Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

178 occurrences of སོགས་པ་
[Clear Hits]


 
བདག་ཅག་གི་སྟོན་པ་མཉམ་མེད་དོན་ཀུན་གྲུབ་པའི་དོན་གྱི་ཚུལ་ལ་ཅུང་ཟད་བསྔགས་པ་ཡངས་པའི་སྙིང་པོ་དྲི་མེད་འོད་བཟང་ཀུན་སྣང་ནོར་བུ་ཟབ་མོའི་རྒྱ་མཚོ།
27   
18   
 
 
  
 
 
 
 
  
 
 
 
 
 
23   
10   
 
 
26   
 
12   


178 occurrences of སོགས་པ་
[Clear Hits]

 
no previousབདག་ཅག་གི་སྟོན་པ་མཉམ་མེད་དོན་ཀུན་གྲུབ་པའི་དོན་གྱི་ཚུལ་ལ་ཅུང་ཟད་བསྔགས་པ་ཡངས་པའི་སྙིང་པོ་དྲི་མེད་འོད་བཟང་ཀུན་སྣང་ནོར་བུ་ཟབ་མོའི་རྒྱ་མཚོ།next

བདག་ཅག་གི་སྟོན་པ་མཉམ་མེད་དོན་ཀུན་གྲུབ་པའི་དོན་གྱི་ཚུལ་ལ་ཅུང་ཟད་བསྔགས་པ་ཡངས་པའི་སྙིང་པོ་དྲི་མེད་འོད་བཟང་ཀུན་སྣང་ནོར་བུ་ཟབ་མོའི་རྒྱ་མཚོ།


LT28_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་མགོན་ཀོང་སྤྲུལ་རྒྱ་ཆེན་བཀའ་མཛོད། ཀ །སྟོན་པ་དོན་ཀུན་གྲུབ་པའི་བསྟོད་པ་ལྡེབ། ༥ ཉེ་སྲས་བརྒྱད་བསྟོད་ལྡེབ། ༣༧ སྒྲོལ་མའི་བསྟོད་པ་ལྡེབ། ༣༤ བདེ་མཆོག་བསྟོད་པ་ལྡེབ། ༥ སྒྲོལ་བསྟོད་ལྡེབ། ༣ ཕ་དམ་པའི་བསྟོད་པ་ལྡེབ། ༢ ཙནྜ་གོ་མིའི་བསྟོད་པ་ལྡེབ། ༡༥ མཁན་སློབ་ཆོས་གསུམ་བསྟོད་ སོགས next hit་ལྡེབ། ༦ ཁྱུང་པོའི་གདུང་རབ་ལ་བསྔགས་previous hit སོགས next hit་ལྡེབ། ༦ རས་ཆུང་པ་ལ་བསྔགས་པ་ལྡེབ། ༡༦ ཀརྨ་པའི་སྐུ་བསྟོད་ལྡེབ། ༣ ཀརྨ་པར་ཀུན་བཟང་འཁོར་ལོས་བསྔགས་པ་ལྡེབ། ༡༣ སིངྡྷིྡྷི་དྷརྨ་ཀ་རའི་སྐུ་བསྟོད་ལྡེབ། ༡༤ བླ་མ་དགོངས་འདུས་ལྷ་ཚོགས་ལ་བསྟོད་སྨོན་ལྡེབ། ༡༠ ལམ་ཟབ་ཡོངས་འདུས་ལ་ལྡེབ། ༡༤ ཀར་རབ་བཅུ་བཞིའི་བླ་མཆོད་ཆོག་ལ་ལྡེབ། ༡༤ མར་པའི་བླ་སྒྲུབ་ལྡེབ། ༢༤ དེའི་དབང་ཆོག་ལྡེབ། ༨ མི་ལའི་བླ་སྒྲུབ་ལ་ལྡེབ། ༨ དེའི་དབང་ཆོག་ལ་ལྡེབ། ༡༠ དེའི་ཟིན་བྲིས་ལ་ལྡེབ། ༡༨ ཀརྨ་པའི་བླ་མའི་རྣལ་འབྱོར་ལ་ལྡེབ། ༡༨ སྙིང་ཐིག་མ་བུའི་བླ་མཆོད་ལྡེབ། ༢༦ བཅས་ཀ་པར་བསྡོམ་ལྡེབ་གྲངས་གསུམ་བརྒྱ་དང་བརྒྱད་བཞུགས། །དགེའོ། །

བདག་ཅག་གི་སྟོན་པ་མཉམ་མེད་དོན་ཀུན་གྲུབ་པའི་དོན་གྱི་ཚུལ་ལ་ཅུང་ཟད་བསྔགས་པ་ཡངས་པའི་སྙིང་པོ་དྲི་མེད་འོད་བཟང་ཀུན་སྣང་ནོར་བུ་ཟབ་མོའི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ། །


LT28_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཤཱཀྱ་མུ་ན་ཡེ། །ཀུན་ཁྱབ་ཀུན་འགྲོ་རྡོ་རྗེའི་སྐུ། །བསོད་ནམས་བརྒྱ་ཡི་མཚན་འབར་བ། །དཔེ་ལས་འདས་པའི་ཁྱུ་མཆོག་སྟེ། །ཤཱཀྱའི་རྒྱལ་པོའི་ཞབས་ལ་འདུད། ༡ །འཇིག་རྟེན་དབང་ཕྱུག་རྡོ་རྗེ་འཛིན། །འཇམ་པའི་དབྱངས་སོགས་དབང་ཐོབ་པའི། །དཔའ་ཆེན་རྣམས་ཀྱིས་ཕྱག་བྱས་པ། །ཐུབ་པའི་དབང་ཕྱུག་ཁྱོད་ལ་འདུད། ༢ །ཚངས་དབང་བདུད་དང་དྲང་སྲོང་སོགས། །འཇིག་རྟེན་མཆོད་ཀུན་བསོད་ནམས་ཀྱིས། །བ་སྤུའི་ཆར་ཡང་མི་འགོང་བ། །ལྷ་ཡི་ལྷ་མཆོག་ཁྱོད་ལ་འདུད། ༣ །དེ་བཞིན་གཤེགས་པའི་སྤྱོད་ཡུལ་ནི། །ཇི་སྲིད་མཁའ་དང་སེམས་ཅན་མཐའ། །དེ་སྲིད་རྟག་ཁྱབ་ལྷུན་གྲུབ་ཀྱི། །ཕྲིན་ལས་འགྲོ་སྒྲོལ་མཛད་ལ་འདུད། །སྔོན་


LT28_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དབང་པོའི་ཏོག་ལ་སོགས། །རྒྱལ་བ་འཇིག་རྟེན་ཕན་མཛད་པ། །བགྲང་ཡས་གངྒཱའི་བྱེ་མ་སྙེད། །ཡང་ནས་ཡང་དུ་སྟོན་ལ་འདུད། ༥ །རྒྱལ་བ་ཀུན་གྱིས་སྤངས་པ་ཡི། །རྩོད་ལྡན་ཤིན་ཏུ་གདུལ་དཀའི་འགྲོ། །ཡོངས་སུ་བཟུང་བའི་སྙིང་སྟོབས་ནི། །པད་དཀར་ལྟ་བུར་བསྔགས་ལ་འདུད། ༦ །བདེ་གཤེགས་རིན་ཆེན་སྙིང་པོའི་དྲུང་། །དམ་བཅའ་ཆེན་པོ་ལྔ་བརྒྱ་བཞེས། །མི་འཁྲུགས་འོད་མཐའ་ཡས་པ་སོགས། །ཞིང་བཀོད་འཛིན་ཏུ་སྩལ་ལ་འདུད། ༧ །ད་ལྟར་ཕྱོགས་བཅུའི་ཞིང་མགོན་རྣམས། །སློབ་ཚེ་ཁྱོད་ཀྱིས་བྱང་ཆུབ་ཏུ། །སྨིན་པར་མ་མཛད་མི་སྲིད་པ། །སངས་རྒྱས་སྤྱན་གྱིས་གཟིགས་ལ་འདུད། ༨ །ཁྱོད་ཐུགས་དང་པོར་བསྐྱེད་པས་ཀྱང་། །


LT28_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

སླད་མའི་བྱང་ཆུབ་སེམས་དཔའ་རྣམས། །སྙིང་རྗེ་ཆེན་པོ་འགྲུབ་འགྱུར་བའི། །ངོ་མཚར་བླ་མེད་དེ་ལ་འདུད། ༩ །སྐྱབས་མེད་བདག་ཅག་ཁོ་ནའི་ཆེད། །དབུ་དང་སྐུ་ལུས་གྲངས་མེད་སོགས། །གཏོང་དང་ཡོངས་གཏོང་གཏོང་བ་ཆེའི། །སྦྱིན་པའི་ཕ་རོལ་ཕྱིན་ལ་འདུད། ༡༠ དེ་བཞིན་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་ལ་སོགས་པས། །བསྒྲུབས་པའི་ཡེ་ཤེས་ཕུང་པོ་ནི། །མཁའ་ལྟར་བསམ་མི་ཁྱབ་ལ་འདུད། ༡༡ །ཁ་ཅིག་འཕོ་དང་ལྷུམས་ཞུགས་དང་། །ལ་ལར་ངེས་འབྱུང་དཀའ་བ་སྤྱད། །དེ་བཞེན་བྱང་ཆུབ་ཆོས་འཁོར་སོགས། །མྱང་འདས་རྫོགས་པར་བསྟན་ལ་འདུད། ༡༢། གང་ཚེ་དཔའ་བའི་མཐུ་བསྟན་ཏེ། །བདུད་ལས་རྣམ་པར་རྒྱལ་བ་ན། །སེམས་ཅན་ཀུན་གྱི་ཁམས་གཟིགས་ནས། །གོ་འཕང་མཚུངས་པར་ཁྲིད་ལ་འདུད། ༡ །ཆོས་ཉིད་དབྱེར་མེད་དེ་བཞིན་ཉིད། །གློ་བུར་དྲི་མའི་སྦུབས་བཅོམ་སྟེ། །ཤེས་བྱའི་ཆོས་ཀུན་དབྱིངས་སུ་ནི། །མངོན་རྫོགས་བྱང་ཆུབ་བརྙེས་ལ་འདུད། ༡༤ །ཁམས་དབང་དུས་རིག་རྒྱུན་མཁྱེན་ཏེ། །བརྩེ་ལྡན་ལམ་སྟོན་ཐབས་ལ་མཁས། །འདུལ་བཞིའི་ཆོ་འཕྲུལ་སྣ་ཚོགས་པས། །མི་གནས་ཁ་ལོ་སྒྱུར་ལ་འདུད། ༡༥ །མཁྱེན་གསུམ་ཐུགས་ཆུབ་སྦྱོར་བ་བཞིའི། །ལམ་མཆོག་མཐར་


LT28_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་མཁའ་ཁྱབ་སྐུ། །ཟབ་དང་རྒྱ་ཆེ་བདག་ཉིད་ཆེ། །རོ་མཉམ་མངོན་ཏུ་མཛད་ལ་འདུད། ༡༦ །གཙང་བདག་བདེ་དང་རྟག་མཐར་ཕྱིན། །སྲིད་ཞི་ལས་འདས་བརྡ་དང་དོན། །སྒྱུ་འཕྲུལ་རྣམ་པ་ཐམས་ཅད་པ། །བསམ་གྱིས་མི་ཁྱབ་དེ་ལ་འདུད། ༡༧ །རྣམ་རྟོག་འབད་རྩོལ་སྤྲོས་མེད་ཀྱང་། །དོན་ཆེན་པོ་ཡིས་ཉེ་བར་གནས། །སྲིད་པ་ཇི་སྲིད་བདེ་བར་གཤེགས། །མྱ་ངན་མི་འདའ་བཞུགས་ལ་འདུད། ༡༨ །སྟོབས་བཅུ་མི་འཇིགས་མ་འདྲེས་པ། །མཐོང་ན་ཚིམས་བྱེད་མཚན་དཔེ་སོགས། །བྲལ་དང་རྣམ་པར་སྨིན་པ་ཡི། །ཡོན་ཏན་བྱེད་པ་བརྒྱན་ལ་འདུད། ༡༩ །ལྟ་ལ་ཆགས་དང་རྫོགས་སངས་རྒྱས། །འབྱུང་མི་འགྱུར་ལ་སྲེད་མེད་བུ། །ཚངས་དབང་ཉི་ཟླ་ནམ་མཁའ་ལྡིང་། །དྲང་སྲོང་གཟུགས་ཀྱིས་འདུལ་ལ་འདུད། ༢༠ །བ་སྤུའི་ཁུང་བུ་ཇི་སྙེད་པ། །དེ་སྙེད་སྐྱེས་བུ་ཆེན་པོ་ཡི། །མཚན་འབར་ཆོས་སྒྲ་སྒྲོག་པའི་སྐུ། །ཞིང་ཁམས་ཀུན་ཏུ་སྤྲོ་ལ་འདུད། ༢༡ །ངེས་འབྱུང་བྱང་ཆུབ་ཆོས་འཁོར་སྟོབས། །ཟིལ་གནོན་མྱ་ངན་འདས་སྟོབས་མཆོག །དྲི་མ་ཅན་ངོར་གཟུགས་ཀྱི་སྐུས། །སྙིང་རྗེའི་དབང་གིས་བསྟན་ལ་འདུད། ༢༢ །གང་དག་ལྷ་དང་ས་སྟེང་སོགས། །འཇིག་རྟེན་ཀུན་ན་ཕན་བདེའི་རྒྱུ། །ཆོ་འཕྲུལ་གསུམ་དང་ཁྱད་པར་དུ། །ཆོས་ཆེན་


LT28_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་ཀྱིས་བསྙད་ལ་འདུད། ༢༣ །བདེན་བཞིའི་སྒྲ་ཡི་ཐབས་མཁྱེན་པས། །སྐྱེ་ལ་ངེས་པར་འབྱུང་ལམ་དང་། །ཞི་previous hit སོགས་མཐར་འཛིན་ལས་ལྡོག་པའི། །རྨད་བྱུང་ཆོས་འཁོར་བསྐོར་ལ་འདུད། ༢༤ །ཐེག་གསུམ་ཤིང་རྟའི་སྦྱིན་ next hit་ཡིས། །འཁོར་བའི་ཞུགས་ལས་བསྒྲལ་བརྩམས་ཏེ། །ཐེག་མཆོག་གྲོང་ཁྱེར་ཉག་གཅིག་གི། ཁང་བཟང་དམ་པར་ཁྲིད་ལ་འདུད། ༢༥ །སྒྲིབ་པ་ཀུན་སྤངས་ཡེ་ཤེས་ནི། །གཞན་ལ་ནམ་ཡང་མི་ལྟོས་པས། །ཕྱིར་མི་ལྡོག་པ་སེང་གེའི་སྒྲ། །རྒྱུན་ཆད་མེད་པར་སྒྲོག་ལ་འདུད། ༢༦ །རིགས་ཅན་གསུམ་གྱི་གདུལ་བྱ་རྣམས། །བྱང་ཆུབ་མཆོག་ཏུ་ལུང་སྟོན་པ། །དམ་ཆོས་པདྨ་དཀར་པོ་སོགས། །ཕྱི་མའི་མུ་མཐར་གསུངས་ལ་འདུད། ༢༧ །མིང་ཚིག་ལས་འདས་དེར་སྣང་ཞིང་། །སྣང་གྲགས་གཞན་གྱི་དོན་འགྱུར་བ། །འདུས་མ་བྱས་པས་ཕྱེ་བའི་ཆོས། །དུས་གསུམ་ནུབ་པ་མེད་ལ་འདུད། ༢༨ །སེམས་ཅན་སེམས་ཀྱི་རྒྱུད་ཚིག་པ། །མི་དགེའི་རྩ་བར་འགྲོགས་པ་ལ། །ཆོས་ཀྱིས་བརྩད་པའི་བསྟན་བཅོས་དང་། ཁ་ཏོན་གྱིས་ཀྱང་འདུལ་ལ་འདུད། ༢༩ །སུམ་ཅུ་རྩ་བདུན་རྒྱན་མཛེས་ཤིང་། །དགུ་བཅུ་རྩ་ལྔས་ཆོས་སྟོན་པ། །གཟུངས་དང་ཏིང་འཛིན་ཆོས་ཀྱི་སྒོ། །བསམ་ཡས་ཡུལ་དུ་གྱུར་ལ་འདུད། ༣༠ །སྐུ་གསུང་


LT28_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

། ཐུགས་ཀྱི་གསང་བ་གསུམ། །དྲང་ངེས་ཐབས་ཚུལ་དུ་མ་ཡང་། །མ་བསླུས་བསླུ་བར་མི་འགྱུར་བ། །ཕན་བདེ་འབའ་ཞིག་བསྩལ་ལ་འདུད། ༣༡ །གདུལ་བྱའི་སྣོད་ལ་བརྟེན་ནས་ནི། །དྲང་ངེས་རོ་ནི་ཐ་དད་ཀྱང་། །ཆོས་ཆར་ཡན་ལག་བརྒྱད་ལྡན་པ། །ངེས་དོན་ཁོ་ནར་ཕབ་ལ་འདུད། ༣༢ །སྒྱུ་འཕྲུལ་སྲས་པོའི་དབྱིངས་གང་ཡིན། །སངས་རྒྱས་ཀུན་གྱི་དེ་བཞིན་ཉིད། །སེམས་ཅན་ལ་ཡང་མཚུངས་པར་གཟིགས། །བདེན་པའི་མཐར་ཐུག་སྟོན་ལ་འདུད། ༣༣ །གལ་ཏེ་ཁྲོ་དང་གཡེང་བས་ཀྱང་། །རྒྱལ་ལ་སྐད་ཅིག་ཡིད་བྱེད་ན། །དེ་འབྲས་བྱང་ཆུབ་མཐར་འགྲོ་བ། །སྐྱེ་དགུའི་ཉེར་འཚོ་གྱུར་ལ་འདུད། ༣༤ །མཆོད་དང་མཆོད་རྟེན་བྱེད་ལ་སོགས། །འདུན་པས་འགྲོ་བ་ལྟ་ཅི་སྨོས། །རྩེ་ཕྱིར་སེན་མོས་གཟུགས་བྲིས་ཀྱང་། །རྣམ་གྲོལ་དབུགས་དབྱུང་མཛད་ལ་འདུད། ༣༥ །ཁྱོད་ཀྱི་རྗེས་སུ་རབ་བྱུང་ནས། །ཤིན་ཏུ་འཆལ་བར་གྱུར་རྣམས་ཀྱང་། །སྐལ་བཟང་འདི་ལས་མི་འདའ་བར། །འབྲས་ཐོབ་སྨོན་ལམ་རྫོགས་ལ་འདུད། ༣༦། ཁྱོད་ཀྱི་བསྟན་ལ་སྲོག་ཆགས་ཀུན། །རིང་པོར་མི་ཐོགས་དཀོན་མཆོག་གི། །གདུང་འཚོབ་མཆོག་ཏུ་ངེས་འབྱིན་པ། །འཁོར་བ་དོང་ནས་སྤྲུག་ལ་འདུད། ༣༧ །ཕྱོགས་བཅུའི་ཞིང་ན་རྒྱལ་བ་རྣམས། །ཁྱོད་བསྔགས་འབའ་ཞིག་གསུང་མཛད་


LT28_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། །ཁྱོད་འདྲའི་སྙིང་སྟོབས་དུས་གསུམ་དུ། །མ་བྱུང་འབྱུང་མི་འགྱུར་ལ་འདུད། ༣༨ །དུས་ངན་ཚེ་ན་ཁྱོད་གསུང་གི། །ཚིགས་བཅད་གཅིག་ཙམ་འཛིན་པ་ཡི། །བསོད་ནམས་དེས་ནི་འདུས་བྱས་ཀྱི། །དགེ་ཀུན་ཟིལ་གྱིས་མནན་ལ་འདུད། ༣༩ །སྐྱེ་འགག་གནས་བྲལ་དེ་བཞིན་གཤེགས། །སྐལ་ངན་སྐལ་བཟང་བསྒྲིབས་པ་ཡིས། །བརྒྱ་ལམ་དུ་ནི་རེས་འགར་ཡང་། །ཀུན་གྱིས་མཐོང་བར་དཀའ་ལ་འདུད། ༤༠ །ད་ལྟ་ཆོས་སྐུའི་རིང་བསྲེལ་སོགས། །ཤིན་ཏུ་ཡངས་པར་རྒྱས་པས་ཀྱང་། །མོས་པ་བྱེ་བ་དུ་མ་ཡི། །འགྲོ་སྒྲོལ་བྱིན་གྱིས་བརླབས་ལ་འདུད། ༤༡ །མ་འོངས་པ་ན་རྡོ་རྗེའི་གདུང་། །ནོར་བུ་ཏོག་གི་བློ་གྲོས་སོགས། །རིན་ཆེན་མེ་ཏོག་ཆོས་སྤྲིན་གྱུར། །སངས་རྒྱས་མཛད་པ་མཛད་ལ་འདུད། ༤༢ །མཚོན་གྱི་བསྐལ་པར་ཨནྡ་རྙིལ། །མུ་གེའི་ཚེ་ན་རིན་ཆེན་ཟས། །ནད་ལ་སྨན་དུ་གྱུར་ནས་སླར། །གསེར་གྱི་ས་གཞིར་གནས་ལ་འདུད། ༤༣ །འགྲན་ཟླ་ཐམས་ཅད་སྤངས་བཞིན་ཏུ། །མ་དག་ཞིང་དུ་འགྲན་ཟླར་བཅས། །གདུལ་བྱ་འདུལ་ཐབས་བསམ་ལས་འདས། །ཐབས་མཁས་རྨད་དུ་བྱུང་ལ་འདུད། ༤༤ །དཔའ་རྣམས་ཞིང་འདིའི་ཚུལ་ལས་བརྩམས། །ཐུགས་བསྐྱེད་གོ་ཆ་སླར་ཡང་བརླིངས། །ཚོགས་ཆེན་བརྩོན་འགྲུས་ཡོངས་བསྐུལ་ཏེ། །


LT28_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་སྟོབས་མཆོག་བསྐྲུན་ལ་འདུད། ༤༥ །ཞིང་གཞན་བསྐལ་མང་ལེགས་སྤྱད་ལས། །ཞིང་འདིར་སྐད་ཅིག་བསོད་ནམས་མཆོག །དེས་ན་བསླབ་དང་ཏིང་འཛིན་སོགས། །འབྲེལ་ཚད་དོན་ལྡན་མཛད་ལ་འདུད། ༤༦ །སྙིགས་་མའི་དུས་མཐར་སྐྱེས་པ་ཡི། །མགོན་པོ་ཁྱོད་ཀྱི་འབངས་རྣམས་ཀྱིས། །ལུས་སྲོག་རྡུལ་སྙེད་བཏང་བྱས་ཀྱང་། །བཀའ་དྲིན་ཕྱོགས་ཙམ་ཅི་ཞིག་ལྡོན། ༤༧ །དེ་ཕྱིར་ཁྱོད་ཀྱིས་གཞན་དོན་ཏུ། །བྱང་ཆུབ་སྤྱོད་པ་གང་ཡིན་པ། །དེ་ལ་སྙིང་ནས་སློབ་པ་ཡིས། །དགོངས་པ་རྟག་ཏུ་སྐོང་བར་ཤོག ༤༨། ལུས་དང་སྲོག་ལ་མི་ལྟོས་པར། །དམ་ཆོས་སྤྱི་དང་ཐེག་ཆེན་ཚུལ། །ཆོས་ཁམས་མཐས་གཏུག་འཛིན་ནས་སུ། །ཤཱཀྱའི་གཙོ་བོ་མཉེས་བྱེད་ཤོག ༤༩ །ཁྱོད་ཀྱི་ཡོན་ཏན་ཇི་ལྟ་བར། །དེ་ལྟར་བདག་ལ་མྱུར་རྫོགས་ནས། །ཕྱོགས་དུས་གཤེགས་པའི་རྒྱལ་རྣམས་ཀྱིས། །ཁྱོད་བཞིན་རྟག་ཏུ་བསྔགས་མཛད་ཤོག ༥༠ །འདུན་བརྩོན་དྲན་དང་ཤེས་རབ་སོགས། །བསམ་མི་ཁྱབ་པའི་ཡུལ་གྱི་སྣོད། །རྟག་ཏུ་རྒྱུད་ལ་ཉེར་གནས་པས། །བདག་གཞན་ཕྱིར་མི་ལྡོག་འགྱུར་ཤོག ༥༡ །མཐའ་ཡས་ཚེ་འོད་མངའ་བའི་རྒྱལ། །མཐོང་ནས་ཆོས་མིག་རྡུལ་བྲལ་བརྙེས། །ཕྱོགས་བཅུའི་ཞིང་ན་རྒྱལ་རྣམས་ཀྱི། །ཕྲིན་ལས་མ་ལུས་སྒྲུབ་བྱེད་ཤོག ༥༢ །གྲངས་


LT28_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བསྐལ་པར་ལེགས་བསྒྲུབས་པའི། །ལུང་རྟོགས་དམ་ཆོས་རིན་པོ་ཆེ། །ཇི་སྲིད་ནམ་མཁའི་ཁམས་གནས་པ། །དེ་སྲིད་བསྟན་པ་འབར་གྱུར་ཅིག༥༣། དེ་བཞིན་གཤེགས་པའི་ཡོན་ཏན་ནི་ནམ་མཁའི་མཚན་ཉིད་ཅན་ཏེ་སོ་སྐྱེའི་ཁབ་ཀྱི་བུ་གའི་བློ་མིག་གིས་ཅུང་ཟད་ཀྱང་གཞལ་བར་མི་བཟོད་པ་ཞིག་ནའང་། བཀའ་དྲིན་ལ་རྗེས་སུ་བསམ་སྟེ་གུས་པའི་ཡིད་ཙམ་མཚོན་པར་བྱས་པ་ནི། རི་སུལ་ན་གནས་པའི་ཡོན་ཏན་རྒྱ་མཚོས། ས་ཟླའི་ཚེས་བཅོ་ལྔའི་ཐུན་མཚམས་སུའོ། །སརྦ་མངྒ་ལཾ།། །།དཔལ་སྤུངས་ཆོས་གྲྭར་རྗེ་སློབ་མངྒ་ལར་སྨིས་སྤར་དུ་བཀོད་པའོ།། །།


no previousབདག་ཅག་གི་སྟོན་པ་མཉམ་མེད་དོན་ཀུན་གྲུབ་པའི་དོན་གྱི་ཚུལ་ལ་ཅུང་ཟད་བསྔགས་པ་ཡངས་པའི་སྙིང་པོ་དྲི་མེད་འོད་བཟང་ཀུན་སྣང་ནོར་བུ་ཟབ་མོའི་རྒྱ་མཚོ།next