྱོད་པ་བུ་ཚོའི་དོན་དུ་བརྩམས་སོ། །རྒྱལ་བའི་གདུང་འཛིན་སྐྱེས་མཆོག་བུ། །གཏན་དུ་སྒོམ་བྱེད་འདུ་སྤོང་གིས། །ཉམས་སུ་ལོངས་ཤིག་ཕ་ཡི་སྲས། །བུས་ཀྱང་རིགས་འཚོབ་གཅིག་ལ་གཏོད། །མང་ན་རྡོ་རྗེ་དམྱལ་བར་སྐྱེ། །ཞེས་གཏམས་ཏེ། ནུབ་མི་ཕོད་པས། རེ་རེ་ནས་རེ་རེ་བརྒྱུད་ལ། མང་ན་དམྱལ་བར་སྐྱེ་ཞིང་གསང་སྒོ་ཡང་འཆལ་ཏེ། མི་ནག་ཡོངས་ལ་ཆ་ཡོད་དང་། ལ་ལ་སྐུར། ལ་ལ་འཕྱ། སྨོད། འགེགས། བསྣུབ། མི་གོ་བས་མི་རྩི། མི་ཉན་པར་འགྱུར་རོ། །ལུང་དང་མན་ངག་གཞན་གྱི་འོག་བསྐལ་གྱི་མིག །འདིར་བསྡུས་རྣལ་འབྱོར་ཅན་མཆོག་སྟེ། འདི་ལ་སུ་ཞིག་དད་མོས་པས། །ཐོས་པ་ཙམ་གྱིས་འཁོར་བ་སྟོང་། །མོས་པ་ཙམ་གྱི་ཆོས་ཉིད་རྟོགས། །གོ་བ་ཙམ་གྱིས་སངས་རྒྱས་པའོ། །ཀུན་ཀྱང་འདིའི་རྗེས་སུ་སྤྱོད་པ་ཡིས། །དབྱེ་བ་མེད་པའི་ས་ལ་གནས་པར་ཤོག །རྣལ་འབྱོར་མིག་གི་བསམ་གཏན་ཞེས་བྱ་བ། རྒྱ་ཆེར་འགྲེལ་པ་ལས། དགེ་རྩ་བསྔོ་ཞིང་སྣོད་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དང་པོ་གནས་དང་སྐྱོན་ཡོན་དམ་བཅས་ལས་བརྩམས་པའང་། སྔོན་འགྲོའི་ལས་བརྩོམས་དེ་དགོས་ནོར་གཉེན་ཡིད་ཆགས་སྤངས། །དགོན་པས་སྐྱོ་ནའང་གྲོང་དང་འདུ་འཛིའི་སྐྱོན་བསམ་དང་། །རང་བཞིན་དབེན་དོན་དགོན་པའི་ཡོན་ཏན་དྲན་པས་བསངས། །དོན་ལ་འཇུག་ཚེ་ཐབས་དང་ཐབས་ཆེན་ཐོབ་བྱ་དང་། །མཐུན་བསྟན་རྐྱེན་བཟློག་ཡོ་བྱད་ལུས་ཀྱི་གྲུ་གཟུགས་ཕྱིར། །རིམ་གྲོ་ཆེར་བྱ་དེ་ལའང་མི་ཆགས་མ་བསྒོམ་སྐྱོན། །ཡོན་ཏན་རྒྱས་ཤེས་དཀར་ཕྱོགས་བཏང་སྙོམས་བཞག་པར་བྱ། །དོན་བཞིན་ཐག་ཆོད་རང་བཞིན་རྟོགས་པས་གཅན་གཟན་རྒྱལ། །ཇི་བཞིན་གནས་པས་བསམ་པའང་གཡང་ས་ཤེས་ཕྱིར་གཞི། །ཙེན་སྟོན་མི་དམིགས་ནང་པའི་མི་རྟོག་དེ་བཞིན་ཉིད། །ལྷུན་རྫོགས་མི་རྟོག་ཁྱད་པར་སྐས་བཞིན་ཆུད་པར་བྱའོ། །མདོ་སྡེ་སྟོང་སྒོམ་དང་པོ་ཚད་མེད་བཞི་ལ་རབ་བསྒོམ་ནས། །ཀུན་རྫོབ་སྒྱུ་མར་བལྟས་འཇོག་དོན་དམ་མི་དམིགས་འཇོག་པ་ག ང་། །ཁ་ཅིག་ཞི་གནས་གོམས་ནས་ལྷག་སྐྱེད་བྱེད་ཅིང་དམིགས་གཏད་ནས། །སྐྱོན་བཅོས་ཞི་བས་ཟུང་འབྲེལ་རིམ་བགྲོད་སྒྲིབ་སྦྱངས་ཚོགས་བཏང་འགྲོ། །སྟོན་མུན་རི་རྒྱལ་རྩེར་ཕྱིན་ཀུན་མཐོང་ཚུལ་གྱིས་ཐག་བཅད་ནས། །འཇུག་པའང་ཅིག་ཅར་ཟུང་འབྲེལ་གྱི་ནར་མ་སྐྱེས་རང་གསལ་བའང་། །དོན་དམ་ངང་ལ་སྐྱོན་སྐྱེས་མི་སྤང་རང་བྱུང་རང་ཞིར་འདོད། །དེ་ལྟས་པ་ལས་བགྲོད་མེད་མི་སྦྱོང་གྲུབ་ནོན་ཁྱུང་ཆེན་འདྲའོ། །ནང་པ་ལ་དམིགས་ཐག་ཆོད་སྒོམ་པའང་རིམ་འཇུག་སེམས་འཆོས་བྱེད། །ཅིག་ཅར་འཇུག་ལ་བཅོས་སྐྱོན་ཉམས་དྲོད་རྟགས་མཚན་འབྱུང་འགྱུར་ཡང་། །དེ་ལའང་མི་ཆགས་རྨི་ལྟས་སོགས་སྤྱོད་ཅི་ལའང་མ་ཆགས་སྤྱད། །ཚོགས་ལ་རེ་མེད་གཅིག་པས་འགྱུར་རྩི་བཞིན་འགྲུབ་རང་འཆར་ཉི་མ་འདྲའོ། །རྫོགས་ཆེན་ངང་ཉིད་མངོན་ཆུད་བཞག་མེད་དོན་ཆེན་རང་གསལ་བའང་། །གཞལ་མེད་རྟོགས་ཆེན་འཇུག་བྲལ་སྒོམ་མེད་སྐྱོན་བྱུང་ཡང་། །སྒོ་གསུམ་བཅོས་མེད་དེ་ཉིད་རང་ལུགས་འཆོས་འཛིན་ཕུར་སྒྲིབ་ཡིན། །ཐུན་མཚམས་བྲལ་བས་མི་གཡོ་མི་ལྡང་ངང་ཆེན་ཐིག་ལེ་བས། །རེ་མོས་ལྡང་འཇུག་སྤྱོད་ལམ་མེད་དེ་ཀུན་ཀྱང་བདེ་གཤེགས་མཛད། །སྤོང་ལེན་ངང་བྲལ་བྲི་ཏར་དྲན་ཙམ་མི་འགོག་དྲན་མེད་ཅིང་། །རེ་དོགས་བྲལ་ཡང་ཉམས་དྲོད་རྨིས་ལྟས་རྟགས་འཆར་ཆགས་མེད་པའང་། །ནམ་མཁའ་མཚན་སྣང་བཞིན་པས་ལྷུན་གྲུབ་རང་བཞིན་ནམ་མཁའ་འདྲའོ། །ལན་གཅིག་མཐའ་འཁོབ་རྒྱལ་ཁམས་འདིར། །ཐེག་ཆེན་དར་བའི་རྐྱེན་སྟོབས་ཀྱིས། །དགོན་པར་གནས་པ་མང་འབྱུང་དུས། །ངའི་བཀའ་འདི་དར་བའི་མཐུས། །ཀུན་ཀྱང་དྲྭ་བ་བཞི་བོར་ནས། །མིག་རྙེད་མཆོག་གི་ས་ཐོབ་སྟེ། །མཐའ་ཡས་སེམས་ཅན་འདྲེན་པར་ཤོག །བསྟན་པ་ཡུན་དུ་བཙན་གྱུར་ཅིག །ཕོ་དྲེགས་ཕྱི་ལང་རང་ཕྱོགས་ཅན། །ལྕེ་མཁས་སྙིང་རིང་ཁ་ཆེ་འབྱིན། །གདུང་བྲལ་ཆགས་ཆེ་སྒྱུས་འབྲུ་དང་། །མི་ཆོས་ངོར་ལྟ་བཀའ་མི་ཉན། །ཆུང་མ་བུ་དང་ངན་གྱོང་འཁོར། །འདོད་སྨྲ་དམ་མེད་དེ་དག་ལ། །རྒྱལ་ཁམས་འབྱོ་བཟློག་སྙིང་འབྱིན་ཡང་། །ནམ་ཞར་བསྟན་པར་མི་བྱའོ། །བན་ཆུང་གནུབས་བན་སངས་རྒྱས་ཀྱིས། །རྒྱ་བལ་བོད་དང་བྲུ་ཤ་སོགས། །མཁས་པའི་ཁ་བརྒྱུད་མཉེས་ཕུལ་བས། །པཎྜི་ཏ་ཡི་ཐུག་སྒོ་ཕྱེ། །ཡང་རྩེ་ལུང་གི་མན་ངག་ཐོབ། །ལྷ་སྲིན་རྣམས་ཀྱིས་དབང་བསྐུར་བས། །རང་ཉམས་བསྒོམས་པའི་ཡི་གེ་བྲིས། །རྒྱལ་བའི་གདུང་འཛིན་སྐྱེས་མཆོག་བུས། །གཏན་དུ་སྒོམ་བྱེད་འདུ་སྤོང་གིས། །ཉམས་སུ་ལོངས་ཤིག་ཕའི་བཙས། །བུས་ཀྱང་རིགས་འཚོབ་གཅིག་ལ་གཏོད། །མང་ན་རྡོ་རྗེ་དམྱལ་བར་སྐྱེ། །བཙུན་ཆུང་འཕྲུལ་གྱི་ཐུགས་དམ། །གཅིག་གཉིས་ཀྱི་རྣ་བར་ཟུངས་ཡ། །རྫོགས་སོ། །དགེའོ། །བཀྲ་ཤིས། མངྒ་ལཾ།། །།སྨིན་གླིང་མཁན་ཆེན་དྷརྨ་ཤྲཱིའི་ཕྱག་དཔེ་ལས་བཤུས་ཤིང་། དེས་ཀྱང་ཇོ་ནང་རྗེ་བཙུན་ཀུན་དགའ་སྙིང་པོའི་ཕྱག་དཔེ་ལ་མ་ཕྱི་མཛད་པའོ། ༈ །སརྦ་ཛྙཱ་ནནྡ་གརྦྷ་སྱ་ལེ་ཁཾ། གནུབས་ཆེན་པོ་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པའི་རྣལ་འབྱོར་མིག་གི་བསམ་གཏན་ཞེས་ཀྱང་ཟེར། བསམ་གཏན་མིག་སྒྲོན་ཞེས་ཀྱང་གྲགས་པ་འདི། ཤོག་བུ་བརྒྱ་པ་དེ་གྲངས་ཡིག་མ་ཚང་འདུག་ཀྱང་དོན་ལ་ཚང་ཡོད་ལགས། འདིའི་ལེའུ་བཞི་པ་ནས། ཀ་མཱ་ལ་ཤི་ལའི་ལུགས་དང་། ལྔ་པ་ནས་ཧོ་ཤང་མ་ཧཱ་ཡ་ནའི་ལུགས་དེ་གསལ་བར་བསྟན། བོད་ཀྱི་ཕྱག་ཆེན་དང་པོའི་ཚོ། ཕྱག་ཆེན་ལུགས་དེ་གཉིས་ཀ་མིན་གསུང་བར་འདུག །ཕྱིས་འབྱུང་ད་ལྟའི་ཚོ་ཀ་ཤིའི་ལུགས་དང་གཅིག་ན་དགའ་བ་གཅིག་ཡིན་པར་འདུག་བསམ་ནས་དེ་གཉིས་གཅིག་གྱུར་བྱེད་ཀྱིན་འདུག་ནའང་། དེའི་རྫུན་ཕུག་གཞུང་འདིས་རྡིབ་འདུག །ཧོ་ཤང་གི་ལུགས་དང་ད་ལྟའི་ཕྱག་ཆེན་འདི་གཉིས་གྱུ་རུ་ལུགས་སུ་འདུག་པ་དགོངས་འཚལ། དགེའོ།། ༈ །།ༀ་སྭ་སྟི། སྲིད་ན་རྙེད་དཀའི་ངེས་གསང་དམ་པའི་ཆོས། །ཡང་ཟབ་བདུད་རྩིའི་ཐིག་ཕྲེང་འཆི་མེད་ཀྱི། །གོ་འཕང་བཅུད་ལེན་སྦྱིན་མཛད་ཀུན་ཏུ་བཟང་། །དང་པོའི་མགོན་དེའི་རྟོགས་པའི་འདྲ་འབག་དངོས། ༡ །རྒྱལ་རྣམས་བསམ་གཏན་མཆོག་འདིར་བརྟེན་བྱས་ནས། །བྱང་ཆུབ་མཆོག་གི་མིག་བཟང་རྙེད་པ་ལས། །སྲིད་གསུམ་མུན་སྟུག་གསལ་བའི་སྒྲོན་མེ་ཆེ། །ཤེས་རབ་ཡེ་ཤེས་འོད་ཆེན་དེ་ཁོ་ན། ༢ །བརྒྱུད་གསུམ་རིག་འཛིན་བླ་མའི་ཞལ་གྱི་ལུང་། །སངས་རྒྱས་ཡེ་ཤེས་གང་ཐུགས་ཟ་མ་ཏོག །ནོར་བུའི་སྒྲོམ་བུ་བསྐྱིལ་བ་ཕྱི་རབ་ཀྱི། །སྐལ་བཟང་དབང་རབ་དོན་དུ་ལེགས་པར་ཕྱུངས། ༣ །རིམ་དང་ཅིག་ཆར་འཇུག་པའི་ཏིང་འཛིན་སྒོ། །འབུམ་ཕྲག་མདོ་སྔགས་རིན་ཆེན་ལྡེ་མིག་གིས། །ལེགས་པར་འབྱེད་པའི་རྡོ་རྗེའི་གླེགས་བུ་འདི། །མཐོང་དང་ཐོས་རྣམས་སྲིད་པ་ཐ་མར་ངེས། ༤ །སྔོན་བྱོན་རིག་འཛིན་རྣམས་ལ་རླུང་ལྟར་གྲགས། །ཕྱིས་དུས་ནམ་མཁའི་ངོགས་སུ་རྒྱས་བཏབ་སྙམ། །དེང་དུས་ཀུན་མཁྱེན་བླ་མ་ཀཿཐོག་པས། །བདེ་ལྡན་ཞིང་ནས་གཏེར་ཆེན་འདི་རྙེད་རྒྱལ། ༥ །རྡོ་རྗེ་འཆང་དབང་པདྨ་བི་ཛ་ཡའི། །ཐུགས་དགོངས་རྫོགས་ཕྱིར་དགེ་ལེགས་རྒྱ་མཚོ་ཆེས། །གཏོང་བའི་ནོར་གྱི་སྤྲིན་ཆེན་བྲེས་པ་དང་། །ཞིང་སྐྱོང་ལྷག་བསམ་དབྱར་བྱ་མཁའ་ལ་འཕྱོ། ༦ །ཆོས་སྦྱིན་འཛད་མེད་པར་གྱི་འཕྲུལ་ཆེན་འདིར། །བརྩོན་པའི་ལེགས་བྱས་གངས་རིའི་རྗེས་འགྲོ་བ། །སྲས་བཅས་རྒྱལ་བའི་ཡོངས་བསྔོས་ཐབས་ཆེན་གྱིས། །བླ་མའི་ཟབ་དབྱིངས་རབ་ཏུ་མཉེས་ཕྱིར་བསྔོ། ༧ །མཁའ་མཉམ་ཡིད་ཅན་བགྲངས་ལས་འདས་པ་རྣམས། །དེ་བཞིན་གཤེགས་དགའི་བསམ་གཏན་བདེ་ཐོབ་ནས། །རྣམ་གྲོལ་ཞི་བ་ཆོས་སྐུའི་རྒྱལ་ཁམས་དེར། །བདེ་བླག་ཉིད་དུ་ཕྱིན་པའི་མཐུ་ཐོབ་ཤོག ༨ །ཆོས་ཚུལ་འདི་ཡང་ནུབ་མེད་དར་ཞིང་རྒྱས། །ཏིང་འཛིན་རྩལ་ཆེན་ཉི་ཟླའི་བགྲོད་པ་ལས། །མྱུར་བའི་ལམ་མཆོག་བདེན་དོན་མངོན་གྱུར་ཏེ། །མཆོག་དངོས་གྲུབ་པས་ནོར་འཛིན་ཁྱབ་གྱུར་ཅིག ༩ །སྣོད་བཅུད་རྒུད་པའི་གདུང་བ་ཞི་བ་དང་། །ཆོས་འདིའི་བྱིན་རླབས་དྲོད་ཀྱི་ལེགས་བསྲིངས་པས། །བསྐལ་བཟང་རྫོགས་ལྡན་སྙེ་མ་གསར་པ་ལ། །ཅི་དགར་སྤྱོད་པའི་བཀྲ་ཤིས་ནུབ་མེད་ཤོག ༡༠ །ཅེས་པའང་སྐྱབས་རྗེ་ཟེ་ཆེན་པ་པདྨའི་མཚན་ཅན་གྱི་གསུང་གི་བདུད་རྩིས་འཚོ་ཞིང་། རྒྱལ་བ་ཀཿཐོག་པ་ཆེན་པོའི་བཀའ་འབངས་ཀྱི་ཐ་ཆུང་འཇམ་དབྱངས་མཁྱེན་བརྩེའི་ཕྲིན་ལས་ཀྱི་བྱེད་པོར་ཡི་དམ་བཅའ་བ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་སྨོན་ཚིག་ཏུ་བྲིས་པ་སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝ་ཏུ།། །།


previousགནུབས་ཆེན་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་མཛད་པའི་སྒོམ་གྱི་གནད་གསལ་བར་ཕྱེ་བ་བསམ་གཏན་མིག་སྒྲོན།next