Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་གསུམ་པ།

4 occurrences of དྲིལ་བུ་
[Clear Hits]


  
 
དབང་གི་ཀློང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།
  
  
  
  
  
  
  
  
 
  
  
  
  
  
  
 
  
  
  
  
  
  


4 occurrences of དྲིལ་བུ་
[Clear Hits]

 
previousདབང་གི་ཀློང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།next

དབང་གི་ཀློང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།

ཨ བྷི ཥི ཉྩ སྱ དྷཱ ཏུ ཏི སྨ། །
དབང་གི་ཀློང་བཞུགས།
རྒྱ་གར་སྐད་དུ། སརྦ་དྷརྨ་ཙིཏྟ་ཛྙཱ་ན་རཱ་ཛ་སིདྡྷི་བྷ་ཀྵཾ་ཙཪྻ་ཨ་བྷྱི་ཥིཉྩ་ཡ། བོད་སྐད་དུ། གཞི་ལམ་གྱི་ཆོས་བརྗོད་བྱ་ཐམས་ཅད་ངོ་བོ་ཐ་དད་མིན་ཐབས་ཀྱིས་དེར་སྟོན་འབྲས་བུ་ལྷུན་གྱིས་གྲུབ་པའི་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཀྱི་གཞི་ལམ་འབྲས་བུ་གསུམ་འཕགས་པས་རྒྱལ་པོ་རྗོད་པར་བྱེད་པའི་ཚུལ་དངོས་གྲུབ་གཉིས་འོག་མ་ལྟར་ཐབས་གཞན་ལས་མ་བྱུང་བས་རང་བྱུང་དུ་བདག་དང་དབྱེར་མེད་དུ་རྟོགས་ནས་ཉམས་སུ་ལེན་པས་སྤྱོད་པར་བཅོས་མའམ་རྣལ་མའི་སྒོ་ནས་སམ་འཕྲུལ་གྱི་ལུང་བཅུ་དབང་བསྐུར་བ། ༈ ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་རང་རིག་པའི་ཁྱད་པར་འཕགས་པས་རྒྱལ་པོ་ཉིད་ཐམས་ཅད་ཀྱི་ངོ་བོར་ཤར་བས་ཀུན་གསལ་བའི། །དོན་དེ་བླ་མའི་ཐབས་ཀྱིས་རིག་ནས་སྣོད་དུ་དྲན་ཞིང་རིག་པ་ཐམས་ཅད་ཏིང་ངེ་འཛིན་གྱི་རོར་མ་གྱུར་པ་མེད་ཅིང་རྙོག་པ་དང་བྲལ་བས་མཆོག །བདག་དོན་གྱི་མཛད་པ། དེས་ན་བསྒོམ་བྱ་དང་སྒོམ་བྱེད་གཉིས་བདག་ཉིད་དུ་རྟོགས་པ་ཉིད་རང་བྱུང་གི་ཡེ་ཤེས་ཆོས་ཀྱི་སྐུར་གསལ་བའི་གཞན་དོན། །དེ་ལྟར་ཆོས་མ་ལུས་པ་བདག་ཉིད་སྐྱེ་མེད་དུ་གསལ་བས་འགྲོ་དོན་བྱ་མི་དགོས་ཏེ་རྡོ་རྗེ་གསུམ་གྱིས་འབད་རྩོལ་མེད་པར་ཤུགས་ཀྱིས་འགྲུབ་བོ། །དཔེ་སྐལ་ལྡན་རྣམས་ཀྱི་འདོད་པ་སྐོང་བའི་ཡིད་སྦྱིན་གྱི་ནོར་བུ་དམ་པ་རྣམས་ཀྱི་གཙུག་གི་རྒྱན་ཉིད། །རང་གི་རིག་པ་ལ་ཆེ་བའི་ཡོན་ཏན་གྱི་གཏེར་ཆེན་རོ་གསུམ་དུས་གཅིག་ཏུ་མྱོང་བས་མུ་ཁའི་གདོང་། །མཐར་ཕྱིན་པ་དེའི་ཚད་ནི་གཟུང་བ་ལས་འདས་པའི་སྐུ་གསུང་ཐུགས་ཏེ་ནམ་མཁའ་ལྟ་བུའོ། །སྐབས་འདིར་དོན་ཇི་ལྟར་མཛད་ན་ཐུན་མོང་གི་ཐེག་པ་རྣམས་ཐབས་ཡིན་ཀྱང་རྒྱལ་པོ་མིན་ལ་འདིར། ཐབས་ཀྱི་རྒྱལ་པོར་ཡིན་ཏེ་ཟིལ་གྱིས་གནོན་པ་དང་། རྩོལ་བ་མེད་པས་ཀུན་གྲུབ་པ་དང་། བཅོས་མ་ཐམས་ཅད་རྣལ་མའི་ཁོངས་སུ་གནས་པའི་ཕྱིར་རོ། །དབང་བསྐུར་བ། །ནི་ཆེ་ཆུང་གིས་གཉིས་ཡིན་ཏེ་དེ་ཉིད་བསྟན་པའི་ཡང་ཡིན་ལ་བཅུད་ཀྱང་ཡིན་པས་དེ་མངའ་བས་དུ་རྫོགས་པ་ཡི། །གསང་བའི་བདག་པོ་སེམས་དཔའ་རྡོ་རྗེ་འགྲོ་བ་ཐམས་ཅད་ཀྱི་ཡིད་ཀྱི་གཅིག་ཏུ་མཛད་ནས་དེ་ཉིད་ཀྱང་སྐྱེ་མེད་དུ་རྟོགས་པའི་བདག་ཉིད་དེས་དབང་ལ་བརྟེན་ནས་ཅི་མཛད་ན། །འགྲོ་བ་དབང་གཉིས་ཀྱིས་ཉིད་ཀྱི་ཐུགས་སུ་དབྱེར་མེད་པར་སྨིན་པར་བྱེད་དེ། །གང་ལ་དགོངས་ན་དུས་༼འགྲེལ་པ་ན་གཅིག་པོ་འདི་མེད་༽ཐ་མའི་སྙིགས་མ་ལྔ་བདོ་བའི་སེམས་ཅན་ལ་དགོངས་པ། །གསང་བ་གསུམ་ལས་བྱུང་ཞིང་གནས་པས་གསང་བའི་རྡོ་རྗེ་མཐའ་དག་གི་གཏེར་འཆད་བར་སོ་སོར་དབང་བསྐུར་ཐོབ་པ་སྟེ་ཡོན་ཏན་དུ་མའི་བདག་ཉིད་དེ་ལ་མོས། ༈ །སངས་རྒྱས་ཀྱི་བསྟན་པ་གསུམ་དང་གཉིས་ལ་ལྔ་སྟེ། སྐུ་བཞུགས་པའི་ཞལ་དཀོན་པའི། ཚིག་ཏུ་བསྡུས་ཏེ་གནས་པའི། མངོན་པར་རྟོགས་ཤིང་སྒྲུབ་པའི། སྙིགས་མ་དང་འབྲེལ་བའི་དུས་སོ། །མཐའ་མ་ཅན་གྱི། །དུས་སུ་རྒྱུད་ཉོན་མོངས་པ་དྲག་པས་གདུལ་དཀའ་བ་དང་། ཚེ་ཐུང་ལ་མོས་ཆུང་ཚེགས་ཆུང་བས་དོན་མཐའ་དག་རྟོགས་པར་འདོད་པ་དེ་གང་གིས་འདུལ་ན་བས། །འདིའི་དབང་ཐབས་ནི་འཕྲུལ་ཚིག་གི་སྒྲ་སྟེ་གཅིག །རྟོགས་པས་ཐེག་པའི་དོན་ཀུན་གྱི་ལམ་འབྲས་རྫོགས་པར་རྟོགས་པའི་བདག །ལུང་གསུམ་པོ་ཐམས་ཅད་བྱ་བྲལ་རྫོགས་པ་གཅིག་པུར་འདུས་པར་རྟོགས་ཏེ་དགོངས་པ་རིམ་པར་བརྒྱུད་པ་ཡི། །དགུ་རུམ་རྒྱལ་བ་ཀུན་གྱི་ཐུགས་ལ་བརྣག་ཅིང་སྦས་པ་སེམས་ཀྱི་གཏེར། །འདི་མ་རྟོགས་ན་ཐེག་པ་གཞན་གྱིས་མི་རྟོགས་པ་ནི། ལོང་བ་ཨུ་ལུ་པྲ་ཤ་ཀས། །ཡན་ལག་མེད་པས་ལམ་དུ་འཇུག་ཅིང་སྤྱོད་ལམ་ཡངས་པར་སྤྱད་པའི་ཉམས་མེད་པ་ལྟར་དུ་འདི་མ་རྟོགས་པས། །ཡིད་སྨོན་ལམ་ཅན་གྱི་ཐེག་པ་བརྒྱད་ལམ་འབྲས་ཀྱིས་རྗེས་སུ་ཞེན་ཅིང་ཆགས་པའི་རྣལ་འབྱོར་པ་ལ། །དོན་ཕྱོགས་མེད་ཚིག་དང་བྲལ་བ་ནི་ཚིག་མཐའ་ཅན་གྱི་རྐྱེན་གྱིས་བརྗོད་པའི་ཡུལ་མིན་པས་མི་རྟོགས་ཀྱང་། །རྒྱལ་པོ་མེ་ལོང་གི་གདོང་པ་ཅན། འཕྲུལ་གྱི་ཁང་པ་ན་མེ་ལོང་སྒོ་དགུ་ལ་བལྟས་པ་བཞིན། །དོན་ཇི་ལྟར་བལྟས་ཀྱང་རྟོག་མེད་རང་བྱུང་སྙིང་པོ་མཐོང་བའི་ལམ་དང་ལས་གཞན་མེད་པར་ངོ་སྤྲད། །དེ་རྟོགས་པའི་དོན་སྒོམ་པ་ལ་ཡེངས་མ་ཡེངས་ཀྱི་རེ་དོགས་མེད་པས་སྒོམ། མེད་དོན་གྱི་གཟེར་ཆེན་གདབ། །སངས་རྒྱས་གཞན་ན་མེད་པས་བགྲོད་པའི་ཡུལ་མེད་རྟོག་པ་ཉིད་ཡེ་ཤེས་གསལ་བས་རྟོག་པའི་འཇིམ་རྫབ་ལས་བསྒྲལ། །ཚིག་གི་བརྗོད་པའི་ལམ་ཆད་དེ་གཏན་ལ་མི་ཕེབས་ཀྱང་ཡེ་ཤེས་སྒྲོན་མའི་ཐབས་དང་མན་ངག་འདི་ས་སྟོན་ཏོ། །མ་ཧཱ་དེ་ཝས་བིཥྞུ་ཙཀྲ་ལ་དྲག་པོ་ཨེའི་ལིངྒའི་ནང་དུ་སྔགས། བྱུག་པ། ཕྱག་མཚན་གྱི་དབང་བསྐུར་བས། མི་མཐུན་པ་དུས་གཅིག་ལ་བཅོམ་ནས་རང་གི་རིགས་སུ་བལྟས་པ་བཞིན་ཏེ། །དོན་རྡོ་རྗེ་དེ་ཚིག་ལམ་གྱི་ཐབས་ཀྱིས་སེམས་ཀྱི་སྒོ་འབྱེད་པ་ལྡེ་མིག་སྟེ་ལྷུན་གྲུབ་གསུམ་འབྱེད་པའོ། །འཕྲུལ་མིག་མན་ངག་འདི་གཅིག་ནས་གཅིག་ཏུ་བརྒྱུད་པའི་ཟམ་པ་མ་ཆད་པའི་ལོ་རྒྱུས་ནི་པར། །བཀའ་ཇི་ལྟར་ཐོབ་ན་དབང་པོ་ལྷ་ཡི་དྲིན་གྱིས་སུམ་ཅུ་རྩ་གསུམ་གྱི་གནས། །དེ་རུ་ལྷུངས་ནས་འཛམ་བུ་གླིང་དུ་སྣོད་ལྡན་གྱི་དོན་དུ་བབས། །ལག་ན་རྡོ་རྗེ་ཉིད་ཀྱིས་མངོན་སུམ་དུ་དགའ་རབ་ལ་དབང་བསྐུར་ཏེ། །ཡུན་དུས་མཐའ་འི་སྐད་ཅིག་ཉིད་ཀྱིས་འབྲས་བུ་རྒྱལ་བའི་ས་ལ་བཀོད། །མན་ངག་གི་མཚན་འཕྲུལ་མིག་བརྒྱུད་པའི་རྡོ་རྗེ་ཟམ་པ་ཡིན་ནོ། ༈ །གནས་ཚུལ་རང་བྱུང་ལྷུན་གྲུབ་དེ་རྣལ་མའི་དབང་གིས་བདེ་བ་ཆེན་པོའི་དོན་ཉམས་སུ་མྱོང་པའི་ངང་། །འདོད་པའི་དོན་ཀུན་གཞན་ནས་ཐོབ་པར་རེ་བ་མེད། །དེ་ཚུལ་གང་གིས་ཤེ་ན། ཡོན་ཏན་ཐམས་ཅད་ཀྱི་རྩ་བ་རང་སེམས་དག་པར་རྟོག་པ་ལ། །སྔགས་ཀྱི་ཐེག་པ་ལྟར་ལྷའི་བཞུགས་གནས་ཀྱི་མཎྜལ་དཀྱིལ་འཁོར་བསྐྱེད་པ་མེད་དོ། །ཆོས་ཐམས་ཅད་རང་བྱུང་ཡེ་ཤེས་སྐྱེ་མེད་ཀྱི་འོད་རང་གསལ་བ་དེ་ལ། །རྩོལ་བས་ལྟ་བའི་ཐེག་པ་བརྒྱད་པོ་རྟོག་པ་ལས་འདས་ཏེ་མི་གནས་པའོ། །རང་གི་སེམས་ཉིད་དུ་ཐམས་ཅད་གཅིག་པས་ཕྱོགས་རིས་མེད་པའི་ཕྱག་རྒྱར་འདུས་ཤིང་གསལ་བ་ནི། །འོག་མ་ལྟར་ཕྱོགས་འཛིན་གྱི་བསམ་བརྗོད་དང་བྲལ་བའི་ཏིང་ངེ་འཛིན་ནི་མཆོག་ཅེས་བྱའོ། །ཐམས་ཅད་དུ་སྣང་ཡང་རིག་པ་ལས་མི་འགྱུར་བས་བསྐྱེད་དུ་བྱར་མེད་པས་ནི་མཆོག་གི་དངོས་གྲུབ་སྟེ། །དེ་ཅིས་ཤེ་ན་འཇིག་རྟེན་ལས་འདས་པ་ཀུན་མཁྱེན་གྱི་གོ་འཕང་དང་འཇིག་རྟེན་པའི། །མིག་རྣོན་ལ་སོགས་པ་ཐུན་མོང་གི་དངོས་གྲུབ་ཇི་སྙེད་པ་ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །སེམས་ཉིད་ཇི་ལྟ་བར་རྟོགས་པ་ལ་རྫོགས་ཏེ་རང་བཞིན་གྱིས་ལྷུན་གྱིས་གྲུབ་བོ། ༈ །རྟོགས་པ་དབང་དུ་བསྟན་པ། དངོས་པོའི་ཆོས་ཐམས་ཅད་རང་བྱུང་རྒྱལ་པོར་བདག་ཉིད་ཡེ་དབང་ཐོབ་ཅིང་སྣང་སྲིད་རང་དབང་དུ་ཤར་ཅིང་གནས་པས། །ཐུན་མོང་དབང་བསྐུར་བ་ལ་ཞེན་པའི་ཆ་གཉིས་ལས་གྲོལ་བས་མི་རྟོག་ཀྱང་། །ཐབས་བསྟན་པ་ནི། སྣང་སྲིད་དྲན་རྟོག་བརྡ་ལ་དོན་ནི་ལྷུན་གྲུབ་གསུམ་སྟེ་དེ་ཉིད་ཀྱང་དགྲོལ་བའི་དོན་བརྡ་ཚིག་དབང་གི་མན་ངག་བསྟན་པ་ནི་སྦྱིན་པའོ། །དེ་ལྟར་གྱུར་ཅིང་ཉམས་སུ་མྱོངས་པས་རེ་དོགས་མེད་པའི་སེམས་གང་ལ་ན་འོག་ནས་སྟོན་པའི་རིགས་ཅན་ལ་བསྟན། །དབང་དེས་རྟོགས་ན་སྤྱོད་ཡུལ་རང་གྲོལ་བའི་ཏིང་ངེ་འཛིན་ལ་འབྱུང་འཇུག་མེད་པའི་དབྱིངས་ལ་རྟོག་པ་རང་སར་གྲོལ་བས་ཐིམ་མོ། །དབང་པོ་འབྲིང་གིས་ཡན་མི་ཐུབ་པས་དོན་རྟག་ཏུ་དྲན་པ་རྐྱེན་གྱི་དུས་གསུམ་བར་མ་ལ་གནས་པའི་མན་ངག་སྦྱིན། །རིག་པ་དྲན་རྟོག་ནི་སྙིགས་མའི་རླུང་གི་གཡོ་བས་སྤར་ནས། །འཛིན་མེད་རྫོགས་ཆེན་གྱི་ངང་ལ་མི་གནས་ལ། །གཡོ་འཛིན་རླུང་གི་མན་ངག་འོག་ནས་འབྱུང་བ་ལྟར་སྦྱིན་པར་བྱའོ། །རྟོག་པའི་རླུང་གིས་ཏིང་ངེ་འཛིན་དྲན་པ་ལ་བསྐྱོད་ཅིང་། །མཚན་མ་ཡུལ་སྟུག་པའི་སྤྲོས་པས་འཆེལ་བ་ལ། །ཐུན་མོང་མ་ཡིན་པ་བདེ་བ་ཆེན་པོ་ཐིག་ལེའི་མན་ངག་ཇི་ལྟར་འཚམ་པར་སྦྱིན། ༈ །སེམས་ཀྱི་རྣམ་གྲངས་རྟོག་པ་ཅན་དང་མཚན་མ་ཅན་ལ་སོགས་པ་གང་དང་གང་། །བཅོས་མའི་ཐབས་མཐའ་ཡས་པ་དེ་དང་དེ་ཡི་རྗེས་སུ་མཐུན་པར། །རྡོ་རྗེ་ཟམ་པའི་བརྒྱུད་པ་མ་ཆད་པའི། །བླ་མ་རིན་ཆེན་སྲོག་འགྱུར་དེས། །བློ་དང་འཚལ་ཚད་དེ་བསྟན་པ་དེའི་སྒོ་ནས་གཏེར་ཁ་དབྱེ། །དེ་ཉིད་འདིར་འཇུག་པའི་སྒོ་ཀུན་ཕྱེ་བ་ཡིན། །དབྱིག་གི་རྫས་དང་ཕྲད་པ་ཡིན། །དཔེར་ན་ལྷ་སྤྲུལ་པ་བརྒྱ་བྱིན་གྱི་སྤྱི་བོ་ཡི་གཙུག་གི་ནོར་བུ་མིས་མ་མཐོང་བར་ཡོད་པ་དེ་ལ། །མཎྜལ་བརྩེགས་པའི་སྒོ་བཞི་ཡོད་དེ། །དེ་གང་ཕྱེའང་ནོར་བུ་དེ་ཉིད་ཡོད་པས་མཆོད་ན་ཡོན་ཏན་ཆེ་ཆུང་དུ་ཐོབ་པར་འགྱུར། ༈ །སྤྱི་བླུགས་ཀྱི་དབང་འདི་ནི་ཐབས་རྒྱལ་རིན་ཆེན་དེ། །རྟོགས་པའི་དུས་ན་འབད་རྩོལ་དང་བྲལ་བའི་དངོས་གྲུབ་ཐོབ་པ་ཡིན། །རྒྱུ་འབྲས་མེད་པའི་མཐར་ཕྱིན་ལྷུན་གྲུབ་ཡིན། །སྔགས་བཟླས་པ་དང་ཚིག་བརྗོད་པ་དང་བྲལ་བའི་ནུས་མཐུ་ཡིན། །ཉམས་ཐ་སྙད་བྲལ་བའི་དོན་རིག་པས་མཚོན་པ་ཡིན། །ལས་བཞིའི་རྩོལ་བ་དང་བྲལ་བའི་དངོས་གྲུབ་ཡིན། །ཉམས་ཀྱི་སྣང་སྲིད་འཆིང་བ་དང་བྲལ་ཏེ་བདེ་ཆེན་སྟོན་པས་ལྟ་བ་ཡིན། །གང་སྤྱད་ཀྱང་ཚངས་པ་ཆེན་པོ་ལས་འདའ་བ་མེད་པས་དམ་ཚིག་ཡིན། །ཐ་མལ་གྱི་རྟོག་པ་དང་ཕྱོགས་འཛིན་སྤངས་པས་སངས་རྒྱས་ཡིན། །ཐབས་ཀྱིས་ཐམས་ཅད་ལ་སྤོང་ལེན་མེད་པར་རོལ་པས་འཁོར་བའང་མ་སྤངས་ཏེ་རེ་དོགས་ཆོད་པ་ཡིན། །ཕྱོགས་གཅིག་པ་མིན་པས་ཐེག་པའི་རིམ་པ་མ་ལུས་དང་། །བསྐྱེད་དུ་བྱར་མེད་པས་རྒྱལ་བའི་ཐུགས་བཅུད་དངོས་གང་ཡིན། །ཇི་ལྟར་སྣང་བ་ཐམས་ཅད་རོ་གཅིག་པས་དངོས་པོ་ཀུན་གྱི་བདག་ཉིད་དོ། ༈ །དེའི་ཚེ་ན་བསྟན་པའི་ཕྱིར། འདི་ནི་རྒྱལ་བ་ཐམས་ཅད་ཀྱི། །ཐུགས་ཀྱི་བརྣག་པ་དམ་པའི་ཐབས། །གཅིག་ཏུ་འདུས་པའི་བདེ་ཆེན་ཡིན། །འདི་ལ་ངོས་བཟུང་གང་ཡང་མེད་དོ། །ཚངས་པ་ཆེན་པོ་རྟོགས་ནས་ཏིང་ངེ་འཛིན་སེམས་ཀྱི་རིམ་བཙལ་མེད། །ལུས་དང་ངག་གི་བྱ་བཙལ་མེད། །གང་ལ་དམིགས་ཀྱང་རྣམ་བྲལ་མེད། །བདག་གཞན་དུ་སྣང་ཡང་གཉིས་སྣང་བྲལ། །སྐྱེ་འཇིག་བྱུང་ཡང་འགག་བྲལ་མེད། །གནས་དང་ལྡན་ཡང་རྟེན་པ་མེད། །ཡུལ་དུ་སྣང་ཡང་འགག་པ་མེད། །ལོངས་སྤྱོད་ལྡན་ཡང་ཆགས་མེད་ཅིང་། །རིག་པ་དང་དྲན་རྟོག་ཅི་སྐྱེས་པ་ཚངས་པ་ཆེན་པོར་གསལ་བས་མ་སྤངས་པར་བྲལ་བས་བདེ་བ་མཆོག་དང་ལྡན། །དེ་ཉིད་ཀྱི་ཕྱིར་འདི་ནི་རྡོ་རྗེ་ལམ་མཆོག་སྟེ། །སྐལ་ལྡན་འབད་པ་མེད་པས་གྲོལ། །རྒྱལ་བུ་རྒྱལ་ཐབས་ཐོབ་པ་དང་འདྲ་བ་ནི་དཔེའོ། །དོན་སེམས་ཀྱི་རིན་ཆེན་དབང་། །སྤྱི་བོའི་བཅུད་ཀྱིས་ལུས་ཀུན་ལ་ཁྱབ་པ་ལྟར་རིག་པ་སྤྱི་བླུགས་སུ་ཤར་བས་སྤྱི་བླུགས་ཚངས་པའི་དབང་ཞེས་བྱ། ༈ །བསྐུར་ཚུལ་འབྲས་བུ་དང་བཅས་པ་སེམས་ཉིད་རིན་ཆེན་དབང་གིས་དངོས་པོ་གཅིག་གིས་རྟོགས་ན། །ཐེག་པ་ཐམས་ཅད་ཀྱི་དབང་བསྐུར་བ་མེད་པར་རྫོགས་པར་སྦྱིན་པར་བྱས་པས། །སྣང་སྲིད་བདེ་བར་ཤར་བས་ཕྲག་བརྒྱའི་དབང་ཐོབ་སྟེ། །ཞིང་ཁམས་བདེ་བ་དང་སྟོང་པ་གཉི་གའང་བདེ་བར་མ་བཙལ་བར་ལོངས་སྤྱོད། །བརྐམ་ཆགས་ཉོན་མོངས་པ་ལྔ་སྙིང་གི་པདྨ་ཡི་མན་ངག་གི་སྦྱོར་བ་ཡིས། །རང་འདོད་པ་ཇི་ལྟར་མོས་པ་ལྟར་འི་དངོས་གྲུབ་སྩོལ་ཏེ་འབྱུང་ངོ་། ༈ །འོག་མའི་གདམས་ངག་སྤོང་ལེན་དང་བཅས་པའི་ཏིང་ངེ་འཛིན་གྱིས། །ཐོབ་ཏུ་རེ་མ་ཐོབ་ཏུ་དོགས་འབྲས་བུ་དངོས་དང་བཅས་པ་དེས་ནར་མི་སོན་ཏེ། །ཐོབ་པའི་འབྲས་བུ་རང་ལ་གནས་པ་ལས་མ་ཡིན་ཏེ་གཞན་དུ་བཙལ་ཡང་ན། །རྟོགས་ནས་གྲོལ་བའི་འབྲས་བུ་རང་ལས་བྱུང་གི་གཞན་ལས་འབྱུང་བ་མིན་ནོ། ༈ །སྤྱིར་གང་འདོད་པ་ལ་མོས་པའི་འབྲས་བུ་རྒྱུ་རྐྱེན་ལས་བྱུང་བ་ཅན། །རང་རང་གི་སྟོན་པའི་བཀའ་དང་རང་རང་གི་རྟགས་དང་གདམས་པ་དང་བདེན་པའི་ཚིག་གི་དབང་བསྐུར་བ་ན་ཀ༽སྟེ་བཅོས་མ་སྤྱིར་བསྟན་ནོ། །ནུབ་པ་བརྟན་པས་ང་ག༽རྒྱལ་དུ་འཛིན་པའི་དབང་ཐོབ་སྟེ་གོམས་ཤིང་བརྟན་པས། །དེ་ལྟར་བརྟན་པའི་འབྲས་བུ་དགྲ་ཅ༽བཅོམ་པའི་ས་ལའང་འཇུག་པར་ནུས་སོ། །ཡུལ་འཛིན་ང༽ པའི་དབང་ཤེས་དྲུག་དང་བྲལ་བའི་ཡེ་ཤེས་ལ། །བདེན་བཞི་ལ་ཀུན་འབྱུང་སྡུག་བསྔལ་ཇེ་ཕྲ་ལ་ལམ་གོམས་པས་འཁོར་བའི་རྒྱུ་འབྲས་འགོག་པར་གསལ་བའི་དབང་སྦྱིན་ཞིང་། །སྲོག་རྟོག་པ་ཁ༽ཕྱི་ནང་དུ་རྒྱུ་ཞིང་རྟོག་པ་འཕེལ་བའི་ལས་ཀྱི་བྱེད་པ་སྙིགས་མའི་རླུང་ནང་དུ་བཟུང་བ་སྟེ། །དཔེར་ན་ཆུ་གཟར་འབབ་པའི་ཐིགས་པ་མྱུར་བ་སྟེ་བགྲང་བའི་གྲངས་ཀྱིས་གཟུང་བའམ། །དེ་ལས་སུ་རུང་བས་རྒྱུ་བ་དང་རྟོག་པ་ཆད་པ་ནི་རླུང་གིས་བསྐྱོོད་པའི་སྨིག་རྒྱུ་ལྟ་བུའམ། །རླུང་ཡིད་ལ་ཐིམ་རྟོག་པ་མི་རྟོག་པ་ལ་ཐིམ་པ་ནི་རྒྱ་མཚོའི་ཆུ་ལ་ཆུ་ཡི་ཚྭས། །བསྐུས་ཤིང་ཐིམ་པའི་དཔེ་དེའོ། །དོན་ཞི་གནས་ལྷག་མཐོང་འབྲེལ་པར་སྦྱར་བ་ལ། །ཞག་༼རབ་༽ ནི་ཟབ་སྟེ་དྲུག་དང་ཉིས་འགྱུར་༼འབྲིང་༽བཅུ་གཉིས་དང་སུམ་འགྱུར་༼ཐ་མ་༽བཅོ་བརྒྱད་གྱིས། །ཐབས་དེ་དག་གིས་བདེན་པ་ཆ༽གཏན་ལ་ཕེབས་པར་འགྱུར་ཏེ། །དང་པོ་ནས་བཟུང་སྟེ་བདེན་པ་བཞི་ལ་ལམ་རིམ་གྱིས་འཇུག་པར་སྦྱར་བར་བྱའོ། །གཞན་སྣོད་བཅུད་ཉ༽ཡུལ་དང་བཅས་པའང་དེ་བཞིན་དུ་གསལ་བར་བྱ། །ཚོར་བ་ཇ༽སྡུག་བསྔལ་ན་བའི་རྒྱུན་ལ་བསྒོམ་པར་བྱ་རང་ལ་གོམས་ནས། །རང་རྒྱལ་རྟེན་འབྲེལ་ལུགས་འབྱུང་ལ་ཡིད་མུ་སྟེགས་ཐ་མལ་འཁོར་བ་ལ་བརྟན་པར་འཛིན་པ་དེའང་ལུགས་ཟློག་གིས་བཟློག་པ་ཡིན། །མུ་སྟེགས་ཀྱི་བདག་འཛིན་གྱིས་སྟོང་པར་འཛིན་པ་ཉིད་དམིགས་པ་དངོས་པོ་ཡིན་ནོ། །ང་རྒྱལ་མ་རིག་པ་ཁོང་སྟོང་ལ་ཆེད་དུ་འཛིན་པའང་དེ་ཉིད་དང་འདྲ་བ་ཡིན་ཏེ། །བདག་མེད་པ་ནི་དམིགས་པ་དང་བྲལ་བ་ཡིན་བས་སོ། །དེ་དག་ལས་སུ་རུང་ནས་ནས་ཕུལ་རེ་རིམ་གྱིས་རེ་རེ་ཕྲི་སྟེ་འབྲུ་ཟད་ནས་འོ་མ་ལ་བརྟེན་ཐ་མ་ཁ་ཟས་དང་ཟག་པ་བྲལ་བར་བྱས་ཏེ། །དེ་གྲུབ་པའི་ཚད་ནི་ཟླ་བ་གོང་བཞིན་སུམ་འགྱུར་ཚུན་ཆད་དོ། །ཁམ་གྱི་ཟས་དང་བྲལ་ཏེ་ཟག་པ་ཟད་ནས་སེམས་ཡུལ་ལ་མི་འཕྲོ་བར་དབུགས་ཀྱི་དགང་སྟེ་ནང་དུ་འཇུག་པས་འཚོའོ། །དེའི་ཚད་དབུགས་ནང་དུ་གཟུང་བ་དང་དེ་ལྟེ་བའི་ཐད་ཀར་གཟུང་སེམས་སུ་རྩེ་གཅིག་ཏུ་གཟུང་བ་དང་བཅས། །ལོ་གཅིག་བར་གྱིས་འདྲེས་པར་དགང་། །བ་ལ་གོམས་པ་བརྟན་ནས་དབུགས་ཀྱི་རྒྱུ་བའང་དེ་ནས་ཟད། །དེ་ཆད་པར་གྱུར་པས་སེམས་ཀྱི་འཛིན་པ་དང་རྟོག་པའང་དེ་ནས་མི་གནས་པར་ཉམས། །པར་གྱུར་དེ་ནས་འབྲས་བུ་བཞི་ལ་གནས་སོ། །བློ་ཆེ་བས་དུས་རིང་ཞིག་དང་བྲལ་ན་གང་རུང་ལ་རྐྱེན་གྱིས་རྒྱལ་ཐབས་ཀྱི་དབང་བསྐུར་དུ་རུང་བའོ། ༈ །གང་ཟག་གང་གིས་ན་བྱང་འབྲས་བུ། ཆུབ་ཀྱི་མིང་རྒྱུ་ལ་བཏགས་པ་སྟེ་གཞན་གྱི་དོན་བྱ་བར་སེམས་དཔའ་འི་བློ་ལྡན་གྱིས་འཇུག །དམ་ཚིག་རང་རྒྱུད་པའི་སྒོ་གསུམ་འདུལ་ཞིང་བྱ་བ་མ་ཡིན་བའི་ཆ་སྡོམ་ཞིང་འདའ་བར་དཀའ་བ་ལ་གནས་པའི་དམ་ཚིག་ནོས་ཏེ། །མཐུན་སྣང་ཀུན་རྫོབ་རང་གི་འདོད་པ་སྐྱོན་མེད་པ་དོན་དམ་སྟེ་བདེན་གཉིས་ངོས་བཟུང་མེད་ཅིང་མི་རྟོག་པར་རྟོགས་པས་དོན་ལ་འཇུག་པའི་ལམ་བརྟན་ཏེ། །ལྟ་བ་སེམས་ཅན་གྱི་རྒྱུད་ཀྱི་ཆོས་ཐམས་ཅད་ཀྱི་རང་སྤྱིའི་མཚན་ཉིད་རྟོགས་ནས། །ཏིང་ངེ་འཛིན་ལས་སུ་རུང་བས་ཞི་གནས་རྩེ་གཅིག་པས་ཤེས་པ་དང་འབྲེལ་བའི་གནས་ཡུལ་དྲུག་སྦྱར། །ཏེ་ཤེས་པ་མི་འཇུག་པའོ། །ལྷག་མཐོང་གསལ་ཡང་ན་རྒྱན་ལས། ལམ་ལྔར་ཚོགས་སྦྱོར་ཞི་གནས་སྦྱོར། །ལྷག་མཐོང་གསལ་བས་མཐོང་བསྒོམ་མཐར། །ཞེས་པ་བཞིན་ནོ། །བའི་ཚོགས་སྦྱོར་དང་མཐོང་ལམ་དང་ས་བཅུའི་བར་དུ་འཕེལ་བའི་སྐབས་ནི་བསྐལ་པ་གྲངས་མེད་གསུམ་དུ་འཕེལ་བར་འདོད། །ཞི་གནས་ལ་གོང་བཞིན་བརྟན་པའི་ཉམས་རྙེད་ནས། །ཏིང་ངེ་འཛིན་རྣམ་པ་དེ་གཉིས་ཟུང་དུ་འབྲེལ་བ་ནི་ལམ་གྱི་ངོ་བོའོ། །བརྟགས་པས་སྟོང་པ་ནི་མཉམ་བཞག་ནམ་མཁའ་ལྟ་བུའོ། །དེ་ཉིད་ལས་ལངས་པའི་ཚེ་ཕར་ཕྱིན་དྲུག་ལ་སྤྱད་པར་བྱ། །ཞི་གནས་ཟླ་བ་གཅིག་གིས་ནི་ཐོབ་སྟེ་བརྟན་པར་གྱུར་ནས། །ཞི་གནས་དེ་ཉིད་ཐོབ་ནས་ལྷག་མཐོང་བརྟགས་པས་སྟོང་ཐུན་སྐྱོང་ནུས་ཏེ་ཞག་ལ་སོགས་པར་བརྟན་པ་གསལ་བར་བྱ། །སྒོམ་པ་དེ་ཉིད་སྤྱོད་པ་སྟོང་པ་ཆེན་པོའི་ཀློང་ཆེན་པོར་དབྱེར་མེད་པ་ལ། །ཕལ་ཆེར་དབུགས་ཆེན་འབྱིན་པ་ཡི། །དེའི་དུས་ནི་ཤེས་རབ་ཏིང་ངེ་ལ་སོགས་ཀྱི་རྩལ་ཆུང་ན་བསྐལ་པ་དུ་མའང་གནས་པ་སྲིད་ལ་དེ་དག་དང་། །སྨོན་ལམ་གྱི་སྟོབས་དྲག་ན་མྱུར་དུ་བསྐལ་པ་གསུམ་གྱིས་འགྲུབ། །སངས་རྒྱས་ཀྱི་ས་ལ་དབང་གིས་འགྲོ་བས་ལོངས་སྤྱོད་རྫོགས་པའི་སྐུ་བྱིན་དང་ལྡན་པས་ཕྱག་གཡས་པ་བརྐྱངས་ནས། །བྱང་སེམས་ཀྱི་མགོ་བོ་ལ་ཕྱག་གསེར་གི་འཁོར་ལོ་ཅན་གྱི་ཡིད་ལ་ཞེན་པའི་གདུང་བ་བསལ་བའི་ཕྱིར་གདུགས་ཀྱིས་བཀབ་ནས་ནི། །ཅི་མ ཛད་ན་ཞི་གནས་བརྟན་པའི་ཟབ་མོ་སྟོང་རྟོག་གི་དབྱིངས་དེ་ནས་འགྲོ་དོན་ལ་བསླང་བའི་ཕྱིར་བཛྲ་ཨུ་ཏིཥྚ་ཞེས་བྱའོ། །མཚན་མ་ཐབས་ཀྱིས་ཞིང་ཁམས་ཀྱི་བྱ་བ་མང་པོ་ལ་བསླབས་ཤིང་དེ་བརྟན་པར་བྱས་ཏེ། །མཚོན་པ་ཐུན་མོང་ལོངས་སྐུ་ཡི་ཆ་བྱད་རྒྱན་དང་མཚན་དཔེ་བྱད་ལྡན་པར་བྱས་ཏེ། །བདེ་གཤེགས་ཀྱི་ཞིང་ཁམས་ཀུན་ཏུ་སྒྲོན་མ་ཉིད་དུ་བསྒྲགས་ཏེ་ལུང་བསྟན་ནོ། །དབར་བསྐུར་བའི་རྫས་ནི་རྡོ་རྗེས་སྤྱི་བོར་བུམ་པས་ཕྱག་ལ་ན་བཟའ་ས་ལུས་ཀུན་དང་། །རང་རྟགས་ཕྱག་རྒྱའི་སྙིང་ག་དང་བཞི་རུ་སྨོན་ལམ་བྱིན་རླབས་དགོངས་པས་དབང་བསྐུར་ནས། །རྣམ་པ་ཐམས་ཅད་རིག་པ་འཆར་བ་ནི་མཆོག་གི་དབང་རྣམས་ཏེ་སྐབས་ཀྱིས་བོགས་དབྱུང་དུ་མེད་པར་བསྐུར་བས་ཕྱིན་ནོ། ༈ །ཞེ་འདོད་ཅན་ལ་མོས་པའི་དོན་དུ་མཚོན་པའི་ཚིག་གསུངས་པ་ཡིན་པས། །ལྷ་རིགས་གསུམ་གྱི་ང་རྒྱལ་ཉིད་རྣམ་པའི་མཚན་མའི་བདེ་བ་ལ་མངོན་པར་ཞེན་ཅིང་ཐོབ་པར་འདོད་པས། །རྡོ་རྗེ་རྒྱལ་པོ་བྱ་བ་ལ་མཁས་པ་དབང་དམ་ཐོབ་པ་བྱིན་རླབས་དང་ལྡན་པ་ནི་ཕྱི་ཡི་བཀའ་རྟགས་ཅན་ནོ། །ལྷའི་སྐུ་གསུང་ཐུགས་དང་ཡི་གེ་མངོན་སུམ་དུ་ཐོབ་པར་འདོད་པའི། །དོན་དམ་པར་ལྟ་བ་སྟོང་པ་༡ཉིད་དང་རྣལ་འབྱོར་ཆོ་ག་ཡན་ལག་བཅུ་གཅིག་གིས་མཚན་༡མ་ལྷ་སྒོམ་ཅན། །དངོས་པོའི་གནས་ལུགས་ལ་བདེན་པ་༡༡གཉིས་ཀྱི་ལྟ་བས་བཅིངས་པས། །དངོས་པོ་གསུམ་ལ་བདེ་བ་ཆེན་པོ་ཉམས་སུ་མྱོང་བའི་སྲོག་དང་བྲལ་ལོ། །རིགས་གསུམ་རེ་རེ་ལ་སྐུ་གསུང་ཐུགས་ཀྱིས་ཕྱེ་བས་བཀའ་རྟགས་དགུ་དང་བདག་པོ་གཙོ་བོ་ཡུམ་ཁྲོ་བོ་ཕོ་ཉ་གསུམ་གསུམ་སྟེ་བཅོ་ལྔ་ཡིས། །རྣལ་འབྱོར་པའི་ལུས་ངག་སེམས་གསུམ་གྱིས་རྟོག་པའི་སྦྱངས་ནས་ཆོ་ག་ལྔ་དང་བྱིན་བརླབས་དྲུག་གིས་ལྷ་རིགས་གསུམ་ང་རྒྱལ་བསྐྱེད་པའོ། །མཚན་བཅས་མཚན་མེད་ཀྱི་ཏིང་འཛིན་གྱིས་རྡོ་རྗེ་འཛིན་པའི་ས་ལ་སེམས་ཀྱི་སྨོན་པ་འདིངས། །མཆོད་རྫས་སྒྲུབ་རྫས་ཀྱི་དངོས་པོའི་སྨན་དང་ལྷ་སྔགས་དང་སྒྲུབ་པའི་སྔགས་སྦྱོར་གྱིས། །བསྒྲུབས་པའི་མིག་རྣོན་རྐང་མགྱོགས་ལ་སོགས་པའི་འཇིག་རྟེན་གསུམ་གྱི་བྱ་བ་བྱེད་པར་བསྟན། །དོན་བཟང་ངན་གཙང་སྨེ་མེད་པ་དང་ལྷ་བཟང་ངན་སྤྱོད་པ་ལ་གཙང་སྨེར་འདོད་པས་མ་མཐུན་ཡང་ཕྱག་རྡོར་གསུམ་གྱི་བསྟན་པ་སོ་སོར་སྣང་བ་ནི། །བློ་ཆེ་ཆུང་ཡི་རིམ་པ་བཞིན་དྲང་བ་དང་། །ཐབས་མི་མཐུན་པ་ཀུན་ཀྱི་བདག་པོར་དབང་བསྐུར་བས་རིམ་པར་བྱུང་བ་ནི། །ཁྲུས་དང་གཙང་སྦྲ་ཆོ་གས་འགྲུབ་པའི་གཙང་མའི་ལག་ན་རྡོ་རྗེ་དང་། །རྣལ་འབྱོར་གྱི་སྒོ་ནས་རིགས་བཞིའི་སེམས་དཔའ་དང་མོ་བཞིར་གྱུར་པས་དཔལ་འབྱུང་ལག་ན་རྡོ་རྗེ་དང་། །གདུག་པ་འདུལ་བས་དཔའ་དམ་རྫས་ལ་བརྟུལ་ཞུགས་དང་ལྡན་པ་སྟོབས་ཀྱི་རྡོ་རྗེར་དང་གསུམ་དུ་སྤྲུལ་ལོ། །ཀྲི་ཡ་རིགས་གསུམ་ཨུ་པ་ཡ་རིགས་བཞི་ཡོ་ག་རིགས་ལྔ་དང་། །དེ་བཞིན་རིགས་དང་གཅིག་རིགས་སྟོང་ལ་སོགས་པ་མཐའ་ཡས་པ་རྣལ་འབྱོར་ཆེན་པོ་དང་། །རང་གང་འདོད་པའི་ལྷ་ཕྱག་ན་རྡོ་རྗེ་དང་བཞི་རུ་ང་སྤྲུལ་ཏེ། །ཅི་མཛད་ན་བློ་ཆེ་ཆུང་དང་མཐུན་པའི་བསྟན་པ་སྔགས་ཀྱི་ཐེག་པ་བཞི་བྱིན་ནོ། །དེ་ཡང་རྒྱལ་པོའི་བཀའ་བསྒོ་བ་ཁ་བློན་ཆེན་པོས་བསྒྱུར་བའི་ཚིག་གམ། །ཝཱ་ར་ཎ་སཱིའི་ཚོས་མ་ཡིས་ཁ་དོག་ཇི་ལྟར་བསྒྱུར་བ་ལྟར་འགྱུར་བ་དཔེ་དེ་བཞིན་དུ། །སྙིགས་མའི་འདུལ་ཞིང་འགྲོ་བ་རྣམས་སྔགས་ཀྱི་ཐེག་པ་སྣ་ཚོགས་ཀྱིས་འདུལ་བའང་དེ་བཞིན་ནོ། །འདི་ནི་དངོས་སུ་མི་སྟོན་པས་བརྒྱུད་པའི་སྦྱོར་བ་སྟེ། །བཅོས་མ་དངོས་འཛིན་རྟོག་པ་དེ་མ་བཅོས་པས་སྤང་བར་བྱའོ། ༈ །གནས་ཝཱ་ར་ཎ་སཱིའི་བསིལ་ཁང་དུ། །སྟོན་པ་གཙང་མའི་ལག་ན་རྡོ་རྗེ་ཡིས། །དཀྱིལ་འཁོར། ཕལ་པ་དང་མི་མཉམ་སྟེ། རྐང་མཐེབ་སེན་མོའི༴ ཞེས་པ་གཉིས་དྲང་། ཕྱག་ན་རྡོ་རྗེ་དེ་ཉིད་ཀྱི་ལག་མཐིལ་གཙང་མའི་དྲིས་བྱུགས་ཏེ། །རིགས་གསུམ་སྟོབས་ཀྱིས་དཀྱིལ་འཁོར་བྲིས་པའོ། །འཁོར་དམ་པ་གསུམ་བྲམ་ཟེ་གཙང་མ། ཁྱིམ་བདག་དམ་པ། ཀུ་ཀུ་རཱ་ཛ། ལ་དམ་ཕོག་དལ་དུ་བཅུག་ཅིང་ངེས་པར་བསྟན་པའོ། །འཕྲུལ་ཐབས་གྱི་མེ་ལོང་རིགས་གསུམ་ལ་དགུར་ཕྱེ་བ་སྟེ་དེ་དལ་དུ་བཀྲམ་སྟེ་བཀོད་པའོ། །ལྷའི་ཀཱ་ཝཱ་ཙིར་དམིགས་པས་ཉན་རང་བྱང་སེམས་ཐ་མལ་གྱི་དངོས་པོའི་རྟོག་པ་སྦྱངས། །ལྷ་བཅོ་ལྔ་དང་ཉེར་གཅིག་ཡི་མངོན་རྟགས་དལ་དུ་བཅུག་སྡོམ་པ་ཕོག་དབང་བསྐུར་བ་ནི་ལག་ཏུ་གཏད་པའོ། །འབྲས་བུ་གཙང་མ་རྡོ་རྗེ་འཛིན་པའི་ས་ལ་སྦྱར་ནས་ངེས་པར་བཀོད་དེ། །དེ་ཡང་རྣལ་མའི་དབང་མིན་པས་བཅོས་མའི་སྦྱོར་བ་ཡིན། ༈ །གནས་རིན་ཆེན་ལྷུན་སྟུག་བྱེ་བྲག་པར་བརྩེགས་པའི་གཞལ་ཡས་ཁང་། །སྤྱིའི་རི་བོ་འབར་བའི་རི་རབ་རིའི་རྩེ་མོ་ལ་བྱའོ། །སྟོན་པ་དཔལ་འབྱུང་ལག་ན་རྡོ་རྗེ་ཡིས། །རྡོ་རྗེ་དབྱིངས་ནི་རྡོ་རྗེ་ལ་སྐུ་གསུང་ཐུགས་རྡོ་རྗེ་ཕྲ་མོ་དེར་ཞུགས་པ་ལ་བཏགས་པའོ། །ཀྱི་དཀྱིལ་འཁོར་ནི་གསུམ་མོ། །འབར་བ་ནི་ཡོན་ཏན་འོད་དང་བཅས་པའོ། །རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་མངོན་དུ་ཕྱུང་སྟེ་བསྟན། །གང་ལ་ན་དམ་པ་ཀུ་ཀུ་རཱ་ཛ། ཨིནྡྲ་བྷུ་ཏི། ལྕམ་གོ་མ་ལ་མཚན་ཅན། ཏཀྵ་ནཀྵ་ཨཀྵ་བྱ་བ་དང་ཨ་ཏི་ཀ་ཙནྡྲ་ལྔ་ལ་མངོན་དུ་བསྟན། །སྟུག་པོ་བཀོད་པའི་གནས་ལྷ་བྲག་རྡོ་རྗེའི་རྫོང་ཕུག་ཏུ། །གཙང་མའི་རིགས་འཛིན་ཏེ་དབང་གི་གྲལ་དུ་བཀོད་པའོ། །དེ་ཡང་བཅོས་མའི་དཀྱིལ་འཁོར་ཡིན། །མ་ཡིན་པ་ལ་ཡིན་པར་བསྒོམས་པའི་ཏིང་འཛིན་ནི་ཡིད་སྨོན་པའི་སྦྱོར་བ་སྟེ། །དབུ་རྒྱན་བུམ་པ་ཅོད་པན་ལ་སོགས་པའི་དབང་རྟགས་སྦྱོར་བས་བློའི་ཞེན་པས་ང་རྒྱལ་སྨིན། །སྒོ་གསུམ་ལྷའི་ངོ་བོར་མཉམ་པ་ཉིད་ཀྱི་ལྟ་བའི་ཚིག་འཛིན་ཅིང་། །སྤྱོད་པ་དེའང་དོན་སྤྲོས་པ་མེད་པ་མཉམ་པའི་ཚིག་ཙམ་ལས་ཀྱང་འདས། །དལ་དུ་ཞུགས་པ་ལ་རིགས་ལྔའི་དམ་ཚིག་ཕོག་པའང་ཡིན་ལ་བསྟེན་པའི་ལམ་གཞི་ཅན། །ལྟ་བ་དང་རྒོད་པ་དང་ཡན་ལག་བཞི་འཁྱུད་པ་ཡིན། །སྦྱོར་བའི་དམ་ཚིག་བསྟན་པ་ཡིན་གྱི་དངོས་སུ་དབང་པོ་གཉིས་སྦྱོར་བ་མིན་ནོ། །རྡོ་རྗེ་སེམས་དཔའི་གནས་འདུག་ན། །ཁམས་གསུམ་བསད་ཀྱང་སྡིག་པ་མེད། །ཅེས་པས་ཞིང་བཅས་བསྒྲལ་བའི་གནས་རྣམས་ནི། །བསྒྲལ་བྱའི་རྟོག་པ་ལྷ་རུ་བསྒྱུར་ཏེ་བསྐྱེད་པ་དང་གཙོ་བོས་བསྒྲལ། །བདག་གི་ཏིང་ངེ་འཛིན་གྱི་སྦྱོར་བ་ཡིས། །བསྒྲལ་བས་སྤྱོད་པའི་དམ་པར་འདོད་དོ། །ལྷ་ཕྱིར་འཇོག་ཅིང་གྲུབ་པ་ཕྱི་ནས་འདོད་པས་ཕྱི་པ་དེའི་དོན་ལ་རྣལ་འབྱོར་བསྒོམས་ལ་ཏིང་འཛིན་རྣམས། །ཆོ་གའི་རིམ་པ་ཡང་ན་ལམ་ལྔའི་ཇི་བཞིན་ནམ། སྦྱར་བས་མངོན་དུ་ཐོབ་བྱར་འདོད་པ་དེ། །ལྷ་ལ་སོགས་པའི་ཆོ་གའི་ཡན་ལག་རྣམས། །ཏིང་ངེ་འཛིན་དང་རང་རང་གི་སེམས་ཀྱི་ཡིད་སྨོན་དུ་བལྟས་པ་ལ་འདོད་པ་འབྱུང་སྟེ། ༈ །བཅོས་མའི་དཀྱིལ་འཁོར་ལ་བརྟེན་ནས། །ཕྱི་རྟགས་ཡིད་སྨོན་དབང་བསྐུར་ཡང་། །རང་བཞིན་ལམ་དང་འཕྲད་མི་འགྱུར། །བཅོས་མའི་སྦྱོར་བའི་ཡན་ལག་གོ། ༈ །རྣལ་འབྱོར་འདོད་པ་རང་ལས་འབྱུང་བས་ཕྱི་རོལ་དུ་རག་མ་ལུས་པས་ནང་གི་རྟགས་བཏབ་པས། །སྤྱོད་པ་ལྔ། མི་སྤང་བ། དང་དུ་བླང་བའི་བརྟུལ་ཞུགས་སྤྱོད་པ་ལྷུར་བླངས་ནས། །ཕྱི་པ་གཙང་སྨེ་ཅན་གྱི་གཉེན་པོའི་སྦྱོར་བ་གཙོར་བཞག་སྟེ་བསྟན། །དམ་རྫས་གཙང་སྨེ་ལ་བླང་དོར་འཛིན་པའི་སེམས་ཀྱིས་སུ། །མཉམ་པ་ཉིད་རྡོ་རྗེའི་དོན་དུ་མ་སོན་ཏེ་ཚིག་ལ་གནས། །གང་གིས་ན་ལག་ན་རྡོ་རྗེ་གསང་བའི་བརྟུལ་ཞུགས་ཅན་ཀྱིས། །གང་ལ་བསྐུར་བའི་ཡུལ་ནི་སེམས་དཔའ་རྡོ་རྗེའི་ཏིང་འཛིན་རིག་པའི་འོག་མིན་གྱི་གནས། །ཆགས་བྲལ་གྱི་བློ་ཆགས་ཅན་གྱི་དང་མཐུན་པར་བུམ་པའི་དབང་བྱིན་ནས་གྲོལ་ལམ་གྱི། དབང་གསུམ་གྱི་དོན་བསྒྲགས་ཏེ་ཐར་བར་བྱེད། གྲོལ་བར་བྱེད། །སྤྱིའི་གནས་སུམ་ཅུ་རྩ་གསུམ་ལྷ་ཡི་གནས་ཡིན་ལ། །ཁྱད་པར་གྱི་ཆོས་བཟང་ལྷ་ཡི་འདུན་ས་རུ། །མཆོད་སྡོང་ཐབས་དང་ཤེས་རབ་ཀྱི་བདེ་བ་གཙུག་གི་མེ་ཏོག་ཐབས་ཀྱི་བྱང་སེམས་དང་། །རྡོ་རྗེ་གསང་བའི་མེ་ཏོག་ཉི་མའི་ངོ་བོ་དང་། །ལྷ་མོ་བརྒྱད་ཉིད་མཛེས་པས་ཀྱི་མེ་ཏོག་གིས། །བརྟུལ་ཞུགས། གང་ལ་ན་རྡོ་རྗེ་འཛིན་པ་ལ་མངོན་སུམ་གཏོར་ཏེ། །གཙོ་བོ་ཉིད་དགྱེས་པའི་རང་གི་ལྷག་པའི་ལྷ་ལ་ཕོག་སྟེ་ཡབ་ཡུམ་སྤྱན་འཛུམ་པ་དང་བཅས་པ་ཡིས། །མདངས་ཀྱིས་གཅིག་ལ་གཅིག་གིས་བལྟས་ཏེ་བཞུགས་པའི་དཀྱིལ་འཁོར་དུ་སེམས་དཔའ་རྡོ་རྗེ་བཅུག་སྟེ་གནས་པའོ། །པྲའི་རིམ་པས་སྣོད་བརྟགས་པ་དང་འཚམ་པར་རིམ་པར་སྦྱར་ལ་བསྟན་ཏོ། ༈ །དད་པ་དང་དམ་ཚིག་བརྩོན་འགྲུས་ལྡན་པའི་སྐུ་གསུང་ཐུགས་ལ་མོས་པ་ཅན། །སྨོན་པའི་སྦྱོར་བས་ངེས་འཕངས་ནས། །དངོས་སུ་མ་ཧཱ་དེ་ཝའི་བུ་མིང་མ་ཧཱ་ཤྲཱི་ཅན་ནོ། །བརྒྱ་བྱིན་འཁོར་གྱི་བུ་དེ་ཝ་ཙནྡྲ་ཞེས་བྱ་སྟེ་དེའི་བུ་ཐུ་བོ། །ལྷ་ལྔ་ནི་དེ་ཝ་རཱ་ཛ། བདེ་བྱེད་ཨིནྡྲ། བོ་དྷི་ཨུ་པ་ར་དང་བོ་དྷི་རཀྵ་དང་། དེ་ཝ་ཨ་ཏི་ཀ་ཙནྡྲ་སྟེ་རིགས་ལྔ་ཕོག་ཅིང་དང་མཉམ་པར་སྦྱར་བས་གྲུབ་པའོ། །གཟུགས་བརྙན་ཟག་མེད་ཡེ་ཤེས་ཀྱི་དཀྱིལ་འཁོར་ཉིད་མཐོང་ཞིང་ཐོས་པས་མངོན་པར་དགའ་བའི། །གང་གིས་ན་ཡེ་ཤེས་གཟུགས་བརྙན་བསྐྱེད་པ་དང་བྲིས་པ་མིན་ཏེ་རང་ལ་མ་བསྒྲིབས་ཏེ་མངོན་དུ་ཤར་བས། །དབང་གང་བྱིན་ན་བུམ་པའི་དབང་བྱིན་པས་སྣོད་དུ་རུང་བ་དང་རིགས་ངེས་པའི་སྲས་སུ་བྱས། །འབྲས་བུ་འཁོར་བར་མི་ལྡོག་པ་མཐོང་ལམ་གྱི་ས་ལ་དེ་ནས་བཀོད། །དབང་ཐོབ་པ་དེ་ལམ་སྟོན་ནས་འཁོར་གྱི་གཅོ་བོ་སེམས་དཔའ་རྡོ་རྗེ་ཡིས། །ཞུས་པས་སྟོན་པས་གནང་བ་བྱིན་ཏེ་ལམ་གྱི་ངོ་བོ་བཀའ་བཞིན་དུ་བསྒྲུབས་ཏེ། །སྣོད་བཅུད་བརྟགས་པའི་ཐོས་བསམ་གྱིས། །གྲོལ་བའི་ལམ་མཚན་བཅས་མཚན་མེད་ཀྱི་ཏིང་ངེ་འཛིན་གྱི་སྦྱོར་བ་སྟེ་ཤེས་རབ་གསུམ་སྐྱེད་དོ། ༈ །བདེ་བ་ལྡང་བའི་སེམས་ཀྱིས་འདུ་ཤེས་ངེས་པར་བསྐྱེད་ནས། །ཟབ་མོའི་དབང་དང་བྲལ་བའི་ཡུལ་མིན་པས་གསང་བའི་བདེ་གསལ་མི་རྟོག་པའི་ཡེ་ཤེས་དེ་འཁོར་གྱིས་གུས་པ་དང་བཅས་པས་བསྟོད་ཅིང་ཞུས་པས་གནང་། །དེ་ནས་གསང་བའི་རྡོ་རྗེ་འཆང་ཡབ་ཡུམ་དབང་པོ་ཐུན་མོང་ཐུན་མིན་གྱི་ཁྲི་གཉིས་ཀ་ལ་འཛེགས། །ཐབས་ཀྱི་ཚུལ་དང་མཐུན་པ་སྦྱོར་པའི་ཡོན་ཏན་བརྗོད་པས་འཁོར་མོས་པ་བསྐྱེད། །གསང་བའི་བྱང་སེམས་འདྲེས་པ་མེ་ཏོག་འཐོར་བ་འཐུང་བ་ནི་བླངས་པ་སྟེ་བླ་མས་བདེ་གསལ་མི་རྟོག་པའི་ཡེ་ཤེས་བསྐྱེད་དོ་མཆོད། །རྡོ་རྗེ་འཆང་ཡབ་ཡུམ་གྱི་གསང་བའི་གཟུགས་བརྙན་ལུས་ངག་དང་སྐྱེ་མཆེད་དཀྱིལ་འཁོར་དུ་བརླབས་ཏེ། །མཚོན་པའི་གཟུགས་བརྙན་སོར་བཞི་མ་མཛུབ་གང་བ་འཁྲིལ་བའི་པང་དེར་བཞག་སྟེ་རབ་གནས་དང་འཇུག་པ་རྣམས་བྱའོ། །གསང་བ་བདེ་ཆེན་གྱི་དགོངས་པ་ནང་གི་རྩ་དང་བདེ་བའི་རིགས་འཛིན་དུ། །ངེས་པར་ལུང་བསྟན་ཅིང་རྡོ་རྗེ་ཆེ་གེ་མོ་ཞེས་མིང་ཕོག་སྟེ། །དབང་ཐོབ་པའི་རྗེས་ལ་བདུད་རྩིའི་བཅུད་བླངས་ལ་རོལ་པའི་སྤྱོད་པ་འཁྱུད་པ་དང་བརྩེ་བ་ལ་སོགས་པ་ཐམས་ཅད་བྱས། །མདོག་པདྨ་དམར་པོ་ལྟར་འགྱུར་ཏེ་རླུང་དང་རྩའི་ནུས་པའི་སྟོབས་རྙེད་ནས། །སྦྱོར་བ་བརྩམ་མོ། ༈ །རྡོ་རྗེ་ཁྲི་ཆེན་པདྨ་མཚན་ལྡན་གྱི་ཐོག་ཏུ་བསྐྱོན། །ལྷ་མོ་རུ་བྱིན་བརླབས་འབར་བའི་མཁའ་ལྔ་ལ་སྦྱོར་བའི་ཚེ་སློབ་མ་གཞག །ཐབས་ཤེས་རོལ་པའི་རྩེད་མོ་དགུའི་སྤྱོད་པ་ནི་ཁབ་རྩེའི་རོལ་པ་དང་། འགྲེང་རྡེབ་ཀྱི། བྱ་འདབ་རྩེ་སྤྲོད་ཀྱི། པདྨ་ཁ་སྦྱོར། གྱི་ཨུཏྤལ་འབྱེད་འཛུལ་གྱི། དཀར་འཛིན་འབུར་ལ་རྩེ་བའི། སྐད་སྙན་གྱི། ཕྱག་རྒྱའི། ཉམ་ང་བ་མེད་པའི་རོལ་པའོ། །མཛད། །ཉོན་མོངས་མཚམས་མེད་མི་དགེ་བ་ཁ་ན་མ་ཐོའི་ལས་རྣམས་ལ། །ཐབས་ཀྱིས་ཟིན་ནས་བག་མེད་སེམས་ཀྱིས་དུག་ལ་སྔགས་ཀྱིས་བཏབ་པ་ལྟར་རོལ་བར་བྱ། །དང་པོ་བདེ་བའི་ངོ་བོ་མ་རྫོགས་པའི་མྱུ་གུའི་བར་མ་ཆད་པར་བསྒོམས་པས་རིགས་འཛིན་སེང་འཕྲུག་འདྲ་ཏེ། །ལྷག་པའི་དོན་དམ་པའི་བདེན་པ་མན་ངག་གི་རིམ་པས་རྟོགས་པ་ཡིན། །དབང་གི་ཉམས་ཀྱིས་སྟོང་ཉིད་དང་བདེ་བ་མི་ཕྱེད་པའི་མན་ངག་སྦྱིན་ཅིང་ལམ་དུ་འཇུག ༈ །རོལ་པའི་ཀ་ར་བཅུ་གཉིས་དབང་གིས་དུས་སུ་བླ་མས་བསྟན། །བརྟག་པའི་ཀ་ར་དང་། ཐབས་ཀྱི། ལྷས་བསྟན་པའི། སྔོན་དུ་འགྲོ་བའི། བྱིན་བརླབས་སྟོངས་ཀྱི། ཡིད་འཇུག་སྤྲོ་བའི། བདེ་སྐྱེད་བཅུད་ཀྱི། ཆགས་འཛིན་རྟགས་ཀྱི། རྟེན་འབྲེལ་མངོན་འབྱིན་གྱི། རོལ་པ་ཕྱག་རྒྱའི། གོལ་ས་སེལ་བྱེད་ཀྱི། བདེ་ཆེན་ལྷུན་གྲུབ་ཀྱི་ཀ་རའོ། །བསྒྱུར་བའི་མན་ངག་གི་བཟློག་པའི་རིམ་པས་ས་བཅུ་གསུམ་པ་རྡོ་རྗེ་འཛིན་པ་མྱོང་བར་བསྟན། །ལུས་དང་རླུང་བཀུག་དང་མཉེས་དང་ལུས་སྟོད་སྨད་དང་ལུང་བསྡམ་པ་དང་། །རླུང་ཐིག་ལ་སེམས་གཟུང་དང་གསང་གནས་བདེ་སྟོང་སྤྲད་དང་ཕྱག་རྒྱ་བཞིས་བཅིང་བ་དང་། །ཐབས་ཤེས་རབ་ཏུ། ཤེས་རབ་ཐབས་སུ། གཉིས་མེད་དུ་སྤྲད་དང་གར་གྱི་འཕོ་བ་ཐིག་ལེའི་གར། འཛིན་བཟློག་ཨུ་ཐའི། བསྐྱོད་པ་ཕྱག་རྒྱའི་གར་དང་གསུམ། །གཉིས་བཞི་བསྒྱུར་བ་གསུམ། དགུག་བ་གསུམ། ཐབས་ཤེས་འབྲེལ་བ་བརྒྱད་དམ། ཡབ་ཡུམ་གྱི་དགའ་བ་བཞི་བཞི་སྟེ་བརྒྱད་ལྡན་པའི་ཐབས་ཆེན་གྱིས། །དོན་དམ་པའི་བདེ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བསྟན། །སྟོང་པ་རྟོགས་པའི་དོན་དེ་ཉིད་ཚུལ་ལ་ཉམས་སུ་བླང་ཞིང་གནས། །བྱིན་བརླབས་བདེ་བ་སྐྱེད་པའི་སྔགས་ཀྱི་སྤྱོད་པས་བྱིན་གྱིས་བརླབ། །བདེ་གསལ་མི་རྟོག་པ་ལ་གོམས་པས་ཚེ་ཡི་རིགས་འཛིན་དབང་ཐོབ་སྟེ། །དུས་དང་དུས་མ་ཡིན་པར་འཆི་བ་གཉིས་ཀ་མེད་པའི་ཚེ་དང་སྦྱར། །སུ་ལ་བསྐུར་ན་སྲས་ཀྱི་ཐུ་བོ་ཉེར་བཞག་གོང་གི་ལྔ། །ཁྱད་པར་གྱི་གནས་རྡོ་ཨར་མོ་ལི་གའི་སྟེང་ན་མཆོད་རྟེན་ཡོད་པའི་བུམ་པ་ཁ་དོག་འཁོར་ལོ་རྩིབས་བརྒྱད་སུལ་དང་བཅས་པར་འབར་བར་བསྐུར། །སྤྱིའི་གནས་སུམ་ཅུ་རྩ་གསུམ་གནས་ཆེན་པོ། །རང་རྒྱུད་པ་མིན་ཏེ་སྤྲུལ་པ་བརྒྱ་བྱིན་སྦྱོར་བའི་དབང་ལྷ་མོར་བསྒྱུར་ཏེ། །གང་དུ་སྣང་ན་བརྒྱ་བྱིན་ཉིད་ཀྱི་བུ་མོ་གྲགས་ཆེན་མོ། །འཕྲུལ་གྱི་མེ་ལོང་ལ་བལྟས་པས་ལྷ་རྒྱལ་ཀུན་གྱི་ཆགས་པ་ཆེ་ཆུང་རྟོགས་ནས། འཛུམ་བསྟན་པ་དང་། ལག་པ་སྤྲད་པ་ལ་སོགས་པས་གྲོལ་བས་གཟུངས་ཆེན་ཏེ། །དེ་ལ་བརྟེན་ནས་བདེ་བ་ཆེན་པོར་མཚོན་ནས་རྒྱལ་བའི་སྲས་སུ་ཉེ་བར་གཞག །ཡེ་ཤེས་ཀྱི་ལྷ་མོའི་གཟུགས་བརྙན་ཏེ་གཟུངས་མའོ། །གསང་བའི་དབང་གི་ཁྱད་པར་གྱིས་དཀྱིལ་འཁོར་གསུམ་ཏེ་པྲ་ལས་ཤེས་པ་དང་། །དེའི་ཆོས་ཀྱི་གནས་དང་། ཡོན་ཏན་འབྱུང་བའི་གནས་སོ། །ཡབ་ཡུམ་གཉིས་ཆགས་པ་བྱང་སེམས་བདེ་བ་བསྐྱོད་པ་ལས་རྡོ་རྗེའི་རྭ་བཞིའི་ས་བོན་ཆོས་ཀྱི་དབྱིངས་སུ་འདུས་པ་འབྱུང་ཞིང་། །འདོད་པའི་ཡུལ་ལ་བཟློག་པའི་ཐབས་ཀྱིས་གདབ་པར་བྱ། །ཉི་ཟླ་གཉིས་མེད་རིག་པ་ཡེ་ཤེས་ཀྱི་ཀློང་དུ་ཉམས་འཆར། །དེ་ལ་གོམས་པས་ཐ་མལ་གྱི་འདོད་ཆགས་ལ་སོགས་པའི་རྟོག་པ་སྲེག་ཅིང་མི་གནས་པའི་མེ་ཡིན་ཏེ། ༈ །བདེ་སྟོང་མི་ཕྱེད་པས་རྡོ་རྗེ་ཐབས་རླུང་གིས་འབྱེད་འཛུམ་གྱིས་སྟེང་གི་སྙིང་པོ་རཾ་བསྐུལ་བས་འབར་ཏེ། །མཚན་ནས་སོར་བཞིའམ་ལྟེ་བ་ནས་ཐུར་དུ་གཅལ་བ་ན་དབྱིངས་ཕྱུག་འཁོར་ལོ་གནས་པ་དེ་མེ་ཡིས་བསྲོ། །བས་ཐིག་ལེ་ལུས་ཁྱབ་པར་རྫོགས་པ་དེའི་སྟེང་ལམ་ནས་འབར་ནས་རྩ་སྒོ་ཕྱེད་ནས་ཐིག་ལེ་ཞུ་བ་དེ་གོང་ནས་འོག་ཏུ་བསྐུལ། །བ་ལ་ཡང་དང་ཡང་འབད་པས་སྙིང་གི་ཐིག་ལེའི་གནས་ཀྱི་རྩ་མདུད་ཁ་ཕྱེ་ནས་རླུང་གིས་བསྐྱོད་པས་བདེ་བའི་རླུང་གིས་ཤེས་པའི་དྭངས་མ་གསུམ་འདྲེས་པ་རྩས་རྒྱས་གྱུར་ན། །དེའི་ཚེ་མངོན་ཤེས་རྫུ་འཕྲུལ་རྐང་མགྱོགས་ལ་སོགས་པ་ཇི་ལྟར་འདོད་པའི་བདེ་བ་འབྱུང་མ་ཆགས་པས་མཆོག་གི་དངོས་གྲུབ་ཏུ་འགྱུར། བདེ་བ་ཡང་རླུང་གི་མན་ངག་ལ་བརྟེན་དགོས་པས་རིག་པ་ཡེ་ཤེས་ཀྱི་རླུང་དང་འདྲེས་ཏེ་དབྱེར་མེད་པའི་ཐིག་ལེ་ཅན། །དབུགས་རྔུབ་པ་དང་བསྡུ་བའི་མན་ངག་སྦྱིན་ནོ། ༈ །དེས་བདེན་པ་མཐོང་ཞིང་ས་ཐོབ་ནས་རྡོ་རྗེ་འཛིན་པའི་རིགས་འཛིན་གྱི་ས་ཐོབ་ནས་གོང་དུ་བསྒྱུར་བ་ཡིན་པའི་ཕྱིར་ས་དང་པོ་ནས་བརྒྱད་པའི་བར་དུ་ཏིང་འཛིན་འབར་བའི་དཀྱིལ་འཁོར་དུ་འཇུག་ཅིང་། །སེམས་དཔའ་བརྟན་པའི་ལུང་རིག་པའི་དམ་ཕོག་སྟེ། །ས་རིམ་པར་འབར་བ་ནི། ཏིང་ངེའི་ལྷ་མོ་ལ་བརྟེན་ནས་ཏིང་ངེས་གནས་མེད་དཀྱིལ་འཁོར་དམ་པར་གཞུག་སྟེ་ཏིང་ངེས་དབང་བསྐུར་བས། །གོང་གི་མཚམས་སྦྱོར་དེ་ཉིད་དཀྱིལ་འཁོར་དེར་ཞུགས་ཏེ། །ས་བརྒྱད་པ་ལ་དབང་ཐོབ་ནས་ས་བཅུ་པར་འགྱུར་བ་ལ་ལོངས་སྐུས་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་མངོན་དུ་གསལ། །ཡེ་ཤེས་ཀྱི་ལྷ་མོ་ལ་བརྟེན་ནས་བདག་གཞན་གྱི་དོན་གྲུབ་བར་འགྱུར་བའི་ལས་ཀྱི་དབང་བསྐུར་ཏེ། །ལོངས་སྐུའི་རྒྱལ་དབང་གི་འབྲས་བུ་ཚབ་བྱེད་པའི་སྐྱེས་བུའི་སར་བཞག་ནས། །འོག་མ་ལ་གསང་སྔགས་ཀྱི་ཐེག་པ་འབུམ་ཕྲག་གསུམ་གྱི་བསྟན་པ་ཏིང་ངེས་བསྒྲགས། །ཕྱི་དལ་གྱི། ནང་ཐིག་ལེའི། གསང་བ་བསམ་གྱིས་མི་ཁྱབ་པའི་ཆོས་ཀྱི་འཁོར་ལོ་དང་གསུམ་གསུངས་ཏེ། ༈ །དེ་ལྟར་བཅོས་མའི་སྦྱོར་བ་འདི་ཡིས་ནི། །འབྲས་བུ་ཐོབ་ཀྱང་བཅོས་མ་ཡིན་པས། རྣལ་མའི་དངོས་གྲུབ་རྙེད་པ་མ་ཡིན་པས། །བརྟུལ་ཞུགས་སྤོང་ལེན་སྤྱོད་པ་བཅོས་མའི་དབང་། །འདི་ཡིས་མ་བཅོས་པ་དེ་ཉིད་མི་ཐོབ་སྟེ། །དཔེར་ན་སྤྲེའུ་དང་རྒྱལ་པོ་བཞིན། །སྤྱོར་བ་གཞན་གྱི་དངོས་མི་གྲུབ། ༈ །འདི་དག་བཅོས་མའི་སྦྱོར་བ་སྟེ། །རང་ལ་སྨིན་ཀྱང་མ་བཅོས་པའི་འབྲས་བུ་མི་འགྲུབ་སྟེ། །འདུས་བྱས་ཡིན་པས་བིམྦ་ར་ཡི་འབྲས་བུ་བཞིན་ནོ། ༈ །གནས་ཝ་ར་ཎ་སཱིའི་ཀློང་ཕུག་ཏུ། །ཤ་རིའི་བུ་ཡི་སྟོན་པ་ཡིས། །བྲམ་ཟེ་བ་ཏ་ཀའི་འཁོར་བུ་དེ་ཝ་པ། ཙནྡྲ་པ། མོའུ་པ་གསུམ་ལ་དབང་བསྐུར་ལུགས་གོང་དུ་བསྟན་པ་བཞིན་ཏེ། །འབྲས་བུ་ཚེ་སྟོད་དགྲ་བཅོམ་ཟག་པ་ཟད། །རྣལ་མ་མ་རྟོགས་པའི་སྐྱོན་ཚེ་སྨད་ངན་སོང་གསུམ་དུ་བརྒྱུད། ༈ །གནས་བྱ་རྒོད་ཕུང་པོའི་འགྲམ་ལོགས་སུ། །དགོན་ཕུག་བྱེ་མའི་འདབས་སྣ་རུ། །ཐོབ་པར་འདོད་པའི་གང་ཟག་དངོས་པོར་ལྟ་བའི་རིགས་ཅན་ཏེ། །བྲམ་ཟེ་ལ་ཟ་རྒན་མོའི་བུ། །དགེ་སློང་ས་རི་བྱ་བ་དེ། །དུས་ནི་ང་རྒྱལ་སྐྱེས་ཤིང་སྨིན་པའི་དུས་ང་ནི་སྡུག་བསྔལ་ཟག་པ་ཟད། །རྒྱལ་ཚབ་སྐྱེས་བུའི་ས་འཛིན་ཟེར། །གང་གིས་བསྐུར་ན། དགྲ་བཅོམ་ཤ་རིའི་བུ་ལ་སོགས་པ་ལྔ་བརྒྱ་སྟོང་གཅིག་འདུས་ནས། །དབང་གི་ངོ་བོ་སྐྱེས་བུ་ཆེན་པོར་དབང་ལྔ་བསྐུར་བ་གོང་དུ་བཤད་ནས། །དེས་ཀྱང་རྣལ་མའི་འབྲས་བུ་མ་ཐོབ་པས་འཁོར་བའི་གནས་རབ་དགུ་རུ་བརྒྱུད། །རྟེན་པ་ཚིག་གི་དབང་འདི་ནི། །ཞེ་འདོད་ལ་མོས་པའི་བརྐམ་ཆགས་ཅན། །རང་རྒྱལ་མཚན་མའི་བདེ་ཐོབ་པའོ། ༈ །གནས་གདྒཱའི་རྒྱ་མཚོ་དེ་གླིང་ན། །དེད་དཔོན་སློབ་དཔོན་བློན་གྱི་བུ་ཐུ་བོ། །བྲམ་ཟེ་ནོར་གྱི་རྒྱལ་མཚན་འཛིན། །ཕྱི་ཡི་རྡོ་རྗེ་རྟགས་བསྐུར་ཐབས་འཛིན་པ། །བཀའ་ལྷའི་དལ་བཀའ་རྟགས་བུམ་པ་གཞལ་ཡས་ཁང་གི། སྙིང་པོ་གསུང་གི། ཕྱག་མཚན་ཐུགས་ཀྱི། དབུ་རྒྱན་ཡེ་ཤེས་ཀྱི།  དྲིལབུ next hit་ཡུམ་གྱི་རྟགས་དེ་བརྗོད་པའི་དང་སྔགས་ཀྱི་ཚིག་གི་དབང་བསྐུར་ཏེ། །བདེན་པའི་སྨོན་ལམ་གྱི་ཚིག་གིས་ནུས་པ་ས་བོན་ཙམ་དུ་གཞག །དེས་ཀྱང་གྲོལ་བ་མིན་པས་འཁོར་བའི་རྒྱ་མཚོ་བརྒལ་མ་ནུས། །དེ་ཅིས་ན་བསྐུར་བས་ཐོབ་པའི་དབང་རྣམས་ནི། །ཟག་བཅས་ནུས་མཐུ་འཁོར་བའི་ཆོས་ཡིན་པས་སོ། ༈ །ཤར་ཕྱོགས་སྤྱིའི་གནས་ཨིནྡྲའི་ལུང་པ་ན། །ཁྱད་པར་གྱི་རྒྱ་ལུང་རྡོ་རྗེ་བརྩེགས་པ་གང་རུང་རུ། །ཕྱག་ན་རྡོ་རྗེས་དབང་བསྐུར་བས་དམ་པའི་རིགས་ཅན་དུ་གྱུར་པ་གང་གིས་ཨིནྡྲ་བྷུ་ཏི་ཡིས་དང་། །ས་གང་ལ་ན་ག་ཡུལ་གསེར་པའི་རྒྱལ་བའི་སྲས་དང་པོ་རྒྱལ་པོ་སྙིང་སྟོབས་ཅན་ཞེས་བྱ་བ་བུ་ཐུ་བོ། །ཀླུ་ཡི་བུ་མོ་རྒྱ་མཚོ་དང་། །སིངྷའི་ཨུ་པ་རཱ་ཛ་དང་། །ལྷ་ཡི་བུ་ནི་དགེ་བ་ཅན། །དྲི་མ་མེད་པའི་འོད་ལ་སོགས། །ཚོམ་བུའི་གྲངས་ལྔ་བཅུ་སྟོང་དང་བཅས། །དལ་དང་ལྷ་གང་བསྒྲུབས་ན་ཕྱག་ན་རྡོ་རྗེ་མངོན་བསྒྲུབས་ཏེ། །གང་དུ་བསྐུར་ན། ཐུན་མོང་གི་སྤོང་བ་དེ་འདིར་ལེན་བརྟུལ་ཞུགས་སྤྱོད་པ་གྲུབ་པ་ཐོབ་པའི་དབང་། །གི་ཚུལ་མངའ་བས་དགེ་བར་བསྐུར་ན་སྡིག་པ་ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །ཞེས་པ་དང་། མཚམས་མེད་བྱས་པས་ཕ་རོལ་ཕྱིན། །ཞེའོ། །མེད། །ཕྱག་ན་རྡོ་རྗེ་ལ་སོགས་པ་ལྷས་གནང་བ་བྱིན་པས་གྲུབ་ཅིང་རྒྱུད་དང་ལུང་ལ་འབྱུང་བ་ལྟར་བརྟེན། །དེས་ཀྱང་མི་གྲོལ་བས་དེ་ཡང་སྤྱོད་ལོག་དངོས་གོལ་ཏེ། །མཚན་མ་གཡོན་གྱི་ལམ་ལ་བཞུགས། །མདོ་ལས་ཀྱང་། གང་གཡོན་ཕྱོགས་པ་ནི་ཆགས་པའོ། །ཆགས་པ་ནི་བཅིངས་པའོ། །བཅིངས་པ་ནི་འཁྱམས་པའོ། །ཞེས་སོ། །བརྐམ་ཆགས་རང་ཀ་སྲེད་མ་སྤངས། །ཆགས་པ་གཡོན་གྱི་ལམ་གྱིས་ཁྲིད། །དེ་བཅོས་མའི་ལམ་ཡིན་པས་བདེ་ཆེན་ལམ་དང་དེ་དག་བྲལ་བས་དེ་ཁོ་ན་ཉིད་མི་མཐོང་ངོ་། །ལོ། ༈ །རྒྱ་ཕུག་གནས། དཔལ་ཨོ་རྒྱན་ཐོར་ཅོག་ཅན་གྱི་གླིང་འཁོར་ལོ་བརྩེགས་པའི་ཁང་། །དྷ་ན་ཀོ་ཤའི་གླིང་ཕུག་ཏུ། །གསེར་གྱི་བྲག་ཕུག་ཡུ་བ་ཅན། །དེའི་ནང་རྡོ་རྗེའི་རིན་ཆེན་སྣ་བདུན་གྱི་གདན་བཏིང་སྟེ། །རིག་པ་ལྷུན་གྱིས་རྫོགས་པས་རིན་ཆེན་འབར་བ་གསལ་བྱེད་བླ་མའི་མན་ངག་ཀྱིས། །བརྡ་སྤྲད་པས་སྣང་བ་ལྷུན་གྱིས་གྲུབ་པར་ཕྱོགས་མཚམས་ཐམས་ཅད་རྒྱས་པ་གསལ་བའི་ཆོས་ཐམས་ཅད་སྙིང་པོ་གཅིག་ཏུ་འཁྱིལ་བས་གུར་ཕུབ་སྟེ། །རྣམ་གྲངས་མེད་པས་ཡི་གེ་མེད་པའི་འབྲུ་ཀཱ་ཝཱ་ཙིའི་དལ་གསུམ་ཉམས་སུ་མྱོངས་པས་བསྟིམས། །རྣ་བརྒྱུད་པ་གསུམ་བར་མ་ཆད་པའི་གདམས་ངག་གི་ལུང་གི་གཏེར་ཆེན་པོ་སེམས་ཉིད་རྣམ་རྟོག་གིས་བཅིངས་པ་ལས་བཀྲོལ། །རང་རྒྱུད་པ་དང་ལྟོས་པའི་རྟོག་པའི་ཕྱོགས་རིས་དང་མཚམས་གཅོད་པས་ཕྱོགས་མེད་དུ་རྒྱས་པའི་འཁོར་ལོ་བསྐོར། །སེམས་ཉིད་ལ་ཡོན་ཏན་རྫོགས་པས་རིན་ཆེན་གཅིག་བལྟས་པས་སྣང་སྲིད་ཀུན་མཐོང་བས་འཕྲུལ་གྱི་མེ་ལོང་ཚིག་གཅིག་ལ་དོན་རྫོགས་པར་བསྟན། །རྣམ་རྟོག་ཅི་སྐྱེས་ཀྱང་རང་རྒྱུད་པའི་རྒྱུ་བ་མེད་པའི་དོན་རིག་པ་ཕྱོགས་མེད་དུ་གསལ་བར་བསྐྱེད། །ཐམས་ཅད་རང་བྱུང་ཡེ་ཤེས་སྟོང་པ་དང་སྣང་བའི་རང་བཞིན་རིག་པ་ཕྱོགས་མེད་དུ་གསལ་བའི་འོད་ལ་བཞུགས། །ལོངས་སྤྱོད་རྫོགས་པའི་རྒྱན་མཚན་དཔེ་དང་ལྡན། །རྣ་བརྒྱུད་སྤྱི་བླུགས་ཚངས་པ་ཆེན་པོའི་དབང་བསྐུར་ཏེ། །ཐོབ་ནས་གང་ཡང་སྐྱོན་དུ་མི་ལྟ་སྟེ། །རང་བྱུང་དངོས་གྲུབ་ཤར་བར་རྟོགས་པ་དེ་ཉིད་བདེ་བ་ཆེན་པོའི་ས་ལ་བཀོད་པའོ། ༈ །ཇི་ལྟར་རྟོགས་པར་བྱ་ན་བཅོས་མའི་སྦྱོར་བ་ལ་བརྟེན་ནས། །རྣལ་མའི་སྦྱོར་བ་རྟོགས་པར་བྱ། །འདྲ་འབག་རི་མོ་ལྷ་འདྲ་ཡང་ལྷ་ཡི་ལུས་མིན་པ་བཞིན་དུ། །མཚན་མ་རྟགས་ཀྱིས་དེ་ཁོ་ན་ཉིད་ཀྱི་དོན་མཚོན་པར་བྱ། །བཅོས་མའི་དབང་བསྐུར་རྟགས་ཀྱི་བརྡ་དེས། །དོན་མཚོན་ཏེ་རྟོགས་ནས་རྟགས་ཕྱིས་རྟགས་ལ་མི་རྟེན་པས། ནི་སྤང་བར་བྱའོ། །རྣལ་མའི་དབང་བསྐུར་ཐབས་ཆེན་པོ་འདི་དང་། །བྲལ་བའི་རྣལ་འབྱོར་གང་དག་ནི། །གང་གིས་ཇི་ལྟར་བཙལ་ཀྱང་དོན་མི་མཐོང་བས། ཞིག་མིག་དང་བྲལ་བ་ཡིན། །འདི་ཉམས་པའི་རྣལ་འབྱོར་ལམ་ཚོལ་བ། །ནི་དཔེར་ན་རྒྱ་མཚོ་འཇིངས་ལས་སྟེགས་བཅས་ནས། །ནམ་མཁའི་དངོས་པོ་སྙོག་པ་དང་འདྲའོ། ༈ །བདེ་བ་ཆེན་པོའི་མན་ངག་འདི། །དམུས་ལོང་གི་མདུན་ན་གཟུགས་བསྟན་ཀྱང་མི་སྣང་བཞིན། །རིགས་ཆད་དང་དབང་གི་ཆུ་བོ་དང་བྲལ་ཞིང་སྐལ་བ་ངན་པ་དང་ལས་ཀྱིས་བསྒྲིབས་པ་རྣམས་ལ། །སྲོག་ལུས་བྲལ་ཡང་ཟུར་ཡང་མི་བརྗོད་དེ་ཁར་དབྱུང་བ་མིན་ནོ། །ཁྱད་པར་དུ་མི་བསྟན་པའི་དམིགས་བཟུང་བ་བློ་ངན་དད་པ་ཆུང་བ་དང་། །ངང་གིས་བློ་འཕང་དམའ་བ་དང་། །ཐོས་པ་ཆུང་བའི་བློ་སྦྲམ་དང་། །ཐེག་པ་དམན་ལ་ཞུགས་པ་དང་། །རང་རྐྱེན་ངན་པས་དྲེགས་པ་དང་། །ངར་འཛིན་དྲགས་པས་གཙོར་འཆེལ་དང་། །འཇིག་རྟེན་བྱ་བའི་རྒྱུད་བསྒྲུབས་དང་། །ཐབས་ཀྱི་བཅུད་ཆེན་འཛག་པ་དང་། །བརྐམ་ཆགས་ངན་པས་ཟིན་པ་དང་། །སྣོད་ཀྱི་དྲི་མ་མ་དག་པས། །བསྒྲུབ་བྱ་དམ་པར་མི་སེམས་དང་། །བླ་མ་སྲོག་ཏུ་མི་འཛིན་དང་། །ཐ་མའི་སྤྱོད་པ་ཉམས་པ་རྣམས། །གྲིབ་བཞིན་འཁོར་ཡང་སྤང་བར་བྱ། །ལུས་སྲོག་བྲལ་ཡང་ལས་ཀྱིས་བྲལ་བས་གསང་གཉེར་ཐུབ་པར་བྱའོ། །མཚོ་ཆེན་གསེར་གྱི་འོག་གཞི་ལྟར། །བླ་མའི་མན་ངག་ཐོབ་ནས་དད་པ་དང་བསམ་པ་དང་གྲུབ་མཐའ། མི་འགྱུར་བར་བརྟན་པའི་སེམས་ཀྱིས་བཟུང་། །གལ་ཏེ་སྣོད་ངན་ལ་བཅས་པའི་རྒྱ་རལ་ཏེ་དབང་དང་གདམས་ངག་བྱིན་ན། །ན་རག་རྡོ་རྗེ་གཏན་གཞི་སྟེ། །ཆད་པའི་རིས་སུ་ངེས་པ་ཡིན། །རྣམ་སྨིན་འཇིག་རྟེན་འདི་ལས་འབྱུང་། །དམ་ཅན་རྡོ་རྗེ་མཁའ་འགྲོའི་ཚོགས། །བོས་པ་བཞིན་དུ་འདུས་གྱུར་ནས། །ཤ་ཁྲག་ལ་སོགས་དངོས་སུ་ཟ། །དམ་ཤོད་གླིང་གི་དུར་ཁྲོད་བཞིན། །མཁའ་འགྲོ་རྣ་ཉན་ཀུན་གྱིས་སྡུད། །དེ་དག་ལ་བརྟན་ན་སྐྱོན་མཐའ་ཡས་ཤིང་ཡོན་ཏན་མེད་དེས་ན་ཐབས་ཆེན་མན་ངག་འདི། །རྗེས་སུ་མཐུན་པའི་ལོ་ཚིགས་སུ་དམ་བཅས་ལ་དེས་མི་སྤྲོ་བར་གཟུང་ངོ་། ༈ །རིན་ཆེན་གཏེར་གྱི་དབང་དང་བཀའ་ཐམས་ཅད་ཀྱི་བཅུད་འདུས་པས་སྙིང་པོ་འདི་དང་པོ་གང་ནས་བྱུང་ཞེ་ན། །ཀུན་བཟང་རྒྱལ་བ་ཐམས་ཅད་ཀྱིས། །གསང་བའི་བདག་པོར་བཀའ་བསྒོ་བ། །གསང་མཛོད་རྡོ་རྗེ་སེམས་དཔའ་ནི། །སུམ་ཅུ་རྩ་གསུམ་བུམ་ཐོགས་སྟེང་། །སྲོག་ཤིང་རྡོ་རྗེ་རྩེ་དགུ་པར། །གསེར་གྱི་འཁོར་ལོ་འབར་བར་གཞག །གསང་བ་གཏེར་འཛིན་བདག་པོར་གྲགས། །དགའ་རབ་རྡོ་རྗེ་བདག་ཉིད་ཀྱང་། །དེ་ཝ་བཟང་སྐྱོང་བུ་ཐུ་བོ། །ཀུན་དགའ་སྙིང་པོ་བྱ་བ་ཡིན། །ལག་ན་རྡོ་རྗེ་གསང་བདག་གིས། །འཁོར་ལོ་འབར་བའི་ལྟེ་བར་གཞག །ནམ་མཁའི་མཐའ་དང་མཉམ་པའི་རྒྱུད། །ལྟ་བའི་ཀློང་དང་། སྤྱོད་པའི། དལ་གྱི། དབང་གི། དམ་ཚིག་གི། ཕྲིན་ལས་ཀྱི། ས་ལམ་གྱི། དགོངས་པའི། འབྲས་བུའི་ཀློང་དགུ་བཛྲ་སོའུ་མ་ཁ་ཞེས་བྱ་བ་རྩ་བའི་རྒྱུད་དང་། བཤད་པའི་རྒྱུད་ལས་གསལ་ལོ། །བམ་པོ་ཉི་ཁྲི་གསུངས། །སྤྱི་བླུགས་ཚངས་པའི་དབང་བསྐུར་ནས། །དུས་མཐའ་ཉིད་ཀྱིས་ས་ལ་བཀོད། །འཛམ་གླིང་འཇིང་དུ་རྒྱལ་འཐེབ་བྱས། །སེམས་རྒྱུད་རིག་པའི་ཐོར་ཅོག་ཅན། །རྒྱལ་གྱི་རིགས་ཅན་དྲྭ་མའི་ཡུལ། །རྒྱ་ཕུག་དྷ་ན་ཀོ་ཤའི་གླིང་། །ཕུག་ཏུ་གསལ་བའི་གནས་རབ་བཅས། །གོང་དུ་བཤད་ལུང་གསུམ་བརྒྱུད་པའི་རྩ་བའི་དོན། །དགུ་རུམ་སེམས་ཀྱི་དཀྱིལ་དུ་སྦས་པའི་མན་ངག་འདི། །སེམས་ལ་གླན་ཅིང་བདེ་ལ་བཀོད། །ཡིད་ལ་བརྣག་ཅིང་ལུས་ལ་བཅང་། །བཀའ་ཡི་བདེ་བ་ཚངས་པ་ཆེན་པོའི་དབང་མ་ཐོབ་ཅིང་དོན་མ་མཐོང་ན། །ཐུན་མོང་གི་བཀའ་ཕྱི་ནང་བརྒྱུད་པའི་ལུང་ལ་བརྟེན་ནས། །ལུས་ངག་སེམས་སྒོ་གསུམ་གྱི་བྱ་བཙལ་གྱིས། །ཅི་བཙལ་ཀྱང་བརྐམ་ཆགས་འདོད་པ་སྟེ་རྩོལ་བའི་ཆུ་བོ་བསྐྱེད། །བདེ་ཆེན་སྲོག་དང་བྲལ་བའི་གང་ཟག་སློབ་དཔོན་གྱིས་མཐོང་ནས། །དེ་དག་བསྒྲལ་བའི་ཆེད་དུ་གསལ་རབ་གནས་སུ་དབུགས་ཆེན་ཕྱུང་། །རྣ་བརྒྱུད་འཕྲུལ་མིག་རྡོ་རྗེ་ཟམ་པ་འདི་གསུངས། །བཀའ་ཡི་ཐུགས་ཀྱི་ཉིང་ཁུ་སྟེ། །ངང་པའི་མཆུ་ཡིས་འོ་མ་བསྡུས་པའམ། །ལྷ་དང་ལྷ་མིན་གྱིས་རི་རབ་ལ་ནཱ་ག་ཀླུ་འཇོག་པོས་བསྲུབས་པས་བདུད་རྩི་འབྱུང་བ་ལྟར་རིན་ཆེན་སྒྲོམ་ཕྱུང་སྟེ། །རྒྱ་མཚོ་རླུང་གིས་ཁ་བྱམས་བཞིན། །དུ་སློབ་དཔོན་གྱིས། བཀའ་ཡི་ཀློང་དགུ་བམ་པོ་ཉི་ཁྲི་བདུད་རྩི་བཅུད་བསྡུས་པའི་མན་ངག་ཡིན་གང་ཡིན་ན། ༈ །རྒྱལ་པོའི་ས་ཐོབ་པས་ཕལ་པ་རང་ཤུགས་ཀྱིས་འདུ་བ་ལྟར་སྤྱི་བླུགས་ཚངས་པའི་དབང་ཆེན་འདི་ཐོབ་ན་ཐེག་པ་ཀུན་གྱི་དབང་ཐོབ་པ་ཡིན་ནོ། །ནི། །ཐབས་ཀྱི་རྒྱལ་པོ་དེ་ཡང་གང་ཟག་བློ་ཆེ་ཆུང་གི་རིམ་པ་དང་འཚམ་པར་བཅོས་མ་དང་རྣལ་མའི་དོན་བསྟན། །སློབ་མའི་རྒྱུད་བརྟགས་ལ་ཆེ་ཆུང་གི་རྗེས་སུ་མཐུན་པའི་གཞི་ལྟར་ཐབས་དང་རྒྱུད་བརྟག་པའི་ཆོ་ག་དང་བཅས། །གསོལ་བ་གདབ་གནང་བ་སྦྱིན་འཇུག་པའི་རྒྱུ་སྔོན་དུ་འགྲོ་བ་ཡི་རིམ་པ་དང་། །དམན་པ་ཐེག་པ་བརྒྱད་ཀྱི་ལྷ་སྒོམ་ལ་སོགས་པའི་ཁྱད་པར་ཀུན་རྟོགས་ནས་དེ་ལ་མི་གནས་པར་སྤངས་པའི། །བཅོས་མའི་དབང་ཀུན་རྫོགས་ཚངས་པའི་དབང་བརྡ་དང་ཉམས་ཀྱིས་བསྟན་ནས་མ་རྟོགས་ན་ཚིག་དབང་བསྐུར་བས་རིག་པ་ཕྱོགས་མེད་དུ་དགྲོལ་བའི་ཕྱིར་འདིར་ཐམས་ཅད་བརྡ་སྟེ། །རྒྱུད་ལས། སྣང་སྲིད་ཡེ་ཤེས་མཚོན་པའི་བརྡ། །ཞེས་ཏེ་སྣང་བ་དང་པོའི་བརྡ་དོན་ལྷུན་གྲུབ་གསུམ་དུ་དགྲོལ་བའི་རིམ་པ་ཡིས། །ཐུགས་ཀྱི་ཀློང་བརྟོལ་ནས་རྣ་བརྒྱུད་ཀྱི་མན་ངག་བརྡ་སྤྲད་པ་དང་དགྲོལ་བ་ལ་སོགས་པ་དབང་གི་དུས་སུ་སྦྱིན། །འཕྲུལ་གྱི་མེ་ལོང་སྒོ་དགུ་ཐམས་ཅད་གསལ་བ་བཞིན་དུ་རྟོགས་ན་རིག་པ་སྣ་ཚོགས་སུ་འཆར་བའོ། །རྒྱལ་པོ་མངོན་དུ་གྲུབ་པས་སྒྲུབ་མི་དགོས་པ་ལྟ་བུ་རྟོགས་ན་བཙལ་མི་དགོས་པའི་མན་ངག་སྦྱིན། །གསལ་བར་བྱེད་པའི་ཚིག་གིས་དོན་རིན་ཆེན་རང་འབར་བ་སེམས་ཉིད་བསྟན། །རྟོགས་ནས་གྲུབ་མཐའ་ངན་པའི་དབང་དུ་མི་འགྱུར་བར་བརྟན་པའི་དབང་བསྐུར་ལ། །རབ་ལ་རེ་དོགས་མེད་ཀྱང་འབྲིང་ལ་ཡེངས་པ་འབྱུང་བས་དྲན་པ་རྐྱེན་གྱི་གསལ་བ་དང་བར་མ་ཆད་པའི་མན་ངག་སྦྱིན། །དབང་པོ་ཐ་མ་ལ་བཅོས་མ་བསྟན་པས་དྲན་རྟོག་ལུང་གིས་སྐྱོད་བྱེད་པས། །གཡོ་འཛིན་རླུང་གི་མན་ངག་འོག་ནས་འཆད་པ་ལྟར་དུ་སྦྱིན། །སེམས་ཉིད་འགྱུར་ཞིང་མི་བརྟན་ཆགས་པའི་སྤྲོས་པ་ལ་འཆེལ་བས། །དེ་ལ་བདེ་བ་ཐིག་ལེའི་ཐབས་ལམ་གྱི་མན་ངག་ཇི་ལྟར་འཚམ་པར་སྦྱིན། །རིན་ཆེན་རང་བྱུང་རྟོགས་ནས་གོམས་པའི་བྱིན་གྱིས་བརླབས་པས། །དུས་ཐམས་ཅད་དུ་དོན་ཉིད་ལས་མི་འགྱུར་བར་བརྟན་པའི་སྤྱོད་པ་ཤུགས་ཀྱིས་འབྱུང་བ་ཅན། །བརྟན་ན་མི་འགྱུར་ཡུལ་ཤེས་པ་ལ་འདུས་ཏེ་དེ་ཁོ་ན་ཉིད་ལྷུན་གྲུབ་གྱི་ཚེ། །མཉམ་རྗེས་མེད་པར་བདེ་བ་ཆེན་པོ་དུས་ཐམས་ཅད་དུ་རིག་པས་བསྒྲུབ་སྟེ་འབྱུང་པར་བྱའོ། ༈ །དང་པོའི་ཡན་ལག་བདུན་བསྟན་པར་བྱ་བ་ནི། །གནས་དང་དཀྱིལ་འཁོར་དང་སློབ་དཔོན་དང་། །སློབ་མ་དག་དང་འཇུག་རིམ་དང་། །དུས་དང་འཇུག་པའི་ཡོན་ཏན་ནོ། ༈ །དང་པོ་རྣམ་པ་གཉིས་གསུངས་ཏེ། །གཞི་ཡི་གནས་དང་རྟེན་གྱི་གནས། ༈ །ཐམས་ཅད་ཀྱི་གནས་རང་རིག་སེམས་ཉིད་ཡིན་དེ། །རྒྱུ་དང་བྲལ་བའི་དངོས་གཞི་ཉིད། །བདེ་གཤེགས་རྒྱལ་བ་མ་ལུས་དང་། །རྒྱུད་དྲུག་སེམས་ཅན་ཐམས་ཅད་ཀྱི། །བཞུགས་གནས་རྨད་བྱུང་ཁྱད་པར་ཅན། །ཚད་དང་བྲལ་བའི་རིན་ཆེན་ཁང་། །མི་འགྱུར་རྡོ་རྗེ་རྒྱུ་ལས་བྱུང་། །རང་བྱུང་ཡེ་ཤེས་གཞལ་ཡས་ཁང་། །གི་ངོ་བོ་དང་། གནས་ཚུལ་ཉིད་གནས་ལ་གནས་པ་མེད། །དེ་ལས་བྱུང་ཞིང་གནས་དེ་རུ་ཀུན་འདུས་ཤིང་། ། དེ་ཉིད་ཀྱིས་ཁྱབ་པས་དེ་ཡི་རང་བཞིན་དུ་གནས། །དེའི་མིང་ནི་བྱང་ཆུབ་སེམས་ཉིད་བདེ་ཆེན་པོ། །རྨད་བྱུང་ཐིག་ལེའི་གནས་ཞེས་བྱའོ། ༈ །རྣལ་འབྱོར་པ་རྟེན་པའི་གནས་ངོ་བོ་ཁྱད་པར་ཅན་བསྟན་པར་བྱ་བ་སྟེ་གང་ཞེ་ན། །དོན་གྲུབ་རྡོ་རྗེའི་རིགས་ཅན་འདི། །དང་པོ་བདེ་བའི་གཞི་ཡིན་པས། །ཡེ་ཤེས་རྒྱུ་ལས་འབྱུང་བ་ཡི། །ཟ་མ་ཏོག་གི་རྒྱལ་མཚན་ནམ། །དཔག་ཕུག་རྡོ་རྗེའི་གདན་སྟེངས་སམ། །ཝཱ་ར་ཎ་སཱིའི་བསིལ་ཁང་ངམ། །དོན་གྲུབ་རིན་ཆེན་སུལ་མངས་སམ། །རྒྱ་ཕུག་ཀོ་ཤ་གླིང་ཕུག་གམ། །དོན་གྲུབ་བཀྲ་ཤིས་ཁང་བུ་རུ། །ཡེ་ཤེས་དགོས་ཆེད་དང་ཡོན་ཏན་བསྟན་པའི་ཕྱིར། སྟོབས་དང་རིག་པའི་བྱིན་རླབས་དང་། །བདེ་བའི་གནས་སུ་བདུད་རྩི་བཅུད་སྤེལ་བ། །རྣལ་འབྱོར་ཚེ་འཛིན་རིག་པའི་བྱིན་རླབས་སྟོང་། །དེས་ན་སྙིགས་མའི་རྒྱུ་ཅན་དང་པོ་དེ། །དགེ་ལྡན་རྣལ་འབྱོར་ཡིན་ན་རྟེན་གཞིར་གཟུང་། ༈ །ངོ་བོ་དཀྱིལ་འཁོར་རང་བྱུང་ཡེ་ཤེས་ཏེ། །མ་བཅོས་དངོས་གཞི་དཀྱིལ་འཁོར་ཉིད། །འབྲི་ཚུལ་ཐབས་ཆེན་ཡེ་ཤེས་རང་རིག་གསལ། །ཚད་མཁའ་ལྟར་ཁྱབ་པའི་བདེ་ཆེན་པོ། །ཡེ་ཤེས་དཔག་མེད་ཡོན་ཏན་གསལ། །ངེས་ཚིག་སྙིང་པོ་ལེན་པས་མཎྜ་ལ། །རང་ལ་རྫོགས་པས་ལྷུན་གྱིས་གྲུབ། ༈ །དེའི་ཡོན་ཏན་མ་སྤྲོས་པར་ཡོངས་སུ་རྒྱས་པས་ཁྱབ་ལ་ཡོན་ཏན་མ་བསྡུས་པར་རྫོགས་པར་ཆུབ། །ཇི་ལྟར་སྣང་བའི་ཆོས་ཐམས་ཅད་མ་བཅོས་པའི་ཐིག་ལེའི་འཁོར་དུ་བསྡུས་པས་སྙིང་པོའམ་གཙོ་བོའི་རྒྱན་ཏེ། །སྣོད་བཅུད་བསམ་བརྗོད་ལས་འདས་པས་ཐིག་ལེ་ཆེན་པོ་དེའི་ངོ་བོའོ། །དེ་ལས་མཚན་མ་དང་རྟོག་པ་ཅི་སྐྱེས་པ་སྐུ་གཟུགས་འབར་བ་དཔག་ཏུ་མེད་པར་སྣང་བའི་ལྷ་ཕྱོགས་མེད་པའི་གཞལ་ཡས་ཁང་མངའ་བ། །གདོད་ནས་ཆེ་བའི་བྱིན་རླབས་རྫོགས་པར་གྲུབ་པས་རབ་གནས་མི་དགོས་ཏེ་རྒྱས་སོ། །བདག་གཞན་ཐམས་ཅད་རང་བྱུང་ཡེ་ཤེས་ཀྱི་ངོ་བོར་གསལ་བ་ལས་མ་གཡོས་པས་དལ་དུ་མི་འཇུག་སྟེ་འབྱུང་བ་དང་འཇུག་པ་མེད། །སྣང་སྲིད་དལ་དུ་ཤར་བ་དེ་ཉིད་བདག་ཉིད་ཆེན་པོར་གསལ་བས་ཀཱ་ཝཱ་ཙིའི་དལ་བསྐྱེད་པ་མེད། །ངོ་བོ་ལ་རྒྱ་དང་དབྱིབས་དང་བྲལ་ཀྱང་རོལ་པའི་ངོ་བོ་རྒྱ་དབྱིབས་སུ་ཤར་བས་འདིར་ཡོངས་སུ་རྫོགས། ༈ །སྙིང་པོ་རང་བྱུང་གི་དལ་འདིར་ཕྲིན་ལས་བཞིའི་ངོ་བོ་རྫོགས་པར་བསྟན་པ་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པས་གྲུ་བཞི་རྒྱས་པའི་ཡིན། །རང་རིག་ཡེ་ཤེས་ཆེན་པོ་ལ། །འཁོར་འདས་མ་ལུས་ཀུན་འདུས་པས་ཟླ་གམ་དབང་གི་དལ་རྫོགས་པ་ཡིན། །མཚན་མའི་རྟོག་པ་དང་བརྐམ་ཆགས་ཉོན་མོངས་པ་མ་ལུས་པ་འཇོམས་པས། །གྲུ་གསུམ་དྲག་པོའི་གཞལ་ཡས་རྫོགས་པ་ཡིན། །གནས་ལུགས་རྟོགས་པ་ལ་རང་བྱུང་དང་ཞེན་པའི་འཛིན་རྟོགས་སྤྲོས་པ་ངང་གིས་ཞི་བས། །ཞི་བ་ཆེན་པོའི་གཞལ་ཡས་རྫོགས་པ་ཡིན་ནོ། །ཡེ་ཤེས་འབར་བའི་ལམ་མེ་བ། །འི་ངོ་བོ་དང་རྟོགས་པའི་དུས་ན་དངོས་པོ་རང་རྒྱུད་པ་གསུམ་འཇོམས་པའི་ཁྲོ་བོ་ཆེན་པོའང་འདིར་རྫོགས་པ་ཡིན། །བཤད་ཅིང་ཤར་བའི་དལ་དེ་དག་ལྷང་ངེ་ལྷན་ནེ་འོད་དུ་ཞི། །བ་ཆེན་པོའང་རྫོགས་ལ་གཉིས་སུ་མེད་པར་ཐིམ་ཞིང་འདུས་པས་ཐིག་ལེའི་རང་བཞིན་ཅན། ༈ །རྡོ་རྗེ་ཉི་མའི་ལྷ་ཆེན་པོ། །འདི་ནི་རང་བཞིན་རྣལ་མ་ཡི། །དཀྱིལ་འཁོར་ཆེན་པོ་ཉིད་ཡིན་ཏེ། །དེ་ཉིད་ཁྲོ་དང་ཞི་བ་ལ་སོགས་པའི། །བཅོས་མར་གནས་པའི་དཀྱིལ་འཁོར་མཐའ་ཡས་མ་ལུས་པའི་དངོས་གཞིའམ་བདག་ཉིད་ཡིན་ནོ། །ཐེག་པ་མཐའ་ཡས་པའི་ལས་རྣམས་མ་ལུས་ཀུན་གྲུབ་པའི། །རྣལ་མའི་དཀྱིལ་འཁོར་ཆེན་པོ་རུ། །རྟོགས་ཤིང་དེ་རུ་ཞུགས་པ་མེད་པར་མངོན་གྲུབ་པའི། །རྣལ་མའི་སྦྱོར་བ་དམ་པ་བརྩམས་པ་ནི་དལ་ཐམས་ཅད་དུ་ཞུགས་པའོ། ༈ །དེ་ལྟར་དལ་ཆེན་པོའི་ངོ་བོར་ཐམས་ཅད་གནས་ཀྱང་དང་པོར་སེམས་དཔའི་རྣལ་འབྱོར་པས། །དངོས་བདེའི་བླ་མ་དམ་པའི་ཐབས་ཁྱད་པར་ཅན་ཀྱིས་མ་མཚོན་ན་མི་གྲོལ་ཏེ། །པེར་ན་རྒྱལ་པོ་ཕྲུ་གུ་དམངས་སུ་འཁྱམས་པ་བཞིན། །དུ་ཆོས་ཉིད་རང་གི་མཚན་ཉིད་མི་རྟོགས་སོ། །དེ་ཉིད་རྟོགས་པར་བྱ་ན་བདག་ཉིད་ནི་ཁམས་གསུམ་སྣང་སྲིད་འཁོར་བའི་རང་བཞིན་ཅན་དང་། །མྱ་ངན་འདས་པའི་བདག་ཉིད་ཡིན་དེ། །དེས་ན་འཁོར་འདས་མ་ལུས་པ་རྣལ་འབྱོར་པའི་ཤེས་པ་གཅིག་ཏུ་རྫོགས་པའི་འཁོར་ལོ་ཡིན་པར་དབང་གི་དུས་སུ་བསྟན་པའོ། །སྣང་སྲིད་ཐམས་ཅད་ཐུག་ཕྲད་གསུམ་གྱིས་བདག་ཉིད་ཀྱི་རིག་པ་ལ་སྐུ་གསུམ་རྫོགས་པའི་དཀྱིལ་འཁོར་བསྟན་པ་ནི། །ཀུན་གཞི་ནི་ཆོས་སྐུ་ཆེན་པོ་ཡིན། །ལོངས་སྤྱོད་རྫོགས་པ་ནི་གཞན་དང་མ་འདྲེས་པའི་མ་རིག་པ་ཉོན་ཡིད་དོ། །ཚོགས་དྲུག་ནི་སྤྲུལ་པའི་སྐུ་རྒྱ་ཆེན་པོའི། །ཐུན་མོང་ཐེག་པ་དང་ཐ་མལ་གྱི་བརྐམ་ཆགས་ཉོན་མོངས་པ་ལྔ་ཉིད་རིགས་ལྔ་ཡིན་ཏེ་དེ་ཡང་དབང་གི་དུས་སུ། །སྙིང་གི་པདྨ་རྣམ་ཤེས་ཆོས་སྐུའི་སྙིང་པོ་གཅིག་ཉིད་དུ་བསྟིམས་པས་བདག་ཉིད་ཀྱི་རྟོགས་པ་ཡང་ཐིག་ལེ་ཉག་གཅིག་ཏུ་འཆར། །མདོར་ན་ཤེས་པའི་བྱེ་བྲག་དྲན་རྟོག་ཅི་སྐྱེས་ནམ་མཁའ་ལྟར་མཐའ་ཡས་པ་ཐམས་ཅད་འཁོར་བ་དོང་སྤྲུགས་ཀྱི་མན་ངག་ཆུའི་ཆུ་བུར་ལྟར་བསྟན། །རྒྱལ་བའི་རྡུལ་སྙེད་འཇིག་རྟེན་སྒྲོན། །ཙིཏྟ་དེ་ཉིད་རྟོགས་པའི་སེམས་ཉིད་རིན་ཆེན་དཀྱིལ་འཁོར་མཐའ་དབུས་དང་བྲལ་བ་ནི། །འོག་མིན་གནས་ཆེན་མུ་མཐའ་ཡས། པ་ཡིན། རྟོགས་ན་སྒྲ་སྐད་མ་ལུས་པའི་རྣམ་པ་ཡང་། །མི་ཟད་རྒྱན་གྱི་འཁོར་ལོའི་གསུང་དུ་གསལ་ལ། །གཟུགས་མཆོག་ཐམས་ཅད་སྐུ་ཡི་དཀྱིལ་འཁོར་དུ་གསལ་བར་རྫོགས། །དྲན་རྟོག་སེམས་ཀྱི་རྒྱུ་བ་ཀུན། །མི་ཟད་རྒྱན་གྱི་འཁོར་ལོའི་ཐུགས་སུ་གསལ་བ་ཡིན་ལ་མ་རྟོགས་པ་ལ་ཚིག་གིས་དེ་ལྟར་དུ་བསྟན་པའོ། །དེ་ལྟར་རྟོགས་པས་སྣོད་བཅུད་དྲན་རིག་ཐམས་ཅད་ཡེ་ཤེས་དཀྱིལ་འཁོར་ཡིན། །རབ་འབྱམས་རྨད་བྱུང་དཀྱིལ་འཁོར་མཆོག །དུས་གསུམ་ཁམས་གསུམ་འཁོར་བའི་རང་བཞིན་ནམ་མཚན་ཉིད་ཅན་ཡིན་ཏེ་བཤད་པ་བཞིན་མ་རྟོགས་པས། །བརྐམ་ཆགས་ཉོན་མོངས་པ་དྲུག་གི་མཚན་ཉིད་དུ་ཞེན་པ་ནི། །རྒྱུད་དྲུག་འཁོར་བར་གནས་པའི་སེམས་ཅན་ཡིན་ཏེ། །སྙིང་ཆོས་ཀྱི་འཁོར་ལོའི་རྩ་ནི་རིགས་དྲུག་གི་ས་བོན་དྲུག་གི་བདག་ཉིད་ཅན་དུ་གནས་སོ། །ཙིཏྟའི་འཁོར་ལོ་རིན་པོ་ཆེ་དེ་རང་བཞིན་གྱིས། །ཟག་པ་ཟད་པས་མྱ་ངན་ལས་འདས་པའི་མཚན་ཉིད་དེ། །སྤྱི་བོ་ནས་རྩ་གཡས། གཡོན། དབུས་གསུམ་དུ་འདུས་པའི་དྷརྨ་ཙཀྲའི་ལྟེ་བར་འདུས་པ་ནི་མི་ཤིགས་པའི་ཐིག་ལེ་དྭངས་མ་ལྔ་འདུས་སུ་གཅིག །ཆོས་ཉིད། ཡོན་ཏན། ཡེ་ཤེས། རང་རྒྱུད་རྩ་བཞི་ཐིག་ལེ་དྭངས་སྙིགས་གཉིས་གར་བཅས་པ་ནི། །དྭངས་མ་ལྔའི་ཐིག་ལེ་དག་ཡེ་ཤེས་ལྔ་ཡི་ཐིག་ལེ་སེམས། །ཡན་ལག་གི་རྩ་བརྒྱད་ཀྱི་གོང་མ་ལས་གྱེས་པའི་ཐིག་ལེ་ཟག་བཅས་ཟག་མེད་གཉིས་ཀྱི་རང་བཞིན་ཏེ་ཐུན་མོང་ཁྱད་པར་གྱི་མངོན་ཤེས་སུ་འགྱུར་མ་རྟོགས་ན་དྭངས་སྙིགས་འདྲེས་པས། །ཁྱད་པར་ཐ་མལ་པའི་དབང་པོ་དྲུག་པོའི་ལམ་དང་འབྲེལ་དྭངས་མ་དང་བྲལ་ན་དབང་པོ་མ་ཚང་བར་འགྱུར། །ཡུལ་སྣ་ཚོགས་འདི་རྣམས་ཀྱང་ཐབས་ཀྱི་ཟིན་ན་རང་གི་བདེ་བའི་ཐེག་ལེ་ལས། །འདུ་མ་ཟིན་ན་དྭངས་མ་ཡུལ་ཕྱི་ཤེས་པ་ནང་གི་མཚན་ཉིད་ཐ་དད་ཅན་དུ་སྣང་ཡང་། །ནམ་མཁའི་ཁམས་ལྟ་བུ་འཆར་བ་དེ་ཉིད་ཀྱིས་ཕྱེ་བ་ཡིན། །ཏེ་དེ་ཡང་ཡེ་ཤེས་གཉིས་མེད་བདེ་བའི་ཐིག་ལེའི་ངང་དུ་འདུས། །སྙིང་གི་དབུས་ཀྱི་རྩ་མདུད་ཀྱི་ཐིག་ལེ་དབྱིབས་ཟླུམ་པོར་གནས་པ་ཡི། །འདབ་མ་ཕྱོགས་མཚམས་བརྒྱད་དུ་གྱེས་པའི། ཀྱི་བདུད་སྒོ་ཁ་ཅིག་ན། །འཁོར་བའི་ས་བོན་དྲུག་དང་ཐུགས་ཧཱུྃ་ཨཱཿགསུང་ཨཱོཾ་སྐུ། །འདས་པ་སྐྱེད་པར་བྱེད་དེ་ཁ་ཅིག་ལ་གཉིད་གནས། ཐིག་ལེ་དེ་གཉིས་ཀྱིས་ཁྱབ་པས་སོ་སོའི་ནུས་པ་མི་བསླུ་བ་ཅན། །དབུས་ཀྱི་ཐིག་ལེ་ན་ཀུན་གཞི་དང་མི་གཡོ་བའི་རླུང་གནས་ཏེ་གཞན་དུ་མི་རྒྱུ་བས་མི་འགྱུར་བ་སྟེ་གལ་ཏེ་འགྱུར་ན་ཚེའི་དུས་བྱེད་པར་འགྱུར་རོ། །དེ་ནི་ཡི་གེ་ཐུང་ངུ་ཨ་མི་གཡོ་བ་ཡི་རང་བཞིན་དུ་གནས་པ་ལ་འཕོ་བའི་ཚེ་ཕྱིར་འབྱུང་བ་ཡིན་ནོ། །རྩ་བཅུད་དུ་བཅས་པ་དེ་དང་འབྲེལ་ཏེ་འཕྲོས་བའི་ཐིག་ལེ་བརྒྱད། །དབུས་སུ་ཐབས་ཀྱིས་བསྡུས་ཤིང་བལྟས་པས་རང་བྱུང་གི་ཡེ་ཤེས་ནམ་མཁའི་གཟུགས་སུ་ཐམས་ཅད་སྐྱེ་བས་བདེ་བའི་བཅུད། །དེ་ཉིད་སྤྲོས་པ་མེད་པའི་ཐིག་ལེ་རུ་འཁྱིལ་ཅིང་འདུས་བའི་ཚུལ་དུ་གནས། །སྙིང་གི་རྩ་བརྒྱད་འདུས་པའི་རྩེ་མོ་ནི་འཁོར་ལོ། །ལྟར་ཟླུམ་པོར་གནས་ཏེ་དབྱིབས་ཀྱི་དཔེ་གཉེ་མ་འཁྱིལ་བའི་ཚུལ་བཞིན་དུ་རིམ་པར་འཁྱིལ་ཏེ། །མངོན་ཤེས་ལྔ་དང་དབང་པོ་དྭངས་མ་ལྔ་དང་འབྲེལ་ཐོབ་བྱ་འབྲས་བུའི་དུས་སུ་དྭངས་མའི་བཅུད་དང་འབྲེལ་བ་ཆོས་སྐུ། །རྟོགས་ན་བདེ་གཤེགས་འབྲས་བུ་ལྷུན་གྲུབ་ཀྱི་དཀྱིལ་འཁོར་བརྗོད་པ་ལས་འདས་པ་སྤྲུལ་སྐུ། །བདེ་ཆེན་གྱི་རྩ་སོ་གཉིས་གནས་པ་མཚན་དང་ལྷག་མ་རྣམས་ལ་གྱ་བརྒྱད་དཔེ་བྱད་རང་བཞིན་རྫོགས་པ་ལོངས་སྐུའོ། ༈ །ལྟེེ་བ་སྤྲུལ་པའི་འཁོར་བ་གནས་ཚུལ་འཁོར་ལོ་གཟུགས་ཁམས་ཏེ། །མཐའ་ནས་འདུས་པའི་དབུས་ཀྱི་ཐིག་ལེའི་མིང་རྒོད་མའི་ཁའོ། །སྙིང་ག་ལ་སྤྱི་བོ་གཏད་ནས་སྦྲུལ་ལམ་གཉེ་མ་ལྟ་བུ་འཁྱིལ་བའི་གཟུགས། །སྤྱིར་འཁོར་ལོ་རེ་རེ་ལ་ཐིག་ལེ་ཨ་ཝ་དྷུ་ཏི་ལ་བརྒྱུས་པའི་ཚུལ་དུ་ཐིག་ལེ་བཞི་བཞི་བཅུ་དྲུག་གནས་པས་དགའ་བ་བཅུ་དྲུག་གནས་ཏེ་འོག་འོག་སྡུད་ཅིང་འདྲེན་པས་དང་ཡང་དག་འབྲེལ། །ཏེ་ཆེ་ལོང་དུ་བཞིའོ། །ཐབས་ཀྱིས་ཟིན་ན། དངོས་འཛིན་འདི་དག་སྒྱུ་མ་ཟག་པ་མེད་པའི་བདེ་བའི་རོས་གང་བར་སྣང་ངོ་། །དེས་ན་ཐབས་མཁས་པས་ཡང་དག་པའི་བདེ་བར་འཆར་བས་སྤྱད་པར་བྱའོ། །ཐབས་ལ་མི་མཁས་ན་མུ་སྟེགས་དང་མངལ་གྱི་གྲོང་ཁྱེར་དུ་འགྱུར་རོ། །སྙིང་ཁའི་རྩ་བཞི་འབྲེལ་པའི་དབུས་མི་ཤིགས་པའི་ཐིག་ལེ་དྭངས་མ་ལྔའི་བཅུད་དང་འབྲེལ་ཏེ། །ཐབས་ཀྱིས་མ་ཟིན་པར་བསྒོམས་ན་འབྲས་བུ་བསམ་གཏན་བཞི་ཡི་དགའ་བདེ་བར་འགྱུར་རྟོགས་ན་ཡེ་ཤེས་ཀྱི་ཟག་མེད་འཆར་བ་ཅན། །ཐིག་ལེའི་ཕྱི་རོལ་གོང་ལྟར་འཁོར་ལོ་རྩིབས་བརྒྱད་ཅན། །ཐིག་ལེ་ཐབས་ཀྱིས་མངོན་དུ་བྱས་ན་དགའ་བ་བཅུ་དྲུག་དེ་དང་འབྲེལ་ཅིང་ཉམས་སུ་མྱོང་བའོ། །འཇུག་པའི་དང་པོ་མེ་རླུང་གཉིས་ནི་རྟེན་མ་ཡིན། ། བཞི་པ་དང་བཞི་སྟེ་བཅུ་དྲུག་ནི་ལོངས་སྤྱོད་ཀྱི་འཁོར་ལོ་འདོད་པ་ཡི་ལོངས་སྤྱོད། །ཐུན་མོང་གི་བདེ་བ་ཉིད་ལ་སྤྱོད་པའི་རྟེན་ཡིན་ནོ། །ཆོས་སྤྲུལ་གཉིས་ནི་ཟག་མེད་ཀྱི་བདེ་བ་སྐྱེད་པས་རིན་ཆེན་འཛེད་འགེངས་སྒྱིལ་བས་རྫིང་གི་འགྲམ་ནི་རྩ་གཡས་གཡོན། །རྩ་གསུམ་གཅིག་ཏུ་འདུས་ནས་བརྒྱུད་པའི་མདུད་པའི་མཚན་ཏེ་མེ་ཡི་འཁོར་ལོ་ལ་རེག་པས་འགྲམ། །ཐིག་ལེ་གཡས་གཡོན་གཉིས་ནི་དབུས་ཀྱི་རྩ་ལ་འདུས་པས་རྩ་གཉིས་ལ་སྒོ་མེད་པ་ཡིན། །འགྲོ་བའི་རྒྱུད་རྣམས་ཀུན་གྱི་ཐུན་མོང་གི་བདེ་བ་དང་ཐུན་མིན་གྱི། ། བདེ་བ་ཐམས་ཅད་མྱོང་བར་བྱ་བ་ཡིན། །ཐབས་ཤེས་གཉིས་ཀ་ལ་གཡས་གཡོན་དབུས་ཀྱི་རྩ་ལ་འདུས་པའི་ཐིག་ལེ་བདེ་བའི་མཆོག །མགྲིན་པ་ལོངས་སྤྱོད་འདབ་མ་བཅུ་དྲུག་གི་གཅིག་ལྕེ་སྟེ་དེས་རོ་ལ་ལོངས་སྤྱོད་པར་བྱེད། དེ་ཡང་དབུས་སུ་འདུས་པའི་བདེ་བ་རྩེ་ཡིས་ཟིན། །སྙིང་ཆོས་ཀྱི་འཁོར་ལོའི་ཐིག་ལེ་བརྒྱད་དྭངས་མ་བཞིར་འདུས་ཏེ་དང་པོ་བདེ་བ་ཆེན་པོར་བཅུད། །དུ་འབྲེལ་ཏེ་དེ་ཉིད་རྩ་གཡས་གཡོན་གཉིས་སུ་འཁྱིལ་ཅིང་དབུ་མ་ལ་ཐིམ་ནས་འོག་ཏུ་འཛག་པའི་རྩའོ། །ཐིག་ལེ་འཁྱིལ་པ་ནི་འཁོར་ལོ་བཞི་རུ་དགའ་བཞི་རོལ་ཅིང་གནས་ཏེ། །སྤྱི་བོ་བདེ་བ་ཆེན་གྱི་པོ་འཁོར་ལོ་བདེ་བས། གང་ནས་འཛག་པ་ལྟར་འོག་མ་ཡང་གང་ཞིག་འཛག །བདེ་བ་འཁོར་ལོ་ཁྱབ་པ་དང་གྱེན་དུ་བཟློག་སྟེ་སྒོར་ཕྱིན་པ་དང་རྩ་གསུམ་དང་ལུས་བདེ་བས་རྒྱས། །བདེ་བའི་རྩའི་རླུང་གི་ཤེས་པའི་དྭངས་མ་རྣམས་མི་ཕྱེད་པས་རང་བྱུང་བདེ་བས་རྒྱས་བཏབ་སྟེ། །རླུང་དང་རིམ་པར་ཡེ་ཤེས་ལ་ཐིམ་ཟག་པ་མེད་པས་དྭངས་མའི་བཅུད་དེ། །འདྲེས་པས་ཉམས་སུ་མྱོང་བ་ནི་རྡོ་རྗེ་གཉེ་མའི་ཚུལ། །དུ་ཐིག་ལེར་འཁྱིལ་ནས་རྒྱུ་བ་མེད་པའི་ཐིག་ལེ་བདེ་བ་སྐྱེ་འགག་མེད་པའི་རོས་གང་ནས་རྒྱུན་དུ་གནས་པ་ན། །ཁམས་གསུམ་ཡེ་ཤེས་ཆེན་པོར་འཆར་སྟེ། །རླུང་ཁྲག་གི་ནད་ཀྱིས་ཟིན་པའི་ཤེས་པའི་ཕྱི་རོལ་ཚུལ་བཞིན་དུ་ངེས་པར་འགྲེལ་པའི་གཅིག་འགྱུར། །མཉམ་རྗེས་མེད་པར་ཇི་བཞིན་གསལ་བའི་ཀླུངས་སུ་ཡན་ཐུབ་པས་ཕེབས་པ་ཡིན། །ཏིང་ངེ་ལས་སུ་རུང་བ་ལ་བར་ཆོད་རྐྱེན་རྣམས་དང་བྲལ་བ་ཡིན་ནོ། །མགྲིན་པ་ལོངས་སྤྱོད་འཁོར་ལོ་འདོད་པའི་རོ་ལ་རྒྱུན་དུ་སྤྱོད་པས་འདོད་པའི་ཁམས། །ཀླད་པ་བདེ་བ་ཆེན་པོ་ནི་གཟུགས་མེད་པའི་ཁམས་ཏེ། །ཅིས་ན་ལུས་བདེ་བས་ཁྱབ་ཅིང་བདེ་བའི་དངོས་པོ་མེད་པའི་སྙིང་པོ་ཅན། །དེས་ན་ཐུན་མོང་དང་ཁྱད་པར་གྱི་བདེ་བ་འབྱུང་བའི་རྒྱུ་ཡི་མཆོག་སྟེ་སྐྱེད་པ་དང་ཁྱབ་པ་དང་མི་རྟོག་པའོ། །ལོངས་སྤྱོད་བདེ་བའི་ནམ་མཁའ་ལྟར་ཁྱབ་ཅིང་དེར་འདུས་པས་ཐིག་ལེ་ཅན། །རྣམ་དག་ཆོས་སྐུ་འདུས་མ་བྱས་པའི་རང་བཞིན་ཡིན། །འཁོར་འདས་གཉིས་ཀ་རང་རིག་བདེ་བ་ཆེན་པོར་སྣང་ལ། །གསང་བའི་ཐབས་ཀྱི་ངེས་པ་ལ་རྒྱུད་དྲུག་གི་གནས་དང་ལོངས་སྤྱོད་གནས་ལ་སོགས་པ་དོར་དུ་མེད་པར་རྟོགས་པས། །མྱ་ངན་འདས་པའི་སྐུ་གསུང་ཐུགས། །གཞན་དུ་རེ་བ་མེད་དེ་སྣང་སྲིད་མ་ལུས་རྫོགས་པ་བདེ་བ་ཆེན་པོའི་དཀྱིལ་འཁོར་ཡིན་པའི་ཕྱིར་རོ་ཏེ། ༈ །ཡུལ་མ་གྲུབ་བ་ལ་རང་གིས་བསམ་པའི་སྦྱོར་བའི་ཏིང་འཛིན་ཏེ་རྟོགས་པའི་ཡུལ། །བསྐྱེད་པ་དང་མཐུན་པར་ཡེ་ཤེས་ཀྱི་དལ་སྤྱན་དྲང་མོས་པའི་ནི་མངོན་དུ་སྣང་བ་མེད་པས་ཡིད་སྨོན་ཡིན། །རང་གི་རྟོག་པའི་བློ་ཡིས་དེ་དག་འདྲེས་པར་བརྟགས་པས་སྦྱོར་བ་རྟོག་པ་ཡིན་སྟེ། །དེས་ན་བཅོས་མའི་ཐབས་ཀྱིས་སྦྱོར་བ་ཡིན། །ཏེ་རྣལ་མ་དང་མི་མཐུན་པས་ཇི་བཞིན་དངོས་ལ་མི་འཇུག་པར། །བཅོས་མའི་བརྙན་མ་མངོན་དུ་བྱེད་པ་ལ། །ཡང་དག་པའི་ལམ་གྱི་དོན་ལ་དམིགས་ནས་འཇུག་བྱེད་དང་། །དཔེར་ན་སྤྲེའུ་རྣལ་མ་དང་སྤྲེ་འབག་བཅོས་མ་བཞིན། །རྟོག་པ་དེ་ཡིས་དངོས་པོ་རྣལ་མ་དེ་ཡི་དོན་མི་འགྲུབ། །དེས་ན་བཅོས་མའི་དཀྱིལ་འཁོར་དེ་ཤེས་ནས་མི་འཇུག་པར་སྤང་བར་བྱའོ། ༈ །བསྟན་པའི་རྗེས་ཐོག་དེ་ནས་རང་གི་སེམས་ཉིད་ཡུལ་དྲུག་ཏུ་བྱུང་རྫོགས་ཆེན་གྱི་དཀྱིལ་འཁོར་འདི། །མ་བཅོས་པ་ཇི་བཞིན་མངོན་སུམ་དུ་ཤར་བ་ཁོ་ན་བས། །ཀྱང་མི་གྲོལ་བས་རྣ་བརྒྱུད་ཀྱི་མན་ངག་འདི་ལ་སྔར་གཤེགས་པའི་རྣལ་འབྱོར་པས་དེ་བཞིན་དུ་ཤིན་ཏུའང་ནན་ཏན་བྱའོ། །གང་ལ་བྱ་ན་ཁ་དོག་བཀྲ་ཞིང་དབྱིབས་གསལ་བའི་གཟུགས་༡དང་བརྗོད་པ་དང་བྲལ་བ་ཉིད་ཟིན་མ་ཟིན་གཉིས་ཀའི་སྒྲར་༢སྣང་། །དངོས་པོ་བྲལ་ཏེ་རང་བཞིན་མེད་པ་ཉིད་ཞིམ་པ་དང་ང་བ་དང་དེ་ལས་གཞན་པའི་༣དྲི། །མུ་ཁའི་ལྕེ་སྟེ་རོ་དྲུག་མ་བཅོས་པའི་ཐིག་ལེ་དབྱིངས་ལས་ཤར་ཀྱང་དེ་ཉིད་ཀྱི་༤ངང་། །རེག་བྱ་འཇམ་རྩུབ་ལ་སོགས་པ་སྣ་ཚོགས་ཐིག་ལེ་ལས་ཤར་བས་དབྱིངས་ཉིད་འདུས་པས་བྷ་གའི་སེལ་མེད་པས་༥ཀློང་། །དྲན་རིག་སྣ་ཚོགས་དེ་ཉིད་ལ་འཆར་ཞིང་དེ་ཉིད་ལ་ཀུན་འདུས་༦པའི་ཆོས་སོ་ཅོག་དེ་དག་བདེ་བ་ཆེན་པོའི་དཀྱིལ་འཁོར་ཏེ་གྲངས་ནི་རྩ་བ་དྲུག །དྲུག་ཏུ་སྣང་ཡང་བདེ་བ་ཆེན་པོ་ཕྱོགས་རིས་མེད་པ་གཅིག་གི་ངང་། །དེ་དག་ཏུ་ཞུགས་ཤིང་རྟོགས་ན་རང་བྱུང་གི་ཡེ་ཤེས་མུ་མཐའ་མེད་པར་འཇུག །དལ་དེ་ཡང་ཁ་ཅིག་ལྟར་བྲིས་པའམ་བསྐྱེད་པ་མིན་པས་འདི་ནི་རང་བཞིན་མ་བཅོས་པའི་དཀྱིལ་འཁོར་རང་གཞག་ཡིན་པའོ། ༈ །འདི་ལ་ཕྱི་ནང་གི་འམ། བརྡ་དོན་འབྲེལ་བ་དང་། རང་རིག་མཆོག་གི་སློབ་དཔོན་རྣམ་པ་གཉིས་ཏེ། ༈ །སྣང་སྲིད་བརྡ་རུ་གནས་པ་ནི་དོན་དེ་ཁོ་ན་ཉིད་དུ་རང་གྲོལ་ནས་གཞན་འགྲོལ་བར་བྱེད་བའི་སློབ་དཔོན་ནི། །ཟབ་མོ་རྟོགས་པའི་ཤེས་རབ་མཆོག་དང་ལྡན་ཐུན་མིན་གྱི་ཏིང་ངེ་འཛིན་ཐོབ་པ། །ཉན་རང་ལ་སོགས་པའི་ལྟ་སྤྱོད་དམན་པའི་བློ་སྤངས་ཁྱད་པར་འདིའི་ལྟ་སྒོམ་ཀུན་ཤེས་པའི་བློ་ཅན། །བསྟན་པ་མ་ལུས་པའི་བཅུད་ཕྱུང་བས་རྩོལ་བའི་ཐེག་པ ས་མ་རེག་པས་ཐེག་པའི་ཡང་ཐོག་ལ། །བདེ་གཤེགས་སྲས་བྱང་སེམས་རིག་འཛིན་དང་བཅས་པ་དང་འབྲས་བུ་དམན་པའི་སངས་རྒྱས་ཀྱང་། །སྤྱི་བླུགས་ཀྱི་དབང་འདི་ལ་རེ་ཐག་ལས་ཤིང་ཡོན་ཏན་ལྡན་ཡང་མི་རྟོག་ཅིང་འགྲོ་བ་ལ་ཐུགས་བརྩེ་བ། །ནང་གི་ཉོན་མོངས་པ་དང་ལྷ་མིའི་དྲི་མ་ཐམས་ཅད་སྤངས་ཏེ་གཉིས་འཛིན་བྲལ་པས་འཇིག་རྟེན་གྲགས་པའི་ཆོས་བརྒྱད་སྤངས། །སྔོན་ཐེག་པ་ཀུན་ལ་སྦྱངས་པ་དང་སྨོན་ལམ་བཏབ་པ་དང་ལམ་མ་ནོར་བར་དག་པས་བཀའ་མཐའ་དག་གི་མངའ་བདག་ཅན། །ཤེས་རབ་༡དང་དད་༢པ་དང་ལྡན་ཞིང་ཐུན་མོང་ཁྱད་པར་གྱི་བརྩོན་འགྲུས་ཁྱད་པར་དུ་འཕགས། །མ་ནོར་དོན་རྟོགས་བརྒྱུད་པ་གསུམ་གྱི་གདུང་རྒྱུད་རྡོ་རྗེ་ཟམ་པ་མ་ཆད་པ། །སྣོད་གང་དང་ལྡན་རྟོག་ཅིང་གཞན་གང་གིས་འདུལ་གྱི་སེམས་དེའི་ཚོད་ཤེས་པ། །རབ་འབྲིང་ཐ་མའི་བློ་ཅན་ལ། །མཐུན་པར་གསང་བསྒྲགས་གཞན་དུ་མིན། །ཞེའོ། །སྣོད་ལྡན་ལ་བཅུད་མཆོག་ཏུ་སྦྱིན་པར་བྱེད་པ་ཐུགས་རྗེའི་མངའ་བདག །ཡོན་ཏན་འདི་འདྲའི་བླ་མ་ཁྱད་པར་ཅན་དད་པ་ལ་སོགས་པས་རྗེས་སུ་བཟུང་བར་བྱས་ཏེ། །དཀའ་བར་གྱུར་ཀྱང་གཟུང་བའི་ཚད་སྲོག་ལུས་བྲལ་ཡང་བླ་མ་ཡིད་ཀྱིས་གཟུང་། །ཅིས་ན། དེ་ལྟར་འཛིན་པའི་སློབ་བུ་ནི་རྒྱལ་བའི་སྲས་ཆེན་ཆོས་ཀྱི་རྒྱལ་ཚབ་ཡིན་པའི་ཕྱིར་རོ། །མ་ནོར་དོན་གྱི་བླ་མ་ནི། །རང་གི་སེམས་ཉིད་ནི་དུས་གསུམ་གྱི་སངས་རྒྱས་དང་སློབ་དཔོན་དུ་འཆར་ཞིང་རྟོགས་པ་ལ་རག་ལུས་པས་ཀུན་གྱི་བདག་ཉིད་དོ། །དེས་ན་ཐམས་ཅད་རང་རིག་ཏུ་སྣང་ཞིང་འདུས་པས་རྒྱལ་པོ་བས། །དེ་ཉིད་རྟོགས་ན་སངས་རྒྱས་མ་རྟོགས་ན་སེམས་ཅན་ཀུན་གྱི་དངོས། །རྟོག་པ་སྔ་མའི་རྗེས་སུ་ཕྱི་མ་འཇུག་པས་རྡོ་རྗེ་སློབ་དཔོན་འབད་རྩོལ་མེད་པར་ཆེ་བའི་ཡོན་ཏན་རྫོགས་པས་རིན་ཆེན་བདག །སེམས་ཉིད་མ་རྟོགས་ན་འཚང་མི་རྒྱ་བས་རྒྱལ་བ་ཀུན་གྱི་བླ་མ་ནི། །དེ་ཉིད་ཐམས་ཅད་དུ་སྣང་བས་ཀུན་བྱེད་རྒྱལ་པོ་ཞེས་གྲགས་པས་རང་རིག་ཡེ་ཤེས་ཆེན་པོ་ཡིན། །རང་སེམས་འདི་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས། །ཐོག་མཐའ་མེད་པར་མཆོག་ཏུ་བཀུར་ཞིང་མ་ཡེངས་པར་རྗེས་སུ་གཟུང་། །རང་རིག་ཡེ་ཤེས་ཀྱི་དབང་དུ་མ་གྱུར་པ་མེད་པས་རྒྱལ་པོ་འདི། །ཆོས་ཐམས་ཅད་གསང་སྔགས་ཡིན་ཏེ་མེད་ལ་མི་ཟད་པ་མངའ་བས་གཏེར་གྱི་མཛོད་འཛིན་ཅིང་། །བསྟན་པ་རྒྱ་མཚོ་ཆོས་ཀྱི་ཕུང་པོ་སྒྲ་དང་བྲལ་བར་ཉམས་ཀྱིས་སྒྲོགས་པའི་བདག །གཅིག་རྟོགས་པས་ཀུན་རྟོགས་པས་མན་ངག་རིན་ཆེན་གཏེར་གྱི་བདག །རང་བཞིན་ཆེད་དུ་བྱས་པ་ལྟོས་པའི་མུན་པ་སེལ་བས་ཡེ་ཤེས་སྒྲོན་མ་ལྷམ་མེ་བ། །དེའི་ཕྱིར་འཇིག་རྟེན་ཐེག་བརྒྱད་དང་དྲན་རྟོག་ཀུན་གྱི་བཅོས་མ་དང་རྣལ་མས་ཇི་ལྟ་བར་སྟོན་པ་པོ། །བླ་མ་རྡོ་རྗེ་རིན་ཆེན་སེམས། །ཡིན་པས་མ་བཅོས་པའི་སློབ་མ་ལ་མ་བཅོས་དོན་ཉིད་སྟོན་པ་ཡི། །བླ་མ་རང་ཉིད་སངས་རྒྱས་དེར་ཤར་བས་ཀུན་གྱི་དངོས། །དེ་དང་མ་ལྡན་ན་ཕྱིའི་སློབ་དཔོན་གྱི་ཇི་ལྟ་བར་བསྟན་ཀྱང་མི་གྲོལ་བས་རྡོ་རྗེ་སློབ་དཔོན་དམ་པ་ཡིན། ༈ །སློབ་མ་ཇི་ལྟར་འདོད་པ་ལྟར་སྨིན་པས་རིན་ཆེན་སེམས་ཀྱི་རང་བཞིན་རྟོགས་པས། །ཆོས་ཀུན་གྱི་རང་བཞིན་ཕྱོགས་མེད་པར་འཆར་ལ་དངོས་པོའི་དེ་ཁོ་ན་ཉིད། །ཕྱིན་ཅི་ལོག་དེ་ཉིད་རང་བྱུང་རྒྱལ་པོ་དེ་ཡི་ཕྱག་རྒྱ་ཅན་ནོ། །རྡོ་རྗེ་ཟམ་པ་མ་ཆད་པ་དེ་ཡི་བཅོས་མ་དང་རྣལ་མ་དབང་གིས་བརྡ་བྲལ་གྱི་དོན་དེ་ཐོབ་ཅིང་། །འཁོར་འདས་ཐམས་ཅད་དེར་འདུས་སངས་རྒྱས་ཀྱི་ཡོན་ཏན་དེ་ལ་རག་ལས་པས། །ཇི་སྙེད་པའི་རྣམ་རིག་དེ་དག་ཐིག་ལེ་ཆེན་པོ་དེ་ཡི་རིགས་ལས་བྱུང་། །དབང་འདིས་ཟིན་ན་བརྐམ་ཆགས་ཉོན་མོངས་པ་དྲུག་ལྡན་མངལ་སོགས་སྐྱེ་བ་བཞི་པོ་དེ་དག་ཡེ་ཤེས་ཆེན་པོའི་བདག་ཉིད། །དེ་ལྟར་རྟོགས་ན་སྤྱོད་ཡུལ་རྣམ་པར་དག་པ་བདེ་བ་ཆེན་པོ་ལམ་འབྲས་བུ་ཐོབ་པ་དང་གཞན་དོན་བཅས། །རྟོགས་པའི་དུས་ན་ཐམས་ཅད་སེམས་ཉིད་བདེ་ཆེན་དེ་བདག་ཉིད། །ཐུན་མོང་གི་སྤྱོད་ཡུལ་ཡང་སེམས་ཀྱི་རང་བཞིན་ཅན། །སློབ་དཔོན་དང་སློབ་མ་དོན་གཅིག་པ་ལས་སྐྱེ་མེད་རྡོ་རྗེའི་ཐེག་པ་ལ་འཇུག་པ་ལ་གེགས་མེད་པས་རིགས་ཅན་དེ། །རིག་པ་གདོད་ནས་ལྷུན་གྲུབ་གསུམ་དུ་རང་སྣང་ཞིང་གཞན་ལའང་སྟོན་པའི་བླ་མའི་རང་བཞིན་ཏེ། །སློབ་དཔོན་དེ་ཡི་བཀའ་རྟགས་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་ཅན། །རྟོག་པ་ཐམས་ཅད་རྟོགས་པ་ལས་མ་འདས་ཤིང་མི་གཏོང་བས་མི་འགྱུར་རྡོ་རྗེ་དབྱིངས། །དེ་ལྟར་བསྟན་པ་དེས་ན་སློབ་མ་བར་ཆད་མེད་ཅིང་འཇིགས་པ་དང་བྲལ་བས་རྡོ་རྗེའི་བུ། །རིགས་སུ་ངེས་པའི་བཀའ་རྟགས་ཡིན། །འཁོར་འདས་ཐམས་ཅད་སློབ་མ་རྟོག་པའི་རྗེས་སུ་འབྲང་བས་རྡོ་རྗེ་ཉིད། །ཇི་ལྟར་བསྟན་པ་དེ་ཉིད་བླ་མ་དང་ཐ་མི་དད་པས་རྡོ་རྗེའི་སྟོབས། །དཔོན་སློབ་གཉིས་ཀའི་ངོ་བོ་རྡོ་རྗེ་ངང་ཉིད་རྟོགས་པ་སྐྱེ་མེད་རྡོ་རྗེ་ཉིད་གཅིག །དེ་ལྟ་བུའི་རང་བཞིན་རྡོ་རྗེ་ཡེ་ཤེས་དེ་ནམ་མཁའ་ལྟར་ཁྱབ་ཅིང་གདལ་བས། །དེས་ན་རྡོ་རྗེ་ལྷུན་གྲུབ་པའོ། ༈ །ཐབས་རྣམས་ཀྱིས་བརྟགས་པས་བློ་ཆེ་ཆུང་ཡི་རིམ་པའི་རྣལ་འབྱོར་རིག་ཅིང་རྟོགས་པ་ཅན། །དེ་ཉིད་མ་བཅོས་པའི་མན་ངག་ཏུ་སྡུད་དང་ཐེག་པ་སོ་སོར་འཐོར་བའི་ལུང་ལ་བློ་སྦྱངས་པ་ཡི། །སྒྲ་ཙམ་མིན་པའི་དོན་རིག་པས་ཉམས་སུ་མྱོང་བའི་བདེ་བར་འཆར་བ་ལ་བཞག་ན། །བསྐལ་པ་དུ་མར་ཐེག་པ་ཐུན་མོང་ལ་སྦྱངས་པའི་སྦྱོར་བ་མ་ནོར་བས་བློ་བོགས་སུ་འགྱུར་བའི་རིགས་ཅན་ནམ། །ཆོས་ཉིད་ཀྱི་རིགས་ཅན་རང་བཞིན་གྱིས་རྒྱུད་དག་པས་སྔར་གང་ལ་ཡང་མ་སྦྱངས་པར་འདིར་འཇུག་པའི་རྣལ་འབྱོར་པ། །མན་ངག་དང་ལམ་མྱུར་དུ་འཇུག་ཅིང་རིན་ཆེན་ཐོབ་ནས་གཏེར་ལྟར་དུ་འཆང་བས་སོ། །མན་ངག་ཐོབ་ནས་ཀྱང་བླ་མ་རྡོ་རྗེ་སྲོག་ལྟར་ཏུ་གཅེས་པར་འཛིན། །རྟོགས་ནས་སྒོམ་པ་ཏིང་འཛིན་དང་ལྟ་བ་ཤེས་རབ་ཀྱིས་སྣང་སྲིད་རྩལ་དུ་གྱུར་ཅིང་ཐམས་ཅད་རྫོགས། །རྟོགས་གོམས་ལྷག་པའི་ཡེ་ཤེས་ཀྱིས་ཉམས་ལ་ཕྱོགས་རིས་དང་འཕེལ་འགྲིབ་མེད་པས་ཉི་མ་འཆར། །དད་པ་དང་གཞི་བྱེད་པས་བརྩོན་འགྲུས་ནི་རྒྱུ་འབྲས་བུ་སློབ་བུ་ལ་རྫོགས། །བླ་མ་དང་གདམས་ངག་འདོད་པའི་རྩོལ་བས་ལུས་ངག་རླག་པར་ལོ་ཟླ་དང་ཚེ་དང་བསྐལ་པ་སྟོང་དུ། །གྱུར་ཀྱང་དོན་གྱི་འདོད་པ་མི་གཏོང་། །བ་ནི་མི་འགྱུར་བའི་རིགས་སུ་ངེས་པའོ། །དེས་བླ་མའི་ཐུགས་ལས་བདེ་བ་འབེབས་པའི་ཡན་ལག་ཡིན་ནོ། །དེ་ཅིར་འགྱུར་ན་བདག་ཉིད་བླ་མ་རྡོ་རྗེའི་སྲོག་ཏུ་གྲུབ་ཅིང་དབྱེར་མེད་དུ་འགྱུར་ཏེ། །ཐ་མལ་གྱི་ལུས་ངག་སེམས་གསུམ་ཀྱི་རྒྱུ་བ་མེད་པར། །གནས་ཏེ་རེ་དོགས་ཆོད་པ ས་དེ་ཕན་ཆད་རྡོ་རྗེ་ལུས་སུ་འགྱུར་ཏེ་དེ་ཁོ་ན་མངོན་དུ་འགྲུབ་པའོ། ༈ །ཐེག་པའི་དོན་སྟོན་པའི་རྡོ་རྗེ་བླ་མ་གཞན་ལ་ཕན་པའི་སེམས་ཅན། །དེ་ཁོ་ན་ཉིད་རྟོགས་པས་རྒྱལ་བའི་སྲས་སུ་གྱུར་པ་བདག་གཞན་ལ་ཕན་པའི་ཡིད་ཀྱི་བློ་ཅན་དེས། །ཀྱང་སློབ་མ་རིགས་ངན་པ་དང་དད་པ་དང་དམ་ཚིག་ལ་སོགས་པ་མེད་པ་ཁེངས་སེམས་ཀྱིས་ཐ་མལ་པའི་འཇིག་རྟེན་དང་ཁྱད་མེད་པའི་སྤྱོད་པས་ལུས་དང་ངག །ཀྱང་རྟོགས་སམ་དལ་བུས་བགས་ཀྱིས་མཐོང་ནས་དེ་མ་ཐག་ཏུ་བླ་མ་དེས། །ཀྱང་གསང་བ་དམ་པའི་གཏེར་ཁྱིམ་རིག་པའི་སྒོ་བསྡམས་ཏེ་ཐབས་དང་དྲག་པོས་བསྐྲད། བདག་ཉིད་ཀྱང་འབྱོལ་ཞིང་འབྲོས་སོ། །དེ་ཅིས་ན་མན་ངག་ཉམས་པའི་རྒྱུ་ཡིན་པས་གསང་བ་མ་བསྲུངས་ན་ཉེས་པ་ཤིན་ཏུ་ཆེ་སྟེ། །དཔེར་ན་ལུས་དང་བྲལ་བའི་ཡན་ལག་རྒྱུས། །ལོང་བ་ལྔ་བརྒྱ་ལ་གླང་ཆེན་བསྟན་པས་གླང་པོའི་ལུས་སུ་ངོ་ཤེས་པ་མི་ཐོབ་པ་ལྟར། །དེ་ཁོ་ན་ཉིད་ཀྱི་མན་ངག་ཉམས་པའི་ཐབས་ཞི་གནས་ཐིག་ལེ་རླུང་རྣམས་ཀྱིས། །འབྲས་བུ་བྱང་ཆུབ་ཀྱི་ལུས་སུ་ཐོབ་པར་མི་འགྱུར་རོ། ༈ །དེས་ན་ནང་གི་བླ་མ་ནི་ཐུན་མོང་དང་ཁྱད་པར་གྱི་སྲོག་ཡིན་ཏེ་དེ་དང་བྲལ་ན་དུཿཁ་སྐྱེ་པས། །ལུས་ངག་སེམས་ཀྱིས་དུས་གསུམ་དུ། །རང་གི་སྲོག་དང་འབྲལ་བའི་ལས་མི་བྱེད་པ་ནི་མཆོག་གོ། །འཇིག་རྟེན་གྲགས་པ་དང་ཁེ་རྙེད་པ་འདོད་ཅིང་ཐར་པ་ལས་ལྡོག་པའི་སེམས་ལོག་གིས། །དམ་ཚིག་དང་དོན་དེ་ཉིད་ལས་ཉམས་པར་གྱུར་པའི་རྒྱུ་ཤེས་པས་ནི། །ནང་རང་དང་ཕྱི་གཞན་གྱི་དོན་ལ་རྒྱུད་སེམས་སྦྱངས་ཏེ་མཁས་པ། །འཁྲུལ་པའི་སེམས་གྲགས་པའི་བརྒྱད་རྣམ་པར་སྤངས་ནས་མི་གནས་པ། །གལ་ཏེ་རིགས་ངན་ཡང་དོན་མཐར་ཕྱིན་པར་འདོད་པའི་བརྩོན་འགྲུས་ཀྱིས། །གོ་བགོས་ཏེ་དད་པ་ལ་སོགས་པ་མི་ལྡོག་པར་ངེས་པའི་རིགས་རྒྱུད་ཅན། །བརྟན་པ་དང་མི་འགྱུར་བ་ནི་རྡོ་རྗེའི་ལུས་ཏེ་དེ་ལ་ཤེས་རབ་བརྩོན་འགྲུས་ལ་སོགས་པ་རྒྱན་པར་མཐོང་ན། །བདག་གི་སེམས་དུས་གསུམ་དུ་དགའ་བའི་ཚོར་བ་སྐྱེའོ། །ལུང་མན་ངག་ལས་གྲགས་པའི་ཡོན་ཏན་གྱིས་སེམས་མཁའ་ལྟར་རྒྱས་པའི་ཆོས་བདག་གིས་ཐོས་ན། །བླ་མའི་རྗེས་སུ་མཐུན་པའི་དགའ་དད་འདུན་པའི་ཡིད་ཀྱིས་མོས། ༈ །ཁྱད་པར་དུ་བཟུང་བ་བླ་མ་རྡོ་རྗེ་སྐལ་ལྡན་དེས་ཀྱང་། །ལུས་ངག་སྤྱོད་པ་ཅི་བྱེད་ཀྱང་། །གཡོ་སྒྱུ་དང་ཁ་གསག་མེད་པའི་དགེ་བྱེད་ཅིང་། །ཞལ་མཐོང་བ་དང་དེའི་རྣམ་པ་དྲན་པའི་འདུ་ཤེས་ཙམ་གྱི་རྒྱུད་ཀྱིས། །མཚམས་མེད་མི་དགེ་བཅུ་ལ་སོགས་ཐུན་མོང་དྲི་མ་ཀུན་འཇོམས་ཤིང་། །ཉི་མའི་འོད་བཞིན་དུཿཁ་ཞི་བྱེད་པ་ནི་དུས་གསུམ་གྱི་རྒྱལ་བ་ཉིད་དེར་ངེས་པས། །བླ་མའི་སྐུ་གསུང་རྡོ་རྗེ་ཡོན་ཏན་དེ་ལྟ་བུ་དང་ལྡན་པ་ལ། །སློབ་བུས་ཀྱང་དེ་ལྟར་ཤེས་ནས་རྟག་ཏུ་མ་ཡེངས་པར་རང་གིས་ཡིད་འདོགས་ཤིང་། །བླ་མའི་དགོངས་པ་ཐུགས་ཀྱིས་ཇི་ལྟར་མོས་པ་བཞིན། །སྒོ་གསུམ་ཉིད་གུས་པའི་སེམས་ཀྱིས་ཀུན་ནས་མཉེས་པར་བྱེད་ཅིང་། །དུས་རྟག་ཏུ་ལུས་དང་ལོངས་སྤྱོད་ལ་མ་ཆགས་པའི་མཆོད་པ་འབུལ་བར་བྱེད་པའི་གང་ཟག །དེ་ནི་རིགས་ཀྱི་བུ་ཡིན་ཏེ། །གཟུང་བར་བྱའོ། །བདེ་བའི་ཞིང་འགྱུར་སྐལ་ལྡན་དེ། །ཞིང་ས་གཤིན་པོ་ལ་ས་བོན་བཏབ་པས་མི་སླུ་བ་ལྟར་རོ། །མི་ཕྱེད་པས་རྡོ་རྗེ་ཐབས་ཀྱིས་རྟོགས་པའི་ཁྲི་ཆེན་དག་ལ་བསྐྱོན། །སྐད་ཅིག་ལ་ངེས་པ་རྙེད་ཅིང་རེ་དོགས་ཆོད་པས་བདེ་གཤེགས་ཉིད་དུ་རང་རིག་མངོན་སུམ་དུ་ངེས་པར་ལུང་བསྟན་པ་ཐོབ། །ཡུན་དུས་མཐའ་ཉིད་ཀྱིས་རྟོག་པ་ཅི་སྐྱེས་དེ་མ་ཐག་ཏུ་གྲོལ་བས་འབྲས་བུའི་ས་ལ་བཀོད་པ་ཡིན་ནོ། ༈ །དེ་ནས་དེ་ཚུལ་ཇི་ལྟར་བརྟག་ན་རྡོ་རྗེ་བླ་མ་མཚན་ཉིད་བསྟན་པ་དེས། །སློབ་བུའི་དོན་དད་པ་སོགས་རྟོགས་པ་ནི་བདག་གིས་གསལ་བའི་མངོན་སུམ་དུ་ཕྲད་པའི་དུས་མམ། །ལུས་ངག་སེམས་ཀྱི་གཞན་ལ་ཆོས་དང་ལྡན་མི་ལྡན་གྱི་གཏམ་གྱི་བརྡ་རྟགས་ཀྱིས་ཤེས་སམ། །པྲའམ་རྨི་ལྟས་ལ་སོགས་པ་ཆོས་སྐྱོང་མཁའ་འགྲོའི་ལུང་བསྟན་ནམ། གཉིས་ཀའི་སེམས་དགའ་མི་དགའི་པྲ་ཡིས་བརྟག་པར་བྱའོ། །དེ་ལྟར་སྣོད་དུ་རུང་ན་ཐབས་ཀྱིས་མན་ངག་གཏིམ་པའི་གནས་སམ་དེ་ཐོབ་ཅིང་རྟོགས་ན་བླ་མ་རྡོ་རྗེ་འཛིན་པའི་གདན་ས་ནོན་པ་རུ། །བླ་མས་དེའི་རྒྱུད་རིག་ནས་ལས་དང་སྐལ་ལྡན་ནི་བདེ་བ་ཆེན་པོ་དེ་ཡི་སར། །སྨིན་པར་བྱ་ཕྱིར་གདམས་ངག་བློའི་རིམ་པ་ལྟར་སྦྱིན་པར་བྱ། །འདི་ལ་བྱ་བཙལ་སྔོན་དུ་ཚོགས་འཁོར་གསོལ་བ་གདབ་གནང་བ་སྦྱིན་པའི་རིམ་པ་དང་། །མངོན་རྟོགས་ཀྱི་ཐབས་ཀྱི་རིམ་ཐྲ་ཀྵ་ནི་པྲ་མ་སྟེ་རིམ་པ་ཀྵྱིད་ནི་ཕྲད་ཅིང་མཐོང་བ་ཀརྨ་ནི་ལས་ཟིན་པ་སྟེ། ༈ །དེ་ནི་རྩོལ་སྒྲུབ་ལུས་དང་སེམས་ཀྱི་ལས། །སྣོད་ལྡན་ལ་དངོས་ངག་གིས་མཚོན་ཏེ་ཐིག་ལེའི་མཚན་ཉིད་དང་མི་འབྲལ་བར་གནས་པ་ལ། །ཐ་མལ་དང་ཆེད་དུ་བྱས་པའི་སྒོ་གསུམ་གྱི་འདོད་རྩོལ་དང་སྤྲོས་པ་ཐམས་ཅད་འགགས། །བརྗོད་པར་བྱ་བའི་ལུང་བསྟན་མིན་ཏེ་སྒྲ་བརྗོད་པས་ཐོག་ཏུ་མི་འབབ་བོ། །ཐམས་ཅད་ཏིང་ངེར་གྱུར་པ་ནི་སྐལ་ལྡན་སློབ་མའི་སེམས་ཀྱི་དཀྱིལ་འཁོར་དུ། །རྟོགས་པའི་རྒྱུན་གྱིས་བདེ་ཆེན་རང་ཤར་བའི་རྣལ་འབྱོར་པ་ལ་ཕྱོགས་རིས་མེད་པའི་ཕྱིར་རམ། །དེ་ལྟར་རྟོགས་ཀྱང་མ་བསྒོམས་ན་སེང་གེ་དོང་ཐག་བཀྱིགས་པ་ལྟར་འགྱུར་བས་ཀླུངས་སུ་ཕེབས་པར་འདོད་པས། །གསང་སྔགས་འཕྲུལ་གྱི་སྤྱི་བླུགས་ཚངས་པ་རྟོགས་པའི་ལམ་ཆེན་ནམ། །བསྟན་པ་ཐེག་པ་སོ་སོའི་བྱེ་བྲག་བློ་ཡི་རིམ་པ་ཇི་ལྟར་འཚམ་པས་སམ། །རང་ཉིད་གང་འདོད་ཐ་མལ་གྱི་སྒོ་ནས་སྨད་ལས་ཀྱིས། །རིམ་པ་གང་ཅི་འདོད་པ་དེ་བཞིན་དུ། །བསྟན་ནས་ཐ་མ་ཚངས་པ་ཆེན་པོའི་དབང་ཐབས་ཀྱི་རྒྱལ་པོས་ལ་བཟླས་ཏེ་མཐར་ཕྱིན་པར་བྱ། །དེ་ལྟར་རྟོགས་ན་སྣང་གྲགས་ཐམས་ཅད་རིག་པ་རང་དབང་དུ་གྲོལ་བའི་དཔེ་གསལ་འབར་རིན་ཆེན་འཕྲུལ་སྣང་ངམ། །བཅུད་ལེན་སྨན་དང་མ་ཀི་ཏ། །གང་ཞིག་ཐབས་དང་ལྡན་པའི་རྣལ་འབྱོར་པ་ལ་སྤང་བྱ་དེ་ཉིད་རིག་པ་སྐྱེ་མེད་ཀྱི་ཀློང་དེར་འགྱུར་བར་བྱེད། །བདེ་ཆེན་དུ་རྟོགས་པ་ཆེན་པོའི་ཐབས་ཏེ་ལྟ་སྤྱོད་ཏིང་ངེ་དང་ལྡན་པར་གྱུར་ན། །སྤྱོད་པ་དང་བྱ་བའི་ཆོས་མ་ལུས་པ་གང་གིས་གང་དེ་ཐམས་ཅད་ལ། །བདག་གཞན་གྱི་བསམ་པ་གང་འདོད་པ་དང་མཐུན་པའི་སྒོ་དེ་ནས་སྤྱད་པར་བྱ། །དེ་ལྟར་བཙལ་བྱ་ཐབས་ཀྱི་སྒོ་ནས་ཇི་ལྟར་འདོད་པ་ཅི་བཙལ་བ། །དེ་ཐུན་མོང་ལ་འབད་རྩོལ་དུ་སྣང་ཡང་རྟོགས་པ་ལ་དེ་ཡིས་འབད་རྩོལ་མེད་པའི་ལས་ཏེ། །དེས་བདག་གཞན་གྱི་དོན་དུ་རྩོལ་སྒྲུབ་དང་འབད་རྩོལ་ཅི་བྱེད་ཀྱང་། །རྣལ་འབྱོར་པ་དེའི་དགོངས་པ་ནི་བྱ་བཙལ་མེད་པ་ཡིན། །པས་ཉམ་དང་རྩོལ་སྒྲུབ་མེད་པའི་ལམ་མོ། ༈ །ཨཱོཾ་བཛྲ་སུ་ལྃ་མ་ལྃ། བཤད་པའི་མཁའ་འགྲོའི་ལྟས་སམ་མངོན་ཤེས་ལུང་བསྟན་དང་སྦྱར་མ་མ་རུ་རུ་ཙིཏྟ་ཨ་བྷི་པྲ་ས་ལ་སྭཱ་ཧཱ། སྔགས་འདིས་ནི་མཁའ་འགྲོས་སློབ་བུའི་རྒྱུད་དག་མ་དག་རྨི་ལམ་དུ་སྟོན་པ་ཡི། །དང་པོ་སློབ་མས་དངོས་གྲུབ་ཇི་ཙམ་ན་ཐོབ་ཀྱི་རྟགས་ཀྱི་མངོན་ཤེས་སྒྲུབ་པ་དང་འབྲེལ་བ་ཡིན། །དོན་དང་ལྡན་པའི་སྣོད་ཀྱི་ཚུལ་དུ་རིག་ནས། །ཐབས་ཆེན་གྱི་སྦྱོར་བ་ལས་རིམ་བརྩམ་པར་བྱ། ༈ །སློབ་མ་སྐལ་ལྡན་གྱི་བློ་ཆེ་ཆུང་མཐའ་ཡས་པ་ཡི་ཁྱད་པར་གྱིས། །ཐེག་པ་སོ་སོར་བསྟན་པའི་རིམ་པ་བཞིན། །དུ་རང་གང་འདོད་པའི་སྨོན་ལམ་གྱི་རྗེས་སུ་འཇུག་ན། །སོ་སོའི་གྲུབ་མཐའ་གོང་དུ་བཤད་པའི་རིམ་པ་བཞིན་ནོ། །བཅོས་མའི་དབང་བསྐུར་གོང་དུ་བཤད་པ་དེ་དག་ཤེས་རབ་རིམ་པ་གོང་ནས་གོང་དུ་བསྐྱེད། །ནས་བརྡ་དོན་བྲལ་བས་རྣམ་རྟོག་གི་སྤྲོས་པ་དང་ཐ་མལ་གྱི་རེ་དོགས་བཅད་ལ་གང་བདེ་བར་བཏང་ཡང་ཐམས་ཅད་དེ་ཁོ་ན་ཉིད་དུ་གསལ་བས། །སེམས་ཀྱི་དམིགས་པ་ཟིན་པར་འགྱུར་ཏེ་རིམ་པར་གནས་ན། །རྣམ་པར་རྟོག་པ་ཉིད་བདེ་ཆེན་དུ་སྨིན་ནས་རིག་པ་དེ་ཁོ་ན་ཉིད་མ་བཅོས་པའི་དངོས་པོར་འགྱུར་རོ། ༈ །ཡང་ན་དུས་གཅིག་ལ་གྲོལ་བའི་ཐབས་བསྟན་པར་བྱའོ། །དངོས་པོ་དོན་ཅིག་ལ། །སེམས་ཀྱི་རྟོག་པའི་བྱེ་བྲག་ཆ་ཕྲ་བའམ་ཆ་མཉམ་པར་འཇུག་པ་ཀུན་སྐྱེ་ན། །དེའི་སྒོ་ནས་སེམས་དཔའ་སློབ་མ་དམ་པའི་ལུས་སུ་ཕྱོགས་མ་རེད་པར་འཇུག་པ་སྟེ། །སྔོན་དུ་བྱ་བ་ཟིན་པ་དེ་ནས་ཚངས་པ་ཆེན་པོའི་དབང་། །རྒྱལ་བའི་དགོངས་པ་དམ་པ་འདི་ནི་སྐལ་བ་ཅན་འགའ་ལ་བསྐུར་བར་གྱུར་ན། །སྐལ་ལྡན་དེ་ནི་སྐད་ཅིག་དུས་མཐའ་མྱུར་བ་ཡིས། །ཉིད་ལ་སེམས་དཔའམ་སེམས་ཉིད་དཔའ་བོ་ཆེན་པོ་རྒྱལ་བ་དང་དགོངས་པ་མཉམ་པ་ཉིད་དུ་འགྱུར། །ཐ་མལ་པའི་དངོས་པོར་གནས་པ་ལ་སུ་ཡེ་ཤེས་ཆེན་པོས་ཀུན་ཏུ་ཁྱབ་པ་ཅན། །ཟག་པ་མེད་པའི་ཕ་རོལ་ཏུ་ཕྱིན་པས་རྩེ་མོར་རྩ་བ་ལས་བྱུང་ཞིང་དེས་མ་རེག་པ་དེར་ཕྱིན་པའོ། །ཡོན་ཏན་མང་པོ་མ་ལུས་པའི་རྩལ་རིག་པ་ཕྱོགས་བྲལ་ཏེ་ཐབས་ཀྱིས་དུས་གཅིག་ལ་རྫོགས་པའོ། ༈ །རྣམ་རྟོག་ཐེག་བརྒྱད་ཀྱི་གྲུབ་མཐས་བསྒྱུར་བ་ཡི། །གྲུབ་མཐའ་ལ་མ་སྦྱངས་པའི་ཐ་མལ་དངོས་འཛིན་རྟོག་པ་ཅན་གྱི་གང་ཟག་གཉུག་མའོ། །རྫུ་འཕྲུལ་དང་ལྡན་པའི་ལྷ་ཀླུ་གནོད་སྦྱིན་ལ་སོགས་པ་རྣམས་ཉན་ཅིང་དད་པར་འགྱུར་རོ། །རང་གང་འདོད་པའི་སྨོན་པས་རྗེས་སུ་སྒྲུབ་པར་འདོད་ན། །དང་པོ་ཐུན་མོང་མཎྜ་ལར། །བཅོ་བརྒྱད་ཀྱིས་སྦྱང་དང་ཞག་བཅུ་གཅིག་ཏུ་བར་ཆད་བསྲུང་བ་ལ་སོགས་པའི་འོག་ནས་བཤད་པ་བཞིན་བྱ། །དྲག་པོ་འཇིག་རྟེན་བཏང་ནས་དགོན་པར་འཇུག་ནུས་མི་ནུས་བརྟག་པའི་རྩོལ་བས་སེམས་སྟོབས་བསྒྱུར། །སློབ་མ་རང་གི་སེམས་འཇིག་རྟེན་གྱི་ཞེན་རྟོག་གང་ལ་ཡང་སྤྲོས་པ་མེད་ན། །དེ་ནས་བདེ་བ་ཆེན་པོའི་མན་ངག་སྦྱིན། ༈ །ཉམས་མྱོང་སྐྱེ་ཞིང་འཆར་བའི་དུས་དེ་ནི་རིག་པའི་དུས་མཐའ་ཡིས། །རྒྱལ་བའི་སྲས་སུ་ངེས་པ་ཡིན། །རེ་དོགས་ཆད་དེ་གྲོལ་བར་མི་འདོད་པས་བདེ་གཤེགས་ཉིད་དང་སྐལ་བ་མཉམ། །རྟོགས་གོམས་ཀྱི་ཡེ་ཤེས་ལ་ཚད་མེད་པས་ནམ་མཁའི་མཐའ་དང་མཉམ། །རྟོགས་པའི་རིག་པའི་ཡེ་ཤེས་ཉིད་རྒྱ་མཚོའི་ཀླུང་ལྟར་ཟབ་པ་དང་རྒྱ་ཆེ་བར་རོ་གཅིག་པ་རླབས་ལ་ཉམ་ང་བ་མེད་པའོ། །མངོན་དུ་འཇུག་པའི་སྟོབས་གྲུབ་པ་མེད་ཀྱང་། །རྟོགས་པའི་ཡོན་ཏན་རྩལ་ཆེན་པོ་རིག་པའི་ངང་ལ་རྫོགས་ཏེ་ཀ་ལ་པིངྐ་སེང་གེ་ཕྲུ་གུ་ལྟ་བུའོ། ༈ །འོ་ན་རྟོགས་ན་བདག་གཞན་གྱི་དོན་ཐམས་ཅད་མི་ནུས་པ་ཅི་ཞེ་ན། དཔེར་ན་སེང་གེ་ལྕགས་སྒྲོམ་མིག་མང་སུ་བཅུག་སྟེ་དོང་ཐག་བཀྱིགས་པས་མཆོང་མི་ནུས་པའམ། ཁ་གདོང་ལྕགས་ཀྱི་ཐ་རམ་དུ་བཅུག་པས་སྒྲ་འབྱིན་མི་ནུས་པ་དང་འདྲའོ། །པའམ། །བྱ་རྒོད་ཀྱི་གཤོག་རུ་བཀྱིགས་ཏེ་བཅུམ་པས་འཕུར་མི་ནུས་པ་བཞིན། །རིག་པ་རྣལ་དུ་སེམས་ལ་ཤར་ཡང་བདག་གཞན་གྱི་དོན་མཐའ་ཡས་ཀྱི་ནུས་པ་མ་རྫོགས་པའི་ཕྱིར། །འཛིན་སེམས་དག་གི་ལྕགས་བཀྲོལ་ཡང་། །གོམས་པའི་བག་ཆགས་བཅིངས་དང་འདྲ། །ཞེས་རྫོགས་པ་ལས་སོ། །གཡོ་བ་རྣམ་པར་རྟོག་པའི་རླུང་གི་རྐྱེན་གྱིས་སྤར་ཏེ་དཀྲུགས་བ་ཡིས། །སེམས་ཀྱི་དྭངས་མའི་རྒྱུ་བ་མ་ཟིན་ཏེ། །རིག་པའི་དངོས་པོ་དེ་བཞིན་ཉིད་ཀྱི་ཀླུངས་སུ་མ་ཕེབས་པར་ཕྱོགས་སུ་ལྷུང་ཤིང་། །རིག་པ་ཕྱོགས་བྲལ་རྟོགས་པའི་རྩལ་ཆེན་མ་བྱང་སྟེ་ལྷུན་གྱིས་མ་གྲུབ་པའོ། ༈ །འདི་ལ་རྟོགས་པ་དང་ཏིང་ངེའི་ཆོ་གའི་རིམ་པ་མེད་པ་སྟེ་རྩོལ་བའི་ཆུ་བོ་དང་བྲལ་བས་སོ། །དང་པོར་གདུལ་བྱ་མ་རྨོངས་པ་ལ་སྣང་སྲིད་ཀྱི་དངོས་གཞིའི་སྐུ་གསུམ་དང་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དུ་བླ་མ་ཐབས་ལྡན་གྱིས་བསྟན། །རང་རིག་པ་ཀུན་རྫོགས་ཡུལ་དྲུག་གི་དཀྱིལ་འཁོར་དུ་ཤར་བས་ཡེ་ཤེས་ཀྱི་ལུས་ལ་མ་འདྲེས་པ་མྱོང་བས་དགོད། །ཉམས་སུ་མྱོང་བའི་འཕྲུལ་ཚིག་རྣ་བརྒྱུད་གྱི་མན་ངག་རྣ་བར་བྱིན་པས་གཞུག །སེམས་ཉིད་ཕྱོགས་མེད་ཀྱི་ལུང་ལ་གཏང་གཞག་མེད་པར་བསྒོམ་པའི་མན་ངག་ཁྱབ་གདལ་གྱི་ཉམས་དང་བཅས་པ་བསྟན། །སྣོད་མེད་ལ་རྒྱ་རྟགས་གདབ་པའི་ཆོ་ག་བྱ་སྟེ་རལ་བའི་ཉེས་དམིགས་འདི་ཉིད་ལས་བསྟན་པའོ། ༈ །རང་བཞིན། བྱིན་བརླབས། ལོ་རྒྱུས། ཉམས་ཀྱིས་མི་བསླུ་བར་བཀྲ་ཤིས་ཡོ་བྱད། སེམས་དགའ་བ། ཉམས་འཕེལ་བའི་ཡན་ལག་ཀུན་ལྡན་པའི་མི་ལྡན་ན་སྐྱོ་བ་སྐྱེ་བས་བར་ཆད་འབྱུང་བས། །རང་གི་སེམས་དང་མཐུན་ཏེ་ཉམས་དགའ་པའི་གནས་སྔར་བཤད་པ་དེ་རུ། །གསལ་བྱེད་ཀྱི་མཎྜལ་ཁོར་ཡུག་ཏུ་རིན་ཆེན་ལས་བྱས་པའི་འོད་འབར་བ་དེའི། །རྩི་སྟན་བྱང་སེམས་གཞུངས་ས་ཀླད་པ་ར་དཀར་མོ་ཡི་འོ་མས་སྤྲིན་བྲག་དཀར་པོ་ས་ཞག ། ཐང་ཆུང་བསྲེས་པ་བྱུགས་ལ་ཐག་གཅད་པར་བྱ། །ཡང་ན་དྭངས་སྙིགས་ཕྱེ་བའི་དྲི་ཆེན་གྱིས་ནག་མཚུར་དུ་བཙོས་པའི་གསེར་ཆུ་ཞུན་མས་རྩི་བཏབ་སྟེ། །རྒྱ་ཆུ་མདོག་གི་གླིང་ལ་ཡོད་པ་བླངས་པའི་བེ་དུར་དང་སོ་མ་ཏ་ལེགས་པར་བཞུར་བ་ཡི་རྩིས། །ཡང་ན་ཤ་ཆེན་དང་རཀྟས་བྱུག་ཁ་བྱུག་དྲི་མ་བྲལ་བར་བྱ། །ཙན་དན་ཤིང་དཀར་པོ་བསད་པའི་སོལ་བ་ཡིས། །ཡང་ན་བཅུད་ཐ་མའི་ཐིག་ལེ་དང་དྲི་ཆུས་སྐྱོང་ནུལ་བྱའོ། །བཞུ་བའི་དངུལ་ཆུ་ཞུན་མའི་དྭངས་བྱུག ༈ །སྐྲ་རྩུབ་ལ་འཁྱིལ་བ། སྨིན་མཚམས་ན་སྨེ་བ་དམར་པོ་བདུན་ཡོད་པ། གྲིབ་མ་བདུན་ཆགས་པ། མིག་མས་འགེབས་པ། སོ་དུང་སོ་ཁོར་བ་ལ་ཤེལ་ཆགས་པ། སྐད་བོད་སྐད། མིག་ལ་ཤེལ་ཆགས་པ་སྐྱེ་བ་བདུན་པ་ཚངས་པའི་སྟེ། ཕོའི་ཤ་ཚིལ་ཟོས་པ་དང་། མོ་ལ་སྦྱར་བས་ཅི་བསྒྲུབས་པ་འགྲུབ། ཚིལ་ཁྲོ་ཆུའི་ཐེར་སོར་ཙནྡན་དཀར་པོས་བཞུ་བ་ཞག །སྐྱེ་བདུན་མ་བུ་བཙས་པའི་འཕྲུལ་གྱི་འོ་མ་བསྲུབས་པའི་མར་དང་བསྲེས་པའི་མར་སྐྱེ་བདུན་གྱི་རས་གོས་སམ་རྒྱུས་པའི་སྡོང་བུའི་མེ་ཡི། །དུད་པ་ཐོད་པ་དུམ་བུ་གཅིག་པར་བཏང་བ་ལ་མཁའ་འགྲོའི་པྲ་སྔགས་ཞག་བདུན་བཟླས་པས་མིག་ལ་བྱུགས་གྱུར་ན། །མིག་སྤྲིན་བཏེག་སྟེ་བལྟས་ན་སྟོང་ཆེན་འཇིག་རྟེན་རྒྱུ་གཅིག་པ་མ་ལུས་པའི། །གང་གི་ཕྱོགས་སུ་བལྟས་པ་དེ་ཐམས་ཅད་ནི་གསལ་བར་འགྱུར་ཏེ་སློབ་མའི་སྣོད་དང་རང་གི་གྲུབ་ཚད་བརྟག ༈ །དེ་ནས་སྒོ་ཕྱོགས་མཚམས་བརྒྱད་དང་ལྡན་པ་རཏྣའི་ཁྲི། །ཡིད་དང་མཐུན་པ་ལ་བཤད་པའི་བྱུག་པ་ཀུན་བྱས་ཏེ། །སློབ་དཔོན་ལག་ན་རྡོ་རྗེར་གསལ་བས་གསེར་གྱི་འཁོར་ལོར་བྱིན་གྱིས་བརླབས་བསྲུངས་བྱས་པའི། །དེ་ཡང་ལྷ་གནས་བུམ་པ་རྩིབས་བརྒྱད་པའི་འཁོར་ལོ་དབྱིབས་གྲུ་བཞི་སྒོ་དང་བཅས་པར་མཎྜལ་བྱ། །དེ་དག་སྒོ་དབྱེ་བ་དང་གཞལ་ཡས་སུ་བརླབ་པ་དང་ནང་དུ་འཇུག་པའི་ལས་རྣམས་ཐོབ་པར་བྱ། ༈ །གནས་སྐབས་ཀྱི་དང་པོ་གདམས་ངག་ཐོབ་པར་བྱ་བའི་སེམས་བསྐྱེད་ནས་དབང་གི་སྔོན་འགྲོ་ལ་འཇུག་གི་བར། །སེམས་ལ་ལྟ་བ་དང་ཏིང་ངེ་མི་འཇིགས་བསྲུང་བའི་ལུང་ཞེས་ཀྱང་བྱ། བརྟན་པའི་ལུས་སུ་མ་རེད་པ་ལ། །བར་ཆད་འབྱུང་བས་དེ་སྔོན་ལག་ན་རྡོ་རྗེས་བྱིན་བརླབས་པའི་ནུས་ལྡན་དུ་གྱུར་པས། ག༽བསྲུང་བ་དང་བར་ཆད་ཀ༽བསྐྲད་པའི་རིགས་པ་སྔགས་ཏེ་བུའི་མགུལ་དུ་གདགས། །འདོད་པ་ལྔའི་ལོངས་སྤྱོད་ཀུན་ལའང་འབྱོར་པས་འདི་གདབ། །མཆོག་ཕུར་དང་། ཡུངས་དཀར་དང་། གུ་གུལ་བཟླས་པ་བྱས་ལ་བརྡེག་ཅིང་བྲབ་བོ། །གནས་དང་ལོངས་སྤྱོད་འགྲོ་ཉལ་དུས་སུ་དེ་བཞིན་བྱ་བ་ནི་མན་ངག་གོ། །ཨཱོཾ་བཛྲ་ཁ༽ཡཀྵ་ཀྲོ་ཏ་ཛྭ་ལ་ཧ་ལ་ཧ་ལ་ཧཱུྃ་ཕཊ། ཡུངས་དཀར་རྒྱལ་པོ་ལ་ཨཱོཾ་མཆོག་ཕུར་ལ་བཟླས་པ་བྱས་ལ་བསྲུང་པའམ་བཛྲ་ཙཀྲ་རཀྵ་རཀྵ་མུ་ལུ་ཙུ་ལེ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ། ཞེས་བརྒྱ་རྩའམ་སྟོང་རྩ་བརྒྱད་བཟླས་ལ་བསྲུང་བར་བྱའོ། ༈ །དེ་ནས་ཐུན་མོང་མ་ཡིན་པའི་ཟས་ཀྱིས་ཏུན་ཏུ་འཚོ་བས། ཡང་ན་རྒྱུས་ཆེན་ལ་སྲུང་སྐུད་བྱས་ལ་བསྲུང་ངོ་། །སྲོག་འཛིན་བླ་མ་ལ། །རང་གི་ལུས་དང་བཅས་ཏེ་ལོངས་སྤྱོད་དབུལ་ཏེ། །རིན་ཆེན་རྒྱ་མཚོའི་རྒྱུད་ལས། རྒྱལ་སྲིད ༴ ཅེས་དྲང་། བླ་མ་ལ་ཡོན་ཕུལ་བས་ང་དབང་ཆེ་བ་དངོས་ཡིན་སྙམ་པ་དང་བསྙེན་བཀུར་མ་བྱས་པར་བཙན་ཐབས་སུ་འདོད་པའི་སེམས་དེ་དག་ཏུ་འཛིན་པ་གཏང་། །སྒོ་གསུམ་མོས་པ་དང་དྲུང་དུ་འགྲོ་བར་འདོད་པའི་བདེ་བ་བསྐྱེད། ༈ །སྐལ་ལྡན་ཐེག་ཆེན་གྱི་རིགས་ཀྱི་བུ་དེ་ནི། །སློབ་བུ་དམ་པ་ཡིན་ཏེ་དཀོན་བས་གཅིག་ཅིག་ལ་བསྟན་པར་བྱ། །བཙལ་བའི་གནས་འཇིག་རྟེན་ཁམས་ནི་མ་ལུས་ལས། །རབ་འབྱམས་ཀུན་ཏུ་དཀྲུགས་ཏེ་བཙལ་གྱུར་ནས། །སྣོད་དང་ལྡན་པ་གལ་ཏེ་ཕྲལ་གྱི་རྐྱེན་དང་སྔ་མའི་ལས་ཀྱིས་ཕྲད་གྱུར་ནས། །གཞུང་མི་མཐུན་པས་ཐེ་ཚོམ་ཟ་བས་རྩོད་པར་འགྱུར་བས་མང་ཡང་གསུམ་ལས་འདའ་མི་བྱ། །ལམ་མྱུར་དུ་སྐྱེ་ཞིང་ཚེགས་ཆུང་བས་གདམས་ངག་བཅོས་རྣལ་རིམ་གྱིས་ཐབས་སོ་སོར་སྦྱིན། །རྡོ་རྗེ་རྒྱལ་པོ་མི་བཞུགས་ན་དེའི་ལྟ་སྤྱོད་མ་ནོར་བར་སྲོང་ནུས་པ་རྒྱལ་འཐེབ་ཐུ་བོ་དེ་ལ་བསྐུར་གྱི་གཞན་ལ་མི་སྦྱིན་ནོ། ༈ །དང་པོ་ཏིང་ངེ་ལ་གནས་པའི་དུས་དང་བྲལ་བ་ཐ་མལ་པ་ནས། །མཐར་ཕྱིན་ཐུན་མཚམས་བཅུ་ཕྲག་བདུན། །དུ་བླ་མའི་གདམས་ངག་དང་རང་གི་བསམ་པ་གཉིས་དང་ལྡན་པས་དོན་ལ་ཐེ་ཚོམ་མེད་པའི་ཉམས་འབྱུང་བས་མཐར་ཕྱིན་འགྱུར། །ཞག་བཅོ་ལྔ་ཟླ་ཕྱེད་ནི་དབང་པོ་འབྲིང་གི་ཐུན་མཚམས་ནི་ཉམས་ཐོབ་པའི་དུས་ཏེ། །དེ་ལས་གཞན་དུ་རབ་ཀྱི་འང་གྲངས་བཅོ་ལྔ་དེ་ཉིད་ཀྱིས་རྫོགས་འབྲིང་གིས་ཐུན་མོང་གི་ཉམས་རྙེད་ཀྱང་མ་བཅོས་པ་མ་ཐོབ་པས་ཁྱད་མེད་དུ་མི་འགྱུར་རོ། །རབ་ཀྱི་དེ་ལས་གཞན་པར་ཡང་ན་སྐད་ཅིག་ལ་སྟེ། །ཐ་མལ་གྱི་སྒོ་གསུམ་གྱི་སྤྱོད་པའི་ཡན་ལག་བདེ་ཆེན་དུ་ཉམས་པའོ། ༈ །དབང་མ་བསྐུར་བའི་དང་པོ་བཅུ་གཅིག་ཞག་གི་དུས། །རྣལ་འབྱོར་པས་ཅི་ནུས་པའི་ཚོགས་བསགས་དབང་གདམས་ངག་ལུས་སྲོག་ཏིང་ངེ་ལ་བར་གཅོད་བསྲུང་། །གོང་གི་སྔགས་ནི་རྡོ་རྗེ་གོ་ཆ་སྟེ་དེས་ལུས་བསྲུང་ངོ་། ༈ །ཁམས་བཟང་ན་འཕོ་བའི་ཐུན་མཚམས་ཉི་ཤུ་དྲུག་ལ། །ཐུན་མཚམས་བརྒྱད་དུ་བསྒོམ་པར་བྱ་བའི་ཚུལ་ནི། །དངོས་པོ་ཕྱི་ནང་སྣོད་བཅུད་དུ་སྣང་བ་ཐམས་ཅད་ན། །བུ་དེས་ཇི་ལྟར་བརྟགས་ཤིང་ཡང་དག་ཏུ་ཞེན་པས་བཟུང་བ་ཡི། །འཁྲུལ་པས་ཐ་དད་སྣང་བའི་རྣམ་རྟོག་ཞེན་པའི་ཡུལ་དེ་ལ། །བརྟགས་པས་དེ་ཁོ་ན་ཉིད་ངོས་གཟུང་སྟེ་ཤེས་པར་བྱ། །གོང་དུ་བསྟན་པ་དེ་བཞིན་དུ་ཐུན་མཚམས་བརྒྱད་ལ་ནི་ཁམས་ངན་ཞིང་འཁྲུག་པར་ལྟ་ན་ཐུན་ཆུང་ལ་གྲངས་མང་བར་བསླབ། །ཉིན་མཚན་ཐུན་བརྒྱད་བརྒྱད་བཅུ་དྲུག་དག་ཏུ་ཐུན་ཚོད་གྲིབ་མ་འཕོ་བ་གང་རུང་གིས་རྣམ་ཕྱེ་སྟེ་བཞི་ལ་གསོ་ཞིང་བཞི་བསྒོམ། །རྣལ་འབྱོར་པ་བདག་ཉིད་རྒྱན་དང་བཅས་པའི་ལུས། །ནི་བསྒོམ་བྱའི་ཡུལ་གསལ་བའི་ཡུལ་ལ་རྐྱེན་གྱིས་མི་འཕྲོགས་པར་བློས་བརྟག་བྱ་སྟེ། །རྐྱེན་གང་གིས་ཀྱང་ཏིང་ངེ་མི་གཡོ་སེམས་སྔ་ཕྱི་ལ་མི་ལྟ་བར་ཐད་དུ་གཟུང་། །བར་བྱ་བ་ནི་དམིགས་པ་རྩེ་གཅིག་པས་གཞན་ལ་མི་ཡེངས་པར་བརྟག་པའི་དངོས་པོར་དམིགས། །དེ་དག་ལ་ཉམས་བརྟན་ནས་ཐུན་བཅུ་དྲུག་གི་ཕྱེད་བརྒྱད་པོ་ལ་འབད། །གྲངས་ཉུང་ལ་ཐུན་ཆེ་བར། དུས་གསུམ་ཐད་ཀའམ་བདག་བརྟག་པའི་ཤེས་པས་སྟོང་པ་ནམ་མཁའི་འདུ་ཤེས་དངོས། །སྤྱོད་ཡུལ་ཐམས་ཅད་ཆད་པའི་སྟོང་པ་ཉི་ཚེ་བ་དེ། །རྟོགས་ན་སྤྱོད་ལམ་ཀུན་ཏུ་ཉམས་ལེགས་པར་བརྟག་ཅིང་དེ་ནི་ངོས་གཟུང་བྱ། ༈ །དེ་དག་བསྟན་ཚུལ་གྱི་རིམ་པའི་ཉམས་ཀྱི་དོན་རྣམས་ནི། །ཐུན་མོང་ཕྱོགས་སུ་མ་ལྷུངས་པའི་བློ་ཡིས་ངོས་ཟིན་ནས་ཕྱིས་ལྷུང་བའི་རེ་དོགས་མེད་པས། །རྟོགས་པ་རྡོ་རྗེ་ཐེག་དམན་དུ་མི་ལྡོག་པའི་གོ་བསྐོན་ཏེ། །བུ་རིགས་ངེས་དབང་ཐོབ་པ་ཁྱོད་རྣ་བརྒྱུད་དང་བྲལ་བས་རྨོངས་པའི་དྲི་མ་ཅན། །དུས་བསྐལ་པར་སྦྱོང་བའི་སྤོང་འགེགས་སྦྱོང་སྒྱུར་སྒྲུབ་པས་ཚི་ཆད་པའི་སྡུག་བསྔལ་ཉིད། །དུས་དིང་ནས་དེ་ཉིད་བདེ་བ་ཆེན་པོར་གསལ་བར་གནས། །གཅོང་རོང་འཁོར་བའི་སྒྲིབ་པ་དང་འཐོམས་པའི་མུན་པ་ཉིད། །དེ་ཉིད་དེ་འདིར་རང་བྱུང་གི་ཡེ་ཤེས་ཕྱོགས་མེད་དུ་གསལ་བའི་སྒྲོན་མར་སྤར། །སྙིགས་མ་ལྔ་ལ་གནས་ཤིང་བརྟེན་པའི་གནས་ངན་ཁམས་གསུམ་པོ་དུས་ད་ལྟ་ཉིད་དུ། །རྒྱལ་བའི་སྐུ་གསུམ་ཞིང་ཁམས་བདེ་བའི་ཀློང་གདལ་བར་བསྒྱུར། །དེས་ན་ང་ཡི་དོན་དང་འབྲེལ་བའི་ཚིག་འདི་ཐུན་མོང་དང་ཁྱད་པར་གྱི་ནད་འཚོ་བས་བདུད་རྩིའི་བཅུད། །སྣང་སྲིད་ཡེ་ཤེས་སུ་སྟོན་པས་སྒྲོན་མའི་འོད་གསལ་བར་བྱེད་པས་འབར་ཅན། །རྟོགས་ནས་སྐལ་ངན་ལ་མེ་བརྗོད་པར་རིག་པའི་སྟེང་དུ་ནན་ཏན་བྱའོ། ༈ །བཤད་པ་རྣམས་རྟོགས་ཤིང་གོམས་པ་དེ་ནས་གོམས་པ་ཉིད་ཀྱང་བརྟན་ཞིང་མཐར་ཕྱིན་པར་འགྱུར་བའི་ཐུན་མཚམས་ནི་ཟླ་བ་སྟེ། །བློ་ཆུང་བས་ཉི་ཤུ་རྩ་བཞི་སྟེ་ལོ་གཉིས་ཀྱིས་མཐར་ཕྱིན། བློ་ཆེ་བ་བཅུ་གཉིས་ལོ་གཅིག་གིས་ལམ་དམ་པ། །འཇུག་པའོ། །དེས་མཐར་ཕྱིན་ནོ། །ཅིང་ཞུགས་གང་ལ་ཡང་ཉམ་ང་བ་མེད་པར། པའི་ཡོན་ཏན་ནི། །རེ་དོགས་དང་འཇིགས་པ་དང་བྲལ་བའི་ཚེ་མཐོང་བའི་ལམ་ཞེས་བྱའོ། །དེ་ཡོན་ཏན་ཇི་ཙམ་དང་ལྡན་པར་བསྟན་པར་བྱ་བ་ནི། །དབུགས་ཆེན་ཕྱིན་ནས་རྨི་སངས་བཞིན། །ཞེའོ། །ཐ་མལ་དང་གྲུབ་མཐའི་ཕྱི་རོལ་དང་ནང་ན་གནས་པ་ཡི། །དངོས་པོ་ལ་ཞེན་པའི་དོན་རྣམས་མ་ལུས་སྐྱེ་ལུགས་གསུམ་དུ་བསྡུས་པས་དེ་ཉིད་སྐུ་གསུམ་དུ་མན་ངག་གིས་ལྡན་པར་བྱ། །སྣང་གྲགས་ཀྱི་ཆོས་ཐམས་ཅད་རང་རྒྱུད་པ་དང་སྤང་བའི་གཞི་མེད་དེ། །བརྟགས་ཤིང་སྣང་བ་དེ་ཉིད་དོན་རང་རིག་ཉིད་དུ་གསལ་བ་དེ་མཐོང་བ་ཡིན་པའི་ཕྱིར་རོ། །སེམས་ཉིད་ལས་ཕྱི་རོལ་ཡུལ་དང་འདོད་ཡོན་དྲུག །ལ་སོགས་པ་ཡི། །བླ་མས་སྣང་བ་སེམས་སུ་བསྟན་པའི་དུས་སུ་གཉིས་པའི་ཆོས་དངོས་པོ་མཐོང་བར་མི་དམིགས་ཏེ། །སྣང་བ་ཐམས་ཅད་རང་གི་སེམས་ཉིད་རང་སྣང་མ་བཅོས་པ་ཁོ་ན་ཡིན་བས་སོ། །རིག་པར་མཐོང་བ་དེ་ཡང་ཕྱོགས་འཛིན་གྱི་དངོས་པོར་གྲུབ་པ་ཡོད་མ་ཡིན། །དང་པོར་སྣང་བ་སེམས་སུ་བསྟན་པར་ཡུལ་སེམས་གཉིས་པ་མེད་པར་མཐོང་པས་ན། །དེ་ནི་རིག་པ་གཉིས་མེད་ཀྱང་བརྟགས་པ་ཡིན། །སེམས་དེ་གཉིས་པ་ཆོས་ཉིད་སྐྱེ་མེད་དུ་བསྟན་པས་ཡུལ་ཤེས་གཉི་ག་མེད་པར་མཐོང་པས་ན། །གཉིས་མེད་ཀྱི་ཕྱོགས་ལ་རུང་བའི་ཞེན་པའང་། དག་པ་ཡིན། །འོ་ན་སྟོང་པ་འབའ་ཞིག་གོ་ཞེ་ན་གསུམ་པ་སྐྱེ་མེད་དེ་ཉིད་བདེ་ཆེན་དུ་བསྟན་པས་དེ་ཉིད་ཆོས་ཐམས་ཅད་དུ་ཤར་བས་སྤོང་སྒྲུབ་ཀུན་བྱེད་དེ་མ་ཡིན་པ་མེད་པས་ཐམས་ཅད་ཡིན། །བདེ་བ་ཆེན་པོའི་ཡེ་ཤེས་སུ་སྣང་ཡང་རང་རིག་སྐྱེ་མེད། ལས་མ་འདས་པས། །ཐེག་པ་རང་རང་གི་འདོད་པ་ཀུན་སྤངས་ཕྱོགས་མེད་ཆེན་པོར་ཤེས་པས་ཆགས་ཆེན་པོ། །འབད་རྩོལ་མེད་པར་ཡེ་ཤེས་སུ་ཀུན་སྒྲུབ་པས་བདེ་བའི་ཀློང་ལས་སེལ་མེད་པའོ། །དེ་ཡང་རང་རྒྱུད་པ་མེད་པས་སྒྱུ་མ་འབད་རྩོལ་མེད་པས་ལྷུན་གྲུབ་གང་དུ་ཡང་མ་བཀག་པར་ལོངས་སྤྱོད་པས་ཡུལ་ལ་རོལ། །འོ་ན་རྫོགས་གཞི་དེ་ཉིད་ཡོད་དོ་ཞེ་ན་དེ་ནི་སྟོང་ལ་ཐམས་ཅད་འབྱུང་བས་གཅིག་མེད་ཀུན་རྫོགས་པའོ། ༈ །གོམས་པའི་གང་ཟག་དེ་ནི་མཐུན་སྣང་གི་རྣམ་པ་དེ་ཉིད་སྡུག་བསྔལ་ཉེར་ཞི་དང་འདོད་པ་ཉེར་བསྟེན་མ་ཡིན་གྱི་དགྱེས་པ་ཆེན་པོ་རྒྱལ་བ་ཀུན་གྱི་བདེ་བ་དེ་སྒྲུབ་ན། །ཀུན་ལ་སྣང་བའི་ཡུལ་གྱི་རྣམ་པ་རང་བཞིན་ཐབས་ཉམས་ཀྱིས་སེམས་ཉིད་༠༽ ཡིན་དེ། །དེ་༠༽ཉིད་རིག་པ་ཁོང་སྟོང་དེ་ལས་གསལ་བ་མངོན་སུམ་དུ་བྱུང་བ་དང་། །འབྱུང་གཞིའི་རིག་པ་དེ་ཉིད་མ་གྲུབ་པར་མཐོང་པས་སྣ་ཚོགས་ཀྱི་ངོ་བོ་དེ་ལྡོག་པས། །སྤང་བྱ་དེ་ཉིད་རང་བྱུང་ཡེ་ཤེས་སྟོང་པ་ཉིད་དེ་ཡི་རང་བཞིན་ཏེ། །སྣང་རིག་སྟོང་པར་སྣང་བ་དེ་ཉིད་རིག་པ་དེ་སྣང་ཞིང་དེ་ཁོ་ན། །ཉིད་ལས་མི་འདའ་སྟེ་དཔེར་ན་ཉི་མའམ་རིན་པོ་ཆེན་འོད་འབར་བའི་རང་བཞིན་ཡིན་པ་བཞིན་དུ། །ཡེ་ཤེས་ཀྱི་རང་འོད་དང་ངོ་བོ་དེ་ཉིད་དུ་སྣང་བ་ལས། །ཡུལ་དང་རྒྱུ་རྐྱེན་དང་བྱེད་པ་པོ་གཞན་གྱིས་བྱས་པ་མིན་པས་རང་སྣང་འབའ་ཞིག་གོ། །རིག་པའི་རང་བྱུང་གི་ཡེ་ཤེས་ཆོས་སྐུར་གནས་པ་དེ་མངོན་དུ་གསལ་བའི་ཚེ་རྣལ་འབྱོར་པའི། །སེམས་ཉིད་ལ་རྙོག་མའི་དྲི་མ་མེད་པ་ལ། །དུས་གསུམ་དུ་བཞུགས་པ་ནི་ཕྱོགས་རིས་མེད་པར་མཉམ་པས་ནམ་མཁའི་ཁམས་དང་མཉམ་པར་སྦྱོར་བའི་སེམས་རྒྱལ་བའི་དགོངས་པ་ལྷུན་གྱིས་གྲུབ་བོ། །འཛིན་པ་རང་རིག་པའི་རླུང་གིས་སྙིགས་མ་ཚོགས་བདུན་དང་དྭངས་མ་དེ་ཁོ་ན་ཉིད་ཆོས་ཉིད་ཀྱི་རླུང་། །ལས་བེམས་པོའི་རླུང་དྭངས་མ་སྲོག་ལ་རྟེན་སྙིགས་མ་རྩ་བ་དང་ཡན་ལག་ཏུ་བཅས་པས་སྤར་བ་ཡིན། །རླུང་ལམ་དུ་ཤེས་ན་ཡོན་ཏན་འཆར་བ་དེས་ན་སྣང་སྲིད་ཐམས་ཅད་དེ་བཞིན་བཤད་པ་དེ་ལྟར་དུས་ཀུན་ཏུ་སྣང་། །ཅིར་སྣང་ཡང་དེ་ཁོ་ན་ཉིད་མི་གཡོ་བས་དོར་བ་མེད་པ་ཡི། །ཡུལ་སེམས་གཉིས་མེད་དེ་རིག་པ་བདེ་བའི་མཆོག་ཀུན་ཏུ་གསལ་བའི་ཡེ་ཤེས་ཡིན། །རྒྱུ་རྐྱེན་ལས་འདས་པས་རང་བྱུང་ཕྱོགས་འཛིན་གྱིས་མ་བསྒྲིབས་པར་ཡེ་ནས་གནས་པའི་དོན་མ་བསྒྲིབས་པར་ཤེས་པ་དེ་འོག་མ་ལྟར་བཙལ་བ་རྣམས་འདི་ལ་མེད་པས། །རྩོལ་བའི་སྡུག་བསྔལ་དང་བྲལ་བས་བདེ་བ་ཆེན་པོའི་བར་མ་ཆད་པས་ངང་དུ་ཤར། །རྣམ་སྨིན། ཡིད། ཏིང་ངེ་། ཡེ་ཤེས་ཀྱི་ལུས་ཏེ་རྟེན་པ་དང་རྟོགས་དགོས་ལ་མེད་ན་བེམས་པོར་འགྱུར་བས་དེ་དང་བྲལ་བའི་ཡེ་ཤེས་ནི། །དུས་གསུམ་དུ་ནམ་མཁའི་མཐར་གཏུགས་ཀྱང་འབྱུང་བར་མི་འགྱུར་ཏེ་མེ་དང་ཚ་བ་ལྟ་བུའི་ཕྱིར་རོ། །ལུས་དེ་དང་བྲལ་བའི་ཡེ་ཤེས་དེ་ཁོ་ན་ཉིད་དེ་མི་སྲིད་དེ་ནམ་མཁའ་ལ་བགོས་བྱས་པའི་བླུན་པོ་བཞིན་ནོ། །ཆོས་ཐམས་ཅད་ཀྱི་ངོ་བོ་ཕྱོགས་མེད་དུ་གཅིག་པས་དེའི་ངང་དུ་མཉམ་ཞིང་རྫོགས་པ་ཡིན། །སྐྱེད་བྱེད་ཀྱི་རྒྱུ་རྐྱེན་༼ཁ་ཅིག་སྟོང་པ་འབའ་ཞིག་ལ་ཡེ་ཤེས་སུ་འདོད་པ་ནི་ནོར་ཏེ།༽འདུ་བ་དང་འབྲལ་བ་སྟེ་མེད་པའི་ཕྱོགས་མེད་ཀྱི་ཡེ་ཤེས་ནི། །སྐྱེད་བྱེད་རང་རྒྱུད་པའི་རྒྱུ་དང་བྲལ་བར་རྩོལ་བས་མ་བསྐྱེད་པར་རང་བཞིན་འབྱུང་ངོ་། །ཞེས་བྱ་བའི་དོན་ཏེ་དེས་ན་སྟོང་པར་ལྟ་མཁན་དམྱལ་བར་འགྲོ་བར་གསུངས་པ་བདེན་པ་ཁོ་ནའོ། །ཇི་སྐད་དུ་མཚན་ཉིད་དང་བྲལ་བའི་མཚན་གཞི་ཅན། །དེ་ནི་སྲིད་པར་མི་རུང་སྟེ། །ཞེས་ཤེ་ན་བདག་ཉིད་ལ་ཡོན་ཏན་གང་རྫོགས་པ་དེ་ཉིད་མྱོང་བ་དང་གདགས་སུ་རུང་གི། །མིན་ན་མེ་ཞེས་པའི་མིང་དང་ཚ་བར་དང་བྲལ་ན་མི་ཐོབ་བ་ལོང་བ་ལ་མིག་ཅན། རིགས་ངན་ལ་རྒྱལ་པོ། ཞེས་གདགས་སུ་མི་རུང་བ་བཞིན་ནོ། །དེས་ན་དོན་དམ་ཚངས་པའི་དབང་གིས་མངོན་སུམ་དུ་བསྟན་པ་བདེ་བ་ཆེན་པོར་ཉམས་སུ་མྱོང་ཞིང་གསལ་ལོ། །རྟོགས་གོམས་ཀྱིས་བདེ་ཆེན་གྱི་ངོ་བོར་རང་གི་མཚན་ཉིད་མྱོངས་པས་བདེ་བར་སྣང་སྲིད་ཐམས་ཅད་རྒྱས་འགྱུར་ན། །ཡུལ་དྲུག་དུ་སྣང་ཡང་བདེ་ཆེན་མ་བཅོས་པའི་ཐིག་ལེ་ཡིན་པས་ཐམས་ཅད་དུ་རེ་དོགས་མེད་པར་ཅི་བདེ་བར་ནོས་ཤིག་པའོ། ༈ །རང་མཚན་མ་རྟོགས་པའི་སྐྱོན་ཐིག་ལེ་ཁོང་སྟོང་འམ་མ་བཅོས་པའི་བདེ་ཆེན་མ་རྒྱས་ཏེ་ཐབས་ཀྱིས་མ་ཟིན་པའི། །རིག་པར་སྣང་བར་བསྟན་ཡང་ཆེད་དུ་བྱས་པའི་རྟོག་པ་སྟེ། །ཞེན་འཛིན་གྱི་ཡུལ་དང་བྲལ་ཡང་རྟོག་པ་འགགས་པ་ཡིན་ཏེ་ཡེ་ཤེས་སྐྱེ་བ་མིན་ནོ། །གཉིས་སུ་སྣང་ཡང་གཟུང་འཛིན་གྱི་མཚན་མ་ཡིན། །ཡུལ་ཤེས་ཀྱི་སྤྲོས་པ་བཀག་ཀྱང་ཕྱོགས་མེད་ཀྱི་དོན་མི་གསལ་བས་རྨུགས་པ་ཡིན། །ཡོན་ཏན་རང་ལ་རྫོགས་པར་གནས་ཀྱང་སྒྲ་ཙམ་ཡིད་ལ་བྱེད་པ་ནི་ལོག་པའི་ང་རྒྱལ་ཡིན། །ཚིག་ཏུ་ཡོན་ཏན་བརྗོད་ཀྱང་བརྐམ་ཆགས་སྐྱེ་སྟེ་དོན་དང་བྲལ་ན་བཤད་པས་འགྲོ་བ་ལམ་མི་ལྡོག་པ། །དེས་ན་བདེ་བ་ལ་རོལ་པའི་རྒྱས། །ཐིག་ལེའི་དབྱིངས་སུ་བླ་མའི་ཐབས་ཀྱིས་གདབ་པར་བྱའོ། ༈ །ཅིག་སྟེ་རྣམ་པ་ཡོངས་ཀྱིས་མེད། ཅེའོ། །དེས་ན་སྣང་བའི་ཡུལ་འདི་དག་བསམ་གྱིས་མི་ཁྱབ་པའི་དུས་ན་མེད་པ་རང་གི་སེམས་སུ་རླབས་ཏེ་ཐ་དད་པ་མེད་པ་ཡིན་པས། །ཡུལ་དྲུག་གིས་བསྡུས་པ་རིལ་གྱི་མཚན་ཉིད་མན་ངག་གིས་སེམས་སུ་མངོན་སུམ་དུ་བསྟན་པར་བྱ། །སྒྲོ་བཏགས་ཀྱི་རྟོག་མེད་སྟོང་པའི་ངང་ཉིད་ལ་རོལ་པ་སྣ་ཚོགས་ཤར་བ་ཡི། །ཚིག་༢མ་བྱུང་མ་སྐྱེས་པ་ལ་སོགས་གི་སྒྲོ་༡བཏགས་ཐ་༣སྙད་པ་ཡིན། །བསྟན་བྱ་དངོས་པོ་སྣ་ཚོགས་འདི་རྣམ་པར་རྟོག་པ་རྦ་རླབས་ཡིན་པས་དེ་ལས་གྲོལ་བའི། །རང་བྱུང་ཡེ་ཤེས་ཆེན་པོ་ཕྱོགས་འཛིན་ལས་གྲོལ་བའི་ངོ་བོ་རྣམ་པ་མཐའ་ཡས་པའི་མཚན་ཉིད་ཅན། །ཡུལ་དུ་སྣང་བ་དང་འཛིན་པར་རྟོག་པ་དེ་ཉིད་ཀྱིས་དེ་ཉིད་དག་པར་བྱེད་པའི་བརྡ་དོན་བཀྲོལ་ཏེ་ཅི་སྐྱེས་པ་ཉིད། །མ་བཅོས་ངང་གིས་ཡེ་ཤེས་སུ་གསལ་ལོ། །གང་རིག་པའམ་དྲན་པ་དེ་ཉིད་ཀྱིས་སྤོང་ལེན་གྱི་རྟོག་པ་ཐམས་ཅད་རྣམ་པར་སྤངས་ཏེ། །སེམས་སྐྱེ་མེད་ཉིད་ཕྱོགས་ཐམས་ཅད་དུ་གསལ་བར་རང་ཤར་བས་ཡུལ་ཡུལ་ཅན་དང་བྲལ། །ཐག་པ་སྦྲུལ་དུ་མཐོང་བ་དེ་ལ་བཅད་བཏུབ་མི་དགོས་ཀྱི་ཐག་པར་མངོན་སུམ་གསལ་བའི་ལོག་རྟོག་བྲལ་ཏེ་ཞེན་པ་ལྡོག་པ་ལྟར་སྣ་ཚོགས་ཀྱི་སྣང་བ་སྤང་མི་དགོས་སོ། །ཆོས་ཐམས་ཅད་ཀྱི་ངོ་བོ་དེ་ཉིད་མཐོང་བས་འཁྲུལ་མ་འཁྲུལ་གྱི་ཐེ་ཚོམ་མེད། །ཡུལ་ལ་ཤེས་པ་རྒྱུ་བ་མེད་པས་ཡེངས་པ་མེད་པ་ནི་ཡེ་ཤེས་རྒྱ་མཚོ་ཕྱོགས་མེད་ཀྱི་ཀླུང་སུ་ཕེབས་པའོ། །བསྒོམ་བྱ་སྒོམ་བྱེད་མེད་པར་ངང་གིས་གསལ་བས་ཇི་ལྟར་བརྟགས་ཀྱང་རྟོག་སྒྲིབ་ངང་གིས་མེད། །གཅིག་ཏུ་མ་ངེས་པར་རྫོགས་ཆེན་ཐམས་ཅད་དུ་ཤར་ཏེ་གང་ཡང་ཡིན་པས་རེ་དོགས་ཀྱི་གོལ་ས་མེད་དོ། །ཕྱོགས་འཛིན་རྣམ་དག་གི་རང་བཞིན་རྟོགས་པའི་སེམས་ཀྱི་ཡེ་ཤེས་ཀྱི་ཡུལ་དུ་མ་གྱུར་པ་རྡུལ་ཙམ་མེད་པས་སོ། །སྣང་རིག་སྟོང་གསུམ་གྱི་རོ་བདེ་བར་ཤར་བའི་ཡེ་ཤེས་སུ་མྱོང་བ་ཡིན། །ཆེད་དུ་བྱས་པའི་སྒོ་གསུམ་གྱི་རྩོལ་བ་མེད་པས་ན་རང་བྱུང་ཡིན་ཏེ་གཞན་ལ་རྟེན་མི་འཆའ་བས་སོ། །དེ་ལ་ནི་ཇི་སྐད་བྱ་ན་ཡུལ་ཡུལ་ཅན་དང་བྲལ་བའི་ཡེ་ཤེས་ཡིན་ཞེས་བྱའོ། །རང་བྱུང་ཡེ་ཤེས་དེ་ནི་འཁོར་འདས་ཀྱི་ཆོས་ཀུན་གྱི་བདག་སྟེ་ཐམས་ཅད་དུ་འཆར་བས་སོ། །མཁའ་ཁྱབ་ཀྱི་ལུང་ངམ་དོན་དམ་བཅུད་ཀྱི་ལུང་ངམ་བསྟན་པ་རྫོགས་པའི་ལུང་སྟེ་འདིར་འདུས་པའམ་བཟླུམས་པས་ཐིག་ལེ་ཅན་ཞེས་བྱའོ། །རང་གི་རིག་པ་ཉིད་ཡུལ་དང་ཡུལ་ཅན་དུ་རྟོགས་པའི་དུས་ཉིད་ན་ཡེ་ཤེས་ཏེ་དེ་ལས་སེལ་མེད་པའོ། །མ་བཅོས་པས་དེ་བཞིན་དང་མ་བསྒྲིབས་པས་ཡེ་ཤེས་ལ་སོགས་པ་ཡོན་ཏན་དུ་མའི་གདགས་གཞི་དང་ལྡན་པས་ཅན། །ཆེད་དུ་གཉེར་བའི་ཐབས་དང་རྒྱུ་རྐྱེན་བྲལ་བས་ན་དེ་ལས་བྱུང་བའི་དངོས་གྲུབ་གཉིས་དོན་དུ་གཉེར་བ་མེད། །དེས་ན་ཆོས་ཀུན་མི་འགྱུར་བར་ཐམས་ཅད་ལ་ཁྱབ་པས་ནམ་མཁའི་རང་བཞིན་ཅན། །རྣམ་སྨིན་གྱི་ལུས་དང་བྲལ་བས་རྣམ་རྟོག་རང་རྒྱུད་པའི་ཡན་ལག་མེད། །ཐམས་ཅད་ཀྱི་རང་བཞིན་ནམ་དངོས་གཞི་ཐེ་ཚོམ་བཅད་པས་རང་རྒྱུད་པའི་བརྟགས་པ་བྲལ། །འཛིན་པ་ཀུན་སྤངས་རོལ་པ་སྣ་ཚོགས་འབྱུང་བས་འཛིན་པ་ཀུན་གྱི་དངོས་གཞི་ཅན། །དྲན་ཞིང་རྟོག་པ་མི་ཤིགས་པའི་གསལ་བའི་རླུང་ཐམས་ཅད་ལ་ཁྱབ་པས་ཡེ་ཤེས་རྒྱུས་ཞེས་བྱའོ། །བདེ་བ་ཆེན་པོ་ཉིད་དབྱེར་མེད་པར་ཤར་བའི་ཐོགས་པ་མེད་པའི་ཡེ་ཤེས་རླུང་ཞེས་བྱའོ། །ཁོ་ན་དེ་ཉིད་མ་བཅོས་པ་ནམ་མཁའ་ལྟར་ཁྱབ་པའི་ཡེ་ཤེས་དེས་གང་ལ་ལྡན་པ་དེ་འགྲུབ་སྟེ། །རྣམ་རྟོག་གིས་དུས་ཀུན་ཏུ་གཡོ་བ་མེད་པར་ཀུན་ཏུ་བདེ་བ་ཆེན་པོས་ཀྱང་ཁྱབ་པ་ཅན། །ཕྱོགས་སུ་ཤར་བ་མེད་པར་ཀུན་ཏུ་རང་བཞིན་ཅིར་ཡང་གསལ་བའོ། །ཡེ་ཤེས་འདི་ནི་རྨི་ལམ་ཉམས་མྱོང་མ་བཀག་ཀྱང་རང་རྒྱུད་པའི་ཤེས་པ་མི་སྐྱེ་བཞིན་དུ་དོན་ལ་ཡང་སྦྱར་རོ། །ཐུན་མོང་དང་མཚན་བཅས་དང་མཚན་མེད་དང་ཞེན་པའི་རྒྱུད་དང་བཞི་བྲལ་བ་ཏེ་མི་གནས་པའི་རང་རིག་སྟེ། །སྤྲོས་བྲལ་གྱི་སྒྱུ་མ་དེའི་རྩལ་ཇི་ལྟར་ཤར་ཡང་ངོ་བོ་ལས་མ་གཡོས་པས་འཛིན་མ་འགགས་པས་ཐབས་སྣ་ཚོགས་སུ་འཕྲོ་བའོ། །ཐ་དད་མེད་པའི་རིག་པ་སྟོང་པ་ཆེན་པོའི་ངང་དུ་ཕྱོགས་རིས་མེད་པར་གསལ་ཏེ་བདེ་བ་ཆེན་པོའི་ཀློང་དུ་འཁྱིལ། །རོལ་པའི་སྤྲོས་པ་མ་བཀག་པར་རྣམ་འཕྲུལ་སྣ་ཚོགས་སུ་ཤར་ཡང་རིག་པའི་ཐིག་ལེར་བསྡུས་ཏེ་རླབས་རྒྱ་མཚོར་གྲོལ་བ་ལྟ་བུ། ༈ །ཤེས་པ་གསུམ་གྱིས་མ་བཅོས་ལྷུན་གྲུབ་གསུམ་ཀྱར་རང་རིག་པའི་ངང་ལ་ཤར། །ངོ་བོ་དང་རྟོགས་པའི་མ་སྐྱེས་པ་དབྱེར་མེད་པའི་སེམས་ཉིད་ཕྱོགས་མེད་ཀྱི་ཐིག་ལེ་ལ། །ཐམས་ཅད་ཐིག་ལེའི་ཀློང་དུ་རྫོགས་པས་རེ་དོགས་དང་རྩོལ་སྒྲུབ་བྲལ་བའི་སྒོམ་མེད་ཀྱི་ཏིང་འཛིན་གྱི་རང་བཞིན་གསལ་པའོ། །རྩོལ་སྒྲུབ་ཀྱི་བྱ་བ་མེད་པའི་དོན་ལ་ཡོན་ཏན་ཀུན་ལྷུན་གྱིས་རྫོགས་ཏེ་ཉི་མ་དང་འོད་ལྟ་བུའོ། །ཡོངས་སུ་རྫོགས་པའི་རྒྱུ་དང་ལྷུན་གྱིས་གྲུབ་པའི་འབྲས་བུ་གཉིས་ལྡོག་ཆ་ཐ་དད་ཀྱང་རྒྱུ་རྐྱེན་མེད་པས་རྡོ་རྗེའི་ངོ་བོར་གཅིག་པའི་ངང་ལ་བསྡུས། །གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་རང་སེམས་ངོ་བོའི་ཡིན་པའི་ཕྱིར། །རང་བཞིན་ཆེད་དུ་བྱས་པ་ལྟོས་པའི་འཛིན་རྟོག་སྤྲོས་པ་ཐམས་ཅད་དེ་ལས་བྱུང་ཞིང་དེར་གྲོལ་བས་རང་ཞི། །ཆེད་དུ་བྱེད་པ་དང་ཐིག་པའི་རྩོལ་བ་ཐམས་ཅད་ཀྱི་རིག་པའི་ཡོན་ཏན་གྱིས་སོ་སོ་ངང་གིས་གྲུབ། །ཐེག་པ་གཞན་གྱི་རྩོལ་བའི་ཆུ་བོ་ཉེར་བཞི་དང་བསྙེན་སྒྲུབ་གྱི་ཡན་ལག་ལ་རག་མ་ལུས་ཏེ་བྲལ་བའི་ལམ་ནི་མཆོག་ཡིན་ཏེ་བགྲོད་པ་དང་བྲལ་བའི་ལམ་མོ། །ཐམས་ཅད་ཉམས་སུ་མྱོང་བ་ནི་དགྱེས་པ་ཆེན་པོ་སྟེ་བཤད་པ་རིལ་འདིར་བསྡུས་པའི་ཐེག་ལེ་ཡིན། །དམྱལ་བ་ལ་སོགས་པ་རྒྱུད་དྲུག་རེ་རེ་ལ་ཡང་ལས་མཚན་མ་ངོ་བོ་ཡུལ་གྱི་རྟོག་པ་བསམ་གྱིས་མི་ཁྱབ་པ་ཐམས་ཅད་དང་། །ཕྱོགས་འཛིན་གྱི་མྱ་ངན་ལས་འདས་པ་ནི་མྱང་འདས་ཏེ་རྒྱལ་བའི་སྐུ་གསུང་ཐུགས་ལ་སོགས་པ། །ཆེ་བའི་ཡོན་ཏན་མ་ལུས་པ་ཀུན་ཁ་ན་མ་ཐོ་བ་མེད་པའི་བདེ་ཆེན་རིག་པ་ཕྱོགས་མེད་པའི་ངང་། །སྟེ་འདི་ལྟར་རྟོགས་པའི་དུས་ན་ཇི་བཞིན་པ་དང་མ་བཅོས་པའི་ངང་དུ་གསལ། །ཇི་སྙེད་པའི་ཆོས་ཀུན་འདིར་རྫོགས་ལ་ཡུལ་དང་ངོ་བོ་མཚན་མའི་སྤྲོས་པ་མེད་པའི་ངང་དུ་གསལ། །ཆོས་ཐམས་ཅད་རོ་གཅིག་པར་འདུས་པས་ཆོས་མ་ལུས་པ་འབྱུང་། འདུ། དབང་སྒྱུར་བས་ཀུན་གྱི་བདག་པོའོ། །ཕྱོགས་མེད་གདེང་དུ་གྱུར་པས་རྣམ་པར་རྟོག་པ་མ་མཐོང་བས་རྟོག་པའི་ངོ་བོའི་རྒྱུ་བ་བྲལ། །དེའི་ནུས་པ་དང་རྟོགས་པའི་སྟོབས་ཀྱིས་དུས་གསུམ་བྲལ་བའི་རང་རིག་ཉིད། །སྒོམ་པའི་རྩོལ་བ་དང་བྲལ་བས་རྟོགས་པའི་ཡེ་ཤེས་རྒྱུན་མི་འཆད། །ཐུན་མོང་དང་ཐུན་མིན་གྱི་རྣམ་རྟོག་རང་རང་གི་ལྟ་སྒོམ་འབྲས་བུ་ལ་ཞེན་པའི་མཚན་མ་ཇི་སྙེད་པའང་རྩ་བ་རང་བྱུང་ཇི་བཞིན་པ་ཐིག་ལེ་ལས་མི་འགྱུར་བར་དེ་ཁོ་ན་ཉིད་དུ་གསལ་བའོ། །ཞེན་བརྟགས་ཡེ་ཤེས་སུ་གནས་འགྱུར་བ་ནི་དུས་གསུམ་གྱི་རྒྱལ་བའི་དགོངས་པ་བདག་ལ་གསལ་བའི་ལུང་ཆེན་ཡིན། །ཐེག་པ་འོག་མའི་བྱེད་རྩོལ་རྣམས་འདིར་ཐམས་ཅད་རོལ་པ་རང་སྣང་ལ་མ་སྤངས་པས། །འཇིག་རྟེན་འདས་པའི་ལམ་འབྲས་ཀྱི་ཡོན་ཏན་དང་འཇིག་རྟེན་མཐོང་ལམ་མ་ཐོབ་པ་ཚེ་དང་ལོངས་སྤྱོད་ལ་སོགས་པའི། །སེམས་ཀྱི་རོལ་པ་མ་ལུས་པ་རང་ལས་བྱུང་ཞིང་གནས་པས་འདུས། །ཤེས་བྱ་མ་ལུས་པ་ཐམས་ཅད་སྒྲུབ་པའི་ལམ་མཆོག་དང་ཏིང་ངེ་དང་ཡེ་ཤེས་ཀྱི་ངོ་བོར་གྱུར་པས་ཀུན་གྱི་བདག་ཉིད་ཡིན་ནོ། ༈ །ཐེག་པ་རང་རང་གི་འདོད་པ་སྨིན་པའི་འབྲས་བུ་འདིར་མ་བཙལ་བར་རྫོགས་པས་ཀུན་གྱི་དངོས་གཞི་ཅན། །ཐེག་བརྒྱད་ཀྱི་རྩོལ་སྒྲུབ་ཀྱིས་མཐུན་པ་བླང་མི་མཐུན་པ་དོར་སྐྱེད་བྱེད་ཀྱི་རྒྱུ་ཡིས་འདོད་པའི་འབྲས་བུ་འགྲུབ་ཀྱི། །ལུས་ཅན་མ་ལུས་པ་རྩོལ་བས་སོ་སོར་མ་བསྒྲུབས་ཀྱང་ཐམས་ཅད་འདུས། །རང་རང་གི་འདོད་པ་རྩོལ་བས་ཐོབ་པར་བྱེད་པས་བསྙེན་སྒྲུབ་དོན་དུ་གཉེར་བའི་རྒྱུ་རྐྱེན་ཀུན་དང་བྲལ་བའོ། ༈ །ལུང་རིགས་ཀྱིས་གང་འཐད་བླང་འགལ་བ་དོར་འབྲས་བུ་ལ་མོས་ཤིང་འདོད་པའི་ཕྱོགས་འཛིན་གྱི་རྩོལ་བ་ལ་དགའ་བའི། །ལམ་མཐར་ཕྱིན་པས་བོགས་དབྱུང་དུ་མེད་པར་ཆེ་བའི་འབྲས་བུ་ཕྱོགས་འཛིན་གྱིས་ཐོབ་པར་འདོད་ན། །དཔེ་བློ་ཆུང་བས་རྨོངས་པའི་རྨུ་ལོང་རྒོད་དེ་བྱ་བ་མང་བས་ནམ་མཁའ་ལ། །གསེར་གྱི་ཐེམ་སྐས་ཚོལ་ཀྱང་མི་འགྲུབ་བ་འདྲ། །འཁོར་བའི་སྡུག་བསྔལ་གྱི་ངོ་བོར་མཐོང་བ་ལས་ཐབས་སྣ་ཚོགས་ཀྱིས་གྲོལ་བར་འདོད་པའི་སེམས་ཀྱིས། །ཐར་པའི་གོ་འཕང་བླང་བ་དང་འཁོར་བའི་རྒྱུ་འབྲས་དོར་བའི་སྡུག་བསྔལ་སྤོང་འགེགས་ལ་སོགས་པ་བྱེད་ཅིང་རྩོལ་བ་ཡིས། །འབྲས་བུ་འདོད་པའི་དབང་གིས་རྡོ་ལ་གསེར་བཞིན་ལོག་པར་ལྟ་བ་ནི་འཁོར་བར་སྤྱི་འགྲེང་རྡེག་པས་སྒོ་འདིར་ཞུགས་པ་མཆོག་གོ། །དོན་དམ་ཚངས་པའི་དབང་འདི་ནི་དགོས་པ་འབྱུང་བས་རིན་ཆེན་མི་ཟད་པས་གཏེར་གྱི་དངོས། །ཡིན་ལ་ཆོས་ཀུན་རིག་པ་ཕྱོགས་མེད་དུ་མི་ཕྱེད་པས་དོན་གཅིག་འཁོར་འདས་ཀྱི་རྣམ་པ་ཀུན་གྱི་སེམས་བདག །ཉིད་དུ་རྟོགས་པས་ལམ་བགྲོད་དུ་མེད་དེ་ལྷུན་གྲུབ་གསུམ་ཉིད་སྐུ་གསུམ་དུ་རང་བཞིན་གྱིས་རྣམ་པར་གྲོལ་བའི་ལམ། །ཆེ་བའི་ཁྱད་པར་ཀུན་འདིར་རྫོགས་པའི་ཇི་བཞིན་པ་ཉིད་འབྲས་བུའི་མཆོག །ཏུ་ཤར་བ་ནི་རྩོལ་བ་ལ་མི་ལྟོས་པས་རྒྱུ་འབྲས་དུས་གཅིག་ཏུ་དབྱེར་མེད་པས་ཐིག་ལེའི་ངང་། །ལས་མ་འདས་པས་བྱ་མེད་ལྷུན་སྔར་བཤད་རྫོགས་སེམས་ཀྱི་གཏེར། །སྣང་སྲིད་སྐུར་གསལ་བའི་དུས་ན་སྤྱོད་ཡུལ་རིལ་རྒྱན་དུ་མ་གྱུར་པ་མེད་པས་ཐུན་མིན་གྱི་དཔེ་བྱད་དང་མཚན་ཆེན་པོའི་རྒྱན་རྫོགས་ཏེ། །སྣང་སྲིད་ཐམས་ཅད་ཡེ་ཤེས་མཚོན་པའི་ཐབས་སུ་མ་གྱུར་པ་མེད་པས་ཕྱག་རྒྱ་དྲི་མ་མེད། ༈ །རྣམ་པར་རྟོག་པ་ཐམས་ཅད་དབང་ཐོབ་དུས་ན་རིག་པ་དེ་བཞིན་ཉིད་ལས་མི་འགྱུར་བ་དྲི་མ་མེད་པར་གསལ་བའི་ཐུགས་ཡིན་པའི་ཕྱིར། །སྣང་སྲིད་སྐུ་གསུང་ཐུགས་ཀྱི་རྒྱས་བཏབ་ཅིང་དེའི་ངོ་བོར་གསལ་བས་ཕྱག་རྒྱ་ཅན། །འདོད་ཡོན་ལྔ་ལས། ཉོན་མོངས་པ་སོགས་པར་སྣང་ཡང་མ་ངེས་པའི་ཏིང་འཛིན་ཐུན་མོང་མ་ཡིན་པའི་བདེ་བ་ཆེན་པོའི་རོར་མ་གྱུར་བ་མེད་པའོ། །དྲན་རྟོག་ཅི་སྐྱེས་ཀྱང་ཏིང་ངེའི་ཡན་ལག་སེང་གེ་རྣམ་པར་བསྒྱིངས་པ་ལ་སོགས་པའི་ཏིང་འཛིན་སྟོང་དང་རྟོག་པ་གང་སྐྱེས་ཏིང་ངེར་བཅས། །རྟོག་པ་ཐམས་ཅད་ཀྱི་ངོ་བོ་མི་རྟོག་པའི་བདེ་བ་ལས་གཞན་མེད་པར་གཅིག་ཏུ་འཁྱིལ་བའོ། །ལོ་ཀ་དང་རྩོལ་བརྒྱད་ཀྱི་བདེ་བ་མ་ལུས་པ་ཀུན་རང་གྲོལ་ཆེན་པོར་གྲུབ་པའི་བདེ་བ་ཅན། །རང་གཞན་གང་དུའང་མི་རྟོག་སྟེ་རང་བྱུང་ཡེ་ཤེས་བདེ་བ་ཆེན་པོའི་ཐུགས་སོ། །རང་བྱུང་ཡེ་ཤེས་བློས་དཔག་ཏུ་མེད་ཀྱང་ཏིང་འཛིན་འབུམ་ཕྲག་གི་སྒོ། །ནི་ཐེག་པ་གཞན་གྱིས་བསྐལ་པ་མང་པོས་ཐོབ་ལ་ཐེག་པ་འདིས་ནི་གང་ཟག་སྐལ་ལྡན་ལ་དང་པོ་རྟོགས་པའི་དུས་ཉིད་ནས་རྫོགས་པའོ། ༈ །རྒྱུད་དྲུག་བཤད་ཟིན་འཁོར་བ་མ་ལུས་པའི། །ལུས་ནི་མེད་པ། རགས་པ། ཕྲ་བ། འོད། ཡིད། དྭངས་མ། སྙིགས་མ་ལ་སོགས་པར་སྣང་བའི་རྣམ་པ་ཇི་སྙེད་བསམ་གྱིས་མི་ཁྱབ་པ། །གཟུགས་སྤྱིའི་རྣམ་པར་སྣང་བ་རགས་བཤད་ཟིན་པས་བསྡུས་པ་ཀུན། །ཇི་སྙེད་པའི་ལུས་དེ་དག་ཐམས་ཅད་རང་ལས་བྱུང་ཞིང་འདུ་བས་འཁྱིལ་པའི་དེ་ཉིད་ཡེ་ཤེས་ཀྱི་ལུས་སམ་སྐུ་ཞེའོ། །ནམ་མཁའ་ལྟར་ཚད་བཟུང་བ་ལས་འདས་པའི་སྐུ་སྟེ་རང་ལ་གནས་པས་རྫོགས་ཏེ། །ཟག་མེད་ཀྱི་ཡེ་ཤེས་མ་ལུས་པ་འདུས་པའི་གང་གིས་ཀྱང་མཛེས་པའི་རྒྱན་མངའ་བ། །དེས་ན་སྐུ་ལྔ་བཞི་གསུམ་ལ་སོགས་པ་མ་ལུས་འདུས་པ་སྐུ་ཡི་བཅུད་དེ་རིག་པའི་སྐུ་ཡིན་པས་སོ། ༈ །གང་ལ་གྲགས་ཀྱང་ངོ་བོས་སྟོང་པས་ཡུལ་ཤེས་སུ་འཛིན་ཅིང་པ་ཆགས་པ་དང་བྲལ་བ་ནི་བསམ་གྱིས་མི་ཁྱབ་པའི་གསུང་སྟེ་གསུང་གི་རྩ་བའི། །རྒྱུད་དྲུག་གི་བརྡ་དང་སྒྲ་སྐད་མཐའ་ཡས་པ། རང་བཞིན་གྱི། ཆོ་འཕྲུལ། མཚན་མ་བརྡའི། རིག་པ་རང་སྣང་གི་ལ་སོགས་ཏེ། །རབ་འབྲིང་ལ་སོགས་ཡི་གེ་པ་བརྗོད་པ་རྣམས། །མ་ལུས་པ་སྐྱེ་མེད་རྡོ་རྗེའི་གསུང་། །དུ་མཇལ་ཞིང་སྣང་བར་མཛད་པས་རྨད་བྱུང་གཅིག་གོ་བས་ཀུན་གོ་བ་ལྷུན་གྱིས་གྲུབ་པའི་གསུང་དབྱངས་ཉིད། །ཅིར་ཡང་མི་རྟོག་པའི་ཡེ་ཤེས་སུ་བརྡ་མཇལ་ཞིང་ཐམས་ཅད་གོ། །བར་སྟོན་བས་དེ་དག་ཐམས་ཅད་མ་བཅོས་པའི་དོན་སྟོན་པའི་རིག་པའི་དལ་དུ་འཇུག་པའི་སྒོ། །ཡང་ཡིན་ལ། ལྷུན་གྲུབ་ཏུ་དབུགས་ཕྱུང་བའི་བདེ་ཆེན་དྲི་མ་མེད་པར་སྟོན་པས་ཚངས་པའི་གསུང་། ༈ །སྐུ་གསུང་ཐུགས་ཐམས་ཅད་ཀྱང་སེམས་ཉིད་ལ་རྫོགས་པས་འབད་རྩོལ་མེད་པའི་བདེ་བ་ཆེན་པོ། །རྒྱུ་རྐྱེན་གཞན་བཅད་པས་རང་བྱུང་འབད་རྩོལ་མེད་པས་ལྷུན་གྲུབ་གང་དང་ཡང་དབྱེར་མེད་པས་རྡོ་རྗེ་སྟེ། །སྐུ་གསུང་ཐུགས་རྡོ་རྗེ་གསུམ་འདུས་པས་ཡོན་ཏན་ཀུན་གྱི་དངོས་གཞིར་གྱུར། །ཤེས་པ་བརྒྱད་འདུས་པའི་རང་བཞིན་ཐིག་ལེ་རྣམ་ཤེས་དགུ་པ་དེ་ལས་ཚོགས་བརྒྱད་འབྱུང་ཞིང་ཐིམ་པ་ཡི་བདག །རྣམ་ཤེས་བརྒྱད་ཀྱི་སྙིང་པོ་ཡེ་ཤེས་ལྔ་ཡིན་ལ་དེ་ཡང་རྟོགས་པའི་ཤེས་པ་ལ་འདུས་པས་རྡོ་རྗེ་མངའ་མཛད་པས་རྒྱལ། །སྣང་སྲིད་བདེ་བ་ཆེན་པོའི་དལ་དུ་རིག་པའི་སྡུག་བསྔལ་ལ་རིག་པའི་རྒྱ། །བཏབ་པ་ལས་མི་འདའ་ལ་དེ་སུས་རྟོགས་པ་ཀུན་གྲོལ་ཞིང་བདེ་བའི་ལམ་ཉིད་ལ་གཟུད་དེ་སྒྲ་དང་བྲལ་བའི་ཙིཏྟའི་དཀྱིལ་དུ་བསྟིམ་མོ། ༈ །དེ་ཝ་ར་ཙ། བདེ་བྱེད་བཟང་པོ། ཕྱག་ན་རྡོ་རྗེ་ལུང་གསུམ་གྱིས་རྒྱལ་བྱེད་ཀུན་དགའ་ལ་བརྒྱུད་པའི་མདོ་ཆེན་འདི་ཉིད་ཡིན་ནོ། །བྱ་བ་དང་ཡོ་ག་བཞི་སྟེ་ལྔ་དང་སྤྱིར་ཐེག་པའམ་མ་ཁྱད་པར་ཀློང་དགུའི་བདག་ཉིད་གསུམ་སྐུ་གསུང་ཐུགས་ཏེ་དེ་དག་རིལ་གྱི་མདོ་ནི་དབང་འདིའོ། །ཆོས་མ་ལུས་པའི་གཞིར་གྱུར་པ་ནི་བདག་གི་རིག་པ་དངོས་པོ་མེད་པ། །བརྗོད་པ་ཀུན་གྱི་གཞི་ཐ་སྙད་ཀུན་ཏུ་སྣང་བས་བདག་ཉིད་དོ། །དེ་དག་ཏུ་སྣང་ཞིང་བྱ་བ་བྱེད་ཀྱང་ཡི་གེ་ལ་སོགས་པ་གང་དུ་སྣང་བ་དེ་དག་ཏུ་འཛིན་པའི་རྣམ་རྟོག་རྒྱུ་བ་བྲལ་བའོ། །ནམ་མཁའི་དངོས་པོས་སྟོང་སྟེ་མི་སྣང་པ་བཞིན། །དུ་གནས་ལུགས་བསྟན་པ་དང་བྲལ་ཡང་མ་ལུས་པ་ཐམས་ཅད་ཀྱི་ངོ་བོར་ཤར་བས་སེམས་ཀྱི་གཏེར་ཏེ་གཞན་ལ་སྣང་བ་མེད་པའོ། །འདོད་པའི་ཡོན་ཏན་ལྔ་ཉིད་དབང་པོ་ལྔའི་ལོངས་སྤྱོད་དེ་དེ་ཉིད་རྒྱལ་བ་རྣམས་ཀྱིས་ཀྱང་སྤྱད་པར་བྱ་བའི་ཡུལ་ལོ། །དེ་ཅིས་ན་དབང་ཡུལ་དྲུག་པོ་དེ་ཉིད་ནི་ཡེ་ཤེས་ཆེན་པོ་ཐུག་པ་མེད་པའི་ལོངས་སྤྱོད་གཏེར་གྱི་བཅུད། །དེ་རྟོགས་ཏེ་གོམས་ནས་བདེ་བ་ཆེན་པོའི་ལོངས་སྤྱོད་ནམ་མཁའ་ལྟར་རྒྱ་ཆད་མེད་པ་རང་རིག་མཆོག །ཏུ་གྱུར་པ་མཐོང་ནས་སངས་རྒྱས་ཀྱི་ཞིང་ཁམས་རང་གསལ་བའི་གཞལ་ཡས་དེ་ཚོམ་ཞིང་བདེ་བར་བྱེད་པའི་གནས། །དེ་ནི་ཐུན་མོང་གི་སྤྱོད་ཡུལ་དུ་མ་གྱུར་པས་གསང་བའི་གནས་ཆེན་ཞེས་བྱ་ལ་ཕྱོགས་འཛིན་གྱི་དྲི་རྙོག་དག་པའི་གནས་སོ། །དང་པོ་སྐྱེད་པའི་རྒྱུ་དང་བྲལ་བའི་ར་ཀུན་གྱི་དངོས་གཞིར་ཤར་བས་ཐ་མ་གང་དུ་ཡང་འགག་མེད་དུ་རང་གསལ་བ་ཅན། །རྒྱལ་བ་ཀུན་གྱི་སྐུ་གསུང་ཐུགས་ཉིད་ངོ་མཚར་རྨད་དུ་བྱུང་བའི་ངོ་བོ་ཡང་སེམས་ཀྱི། དེ་ཁོ་ན་ཉིད་ཀྱི་བཅུད་དོ། །ཆེ་བའི་ཡོན་ཏན་མ་ལུས་པ་འདུས་པའི་རིན་པོ་ཆེ། །བརྗོད་བྱ་ཆོས་ཀྱི་ཕུང་པོ་ནམ་མཁའ་ལྟར་རྒྱ་མཉམ་ཞིང་མཐའ་ཐུག་པ་མ་ལུས་ཀུན་ངོ་བོ་གཅིག་ཏུ་འདུས་པའི་བདག་ཉིད་ནི་ཕྱོགས་བཅུ་ན་བཞུགས་པའི། །རྒྱལ་བ་མ་ལུས་པས་གསུངས་པའི་བསྟན་པ་ཀུན་གྱི་གཙོ་བོར་གྱུར་པའོ། །དེ་ནི་རྒྱལ་བ་ཀུན་གྱི་ཐུགས་ཀྱི་བཅུད་འདུས་པ་རྟོགས་ནས་དེ་ཉིད་ལམ་དུ་གྱུར་པའོ། །བདག་གཞན་མེད་པས་སྤྱོད་ཡུལ་དང་བྲལ་ཏེ་གང་ཡང་མ་ཡིན་བའི་རང་རིག་དེ་ཉིད་ནི། །བདེ་གཤེགས་རྒྱལ་བ་ཀུན་གྱི་ཐུགས་ཡིན་པར་བསྟན་ཏོ། །དངོས་གཞི་བྲལ་བའི་ཡེ་ཤེས་དེ་ཉིད། །ཀྱི་རང་བཞིན་དང་རྟོགས་པ་ལས་བདེ་གཤེགས་དང་རྒྱལ་བ་སྟེ་དེ་དག་འདི་ལས་བྱུང་བས་ཀུན་གྱི་ཡུམ་མོ། །འདི་ལས་ཆོས་མ་ལུས་པ་སྤྲོས་པས་འཁོར་འདས་ཀུན་གྱི་རྒྱུའོ། །རང་བཞིན། ཁམས། འབྱུང་བ། ངོ་བོ་ཉིད་ཀྱི་ཟག་པ་ཟད་པ་ནི་རྒྱུ་རྐྱེན་གྱིས་འདུས་མ་བྱས་སོ། །བསྟན་པའི་ཆོས་ཀུན་འདུས་ཤིང་དེ་ཉིད་ཀྱི་ཐིག་ལེ་ཆེན་པོའི་བཅུད་དུ་གྱུར་པའོ། །རང་རིག་པའི་ངང་དུ་གསལ་ལ་དེ་ཉིད་རང་བྱུང་གི་ཡེ་ཤེས་ཀྱི་སྒྲོན་མ་སྟེ་དེ་ལ། །འཕེལ་འགྲིབ་མེད་པས་ནམ་མཁའི་དབྱིངས་ཤེའོ། །རྟོགས་ནི་ཇི་སྙེད་པའི་སྡུག་བསྔལ་ཇི་ལྟར་རྒྱུ་མ་སྤངས་རང་བྱུང་ཡེ་ཤེས་སུ་དག་པས་བདེ་བའི་ཀློང་དུ་འཁྱིལ་བ་ཡིན་ནོ། །འཁོར་བ་དང་ཉོན་མོངས་པ་སྤང་དུ་མེད་པས་ཡེ་ཤེས་བསྒྲུབ་པ་དང་བྲལ་ལོ། །འབྲས་བུ་ལ་རེ་བ་མེད་པས་འཁོར་བ་ལ་དོགས་པ་བཅོམ་པའོ། །ཤེས་བྱ་ཤེས་བྱེད་ཀྱི་རྒྱུན་བཅད་པས་ཡུལ་ཡུལ་ཅན་དང་བྲལ་བའོ། །ཐ་མལ་དང་ཆེད་དུ་བྱས་པའི་བརྐམ་ཆགས་ལྔ་དང་བྲལ་ཏེ་རང་བྱུང་གི་ཡེ་ཤེས་སུ་གསལ་བས། །འཁོར་བའི་རྣམ་རྟོག་ཅི་སྐྱེས་པ་ཉིད་ཡེ་ཤེས་ཆེན་པོའི་ཀློང་དུ་སྣང་ངོ་། །ཆེད་དུ་བྱེད་པ་དང་ཐེག་པ་སོ་སོའི་རྩལ་བ་དང་ཏིང་འཛིན་གྱི་རིམ་པ་སྤངས་ནས། །རང་རང་གི་འབྲས་བུ་གཞན་ནས་ཐོབ་པར་འདོད་པའི་ཡུལ་དང་བྲལ་ལོ། །ལས་དགེ་དང་མི་དགེ་གང་ལ་ཡང་ཁུར་དུ་ལྟ་བའི་རྣམ་རྟོག་བྲལ། །ཆོས་ཐམས་ཅད་འདིར་མཉམ་ཞིང་རྫོགས་པ་ཆེན་པོའི་ཡིན་ལ་དེ་ཉིད་ཐིག་ལེ་ཆེན་པོ་ཡིན་བས། །དཀར་གསུམ་མངར་གསུམ་གཙང་དང་ཤ་ལྔ་བདུད་རྩི་ལྔ་སྨེ་བར་འཛིན་བའི་བློ་རྟོག་དོར་ཞེས་གདམས། །ཕྱི་ནང་གི་ཆོས་ཐམས་ཅད་མ་ལུས་རང་བྱུང་ཡེ་ཤེས་སུ་གསལ་ལ། །ཇི་ལྟར་སྤྱོད་པ་ཐམས་ཅད་རྣམ་པར་དག་དལ་གང་དུ་ཡང་རྟོག་པ་མེད་པས་གནང་བ་དང་བཀག་པ་མེད་དེ། །ཇི་ལྟར་འདོད་དགུ་བདེ་བར་སྤྱོད་ཅེས་བྱའོ། །རྟོགས་ནས་གང་དུའང་མི་རྟོག་བདེ་ཆེན་ཕྱོགས་མེད་དུ་ཤར་བ་ཉིད། །དེ་ཉིད་ནི་སྤྱོད་པའི་རྒྱལ་པོ་ཡིན་པས་རྒྱ་མཚོ་ཞེས་སྟེ། །མ་རྟོགས་པར་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་གཙོ་བོ་རུ་འཇོག་པར་བྱེད་པ། །དེ་ཡང་ཞེས་པའི་སྤྱོད་པ་ཉིད་ཡིན་ཏེ་རང་བྱུང་དང་དམ་པའི་སྤྱོད་པ་མིན་ནོ། ༈ །རང་བྱུང་ལྷུན་གྲུབ་ཀྱི་དོན་ལ་གནས་པ་དེ་ཉིད་ལ། །ལམ་གྱི་ཡན་ལག་ཀུན་དེ་ཉིད་ཀྱི་ཡོན་ཏན་གྱི་ཆ་ལ་རྫོགས་པས་འོག་མ་ལས་ཁྱད་པར་ཆེ་དེའི་དོན་བསྟན་པའི་ཕྱིར། །མི་དམིགས་སྒྱུ་མའི་བརྐམ་ཆགས་ཀྱི་དུཿཁ་དང་བྲལ་བས་བདེ་མཆོག་ནི། །དུས་རྟགས་ཏུ་སྣང་རིག་སྟོང་གསུམ་དབྱེར་མེད་པར་གསལ་ན་ལྟ་བ་ཡིན་ནོ། །དེ་ཉིད་མ་བསྒོམས་ཀྱང་གསལ་བར་གདེང་དུ་ཕེབས་ན་སྒོམ་པའི་མཆོག་གོ། །སྐུ་གསུང་ཐུགས་ཀྱི་སྙིང་པོ་ཆུབ་པར་རྟོགས་པས་དཀྱིལ་འཁོར་ཡིན་ནོ། །ཐབས་ཀྱིས་བསྟན་ཡང་གདོད་ནས་རང་ལ་རྫོགས་པས་དབང་བསྐུར་ཡང་རྫོགས་པ་ཡིན་ནོ། །རྟོགས་པའི་དོན་དེ་ཉིད་སྒོ་གསུམ་གྱིས་ཉམས་སུ་ལེན་པར་ནི་སྤྱོད་པའི་མཆོག་གོ། །ནམ་ཡང་བདེ་མཆོག་ལས་སྐད་ཅིག་ཀྱང་མི་གཡོ་བ་ནི་ཡེ་ཤེས་འབར་བའི་ཀློང་། །ས་ལམ་ཇི་ལྟར་སྤྱད་ཀྱང་དེའི་ངང་ལས་མི་ལྡོག་ཅིང་བདེ་བ་ཆེན་པོའི་ཀློང་དུ་གྱུར་པ། །དེ་ནི་དོན་གྱི་སྙིང་པོ་སྒྱུབ་པའི་དངོས་གྲུབ་ཁྱད་པར་ཅན་འགྲུབ་པའི་མཆོག་འབྲས་བུ། །ཡེ་ནས་ངོ་བོ་ཉིད་ཀྱིས་མི་འདའ་བ་ཡི་རྟོགས་ནས་བསྲུང་མི་དགོས་པ་དམ་ཚིག་ཡིན་སྟེ། །རང་བྱུང་རྟོགས་པའི་ཕྱག་རྒྱས་བཏབ་ཅིང་དེའི་དོན་ལ་བྱ་བྱེད་མེད་པའི་བརྩོན་འགྲུས་ཀྱིས་སྒྲུབ་པའི་སྒྲོ་སྐུར་མེད་པའི་ལུང་ཆེན་ཡིན་ནོ། །འདོད་ཡོན་མ་ལུས་པ་བདེ་བ་ཆེན་པོའི་ཀློང་དུ་ཐིམ་ཞིང་རྣམ་རྟོག་སྐྱེ་མེད་ཀྱི་ཞལ་དུ་ཞུམ་པར་གྱུར་པ་ཡིས། །བདེ་བ་ཆེན་པོའི་མཆོད་པ་ཡིན། །མཆོད་པ་དང་ཡུལ་ཀྱང་རང་ལ་གསལ་བར་རྫོགས་པས་ཕུལ་བ་ཡིན། །སྣང་སྲིད་སྐུ་གསུམ་དུ་བྱིན་གྱིས་བརླབས་པས་ཕྱོགས་འཛིན་ཡེ་ནས་དག །དུས་རྟག་ཏུ་རང་ལས་བྱུང་བས་མཆོད་པས་རོལ་ཞིང་སྙིང་པོའི་དོན་དུ་བསྟབ་ན་མཆོད་པའི་གནས་སུ་སྟོབ་པ་ཡིན། །རྟོགས་པས་གཉིས་སུ་མེད་པར་གྱུར་པས་བདེ་བ་ཆེན་པོ་མཛེས་པའི་རྒྱན་དུ་མ་གྱུར་པ་མེད་པའོ། །གདུལ་བྱའི་དོན་མ་ལུས་པ་ཇི་ལྟར་བསམ་པ་ལྟར་རྫོགས་ཤིང་འབྱུང་པས་རིན་པོ་ཆེ་ཞེས་བྱའོ། །དེ་བས་ན་རང་རིག་འཕོ་འགྱུར་མེད་པ་ནི་རྨད་བྱུང་ངོ་མཚར་གྱི་ཕོ་བྲང་སྙིང་པོ་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ཆེ། །ཆེ་བའི་ཡོན་ཏན་ཀུན་རྫོགས་རྒྱལ་བ་བཞུགས་པའི་ཕོ་བྲང་སྟེ་དལ་གྱི་སྙིང་པོ་དེར། །འགྲོ་བའི་བླ་མ་ཡོན་ཏན་རིན་ཆེན་དང་འདྲ་ཞིང་སྲོག་གསུམ་དུ་འགྱུར་བ་རྟོགས་གོམས་དང་ལྡན་པ་དེས། །ཕྱིན་ཅི་ལོག་ཐམས་ཅད་བདག་ཉིད་དུ་རྟོགས་ཏེ་ལྟ་དགོངས་ཟབ་པའི་གདེང་དང་ལྡན་ན། །ཆོས་ཐམས་ཅད་ལ་ཉམ་ང་བ་མེད་པར་དབང་བསྒྱུར་བ་ནི་དབང་ཕྱུག་རྒྱལ་པོ་སྟེ་ཕྱོགས་རིས་མེད་པའི་དོན་ལ་ཞུགས་པ་ཡིན། །རྟོགས་པའི་ཐབས་དང་ལྡན་ན་ལྷུན་གྲུབ་ཀྱི་རང་གནས་ཡིན། །ལྷུན་གྲུབ་གསུམ་རང་ཉིད་སྐུ་གསུམ་དུ་གསལ་ན་སྤྱན་དྲངས་པ་ཡིན། །པས་གཞན་ནས་བསྟིམ་མི་དགོས། བདག་གཞན་དུ་འཛིན་པ་དང་བྲལ་ན་དྲི་མ་དུས་གཅིག་ལ་དག་པ་ཞེས་བྱའོ། །རྟོགས་པའི་དོན་དང་མི་འབྲལ་བའི་མོས་པ་དང་ལྡན་ན་རྩོལ་བ་དང་བྲལ་བ་ནི་སྨོན་པས་འཕགས་པའོ། །ཕྱོགས་འཛིན་གྱི་དོན་ལ་ཆགས་པ་དང་བྲལ་རང་རིག་དོན་གྱི་ན་བླ་མ་མཉེས་ཏེ་རྒྱལ་བ་རིག་འཛིན་བླ་མ་ཀུན་དུས་གཅིག་ལ་མཉེས་པར་འགྱུར་རོ། །རྒྱལ་བ་ཀུན་གྱི་དགོངས་པའི་ཞེ་ཕུགས་ནི་དགུ་རུམ་དུ་སྦས་པའི་ཐིག་ལེ་ཐབས་དང་བཅས་པའི་མན་ངག་དེ། །བདེ་ཆེན་གྱི་གདེང་དུ་དབང་གི་སྒོ་ནས་བསྟན་ན་དེ་ཁོ་ན་ཉིད་ཀྱི་དམ་ཚིག་ཕོག་པའོ། །ཐུན་མོང་གི་འདུལ་སྡོམ་དམ་ཚིག་ལྟར་བསྲུང་མཚམས་དང་བཅས་པ་ནི། མ་ཡིན་ནོ། །རྟོགས་པའི་གདེངས་ལས་མི་གཡོ་བར་རྟེན་པར་མཚམས་ཀྱི། །དམ་ཚིག་འདི་ཡང་གསང་བ་བས་ཀྱང་ཆེས་གསང་བ། ཡང་གསང་རྨད་བྱུང་གི་དམ་ཚིག་སྟེ། །ཐུན་མོང་གི་འདུལ་སྡོམ་དང་ཕྱི་ནང་གི་དམ་ཚིག་ལས་འཕགས་པས་ཁྱད་པར་ཅན་ཏེ། །སྒོ་གསུམ་གྱིས་ཆེད་དུ་བསྲུང་བྱ་མེད་དེ་མ་བསྲུངས་ཀྱང་འགལ་བ་མེད། པའི་སྡོམ་པ་ཅན། །ཐབས་ཁྱད་པར་ཅན་ནམ་འཕྲུལ་གྱི་ལུང་བཅུས་བཅོས་མ་རྣལ་མར་རྟོག་པ་དང་ལྡན་དོན་ལས་མ་ཡེངས་པའི་རྣལ་འབྱོར་པ་ལ། །བསྙེན་སྒྲུབ་ལ་སོགས་པའི་རྩོལ་བས་མངོན་དུ་སྒྲུབ་པ་མི་དགོས་ཏེ། །དེའི་དོན་དབང་གི་དུས་སུ་རྡོ་རྗེའི་ཉིད་མཚོན་པའི་ཚིག་གིས་བརྒྱུད་པ་དང་ཉམས་སུ་ལྡན་པས་བརྗོད་པར་བྱའོ། ༈ །འཁོར་ལོ་སྒྱུར་བའི་རྒྱལ་པོ་འོད་སྣང་བའི་གནས་ངང་ཕུག་རིན་པོ་ཆེའི་གླིང་བྱ་བ་ཡོད་གི་རིན་ཆེན་སོ་སོ་ལས་བྱས་པའི་སྒོ། །བཞི་ཡང་རིན་པོ་ཆེ་འཕྲུལ་གྱི་རྒྱ་མདུད་སྣ་བཞིའི་སྒོ་དང་བཅས། །པའི་རྒྱལ་པོ་ལ་མངའ་བའི་ལྡེ་མིག་གིས་ཁྲོལ་ན་རིན་པོ་ཆེའི་གཏེར་ཁྱིམ་ལ་གཞན་ལ་རག་མ་ལུས་པར་དབང་བསྒྱུར་བའི་བདག་པོ་མཛོད། །རིན་པོ་ཆེ་དང་འབྲུ་ལ་སོགས་པའི་ལོངས་སྤྱོད་ཀྱི་གཏེར་ལ་མངའ་མཛད་ཅིང་རོལ་བ་བཞིན་དུ། །བླ་མའི་མན་ངག་ལྡེ་མིག་ལྟ་བུ་རྡོ་རྗེ་ཚིག་གིས་མི་ཤེས་པའི་རྒྱ་མདུད་བཀྲོལ་ན། །བྱང་ཆུབ་ཀྱི་དཀར་པོ་ཆེ་བའི་ཡོན་ཏན་མ་ལུས་པའི་གཏེར་ལ་རྩོལ་མེད་ཉིད་གྱིས་དབང་སྒྱུར་བའི་མངའ་བདག་མཛོད། །རྫོགས་ཆེན་གྱི་རང་བཞིན་དེ་ཉིད་ལུང་དམ་པས་བཀྲོལ་ན་ཤེས་རབ་ཀྱི་མིག་ཕྱེ་བས། །གང་མཐོང་ན་བདེ་བ་ཆེན་པོ་ཕྱོགས་རིས་མེད་པ་རྟོགས་ན་རང་གནས་ཀྱི་དཀྱིལ་འཁོར་ཉིད་མཐོང་སྟེ། །དབང་གིས་ཐབས་ཀྱིས་ཟིན་ན་ཡོན་ཏན་བསམ་ཡས་པའི་མངའ་བདག་ཡིན་སྟེ། །རྡོ་རྗེ་རྒྱལ་པོ་སློབ་དཔོན་དུ་གྱུར་པ་ཐོབ་པ་ནི་འབྲས་བུ་ཡིན། །ལྟ་དགོངས་ལ་རེ་དོགས་མེད་ཅིང་བདག་གཞན་གྱི་དོན་གྲུབ་པས་བདེ་གཤེགས་ཉིད་དང་སྐལ་བ་མཉམ། །རྡོ་རྗེའི་ཐེག་པ་ལ་ཞུགས་པས་བྱང་ཆུབ་རྡོ་རྗེའི་རིགས་སུ་ངེས་དེ་གང་ཟག་གང་ལ་བསྟན་ན། ༈ །ཐེག་པ་མཐར་ཕྱིན་པའི་ཏིང་ངེ་འཛིན་གྱི་རིམ་པ་ཡི་ལམ་དེས། །མ་བགྲོད་པར་ཐེག་པ་དམན་པ་རྩོལ་བརྒྱད་ལ་ཞུགས་པའམ། །རིགས་རྒྱུད་དབང་པོ་ཆིག་ཆོད་དམ། །སྦྱངས་པའི་འཕྲོ་ཅན་གང་ཡང་རུང་། །ཞེའོ། །ཐེག་པ་རང་རང་གི་གྲུབ་མཐས་ཤེས་པ་མ་བསྒྱུར་བའི་སྣམ་བུ་ཚོས་མེད་ལྟ་བུ། །དེ་གཉིས་ཀ་ཐུན་མོང་གི་བློ་ཅན་གྱི་གང་ཟག་སྟེ་བ་ཏ་རྟའི་གཟེབ། །ལྕགས་སུ་བཅུག་པ་འགྲོལ་བ་དང་༡༽འདྲ་༢༽བར་རྣམ་རྟོག་ཡེ་ཤེས་སུ་དགྲོལ་བའི་ཐབས་རྣ་བརྒྱུད་ཀྱི་ཆུ་བོ་དང་བསྲུང་བྲལ་གྱི་དམ་ཚིག་བསྟན། །རང་བཞིན་གྱི་ཕྱག་རྒྱ་ཆེན་པོ་བསྟན་པ་ཙམ་གྱིས་བཙལ་མེད་དུ་རྫོགས་པར་བསྐྱེད། །ཡོད་མེད་རྟག་ཆད་ཀུན་ལ་ཁྱབ་པའི་ཡེ་ཤེས་ཕྱོགས་མེད་དུ་གསལ་ཞིང་འབར་བའི་སྐུ་ནི། །ཆོས་ཀྱི་དང་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུ་མཐའ་དག་དང་། །ཁྲོ་བོ་ཁྲག་འཐུང་དང་ཞི་བ་རྒྱས་འབྲིང་བསྡུས་པ་ལ་སོགས་པའི་དཀྱིལ་འཁོར་མཐའ་ཡས་ཀུན། །རོལ་པའི་སྣང་བ་མཐའ་ཡས་པ་འདིར་འདུས་པའི་ཡེ་ཤེས་ཀྱི་ལུས་ཡིན་པས་ཆེན་པོ་སྒྲིབ་བྱེད་མེད་པར། །གསལ་ཞིང་ཉམས་སུ་མྱོང་འབར་བསྐྱེད་པ་ཡིད་ཆེས་པར་མངོན་སུམ་དུ་མཐོང་བར་བྱ། །བདུད་རྩི་ལྔ་བཟའ་བ་དང་རིག་པའི་སྤྱོད་པ་ལས་སྤྱོད་ལམ་ཐམས་ཅད་དུ་མི་འདའ་བའི་དམ་ཚིག་སྦྱིན། །འདིར་མན་ངག་རྟོགས་པའི་སྐབས་ཏེ་བདེ་ཐོབ་ཐུན་མཚམས་བར་པ་རེ་དོགས་བཅད་པ་ཡི་དུས། །སྐུ་གསུམ་མངོན་སུམ་དུ་འཇུག་པའི་མན་ངག་གི་དབང་རྣམས་དུས་གཅིག་ཏུ་རྫོགས། །རང་བཞིན་དང་ལྟོས་པའི་དགེ་བ་དང་སྡིག་པའི་ལས་ཀྱི་རྣམ་རྟོག་སྐབས་འདིར་མེད། །ཅེས་མེད་ན་རྣམ་སྨིན་གྱི་རྒྱུ་འབྲས་ངན་པ་ཟད་པས་པདྨ་དང་འདམ་ལྟར་མི་གོས་པར། །རང་གི་རིག་པར་རྟོགས་ལ་གང་ལ་ཡང་ཆགས་པ་དང་ཐོགས་པ་མེད་པ་བདེ་བ་ཆེན་པོར་ཐོབ་པས་ན། །ཆོས་ཐམས་ཅད་ལྷུན་གྲུབ་གསུམ་དུ་མཉམ་པར་རྫོགས་ཏེ་རང་བྱུང་གི་ལོངས་སྤྱོད་ཉིད་ལ་རང་བྱུང་ཡེ་ཤེས་ཉིད་རོལ། །རིག་པ་རང་གསལ་ཕྱོགས་རིས་མེད་པའི་བདེ་བ་ཟག་པ་མེད་པའི་ལོངས་སྤྱོད་སྒྲུབ། །དེ་ལྟར་མ་ཆགས་པ་ཁོང་དུ་ཆུད་པས་ཀུན་ལ་སྤྱོད་ཀྱང་རང་བྱུང་པའི་ཡེ་ཤེས་སུ་རང་སྣང་བར་རྟོགས་པའོ། །དེ་ལྟར་རྟོགས་པ་ལ་རང་སེམས་ནུས་པ་བརྟས་པའི་དགོངས་པའི་སྟོབས་དང་ཡུལ་ཤེས་པ་ལ་ཐིམ་པས་ནི། །བཤད་པའི་རྣམ་རྟོག་ཕྱོགས་རིས་སུ་བཅད་པ་དང་བྲལ་བའི་བྱང་ཆུབ་ཀྱི་སེམས། །ཉིད་རང་བྱུང་གི་ཡེ་ཤེས་སུ་འགྱུར་ཏེ་བདེ་བ་ཆེན་པོའི་ལོངས་སྤྱོད་དུ་གྱུར་པས་ནུས་པ་བརྟན་པར་བྱོས་ཤིག་པའོ། །ཐམས་ཅད་དུ་འབྱུང་བ་ས་ཆུ་མེ་རླུང་བཞི་ལས་སྨིན་ཅིང་འགྲུབ་པས་སྐྱེད་པའི་རྫས་ཐམས་ཅད་རང་གི་སེམས། །ནམ་མཁའ་ལྟར་རྟོགས་ཤིང་ལུས་རྡོ་རྗེ་ལྟ་བུར་འགྱུར་ཞིང་གསལ་ལ་བརྟན་པའི་ཟས་སུ་འགྱུར། །འདི་ནི་རྒྱལ་བ་དང་དབྱེར་མེད་པས་རྡོ་རྗེ་རྒྱལ་པོ་སྟེ་དེ་ཡི་སྣང་སྲིད། །གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེའི་ངང་དུ་ཚིམ་པར་བྱའོ། ༈ །རྟོགས་པ་སྒོ་གསུམ་རྡོ་རྗེ་དེས་གང་བརྗོད་པ་ནི་ཚིག་སྟེ་དེ་དག་གི་ལམ་ནས་དེ་ཁོ་ན་ཉིད་སྨྲ་བས། །བདག་དོན་བཤད་པའི་དོན་རྟོགས་ནས་གཞན་དོན་སྐལ་ལྡན་འགའ་ལ་དོན་དང་འབྲེལ་བའི་ཕྲ་བའི་ཚིག་གིས་སྟོན་ཅིང་སྨྲས། །བཤང་བ་དྲི་ཆེན་གཅི་བ་དྲི་ཆུ་ཁུ་བ་བྱང་སེམས་ལ་སོགས་ཤ་ཆེན་དང་རཀྟ་བསྡུ་ཏེ། །དེ་དག་ལ་བླང་དོར་དུ་རྟོག་པ་དང་འཇིག་རྟེན་པས་སྨད་ཅིང་དོར་བའི་ཁ་ན་མ་ཐོ་བའི་ཟས་བཟའ་བ་སྟེ་གོང་དུ་བཤད་དོ། །ས་ལ་སོགས་ཏེ་འབྱུང་བ་བཞི། །དངོས་པོའི་རྫས་སུ་འགྱུར་བས་མཐུན་མི་མཐུན་ཐམས་ཅད་ལ་དངོས་སུ་བཟའོ། །སྦྲང་རྩི་རྒོད་དང་བ་དམར་ཟལ་ཡི་འོ་མ་སྟེ་ཚེ་རིང་བའི་རྫས་དང་། །བཟང་སྡུག་ནི་ཤ་ལྔ་བདུད་རྩི་ལྔ་ལྕེ་པོག་གུ་གུལ་དཀར་པོ་དང་། །ཚ་ལྔ་དང་རྡོ་ཆུ་ཡི་ཁུ་བར་བྲག་ཞུན་ཅོང་ཞི་དཀར་པོ་མུ་ཟི་དང་བཅས། །རང་གི་ཆུ་ཡིས་གཏོར་ཏེ་ཟོས་པར་གྱུར་ན། །ལུས་རྡོ་རྗེར་འགྱུར་བ་དང་ཟས་བདུད་རྩི་རུ་ལུས་ཀྱི་བཅུད་དུ་ཆགས་ཤིང་ན་བ་དང་འཆི་བའི་གནོད་པ་མི་ནུས་ཏེ། །བོང་ང་ནག་པོ་ལ་སོགས་པའི་དུག་མཐའ་དག་ལའང་མཐུ་གསད་པ་དང་བྱིན་གྱིས་རློབ་པའི་སྔགས་ཀྱིས་བཏབ་ལ་བཟའ་འོ། །ཐུན་མོང་གི་དངོས་གྲུབ་དེ་ཡི་རྗེས་སུ་ང་རྒྱལ་ལ་སོགས་པའི་སེམས་འཇུག་པ་ནི་མཆོག་གི་གེགས་སུ་འགྱུར་པས། །ཐབས་ཀྱིས་བཅོས་ལ་སེམས་ཉིད་རྣམ་པར་རྟོག་པ་དེ་དག་དང་བྲལ་བར་བྱའོ། །དུས་གསུམ་དུ་རང་གི་བདེ་བ་ཆེན་པོ་ལ་ལུས་ངག་ཡིད་གསུམ་མི་གཡོ་བར་འཇུག་སྟེ། །རབ་འབྲིང་ཐ་མ་འཇུག་པའི་ཐུན་མཚམས་སུ་དུས་ཀྱིས་གོང་དུ་བསྟན་པ་ལྟར་བྱའོ། ༈ །གང་དང་གང་རྗེས་སུ་མཐུན་པར་རང་རང་གི་ནུས་པ་དང་གདུལ་བྱ་ཕ་རོལ་འདུལ་པའི་བསམ་པ་དང་ལས་སྦྱང་བར་བྱས་ཏེ། །རང་གི་རིག་པ་ཉིད་སྒྲ་དང་གསུང་དུ་ལྷུན་གྱིས་གྲུབ་སྟེ་དེ་ཉིད་དོན་དང་འབྲེལ་ཅིང་མི་ཕྱེད་བས་རྡོ་རྗེའི་ངག །སྟེ་དེ་དང་ལྡན་པའི་རྣལ་འབྱོར་པས་ན་ཐབས་སུ་སྨྲ་བ་དང་བརྗོད་པ་ནི་ངག་གི་ཁ་ན་མ་ཐོའི་ལས་ཐབས་དང་ལྡན་པས་ཐ་མལ་དང་། དགེ་བ་ཏ་ཧ་ཅང་ཆེས་ཀྱི། འདོད་པ་ལ་རྟོག་པ་དང་ངན་པ་ཐུན་མོང་དུ་འགལ་པའི་ཚིག་སྨྲས་ཀྱང་། །ཉེས་པར་མི་འགྱུར་ཏེ་ཇི་སྐད་བརྗོད་པ་མ་ལུས་པ་ནི་རང་བྱུང་གི་ཡེ་ཤེས་སྙིང་པོ་བྱང་ཆུབ་རྡོ་རྗེའི་སྒྲ། །ཡིན་ལ་སྒྲ་ཇི་སྙེད་མ་ལུས་པའི་སྒྲ་བསྒྲགས་ཤིང་སྒྲ་ལ་ཐུན་མོང་གི་ཚིག་གི་དོན་མེད་དོ། །རྟོགས་པ་ཅན་གྱིས་ཚིག་དེ་སྐད་སྐལ་བ་ཅན་ལ་བརྗོད་དེ་སྒོ་གསུམ་མ་བཅོས་བག་ཡངས་ཀྱིས་གནས་པའོ། །སྐྱེ་མེད་རྡོ་རྗེ་དང་འབྲེལ་བའི་ངག་གི་སྤྱོད་པ་བྱའོ། །ཞེས་བསྟན་ཏོ། ༈ །རྡོ་རྗེ་ལུས་ཀྱི་འདི་ལ། འདིས། འདི་ལྟར་སྤྱོད་པ་ནི། །གཞན་གྱིས་རྟོགས་པར་དཀའ་བའི་དོན་ལ་ངམ་པས་ཨེ་མའོ། །ཆོས་ཐམས་ཅད་སྙིང་པོ་བྱང་ཆུབ་ཀྱི་ངོ་བོར་མཉམ་ཞིང་དེའི་ངང་དུ་རྫོགས་པ་ནི་ཐིག་ལེ་ཆོས་སྐུ་སྟེ་སྐུ་ཡི་བཅུད་དོ། །ནམ་མཁའི་བྱ་ལྟར་ཐོགས་ཆགས་མེད་དེ་མ་ལུས་པ་རྡོ་རྗེ་རུ་གསལ་བ་དེས་ཇི་ལྟར་སྤྱད་པ་ནི་ལུས་ཀྱི་ལས་སོ། །སྤྱོད་པར་བྱེད་པའི་ལས་དང་བྱ་བའི་ཡུལ་གཉིས་ཕྱོགས་མེད་ཀྱི་ཀློང་དུ་གཉིས་མེད་དེ། །དེ་ལྟར་སྣང་བ་ཐམས་ཅད་ཕྱོགས་མེད་ཀྱི་ཡེ་ཤེས་རང་རིག་ལས་དེ་དག་ཐམས་ཅད་དུ་ཤར་ཅིང་ལས། །གང་བྱེད་ཀྱང་དེ་དག་ཏུ་ཞེན་པའི་རྟོག་པ་མེད་དེ་རང་བྱུང་ཡེ་ཤེས་ཉིད་ལས་སུ་ཤར་བའི་ཕྱིར་རོ། །ཅི་སྤྱད་ཐམས་ཅད་ཐུན་མིན་གྱི་སྒྱུ་མ་ཆེན་པོ་སྟེ་དངོས་སུ་ལྷུན་གྲུབ་གསུམ་དང་སྐུ་གསུམ་དུ་གསལ་ལ། །ཆོས་གང་ལ་ཡང་མ་ཆགས་པར་ཞེན་པ་འཛིན་པ་མེད་པ་ངང་ཤུགས་གིས་སྤྱད་པར་བྱའོ་ཞེས་གདམས་སོ། །རང་རྒྱུད་པ་མེད་པའི་དཔེ་དཔེར་ན་མིག་འཕྲུལ་མཁན་གྱི་སྒྱུ་མ་བྱས་ཀྱང་རང་རྒྱུད་པ་མེད་པ་བཞིན་ནོ། །རྟོགས་ལྡན་གྱི་གང་ཟག་དེ་ཡིས་ལས་ཅི་སྤྱད་པ་དེ་ལ་ཤེས་པ་ཡུལ་ལ་འཕྲོ་ཞིང་རྒོད་པ་མེད། །རང་གི་རིག་པ་དེ་ཉིད་ལ་རྒྱུད་དྲུག་གི་རྒྱུ་འབྲས་ཐམས་ཅད་བསྡུས། །པ་སྟེ་རིག་པ་ལས་གཞན་པ་མེད་པས་སོ། །རྣམ་རྟོག་ཏུ་འཛིན་པའང་དངོས་སུ་བདེ་ཆེན་སྐྱེ་མེད་ཀྱི་ཀློང་དུ་བསྒྲལ་བའོ། །དེ་ལྟའི་རྣལ་འབྱོར་པས་སྲོག་གཅོད་མ་བྱིན་ལེན་པ་དང་། །འདོད་ལོགས་ལ་སོགས་ལུས་ཀྱི་ལས། །དེ་དག་ནི་གང་ཟག་ཐ་མལ་དང་ཐེག་པ་ཐུན་མོང་རྣམས་བག་ཚ་ཞིང་ཉམ་ང་བ་དེ་ཁ་ན་མ་ཐོ་བས་ཕོག་པའི་སྤྱོད་པ། །ཐམས་ཅད་ཚུལ་དེར་ནི་སྤྱོད་ཅིང་ཉམས་སུ་བླང་ཞེས་བསྟན་ཏོ། །དེ་ལྟར་མི་དགེ་བའི་ཆོས་མངོན་སུམ་དུ་སྤྱད་པའི་ལས་རྣམས་ཀྱིས། །ཅིའི་ཕྱིར་མི་གོས་ཤེ་ན་ལྟ་བ་དང་སྤྱོད་པ་ལ་༡ཐག་༡ཆོད་༡༡ཅིང་ཡེངས་པ་མེད་པ་དང་དགོངས་པའི་ཐེ་ཚོམ་བྲལ་བའི། །ཉམས་མྱོང་སྣང་རིག་སྟོང་གསུམ་རྒྱ་མ་ཆད་དེ་གསལ་བ་ཉིད་བདེ་བའི་རྒྱལ་པོའོ། ༈ །དེ་ལྟ་བུའི་གང་ཟག་དེ་ནི་རྣལ་མའི་དོན་ཐོབ་པ་ཡིན་པས། །འདོད་པའི་ཡོན་ཏན་ལྔ་དང་ལྡན་པའི་ཐབས་ཆེན་གྱིས། །བདེ་བ་ཆེན་པོ་མཐར་ཕྱིན་པ་བྱང་ཆུབ་ཚོལ་ཞིང་མཚོན་པར་བྱེད་པ་ལས་ཐབས་དང་ཐེག་པ་གཞན་གྱིས་བསྐལ་པ་བྱེ་བར་ཀྱང་འབྲས་བུ་ཐོབ་པ་མིན་མོ། །དེ་ཉིད་ཀྱི་དབང་དང་ཐབས་ཀྱི་བྱ་ཡི་སྒྲ་ཚད་དང་ཚིག་གིས་མཚོན་པ་མིན་ནོ། །རྣམ་རྟོག་ཞི་དང་རང་བྱུང་སྙིང་པོས་ཐམས་ཅད་དུ་རྒྱས་པའི་རང་བཞིན་ཅན་དུ་བཞུགས་སོ། ༈ །དབྱིབས་༼ལུས་ཀྱི་ཡོན་ཏན་༽ལེགས་མདངས་གསལ། བཞིན་བཟང་། ཆེ་ཆུང་རན། ལུས་འཇམ། རྐེད་པ་ཕྲ་བའོ། །ངག་འཇམ། རྫུན་སྤངས། ངག་སྙན། ཤིས་ཤིང་འཐད་པར་སྨྲ་བའོ། ། ༼སེམས་ཀྱི་༽བློ་རྣོ། དད་པ་ཆེ། སེམས་དལ། ཉོན་མོངས་པ་ཆུང་བའོ། ། ༼སྤྱོད་ལམ་༽འགྲོགས་ན་དྭང་ཆེ། གང་གི་སྒོ་ནས་ཀྱང་ཡིད་དུ་འོང་། ཕྲད་པར་འདོད་ཅིང་མི་སྐྱོ་ཡིད་འཕྲོག་ཅིང་བདེ་བ་སྐྱེ་བས་འགྲོགས་འདོད་པའོ། །༼གསང་བའི་༽ཆགས་ཆེ་པདྨ་རྒྱས། བཀའ་བློ་བདེ། ཐབས་ལ་མཁའ་པའི་ཡོན་ཏན་ཀུན་ལྡན་བུ་མོ་དེ། །རང་བཞིན། བྱིན་བརླབས་སྦྱོར་བའི་ཐབས་ཀྱིས་ཡང་ན་དབང་བསྐུར། གདམས་ངག་དབོག །ཆོས་གསུམ་བཤད་པའམ། ཟས་བསྲུང་། གོས་བརྗེ། དམ་རྫས་སྦྱིན་པའི་བསྙེན་པ་གསུམ་རྫོགས་པའི། །བདེ་བ་ཆེན་པོས་ཀུན་ལ་རྒྱས་འདེབས་པས་ཕྱག་རྒྱ་མཚོན་པའི་རྒྱུ། །ཕྱག་རྒྱ་བཞིས་དབང་པོ་གཉིས་བསྲུངས་པས་བདེ་བ་ཆེན་པོ་མངོན་དུ་གསལ་བར་བྱའོ། །ཡབ་ཡུམ་གཉིས་ཀས་བདེ་བ་ཆེན་པོ་རང་རིག་ཏུ་བརྟག་པར་བྱ་སྟེ། །རིན་ཆེན་གཏེར་གྱི་མན་ངག་ཀུན་རྫོགས་ཚངས་པའི་དབང་སྦྱིན། །བུས་པ། མ་ནིང་། རྒན་པོ། དཀའ་ཐུབ་ཅན་བཅད་པའི་སྐལ་ལྡན་བདེ་བ་སྐྱེ་བའི་རྒྱུ་ཅན་གྱི་བུ་དེ། །རྒྱུ་འབྲས་ཀྱི་ངན་རྟོག་སྟེ་འདོད་ཡོན་ལ་ཞེན་པའི་བརྐམ་ཆགས་ནི། ༈ །དགག་སྤངས་མ་བསྒྱུར་བར་རང་བྱུང་གི་ཡེ་ཤེས་བདེ་བ་ཆེན་པོར་འབྱུང་ཞིང་མྱོང་བ་ལ་ཐེ་ཚོམ་མེད། །ཀུན་ལ་སྤྱོད་ནུས་པའི་རང་ལུས་ཉིད་གང་ལྟར་འདོད་པ་ལ་དབང་སྒྱུར་བས་རྒྱལ་པོ་ཆེན་པོའི་སྐུ། །ཆགས་སྡང་གི་རྣམ་རྟོག་མ་སྤངས་པར་ངོ་བོ་ཉིད་ཐབས་ཀྱིས་ཡེ་ཤེས་སུ་སྒྱུར་བར་བྱེད་ལ། །རིག་པ་མཐར་ཕྱིན་ནས་མ་བཅོས་བདེ་བ་ཆེན་པོའི་ཐིག་ལེ་ཕྱོགས་མེད་པར་ཤར་ཅིང་ཐ་མ་ཡང་དེར་འཁྱིལ། །རིག་པ་མ་སྐྱེས་པ་ཉིད་མི་འཇིག་པས་རྡོ་རྗེ་དེ་ཉིད་རིག་པའི་མེ་ཏོག་དབང་གི་མན་ངག་ནི་ཐབས་ཆེན་གྱི་རྩི་སྟེ་དེའི་ལས། །སྒྱུར་ཞིང་ནད་གསོ་བར་བྱེད་པ་ནི་དཔེ་མེ་ཏོག་ཨེ་ཀ་ཏ་ཡིས་བསྒྱུར་བ་བཞིན་ནོ། །རྒྱུ་རྐྱེན་མེད་པས་རང་བྱུང་ཞིང་རྫོགས་པའི་དཀྱིལ་འཁོར་བཞིའམ་དྲུག་ལུས་ལ་གནས་པར་རྟོགས་པར་དགོད། །བཤང་ཁ་ན་ཕྱི་ནང་དུ་རྒྱུ་བའི་བེམས་པོའི་རླུང་དང་དེའི་སྟེང་ན་དྲོད་ཅན་མེ་གྲུ་གསུམ་དང་འཁོར་ལོ་བཞིའི་ཐིག་ལེ་བདེ་བའི་ཁམས། །མི་གཡོ་བར་རྩ་སོ་སོ་ན་གནས་པ་དེ་འཁོར་ལོ་རྐྱེན་གཉིས་གཅིག་ཏུ་བརྩིས་པས་ལྔ་ནི་གྱེན་དུ་འབར་བས་རིམ་པ་དང་སྤྱི་བོ་ནས་གསང་གནས་སུ་འཛག་རིམ་པས་འགེངས་ཏེ། །རླུང་གི་སྟོབས་དང་ས་བོན་སྲེག་ཅིང་བདེ་བའི་སྟོབས་དྲག་པོའི་ནི་མ་སྟེ་རིམ་པར་སྤར་དང་གང་བར་བྱེད་པའི་ཐབས་ཉིད་དོ། །བདེ་བའི་ཡན་ལག་དང་ཐབས་ཀྱི། ཏིང་ངེའི། དྲན་པ་ལྟ་བའི་ཡན་ལག་གང་རུང་གིས་སེམས་མངོན་པར་འདུ་བྱེད་ཀྱིས། །ལུས་དེ་ལས་ནི་འཁོར་ལོ་བཔ་ཞིའི་རིམ་བཞིན་དུ་ལུས་སེམས་ཀྱི་བདེ་བ་དབབ། །ལྟེ་བ་ན་རྩ་རྒོད་མའི་ཁ་གཉེ་མ་འཁྱིལ་པ་ལྟ་བུ། རྡོ་རྗེ་དང་པདྨའི་གེ་སར་དང་འབྲེལ་པ་དང་རིན་ཆེན་ཁ་ཐུར་དུ་བལྟས་པའི་རྫིང་། །ཏིང་ངེས་རྩ་བཞི་སྤྲད་པར་སྦྱར་ཞིང་ཐབས་དང་ཤེས་རབ་གཉིས་ཀའི་རྩ་གསུམ་གྱི་ཐིག་ལེ་གྱེན་དུ་དྲང་བས་བརླབ། །རླུང་གིས་མེ་འབར་བས་བདེ་བ་སྐྱེ་བའི་མྱུ་གུ་ཐིག་ལེ་རང་བཞིན་ལྷན་ཅིག་སྐྱེ་པ་བཞིབས། །ལུས་ཀྱི་བཅུད་རྩ་དེའི་བཅུད་ཐིག་ལེ་དེའི་བཅུད་ཉིང་ཁུའི་ཉམས་སུ་མྱོང་བའི་བདེ་བ་དེ་རྫིང་དུ་དབབ་བོ། །ཡབ་ཡུམ་གྱི་བདེ་བ་ཆེན་པོའི་བཅུད་ཐིག་ལེ་ཐབས་ཀྱིས་གྱེན་དུ་བརླབས་པས། །ཙིཏྟ་སེམས་བདེ་བས་རྒྱས་ཤིང་འཁོར་ལོ་དགང་། །དེའི་སྟོབས་ཀྱིས་རིན་ཆེན་ནི་སེམས་ཏེ་བདེ་ཆེན་གྱི་རྫིང་གི་པདྨ་བཞི་གང་བའོ། །དེའི་བཅུད་ཀྱིས་ལུས་སེམས་རྒྱས། །བདེ་བ་དེ་ཉིད་རྒྱུ་རྐྱེན་བྲལ་ཞིང་སྐྱེ་བ་མེད་པར་སེམས་པས་ཐུང་ངུ་ཨ་ལ་ཅུང་ཙམ་ཕོག །བདེ་བའི་རྟགས་ལུས་འདར་ཀུན་རྡར་དུ་ཕབ་པས་འཕར་རྗིང་དུ་ཕབ་པས་མིག་མི་འཚུམ་ཞིང་མདོག་དམར་བའོ། །སེམས་ཀྱི་བདེ་བའི་དམིགས་པ་རྩེ་གཅིག་ཏུ་བསྡུས་པར་འགྱུར་ན། །སེམས་ཉིད་བདེ་བ་ཆེན་པོའི་ཏིང་ངེ་ཐོབ་བར་ཚོར་བ་སྟེ། །དེ་ལ་བརྟེན་ནས་རྟེན་དང་བྲལ་བའི་བདེ་བ་རིག་པ་རང་བྱུང་ཕྱོགས་རིས་མེད་པའི་ཀློང་དུ་གསལ་བར་ཉམས་ཀྱིས་དབབ་པའོ། ༈ །སྔོན་གང་ལ་བསྐུར་བའི་ལོ་རྒྱུས་གཙུག་ཏོར་བསྒྱུར་བའི་གསང་བདག་གི་སྤྲུལ་པ་དབང་རྟགས་དབུ་རྒྱན་དང་རྡོ་རྗེ་ལྡན་པ་ཡིས། །དེ་ཝ་རཱ་ཛ་ལྷའི་རྒྱལ་པོ་འཇམ་དཔལ་མུ་ཏྲ་རྡོ་རྗེ་སེམས་དཔའ་དང་། །མིའི་རྒྱལ་པོ་བདེ་བྱེད་ཨིནྡྲ་བྷོ་དྷི་རིན་འབྱུང་དང་། །གནོད་སྦྱིན་རྒྱལ་པོ་ཨུ་པར་བྷོ་དྷི་རྣམ་སྣང་ཀླུ་རྒྱལ་དག་ཀྵ་ག་དོན་གྲུབ། །ལྷ་མིན་གྱི་རྒྱལ་པོ་དེ་ཝ་ཨ་མི་ཙནྡྲ་མཐའ་ཡས་སྟེ་དེ་ལྔས། །ཚིག་དབང་རིན་པོ་ཆེ་ནོས་ནས་ཐ་མའི་ལུས། །འདི་ཉིད་མ་སྤངས་པར་རྒྱལ་བ་ལྔ་ཡི་རིགས་སུ་བྱས་པ་དེས་ན་ཐབས་ཀྱི་ཐེག་པའོ། །མ་བརྒྱུད་པར་ད་ལྟ་ཉིད་མངོན་སུམ་དུ་བདེ་བ་མྱོང་བའི་ཉམས་ཁྱད་པར་ཅན་ལ་དབང་བྱེད་ནུས་པ་འདི་ནོས། །རྒྱལ་བ་ལྔའི་སྐུ་གསུང་ཐུགས་ཕྱག་རྒྱ་སྟེ་རྒྱས་འདེབས་པས་སོ། །དེས་བསྒོམ། བཅིང་། བཅྭ་བ་མངོན་དུ་བཏབ་པར་ནུས་པའོ། །ཐ་མལ་ཕྱི་རྒྱུད་པ་ལས་ཁྱད་པར་དུ་སྟོན་ཏེ་རྒྱལ་བར་གསལ་བ་ཉིད་ཀྱིས་རོལ་པ་མཛད་པའི་ཕྱིར་རོ། ༈ །སྔོན་གྱི་ཚུལ་དེ་བཞིན་དུས་ཐ་མ་ད་ལྟའི་གང་ཟག་སྤྱོད་ཅིང་ཐོབ་པའི་སྐལ་ལྡན་ཕོ་མོའི་རིགས་གང་རུང་ལ། །གདམས་ངག་རྒྱུན་མ་ཆད་པས་ཐོག་མའི་རིན་ཆེན་ཇི་ལྟར་འདོད་པ་ལྟར་ཚིག་གིས་དབང་གང་རུང་བསྐུར་རོ། །དེའི་ནུས་སྟོབས་ཀྱིས་སྣང་གྲགས་ཀྱི་ཆོས་ཐམས་ཅད་རང་བྱུང་ཡེ་ཤེས་བདེ་བ་ཆེན་པོའི་ལུས་སུ་གཏན་ལ་དབབ་བོ། །རྟོགས་པ་དེ་མ་ཐག་དེ་ནས་བདེ་བ་སྦྱོར་བའི་ཐབས་ཡན་ལག་ཏུ་བཅས་པ་བསླབ་ཅིང་སྦྱིན་ཏེ། །ཡེ་ཤེས་བདེ་བའི་འཁོར་ལོ་བཞི་བཤད་ཟིན་དེ། །བདེ་བ་དབབ། གཟུང་། བཟློག །བདེ་བ་ཆེན་པོར་བསྐྱེད་པའི་རིམ་པ་སྟེ་འཇུ་འདུལ་རླུང་ལ་སོགས་པ་ཐབས་སོ་སོའི་ནས་རིམ་པ་བཞིན་གྱིས་ལས་སྤྱོད་ཅིང་བསླབ་པར་བྱའོ། །ཀ་མ་ལ་ཤཱསྟྲ་འདོད་པ་ར་ན་ཉིད་བསྟན་བཅོས་ཏེ་དེ་ཡི་བསྟན་བཅོས་ལས། །གསུངས་པས་འམ་རྨོངས་བྱེད་ཐིག་ལེའམ། ཆགས་པའི་ཕྲེང་བ་ནས་བྱུང་བ་ལྟར་བདེ་བ་རྒྱས་པའི་ཆོས་ལ་འབད་པར་བྱའོ། །བདེ་བ་རྒྱས་པར་བྱ་བའི་ཕྱིར། །དེ་ནས་ཨ་ལི་ཀ་བརྒྱ་དང་པྲ་ཧ་ར་བརྒྱ་སྟེ་ཕྲག་གཉིས་བསྣོལ་མར་དང་འདོད་སྦྱོར་གྱི། རོལ་ཐབས་ཀྱི། སྦྱིན་བྱེད་ཀྱི། ཙིམྤ་ཀ་བཅུ་བཅུ་སྟེ་བཅུ་ཕྲག་གསུམ་མོ། །དེ་དག་ལ་སོགས་པ་གཞན་མ་ལུས་པར་འདོད་པའི་བསྟན་ཆོས་ཀྱང་དུ་མས་བསྟན་པ་ལྟར་བྱ། ཆགས་པ་བསྐྱེད་པའི་གནས་ཀྱང་། མགོ་བོ་དང་ལུས་སྟོད་སྨད་དང་ཡན་ལག་རྣམས་ལ་ཇི་ལྟར་མཐུན་པའི་ཐབས་དང་སྦྱར་བར་བྱའོ། །བདེ་བའི་འཁོར་ལོ་རིམ་པས་དབབ་ཅིང་རིམ་པར་འཁྱིལ་ལོ། །ཐིག་ལེའི་གནས་ཀུན་རྡར་ཞུགས་པས་འདར་སྙིང་ལ་སྐད་འབྱིན་དང་ལུས་ལ་ཁྱབ་པར་རྒྱས་པས་མཆོང་ཞིང་རྒྱུག་དྭངས་མ་ཐིག་ལེ་ལ་ཐིམ་པས་མཐུན་བྱ་བ་ཐམས་ཅད་ནུས་པའི་སྤྱོད་པ་བྱ་བ་ཁོ་ནའོ། །ཐམས་ཅད་ཉམས་པ་མེད་པར་བདེ་བ་ཆེན་པོ་གསལ་བའི་སྔར་གྱི་ཟུག་རྔུ་ལས་དབུགས་ཕྱུང་ནས་ཉམ་ང་བ་མེད་པར་ངལ་བསོ་བའོ། །དེ་ལྟ་བུའི་ཉམས་དེ་དུས་གསུམ་གྱི་བདེ་གཤེགས་རྒྱལ་བ་ཐམས་ཅད་ཀྱི། །ས་བསྔགས་ཤིང་དགོངས་པ་རྩེ་གཅིག་ཏུ་མཛད་པ་རང་བཞིན་གྱིས་བདེ་བའི་རྒྱུད་དུ་གནས་པས་འཁོར་ལོ་ཉིད། །ཅེས་བསྟན་ཅིང་དེ་ལས་གཞན་པའི་རྒྱལ་བ་དང་བྲལ་བའི་ཕྱིར་རང་ཉིད་རྒྱལ་བ་མངོན་སུམ་པ་ཡིན་པས། །ཇི་སྲིད་པའི་ཆོས་ཐམས་ཅད་དེ་ལྟར་འགྱུར་བས་ཡེ་ཤེས་བདེ་བར་འབར་བའོ། །བདེ་བ་གཞན་ལས་འཕགས་པས་བདེ་མཆོག་ཞལ་གདོང་པ་ངོ་བསྟན་པའོ། །མུ་ཁའི་ཚེགས་ཆུང་ངུས་ཐོབ་པས་མན་ངག་སྦྱིན། །ཕོ་མོ་གཉིས་ཀ་མཚན་དང་ལྡན་པ་རིགས་རུས་ལམ་གང་ཡང་རུང་སྟེ་རྒྱལ་བར་ང་རྒྱལ་བྱས་པ་དེས། །དང་པོར་མགོ་ལ་བདེ་བའི་རོལ་པ་སྣ་ཚོགས་བྱའོ། །ཐབས་དེ་དག་དང་ཕྱག་རྒྱ་བཞིས་སྦྱར་བས་རྩ་མདུད་དགྲོལ་བ་དང་དབབ་ཐབས་ཀྱིས་བདེ་བ་བཀུག །བྲང་དུ་འགྲེལ་པ་ན་མེད། ཀོས་ཀོ་སྦྱར་བྱས་ཏེ། །དགོས་པ་བདེ་བ་འདོད་པ་པ་རྩ་གསུམ་པོ་དེ་འཛིན་པ་དང་འབེབས་པས་ཡན་ལག་གིས། །ཡེ་ཤེས་འབད་རྩོལ་མེད་པར་ས་ནོན་པས་རྒྱལ་པོར་རིག་པར་བྱ། །བདེ་བ་མྱོངས་པའི་རྟགས་མགོ་བོ་སྤྲུག་ཅིང་གཡའ་བ་དང་སྨིན་མ་ལངས། །ལུས་རྒྱས་ཤིང་བདེ་བ་བརྟེན་པའི་རྟགས་མིག་དམར་བ་དང་དེ་བཞིན་དུ་མདོག་ཀྱང་དམར་ཏེ་མདོག་འགྱུར་ཐིག་ལེ་མི་འཛག །བདེ་བས་མྱོས་ཤིང་བརྒྱལ། བརྟན་པའི་ཡེ་ཤེས་རིམ་པར་ཕྱི་ནང་ཀུན་ཏུ་སྤྲོ་བར་བྱ། །སྦྱོར་བའི་ཡན་ལག་སྔ་མར་བསྟན་པ་བཞིན། །རྩ་མདུད་གཅིག་མེད། ལག་གིས་བཟུང་བྱས་ཏེ། །ཀ་རའི་བསྟན་ཆོས་ཀྱང་སྔར་བཞིན་རིམ་པར་བྱ། །ཐིག་ལེ་རྒྱས་ནས་འཛག་དུས་སུ་རྩ་མགོ་སྣ་ཚོགས་འདུས་པའི་རྫིང་འོག་ལག་གིས་མནན་པར་བྱས་ཏེ་བཟློག་པ་དང་གཟུང་བའི་ཐབས་ལ་འབད། །རྡོ་རྗེ་སྐམ་པའི་ཕྱག་རྒྱ་ཡིས། །ཐབས་དང་ཤེས་རབ་འཕར་བ་བཅང་། །ཞེས་པས་འཕར་བ་གཅད་ཅིང་མཚན་མ་ཕྱི་ནང་དུ་རྒྱུ་བ་ཐབས་ཀྱིས་དབྲལ། །དྭངས་མའི་རྩ་མུ་ཁ་སྒོའི་ཁ་ནི་བདེ་བའི་དྭངས་མ་དང་བཅས་པའི་རླུང་གིས་ཤིན་ཏུ་དབྱེ། །དེའི་རྟགས་ནི་གཉིད་ལོག་དུས་སུ་དངངས་འདར་སྤྲུག་པ་དང་བ་སྤུ་ལྡང་བ་དང་། །རྔུལ་ཆུ་ཡི་ཟིལ་པ་ཕྲོམ་མེ་གནས་པ་སྤྱོད་ཡུལ་ཀུན་ཏུ་མདོག་བདེ་བར་འགྱུར་ཏེ་རེས་དཀར་རེས་དམར་བ་ལ་སོགས་པ། །རང་ལུས་མཆོག་གི་མིག་གིས་གང་བལྟས་པའི་ཐད་ཀར་སྣང་བ་ཀུན་འབྱུང་། །དེ་ནས་བདེ་བ་རང་རྒྱུད་པ་ལ་བརྟགས་པས་གང་དུ་ཡང་མ་མཐོང་ཞིང་སྒྱུ་མ་ཙམ་དུ་གསལ་བའི་བདེ་བའི་རིམ་པ་གཞག །བདེ་བའི་གོལ་ས་དང་བྲལ་བས་ལེགས་པ་ལ་སེམས་ཀྱིས་དུས་གསུམ་དུ་མ་ཡེངས་པར་བཅང་བར་བྱ། །སྙིང་ལ་པདྨ་འདབ་མ་བཞིའི་དབུས་ན་ལྟེ་བའི་གནས་འདབ་མ་བཞི་ལ་ཡེ་ཤེས་བཞིའི་ངོ་བོ་རང་བཞིན་གྱིས་གནས། །རང་ལ་གནས་པས་གཞན་དུ་འདབ་མ་མ་ཕྱིན་འདབ་མ་བཞི་དང་སྙིང་པོ་ལ་གནས་པའི་དྭངས་མའི་བདེ་བ་མ་འདྲེས་པས་ཡེ་ཤེས་ལྔས་གང་བར་འགྱུར་ཞིང་། །ཉོན་མོངས་པས་མི་འཁྲུག་སྟེ་དྲན་རྟོག་ཅི་སྐྱེས་བདེ་བ་འཕེལ་ཞིང་གཡོས་པར་འགྱུར་ཏེ། །སྙིང་རྩའི་དྭངས་མར་ཞུགས་ནས་གནས་པས་རིན་ཆེན་རྩ་ཐུན་མོང་བ་ཀུན་གྱི་ཡེ་ཤེས་རྫིང་གང་ཞིང་རྒྱས་ཏེ། །ན་ཚ་མེད་པ་ལ་སོགས་པ་འདོད་ཁམས་ཀྱི་དང་བསམ་གཏན་བཞིའི་བདེ་བ་དང་མངོན་ཤེས་དང་ཆོ་འཕྲུལ་བ་སོགས་བའང་འབྱུང་། །དགའ་བཞིའི་སྐྱེ་ཚུལ་མི་འཇིག་པར་འཁྱིལ་པའི་ཐིག་ལེ་འཁོར་ལོ་དང་རྡོ་རྗེའི་གནས་བཞི་ཐབས་ཀྱི་སྒོ་ནས། །འཇིག་རྟེན་པའི་ཆགས་པ་སྤོང་བའི་འདས་པའི་བདེ་བ་འབྱུང་། །གསང་བའི་རྡོ་རྗེའི་སྒོ་ནི་རྩ་དང་འབྲེལ་བའི་མཁལ་མའི་བཅུད་ཐིག་ལེ་ལ་བརྟེན་ནས། །བདེ་བ་ཡིན་མ་ནུའི་རྩ་སྒོ་རོ་རྐྱང་ཀུན་རྡར་གསུམ། །བདེ་བ་འཕེལ་བའི་དང་པོ་ཟླ་བ་ཚེས་པ་ལྟ་བུ་དང་ཐམས་ཅད་དུ་ཁྱབ་པའི་བདེ་བ་བཅོ་ལྔའི་ཟླ་བའི་གཟུགས་ཅན་དང་གཉིས། །ཐབས་ཤེས་ཁ་སྦྱར་ཆོས་ཉིད་ཀྱི་བདེ་བས་རྒྱས་པར་བྱ། །འགུགས་པ་དང་འཛིན་པས་ལག་པ་སྟེ་མེ་རླུང་གཉིས་དང་ཐབས་ཤེས་རབ་ཀྱི་རྩ་སྟེ་འཁྲིག་སྒོར་གཞུག་པ་ནི་ཨ་ཝ་དྷུ་ཏིར་གཞུག་པའོ། །ཉི་ཟླའི་ཐིག་ལེ་མ་ནུ་ནི་དེའི་སྣོད་དོ་རྩ་སྒོ་གསུམ། །བདེ་བ་འཕེལ་བའི་གནས་ནི་ནུ་མ་ལྟེ་བ། སྨིན་ཕྲག །སྣ་རྩེ་མཆན་ཁུང་སྟེ། །ཙ་ན་ཀྲ་ནི་འཁོར་ལོ་བཞི་དང་དྲུག་གོ། །དང་སུ་ཀའི་ནི་བདེ་བ་སྟེ་ལུས་ལ་ཁྱབ་པས་གླིང་ངོ་། །དབབ་གཟུང་བཟློག་སྦྱང་བའི་འདུ་བྱེད་ལས་དང་སྟེང་འོག་གི་དབང་པོ་སྦྱོར་བ་ཡིས། །འབྲས་བུ་བདེ་བ་ཡུན་ཇེ་རིང་ཇེ་རིང་ལ་མཉམ་རྗེས་མེད་པར། འཕེལ་བ་དང་རྩ་ལ་ཐིག་ལེ་རྒྱས། །ཆུ་སྐྱེས་མུ་ཁ་གདོང་པ་རྐྱེན་གྱིས་ཕོག་པ་བཞིན་དུ་ཐིག་ལེ་འཛག་པར་འགྱུར་རོ། །ཐབས་ཤེས་ཁྱད་པར་གྱི་འཁོར་ལོ་ཁ་སྦྱར་བཟློག་པ་ནི་བཀུག་པ་དང་དབབ་པ་ནི། བདེ་བ་དགུག །ལྷར་སྦྱོར་བས་ཐུན་མོང་གི་འདོད་ཆགས་ཀུན་དང་བྲལ་བའི་ཚུལ་གྱི་སྦྱར་བ་སྟེ་ཕྱག་རྒྱ་བཞིས་ཡན་ལག་འཁྱུད་པར་བྱ། །བཤད་པའི་ཀ་རའི་སྦྱོར་བ་བདེ་སྟོང་ཕན་ཚུན་ལྟ་བའི་མིག་སྤྲོས་ཀྱིས། །སུ་ཀ་བདེ་བ་བྷོ་དྡྷི་བྱང་ཆུབ་ནི་ཀ་སེམས་ཏེ་དེའི་སྒོ་བླ་མའི་མན་ངག་གིས་དབྱེ། །ཐེག་ལེ་ཁུ་བ་མི་རྒྱུ་བར་གཟུང་བས་འཁྱིལ་པ་སྟེ་ཐབས་ཀྱིས་ཉམས་སུ་མྱོང་བའི་སྒོ་ཕྱེ་ནས། །དང་པོ་ཐ་མལ་གྱི་ཞེན་རྟོག་མི་སྲིད་དེ་ནས་ལུས་ལ་དྲི་མའང་མི་འཆགས་པར་འཆོར་བས། །ལུས་ཀྱང་ཁ་དོག་དམར་པོར་འགྱུར་བའོ། །བདེ་བས་བརྒྱལ་བས་ལུས་གཡོ་བ་དང་འཕར་བ་སྒྲ་འབྱུང་སྤྲུག་པ་ལ་སོགས་པ་འབྱུང་། །ཐུན་མོང་གི་ཤེས་པ་ལས་ལྷག་བདེ་ལ་མི་རྟོག་པའང་རྒྱུན་དུ་སྐྱེ་བར་འགྱུར། །དེས་ཀུན་ཏུ་རྟོག་པ་ཐམས་ཅད་ཉམས་པར་འགྱུར། །གང་ལ་གཏད་པའི་དམིགས་པའི་ཡུལ་དེ་ཟིན། །བར་འགྱུར། ལུས་ལ་སྟེང་འོག་གི་རླུང་གཟུང་ཐབས་གིས་འཕེན་པ་ཕྱི་རླུང་ནང་རླུང་དུ་འཇུག །བཟུང་ན་ཟིན་བཏང་ན་ཐོངས་མི་རྒྱུ་བ་ལ་སོགས་པ་རླུང་གི་ལས་རྣམས་ཀྱིས་མཆོག་ཐུན་མོང་གི་འདོད་པ་འགྲུབ། ༈ །བདེ་བ་ཉམས་སུ་ལེན་པའི་སྐབས་དེར་ནི་རྡོ་རྗེ་ཆུ་འཛག་པའི་ལམ་ནས། །ཡེ་ཤེས་ཆེན་པོའི་རྒྱུ་རྐྱེན་ཐིག་ལེའི་ཕྱིར་འབྱུང་བ་མིན། །གལ་ཏེ་ཤོར་ན་བདེ་བ་མི་འབྱུང་ལ་དམ་ཉམས་པར་འགྱུར་བས་ལྕེས་བླང་ངོ་། །ཚུལ་དེ་བས་ན་ཐིག་ལེ་རང་གི་ལུས་ལས་བསྐྱེད་ཅིང་མི་རྟོག་པ་ཡེ་ཤེས་སུ་སྨིན་པར་བྱ། །རྩ་སོ་སོ་ནས་ཐིག་ལེའི་རྡུལ་ཕྲན་ཟིལ་པ་མང་པོ་གནས་པ་དེ། རླུང་གིས་བསྐྱོད་པ་ལྟར་ག ཅིག་ལ་ཐིམ་སྟེ་ལུས་བདེ་བས་གང་། མགྲིན་སྙིང་ལྟེ་བ་གནས་གསུམ་བདེ་བའི་བསྟི་གནས་རྒྱུ་ཞབས་ནས་རྡོ་རྗེའི་བུམ་པ་ཡན་ཆད་རྒྱས་པས་སུ། །ཁུ་བའི་ཐིག་ལེ་དང་བདེ་བ་དང་མི་རྟོག་པར་མི་འབྱེད་འབྲེལ་ཅིང་འགྲོགས་པས་རྡོ་རྗེའི་གཟུགས་སུ་མི་འཕྲོ་ཞིང་མི་འཆོར་བར་ཆགས། །རང་གི་རྩ་བྱེ་བ་ཕྲག་ས་ཡ་བཅུ་གསུམ་ཁྱབ་པར་སྤྲོས་ཀྱང་མི་ཤོར་བར་ལུས་ཐིག་ལེས་ཁྱབ་པས་བདེ་བའི་གཟུགས་སུ་མྱོང་བར་བསྡུ། །མན་ངག་དང་ལྡན་པའི་རྡོ་རྗེ་རྒྱལ་པོ་རུའི་ཐབས་ཆེན་པོ་ཡིན་ནོ། །རྡོ་རྗེ་རྩེའི་ཐིག་ལེ་ཁ་ཡིས་བཞིབ་པར་བྱ་ཞིང་། །ཆགས་པ་དང་དྲོད་འབར་བའི་རྡོ་རྗེ་དང་པདྨ་བསྲུབ་ཅིང་རྩེ་མོ་ལ་བཟུང་བས་དྲིལ་ཞིང་ཕྱི་བརྟན་པར་བྱ། །བདེ་བ་སྐྱེས་ནས་མི་ཐུབ་ན་ལག་གི་གོང་འོག་གནན་པའི་སྦྱོར་བས་ཁུ་བ་ཐིག་ལེ་དྭངས་སྙིགས་དབྱེ། །མཚན་ལྡན་གྱི་རིག་མ་ཉིད་ལྷ་མོ་རུ་བརླབས་ཏེ་སྒོ་གསུམ་རྡོ་རྗེ་གསུམ་དུ་བསྒོམ་སྟེ་བྱིན་གྱིས་བརླབས་བོ། །དེ་ཡང་མཛེས་ཤིང་ཡིད་དུ་འོང་བ་ནི་དཔེར་ན་པདྨ་ཁ་བྱེ་ལ་བལྟས་པ་དང་རྗེས་སུ་མཐུན་པར་བལྟ་བས་ཆོག་མི་ཤེས། །ལུས་ལ་དྲི་ཞིམ་པོས་བྱུག་པའི་ཕྲད་སྦྱོར་ནི་ཨུ་པ་མ་ཙནྡན་དཀར་དམར། གོས་བྱ། །ཨ་ཀར་རུ་ནག་པོ་དང་རྒྱ་སྤོས་དང་དུ་རུ་སྐ་དང་། །གླ་རྩིའམ་འབྲུག་རྩི་བོ་ཆེ་ཞེས་ཀྱང་བྱ་བུ་ཡི་སྨན་གྱི་སྙིང་པོ་ག་བུར་དང་། །ར་ཡི་མར་དང་དེ་བཞིན་དུ་བྱ། །གག་དང་ཀ་ལནྟ་ཀའི་སྒོ་ང་གཉིས་ཀྱིས་སྦྲུས་ཤིང་མཉམ་པར་སྦྱར་བ་རྒྱ་ཤུག་གི་འབྲས་བུ་ཙམ་བྱས་ཏེ། །གསང་བ་རྡོ་རྗེ་ལ་བསྐུས་ལ་ལག་གི་སྦྱོར་བས་རྣེ་ཕུར་བྱ། །ཡང་ན་ཤིང་འཇམ་པོའམ་སྲིན་ལག་ལ་བསྐུས་ལ་རྩ་གསུམ་འདོམ་པའི་དབུས་སུ་ཁ་ཁ་མུ་ཁའམ། གླང་པོ་སྣའམ། དྲང་སྲོང་ཅན་ལ། དྲུད་པར་བྱའོ། །དེ་བཞིན་གཡས་གཡོན་བརླབ་པར་བྱ། །ཤེས་པ་དང་ན་སོ་གཞོན་པ་ལ་ལེགས་པར་བསླབས་ལ་འབར་བས་བྱ། །སྨན་ནམ་བཞིབས་པས་མནུ་བར་བྱ། །གལ་ཏེའམ་བརྒྱ་ལ་བདེ་བ་ཐིག་ལེའམ་རྩ་མངོན་དུ་བྱུང་གྱུར་ན། །པདྨ་ནི་ཡོན་ཏན་མང་དུ་སྐྱེད་པས་རིན་ཆེན་ཏེ་འཛེད་འགེངས་སྒྱིལ་བས་རྫིང་དུ་གསང་བ་རྡོ་རྗེའི་མཆུ་ཉིད་བཙུགས་ཏེ། །བཞིབས། རླུང་གིས་ནང་དུ་རྡུབ་ཅིང་མེ་འབར་བས་ལུས་ལ་དྲོད་འབྱུང་རླུང་གཟུང་པ་དང་གཏང་བས་བརླབས་བྱས་ནས། །ཐབས་དེས་ནི་བདེ་བ་རྒྱས་པ་དེ་ཙམ་འགྲུབ་པར་འགྱུར་ཞེས་བསྟན་ཏོ། །དེ་ལྟར་འབད་པས་རྟགས་དབུགས་རྒོད་པ་དང་འདར་བ་དང་བརྒྱལ་བ་ངོ་ཚ་མེད། སྦྲིད་ཅིང་བེར། མྱོང་པ་ལ་སོགས་ཏེ། །མཐུན་པའི་རྟགས་ནི་བྱུང་བར་གྱུར་ན་སྐབས་དེར་གཅིག་ལ་གཅིག །འཁྲིལ་བ་དང་འདོད་པའི་པྲ་ཁྲིད་བསྟན་བཅོས་ཏེ་བཤད་པ་ལྟར་བྱ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་བྱུང་བདེ་བ་མངོན་སུམ་དུ་བྱའོ། །བྱེད་པ་སྡོམ་པའི་ཐབས་ཉོན་མོངས་ཀྱི་མྱ་ངན་གྱི་ཕ་རོལ་ཏུ་ཕྱིན་ཏེ་འདས་པར་འགྱུར་བར་བྱ། །དབང་གི་ཐབས་ཀྱིས་བསྟན་པ་ཕྱག་རྒྱ་ཆེན་པོ་བསྟེན་པར་བྱ། །ཐིག་ལེ་གཉིས་བཅུད་ཆེན་འདྲེས་པའི་ཐབས་ནི་ཕྱི་རླུང་བཅད་དེ་ནང་རླུང་གིས་བསྡུ་བའོ། །རྒྱུ་རྐྱེན་གྱི་ཐིག་ལེ་འཁྱིལ་ཏེ་མི་འཕྲོ་བར་གནས་པ་དྭངས་མའི་རྩ་སྒོ་ཕྱེ་ན། །གྱེན་རྒྱུ་སྟོད་ཐུར་སེལ་སྨད་རྒྱུས་པ་དེ་ནང་དུ་བསྡམ་པ་དང་བཅས་པས་རླུང་བསྡུས་ཏེ། །རིག་པ་བཅད་དེ་བེམས་པོ་ཕྱི་ནང་རྒྱུ་བའི་སྟེང་འོག་ཅན་གྱི་རླུང་གིས་ཕྱི་རྒྱུ་གྱེན་ཐུར་དུ་འཕེན་པ་དང་སླར་ནང་དུ་སྡུད་པ་བྱ། །དེའི་རྐྱེན་གྱིས་ཐིག་ལེ་གཡོ་བ་ཉམས་སུ་མྱོངས་ཏེ་ཐིག་ལེ་འཆོར་བ་སྙམ་བྱེད་པར་གྱུར་ནས། །རིན་ཆེན་རྫིང་གིས་བདེ་བ་ཐིག་ལེ་དེ་བརྔུབ་པར་བྱའོ། །ཉི་མའི་བཅུད་དེ་ཡང་གསང་བ་རྡོ་རྗེའི་རྫིང་སྟེ་བུམ་པ་ཡན་ཆད་ལ་ཐུག་པར་རྔུབ། །ཅིང་མི་གཏང་བར་བྱས་ན་སྟེང་འོག་གི་རླུང་རླུང་ཕྱི་རུ་རྒྱུ་བ་རྣམས་བསྡམས་ཏེ་རྒྱུ་རྐྱེན་གྱི་ཡེ་ཤེས་བདེ་བ་སྡུད་པའི་རླུང་གིས་དྲང་ངོ་། །དེ་ལྟར་བྱས་པའི་ཐབས་ཀྱིས་བུ་ག །རྩ་གསུམ་རྡོ་རྗེའི་ནང་ལ་ཟུག་པ་ནས་བབས་ཐིག་ལེ་ལ་བརྟེན་པ་ཡི། །བདེ་བ་དང་བཅས་པས་དཔེར་ན་རིན་ཆེན་གྱི་སྐུད་པ་ལ་དངུལ་གྱི་ཕྲེང་བ་བརྒྱུས་པ་བཞིན་ནོ། །རྣམ་རྟོག་སྡུག་བསྔལ་སྲེག་པས་རྡོ་རྗེ་མེ་ཡི་གཟུགས་སུ་འབར་ཞེས་བསྟན། །དེ་དག་བསྲེགས་པས་ཅིར་འགྱུར་ཞེ་ན་བདེ་བ་ཆེན་པོའི་ཡེ་ཤེས་རྒྱུ་རྐྱེན་ལས་འདས་པས་རང་འབར་ཉིད་སྐྱེ་བས་བཅུད་ཐིག་ལེ་རྡོ་རྗེའི་ཁར་དབྱུང་བ་མིན་ཏེ་གཏང་བར་མི་བྱའོ། ༈ །རིག་པའི་ཡེ་ཤེས་ཕྱོགས་རིས་མེད་པའི་ལུས་ཅན་སྐྱེ་མེད་རྡོ་རྗེའི་གཟུགས་སོ། །སྣང་གྲགས་དྲན་རྟོག་ཐམས་ཅད་དེ་ལྟར་གསལ་བས་ཡེ་ཤེས་ལུས་ཅན་ཡིན་ལ་དེས་ན་བདེ་བ་ཆེན་པོ་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པའོ། །བདེ་བའི་མཚན་ཉིད་འདོད་རྒྱལ་ལས་བྱུང་བའི་ཐབས་ཀྱི་རིམ་པ་བཅོས་མའི་མཚན་ཉིད་དེ་དག་ཡང་། །ཐབས་འདིས་ཐམས་ཅད་རང་བྱུང་ཡེ་ཤེས་ཕྱོགས་མེད་དུ་གསལ་པས། །འདོད་རྒྱལ་ཏེ་དེ་ཉིད་ཡུལ་དང་ཤེས་པ་གང་ཤར་བ་བདེ་ཆེན་གྱི་ངོ་བོར་སྒོ་གསུམ་གྱི་རྒྱས་བཏབ་པས་ཐབས་ཀྱི་རིམ་པའི་ནས། །དོན་དམ་ཚངས་པ་ཆེན་པོ་སྣང་སྲིད་རྡོ་རྗེའི་ངོ་བོར་གསལ་བའི་དབང་བསྐུར་བར་བྱའོ། །དེ་ཉིད་ཀྱང་གཞན་ལ་རག་མ་ལུས་པས་རང་ལ་རྫོགས་པའི་དེ་ཐབས་ཀྱིས་ལྷུན་གྱིས་གྲུབ་པ་དེ་སྦྱིན་ནོ། །འདིས་ཟིན་ཅིང་རྟོགས་ན་བརྐམ་ཆགས་ནི་འདོད་པ་ལྔ་སྟེ་ཡུལ་ལྔ་ལ་འདོད་ཅིང་མོས་པ་ཡང་། །དེ་ཉིད་བརྡར་ཤར་ཅིང་དེ་ལྟར་སྣང་བའི་སྤྱོད་ཡུལ་དྲུག་གིས་བསྡུས་པ་ཐམས་ཅད་ཀྱང་སེམས་ཉིད་ལས་མི་གཞན་པས། །བརྡ་དང་ཐབས་ཀྱིས་བཤད་པའི་ཆོས་ཐམས་ཅད་སེམས་ཉིད་དུ་རིག་པར་བྱའོ། །རིག་མའི་རེག་བྱ་དེ་ཉིད་མ་བཅོས་པའི་བདེ་བ་ཆེན་པོ་ཡིན་ཏེ། །བདེ་བ་ཉིད་རང་གི་རིག་པ་ཆེན་པོ་ཉིད་སྣང་བ་སྟེ། །མ་བཅོས་པའི་ཡེ་ཤེས་དེ་ཉིད་ནི་ཇི་སྙེད་པའི་ཆོས་མ་ལུས་པ་ཀུན་གྱི་དངོས་གཞི་ཅན་ཉིད་ཡིན་པས་སོ། །དེའི་ཕྱིར་འཁོར་བ་ཆོས་ཉིད་དུ་ཤེས་པས་སྤོང་ལེན་མེད་པའི་ཡེ་ཤེས་ཆེན་པོ་ཏེ། །དེ་ལྟར་རྟོགས་པ་ལ་སྤྱོད་ལམ་མ་བཅོས་པར་བཞག་ཀྱང་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པ་ཉིད་དུ་ཤར་བའོ། །དུས་ཀྱི་མཐའི་སྐད་ཅིག་ཙམ་ལས་མ་འགྱངས་པར་གང་སྣང་ཞིང་དྲན་པ་དེ་ཉིད་ཀྱིས། །འཇིག་རྟེན་པ་དང་འཇིག་རྟེན་འདས་པའི། །བདེ་བ་དང་ཏིང་འཛིན་ཐམས་ཅད་འཐོབ་པར་འགྱུར་གྱི་བརྒྱུད་ནས་ཐོབ་པ་ནི་མ་ཡིན་ནོ། །སྔགས་ཕྱི་ནང་གི་རྒྱུད་རྣམས་དང་ཉན་རང་བྱང་སེམས་ཀྱི་བསྟན་པ་མ་ལུས་པའི། །ཆོས་ཀུན་མ་ལུས་དུས་གཅིག་ཏུ་རྫོགས་ཏེ་དེའི་ཕྱིར། །དེ་ནི་རྒྱལ་ཐབས་སྤྱི་བླུགས་ཚངས་པའི་དབང་ཞེས་བྱ་སྟེ་རྒྱལ་པོ་རྒྱལ་ཐབས་ཐོབ་པ་ལྟ་བུའོ། ༈ །ཨེ་མ་ཧོ་རྡོ་རྗེ་རིགས་ཀྱི་བུ་ཞེས་དབང་ཐོབ་པའི་སྒོ་ནས་བོས་པའོ། །སྐལ་ལྡན་རྡོ་རྗེ་རིགས་ཀུན་བདག་ཅེས་ཡོན་ཏན་གྱི་སྒོ་ནས་བོས་པའོ། །ང་རྒྱལ་དང་དྲེགས་པ་སྤངས་པའི་གུས་པའི་སེམས་ཀྱིས་བླ་མ་བཀུར་བས་ཟུང་། །རྙོག་མའི་དྲི་མ་དག་པས་ཚངས་པ་ཆེན་པོའི་ཡེ་ཤེས་ཀྱི། །རྒྱུ་རྐྱེན་མེད་རང་བྱུང་གི་ཡེ་ཤེས་ཕྱོགས་མེད་ཀྱི་ཀློང་གདལ་བའི། །ངང་འབད་རྩོལ་མེད་པའི་མ་བཅོས་པ་བདེ་བ་ཆེན་པོའི་དཀྱིལ་འཁོར་འདི། །རྟོགས་ནས་ཆེད་དུ་བྱས་པའི་རྒྱུ་རྐྱེན་གྱིས་སྤྲོས་པ་མེད་པའི་རིག་པའི་མཁའ་ལ་ཡེངས་པ་མེད་པར་ཞོག་ཅིག །སྣང་སྲིད་དྲན་རྟོག་མ་ལུས་པ་བདེ་བ་ཆེན་པོའི་ཡེ་ཤེས་སུ་ལྟོས་ཤིག །དེ་ལས་རྒྱལ་བ་ཀུན་འབྱུང་བས་ཀུན་གྱི་གསང་བའི་ཡུམ་སྟེ་རོ་མྱོང་བ་དང་རྟོགས་པར་དཀའ་བས་སོ། །རྡོ་རྗེའི་ཚིག་གཅིག་རྟོགས་པས་ཀུན་རྟོགས་པས་འཕྲུལ་གྱི་ཐབས་ཆེན་རྟོགས་པའི་ནད་ཐམས་ཅད་ལ་བདུད་རྩིར། །གྱུར་པ་འདི་ནི་མི་བསྟན་པར་སྦ་ཞིང་སེམས་ལ་བརྣག་པས་ཟུང་ཞིག་པའོ། །དེ་བས་ན་སངས་རྒྱས་མ་ལུས་པ་བསྐྱེད་ཅིང་བཞུགས་པའི་གནས་ཡིན་པས་འདུས་པའི་མཁའ། །བྷ་ག་ཡངས་པའི་ཐིག་ལེ་ཀློང་། །དེ་ལ་དུས་གསུམ་རྒྱལ་བའི་སྤྱོད་ཅིང་རོ་མྱོང་བའི་ཡུལ་ཡིན་པས་གསང་མཆོག་དབྱིངས། །དོན་འདི་རྟོགས་ན་ཁམས་གསུམ་མ་ལུས་པ་ཉིད་བདེ་བ་ཆེན་པོའི་ཞིང་། །ཡེ་ཤེས་ཀྱི་རོལ་པ་ཡིན་པས་མཁའ་དབྱིངས་འདི་ལས། །མི་འགྱུར་བ་བརྟན་པའི་སེམས་ཀྱིས་དྲན་པ་བཟུང་ཞིག །དེ་ལྟར་སྙིགས་མའི་གནས་ཁམས་གསུམ་ཉིད་བདེ་བ་ཆེན་པོའི་མཛད་པར་སྤྱོད་དེ། །ཅིར་སྣང་བ་ཐམས་ཅད་རང་བྱུང་ཡེ་ཤེས་རོལ་པ་ཡི། །བདེ་བ་ཆེན་པོར་ཕྱོགས་མེད་དུ་སྒྱུར་བར་བྱེད་པས། །ཡེ་ཤེས་རོལ་པའི་ཐིག་ལེར་གྲོལ་བས་ཐིམ། ༈ །ཧོ། དེ་ཁོ་ན་ཉིད་དེ་ཐབས་ཀྱི་རྒྱལ་པོ་དབང་འདིས་ཚེགས་མེད་པར་རྟོགས་པ་ཡིས། །གང་གི་ཡང་ཡུལ་མིན་པས་སྒྲོ་སྐུར་ཟད་པའི་ཡེ་ཤེས་དཀྱིལ་འཁོར་ཉིད་ལམ་ཡིན་པས་དེ་ཉིད་དུ་གཞུག་ལ། །མ་ལུས་པ་བདེ་བ་ཆེན་པོའི་རོལ་པ་ཞེས་བྱའོ། །ཆོས་ཐམས་ཅད་རང་བྱུང་ཡེ་ཤེས་ཉིད་རྫོགས་པའི་དཀྱིལ་འཁོར་དྲུག་དུ། །གསལ་བས་སྤྱོད་ཡུལ་བདེ་བའི་ཡེ་ཤེས་སུ་མངོན་སུམ་དུ་ཞུགས་པས། སྣང་སྲིད་རིག་པའི་རྒྱལ་པོ་སྐྱེ་མེད་དེ་ཉིད་བདེ་བ་ཆེན་པོར་ཤར་ཏེ་དེ་ཉིད་སྐྱེ་མེད་ཀྱ ི་ཡེ་ཤེས་ཀྱི་ཀློང་དུ་གང་དམིགས་པ་ཐམས་ཅད་དགྲོལ་ལོ། །སྣང་བ་མ་ལུས་པ་མ་བཅོས་རང་སྣང་ལྷུན་གྲུབ་པའི། །བཀྲ་གསལ་སྐུ་ཡི་དཀྱིལ་འཁོར་དུ། །རང་རིག་བདེ་བ་ཆེན་པོར་གསལ་བས་འཁྱིལ། །ཆགས་མེད་ཡེ་ཤེས་བརྗོད་དང་བྲལ། །ཚིག་གི་ལམ་ཆད་སྒྲ་བརྙན་ཚུལ། །རྟོག་བྲལ་མ་ཆགས་པ་ཉིད་བརྗོད་པའི་ཕྱག་རྒྱར་ཤར་བས་རྡོ་རྗེའི་གསུང་སྟེ་དེ་ཉིད། །རྣམ་པར་དག་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ངང་དུ། །ཡེ་ཤེས་རྣམ་དག་གསུང་དུ་གསལ་བར་འཇུག་པས་འཁྱིལ། །དྲི་ངད་མ་ལུས་པ་ཡང་དངོས་བྲལ་རང་བཞིན་མེད་པའི་ཐིག་ལེ་ལས་བྱུང་ཞིང་དྲི་ཐམས་ཅད་དེ་ཉིད་དུ་གྲོལ་བས། རྟོག་འཛིན་བྲལ་བའི་ཆགས་མེད་པ། །ཡོན་ཏན་དཀྱིལ་འཁོར་མཁའ་འདྲ་བར། །འཛིན་མེད་ཡེ་ཤེས་ཀློང་དུ་འཁྱིལ། །བདག་ཉིད་ཀྱི་ལྕེ་ལ་མུ་ཁ་རོ་ཇི་སྙེད་མྱོང་བ་ཐམས་ཅད་དེ་ཉིད་ཀྱི་སྒོ་ནས་བདེ་བ་ཆེན་པོའི་དབྱིངས། །འཛིན་མེད་ལོངས་སྤྱོད་རྣམ་དག་པའི། །མ་ལུས་སྒྲུབ་བྱེད་ཐིག་ལེ་ཅན། །ཡོན་ཏན་རྫོགས་པའི་ཆོས་ཉིད་ཀྱི་དཀྱིལ་འཁོར་དུ་སྟོན་པ། །རོལ་པའི་ཡེ་ཤེས་ཐིག་ལེར་འཁྱིལ། །རེག་བྱ་འཇམ་རྩུབ་བདེ་སྡུག་ཇི་ལྟར་སྣང་བ་རིལ་དབྱིངས་ཕྱུག་བྷ་གའི་ཀློང་དཀྱིལ་དུ། །ལུས་ཀྱི་དཀྱིལ་འཁོར་ཡེ་ཤེས་སྒྲོན་མར་གསལ་བར་འབར། །བདེ་མཆོག་དབྱིངས་སུ་སྡུད་པའི་ཐིག་ལེར་ཐིམ། །མ་ལུས་རྫོགས་པའི་དཀྱིལ་འཁོར་མཆོག །མི་རྟོག་བདེ་བའི་དཀྱིལ་འཁོར་དུ། །གྲོལ་བས་མ་ལུས་དཀྱིལ་འཁོར་ཐིག་ལེར་ཐིམ། །དྲན་རིག་གང་སྣང་བ་ལ་ཡང་རང་རིག་ཡེ་ཤེས་ཉིད། །མ་བཅོས་མཁའ་མཉམ་དཀྱིལ་འཁོར་དུ། །འཛིན་ཆགས་མེད་པ་ཐིག་ལེ་དབང་བསྐུར་ཏེ། །གསང་བའི་ཡེ་ཤེས་རྨད་པོ་ཆེ། །སྤྱོད་ཡུལ་མ་ལུས་ཐམས་ཅད་ཀུན། །ཡེ་ཤེས་ཆེན་པོའི་རོས་གང་བ། །རྣམ་པ་སྣ་ཚོགས་ཤེས་པ་ཉིད། །ཀུན་འདུས་ཆོས་ཀྱི་དལ་དུ་ཡེ་ཤེས་ལྔ་ཡི་བདེ་བས་རྒྱས་བཏབ་པས་གྲོལ་ལོ། །དེ་ལྟར་སྣང་སྲིད་ཐམས་ཅད་ཡེ་ཤེས་མཉམ་ཉིད་བདེ་བ་ཆེན་པོ་ཡིན་པ་ལ། །དེ་ལྟར་མ་རྟོགས་ན་ཕྱོགས་གཅིག་ཁུ་བ་རིག་མའི་བདེ་བ་ལས་བདེ་ཆེན་གྲུབ་པར་འདོད་པ་ནི། །ཕྱོགས་སུ་བལྟས་པས་བདེ་ཆེན་གྲུབ་པ་མེད་དོ། ༈ །རྣམ་པ་དང་མཚན་ཉིད་དང་རང་བཞིན་གསུམ་སྐུ་གསུམ་དུ་རྒྱས་པའི་ཀླུངས། །བདེ་བ་ཆེན་པོར་ལྷུན་གྲུབ་པ། །ཐམས་ཅད་རྒྱས་བཏབ་དབང་ཆེན་ཏེ། །ཡེ་ཤེས་རོལ་པའི་ཕྱག་རྒྱ་ཅན། །ཉིད་སྣང་བའི། ཕྲ་རག་ཆེ་ཆུང་མ་ལུས་པ་མ་བཅོས་དེ་བཞིན་ཉིད། །རྒྱལ་བའི་སྐུ་རུ་ལྷུན་གྲུབ་པ། །ཕྱག་རྒྱའི་སྐུ་རུ་དབང་ཆེན་ཡིན། །དེ་བས་ན་རྒྱུད་འགྲོ་བ་དྲུག་འཁོར་བའི་རྟེན་ལུས་སུ་བཅས་པ་རྣམས་ནི། །ཡེ་ཤེས་སྤྲུལ་པ་རྒྱ་མཚོ་སྣ་ཚོགས་སུ་སྣང་བའི་སྐུ། །མ་ལུས་པ་རིལ་རང་བཞིན་ལྷུན་གྲུབ་པ། །སྐུ་མཆོག་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་བསྐུར་ཐབས་སྟོན་ཏོ། །ཐར་པ་མྱ་ངན་ལས་འདས་པའི་གསུང་དང་འཁོར་བ་ཡི། །སྒྲ་སྐད་རབ་འབྲིང་ཐ་མ་གསུམ་མ་ལུས་པ་ཡིས། །མ་ལུས་ལྷུན་གྲུབ་རྡོ་རྗེའི་གསུང་དུ་གྲོལ་བས། །གསུང་གི་ཕྱག་རྒྱ་ཆེན་པོའི་དབང་བསྐུར་བའི་ཐབས་བསྟན་ཏོ། །བདག་དང་གཞན་དུ་སྣང་བའི་དྲན་རྟོག་སྣ་ཚོགས་མ་ལུས་པ་རྡོ་རྗེའི་སེམས། །ཐུགས་ཀྱི་ཡེ་ཤེས་མཁའ་མཉམ་པ། །ལྷུན་གྲུབ་བདེ་བ་ཆེན་པོའི་ཐུགས་རྒྱན་གྱི་འཁོར་ལོའི་སྒོ་ནས་དབང་བསྐུར་བས་གྲོལ་ཐབས་བསྟན་པའོ། ༈ །ཇི་སྐད་བཤད་པའི་དབང་དེ་ནི་སྤྱི་བླུགས་ཡེ་ཤེས་རྒྱལ་བའི་དབང་ཞེས་བྱ་སྟེ། །དེ་ཐོབ་ཅིང་རྟོགས་ན་དུས་ཐམས་ཅད་དུ་རང་རིག་ཡེ་ཤེས་རྒྱུན་མི་འཆད་པ་ཡིན་ནོ། །དེ་དག་བདེ་བ་ཆེན་པོ་མ་བཅོས་པའི་དོན་དང་ནམ་ཡང་མི་འབྲལ་བས་གཟུངས་ཞེས་བྱའོ། །རང་ལུས་ལ་ཡེ་ཤེས་ཀྱི་རིན་པོ་ཆེ། །སྣང་སྲིད་མ་ལུས་པ་རིག་པའི་བདེ་བ་ཆེན་པོ་ཡོན་ཏན་ཚང་ཞིང་རྫོགས་པའི་ལྔའི་རྒྱས་བཏབ་པའོ། །རྣམ་པ་མ་ལུས་པའི་མཆོག་ཐམས་ཅད་དང་ལྡན་པའི། །ཡེ་ཤེས་སྟོང་པ་ཆེན་པོའི་གོ་ཆས་བར་ཆད་མི་འབྱུང་བར་བསྲུང་བའོ། །ཚངས་པའི་དབང་རྟོགས་ན་ཡེ་ཤེས་འཁྱིལ་པ་རྡོ་རྗེའི་བུམ་པའི་དབང་ཡིན་ཏེ། །བདེ་བ་ཆེན་པོའི་རོས་གང་བ་ཡིས། །རྣམ་རྟོག་མ་ལུས་དག་པར་འཁྲུད་པས་བུམ་ཆུ་ཡི་མཆོག་ཡིན། །དོན་དམ་ཚངས་པ་ཉིད་གང་གིས་ཀྱང་མི་རྟོགས་པས་གསང་བའི་ཡེ་ཤེས་དཀྱིལ་འཁོར་ཆེན་པོ་སྟེ་དེ་ལྟར་རྟོགས་པས་གསང་བའི་དབང་ཡིན་ནོ། །བདེ་བ་མ་ལུས་པ་ཐམས་ཅད་ཀྱང་དབང་འདིར་འདུས་པ་བཅུད་ཀྱི་བདག་ཉིད་ཡིན་པས། །གསལ་བའི་ཤེས་རབ་ཡེ་ཤེས་ཀྱི་དབང་ཡང་ཡིན་བདེ་ཆེན་པོ། །དེ་བས་ན་དབང་མ་ལུས་པ་ཐམས་ཅད་ཀུན་འདུས་པ་ནི་རིག་པའི་སྤྱི་བླུགས་ཀྱི་དབང་ཡིན། །རིག་པ་རང་བྱུང་གི་རྒྱལ་པོ་ཞེས་བྱ་བའི་མིང་གིས་མཚོན་པས་མིང་གི་དབང་ཐོབ་ཅིང་རྫོགས་པའོ། །དབང་འདི་དག་ཐམས་ཅད་ཀྱང་རྩོལ་བས་བསྐུར་བ་མིན་ཏེ་རང་བྱུང་རྟོགས་པའི་རྩལ་གྱིས་ཐོབ་པའོ། །དོན་དམ་ཚངས་པའི་དབང་ལ་བསྐུར་བས་ཐོབ་པའི་དབང་རྣམས་རྫོགས་པར་བསྟན་ནོ། །འདིར་བསྐུར་དུ་མེད་མེད་པ་ཅིས་ཤེ་ན། དབང་བསྐུར་བའི་འབྲས་བུ་རང་བྱུང་ཇི་བཞིན་པར་ཐུག་ལ་དེ་གཞན་ནས་འབྱུང་བ་མ་ཡིན་ཏེ། །འབྲས་བུ་ཐོབ་ཏུ་མེད་པའི་ཕྱིར་རོ། །དེས་ན་མ་ལུས་པ་རང་ལ་ཡོད་པ་མངོན་དུ་གསལ་བར་ཐོབ་བོ། །དངོས་པོ་མི་འགྱུར་བར་བསྟན་པས་རྟོགས་པ་མི་འགྱུར་བར་རྡོ་རྗེ་ཚངས་པའི་དབང་འཆར་ལ་དེ་རྟོགས་གོམས ། །ཀུན་རྫོགས་པས་བདེ་བ་ཆེན་པོར་ཐིམ་ཞེའོ། །ཧོ། དེ་བས་ན་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། །ཐུགས་ལ་བརྣག་པའི་ཞེ་ཕུགས་མན་ངག་གི་བཅུད་ཐོབ་བྱ་དེ་ཉིད། །དེ་ཐབས་ཁ༽ཆེན་འདིས་བསྟན་པ་ཡིན་པས་རང་ཀ༽ལ་རྫོགས་ལ། ༈ །ༀ་རིག་པ་ཡེ་ཤེས་ལྔར་བསྟན་པའི་བརྡ་སྟེ་སྐུའམ་ཡིན་ནོ། །སྣང་སྲིད་ལྷུན་ག༽གྲུབ་བདེ་ཆེན་མི་རྟོག་པ། །མ་བཅོས་དེ་ཉིད་བདེ་བའི་ཀློང་སྟེ། །ལྷུན་གྲུབ་གསུམ་དུ་གསལ་བས་རང་བྱུང་ཀློང་དུ་ཤར། །རང་བྱུང་གི་ཡེ་ཤེས་མཁའ་ཁྱབ་པ་ཉིད་རྩལ་གང་དུ་ཡང་། །མ་བཀག་རིག་པའི་མཁའ་ལ་རྫོགས། །རང་བྱུང་རིག་པ་བདེ་ཆེན་པོ། །ཡོན་ཏན་ལྷུན་གྲུབ་ཏུ་རྫོགས་པ་རིག་པའི་ཀློང་གདལ་བ། །སྤྲོས་མེད་ཀྱི་ཐིག་ལེ་ཆེན་པོར་ཉིད་ཆོས་ཐམས་ཅད་དུ་ཤར་བའོ། །ཧཱུྃ་ཐུགས་རྩ་བ་གཅིག་ཏུ་གསལ་བའོ། །མི་རྟོག་པའི་ཡེ་ཤེས་བྱང་ཆུབ་སེམས་སུ་ཆོས་མ་ལུས་པ་ཐམས་ཅད་གསལ་བས། །འཛིན་རྟོག་བྲལ་བའི་ཆགས་མེད་ཡུལ། །རང་རིག་ཅིར་ཡང་མི་རྟོག་པ། །ཡེ་ཤེས་རྒྱལ་པོ་མ་ལུས་པ་དེ་ལྟར་གསལ། །ཅིར་ཡང་མི་རྟོག་བདེ་བ་ཆེན་པོར་སྨིན། །ཡང་དེ་ཉིད་སྟོང་པ་ཆེན་པོ་ཕྱོགས་ཅིར་ཡང་མ་ཡིན་མི་རྟོག་དམིགས་སུ་མེད། །ཡི་གེ་རྣམ་རྟོག་སེམས་ཀྱི་རྒྱུ་བ་དུས་གཅིག་ཏུ་ཟད་དེ་བྲལ་བ། །ཡེ་ཤེས་རང་རིག་མ་ལུས་ཀུན་བྲལ་བའི་ཆོས་ཉིད་དུ་བསྟན་པའོ། །ཨ་མ་སྐྱེས་པའི་བརྡ། རང་རིག་རྣམ་པ་ཡེ་ཤེས་སྐུ། །བདེ་ཀློང་མངོན་དུ་གསལ་བའི་རིག་པ་སྟོང་ཉིད་ཀྱི་ཐིག་ལེ། །རང་རྒྱུད་པའི་ཕྱོགས་ཐམས་ཅད་དང་བྲལ་བས་རྟོག་མེད་ཐུན་མོང་མ་ཡིན་པའི་སྒྱུ་ཆེན་པོ་ཡེ་ཤེས་ཀྱི་རོལ་པ་འཆར་བ་སྟེ། །རྣམ་དག་སྒྱུ་མའི་ཡེ་ཤེས་ཀློང་། །རང་རིག་ཡེ་ཤེས་སྒྱུ་མའི་ངང་། །རང་བྱུང་སྒྱུ་མར་མངོན་སུམ་གསལ། །ལྷུན་གྲུབ་སྒྱུ་མ་མ་བཅོས་པ། །བདེ་ཆེན་སྒྱུ་མའི་རང་རིག་གསལ། །སྒྱུ་མ་དེ་ཡང་རང་གི་སེམས་ལྷུན་གྲུབ་ཆེ་བའི་ཡོན་ཏན་རིན་པོ་ཆེ། །རང་རིག་ནམ་མཁའི་མཐའ་དང་མཉམ་པར་ཁྱབ་པ་རྡོ་རྗེའི་སྐུ། །སྒྱུ་མའི་ཡེ་ཤེས་སྤྲུལ་པའི་ཚུལ། །གསལ་བས་ཀུན་གྱི་དོན་བྱེད་ནུས་པར་ཁམས་གསུམ་གྱི་གཟུགས་བརྙན་དུ་འཆར་བའོ། ༈ །མ་༢ཧཱ་ཆེན་པོ་དྷ་ཀྵེ་དག་པའི་གཤེད་པོ་ཨ་༡ ཏི་རྫོགས་པ་ཤིན་ཏུ་རྣལ་འབྱོར་གྱི་དོན་ཨ་བི་ཀྵ་ཨ་༣དོན་དེ་བསྟིམ་པའོ། །གོང་དུ་བསྟན་པའི་སྐུ་གསུང་ཐུགས་འབྲུ་གསུམ་སྟེ་བརྡ་དེ་དང་ལྡན་པས་བསྟན་པ་འཁོར་པའི་རེ་དོགས་ལས་སྐྱོབ་པས་སྔགས་དང་བཅས་ཤེའོ། །རྡོ་རྗེ་ནི་སྐྱེ་མེད་ཀྱི་དོན་ཏེ་སེམས་ཉིད་རིན་ཆེན་སྙིང་གི་སྦུབས་སུ་གཞུག་ཅིང་བཙལ་བའོ། །རྟོག་པའི་བར་ཆོད་ཀྱི་རླུང་ངམ་སྙིགས་མ་ཕྱིར་འཕྲོ་བའི་རླུང་དང་ཡང་བྲལ་བར་བྱ་སྟེ་བརྡ་ངག་དང་རིག་པ་སྐྱེ་མེད་དུ་ཐིམ་པས་རྒྱུ་བ་རང་ཆད་པའོ། །དབང་དེ་དག་ཀྱང་དུས་གང་དུ་བསྟན་ན་བཅོ་རིག་པ་འཆར་བ་དང་བྱིན་གྱིས་རློབས་པའི་དུས་ཡིན་པས་ལྔའི་ཐོ་རེངས་དུས་སུ་བསྟན། །ཚུལ་ཇི་ལྟར་སྒྲུབ་ན་སྔོན་འགྲོ་བཅོས་མ་དང་རྣལ་བའི་དབང་བསྐུར་བ་དེ་ཉམས་སུ་བླང་ཚུལ་གྱིས་འཕྲུལ་ཚིག་གོང་དུ་བཤད་པ་རྣམས་རིག་པའི་ངང་གིས་བསྡེབས་ལ་བསྟན་པའོ། ༈ །བརྡ་དོན་བྲལ་འདི་ཉིད་ལས། རྒྱལ་བུ་ཕྲུ་གུ་འཁྱམས་པ་ལྟར། །ཞེའོ། །བའི་རྒྱལ་བུ་བཞིན། །རྒྱལ་བུ་འཁྱམས་པ་དེ་ནོང་བུའི་ས་ནས་འཁོར་གྱིས་ཁྱོད་རྒྱལ་པོ་ཡིན་ཞེས་བརྡ་བཀྲོལ་ཏེ་འཁོར་སྐྱོངས་ཤིག་པར་དབང་བསྐུར་བའོ། །གསེར་དངུལ་ཟངས་ལྕགས་ཀྱི་འཁོར་ལོ་སྒྱུར་བ་བཞི་གླིང་བཞི་གསུམ་གཉིས་གཅིག་ལ་རིམ་པར་དབང་བྱེད་ཅིང་། །སྟོབས་བརྒྱད་ཀྱིས་གླིང་བཞི་འདུལ་ཞིང་དཔུང་བཞི་འཁོར་བས་ཀུན་གྱི་མཐུ་ཡི་བདག་པོར་གྱུར་པ་དབང་བསྐུར་བའོ། །དཔེ་དེ་བཞིན་དུ་དོན་སྐལ་ལྡན་རིགས་ཀྱི་བུ། །རིག་པ་རང་སྣང་ཡིན་པར་བརྡ་ཡིས་དོན་ལྷུན་གྲུབ་ཏུ་གྲོལ་བ་ཐོབ་ནས། །དོན་རང་བཞིན་མཚན་ཉིད་མ་བཅོས་པ་བརྡ་དོན་དབྲལ་བའི་རིམ་པར་བརྒྱུད་ནས་མངོན་སུམ་བསྟན་པའི་མན་ངག་སྦྱིན་ནོ། །ཁམས་གསུམ་མངོན་དུ་གསལ་བ་ཡི་ལྷུན་གྲུབ་སྐུ་གསུམ་དུ་སྣང་བས། །སྒྱུ་མའི་ཡེ་ཤེས་ལྷུན་གྲུབ་པ། །གཅིག་གྲོལ་བས་ཀུན་གྲོལ་བ་འཕྲུལ་གྱི་མན་ངག་གི་ཐབས་བསྟན་པར་བྱ་ཞིང་། །གང་ལའང་ཆགས་པ་མེད་པ་ནི་ཡེ་ཤེས་ཀྱི་ཀློང་སྟེ་དེ་ཉིད་དུ་བློ་གཞུག་གོ། །བླ་མའི་ཐབས་ཀྱིས་ཡེ་ཤེས་མངོན་སུམ་དུ་གསལ་ཏེ། །དུས་ནི་སྐད་ཅིག་དུས་མཐའ་ལྷུན་གྱིས་གྲུབ་ཅེས་བསྟན་ཏོ། །ཆོས་ཐམས་ཅད་རྩ་བ་ནས་མ་གྲུབ་པའི་དོན་ལ་ཅི་སྣང་ཅི་སྲིད་ནི་སྒྱུ་མ་དང་ཆུ་ཟླ་དང་སྨིག་རྒྱུ་ལྟར་ཉམས་ཐོབ་པས་ཉམ་ང་བ་མེད་པས་བདེ་བ་ཆེན་པོའི་ཀློང་དུ་གསལ་ལོ། །དེའི་ཉམས་ནི་མི་རྟོག་ཐབས་ཀྱི་ཡེ་ཤེས་འདི། །མ་བཅོས་རང་བྱུང་ཇི་བཞིན་ལ། །རྣམ་པའི་ཡེ་ཤེས་ཐབས་ཀྱིས་རོལ། །རྒྱལ་བའི་དགོངས་པ་ཀློང་བརྡོལ་བ། །རྣམ་པའི་ཡེ་ཤེས་བདེ་ཆེན་འདི། །མངོན་དུ་སྣང་ཡང་ཀུན་གྱིས་རྟོགས་པར་དཀའ་ལ་ཡུལ་མ་ཡིན་པས་མཐོང་བ་མེད་དོ། །རང་ལ་རྫོགས་ལ་གྲུབ་པ་མེད། །དབང་འདི་དང་བྲལ་ན་སྐྱོན་དང་ཉེས་པ་ནི་རྟོག་པའི་བདག །མཚན་མའི་མདུད་པ་གྲོལ་མི་འགྱུར་ཞེས་བསྟན། ༈ །དེས་ན་བདེ་བ་ཆེན་པོ་སྤྱོད་པའི་སྐལ་ལྡན་ནམ་དེའི་རིགས་ཅན་གང་ཡིན་པ་དེས། །རླུང་དང་གཡོ་བ་སྤྲད་པའི་ལམ་མཚོན་པའི་བདེ་བ་ཆེན་པོའི་རྒྱས་བཏབ་པ་ནི་གང་ལ་གང་གིས་བཏབ་པས་དེ་ཉིད་དེའི་ངོ་བོར་གསལ་བ་སྟེ་དེས་བསྐྱེད་པའི། །མི་རྟོག་པའི་ཡེ་ཤེས་སུ་ཐམས་ཅད་ལྷུན་གྱིས་གྲུབ་པའི། །བདེ་བ་ཆེན་པོར་རང་སྣང་བའི་རོལ་པས་བསྒྲུབ་པར་བྱ་ཞེས་སྤྱི་དོན་དུ་བསྟན་ཏོ། །གཡོ་བ་དང་མི་གཡོ་བ་ལས་གཡོ་བའི་རླུང་ངོ་། །དེ་དང་མཉམ་དུ་གནས་ཀྱང་རྟོག་པས་བསླད་པས་མི་གཡོ་བ་མི་མཐོང་བ་ཡི། །སྟོང་པ་དང་བདེ་བ་བར་མ་ཆད་པས་རྒྱུན་དང་བཅས་པར་གསལ་བའི་ཡེ་ཤེས་ཏེ། །དེ་ཉིད་བདེ་བ་ཆེན་པོའི་ངོ་བོ་ལས་མི་གཡོའི་ཀླུངས་སུ་དབབ་ཅེའོ། ༈ །དེ་ཡང་རླུང་གི་ཁྱད་པར་ནི་རླུང་ནི་རྣམ་པ་གཉིས་ཡིན་ཏེ། །དེ་ཉིད་གང་ཞེ་ན་རིག་པའི་སེམས་ཀྱི་རླུང་དང་བེམས་པོ་རྒྱུ་བའི་རླུང་། །བེམས་པོ་ལ་ནི་རྣམ་གསུམ་སྟེ། །སྲོག་འཛིན་པ་ནི་གནས་པ་དོན་གྱི་རླུང་སྟེ། སྙིང་གི་དྭངས་མའི་དྭངས་མ་ཨ་ཐུང་ལ་བརྟེན་ནས་མི་རྒྱུ་བ་སྲོག་དབང་དང་མཉམ་དུ་གནས་ཤེས་པའི་རྟེན་བྱེད་པ་ཉིད་དང་། །ཚེའི་དུས་བྱེད་ཙམ་ན་དྭངས་མ་དང་བཅས་ནས་རྒྱུ་བ་དེ་རྣམ་པར་ལུས་ཀྱི་གཟུངས་འཛིན་པར་བྱེད་ཅིང་དེར་བཅུད་དང་འདྲེས་པར་བྱེད་པ་ནི་དྭངས་མའི་རླུང་ཀུན་དྷར་ན་གནས་ཤིང་དལ་བར་རྒྱུ་བ་དང་། །སྙིགས་མ་ནི་ཕྱིར་རྒྱུ་ཞིང་ནང་དུ་འཇུག་ལུས་ཀྱི་དྭངས་སྙིགས་འབྱེད་ཅིང་འབྱུང་བའི་ལས་བྱེད་པ། །ལྟེ་བ་ནས་གྱེན་དུ་སྙིང་མགྲིན་དབང་པོ་ཀུན་རྒྱུ་བར་བྱེད། དེས་ཕྱེ་བའི་སྙིགས་མ་མཆིས་སྣབས་ལ་སོགས་པ་དང་། དྭངས་མ་དབང་པོར་གྱུར་ནས་མཐོང་བ་ལ་སོགས་པར་བྱེད་པ་དང་ལྟེ་བ་ནས་ཐུར་དུ་རྒྱུ་བའི་དྭངས་མས་བདེ་བ་སྐྱེད་སྙིགས་མ་གཤང་གཅི་ཁུ་བ་འབྱིན་པའོ། །རིག་པའི་རླུང་ཆོས་ཉིད་གསལ་ལ་རྟོག་པ་མེད་པས་གཅིག་ཡིན་ཏེ། །དེ་ལ་བརྟེན་པའི་བྱེ་བྲག་རྣམ་ཤེས་བརྒྱད་དམ་དྲན་རྟོག་དཔག་ཏུ་མེད་པ་ཉིད་དུ་སྣང་བའོ། །དྭངས་མའི་རླུང་ནི་འཕོ་བ་གཅིག་གིས་ཀུན་དྷར་མའི་ནང་དུ་རྒྱུའོ། །འཕེན་པ་གཅིག་ནི་རྩའི་ཕྱི་རོལ་དང་རླུང་ཕྱིར་རྒྱུའོ། ༈ །ཤེས་པ་རྟེན་པ་སྟེ་ཕྱི་ནང་གི་ལས་རླུང་ཟིན་པར་གྱུར་པའི་དུས་ན། །ཕྱིར་རྒྱུ་བའི་དྲན་རིག་ཀུན་ཀྱང་ནང་དུ་ཐིམ་པས་རིག་པ་ཟིན་པ་ཡིན། །རླུང་ཟིན་ཅིང་ཐིམ་པའི་ཐབས་ཀྱི་བྱིན་རླབས་རང་རྒྱུད་པའི་ཤེས་པ་འགགས་ནས་ཡེ་ཤེས་རང་འབར་སྐྱེ་བས་རྨད་པོ་ཆེ། །དྲན་རིག་བདེ་བ་ཆེན་པོའི་ཡེ་ཤེས་རང་སྣང་གི་རོལ་པའི་སྐུ་རུ་སྣང་ངོ་། །རང་སྣང་ལ་འབད་རྩོལ་དང་བྲལ་བའི་བདེ་ཆེན་ལས། །ལྷུན་གྲུབ་ཀྱི་ཐབས་ཏེ་དེ་ལ་མ་ཡེངས་པར་བརྟེན་ནས་འགྲུབ། །པའི་ཡེ་ཤེས་རང་རིག་དེ་ཕྱོགས་འཛིན་ལས་འཕགས་པས་ཆེན་པོ་ཆེ། །དེ་རྟོགས་ན་ངང་གིས་མི་ལྡོག་པ་ནི་ཐབས་ཀྱི་མཆོག་གོ། ༈ །སྐལ་ལྡན་ཚེ་འདི་ཉིད་ལ་ཡེ་ཤེས་རྒྱལ་པོ་ཐོབ་པར་འདོད་པ་དེས། །ཟླ་ཕྱེད་དམ་ཉིན་མཚན་གཅིག་གི་བར་ལས་འཕོ་བ་བརྩིས་པའི་ཐུན་མཚམས་ཐུང་ངུ་བཅུ་གཉིས་ཀྱིས། །བཅད་ལ་བསྒོམས་ལ་བརྩོན་པས་དང་དུ་བླངས་ན་ཡེ་ཤེས་རིག་པ་བརྟན་པའི་ཕུར་པ་ཐེབས། །རྟོག་པ་གཞོམ་སྟེ་ཞི་པའི་རླུང་དང་བྲལ་བ་ཉིད་ཀྱིས་རང་ལོག་པར་འགྱུར་རོ། །འདོད་པ་ལྔ་ལ་དམིགས་པའི་ཡུལ་ཐམས་ཅད་དང་བྲལ། །བདེ་བ་མཐར་ཕྱིན་པའི་དུས་ཀྱི་ཐུན་མཚམས་ནི་ཉིན་མཚན་གཅིག་གིས་ཀྱང་འགྲུབ་ཏུ་རུང་། །བདེ་བའི་ཡེ་ཤེས་འཕྲོ་འདུ་མེད་པས་ཐིག་ལེའི་དངོས་གྲུབ་ཟག་མེད་ཐོབ་པར་འགྱུར། །སྣང་སྲིད་བདེ་བ་ཆེན་པོར་ཇི་ལྟར་བསྒྱུར་བའང་འཐོབ། །ཐབས་འདི་ནི་ཐར་པའི་བདེ་གཞན་ལས་འཕགས་པས་ལམ་མཆོག་སྟེ། །རྒྱུ་ཉིད་འབྲས་བུར་ངེས་པས་རྒྱུ་འབྲས་རིམ་པ་མེད་པའི་མཐར་ཕྱིན་ཡིན་ནོ། ༈ །དང་པོ་རླུང་ལ་བསླབ་པ་ནི་ཕྱི་ནང་དུ་རྒྱུ་བ་རགས་པའི་རླུང་འདི་ཉིད་ཐབས་ཀྱིས་བཟུང་སྟེ། །ཉིན་མོ་དང་མཚན་གྱི་དུས་གཉིས་ལ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་འབྱུང་བཞིའི་རླུང་སྟེ་གཡས་གཡོན་གཉིས་ཀ་ནས་རྒྱུ་བའི་གྲངས་ཀྱང་དབྱེའོ། །འཕོ་བའི་ཐུན་མཚམས་བཅུ་གཉིས་ཡིན་ཏེ། །དྭངས་མའི་བདེ་བ་ཆོས་ཉིད་ཀྱི་རླུང་ཀུན་དྷར་འཕོ་བ་ནི་རྒྱུ་བ་ལན་གཅིག་ཡིན་ཏེ། །རྣམ་རྟོག་འཁོར་བའི་རླུང་སྙིགས་མ་བཅུ་གཅིག་ཕལ་ཆེར་འཚོ་བར་རྒྱུ། འཕོ་བ་ཡིན་ཏེ་བཅུ་གཉིས་སོ། །སྙིགས་མ་དེ་ཐབས་ཀྱིས་དྭངས་མ་ཀུནྡྷ་མའི་འཕོ་བར་ཐིམ་ཞིང་ཕྱིར་མི་སྤྲོ་པར་བྱ། །རླུང་དེ་ནི་བསྒོམ་པའི་རིམ་པ་འདི་ཡིན་ཏེ། །ཡེ་ཤེས་ཉིད་མཚོན་པས་གཞའ་ཚོན་ལྟ་བུའི་དབྱིབས་རེང་བུའམ་གོང་བུ་འོད་སྣ་ལྔས་འཁྲིགས་པའོ། །རང་རིག་བདེ་བ་ཆེན་པོའི་ཡེ་ཤེས་རྩ་མདུད་རླུང་དང་བདེ་བས་བཀྲོལ་ཏེ་རླུང་དང་བདེ་བའི་དྭངས་མ་རྒྱས་པ་དེས། །ཁམས་གསུམ་མ་ལུས་ཡེ་ཤེས་ཆེན་པོའི་སྐུ། །ར་འགྱུར་བའི་ཕྱིར་དང་དུ་བླང་། མི་གཡོ་བ་ཡེ་ཤེས་ཀྱི་རྟགས་ཐིག་ལེ་ཁ་དོག་ལྔ་པ་ནོར་བུའམ་སྲན་མ་ལྟ་བུ་དགུའི་རྒྱུ་བར་བྱས་ཏེ་ནང་དུ་ཐིམ་ན་འཇའ་ཡལ་བ་ལྟར་སྟོང་ཕྱིར་རྒྱུ་ན་ཚོན་སྐུད་འཇའ་བརྐྱང་བ་ལྟར་བསམ་མོ། །ནང་དུ་བརྡུབས་པས་རྐྱལ་པ་བུས་པ་ལྟར། །ཕྱིར་སྤྲོས་པས་དེ་ཉིད་གཤོབས་པ་ལྟར། །ཡེ་ཤེས་ཀྱི་རླུང་གིས་དྲན་རྟོག་དང་རླུང་སྟོང་པར་བྱའོ། །ཨ་ནི་རླུང་སྟོང་པར་ཐིམ་པའོ། །མགྲིན་པའི་པད་འདས་ནས་ལྡང་གི་བར། །ཀུན་དྷར་མར་ཞུགས་ནས་གཡོ་མེད་ཆོས་ཉིད་རང་བྱུང་མི་ཤིག་པའི་ཐིག་ལེར་ཐིམ་པར་གཟུང་བར་བྱ། །རླུང་ཟིན་པ་དེ་ནས་རླུང་དང་བདེ་བར་འདྲེས་པ་ཐིག་ལེས་གང་བའི་རྟགས་འབྱུང་སྟེ། །འདུ་བ་བཞི་དང་བྲལ་ཞིང་ཁམས་སྙོམས་རང་ལུས་བདེ་བས་གང་ཞིང་རྒྱས་པ་དང་། །ཉམས་ཟག་པ་དང་ལྕི་བ་དང་བྲལ་ནས་ལུས་ཡང་བས་མཁའ་ལ་འདུག་པའོ། །ལུས་ལ་ཚོར་བ་ཐམས་ཅད་བདེ་བ་ཆེན་པོར་སྐྱེ། །དྲན་རྟོག་གི་རྒྱུ་བ་ཐམས་ཅད་ཡེ་ཤེས་སུ་གསལ་ཞིང་བྱེ་བྲག་མ་ནོར་བར་ཤེས་པའོ། ༈ །རགས་པ་དེ་ལས་སུ་རུང་ནས་བདེ་བ་འཕོ་བ་ཡི། །ཕྲ་བའི་ཡེ་ཤེས་རླུང་ལ་འཇུག་ལ་བསླབ་པར་བྱ་སྟེ། །འདིར་ཕྲ་བའམ་དལ་བའི་རླུང་ཅིག་འབྱུང་བ་དེ་ཉིད་ནང་དུ་བསྲིང་བ་དང་བརྟག་པའི་ཐབས་ཀྱིས་ཡེ་ཤེས་གནས་པ་དགུག་པའོ། །དཔེར་ན་རགས་པ་སྨད་ནས་གྱེན་དུ་རྒྱུ་བའི་རླུང་། །དེ་ཡང་རིག་བྱ་དང་བཅས་པར་རྩ་ཀུན་དྷར་མ་ཆ་ཕྲ་བའི་རླུང་སྔར་རྒྱུ་བ་བཞིན་དུ་དལ་བར། །གསང་བའི་པདྨ་ནི་ལྟེ་བ་ཉིད་དེ་དེ་ནས་ཀུན་དྷར་མར་ཞུགས་ནས་ཐིག་ལེ་སྙིང་པོ་ལ་ཐིམ་པར་བྱའོ། །གྱེན་རྒྱུའི་རླུང་ཕྱིར་འཕྲོ་བ་ནི་ན་ས་སྣ་སྟེ་འདུས་པའི་ལྟེ་བ་སྣ་རྩེ་ལ། སྣ་སྒོར་ཐིག་ལེ་ཤིན་ཏུ་ཕྲ་བ་ཉུངས་འབྲུ་ཙམ་དལ་ཞིང་འཇམ་པས་དལ་བ་དེ་ཉིད་རིག་པ་མི་གཡོ་བ་ཡི། །རང་བྱུང་ཡེ་ཤེས་རླུང་གིས་ནི་ལྷུན་གྲུབ་ངོ་བོ་སྐྱེད་པའི་ཕྱིར། །རླུང་དང་ཐིག་ལེར་བཅས་པ་བདེ་བ་ཆེན་པོའི་ཀུན་དྷར་མར་འཇུག་ཅིང་རྒྱུ་བ་བྱ། །རླུང་གི་ཐུན་ཉིན་མཚན་གྱི་ཕྱེད་ཕྱེད་ཀྱི་བར་དག་ཏུ། །སྟོབས་ཀྱིས་མི་འཕོ་བར་ཐབས་དང་ཏིང་ངེའི་སྟོབས་ཀྱིས་བསྡམ་བར་ནུས་འགྱུར་ན། ༈ །ཡུན་ཇེ་རིང་ཇེ་རིང་དེ་ནས་རྒྱུ་བ་མེད་པར་བསླབ། །སྟེ་དེའི་ཐབས་ནི་ལུས་བསྲང་ལུས་སེམས་བདེ་བའི་བག་ཡངས་ཀྱིས་འདུག་ལ། །ལྕེ་རྩེ་ལ་ༀ་དང་རྐན་ལ་ཧཱུྃ་དུ་བསམས་ལ་དེ་གཉིས་མཚམས་སྦྱར་བར་བྱ་སྟེ། །གསང་བའི་ལྟེ་བར་ནི་ལྟེ་བའི་ནང་བུམ་པ་ལྟ་བུ་ལ་ཏིང་ངེས་དམིགས་པར་བྱས་ཏེ། །དབུགས་ནང་དུ་རྔུབ་པ་དང་ཕྱིར་འབྱུང་བ་ཡུན་རིང་དུ་བཞག་པ་དང་མ་ཐུབ་ནའང་རིམ་གྱིས་མགྲིན་པར། དེ་མ་ཐུབ་ན་སྣའི་ནང་དུ། སྣ་རྩེར་གཟུང་བར་བྱ་ཏེ། །དེས་ཀྱང་མ་ཐུབ་ན་དལ་བར་ཕྱིར་གཏང་བར་བྱའོ། །བྷ་ག་བདེ་བ་རྒྱས་པར་དེ་ནས་ཕྱི་མ་ལ་ཡང་དེ་བཞིན་དུ་གཟུང་བར་བྱའོ། །ལུས་གཟུངས་ནི་རླུང་ཕྱི་ནང་དུ་རྒྱུ་བ་ཅན་ནོ། །དབུགས་དང་བཅུད་དུ་བསྲེ་བ་གོང་དུ་བཤད་ཟིན་འདྲེས། །བཟུང་བས་ཟིན་ཏེ་ལས་སུ་རུང་ན་དེ་ལ་མཐུན་པའི་རྟགས་འབྱུང་སྟེ། །ཇི་ལྟར་རྒྱུ་བ་དལ་བའི་རེག་པས་བདེ་བ་སྐྱེད་དེ་དེས་ལུས་ཀྱི་ཟུངས་རྒྱས་པར་གྱུར་ཏེ། །དེ་ལུས་དང་སྤྱོད་ཡུལ་མ་ལུས་པ་བདེ་བ་ཆེན་པོའི་ཡེ་ཤེས་སུ་སྐྱེའོ། །དེ་ནས་ན་ས་སྣའི་སྒོ་ན་རྒྱུ་བ་དང་མིག་དང་རྣ་བའི་དབང་པོའི་ལམ་ནས་རྒྱུ་བ་ན་བ་སྤུ་བུ་ག་ནས་རྒྱུ་བ་ལ་བསླབ་བོ། །དེ་ཉིད་གང་དུ་ཡང་གཏང་ནུས་པ་ནི་རླུང་ཀུན་དུ་སྤྲོ་ནུས་པ་ནང་དུ་འཇུག་པའོ། །ལོ་ཟླ་བ། ཟླ་ཕྱེད་དུ་ནང་དུ་མ་བསྡམས་ཀྱང་འདུ་བ་ལྡང་མེད་ཅིང་ཁམས་ལ་མི་གནོད་པར། །འཕོ་བ་མེད་པའི་དགག་པའང་འགྲུབ། །ཅེས་བྱ་བར་ངེས་སོ། །རླུང་དང་ཐིག་ལེ་ཆེན་པོ་ལས་བྱུང་བའི་བཅུད་ཀྱིས་ལུས་ཀྱི་དབང་པོའི་སྒོའི་ལམ་ནས་དྲངས་ཀྱང་འདྲོངས་ལ་དེ་དག་ཀྱང་རང་རིག་པའི་ངང་ཏུ། །ཡེ་ཤེས་ཆེན་པོ་རུ་འདྲེས་ནས་བདེ་བ་འབར་བར་འགྱུར་རོ། །དེ་ལྟར་དེ་ཉིད་ནུས་པ་བརྟན་པའི་སྟོབས་ཀྱིས་ཐིག་ལེ་མ་ལུས་འདྲེན། །ཡུལ་སེམས་ཀུན་རླུང་དང་ཐིག་ལེར་ཐིམ་པ་ལ་བསྐལ་པ་དུ་མའི་ཡུན་དུ་དབུགས་གནས་པ་དང་དེ་ལྟར་ནང་དུ་སྡུད། །ཀྱང་སྣང་བ་དང་རླུང་དུ་འདྲེས། རླུང་བདེ་བའི་ཐིག་ལེར་འདྲེས་དེ་ནི་རིག་པ་སྐྱེ་མེད་དུ་འདྲེས་པས་བདག་གི་ལུས་དང་ཁམས་ལ་གནོད་པ་མེད་པར་བསྡམ་པའང་འགྲུབ་བོ། །རླུང་སྒོམ་པ་འདི་ནི་ཐབས་ཆེན་གསང་བའི་ལམ། །བདེ་བ་ཆེན་པོས་རྒྱས་འདེབས་པས། །རོལ་པའི་ཀླུངས་སུ་ཕེབས་པ་ཡིན། ༈ །ཐུན་མོང་གི་རླུང་ལས་སུ་རུང་བ་དེ་ནས་ཕྱིའི་བདེ་བའི་རིག་པའི་རླུང་གསུམ་དབྱེར་མེད་པའི་བདག་ཉིད་ཀྱང་ལུས་ཀྱི་རྩོལ་བའི་རྒྱུ་རྐྱེན་བྲལ་བས་རང་བྱུང་གི། །བདེ་བ་ཆེན་པོར་རང་སྣང་ཡང་གཞན་དུ་མ་སྤྲོས་པ་ཉིད་འི་ཐིག་ལེར་གསལ། །ཇི་སྙེད་པའི་ཆོས་སེམས་ཉིད་དུ་འདུས་ཏེ་དེའི་རང་གི་མཚན་ཉིད་མ་བཅོས་པའི་ཆོས་ཉིད་དེ། །དེ་ནི་བདེ་བ་ལ་ཕྱོགས་རིས་མེད་པའི་འོད་ཀྱིས་རང་ལུས་གསལ། །བས་བསྒོམ་ཞིང་བསྒྲུབ་ཏུ་མེད་དེ་རང་བྱུང་གི་ཡེ་ཤེས་བདེ་བའི་ཕུར་པ་ཐེབས་པས་དུས་གསུམ་དུ་འགྱུར་བ་མེད་དོ། །དེའི་ཡོན་ཏན་འབྲས་བུ་ཕྱོགས་བཅུ་མ་ལུས་ཐམས་ཅད་ཀུན། །ཡེ་ཤེས་ཆེན་པོའི་འོད་ཀྱིས་ཁྱབ། །ཡེ་ཤེས་སྐུ་ཡི་འོད་ལ་བཞུགས། །རང་བྱུང་གསུང་གི་གཟེར་ལ་རོལ། །ལྷུན་གྲུབ་བདེ་བ་ཆེན་པོའི་ཐུགས། །མི་འགྱུར་ཡེ་ཤེས་ཀླུངས་སུ་བབས། །དེ་ནས་བདེ་ཆེན་འཁོར་ལོ་བསྐོར། །རང་བྱུང་ཡེ་ཤེས་རྣལ་མའི་ལུས། །རང་གི་མཚན་ཉིད་མ་བཅོས་པ། །བདེ་བ་མངོན་སུམ་ཐིག་ལེར་ཤར། །བདེ་བ་ཆེན་པོ་རང་ཉིད་གྲུབ། །མ་བཙལ་རྫོགས་པའི་ཡེ་ཤེས་སྐུ། །དེ་བས་ན་ཆེ་བའི་ཡོན་ཏན་རྒྱ་མཚོ་དང་རླབས་ལྟར་རྫོགས་པས་འབད་རྩོལ་མེད་པར་གནས་པ། དེ་ལྟར་འགྱུར་བ་མེད་པ་ལ་བསྒོམ་དུ་མེད་ཀྱང་མ་ཡེངས་པའི་ཉམས་བཀྲ་གསལ་བདེ་བ་ཆེན་པོའི་གཟུགས། །རང་རིག་སྒྱུ་མ་ཡེ་ཤེས་གསལ། །ཆགས་མེད་ཅིར་ཡང་མི་རྟོག་པ། །ཐམས་ཅད་རང་བྱུང་ཡེ་ཤེས་སྐུ། །འགྱུར་མེད་མ་བཀག་ཀློང་དུ་ཤར། ༈ །ལས་དང་པོ་པས་རང་གང་འཐད་པའི་དོན་དེ་ཉིད་དང་མཐུན་པའི་ཡུལ་གཅིག་ལ། །སེམས་རྩེ་གཅིག་པའི་དམིགས་པ་ཐོབ་པར་བསྒོམ་པར་བྱ། །སྟེ་གང་ལ་གོམས་ཤིང་ལས་སུ་རུང་བ་དེ་བཞིན་དུ་དངོས་པོ་མ་ལུས་པ་ལ། །མ་ཡེངས་པའི་དྲན་པའི་ཐག་པས་གདགས་བྱས་ཏེ་ཞེའོ། །དེ་ནས་རིམ་པ་ནས་རིམ་པར་འཕར་བའི་མན་ངག་རང་བྱུང་བདེན་པའི་ལུང་ཕོག་སྟེ། །སྤྱོད་ཡུལ་ཞི་བའི་ཕྱག་རྒྱས་གདབ། །གང་འདོད་དེ་ཡི་ལུང་གསལ་བྱ། ༈ །ལས་དང་པོ་པའི་གང་ཟག་གང་ཞིག་ཉོན་མོངས་པ་ལྔ་དང་དབང་པོ་ཆེ་འབྲིང་གང་དང་ལྡན་པར་གྱུར་པ་ཡིས་བསྟན་ཏེ། །གང་ཟག་དེ་ལ་ཡང་དེ་དང་མཐུན་པའི་དེས་བསྟན་ན་འབྲས་བུ་འགྲུབ་ཅིང་སྨིན་པར་འགྱུར་བའང་། །དེ་ཉིད་དང་མཐུན་པས་དེ་ཡི་ཕྱག་རྒྱ་ཅན། །གང་ཟག་དེ་ནི་མཐུན་པའི་ཐབས་དེ་མེད་ན་གྲོལ་བར་མི་འགྱུར། །ཐབས་གང་གིས་བསྟན་པ་འདི་ནི་རིག་པ་དེ་ཡི་ཐབས་ཆེན་ཡིན་ཏེ། །དཔེར་ན་པདྨ་ཅན་གྱི་གསེར་གླིང་ན་གནས་པའི་སྲིན་མོ་པདྨ་ཅན། འབར་བ་མོ། གསེར་འོད་ཅན། འོད་ལྡན་མ་ལ་སོགས་པའམ་ངམ། །ཤ་ཟའི་གླིང་ཤ་ཟ་མོ་དུར་ལོང་འཁྲིགས་པ་ཅན་ཡོད་དེའི་གཟུགས་བརྙན་མཐོང་ཡང་འགྲོ་བ་ཕལ་པ་སྐྲག་ཅིང་འབྲོས་པར་འགྱུར་ཞིང་བརྒྱལ་བར་འགྱུར་ལ་ཕྱིས་དེའི་རྣམ་པ་དྲན་པས་ཀྱང་སྡུག་བསྔལ་དྲག་པོ་སྐྱེའོ། །དེ་བཞིན་དུ་དགའ་བའི་གླིང་༼༠༽དུ་ཕྱིན་ཏེ་དང་འཁྲུག་པའི་གླིང་༠༽དུ་ཕྱིན་ཏེ། །གནས་པས་ཡིད་བདེ་བ་༼༠༽དང་ཞེ་སྡང་༠༽སྐྱེ་བ་ལྟར། །འགྲོ་བ་སེམས་ཅན་ལས་དང་པོ་པའི་སྐལ་ལྡན་ལ་ཐབས་གང་གིས་བསྟན་པ་དེ་ལྟར་སྨིན་པར་འགྱུར་བར་བྱའོ་ཞེས་གདམས་པའོ། །དྲུག་གམ་ཐུན་མཚམས་བཅུ་གཉིས་གང་འཚམ་པར་སུ། །ཐབས་དང་མན་ངག་ཐོབ་ནས་འབད་པའི་རྩོལ་བས་སྒྲུབ་པར་བྱའོ། ༈ །དེ་ལྟར་བསྒྲུབས་པ་དེ་ནས་རང་བྱུང་བདེ་འདི་དག་ནི་སྙིང་པོ་དེ་ཁོ་ནའི་དོན་རྟོགས་པ་ལ་གོ་སླ་བས་བཤད་པ་མ་བྱས་སོ། །ཞེས་པའོ། །ཆེན་དེས། །སྤྱོད་ཡུལ་ཐམས་ཅད་མཎྜ་ལ། །ཐམས་ཅད་ཡེ་ཤེས་རྣམ་པར་གསལ། །ཁྱབ་གདལ་ཆེན་པོའི་ངང་ལ་རྫོགས། །ཡེ་ཤེས་རིག་པའི་ཀློང་དུ་ཆུབ། །མཁའ་ལྟར་ཁྱབ་པས་མུ་མཐའ་མེད། །སྐྱེ་འགྲོ་རྡོ་རྗེའི་ས་རུ་ཆུབ། །མ་བཅོས་ཐིག་ལེ་མངོན་སངས་རྒྱས། །རང་བྱུང་སྙིང་པོ་རྡོ་རྗེའི་སྐུ། །ཡོན་ཏན་ལྷུན་གྲུབ་རྡོ་རྗེའི་རྒྱན། །བཀོད་པ་མེད་པར་རང་ལ་རྫོགས། །ཁམས་གསུམ་བདེ་བའི་ལོངས་སྤྱོད་ཞིང་། །རིན་ཆེན་ལྷུན་གྲུབ་བྱང་ཆུབ་ཞིང་། །རྒྱལ་བའི་དགོངས་པ་སེམས་ཀྱི་གཏེར། །མ་ལུས་འདུས་པའི་ཐིག་ལེ་ཅན། །བདག་ཉིད་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་རྒྱལ་པོ་ཀུན་གྱི་མེས། །ཐམས་ཅད་རྫོགས་པའི་བདེ་ཆེན་པོ། །ལོག་རྟོགས་སེམས་ཀྱི་རྣམ་གྲངས་དང་། །རྣམ་བརྟགས་དངོས་པོ་ཐ་དད་པ། །ལྷུན་གྲུབ་བདེ་བའི་ཀློང་ན་གསལ། །མ་འདྲེས་གསལ་བའི་བདེ་ཆེན་པོ། །གང་སྔ་མ་སྣང་བའི་དྲན་རྟོག་ཉོན་མོངས་པ་ཐམས་ཅད་དེ་དང་གང་ད་ལྟར་གི་གང་མ་འོངས་པའི་ཆོས་རྣམས་ནི། །ཡུལ་དེ་དང་ཤེས་པ་དེ་ཉིད་གཉིས་ཀའི་ངོ་བོ་དེ་རིག་པ་ཕྱོགས་རིས་མེད་པ་དེ་རུ། །ཐུན་མོང་གི་སྤང་བྱའི་ཆོས་དེ་ཉིད་གང་ཟག་དབང་པོ་ཡང་རབ་དེ་ལ་ཇི་སྙེད་པའི་ཆོས་དེ་དེར་སྣང་། །ཆོས་ཉིད་མ་བཅོས་དེ་ཉིད་ལ་གདོད་ནས་དྲན་རྟོག་དང་རིག་པ་དེ་སྣང་བའི་དུས་དེ་ན་མ་བཅོས་པའི་དེ་བཞིན་ཉིད་དེ་ཡི་རང་བཞིན་པས། །དེ་ཁོ་ན་ཉིད་རྟོགས་པའི་གང་ཟག་དེ་ལ་ནི་ཆོས་ཐམས་ཅད་མ་བཙལ་བར་ལྷུན་གྱིས་གྲུབ་པའོ། །ཕྱོགས་འཛིན་མ་ལུས་པ་ཐམས་ཅད་རྣམ་པར་དག་པ་མངོན་སུམ་དུ་གསལ་པའི། །རིག་པ་རང་བྱུང་གི་ཡེ་ཤེས་ལ་འདོད་པ་རྫོགས་པས། །མཚོན་ཏེ་རླུང་ལ་གོམས་ནས། ༈ དང་པོའི་ཐུན་མཚམས་ལོ་གཅིག་ཟླ་བ་བཅུ་གཉིས་སམ། །གདོན་མི་ཟ་བར་ཟླ་བ་བཅུ་ཡིས་འགྲུབ། །ཟླ་༡བ་ལ་ཟླ་ཕྱེད་༼༠༽ལ་ཟླ་བ་ལྔ་ཡི་ཞག །རྣམ་༡པ་མཚན་༼༠༽ཉིད་དེས་བརྩིས་པ་འདོད་རྣམས་ལ། །རྒྱུ་དང་བྲལ་བའི་རིག་པ་ནམ་མཁའ་དང་མཉམ་པ་མངོན་སུམ་པར་གསལ་པའོ། །བདེ་བ་ཆེན་པོ་ལ་བསླབ་ཚུལ་ནི་རིམ་གྱིས་ཅིག་ཅར་གོམས་པར་བྱ། ༈ །སྤོང་ལེན་འཛིན་རྟོག་རེ་དོགས་དང་། །བག་མེད་གཙང་སྨེ་ལོག་སྲེད་པ། །གྲུབ་མཐའ་ལོག་རྟོག་འདོད་རྩོལ་དང་། །གྲགས་པའི་ཐ་སྙད་གཡོ་འཕན་པ། །རང་བྱུང་རྟོགས་པའི་རྒྱལ་པོས་ཐོགས་མེད་པར། །སྤྱོད་པ་རྒྱ་མཚོ་གང་ཡང་མ་སྤངས་པར་ཅི་བདེར་སྤྱོད། །གང་ལྟར་སྤྱོད་ཀྱང་རྫོགས་ལོངས་སྤྱོད། །ལུས་ངག་བྱ་བ་སྒོ་གསུམ་གྱི་སྤྱོད་པ་མ་ལུས་པ། །རང་གི་ནུས་པ་ལུས་དང་གདུལ་བྱ་བློ་ངོ་གང་ལ་དགའ་བ་ཡི་རིམ་པ་ལྟར། །ཉམས་པར་མི་འགྱུར་ཐབས་ཀྱིས་སྤྱད། །རང་བྱུང་སྤྱོད་པའི་རྒྱལ་པོར་བྱ། །ཁྱུང་ཆེན་ནམ་མཁར་འཕུར་བ་བཞིན། །ཐབས་ཀྱིས་ཟིན་ནས་གོམས་ན་ལུས་གང་ལ་ཡང་ཆགས་མེད་ཉམ་ངའི་སེམས་མེད་ཅིང་། །གནས་མེད་གནས་ལ་གནས་པར་བྱ། །རིག་པ་རང་བྱུང་མཁའ་ལྟར་ཁྱབ་པར་འགྱུར་བས། །སྐྱེ་མེད་ལུས་ནི་རྡོ་རྗེའི་སྐུ། །བདེ་བའི་ཐབས་ནི་བསྒྲུབ་པར་བྱ་ཞེས་གདམས་པའོ། ༈ །བེམས་པོའི་རླུང་ཉིད་ལུང་བསྟན་ན། །སྙིགས་མའི་རླུང་བསྡུས་ནས་དྭངས་མའི་རླུང་རྩ་ཀུན་དྷར་ན་གནས་པ་ལ་བསྟིམ། དྭངས་མའི་རླུང་དེ་ཉིད། །ལུས་ཟུངས་ཀྱི་རླུང་སྟེ་སྲོག་མི་ཤིགས་པའི་ཐིག་ལེ་ལ་གཏིམ་པར་བྱ། །དེ་ལྟར་སྙིགས་མ་དང་དྭངས་མའི་ལུས་ཟུངས་དང་དྭངས་མ་ལྔའི་བདེ་བའི་བཅུད་དུ་འདྲེས་ནས་མི་གཡོ་བ་ཆོས་ཉིད་ཀྱི་རླུང་། །སྙིང་གི་སྲོག་མི་ཤིགས་པའི་ཐིག་ལེ་ལས་མི་གཡོ་བའི་རླུང་དང་གཅིག་ཏུ་འགྱུར་ནས་ཕྱིར་མི་རྒྱུ་བར་སྟོང་པར་དྭངས། །འདུ་བ་བཞི་དང་བྲལ་ཟ་བའི་ཁམ་དང་བྲལ་གྱུར་ནས་འཆི་མེད་རྡོ་རྗེའི་ལུས་སུ་འགྱུར་རོ། །བསླབ་པའི་རིམ་པ་ཐུན་མོང་བདུད་རྩི་ལྔའི་ཆོ་གའི་སྦྱོར་བས་རླུང་གཅད་ཅིང་བདེ་བ་སྐྱེད་པ་དང་འོ་མ་ཀ་ར་ཉེ་ཤིང་ལ་སོགས་པའི་ཟས་ལ་རྟེན་ཏེ་ཟས་དང་རླུང་དུ་བཅས་པ་ཇེ་ཕྲ་ལ་བསླབ་བོ། །སྙིང་ལ་གནས་པའི་ཐིག་ལེ་འཁྱིལ་པ་དང་མངོན་ཤེས་རིག་པའི་སྒོ་ཕྱེ་ནས། །སྲོག་གཟུངས་ཀྱི་རླུང་དང་འབྲེལ་པ་ནང་ན་གནས་ཤིང་རྒྱུ་བ་ལ་ཐིམ་ནས་བཅུ་དང་འདྲེས་པར་གྱུར་ཏེ་བཅུད་དེས་ལུས་སྤྱིར་རྒྱས་ཤིང་ཁྱབ་པར་གྱུར་ཏེ། །རིན་ཆེན་རྫིང་ནི་ལྟེ་བའི་འོག་སོར་བཞིའོ། །དེའི་འོག་གི་ངན་རྒྱུའི་ལམ་སྟེ་རྒྱུ་ཞིང་འཇུག་པས་ལམ་མོ། །བུ་ག་བཤང་གཅི་གཉིས་ཀྱི་སྒོ་ཡན་ཆད་དུའོ། །རྡོ་རྗེ་ནི་སྟོང་པ་བདེ་བའི་ཐིག་ལེ་ཏིལ་འབྲུའི་གཟུགས་སུ་དབྱེར་མེད་པར་འདྲེས་པས་འཁྱིལ་པའོ། །ཡེ་ཤེས་རིག་པ་རླུང་གནས་པ་རྒྱུ་བ་དང་ཁུ་བ་ཀུན་དྷ་ཁྲག་ཉི་མའོ། །དེ་རྣམས་ཀྱི་བཅུད་ནི་དྭངས་མ་འཁྱིལ་པ་བདེ་བའི་བཅུད། །ཡོངས་སུ་འཁྱིལ་ཏེ་འདྲེས་ནས་རང་གི་ཉམས་བདེ་བ་ཆེན་པོས་གང་ནས་རང་འབར་བའི་གཟུགས་སོ། །དེ་ཉིད་པས་ན་སྙིགས་མ་བྲལ་བ་དང་རྒྱུ་བ་ཆད་པ་དང་ཟག་པ་བཞི་ཟད་པ་དང་མི་འཆི་བ་ཐོབ་པ་དུས་གཅིག་གོ། །ནས་ཟག་པ་མེད་པའི་སྟོབས་དང་ལྡན་པའོ། །དེ་ཡན་ཆད་ཁམས་ཀྱི་ཟས་ལ་མི་རྟེན་པས་རང་བྱུང་བདེ་བ་ཆེན་པོའི་ཟས། །འཆི་བ་མེད་པའི་མི་འགྱུར་བདེ་བ་ལྷུན་གྲུབ་ཆེ། །ཐོབ་ནས་རང་བྱུང་ལྷུན་གྲུབ་སངས་རྒྱས་ཉིད་ཏུ། །དུས་སྐད་ཅིག་དེ་ལ་མྱུར་དུ་བསྒྲུབ་པར་བྱའོ། །འདི་ནི་འགྲུབ་པའི་དུས་རབ་འབྲིང་ཐུན་མཚམས་ཀྱིས། །ངེས་པར་གྲུབ་སྟེ་གཞན་དུ་ན། །ཟླ་བ་བཞི་ཡིས་གདོན་མི་ཟའོ། ༈ །འདི་ནི་ངོ་མཚར་ཡ་མཚན་གྱི། །རྨད་བྱུང་ཐབས་ཀྱི་འཕྲུལ་ཆེན་ཡིན། །བདེ་གཤེགས་མ་ལུས་དགོངས་པ་ཡི། །རྒྱལ་བ་རྣམས་ཀྱི་ཐུགས་ཀྱི་བཅུད། །རྡོ་རྗེ་ཟམ་པའི་རྣ་བརྒྱུད་འདི། །བསྟན་པ་ཀུན་གྱི་ཉིང་ཁུ་ཡི། །བཀའ་ཡི་རྒྱལ་པོར་ཕྱུང་བ་སྟེ། །རྒྱུད་ཀྱི་རྒྱལ་པོ་ལུང་གི་མདོ། །མན་ངག་སེམས་ཀྱི་མདོ་འཛིན་པ། །བསྟན་པའི་འཁོར་ལོ་འདུས་པའི་རྩེ། །རྒྱལ་པོ་མངོན་དུ་སྟོན་པ་ཡི། །ངོ་མཚར་འཕྲུལ་གྱི་ལྡེ་མིག་ཡིན། ༈ །ཐབས་རྒྱལ་འདི་དང་བྲལ་བ་ཡི། །སྐལ་ངན་རྣམས་ནི་མུན་པར་ལྟུང་། །བསྐལ་པ་བྱེ་བ་མཐའ་ཀླས་པར། །བཙལ་ཡང་འགྲུབ་པར་མི་འགྱུར་རོ། ༈ །འདི་ནི་དངོས་གྲུབ་ཡ་མཚན་གྱི། །མངོན་སུམ་འཕྲུལ་གྱི་ལྡེ་མིག་སྟེ། །དུས་མཐའི་སྐད་ཅིག་དེ་ཉིད་ལ། །གང་ཡིན་དེ་ཉིད་མངོན་དུ་སྟོན། །རང་བྱུང་ཉག་གཅིག་མངོན་སུམ་ལས། །འདི་ལས་གཞན་པའི་ཤེས་པ་མེད། །མན་ངག་བསྟན་པས་རྒྱལ་བའི་གྲལ་དུ་འཇོག །འདི་ནི་ཚེགས་དང་བྲལ་བ་སྟེ། །ཐུན་མཚམས་གསུམ་དང་ལྡན་པ་ཡིས། །རྡོ་རྗེ་འཛིན་པ་ཉིད་དུ་གྲུབ། །གཞན་དུ་བསྟན་པའི་མཚན་ཉིད་ཀྱིས། །ངེས་པར་གདོན་མི་ཟ་བར་འགྲུབ། ༈ །རྒྱལ་ཐབས་སྤྱི་བླུགས་ཚངས་པའི་དབང་འདི་ཀུན་གྱི་ཡུལ་མིན་པས། ཏ་ལོག་གི་རྫས་དང་། སྐུ་དྲང་སིལ་བུ་དང་། ལྕེ་པོག་དཀར་པོ་དང་། འབའ་ཏ་ན་ག་ཆེན་དང་། སྤོས་ཆེན་པོ་དགུ་རིམ་གྱིས་བྱུགས་ལ་དར་དང་ཟ་འོག་གིས་བཏུམས་ཏེ་རིན་པོ་ཆེའི་ཟ་མ་ཏོག་ཏུ་བཅུག་ལ་རྒྱ་བདུན་གྱིས་བཏབ་ལ་སྦ་བའི་གནས་ནི་བྲག་དང་ཆུ་ལ་གཞག །སྲོག་དང་བྲལ་བའི་ཁ་བཞིན་བསྡམ། །འདི་རྣམས་ལྡན་པའི་སེམས་ཅན་ནི། །ཁམས་གསུམ་བྱུགས་ཀྱང་གཅིག་འགའ་ལྡན། །འདི་ནི་སྲོག་བཞིན་བྲལ་བ་ཡིན། ༈ །གྲགས་པའི་ཆོས་བརྒྱད་གཙོར་བཞག་ནས། །ཉམས་པའི་སེམས་ཀྱིས་འཕེལ་གྱུར་ན། །འདི་ལ་རྡོ་རྗེ་དམྱལ་བའི་གནས། །ངེས་འགྱུར་ཐེ་ཙོམ་མེད་པར་ངེས། །དེས་ན་བསྟན་པའི་བཀའ་དང་བསྟུན། ༈ །བཀའ་ཡི་བཅུད་བསྡུས་ཐུགས་ཀྱི་ཉིང་ཁུ་འདི། །ལག་ན་རྡོ་རྗེས་རྣ་བརྒྱུད་སེམས་ལ་གཏིམ། །རྡོ་རྗེ་ཟམ་ནས་འཕྲུལ་གྱི་ལུང་བཅུ་ཕོག །ཐབས་སྦྱོར་བཅོས་མའི་ལུང་། གཡོ་འཛིན་རླུང་གི། མཚོན་པ་ཐམས་ཅད་ཀྱི། མངོན་ཤེས་པྲའི། འཕོ་བ་དུས་མཚམས་ཀྱི། སྤྱོད་པ་ཐབས་ཀྱི། མ་བཅོས་དགོངས་པའི། བདེ་བ་ཆེན་པོའི། གྲུབ་པའི་རྟགས་ཀྱི། ལྷུན་གྲུབ་འབྲས་བུའི་ལུང་ངོ་། །ཁ་ཅིག་འབྲུ་དགུ་ཐབས་ཀྱི་ལུང་ཡང་ཟེར་རོ། །ལུང་བསྟན་ཐོབ་ཅིང་སྐལ་བ་དང་ལྡན་པའི་གང་ཟག་རྣམས་ཀྱི་སེམས་ལ་ཐུམས་ཞེས་གདམས་པའོ། །རྣ་བརྒྱུད་སྤྱི་བླུགས་ཚངས་པའི་དབང་། །རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཔལ་སེང་གེ་འོད་ཅན་དང་། དགེ་སློང་ག་འཇག་སྟང་རྣམ་པར་སྣང་མཛད་ཀྱི་ཞལ་གཟིགས་པ་དེས་ཡུལ་དྷ་ཧེ་ནའི་འདུ་ཁང་དུ་བསྒྱུར་བའོ། ༈ །སེའི་བནྡྷེ་འབྱུང་ལྡན་གྱིས། སློབ་དཔོན་བི་མ་ལའི་འགྲེལ་པ་ལྟར་མཆན་བུ་བཏབ་པའི་དགེ་བ་སངས་རྒྱས་སུ་བསྔོའོ།། །།


previousདབང་གི་ཀློང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།next