Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

3 occurrences of བརྒྱུད་གསུམ་
[Clear Hits]


  
  
  
  
  
  
 
བཅོམ་ལྡན་འདས་མ་སྒྲོལ་མ་རྣལ་འབྱོར་མའི་རྩ་བའི་དབང་བསྐུར་གྱི་ཆོ་ག་བཀླགས་ཆོག་ཏུ་བཀོད་པ་ཨུཏྤལ་ལྗོན་ཤིང་།
  
  
  
  
  
  
  
  
 
  
 


3 occurrences of བརྒྱུད་གསུམ་
[Clear Hits]

 
previousབཅོམ་ལྡན་འདས་མ་སྒྲོལ་མ་རྣལ་འབྱོར་མའི་རྩ་བའི་དབང་བསྐུར་གྱི་ཆོ་ག་བཀླགས་ཆོག་ཏུ་བཀོད་པ་ཨུཏྤལ་ལྗོན་ཤིང་།next

བཅོམ་ལྡན་འདས་མ་སྒྲོལ་མ་རྣལ་འབྱོར་མའི་རྩ་བའི་དབང་བསྐུར་གྱི་ཆོ་ག་བཀླགས་ཆོག་ཏུ་བཀོད་པ་ཨུཏྤལ་ལྗོན་ཤིང་།


LT33_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་མ་སྒྲོལ་མ་རྣལ་འབྱོར་མའི་རྩ་བའི་དབང་བསྐུར་གྱི་ཆོ་ག་བཀླགས་ཆོག་ཏུ་བཀོད་པ་ཨུཏྤལ་ལྗོན་ཤིང་ཞེས་བྱ་བ་བཞུགས་སོ།། །།


LT33_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བྷ་ག་བ་ཏཱི་ཏཱ་རཱ་ཡཻ། དོན་གྲུབ་རྟ་ཡི་རྒྱལ་པོའི་རིགས་མཆོག་གི། །དཀྱིལ་འཁོར་དབང་ཕྱུག་ཆེན་མོའི་སྐུར་བཞེངས་ནས། །སྲིད་ཞི་བདེ་ཆེན་ཐིག་ལེར་སྡོམ་མཛད་མས། །སྨིན་གྲོལ་ལྷན་ཅིག་རྫོགས་པའི་བྱིན་རླབས་སྩོལ། །འཕགས་ཡུལ་གྲུབ་ཆེན་ཞལ་ལུང་བདུད་རྩིའི་ཆབ། །རྙོགས་མེད་ཤིན་ཏུ་རྙེད་དཀའ་ནོར་བུའི་ཟླ། །གསང་བདག་སྒྲོལ་མགོན་བཀའ་སྲོལ་མ་འཁྲུལ་བ། །བློ་གྲོས་གསེར་གྱི་བུམ་པ་བསྐྱིལ་འདི་རྨད། །དེ་ལ་འདིར་རྣལ་འབྱོར་མའི་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ཕྲིན་ལས་ཐམས་ཅད་འབྱུང་བ་སྒྲོལ་མང་དུས་བ་དོན་དམ་པའི་རྒྱུད་ལས་བསྟན་བྱའི་གཙོ་བོ་ལྷ་ཉེར་ལྔ་པའི་བདག་ཉིད་ཅན་གྱི་རྩ་བའི་དཀྱིལ་འཁོར་ཆེན་པོར་མངོན་པར་དབང་བསྐུར་བ་ལ། དཀྱིལ་ཆོག་གཞན་ལ་ཕན་པར་རྡུལ་ཚོན་ལ་བརྟེན་པའི་དབང་དུ་མཛད་ནས་སྡོམ་ཉེར་བཞིས་བསྡུས་པའི་དང་པོ་ལྟས་བརྟག་པ་ནི། །


LT33_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་དང་ལྡན་པའི་སློབ་དཔོན་ལ་ཡོན་ཏན་ཀུན་ལྡན་གྱི་སློབ་མས་ལན་གསུམ་དུ་གསོལ་བ་བཏབ་པ་ན་དེ་ཉིད་རྗེས་བཟུང་དུ་རུང་མིན་བརྟག་པར་བྱ་བ་རྡོ་རྗེ་ཕྲེང་བ་དང་མཐུན་ལ། གཉིས་པ་སློབ་མ་རྗེས་བཟུང་ནི། རུང་བའི་ལྟས་བྱུང་ན་ཐོག་མར་སྦྱོང་བ་དང་སྲུང་བའི་ཆོ་ག་བྱ་སྟེ། སློབ་དཔོན་གྱིས་བདག་གི་རྣལ་འབྱོར་མདོར་བསྡུས་བཟླས་པ་བཅས་བྱ། སྡིག་སྦྱོང་ཆས་ཏིལ་ནག་དང་མེ་ཆུ། འབུར་ལིང་ངམ་ཉ་བོར་གྲགས་པས་སྦྱིན་ནག་པོ་ལས་བཅོས་པ། ལྕགས་སམ་སེང་ལྡེང་ཕུར་པ། ཐོ་བ། ཧོམ་ཁུང་། ཁེབས་རོ་གཡམ་ལ་རི་རབ་བང་རིམ་བཞི་པར་ཡྃ་གྱིས་མཚན་པ་བྲིས་པ་རྣམས་ཉེ་བར་བསྡོགས། སློབ་མ་རྣམས་མདུན་ཏུ་འཁོད་པ་ལ། འོ་ན་མ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེའི་སླད་དུ་བཅོམ་ལྡན་འདས་འཕགས་མ་སྒྲོལ་མའི་དཀྱིལ་འཁོར་དུ་དབང་བསྐུར་བའི་སྔོན་དུ་འགྲོ་བ་སློབ་མ་རྗེས་བཟུང་གི་ཆོ་ག་རྣམས་ཞུ་སྙམ་དུ་མ་ཡེངས་པར་གསན་འཚལ། དེ་ལ་གསང་སྔགས་ཟབ་མོའི་སྨིན་བྱེད་ཀྱི་རིམ་པ་


LT33_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པར་བྱེད་པ་ལ་ཐོག་མར་གེགས་བྱེད་ཀྱི་སྡིག་སྒྲིབ་དང་བར་དུ་གཅོད་པའི་གདོན་བགེགས་རྣམས་གཞོམ་པའི་ཐབས་ལ་འབད་དགོས་ཤིང་། དེ་ཡང་ནང་གི་ལས་ཉོན་སྡིག་སྒྲིབ་ཀྱི་མཐུ་ལས་ཕྱི་རོལ་གྱི་གདོན་བགེགས་བར་གཅོད་རྣམས་འབྱུང་བ་ཡིན་པས་ཐོག་མར་སྡིག་པ་སྦྱོང་བ་ལ་ཐུགས་དམིགས་འདི་བཞིན་དུ་མཛད་འཚལ། ཁྱེད་རང་རྣམས་ཀྱི་སྐུ་ཚེ་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་བསགས་པའི་སྡིག་སྒྲིབ་ཐམས་ཅད་སྙིང་གར་ཡི་གེ་པྃ་ནག་པོའི་རྣམ་པར་གནས་པ། ལྟེ་བའི་གཞི་གནས་ཀྱི་གཏུམ་མོ་འབར་བའི་འོད་ཟེར་གྱིས་དེད་དེ་སྣ་སྒོ་གཡས་པ་ནས་སྡིག་པའི་རྣམ་པར་མདུན་གྱི་ཏིལ་ལ་ཐིམ་པའི་མོས་པ་མཛོད། ཅེས་བརྗོད་ལ་སྤྲོ་ན་ཏིལ་ལ་སློབ་མ་རྣམས་ཀྱི་སྣ་གཡས་པ་ནས་རླུང་འབུད་དུ་འཇུག །མེ་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་འབར་བའི་མེའི་ནང་དུ་ཁྲོ་བོ་ཟ་བྱེད་རྡོ་རྗེ་མཁའ་འགྲོ་སྐུ་མདོག་མཐིང་ནག་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཁྲོ་བོའི་རྒྱན་དང་རྣམ་འགྱུར་རྫོགས་ཤིང་གཡོན་བརྐྱང་གིས་པད་ཉི་ལ་བཞུགས་པ་ཞལ་ཤིན་ཏུ་གདངས་པར་གྱུར། མདུན་གྱི་ཏིལ་སྡིག་པའི་ངོ་བོར་གྱུར་པ་ལས་རྡོར་གྱིས་བླངས་ཏེ་མེ་དང་ཆུ་དོར་བའི་ཚེ་ཟ་བྱེད་རྡོ་རྗེ་མཁའ་འགྲོའི་ཞལ་དུ་གསོལ་ཞིང་། ཆོས་ཉིད་ཀྱི་རྒྱ་མཚོ་ཆེན་པོར་དོར་བར་གྱུར་པའི་ཐུགས་མོས་མཛོད། ཅེས་ལས་རྡོར་གྱིས་ཁུ་ཚུར་གཡས་གཡོན་གྱིས་ཏིལ་བླངས་ཏེ་བསྣོལ་ཐབས་སུ་མེ་དང་ཆུར་དོར་ཞིང་


LT33_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་གྱིས། ཨོཾ་བཛྲ་ཌཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་པཱ་བཾ་ད་ཧ་ན་བྷ་སྨིན་ཀུ་རུ་སྭཱ་ཧཱ། ལན་གསུམ་བརྗོད། མཐར་མེ་ཆུར་བླུགས་ལ་རོལ་མོ་དང་བཅས་ཕྱིར་དོར་ཏེ་སྡིག་པ་སྦྱོང་བའི་ཆོ་གའོ། །དེ་ནས་བགེགས་གཞོམ་པ་ལ་རྒྱས་པར་དཀྱིལ་འཁོར་ཁང་པའི་ཕྱོགས་མཚམས་བརྒྱད། སྟེང་འོག་གི་མཚོན་པ་དང་བཅུར་དོང་བྲུས་པ་ལ་ལིང་ག་བཅུ་རེ་རེ་བཞིན་གདབ་མནན་བྱ་བ་ཡིན་འདུག་ཀྱང་། དེ་ཙམ་མི་འགྲུབ་ན་དམིགས་པས་ཕྱོགས་བཅུར་ཁྱབ་པར་བྱས། དངོས་སུ་ཧོམ་ཁུང་དང་ལིངྒ་དཀྱིལ་འཁོར་གྱི་འོག་གམ་སྒོ་དྲུང་ལྟ་བུར་བཀོད་ལ། དེ་ནས་བགེགས་གཞོམ་པ་ལ་ཐུགས་དམིགས་འདི་བཞིན་དུ་མཛད་འཚལ། ངེད་བཅོམ་ལྡན་འདས་མ་དམ་ཚིག་སྒྲོལ་མ་རྣལ་འབྱོར་མ་ཞལ་གཅིག་ཕྱག་བརྒྱད་མར་གསལ་བའི་ཐུགས་ཀ་ནས་ཁྲོ་བོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ་བགེགས་ཀྱི་གཙོ་བོ་བདུད་བཞི་ལ་སོགས་པ་དང་གནོད་བྱེད་མི་དང་མི་མ་ཡིན་པ་ཐམས་ཅད་རྣམ་པ་ཤ་ཟའི་གཟུགས་མདོག་ནག་པོ་སྐྲ་འགྲེང་ཞིང་དབང་པོ་འཕྱང་བ་རིད་ཅིང་ཉམ་ཐག་པའི་རྣམ་པར་སྤྲུལ་པའི་ཕོ་ཉ་རྣམས་ཀྱི་སྙིང་ག་ནས་ལྕགས་ཀྱུས་བཏབ་ནས་དབང་མེད་དུ་བཀུག་སྟེ་མདུན་གྱི་གཟུགས་ལིང་འདི་ཉིད་ལ་སིབ་ཀྱིས་ཐིམ་པས་དབྱེར་མེད་དུ་གྱུར་པའི་མོས་པ་མཛོད་ཅེས་རྡོར་དྲིལ་དང་བཅས་ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། ན་མཿས་མནྟ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཾ། ཨོཾ་ཊཱཀྐི་ཧཱུྃ་ཛཿཞེས་ལན་གསུམ་དུ་བརྗོད། སླར་ཡང་ཁྱེད་རང་


LT33_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་སྐུ་ལུས་ཀྱི་ནང་དུ་གཏོགས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་འདུས་ཏེ་གོང་བཞིན་ཤ་ཟའི་གཟུགས་སུ་གྱུར་ནས་སྙིང་གར་གནས་པ་སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་ལྕགས་ཀྱུ་ལྟ་བུས་བཀུག་སྟེ། སྣ་སྒོ་ནས་ཐོན་མདུན་གྱི་གཟུགས་ལ་ཐིམ་པའི་མོས་པ་མཛོད། ཅེས་གོང་གི་འགུགས་པའི་སྔགས་རྒྱ་ལན་གསུམ་བྱ། ཧཱུྃ་ཞེས་བརྗོད་པས་བྲུབ་ཁུང་གྲུ་གསུམ་པ་ཟབ་ཅིང་ཡངས་པར་གྱུར། དེའི་ནང་དུ་གནོད་བྱེད་གན་རྐྱལ་དུ་བསྒྱེལ་བའི་ཡན་ལག་ཞགས་པ་དང་ལྕགས་སྒྲོག་གིས་བཅིངས་ཤིང་དྲིལ་བུའི་སྒྲས་མྱོས་པར་བྱས། ཕཊ་ཀྱི་སྒྲས་མགོན་སྐྱབས་དང་བྲལ་བར་གྱུར། ཕུར་བུ་ལག་ཏུ་བླངས་ཏེ་འདྲིལ་ཞིང་། ན་མཿས་མནྟ་བུདྡྷེ་བྷྱོ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དུཥྚཾ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ་སྥ་ར་་ཕཊ། ཐུགས་ཀ་ནས་ཕུར་བུའི་ལྷ་མོ་སྟོད་ཁྲོ་མོའི་གཟུགས་ཅན་སྐུ་སྨད་རྡོ་རྗེ་རྩེ་གཅིག་པའི་ཕུར་བུའི་རྣམ་པ་འབར་འཕྲེང་འཁྲུགས་པ་སྤྲོས། རྫས་ཀྱི་ཕུར་བུ་དང་དབྱེར་མེད་དུ་གྱུར་པ་ལ། ཧཱུྃ་ཞེས་སྔགས་ཀྱིས་བྱིན་གྱིས་བརླབས་པས་གཟི་བྱིན་དང་ནུས་པ་དཔག་ཏུ་མེད་པར་གྱུར། སླར་ཡང་ཐུགས་ཀ་ནས་ཁྲོ་བོ་བདུད་རྩི་འཁྱིལ་པ་སྤྲོས་ཏེ་མདུན་དུ་བཀའ་ནོད་པའི་ཚུལ་གྱིས་འཁོད་པ་ལ། ན་མཿས་མནྟ་བུདྡྷེ་བྷྱོ། ན་མོ་མ་ཧཱ་བཛྲ་ཀྲོ་དྷཱ་ཡ། མ་ཧཱ་དཾཥྚོ་ཊ། བྷཱི་ཥ་་བྷཻ་ར་ཝཱ་ཡ། བཛྲ་སནྡོ་ཧ་དརྦ་ཡ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ་ཕཊ། སརྦ་


LT33_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

དུཥྚཾ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཅེས་བགེགས་རྣམས་ལ་ཕུར་བུས་ཐོབ་ཅིག་པར་བཀའ་བསྒོས་པས། དེས་ཕུར་བུ་བླངས་ཏེ་གཟུགས་བརྙན་གནོད་བྱེད་ཐམས་ཅད་འདུས་པའི་ངོ་བོར་གསལ་བ་དེ་ཉིད་ཀྱི་གནས་ལྔ་དང་ཚིག་ཆེན་བཅུ་གཉིས་དང་དབང་པོ་ལྔ་ལ་སོགས་པ་རྣམས་སུ་ཕུར་བུས་བཏབ་ཅིང་ཐོ་བས་བརྡུངས་པར་གྱུར་པའི་མོས་པ་མཛོད། ཨོཾ་གྷ་གྷ། གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊཿ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ། ས་མ་ཡ་ཏཱ་རཱ་ཨཱ་ཛྙཱ་པ་ཡ་ཏི། ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ། ཅེས་པ་ལན་གསུམ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་དུཥྚཱཾ་ྷནྡྷ་ཧཱུྃ་ཕཊ། ཅེས་དྲག་ཏུ་བཟླ་བཞིན་དུ་གོང་གི་གནས་དེ་རྣམས་སུ་ཕུར་བུས་འདེབས་ཚུལ་ཙམ་བྱས་ལ་མཐར་སྙིང་གར་བཏབ་སྟེ་ཐོ་བས་བརྡུངས་ལ་བྲུབ་ཁུང་གི་ནང་དུ་བཅུག །ཡང་ན་ཐོག་མ་ནས་འབྲུབ་ཁུང་དུ་བཅུག་ལ་དེ་རྗེས་ཕུར་གདབ་བྱས་ཀྱང་རུང་ངོ་། །གང་ལྟར་ཀྱང་འབྲུབ་ཁུང་གི་ཁ་རི་རབ་བྲིས་པའི་གཡམ་པས་བཅད་ལ། ཨོཾ་ལཾ་སྟྭཾ་བྷ་ཡ་ལཾ། སློབ་དཔོན་གྱི་ཐུགས་ཀ་ནས་གནོན་བྱེད་ཀྱི་ལྷ་མོ་སྤྲོས་ཏེ་འབྲུབ་ཁུང་གི་ཁ་ལཾ་ལས་བྱུང་བའི་རི་རབ་ཀྱིས་བཅད་པས་བསྐལ་བའི་བར་དུ་ཡང་ཐར་པ་མེད་པར་གྱུར་པའི་མོས་པ་མཛོད། དེ་ནས་སྲུང་བ་ནི། རྒྱས་པར་ན་སློབ་མ་གཙོ་མོ་ཕྱག་བརྒྱད་མ་མངོན་རྟོགས་ཇི་ལྟ་བར་བསྐྱེད། གནས་གསུམ་དང་སྐྱེ་མཆེད་བྱིན་རླབས་ཀྱང་དེ་ལྟར་བྱ། བསྡུ་ན་རྩ་


LT33_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་གི་དགོངས་པ་ལྟར། ཁྱེད་རང་རྣམས་སྐད་ཅིག་གིས་དམ་ཚིག་སྒྲོལ་མ་རྣལ་འབྱོར་མའི་སྐུར་གྱུར་པ་ལ་གནས་བདུན་ཏུ་རྡོ་རྗེའི་སྔགས་རྒྱས་བསྲུང་བ་བྱས་པར་མོས་ཤིག །སློབ་དཔོན་གྱིས་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅས་ལ་སློབ་མའི་སྤྱི་མགྲིན་སྙིང་ག །དཔུང་པ་གཉིས། དཔྱི་གཉིས་རྣམས་སུ་བཞག་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཅེས་ཚར་རེ་རེ་བརྗོད་དེ་བསྲུང་བ་བྱ། ད་ཁྱེད་རང་རྣམས་ལ་སླད་ནས་དབང་བསྐུར་བའི་སྔོན་རོལ་དུ་བར་ཆད་བསྲུང་བའི་དོན་དུ་བདུད་རྩི་འཁྱིལ་པའི་སྔགས་སྦྱིན་པར་གསུངས་པས་དེའི་རྩ་བའི་སྔགས་ནི། ན་མཿས་མནྟ་བུདྡྷེ་བྷྱོ། ན་མོ་མ་ཧཱ་བཛྲ་ཀྲོ་དྷཱ་ཡ། མ་ཧཱ་དཾཥྚོ་ཏྐ་ཊ་བྷཱི་ཥ་་བྷཻར་ཝཱ་ཡ། བཛྲ་སནྡོ་ཧ་དརྦ་ཡ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ་ཕཊ། ཅེས་པ་འདིའི་བསྙེན་པའི་ཆོ་ག་ལྟར་འབུམ་ཕྲག་གཅིག་བཟླ་དགོས་པ་ཡིན་ཀྱང་ད་ལྟའི་ཕྱག་ལེན་དཀྱུས་ཙམ་ལ་མི་འགྲུབ་པས། རང་ཉིད་བདུད་རྩི་འཁྱིལ་པར་སྐད་ཅིག་གིས་གསལ་བས་རྩ་སྔགས་དེ་དང་། སྙིང་པོ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ་ཕཊ། ཅེས་པ་ནང་ནུབ་ལ་ཅི་ནུས་བཟླ་བར་ཞུ། དེས་སློབ་མ་རྗེས་བཟུང་གི་རིམ་པ་གྲུབ་པ་ལགས། ཞེས་བརྗོད་ལ་དགེ་བ་བསྔོས་ཏེ་རང་གནས་སུ་བཏང་། གསུམ་པ་བསྙེན་པ་ཁ་གསོ་ནི། ཞག་བདུན་ལ་སོགས་པར་བསྙེན་ཅིང་ཡེ་ཤེས་འབེབས་པའི་རྫས་སྦྱོར་བསྒྲུབ་པ་དང་། བར་མཚམས་སུ་གཏོར་འབུལ་ཚོགས་འཁོར་རྣམས་ཀྱིས་


LT33_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

མཉེས་པར་བྱས་ལ་སློབ་མ་སྨིན་པར་གསོལ་བ་འདེབས་དགོས་པར་གསུངས་སོ། །བཞི་པ་བགེགས་གཞོམ་པ་ནི། སྔ་ཕྱིའི་གནས་སྐབས་དེ་དག་ཏུ་ལྟས་མཚན་རྩུབ་ན་ཞི་བའི་ཐབས་སྔར་བཤད་པ་ལྟར་ཁྲོ་བཅུའི་སྒོ་ནས་བུར་གདབ་དང་འབྲེལ་བའི་སྲུང་ཟློག་དང་། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་པའི་སྟོང་ཉིད་བསྒོམ་པ་དང་། བདུད་རྩི་འཁྱིལ་པ་ལ་སོགས་པའི་སྔགས་བཟླ་བ་དང་། ཞི་བའི་སྦྱིན་སྲེག་དང་། ཞིང་སྐྱོང་ལ་གཏོར་མ་སྦྱིན་པ་ལ་སོགས་པ་ཐབས་སྣ་ཚོགས་པས་བཟློག་པར་བྱའོ། ༈ །ལྔ་པ་གང་དུ་དཀྱིལ་འཁོར་སྒྲུབ་པའི་གནས་ནི། རྒྱུད་འདི་དང་བདེ་མཆོག་སོགས་ལས་བཤད་པ་ལྟར་རོ། །དྲུག་པ་ནམ་བྱ་བའི་དུས་ནི། ཧོར་ཟླ་བཅུ་གཅིག་པ། གསུམ་པ། བཞི་པ། བཅུ་པ་རྣམས་དང་། ཆོས་གྲངས་ནི་གཉིས། གསུམ། བརྒྱད། བཅུ་བཞི། བཅོ་ལྔ་རྣམས་ལ་དབང་བསྐུར་བ་དང་དཀྱིལ་འཁོར་བྲི་སྒྲུབ་སོགས་བསྔགས་ཏེ། དེའང་ཡར་མར་གཉིས་ཀར་བཟུང་དགོས་ལ། རེས་གཟའ་ཡང་ཉི་ཟླ། ལྷག་པ་ཕུར་བུ་རྣམས་དང་། སྐར་མ་སྣར་མ། མགོ། ལག །རྒྱལ། དབོ། མེ་བཞི། ལྷ་མཚམས། སྣྲོན། སྣུབས། གྲོ་ཞུན། ཆུ་སྟོད། ཁྲུམས་སྟོད། སྦྱོར་བའང་རྣམ་སེལ། ཤིན་སྐྲངས། ཟུག་རྔུ། འབྲས་སོགས་སླངས་པ་དང་། བྱེད་པ་ཡང་བིཥྚི་ངེས་པར་སྤང་དགོས་ལ་གཞན་ཡང་རིག་པས་བརྟགས་ཏེ་ངན་པ་སྤང་ཞིང་བཟང་པོར་བླང་བར་བྱའོ། །སྣོད་ལྡན་གྱི་སློབ་མ་ལ་སྐབས་དེ་ཉིད་དུ་ངེས་པར་དབང་མ་བསྐུར་ན་ཕྱིས་ནས་དུས་ལས་ཡོལ་བར་འགྱུར་བ་སོགས་ཀྱིས་དགག་བྱ་དམིགས་བསལ་ཡོད་ན་དུས་ལ་


LT33_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པ་མེད་དེ་དགག་དགོས་གཙོ་ཆེའོ། །བདུན་པ་ས་གཞི་བརྟག་པ། བརྒྱད་པ་ས་སློང་བ། དགུ་པ་བཟུང་བ། བཅུ་པ་སྦྱོང་བ། བཅུ་གཅིག་པ་སྲུང་བ་སྟེ་ས་ཆོག་གི་སྐོར་རྣམས་ཉིན་གཅིག་གི་བྱ་བ་ཡིན་ཅིང་དེ་རྣམས་བདག་འཇུག་གཞན་ལ་ཕན་པར་བཤད་པ་ལྟར་བྱ་དགོས་ཀྱང་། དཀྱིལ་འཁོར་གྱི་ཁང་པ་རྙིང་པ་དང་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་མགྱོགས་དབང་གི་སྐབས་སུ་མི་མཛད་པ་ཤས་ཆེ་བསམ་སྨོས་སོ། །ད་ལྟའི་ཕྱག་ལན་སྤྱི་འགྲེ་ཉིན་གཉིས་མ་ལྟར་ཉིན་དང་པོ་སྟ་གོན་གྱི་རིམ་པ་རྣམས་བྱ་བ་ལ། ཐོག་མར་བདག་བསྐྱེད་སྐབས་སུ་མཁོ་བའི་མཎྜལ། འབྲུ་གཙང་། དུང་ཆོས་ཆུ་དང་དྲི་བཟང་ཆབ་ཀྱིས་བཀང་བ་གཉིས། འབྱོར་ན་བ་བྱུང་དང་སྦྱར་བ་བསྡོག །སློབ་དཔོན་གྱི་མདུན་དུ་ཆུ་གཉིས་ཉེར་སྤྱོད། ནང་མཆོད། ཌ*ཌཱ་དྲི*་ནས་བཟེད་རྣམས་བཀོད། དཀྱིལ་འཁོར་གྱི་སྟེགས་བུའི་དབུས་སུ་མེ་ཏོག་གམ་འབྲུའི་ཚོམ་བུ་ཆེ་བ་གཅིག །དེ་རྒྱབ་བརྒྱད། དེ་རྒྱབ་ཕྱོགས་བཞིའི་གཡས་གཡོན་གྱི་ཐད་དུ་གཉིས་ཏེ། གྲཱ་བཞིར་བཞི། དེ་རྒྱབ་སྒོ་བཞིའི་སར་བཀོད། ཆུ་བཞི་དང་ཉེར་སྤྱོད་གཡས་བསྐོར། རྒྱབ་ཕྱོགས་སུ་འདས་གཏོར་ཞི་ཟླུམ་ལྟོ་ལྡིར་ཐེབས་ཀྱུས་བསྐོར་བ་ལ་ཤ་ཆང་སྒོག་གཙང་ལ་ཕུག་ཉ་ཁུར་བ་ལ་དུ་ཤིང་ཏོག་སོགས་བཟའ་བཅའ་གང་འབྱོར་བཅས། འཇིག་རྟེན་པའི་གཏོར་མ་ཅོག་ཟླུམ་ཐེབས་ཀྱུས་བསྐོར་བ་བཟའ་བཅའ་ལྡན་པ་བཤམ། སྟེགས་བུའི་བྱང་ཤར་དུ་མཎྜལ་ལ་མེ་ཏོག་གི་ཚོམ་བུ་གཅིག་བཀོད་པའི་མདུན་དུ་དཀར་ཟླུམ་དང་ཕྱི་མཆོད་བཤམ། སྟེགས་བུ་གཞན་ཁེབས་ལྡན་གྱི་སྟེང་དུ་དབུས་སུ་རྣམ་རྒྱལ་བུམ་པ་ལྗང་གུ། ཕྱོགས་བཞིར་བུམ་པ་དཀར་སེར་


LT33_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

དམར་མཐིང་བཞི། མདུན་གཡས་གཡོན་ལྟ་བུར་རིག་གཏད་དང་ལས་བུམ་དར་ལྗང་ཁུའི་མགུལ་ཆིངས་ཅན་རྣམས། བུམ་རྫས་ཀྱི་བཅུད་དང་ཁ་རྒྱན་ལྡན་པ་གཟུངས་ཐག་དུང་ཞལ་བཅས་བཀོད། སོ་ཤིང་། དེའི་རྭ་བ་གྲུ་བཞི་པ། ཁྱོར་ཆུ། དཔུང་སྐུད་དམར་པོ། ཀུ་ཤའི་ཕོན་པོ་ཆེ་ཆུང་བཅས་སྟ་གོན་རྫས་བཞི། སྔོན་གཏོར་མེ་ཏོག་སྤོས་སོགས་མཆོད་པ་བཏབ་པ་རྣམས་འདུ་བྱའོ། །དེ་ནས་དཀྱིལ་ཆོག་རྩ་བར་ས་བཅད་བཅུ་གཉིས་ནས་བཅོ་ལྔའི་བར་དུ་བསྟན་པའི་སྟ་གོན་རྣམས་རིམ་པར་བསྒྲུབ་པའི་ཐོག་མར། རང་ཉིད་སྐད་ཅིག་གིས་སྒྲོལ་མ་རྣལ་འབྱོར་མའི་སྐུར་གསལ། ནང་མཆོད་སྒྲུབ་ཐབས་ཀྱི་གཏོར་མ་བྱིན་རླབས་ལྟར་བྱ། བདག་འཇུག་གི་ལེའུའི་ཐོག་མར་འབྱུང་བ་ལྟར་མཁའ་འགྲོ་སྤྱི་གཏོར་མཇུག་ཏུ། གང་ཡང་འདིར་གནས་སོགས་ནས། གཙྪ་གཙྪའི་བར་གྱིས་སྔོན་གཏོར་བཏང་། དེའི་མཆོད་ཕྲེང་སྐབས་ལྟར་གནས་ཡོ་བྱིན་རླབས། བདེ་མཆོག་སོགས་ལས་འབྱུང་བ་ལྟར་སྤྱི་འགྲོའི་སྐྱབས་འགྲོ་སེམས་བསྐྱེད་རྡོར་སེམས་སྒོམ་བཟླས་རྣམས་སྔོན་ཏུ་བཏང་ལ། སྒྲུབ་ཐབས་ཡེ་ཤེས་འབར་བའི་ཐུན་མོངས་སྤྱིའི་མཎྜལ་གྱི་ཆོ་ག །ཁྱད་པར་གྱི་ཚོགས་བསགས། རྟེན་བརྟེན་པ་བསྐྱེད་ནས་མཆོད་བསྟོད་ཀྱི་བར་སོང་ནས་གཙོ་འཁོར་བཟླས་པ་ལོངས་སྐབས་དང་སྦྱར་བའི་ཅི་འགྲུབ་མཐར་ཁ་སྐོང་ཡིག་བརྒྱ་བཟླ། རྗེས་འཛིན་དང་ཚར་གཅོད་བསྡུ་ལྡང་བཅས་གྲུབ་ནས་བདག་འཇུག་ལེའུའི་ནང་ལྟར་ས་ལྷ་སྟ་གོན་དང་། ལྷ་སྟ་གོན་ཚང་བ་བཏང་། ནམ་མཁར་བཏེགས་ནས་སྲུང་བ་ཡན་ཆད་བྱ། སྐབས་འདིར་བུམ་པ་


LT33_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཚོགས་པར་བྱས་པ་ཉིད་བུམ་པ་སྟ་གོན་ཡིན་པར་གསུངས་སོ། །དེ་ནས་སློབ་མ་སྟ་གོན་ནི། ཟུང་དུ་མ་གྱུར་བའི་སློབ་མ་རྣམས་ཕྱི་རོལ་དུ་ཁྲུས་བྱ། མེ་ཏོག་བཀྱེ་བསྡུ་བྱས་ལ། སློབ་དཔོན་གྱིས་འདི་སྐད་ཅེས། དེ་ལ་འདིར་སྐབས་སུ་བབས་པ་བཅོམ་ལྡན་འདས་མ་དམ་ཚིག་སྒྲོལ་མ་རྣལ་འབྱོར་མ་ཆེན་མོའི་རྩ་བའི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བའི་སྔོན་འགྲོ་སྟ་གོན་གྱི་རིམ་པ་སྒྲུབ་པར་བྱེད་པ་ལ་སྟ་གོན་གྱི་རིམ་པ་བཞིར་ཡོད་པའི་ས་ལྷ་དང་། དཀྱིལ་འཁོར་པ་དང་བུམ་པ་སྟ་གོན་རྣམས་སྔོན་དུ་སོང་ནས་འདིར་སློབ་མ་སྟ་གོན་ཏུ་གནས་པའི་བྱ་བ་བསྒྲུབ་པ་ཡིན་པས་ཞུ་བའི་ཡོན་ཏུ་མཎྜལ་འབུལ་བར་ཞུ། ཅེས་མཎྜལ་འབུལ་དུ་གཞུག །དེའང་སྟ་གོན་ཏུ་བྱ་བའི་ཆོས་བཅུ་གསུམ་ཡོད་པ་ལས་དང་པོ་མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་བསྐྱེད་པ་ལ་ཐུགས་འདུན་འདི་བཞིན་དུ་མཛད་འཚལ། གསང་བ་སྤྱི་རྒྱུད་ལས། སྔགས་ཀྱི་དངོས་གྲུབ་དོན་གཉེར་གང་། །དཀྱིལ་འཁོར་འདིར་ནི་འཇུག་བྱ་སྟེ། །བསོད་ནམས་འདོད་པས་དེ་ལས་གཞན། །གཞན་དོན་འཇིག་རྟེན་ཕ་རོལ་གཉེར། །དད་པ་ཆེན་པོ་ལྡན་པ་དག །འཇིག་རྟེན་ཕ་རོལ་ལ་དམིགས་ནས། །བློ་ལྡན་དཀྱིལ་འཁོར་འཇུག་བྱ་སྟེ། །འདི་ཡི་འབྲས་བུ་གཉེར་མི་བྱ། །གལ་ཏེ་འདི་འབྲས་དོན་གཉེར་ན། །འཇིག་རྟེན་ཕ་རོལ་འགྲུབ་མི་འགྱུར། །འཇིག་རྟེན་ཕ་རོལ་ལ་དམིགས་ན། །ཕོངས་


LT33_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པར་འདི་འབྲས་འགྲུབ། །ཅེས་དང་། །སློབ་དཔོན་ཆེན་པོ་ཨ་བྷ་ཡཱ་ཀ་རས། ཇི་སྐད་དུ། འཇིག་རྟེན་འདི་ཉིད་ཀྱི་མངོན་པར་མཐོ་བ་དོན་དུ་གཉེར་བས་མ་ཡིན། འཇིག་རྟེན་ཕ་རོལ་ཏུ་མངོན་པར་མཐོ་བའི་ཆེད་དུ་ཡང་མ་ཡིན་གྱི་འོན་ཀྱང་དེ་བཞིན་གཤེགས་པའི་སྐུ་གསུམ་གྱི་ཕུན་སུམ་ཚོགས་པ་འཐོབ་པར་བྱ་བའི་ཕྱིར་དཀྱིལ་འཁོར་དུ་འཇུག་པར་བྱའོ། །དེ་ལྟ་བུས་ནི་མངོན་པར་མཐོ་བ་གཉིས་ཀྱང་འཐོབ་པར་འགྱུར་རོ། །ཞེས་གསུངས་པ་ལྟར་ཚེ་འདི་དང་ཕྱི་མའི་མངོན་མཐོ་དོན་གཉེར་ཙམ་མ་ཡིན་པར་སྤྱིར་ཐར་པ་དང་ཁྱད་པར་ཐམས་ཅད་མཁྱེན་པའི་གོ་འཕང་སྐུ་གསུམ་གྱི་བདག་ཉིད་དོན་དུ་གཉེར་བས་འཇུག་དགོས་ལ། དེ་ལ་ཐོག་མར་འཁོར་བའི་ཉེས་དམིགས་ཤེས་པ་གལ་ཆེ་བས་འདི་བཞིན་དགོངས་དགོས་ཏེ། དེའང་རྒྱལ་ཚབ་བྱམས་པ་མགོན་པོས། །མི་གཙང་བ་ལ་དྲི་ཞིམ་མེད་ལྟར་འགྲོ་ལྔ་དག་ན་བདེ་བ་མེད། ཅེས་གསུངས་པ་ལྟར་ཁམས་གསུམ་འཁོར་བ་འདི་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་ལས་བདེ་བའི་གོ་སྐབས་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། དམྱལ་བ་ན་བཙོ་བསྲེག་གཤག་གཏུབས་ཚ་གྲང་གི་སྡུག་བསྔལ་བཟོད་པར་དཀའ་བ་དང་། ཡི་དྭགས་རྣམས་ནི་བཀྲེས་སྐོམ་ངལ་དུབ་འཚོལ་འབྲོས་ཀྱིས་ཤ་ཐང་བ་དང་། དུད་འགྲོ་རྣམས་ནི་བླུན་ཞིང་རྨོངས་ལ་བརྡེག་འཚོག་བཀོལ་སྤྱོད་གསོད་པ་སོགས་ཀྱིས་


LT33_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཉམ་ང་བ་དང་། མི་རྣམས་ནི་སྐྱེ་རྒ་ན་འཆི་མེད་འཚོལ་ཡོད་བསྲུང་གཉེན་བྲལ་དགྲ་དང་འཕྲད་པ་སོགས་ཀྱི་སྡུག་བསྔལ་རང་རེ་རྣམས་ཀྱི་མངོན་སུམ་པ་འདི་དང་། ལྷ་མིན་རྣམས་འཐབ་ཅིང་རྩོད་པ་དང་། འདོད་པའི་ལྷ་རྣམས་འཆི་ལྟས་ཀྱིས་ཕོག་པའི་སྡུག་བསྔལ་དང་། གཟུགས་གཟུགས་མེད་རྣམས་སྔོན་གྱི་འཕེན་པ་ཟད་པ་ན་གནས་འོག་མ་རྣམས་སུ་ལྟུང་བས་ཡིད་བརྟན་མི་རུང་བ་སོགས་མདོར་ན་རིགས་དྲུག་སོ་སོའི་སྡུག་བསྔལ་དང་། སྤྱི་ཙམ་དུ་སྡུག་བསྔལ་བརྒྱད་དང་དྲུག་དང་གསུམ་ལ་སོགས་པ་དཔག་ཏུ་མེད་པ་ཡོད་པས་ཉེས་པ་ཀུན་གྱི་འབྱུང་གནས་འཁོར་བ་འདི་ལ་སྐྱོ་བ་བསྐྱེད་དེ་འཁོར་བའི་རྒྱུ་ལས་ཉོན་ས་བོན་དང་བཅས་པ་སྤངས་པའི་ཐར་པ་མྱ་ངན་ལས་འདས་པ་འབའ་ཞིག་དོན་དུ་གཉེར་རིགས་པ་ཡིན། སྤྱིར་ཐར་པ་ལའང་བྱང་ཆུབ་རྣམ་པ་གསུམ་ཡོད་ཀྱང་འདིར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐར་པ་ཆེན་པོ་སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་བའི་ཐུགས་བསྐྱེད་དེ། ནམ་མཁའི་མཐའ་ཁྱབ་སེམས་ཅན་ཐམས་ཅད་རང་གི་ཚེ་རབས་སྔོན་མ་རྣམས་སུ་ཕ་མར་མ་གྱུར་པ་མེད་དྲིན་ཅན་ཤ་སྟག་ཡིན། དེ་རྣམས་སྡུག་བསྔལ་གྱིས་མནར་བ་ལས་བསྒྲལ་ནས་བདེ་བ་ལ་འགོད་དགོས་པར་འདུག །དེ་ལ་ཐོག་མར་རང་ཉིད་སངས་རྒྱ་དགོས་པར་འདུག་པས་སེམས་ཅན་རྣམས་ཀྱི་དོན་དུ་བདག་གིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། སངས་རྒྱས་དེ་


LT33_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དམ་པའི་ཆོས་ཀྱི་དོན་བསྒོམ་པ་ལས་བྱུང་ན། ད་རེས་དམ་པའི་ཆོས་ཀྱི་སྙིང་པོ་མཐར་ཐུག་པ་གསང་ཆེན་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་ཟབ་མོའི་སྒོར་ཞུགས་ཏེ་རང་གཞན་ཐམས་ཅད་ཀྱི་དོན་བསྒྲུབ་པར་བྱའོ་སྙམ་དུ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ནན་གྱིས་གསལ་ཐོབ་མཛོད། གཉིས་པ་བུར་བྱ་བ་ཞེས་པ་བླ་མ་ཡབ་ཡུམ་གྱི་སྲས་སུ་བསྐྲུན་པའི་ཚུལ་གྱིས་རིགས་ངེས་པས་དེའི་བྱ་བ་བྱེད་ནུས་སུ་བྱིན་གྱིས་བརླབས་པའི་དོན་ཡིན་པས་དམིགས་པ་འདི་ལྟར་མཛོད། སློབ་དཔོན་སྐད་ཅིག་གིས་དོན་ཡོད་གྲུབ་པ་རྡོ་རྗེ་རྟའི་རྒྱལ་པོ་སྐུ་མདོག་སྔོ་སངས་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་རོལ་པའི་ཁྲོ་བོ་ཞི་མ་ཁྲོའི་རྣམ་པ་ཅན། ཕྱག་གཡས་སྣ་ཚོགས་རྡོ་རྗེས་ཡུ་བ་བྱས་པའི་རལ་གྲི་དང་། གཡོན་དེའི་ཡུ་བ་ཅན་གྱི་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། སྟག་པགས་དང་དར་དང་རུས་པ་དང་སྦྲུལ་གྱིས་བརྒྱན་པ། ཞབས་གཡོན་བརྐྱང་བའི་དོར་སྟབས་ཀྱིས་པད་ཉི་ལ་བཞུགས་པ། ཡུམ་དམ་ཚིག་སྒྲོལ་མ་སྔོ་ལྗང་གྲི་གུག་དང་ཐོད་པ་འཛིན་པ་གཅེར་མོ་ཕྱག་རྒྱ་ལྔས་བརྒྱན་ཞིང་སྐྲ་གྲོལ་བ་དང་མཉམ་པར་སྦྱོར་ཞིང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་རོལ་པར་གསལ་བའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། ཁྱེད་རང་རྣམས་ཀྱི་སྐུ་ལུས་ལ་ཕོག་པས་ཡེར་གྱིས་དྲངས་ཏེ་བླ་མའི་ཞལ་དུ་


LT33_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས། སྐུའི་དབྱིབས་བརྒྱུད་ཐུགས་ཀར་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་རྡོ་རྗེའི་ལམ་བརྒྱུད་ཡུམ་གྱི་པདྨར་བབས་པས་སྒྲོལ་མ་སྔོ་ལྗང་ཞལ་གཅིག་ཕྱག་གཉིས་མ་མཆོག་སྦྱིན་དང་ཨུཏྤལ་འཛིན་པའི་སྐུར་གྱུར་ཏེ་ཡུམ་གྱི་བྷ་གའི་གཡོན་གྱི་མཐའ་ནས་ཕྱིར་སྤྲོས་ནས་རང་རང་སོ་སོའི་གདན་ལ་འཁོད་པའི་མོས་པ་མཛོད། གསུམ་པ་གསོལ་བ་གདབ་པ་ནི། ཇི་སྐད་དུ། གང་གིས་སློབ་དཔོན་གསོལ་མ་བཏབ། །དེ་ཡི་རིགས་སུ་སྐྱེ་བ་མེད། །ཅེས་གསུངས་ཤིང་ཇི་ལྟར་གསོལ་བ་གདབ་ཚུལ་ཡང་། །མདུན་དུ་དུལ་བར་འདུག་པ་དང་། །གོས་སོགས་ཚུལ་ནི་བསྡམས་པ་དང་། །པུས་བཙུགས་ཐལ་མོ་སྦྱར་བྱས་ནས། །ཉན་སོགས་འདོད་པས་གསོལ་གསུམ་གདབ། །ཞེས་པ་ལྟར་གུས་ཤིང་ལེགས་པར་བསྡམས་པའི་སྤྱོད་ལམ་དང་བཅས་པས་སློབ་དཔོན་ལ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། སྐྱེ་རྒ་འཆི་བ་ན་ཀྲ་ཡི། །ཆུ་སྲིན་ལ་སོགས་འཇིགས་རུང་བ། །འཁོར་བའི་རྒྱ་མཚོ་ཆེན་པོ་ལས། །འདོན་པར་མཛད་པ་ཁྱོད་འབའ་ཞིག །བདག་གི་སྟོན་པ་དགྱེས་ཆེན་ཁྱོད། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་


LT33_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ལན་གསུམ། དེ་ནས་བཞི་པ་སྤྲོ་བ་བསྐྱེད་པའི་ཚིག་འདི་ཉིད་ལ་གསན་པས་ཁྱབ་པར་གདའ། བུ་ཚུར་ཤོག་ཅིག་ཐེག་ཆེན་པོ། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་གྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །རྡོ་རྗེ་སྔགས་ཀྱི་མཐུ་ཡིས་ནི། །ཡེ་ཤེས་མཉམ་མེད་ཡང་དག་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་པ། །གང་གིས་ཤཱཀྱ་སེང་གེ་སོགས། །མཆོག་རྣམས་ཀྱིས་ནི་བདུད་ཀྱི་སྡེ། །མི་བཟད་ཆེན་པོ་སྟོབས་ཆེན་བཅོམ། །འཇིག་རྟེན་རྗེས་འཇུག་རྟོགས་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །དེའི་དོན་ཡང་གསོལ་བ་བཏབ་པ་ལ་བརྩེ་བའི་ཐུགས་རྗེས་བུ་ཞེས་ཉེ་བའི་ཚིག་གིས་བོས་ཏེ་ཚུར་ཤོག་ཅིག་དང་གསང་སྔགས་ཟབ་མོའི་སྒོར་སྤྱད་པ་སྤྱོད་པའི་ཚུལ་ཡང་དག་པར་བསྟན་པར་བྱ་སྟེ་ཁྱོད་ནི་ཐབས་ཚུལ་ཆེན་པོ་རྡོ་རྗེ་ཐེག་པའི་སྣོད་དུ་རུང་བའི་ཕྱིར་རོ། །སྐུ་གསུང་ཐུགས་རྡོ་རྗེ་བདེ་བ་ཆེན་པོ་ཡེ་ཤེས་ཀྱི་སྐུ་ཅན་དུས་གསུམ་དུ་གཤེགས་ཤིང་འབྱོན་


LT33_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སངས་རྒྱས་ཐམས་ཅད་རྡོ་རྗེ་ཐེག་པའི་གསང་ལམ་ཁོ་ནས་མཐར་ཐུག་པའི་ཡེ་ཤེས་བརྙེས་ཏེ་བདུད་ཀྱི་སྡེ་མི་བཟད་པ་རྣམས་བཅོམ། འཇིག་རྟེན་ཁམས་ཀྱི་འགྲོ་བ་ཀུན་ཀྱང་དེའི་རྗེས་སུ་འཇུག་པའི་སྐལ་པ་ཅན་ཏུ་མཁྱེན་ནས་ཟབ་ཅིང་རྒྱ་ཆེ་བའི་ཆོས་འཁོར་བསྐོར་ཏེ་ཞི་བ་མྱང་འདས་ལ་གཞོལ་པའི་ཚུལ་བསྟན་པ་སྟེ་མདོར་ན་རྒྱལ་བ་དེ་དག་གིས་རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་འགྲུབ་པའི་ཡོན་ཏན་མཐའ་དག་གསང་སྔགས་ཀྱི་ལམ་མཆོག་འདི་ལས་བརྙེས་པ་ཡིན་པས་ན། བུ་ཁྱོད་ཀྱང་འདི་ལས་བློ་གཞན་ཏུ་མི་འགྱུར་བ་གྱིས་ཤིག་ཅེས་པ་ལགས་སོ། །དེ་ནས་སྡོམ་པ་བཟུང་བ་ལ་ཐོག་མར་ཐུན་མོང་གི་སྡོམ་བཟུང་མཛད་དགོས་པས། དེ་ལ་དམིགས་པའི་ཁྱད་པར་བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོ་དབྱེར་མ་མཆིས་པའི་རྣམ་པར་བཞུགས་པའི་མཐའ་བསྐོར་དུ་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་སྤྲིན་ཕུང་གཏིབས་པ་ལྟར་མངོན་སུམ་དུ་བཞུགས་པར་མོས་ལ། དེའི་སྤྱན་སྔར་ཁྱེད་རང་རྣམས་ཀྱིས་གཙོར་མཛད་པའི་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ལྷན་ཅིག་ཏུ་འཁོད་པར་མོས་ཏེ། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་བདེ་བ་དང་སྡུག་བསྔལ་བ་ཁྱོད་ཀྱིས་མཁྱེན་ནོ། །བདེ་བའམ་སྡུག་བསྔལ་ཀྱང་རུང་ཁྱོད་ལས་སྐྱབས་གཞན་མ་མཆིས་སོ་སྙམ་


LT33_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བློ་གཏད་ལིངས་བསྐྱུར་གྱི་མོས་པ་དྲག་པོས་སྐྱབས་སུ་འགྲོ་བ་དང་། སྔར་བྱས་པའི་སྡིག་དྲན་པ་དང་མི་དྲན་པ་ཐམས་ཅད་ལ་དུག་ཁོང་དུ་སོང་བ་ལྟ་བུའི་འགྱོད་པ་དྲག་པོ་དང་། ཕྱིན་ཆད་དེ་ལྟ་བུ་སྲོག་ལ་བབས་ཀྱང་མི་བྱེད་སྙམ་དུ་དམ་འཆའ་བའི་སྡོམ་སེམས་དང་ལྡན་པས་སྡིག་པ་བཤགས་པ་དང་། རང་དང་གཞན་གྱི་དགེ་བའི་རྩ་བ་ཐམས་ཅད་ལ་རློམ་སེམས་དང་ཕྲག་དོག་མེད་པའི་སྒོ་ནས་རྗེས་སུ་ཡི་རངས་པ་དང་། ནམ་མཁས་ཁྱབ་པའི་སེམས་ཅན་མཐའ་དག་རང་གི་ཕ་མ་དྲིན་ཅན་ཤ་སྟག་ཡིན་པ་ལ་ཐམས་ཅད་འཁོར་བའི་རྒྱ་མཚོ་ཆེན་པོར་འཁྱམས་ནས་སྡུག་བསྔལ་ལ་སྤྱོད་པ་འདི་རྣམས་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པའི་ཕྱིར་དུ་བདག་གིས་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེའི་ཕྱིར་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་མཐའ་དག་ལ་ཚུལ་བཞིན་དུ་བསླབ་པར་བགྱིའོ་སྙམ་པའི་མོས་པ་དང་ལྡན་པས་འདིའི་རྗེས་ཟློས་མཛད་འཚལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །ལན་གསུམ། དེ་ནས་ཐུན་མོང་མ་ཡིན་པ་སློབ་དཔོན་གྱི་སྡོམ་པ་གཟུང་བའི་ཕྱིར། སྟ་གོན་གྱི་ཆོས་ལྔ་པ་སྦྱིན་པར་གསོལ་བ་གདབ་པ་ནི། བླ་མ་དཀྱིལ་འཁོར་


LT33_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་མོ་དང་ཐ་མི་དད་པར་མོས་པའི་སྤྱན་སྔར་སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། འཁོར་ལོ་ཕྱིར་མི་ལྡོག་པའི་དབང་། །དམ་པ་བདག་ལ་སྩལ་ནས་ནི། །མགོན་པོ་འཁོར་ལོ་ལྷ་དག་གི། །དེ་ཉིད་སློབ་དཔོན་ཕྲིན་ལས་དང་། །སངས་རྒྱས་ཀུན་གྱི་དམ་ཚིག་དང་། །སྡོམ་པ་གསང་མཆོག་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྟག་ཏུ་བདག་ནི་སློབ་དཔོན་བགྱིད། །ཅེས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་དྲུག་པ་སྡོམ་པ་བསྒྲགས་པ་ཡིན་པས་འདི་ལ་གསན་པ་ཞུ། །སངས་རྒྱས་ཆོོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། །འདི་ནི་སངས་རྒྱས་རིགས་དག་པའི། །སྡོམ་པ་བརྟན་པོར་གྱུར་པའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །བློ་ཆེན་ཁྱོད་ཀྱིས་གཟུང་བྱ་སྟེ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་སུ་བཤད། །སློབ་དཔོན་ཁྱོད་ཀྱིས་གཟུང་བར་བྱ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུངས། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་ཆོས་ཁྱོད་ཀྱིས་གཟུང་བར་བྱ། །འདི་ནི་པདྨའི་རིགས་


LT33_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་གྱིས། །མཆོད་པའི་ལས་ཀྱང་ཅི་ནུས་བྱོས། །དེ་ལས་གཞན་ཡང་བཅུ་བཞི་ནི། །ཕས་ཕམ་པར་ནི་རབ་ཏུ་བཤད། །སྤང་ཞིང་དོར་བ་མི་བྱ་སྟེ། །རྩ་བའི་ལྟུང་བ་ཞེས་བཤད་དོ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་བཞིན་དུ་བཟླ་བར་བྱ། །གལ་ཏེ་ཉམས་གྱུར་རྣལ་འབྱོར་པ། ཁ་ན་མ་ཐོ་སྦོམ་པོར་འགྱུར། །ཁྱོད་ཀྱིས་སྲོག་ཆགས་བསད་མི་བྱ། །མ་སྦྱིན་པར་ཡང་མི་བླང་ངོ། །འདོད་ལ་ལོག་པར་མི་སྤྱད་ཅིང་། །རྫུན་དུ་སྨྲ་བར་མི་བྱའོ། །ཕུང་ཁྲོལ་ཀུན་གྱི་རྩ་བ་ཡི། །ཆང་ནི་རྣམ་པར་སྤང་བར་བྱ། །སེམས་ཅན་དོན་ཕྱིར་མ་གཏོགས་པ། །བྱ་བ་མ་ཡིན་ཐམས་ཅད་སྤང་། །དམ་པ་ཉེ་བར་བསྟན་བྱ་ཞིང་། །རྣལ་འབྱོར་མ་ཀུན་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང་། །ངག་གི་རྣམ་པ་བཞི་དག་དང་། །ཡིད་ཀྱི་རྣམ་པ་གསུམ་དག་ནི། །ཅི་ནུས་པར་ནི་རྗེས་སུ་སྐྱོངས། །ཐེག་པ་དམན་ལ་འདོད་མི་བྱ། །སེམས་ཅན་དོན་ལ་རྒྱབ་ཕྱོགས་མིན། །འཁོར་བ་དག་ཀྱང་ཡོང་མི་སྤང་། །རྟག་ཏུ་མྱ་ངན་འདས་མི་ཆགས། །ལྷ་དང་ལྷ་མིན་གསང་བ་པ། །ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང་། །ཕྱག་རྒྱ་


LT33_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

བཞོན་པ་མཚོན་ཆ་དང་། །མཚན་མ་འགོམ་པར་མི་བྱའོ། །འདི་དག་དམ་ཚིག་ཡིན་པར་བཤད། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །རྗེས་མཐུན་སྡོམ་པ་རྒྱ་ཆེར་ནི། །གསང་བའི་རྒྱུད་ལས་རབ་ཏུ་བཤད། །དེའང་སྡོམ་པ་བཟུང་མི་ནུས་པ་ལ་དབང་བསྐུར་ཡང་བསྐུར་བ་པོ་དང་བསྐུར་ཡུལ་གཉིས་ཀ་ལ་ཉེས་པ་ཆེན་པོའི་རྒྱུར་འགྱུར་ཞིང་དབང་ཐོབ་མི་ཐོབ་སྡོམ་པ་ཡོད་མེད་ལ་རགས་ལས་པ་ཡིན་པས་བསྒྲུབ་བྱ་རིགས་ལྔའི་སྡོམ་པ། བསྲུང་བྱ་རྩ་ལྟུང་བཅུ་བཞི་གཙོ་བོར་གྱུར་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་མཐའ་དག་ཚུལ་བཞིན་དུ་བསྲུང་དགོས་སོ། །ཞེས་གདམས་པ་ཡིན་པས་དེ་དག་ཚུལ་བཞིན་ཏུ་བཟུང་བར་བགྱིའོ་སྙམ་པའི་དམ་བཅའ་བརྟན་པོས་སྟ་གོན་གྱི་ཆོས་བདུན་པ་སྡོམ་པ་བཟུང་བ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་བདག་གིས་བགྱིད་པར་འཚལ། །ལན་གསུམ། དེ་ནས་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་ལ་དམིགས་པ་འདི་བཞིན་མཛོད། ཁྱེད་རང་རྣམ་པའི་ཐུགས་ཀར་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཉི་ཟླ་ལ་ཧཱུྃ་མཐིང་ཁས་མཚན་པ། མགྲིན་པར་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཉི་ཟླ་ལ་ཨཱཿདམར་པོས་མཚན་པ། སྤྱི་བོར་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་སྟེང་དུ་ཉི་ཟླ་ལ་ཨོཾ་དཀར་པོས་མཚན་པ་རྣམས་རིམ་བཞིན་སངས་རྒྱས་ཐམས་ཅད་ཀྱི་ཐུགས་དང་གསུང་དང་སྐུ་རྡོ་རྗེའི་ངོ་བོར་


LT33_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པའི་མོས་པ་མཛོད་ལ་དེ་ཉིད་བརྟན་པར་བྱ་བའི་ཆེད་དུ་སློབ་དཔོན་གྱིས་ཁྱེད་རང་རྣམས་ཀྱི་སྐུའི་གནས་གསུམ་དུ་མས་རིམ་གྱིས་དྲིའི་ཐིག་ལེ་བཀོད་པའི་མོས་པ་མཛོད། ཅེས་སློབ་དཔོན་གྱི་ལག་གཡས་རྡོ་རྗེ་དང་བཅས་པའི་ཁུ་ཚུར་གྱིས་དྲིའི་ཆུ་དུང་ཆོས་ནས་མཛུབ་མོས་བླངས་ཏེ་སློབ་མའི་སྙིང་ག་མགྲིན་པ་སྤྱི་བོ་རྣམས་སུ་དྲིའི་ཐིག་ལེ་བྱ་ཞིང་ཧཱུྃ་ཨཱཿཨོཾ་ཞེས་བརྗོད། བརྒྱད་པ་དངོས་གྲུབ་ཀྱི་ལྟས་བརྟག་པའི་ཕྱིར་སོ་ཤིང་དོར་བ་ལ་ཐོག་མར་བྱིན་གྱིས་བརླབ་པར་བྱ་བ་སྟེ། ཞེས་སོ་ཤིང་སློབ་དཔོན་གྱི་ལག་ཏུ་བླངས་ལ། བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་སོ་ཤིང་བྱང་ཆུབ་ཤིང་གི་རང་བཞིན་རྩེ་མོ་ལ་སྲད་བུ་དམར་པོ་དང་མེ་ཏོག་གི་ཕྲེང་བ་བཅིངས་པ། དངོས་གྲུབ་ཀྱི་ལྟས་བརྟག་པའི་ནུས་པ་དང་ལྡན་པར་གྱུར། ཅེས་བརྗོད་ཅིང་མོས་ལ་ལག་གཉིས་ཀྱིས་དྲིལ་ཞིང་བདུད་རྩི་འཁྱིལ་པའི་སྔགས་བཟླ་བཞིན་དུ་སློབ་མ་ཁ་བྱང་དུ་ཕྱོགས་ཤིང་ཐལ་མོ་སྦྱར་བའི་བར་དུ་སྦྱིན་ཏེ། འོ་སོ་ཤིང་འདི་ཉིད་རྩེ་མོ་སྟེང་དུ་བསྟན་ནས་ཐལ་མོའི་བར་དུ་བཟུང་སྟེ་རྩེ་མོ་ནས་ཅུང་ཟད་འཇིབས་པའི་སྟངས་ཀ་མཛད་དེ། སྤྱན་སྟེང་དུ་གཟིགས་ཤིང་དངོས་གྲུབ་ཀྱི་ལྟས་གང་ཡིན་པ་གསལ་བར་གྱུར་ཅིག་དགོངས་ཏེ་མདུན་དྲང་པོར་མཎྜལ་གྱི་དབུས་སུ་ལྟོས་པ་མེད་པར་འདོར་བ་དང་ལྷན་ཅིག །ཨོཾ་བཛྲ་ཧ་ས་ཧཿཞེས་གསུང་བ་ཞུ། ཞེས་སོ་ཤིང་གིར་བའི་མཎྜལ་ལ་འདོར་དུ་གཞུག །དེ་ལྟར་དོར་བའི་ལྟས་ཀྱི་མཚན་


LT33_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

མའང་སྤྱི་རྒྱུད་ལས། །དེ་ཚེ་བདག་ལ་ལྟ་བ་དང་། །རྩེ་མོ་གྱེན་དུ་འགྲེང་གྱུར་ན། །དེ་ནི་དངོས་གྲུབ་མཆོག་ཅེས་བྱ། །དེ་བཞིན་ཤར་དུ་ཁ་བལྟས་ན། །དེ་ནི་དངོས་གྲུབ་འབྲིང་དུ་བཤད། །མཚམས་དང་བྱང་དུ་ཁ་བལྟས་ན། །འཇིག་རྟེན་པ་ཡི་དངོས་གྲུབ་འགྲུབ། །སོ་ཤིང་དོར་བ་བརྒྱ་ལམ་ཞིག །གལ་ཏེ་ཐུར་དུ་ཁ་བལྟས་ན། །དེ་ནི་ངེས་པར་ས་འོག་གི། །དངོས་གྲུབ་དེ་ནི་ཐེ་ཚོམ་མེད། །ཅེས་གསུངས་པ་ལྟར་རོ། །དགུ་པ་ཁྱོར་ཆུ་སྦྱིན་པ་ནི། །དྲི་བཟང་གི་ཆུ་འདི་ཉིད་ཕྱག་གཡས་གཡོན་གང་རུང་གི་ཁྱོར་བར་བཟེད་དེ་ཞལ་དུ་བཞེས་ཏེ། ཕྱིར་ཕོས་པས་ངག་གི་ཉེས་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་གྱུར་པའི་མོས་པ་མཛོད། ཅེས་པའི་མཐར། ཨོཾ་ཧྲཱིཿབི་ཤུདྷ་དྷརྨ་སརྦ་པཱ་པཾ་ནི་ཤྩ་ཨསྱ་ཤོ་དྷ་ཡ་སརྦ་བི་ཀ་ཝཱན་ཨ་པཱ་ན་ཡ་ཧཱུྃ། ཞེས་དུང་གི་ཆུ་ཁྱོར་བར་བླུག་པ་ཁྱོར་ཆུ་སྦྱིན་ཏེ་ཁ་བཤལ་དུ་འཇུག །བཅུ་པ་སྲུང་སྐུད་སྦྱིན་པ་ནི། སྤྱིར་ལུས་ངག་ཡིད་གསུམ་ལ་བར་དུ་གཅོད་པ་མཐའ་དག་བསྲུང་བ་དང་ཁྱད་པར་རྨི་ལམ་གདོན་གྱིས་བྱས་པ་ལ་སོགས་པའང་སྲིད་པས་དེ་བསྲུང་བའི་ཆེད་དུ་ཐུགས་དམིགས་འདི་བཞིན་མཛོད། སྲུང་སྐུད་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་སྲད་བུ་དམར་པོ་རྡོ་རྗེའི་མདུད་པ་གསུམ་དང་བཅས་པ། བར་ཆད་སྲུང་བའི་ནུས་པ་དང་ལྡན་པར་གྱུར། ཡེ་ཤེས་ཀྱི་སྲས་བུ་ཕཻཾ། ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་ཐིམ།


LT33_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་འཁྱིལ་པའི་སྔགས་བཟླ་བཞིན་ཏུ་སྐྱེས་པའི་དཔུང་པ་གཡོན་དང་བུད་མེད་ཀྱིས་གཡས་སུ་བཅིང་ངོ། །མདུད་མཚམས་ནང་མཆོད་ཀྱིས་གཏེར་རྡོ་རྗེ་རྒྱ་གྲམ་དུ་རེག་ལ། སྐུ་ལུས་ཐམས་ཅད་རྡོ་རྗེའི་གོ་ཁྲབ་ཀྱིས་ཞུ་ལུགས་སུ་གཏམས་པའི་མོས་པ་མཛོད། ཅེས་བྱ། བཅུ་གཅིག་པ་ཀུ་ཤ་སྦྱིན་པ་ནི། རྨི་ལམ་མི་འཁྲུག་པར་བྱ་བའི་སླད་དུ་བྱུར་དང་མི་གཙང་བ་ཐམས་ཅད་འཇོམས་པར་བྱེད་པའི་བཀྲ་ཤིས་པའི་རྩྭའི་སྟན་སྦྱིན་པ་ཡིན་ཏེ། ཀུ་ཤ་ཐོགས་ལ། བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་ཀུ་ཤ་སྔོ་ལྗང་རྩ་རྩེ་མ་ཉམས་པ་རྨི་ལམ་མི་འཁྲུགས་པར་བྱེད་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་བཛྲ་ཏཱི།།།བནྡྷ་བཾ། ཞེས་ཀུ་ཤ་ཆེ་བ་གཡས་དང་། ཆུང་བ་གཡོན་དུ་གཏད། བཅུ་གཉིས་པ་བར་ཆད་ལས་བསྲུང་བ་ནི། བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བསངས་པས་བགེགས་ཐམས་ཅད་རིང་དུ་བསྐྲད་པའི་མོས་པ་མཛོད། ཅེས་བསངས་ཆུ་གཏོར་ཞིང་། ན་མཿས་ས་མནྟ་བུདྡྷེ་བྷྱོ་སོགས་བདུད་རྩི་འཁྱིལ་བའི་སྔགས་བརྗོད་དེ་བསང་གཏོར་བྱ། ཁྱེད་རང་རྣམས་ཀྱི་གནས་བདུན་དུ་རྡོ་རྗེའི་ཕྱག་རྒྱ་རེག་ཅིང་སྔགས་བརྗོད་པའི་ཚེ། གནས་བདུན་དུ་རྡོ་རྗེ་རྩེ་ལྔ་པ་རེ་རེ་འཁོད། དེ་ལས་འཕྲོས་པའི་རྡོ་རྗེ་ཕྲ་མོའི་ཚོགས་ཀྱིས་སྐུ་ལུས་ཐམས་ཅད་གོ་མཚམས་མེད་པར་བཞུ་ལུགས་སུ་གཏམས་པའི་མོས་པ་མཛོད། ཅེས་བརྗོད་ཅིང་ལག་གཉིས་ཐལ་མོ་སྦྱར་


LT33_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གུང་མོ་གཉིས་གཤིབས། མཛུབ་མོ་གཉིས་ཀྱིས་དེའི་མཐའ་བསྐྱོར། སྲིན་ལག་གཉིས་ལག་མཐིལ་དུ་བསྐུམ། མཐེ་བོང་མཐེའུ་སོ་སོར་སྦྱར་ཏེ་བསྒྲེང་བའི་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་སློབ་མའི་སྤྱི་བོ། དཔུང་པ་གཉིས། པུས་མོ་གཉིས། རྒྱབ་ཀྱི་སོག་ཕྲག །མདུན་གྱི་སྙིང་ཁ་རྣམས་སུ་གཏུགས་ཤིང་། ཡི་གེ་བཅུ་པའི་མཐར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་བདུན་བརྗོད་དེ་བསྲུང་བ་བྱ། དེས་བགེགས་དང་བར་ཆད་ཐམས་ཅད་ལས་བསྲུང་བ་བགྱིས་པའི་མོས་པ་མཛོད། བཅུ་གསུམ་པ་མཐོང་བ་སྒྲོག་པ་ནི། དོ་ནུབ་རྨི་ལམ་གྱི་མཚན་མ་བརྟག་དགོས་པས་ཁྱེད་རང་རྣམས་གང་དུ་བཞུགས་པའི་གནས་དེ་ཉིད་དཀྱིལ་འཁོར་བཞུགས་པའི་ཁང་པ་འདི་ཉིད་དུ་མོས་པའི་ནང་དུ་སྔར་སྤྲད་པའི་ཀུ་ཤ་ཆེ་བའམ་མང་བ་དེ་ཉིད་སྟན་གྱི་འོག་དང་ཆུང་བའམ་ཉུང་བ་དེ་ཉིད་སྔས་ཀྱི་འོག་ཏུ་བཅུག་སྟེ་གཞོགས་གཡས་འོག་ཏུ་ཕབ་པའི་སེང་གེའི་ཉལ་སྟབས་ཀྱིས་གཟིམས་ལ་དུག་གསུམ་གྱི་རྣམ་རྟོག་དང་ཉལ་ཁར་སྨྲ་བརྗོད་མང་པོ་སོགས་སྤངས་ཏེ་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་སྔས་མགོའི་ཐད་ཀྱི་ནམ་མཁར་བཞུགས་པར་མོས་ལ་བཟང་ངན་གྱི་མཚན་མ་ལུང་བསྟན་དུ་གསོལ་སྙམ་པའི་གསོལ་བ་རྩེ་གཅིག་ཏུ་བཏབ་ནས་རྟོག་པ་གཞན་གྱིས་བར་མ་ཆོད་པར་མནལ་བས་ཐོ་རེངས་ཀྱི་ཐུན་ལ་ལྟས་མཚན་གང་བྱུང་བ་དེ་ཉིད་འབྱུང་འགྱུར་གྱི་ལྟས་སུ་


LT33_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་དགོས་ཤིང་། དེའང་བཟང་པོའི་མཚན་མ་བྱུང་ན་དགའ་བ་སྒོམ། ངན་པའི་མཚན་མ་བྱུང་ན་བདུད་རྩི་འཁྱིལ་པའི་སྒོམ་བཟླས་ལ་སོགས་པ་དང་། རང་བཞིན་མ་གྲུབ་པ་སྒྱུ་མ་ལྟ་བུར་ཤེས་པས་ཆོས་ཉིད་དུ་ཟློག་པར་བྱ་དགོས་པ་ཡིན་ལ། ནངས་པར་དཀྱིལ་འཁོར་ཆེན་པོ་མངོན་སུམ་དུ་གཟིགས་པར་འགྱུར་བས་དགྱེས་པ་དང་སྤྲོ་བ་ཆེན་པོ་བསྐྱེད་པ་ཞུ། དེས་དཔལ་སྒྲོལ་མ་འབྱུང་བའི་རྩ་བའི་དཀྱིལ་འཁོར་ཆེན་པོར་འཇུག་པའི་སྔོན་འགྲོ་སྟ་གོན་གྱི་ཆོས་ལས་སློབ་མ་ལྷག་པར་གནས་པའི་རིམ་པ་ལེགས་པར་ཟིན་པ་ལགས་པས་བཏང་རག་མཚོན་པའི་མཎྜལ་འབུལ་བ་ཞུ། ཞེས་མཎྜལ་འབུལ་དུ་གཞུག །དེ་ལྟ་བུའི་དགེ་བའི་རྩ་བ་སེམས་ཅན་གྱི་དོན་དུ་བསྔོ་བར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ལ་སློབ་མ་རང་གནས་སུ་བཏང་ངོ། །བཅུ་དྲུག་པ་ཐིག་ཆོག །བཅུ་བདུན་རྡུལ་ཚོན་གྱི་བྱ་བ་རྣམས་སྐབས་འདིར་མི་འགྲུབ་པའི་དབང་དུ་བྱས་ནས་རས་བྲིས་ཀྱི་དཀྱིལ་འཁོར་བཏིང་། ཞི་དྲག་གི་སྦྱོང་བ་སྤྱི་ལྟར་བྱ་ཞིང་བདུད་རྩི་འཁྱིལ་པའི་རྩ་སྔགས་ཀྱིས་བསྲུང་། དེ་ནས་བདག་འཇུག་ལེའུར་གསུངས་པ་ལྟར་དབང་བུམ་ལྔ་པོ་ལས་བུམ་བཅས་བསྒྲུབ། རོལ་མོ་དང་བཅས་ཏེ་བུམ་པ་རྣམས་དཀྱིལ་འཁོར་ལ་བསྐོར་ཞིང་གཙོ་བུམ་དབུས་དང་ལས་བཞིའི་བུམ་པ་ཕྱོགས་བཞིར་རྐང་གསུམ་ལྟ་བུར་བཀོད། རིག་གཏད་བུམ་པ་དང་ལས་བུམ་ཤར་སྒོའི་གཡས་གཡོན་ཏུ་བཞག །དབང་གི་སྐབས་སུ་དགོས་པའི་ཡོ་བྱད། ཐོར་ཚུགས། སྟོད་གཡོགས།


LT33_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་འབེབས་རྫས་སྦོས་སྣོད་དང་བཅས་པ། དབུ་རྒྱན་དར་དཔྱངས། རྡོ་རྗེ་དྲིལ་བུ། ཡང་རྡོར་དྲིལ་གཉིས། དང་པོའི་རྡོ་རྗེ། དངུལ་ཀོང་དུ་མིག་སྨན་སྦྱར་བ་དང་གསེར་ཐུར། མེ་ལོང་། མདའ་དྲུག་དང་གཞུ་བཅས་པ། རུས་འཕྲེང་ངམ། ཙནྡན་དམར་པོའི་ཕྲེང་བ་གང་རིགས། ཕྱག་མཚན་གྲི་གུག །ཐོད་ཁྲག །ཨུཏྤ་ལའི་སྡོང་བུའི་གཟུགས་བརྙན། མདུང་རྩེ་གསུམ་པ། ཅང་ཏེའུ། རྡོ་རྗེ་ཁ་ཊྭཱཾ་ག །རིགས་ལྔའི་ཕྱག་མཚན། རུས་པའི་རྒྱན་དྲུག །གྲུབ་པ་བརྒྱད་ཀྱི་གཟུགས་བརྙན། ཐོད་པར་ཆང་ལ་མངར་གསུམ་དང་བདུད་རྩི་རིལ་བུ་སྦྱར་བ། རིག་མའི་གཟུགས་བརྙན་སོགས་རྫས་བྱིངས་རྣམས་སྟེགས་བུ་གཞན་ལ་ཁེབས་ཀྱིས་ཅུང་ཟད་བཀབ་སྟེ་མི་མངོན་པར་བྱས་ལ་བཞག་གཞན་ཡང་མིག་དར། མེ་ཏོག །དུང་ཞལ། གཏོར་ཟླུམ་ཐེབ་སྐྱུ་ཅན་ཤ་ཆང་འབྲས་ཆ་ན་བཟའ་བཅའི་རིགས་ཀྱིས་སྦགས་པ་ལ་སྒྲོན་མེ་བཙུགས་པ་རྣམས་དང་། སློབ་དཔོན་གྱི་མདུན་ཏུ་ནང་མཆོད་ཀ་པཱ་ལ། རྡོར་དྲིལ། ཌཱ་རུ། ནས་བཟེད། གུལ་ཡུངས་རྣམས་བཀོད། མཎྜལ་མེ་ཏོག་སོགས་མཁོ་བའི་ཡོ་བྱད་ཚོགས་པར་བྱ། བདག་བསྐྱེད་མཆོད་པ་ཆུ་གཉིས་ཉེར་སྤྱོད་བཤམ་པའི་ཕྱག་ལེན་ཀྱང་ཡོད་ཅིང་། དེ་ལྟ་ན་ལས་བུམ་ཡང་མདུན་ཏུ་བཞག །ལོགས་ཤིག་ཏུ་སྟེགས་བུའམ་མཎྜལ་གཙང་མར་གཞོན་ནུ་མའི་རང་བྱུང་གི་རྡུལ་དང་དྲི་བཟང་གི་ཁུ་བ་སྦྱར་བས་དཀྱིལ་འཁོར་གྲུ་བཞིར་བྱས་པའི་སྟེང་དུ། མེ་ཏོག་གསར་པའི་ཚོམ་བུའམ་མེད་ན་དྲི་བཟང་


LT33_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

གིས་སྦགས་པའི་འབྲུའི་ཚོམ་བུ་དཀྱིལ་འཁོར་གྱི་ལྷའི་བཞུགས་ཚུལ་དང་མཐུན་པར་བཀོད། དེའི་མདུན་དུ་མཆོད་པ་བཤམ་མོ། །དེ་ཡན་ཆད་ཉིན་དང་པོའི་བྱ་བའོ།། ༈ །།ཉིན་གཉིས་པའི་ནངས་པར། བདག་ཉིད་སྐད་ཅིག་གིས་སྒྲོལ་མ་རྣལ་འབྱོར་མའི་སྐུར་གྱུར། པར་མོས་ལ་བདུད་རྩི་བྱིན་རླབས། སྔོན་གཏོར་མཁའ་འགྲོ་སྤྱི་གཏོར་ལྟར་བཏང་། གནས་ཡོ་བྱིན་རླབས། སྐྱབས་འགྲོ་སེམས་བསྐྱེད། རྡོར་སེམས་བསྒོམ་བཟླས་རྣམས་མ་རྒྱུད་སྤྱི་འགྲོ་བདེ་མཆོག་ནག་པོ་ལུགས་ལྟར་བྱ། དེ་ནས་དཀྱིལ་འཁོར་བདག་མདུན་དབྱེར་མེད་དུ་སྒྲུབ་པའི་ཚུལ་བདག་འཇུག་ལེའུ་གསུངས་པར་ལྟར་རས་བྲིས་གཞལ་ཡས་ཁང་དང་ཕྱག་མཚན་བསྐྱེད། བདག་ཉིད་དཀྱིལ་འཁོར་གྱི་དབུས་སུ་འདུག་པར་མོས་ལ། སྒྲུབ་ཐབས་དབུའི་བླ་མ་སངས་རྒྱས་ཀྱི་མཎྜལ་བཞག་ནས། སྒྲུབ་ཐབས་དངོས་ཀྱི་ཚོགས་བསགས་ནས་བརྩམས། ཡེ་ཤེས་ཚོགས་བསགས་སྐབས་བྲིས་པའི་དཀྱིལ་འཁོར་ཡང་བསྡུས་ནས་ཡན་ལག་བཞི་རྫོགས་སུ་བསྐྱེད། མཆོད་བསྟོད་འཕྲོས་སུ་བདག་འཇུག་ནང་ལྟར་སྟ་གོན་གྱི་དཀྱིལ་འཁོར་མཆོད་བསྟོད་བྱས་ནས་རང་ལ་བསྟིམ། གཙོ་མོའི་སྔགས་ཡི་གེ་བཅུ་པ་ཅི་འགྲུབ་བཟླ། དེ་ནས་མདུན་བསྐྱེད་ཀྱི་མཆོད་པ་བྱིན་རླབས་ནས་བཟུང་། མཆོད་བསྟོད་དང་གཏོར་མ་འབུལ་པའི་བར་སོང་ནས། ཕྱི་རོལ་དུ་མཁའ་འགྲོ་སྤྱི་གཏོར་བཏང་། ནང་དུ་ཕྱིན་ནས་རྡོ་རྗེའི་གླུ་དང་སྒོ་དབྱེ་མེ་ཏོག་ཕུལ་ནས་མདུན་བསྐྱེད་ལ་དམིགས་ཏེ། གཙོ་འཁོར་གྱི་བཟླས་པ་ཅ་འགྲུབ་བྱ། གསང་མཆོད་དམིགས་


LT33_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱས་ལ་རྗེས་བཟུང་ཚར་གཅོད་གཉིས་སྒྲུབ་ཐབས་ལྟར་གྲུབ་ནས་མཆོད་བསྟོད་མདོར་བསྡུས། ཟུར་གསལ་ལྟར་ཚོགས་མཆོད་འབུལ་ཞིང་ལྷག་མ་བཏང་། སྨོན་ལམ་དང་བཀྲ་ཤིས་མདོར་བསྡུས་བརྗོད། དེ་ནས་བདག་འཇུག་རྫོགས་པར་བླངས་པའི་མཐར་མེ་ཏོག་འདོར་གཞིའི་དཀྱིལ་འཁོར་ལ་དམིགས་ཏེ། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཡེ་ཤེས་པའི་ལྷ་ཚོགས་གཉིས་པ་སྤྱན་དྲངས། ཚོམ་བུ་དང་དབྱེར་མེད་དུ་བཞུགས་པར་གྱུུར། ཅེས་བརྗོད་ལ། ཨརྒྷཾ་སོགས་ཀྱིས་མཆོད། མཚན་ངེས་པས་བསྟོད། གཙོ་མོའི་སྙིང་པོ་ཡི་གེ་བཅུ་པ་མང་དུ་བཟླས་ལ་བྱིན་གྱིས་བརླབས་པར་མོས། བདུད་རྩི་འཁྱིལ་བ་དང་། མི་གཡོ་བའི་སྔགས་རིང་ཐུང་ཅི་རིགས་པའི་མཐར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཅེས་པ་བཏགས་པ་ལན་མང་དུ་བཟླས་པས་བསྲུང་བ་བྱས་པར་མོས་ལ། འོག་གི་མེ་ཏོག་འདོར་མ་རན་གྱི་བར་དུ་རེ་ཞིག་དར་དམར་པོས་དགབ་པར་བྱའོ། །རིག་གཏད་ཀྱི་བུམ་པ་ལོགས་སུ་བསྒྲུབ་ན་བུམ་པར་གཟུངས་ཐག་གཏད་ལ། བུམ་པའི་ནང་སྔགས་ཀྱི་ཡིག་འབྲུས་གང་བར་གྱུར། ཅེས་དམིགས་ལ་མཚོ་འཁོར་ཡོངས་རྫོགས་ཀྱི་ལྷ་སྔགས་ཅི་ལྟར་རིགས་པར་ཟླས་མཐར། ཡིག་འབྲུ་རྣམས་འོད་དུ་ཞུ་ནས་བུམ་པའི་ཆུར་གྱུར། ཅེས་མོས་ལ་དཀྱིལ་འཁོར་ཡོལ་བས་བསྒྲིབ། དེ་རྣམས་ཀྱིས་ས་བཅད་བཅོ་བརྒྱད་པ་དཀྱིལ་འཁོར་སྒྲུབ་པ། བཅུ་དགུ་མཆོད་པ། ཉི་ཤུ་འཇུག་པ་རྣམས་གྲུབ། དེ་ནས་ཉེར་གཅིག་པ་དབང་བླང་བ་ལ། སྔར་སྟ་གོན་བྱས་པའི་སློབ་


LT33_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྣམས་ལ་ཕྱི་རོལ་དུ་ཁྲུས་བྱ། ནང་དུ་འཁོད་ནས་མེ་ཏོག་བཀྱེ་བསྡུ་བྱས་ལ། མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ཁ་སྦྱོར་ཡན་ལག་བདུན་ལྡན་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མྱུར་བ་ཉིད་དུ་འཐོབ་པར་བྱ། དེའི་སླད་དུ་བཅོམ་ལྡན་འདས་མ་དམ་ཚིག་སྒྲོལ་མ་རྡོ་རྗེ་རྣལ་འབྱོར་མ་ཆེན་པོའི་དཀྱིལ་འཁོར་དུ་འཇུག་ཅིང་མངོན་པར་དབང་བསྐུར་བའི་རིམ་པ་ཟབ་མོ་ལེགས་པར་གསན་པར་བགྱིའོ་དགོངས་པའི་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དང་ལྡན་པའི་སྒོ་ནས་གསན་པར་ཞུ། དེའང་ལྷ་དང་བཅས་པའི་འཇིག་རྟེན་གསུམ་དུ་བླ་ན་མེད་པའི་སྒྲོན་མ་ཆེན་པོ་བདག་ཅག་གི་སྟོན་པ་རྫོགས་པའི་སངས་རྒྱས་ཤཱཀྱའི་རྒྱལ་པོས་གདུལ་བྱ་རིགས་ཅན་གསུམ་གྱི་ཁམས་དབང་བསམ་པའི་ཁྱད་པར་དང་མཐུན་པའི་རྨད་བྱུང་ཆོས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་བསྐོར་བ་ཐམས་ཅད་ཀྱི་ཡང་བཅུད་རྩེ་མོར་གྱུར་པ་ནི་གསང་སྔགས་རྡོ་རྗེ་ཐེག་པ་ཡིན་ལ། སྔགས་ལའང་དབྱེ་སྒོ་མང་དུ་ཡོད་པ་ལས་གྲགས་ཆེ་བ་རྒྱུད་སྡེ་རྣམ་པ་བཞིར་དབྱེ་བའི་ནང་ནས་མཐར་ཐུག་བླ་མེད་ཀྱི་རྒྱུད། དེ་ལའང་ཐབས་ཤེས་ཀྱི་ཆ་གཙོ་བོར་སྟོན་པའི་དབང་ལས་ཕ་རྒྱུད་མ་རྒྱུད་གཉིས་སུ་དབྱེ་བའི་ནང་ཚན་རྣལ་འབྱོར་མའི་རྒྱུད། དེ་ལ་རྟག་པ་མི་བསྐྱོད་པ། རྡོ་རྗེ་


LT33_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ། པདྨ་གར་དབང་། རྟའི་རྒྱལ་པོ། དཔལ་ཧེ་རུ་ཀ་སྟེ་རིགས་དྲུག་གི་བདག་ཉིད་ཅན་ཏུ་བཞུགས་པ་ལས། འདིར་འཕགས་ཡུལ་གྱི་མཁས་པ་མང་ཞིག་དོན་གྲུབ་རྟའི་རྒྱལ་པོའི་རིགས་སུ་བཞེད་ཅིང་། གྲུབ་ཆེན་ཞི་བའི་ཞབས་ཀྱིས་འདི་ཉིད་ཀྱི་རྩ་རྒྱུད་ལས་སྡོམ་པའི་རྩ་རྒྱུད་ཆེན་པོ་མངོན་བརྗོད་འབུམ་པའི་རྗེས་འབྲང་དུ་བསྟན་པས་རྡོར་སེམས་ཧེ་རུ་ཀའི་རིགས་སུ་བཞེད་པ་བཅོམ་ལྡན་འདས་མ་རྗེ་བཙུན་འཕགས་མ་སྒྲོལ་མའི་སྔགས་རྒྱུད་མཐའ་དག་གི་སྙིང་པོར་གྱུར་པ་དཔལ་ཕྲིན་ལས་ཐམས་ཅད་འབྱུང་བ་སྒྲོལ་མ་འདུས་པ་དོན་དམ་པའི་རྒྱུད་དམ་སྒྲོལ་མ་འབྱུང་བའི་རྒྱུད་དུ་ཡང་གྲགས་པ་རྩ་རྒྱུད་དང་རྒྱུད་ཕྱི་མ་བཤད་པའི་རྒྱུད་དང་བཅས་པ་ལ་བརྟེན་པའི་རྩ་བའི་དཀྱིལ་འཁོར་དུ་དབང་བསྐུར་བའི་སྐབས་སུ་བབས་པ་ཡིན། དེའང་བཅོམ་ལྡན་འདས་མ་འདི་ཉིད་ནི་ངེས་པའི་དོན་དུ་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ་གཅིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའམ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་། རྡོ་རྗེ་ཡན་ལག་མའམ་རྡོ་རྗེ་ཕག་མོ་དང་། སྣ་ཚོགས་ཡུམ་དང་། རྡོ་རྗེ་བདག་མེད་མ་དང་། ཡེ་ཤེས་དབང་ཕྱུག་མ་དང་། རྡོ་རྗེ་རོ་ལངས་མ་ལ་སོགས་པ་མཚན་གྱི་རྣམ་གྲངས་དུ་མར་གྲགས་པ་དཀྱིལ་འཁོར་རྒྱ་མཚོ་ཐམས་ཅད་ཀྱི་རིགས་ཀྱི་གཙོ་མོ་འཁོར་ལོའི་དབང་ཕྱུག་མའི་ཚུལ་དུ་བཞུགས་པ་དེ་


LT33_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཡིན་ལ། དྲང་དོན་ཐུན་མོང་བའི་གདུལ་བྱའི་སྣང་ངོར་སྐུའི་བཀོད་པ་འདི་ཉིད་ཀྱི་ཐུན་མོང་མ་ཡིན་པའི་མཛད་པ་བསྟན་ཚུལ་གྱི་དབང་དུ་བྱས་ན། སྔོན་ཐོག་མ་མེད་པའི་དུས་ཞིག་ན་འཇིག་རྟེན་གྱི་ཁམས་སྣ་ཚོགས་པའི་འོད་ཅེས་བྱ་བར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྔ་སྒྲ་ཞེས་བྱ་བ་ཞིག་བྱུང་སྟེ། དེའི་བསྟན་པ་ལ་མཆོག་ཏུ་གུས་པའི་རྒྱལ་པོའི་བུ་མོ་ཡེ་ཤེས་ཟླ་བ་ཞེས་བྱ་བས། བཅོམ་ལྡན་འདས་དེ་འཁོར་དང་བཅས་པ་ལ་ལོ་བྱེ་བ་བརྒྱ་སྟོང་གི་བར་དུ་མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པས་མཆོད་དེ་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཅིང་། །འཁོར་བ་མ་སྟོང་གི་བར་དུ་བུད་མེད་ཀྱི་གཟུགས་ཀྱིས་འགྲོ་བའི་དོན་བྱེད་པར་དམ་བཅས། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་སྟེ་ཉིན་རེ་བཞིན་སྔ་དྲོ་ཕྱི་དྲོའི་དུས་ལ་སེམས་ཅན་བྱེ་བ་བརྒྱ་སྟོང་རེ་འཇིག་རྟེན་པའི་སེམས་ལས་བསྒྲལ་ཏེ་བཟོད་པ་ལ་བཀོད་པས་སྔར་གྱི་མིང་དེ་འགྱུར་ཏེ་སྒྲོལ་མ་ཞེས་མཚན་ཐོགས་ཤིང་དེ་བཞིན་གཤེགས་པ་རྔ་སྒྲས་ཀྱང་ཇི་སྲིད་བླ་ན་མེད་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་མིང་ལྷ་མོ་སྒྲོལ་མས་མཚན་པ་འབའ་ཞིག་ཏུ་འགྱུར་བར་ལུང་བསྟན། དེ་ནས་བསྐལ་པ་བི་བུདྡྷ་ཞེས་བྱ་བ་ལ་སངས་རྒྱས་དོན་ཡོད་གྲུབ་པའི་དྲུང་དུ་ཕྱོགས་བཅུའི་སེམས་ཅན་རྣམས་ལ་ཉེར་འཚེ་ཐམས་ཅད་བསྲུང་ཞིང་སྐྱོབ་པར་དམ་བཅས། བདུད་ཐམས་ཅད་རྣམ་


LT33_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཇོམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བསྐལ་པ་དགུ་བཅུ་རྩ་ལྔའི་བར་དུ་ཉིན་རེ་བཞིན་འགྲོ་བའི་གཙོ་བོ་བྱེ་བ་བརྒྱ་སྟོང་འབུམ་ཕྲག་བསམ་གཏན་ལ་བཀོད། ནུབ་རེ་བཞིན་བདུད་བྱེ་བ་བརྒྱ་སྟོང་རེ་བཏུལ་བས་སྒྲོལ་མ། གདུང་མ། མྱུར་མ། དཔའ་མོ་ཞེས་མཚན་དུ་བཏགས་སོ། །དེ་ནས་བསྐལ་པ་ཐོག་མ་མེད་པ་ཞེས་བྱ་བ་ལ་དགེ་སློང་དྲི་མ་མེད་པའི་འོད་ཅེས་བྱ་བ་ཕྱོགས་བཅུའི་སངས་རྒྱས་ཀུན་གྱིས་སྙིང་རྗེ་ཆེན་པོའི་འོད་ཟེར་གྱིས་དབང་བསྐུར་ཏེ་འཕགས་པ་སྤྱན་རས་གཟིགས་སུ་གྱུར་པ་ལས། སླར་ཡང་མཁྱེན་པའི་ཡེ་ཤེས་ཀྱི་ངོ་བོ་འོད་ཟེར་ཆེན་པོའི་དབང་བསྐུར་བས་འོད་ཟེར་སྔ་ཕྱི་གཉིས་ཡབ་ཡུམ་གྱི་ཚུལ་དུ་འདྲེས་པ་ལས་ལྷ་མོ་སྒྲོལ་མར་བཞེངས་ཏེ་སྤྱན་རས་གཟིགས་ཀྱི་ཐུགས་ཀ་ནས་བྱུང་ནས་སངས་རྒྱས་ཀུན་གྱི་དགོངས་པ་བསྐང་བ་དང་སེམས་ཅན་རྣམས་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ལས་སྐྱོབས་པར་མཛད་དོ། །དེ་ནས་བསྐལ་པ་བཟང་པོ་ཆེན་པོ་ཞེས་བྱ་བ་ལ་ཡབ་བཅོམ་ལྡན་འདས་མི་འཁྲུག་པ་དང་ཡུམ་ལྷ་མོ་བདེ་ལྡན་མ་གཉིས་སྙོམས་པར་ཞུགས་པ་ལས་དཀྱིལ་འཁོར་རྒྱལ་མཆོག་གི་ཚུལ་གྱིས་བདག་ཅག་གི་སྟོན་པ་ཤཱཀྱའི་རྒྱལ་པོ་ཁྲོ་བོ་ཆེན་པོ་མི་གཡོ་བར་གྱུར་པ་དང་། རྗེ་བཙུན་མ་སྒྲོལ་མ་འདི་ཉིད་མིང་སྲིང་གི་ཚུལ་དུ་བལྟམས་ཏེ། དུས་དེའི་ཚེ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་


LT33_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་དང་ལྷ་མིན་གྱི་དབང་བྱས་པ་རྣམས་དྲག་ཤུལ་སྤྱོད་པ་དང་ཆགས་ཆེན་གྱི་ལམ་ལ་བརྟེན་ནས་བཏུལ་ཏེ་ནག་པོའི་ཕྱོགས་ཀྱི་ཀླུ་དང་ལྷ་མིན་སྲིན་པོ་སོགས་ཁྲག་ཁྲིག་བཅུ་གཉིས་མི་གཡོ་བའི་རལ་གྲིས་གཏུབས་ཏེ་མི་བསྐྱོད་པའི་ཞིང་དུ་གནས་སྤར། དེ་དང་དེའི་ཆུང་མ་མ་སྲིང་བུ་མོ་ཐམས་ཅད་འདོད་ཆགས་ཆེན་པོའི་སྦྱོར་ཐབས་ཀྱིས་རྗེས་སུ་བཟུང་། གླིང་བཞི་པའི་འཇིག་རྟེན་ན་གནས་པའི་ཆགས་བྲལ་ཉན་ཐོས་ཀྱི་དགེ་སློང་དགྲ་བཅོམ་པ་གཙོ་བོར་གྱུར་པ་རྣམས་རྡོ་རྗེ་ཐེག་པ་ཆགས་ཆེན་གྱི་ལམ་ལ་བཀོད་དེ་རྣམ་སྣང་ལ་སོགས་པའི་དེ་བཞིན་གཤེགས་པའི་ངོ་བོར་སངས་རྒྱས། བཅོམ་ལྡན་འདས་མི་གཡོ་བ་ཉིད་ཀྱིས་ཆགས་ཆེན་གྱི་རོལ་པས་སྲིང་མོ་ལྷ་མོ་སྒྲོལ་མ་དང་ཡུམ་ལྷ་མོ་བདེ་ལྡན་མ་དང་ཡང་ལྷན་ཅིག་ཏུ་རོལ་བར་མཛད་དེ་མི་གཡོ་བ་དབུགས་དབྱུང་བའི་དཀྱིལ་འཁོར་གྱི་བཀོད་པ་རྒྱས་པར་བསྟན་ནོ། །སྔོན་བྱུང་སྟོན་པའི་རྣམ་ཐར་རྗེས་འཇུག་གདུལ་བྱའི་ཉམས་ལེན་གྱི་ཚུལ་དུ་ད་ལྟར་གཏུམ་པོ་ཁྲོ་བོ་ཆེན་པོ་མི་གཡོ་བླ་མེད་ཀྱི་སྒྲུབ་ཐབས་རྣམས་སུ་ཡང་ཚུལ་དེ་དག་དང་མཐུན་པའི་རྣམ་པ་ལམ་བྱེད་ཀྱི་དམིགས་རིམ་མང་དུ་འབྱུང་བའི་རྒྱུ་མཚན་དེ་ལྟར་ཡིན་ཅིང་། དེ་ནས་བསྐལ་པ་ཨ་སངྒ་ཞེས་བྱ་བར་རྗེ་བཙུན་མ་སྒྲོལ་མ་ཉིད་ལ་སླར་ཡང་ཕྱོགས་བཅུའི་དེ་བཞིན་


LT33_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བས་སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ་དུ་གྱུར་ཏེ་དེ་དག་ནི་སྔོན་ཐོག་མ་མེད་པའི་དུས་སོ། །དེ་ནས་བསྐལ་པ་བཟང་པོ་འདི་ཉིད་ལ་རྫོགས་ལྡན་གྱི་ཐོག་མའི་དུས་སུ། རྒྱ་གར་ལྷོ་ཕྱོགས་རིའི་རྒྱལ་པོ་ཊ་ཀའི་རྩེ་མོར་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ལྷ་ཀླུ་གནོད་སྦྱིན་སོགས་གྲངས་མེད་པའི་དབུས་སུ་འཕགས་པ་སྤྱན་རས་གཟིགས་ཀྱིས་སྒྲོལ་མའི་སྔགས་རྒྱུད་འབུམ་ཕྲག་བརྒྱད་པ་ཐོག་མར་གསུངས་ཏེ་རྫོགས་ལྡན་གྱི་ཐོག་མའི་དུས་སུ་རིགས་དྲུག་གི་སེམས་ཅན་གྱི་དོན་དེ་ཀས་བྱེད་སྐད། དེ་ནས་གསུམ་ལྡན་གྱི་དུས་སུ་དེ་ནུབ་ནས་འབུམ་ཕྲག་དྲུག་པ་བྱུང་། གཉིས་ལྡན་གྱི་དུས་སུ་དེ་ཡང་ནུབ་ནས་སྟོང་ཕྲག་བཅུ་གཉིས་པ་བྱུང་། དེ་ནས་རྩོད་པའི་དུས་སུ་དེ་ཡང་ནུབ་ནས་ད་ལྟའི་རྒྱུད་དཔལ་ཧེ་རུ་ཀ་ངེས་བརྗོད་འབུམ་པའི་རྗེས་འབྲང་ཆ་མཐུན་གྱི་རྒྱུད་དུ་གཏགས་པའི་སྒྲོལ་མ་འདུས་པ་ཤློ་ཀ་སྟོང་ཡོད་པ་འདི་བྱུང་ངོ་། །དེ་ལྟར་འབྱུང་བ་ཡང་རྩོད་པའི་དུས་འདིར་སྐྱེ་འགྲོ་རྣམས་ཚེ་ཐུང་བསོད་ནམས་དམན་ཞིང་བློ་དང་བརྩོན་པ་ཞན་པ་དང་ངན་པའི་སྤྱོད་པས་གཡེངས་པས་རྒྱུད་རྒྱ་ཆེན་མི་མཁོ་བར་དགོངས་ནས་ཉུང་ངུར་གསུངས་པ་ཡིན་ཏེ་རྒྱུད་ཕྱི་མ་ལས། ཚེ་ཐུང་བསོད་ནམས་ཞན་པ་དང་། །སྲོག་ཆག་གསོད་ལ་དགའ་བ་


LT33_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །འདོད་ལས་སྤྱོད་པས་གཡེང་གྱུར་པས། །དེ་ལྟར་རྒྱུད་རྣམས་ཉུང་ངུར་གསུངས། །ཞེས་པ་ལྟར་རོ། །ཁྱད་པར་རྒྱུད་འདི་རྣམས་འོ་སྐོལ་གྱི་སྟོན་པས་སླར་ཡང་ཟློས་ཏེ་གསུངས་པ་ཡང་ཡིན་ཏེ། དེ་ལ་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་སེང་གེ་ཉིད་ཛམ་བུའི་གླིང་དུ་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པར་བཞེད་དེ་སེར་སྐྱའི་ཁབ་རྒྱལ་པོ་ཟས་གཙང་མའི་སྲས་གཞོན་ནུ་དོན་གྲུབ་ཀྱི་ཚུལ་བཟུང་བ་ན་སྒྲོལ་མ་ཉིད་ཀྱང་བཙུན་མོའི་མཆོག་ལྷ་མོ་གོ་སཱ་སྟེ་ས་འཚོ་མར་བསྟན་ཞིང་། ཞིང་གི་རྣལ་འབྱོར་མ་མི་མོའི་གཟུགས་ཅན་བཙུན་མོ་སླས་ཀྱི་འཁོར་བརྒྱད་ཁྲི་དང་ལྷན་ཅིག་རྒྱལ་པོའི་ཁབ་ཉིད་དུ་སྤྲོས་བཅས་ཆགས་ཆེན་གྱི་སྤྱོད་པས་ས་བཅུ་རྫོགས་པར་མཛད་ནས་མཐར་མངོན་པར་བྱུང་སྟེ་ཀུན་ཏུ་རྒྱུ་སྤྲོས་མེད་ཀྱི་སྤྱོད་པ་དང་། དཀའ་བ་ལོ་དྲུག་ཏུ་སྤྱོད་ཚུལ་བསྟན་པའི་ཚེ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་དང་། གྲོང་པའི་བུ་མོ་དགའ་མོ་དང་དགའ་སྟོབས་མ་སྤྲུལ་པའི་ལྷ་མོས་བ་མཆོག་གི་འོ་མའི་ཉིང་ཁུའི་འོ་ཐུག་ཕུལ་བ་བཞེས་པའི་ཚེ་ཟས་དང་བཅས་པའི་སྙོམས་འཇུག་གི་བདེ་བ་ཉེ་རྒྱུའི་སྤྱོད་པས་མཚམས་སྦྱར་ཏེ་མངོན་པར་རྫོགས་པར་འཚང་རྒྱ་བར་བཞེད་པ་ལ་བར་དུ་གཅོད་པའི་ཕྱིར་བདུད་ཀྱི་དཔུང་མི་འཁྲུགས་ཕྲག་གཅིག་ལྷག་པ་ན་སྒྲོལ་མས་བཞད་པ་བརྒྱད་ཀྱིས་བཞད་པ་མཛད་པས་བདུད་རྣམས་བརྒྱལ་ཞིང་


LT33_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

འགྱེལ་ཏེ། དེ་བཞིན་གཤེགས་པ་ཉིད་ཁྲོ་བོའི་རྒྱལ་པོ་མི་གཡོ་བའི་སྐུར་བཞེངས་ནས་བདུད་བཅོམ་སྟེ་བདུད་ཀྱི་བུ་མོ་རབ་བཀྲམ་གྱི་གྲངས་རྣམས་འདོད་ཆགས་ཆེན་པོས་རྗེས་སུ་བཟུང་ཞིང་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་དབང་བསྐུར་ཏེ་རྡོ་རྗེ་གདན་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་རྒྱལ་བ་རིགས་དྲུག་གི་དཀྱིལ་འཁོར་རྒྱས་པར་བསྟན་ཏེ། སླར་ཡང་འགྲོ་བ་དྲུག་གི་སེམས་ཅན་ལ་རྒྱུད་རྣམས་སྟོན་པར་བཞེད་ནས་པོ་ཊ་ལའི་རི་བོའི་རྩེར་སངས་རྒྱས་བྱང་སེམས་གྲངས་མེད་པའི་འཁོར་དང་བཅས་པས་གཤེགས་ཏེ། ལྷ་ཀླུ་གནོད་སྦྱིན་དྲི་ཟ་སོགས་འཁོར་ཚད་མེད་པ་ལ་དབང་བསྐུར་ཞིང་རྒྱུད་གསུངས་ནས་དངོས་གྲུབ་མཆོག་ལ་བཀོད་པར་མཛད་པ་ཡིན་ཏེ་འདི་ཉིད་ཀྱི་བཤད་རྒྱུད་མཁའ་འགྲོ་མ་གསང་བའི་ཐིག་ལེ་ལས། གྲུ་འཛིན་རི་ཡི་རྩེ་མོར་ནི། །ཤཱཀྱ་སེང་གེས་གསུངས་པའི་རྒྱུད། །ཅེས་གསུངས། མཐར་ཕྱག་ན་རྡོ་རྗེ་ལ་རྒྱུད་རྣམས་གཏད་དེ་ལྕང་ལོ་ཅན་སོགས་རིག་པ་འཛིན་པའི་གནས་རྣམས་སུ་སྤྱོད་ཅིང་མི་ཡུལ་དུ་རྒྱུད་རྣམས་མི་ནུབ་པར་བྱ་བའི་ཕྱིར་ཕྱག་ན་རྡོ་རྗེ་རྒྱལ་པོ་ཨིནྡྲ་བོ་དྷིར་སྤྲུལ་ནས་རྒྱུད་ཐམས་ཅད་གླེགས་བམ་དུ་བྲིས་ཤིང་ཨཽ་ཌི་ཡ་ན་ཆོས་ཀྱི་མཛོད་ཅེས་བྱ་བར་སྦས་ཏེ་དཔའ་བོ་དང་མཁའ་འགྲོ་རྣམས་ཀྱིས་ཉམས་སུ་ལེན་པ་ཡིན་སྐད། དེ་ཉིད་ཐུན་མོང་བའི་འགྲོ་བ་རྣམས་ལ་ཇི་ལྟར་དར་བའི་ཚུལ་ནི། སྟོན་པ་


LT33_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་ལྷག་པ་ཙམ་ཉན་ཐོས་རྣམས་ཀྱིས་བཀའི་བསྡུ་བ་གསུམ་པ་ཟིན་པའི་དུས་གཞན་ཞིག་ན། ཐེག་པ་ཆེན་པོའི་མདོ་སྡེ་ཕལ་མོ་ཆེ་ལྷ་ཀླུ་གནོད་སྦྱིན་སིན་པོའི་ཡུལ་ན་བཞུགས་པ་རྣམས་མི་ཡུལ་དུ་དར་ཞིང་བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ་དང་བླ་མེད་ཕ་མའི་རྒྱུད་ཅི་རིགས་པ་ཡང་དར་ལ་ཐེག་པ་ཆེན་པོའི་སྔོན་གྱི་སློབ་དཔོན་རྣམས་ཀྱང་རིམ་པར་བྱོན་ཞིང་དེའི་ཚེ་སྔགས་ལ་ཞུགས་པ་རྣམས་དངོས་གྲུབ་མ་ཐོབ་པ་གཅིག་ཀྱང་མེད། དེའི་ཚེ་རྗེ་བཙུན་མ་སྒྲོལ་མ་ཉིད་མ་བསྒྲུབས་པར་ཡང་ཞལ་བསྟན་པ་དང་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ལས་བསྐྱབས་པའི་གཏམ་རྒྱུད་ངོ་མཚར་བ་མང་དུ་ཡོད་ཅིང་། སྤྱིར་སློབ་དཔོན་ཀླུ་སྒྲུབ་མ་བྱོན་གོང་དུ་སྒྲོལ་མའི་རིགས་སྔགས་ལ་བརྟེན་ནས་དངོས་གྲུབ་ཐོབ་པ་སྟོང་ཕྲག་ཙམ་བྱུང་ཞིང་ཀླུ་སྒྲུབ་ཀྱི་རིང་ལའང་ལྔ་སྟོང་ཙམ་བྱུང་བར་གྲགས། བྱེ་བྲག་རྒྱུད་འདི་ཉིད་དང་འབྲེལ་བའི་ལོ་རྒྱུས་ནི། དུས་དེའི་ཚེ་དགེ་སློང་སྡེ་སྣོད་གསུམ་པ་ཧ་ཡ་སཱ་ལ་ཞེས་བྱ་བ་ཞིག་གིས་ཕྱག་ན་རྡོ་རྗེའི་ཞལ་མཐོང་བའི་བྲམ་ཟེ་གུ་ཧྱ་ཤཱི་ལ་ཞེས་པ་ལ་རྒྱུད་འདིའི་དབང་དང་གདམས་ངག་ནོད་ནས་བསྒྲུབས་པ་དངོས་གྲུབ་ཐོབ་སྟེ་ཨཽ་ཌི་ཡ་ན་མཁའ་འགྲོའི་གནས་ནས་རྒྱུད་འདི་སོགས་དུ་མ་སྤྱན་དྲངས་ཏེ་སློབ་དཔོན་ཧ་ཡ་གྷོ་ཥ་ལ་གསུངས། དེས་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ལ་


LT33_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

གདམས། དེས་ཨཱརྱ་དེ་ཝ། དེས་སྒྲ་གཅན་འཛིན་བཟང་པོ་ཆུང་བ་ལ་གདམས་པ་སོགས་ཁ་ཆེའི་ཡུལ་གྱི་སློབ་དཔོན་ཉི་མ་སྦས་པའི་བར་དུ་བྱུང་ལ་སློབ་དཔོན་དེ་ནི་སྐྱེ་བ་བདུན་དུ་སྒྲོལ་མའི་སྒྲུབ་པ་པོ་ཡིན་པར་གྲགས། སློབ་དཔོན་ནཱ་ག་མི་ཏྲ་ལ་འདིའི་དབང་ཞུས་ཏེ་བསྒྲུབས་པས་རྗེ་བཙུན་མ་སྒྲོལ་མས་ཞལ་གཟིགས། སྤྱིར་སྒྲོལ་མའི་རྒྱུད་བརྒྱ་རྩ་བརྒྱད་མཁྱེན་པར་གྲགས། འདིས་སྒྲོལ་མ་འབྱུང་བའི་རྒྱུད་འདི་ལ་བརྟེན་པའི་སྒྲུབ་ཐབས་དབང་ཆོག་སོགས་གཞུང་བཅུ་གསུམ་ཙམ་མཛད་པར་གྲགས། དེས་སློབ་དཔོན་ཐམས་ཅད་མཁྱེན་པའི་བཤེས་གཉེན་ཅེས་སྒྲོལ་མས་དངོས་སུ་རྗེས་སུ་བཟུང་ཞིང་མེ་ཕུང་ཆུ་བོར་བསྒྱུར་བའི་རྫུ་འཕྲུལ་བརྙེས་པ་དེ་ལ་གནང་ཞིང་། དེ་ནས་ཀྱང་བརྒྱུད་པ་མང་པོའི་བར་དུ་རིག་སྔགས་གྲུབ་པའི་སློབ་དཔོན་བར་མ་ཆད་དུ་བྱོན། དེ་དག་གི་སྐབས་སུ་སངས་རྒྱས་ཀྱི་སློབ་དཔོན་ཆེན་པོ་བརྒྱད་ལ་འཇིགས་པ་ཆེན་པོ་བརྒྱད་ལས་དངོས་སུ་བསྐྱབས་པའི་གཏམ་ངོ་མཚར་ཅན་ཡང་ཡོད་ལ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱི་སྦྱིན་བདག་རྒྱལ་པོ་དྷརྨ་སཱ་ལིའི་སྐུ་ཚེའི་སྨད་ཀྱི་ཚེ་དུས་ཀྱི་དབང་གིས་གསང་སྔགས་སྒྲ་ཇི་བཞིན་ཏུ་སྤྱོད་ཤེས་པ་ཉུང་བས་ཞལ་ཤིན་ཏུ་གསལ་བའི་རྒྱུད་འདི་དག་སྣོད་མིན་ལ་དར་ན་དོན་དུ་མི་འགྱུར་བར་མཁྱེན་ནས་འདི་སོགས་བླ་མེད་ཀྱི་རྒྱུད་མང་པོ་ཞིག་དུར་ཁྲོད་


LT33_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

བསིལ་བ་ཚལ་དུ་རྒྱ་རིམ་པ་བདུན་གྱིས་བཏབ་སྟེ་གཏེར་དུ་སྦས་པས་རེ་ཞིག་རྒྱུད་འདིའི་ཉན་བཤད་ཀྱང་རྒྱུན་ཆད་སྐད། དུས་ཕྱིས་སློབ་དཔོན་ཆེན་པོ་ཏིལླི་པ་གྲུབ་པ་མ་བརྙེས་པའི་སྔོན་རོལ་ཤར་ཕྱོགས་ཀྱི་གཙུག་ལག་ཁང་ཞིག་ཏུ་བཞུགས་པའི་ཚེ་ཐུབ་པའི་དབང་པོའི་སྐུ་བརྙན་ཞིག་ཡོད་པའི་བཞུགས་ཁྲིའི་འོག་ནས་ཡང་ཡང་འོད་འཕྲོ་ཞིང་དུས་དུས་སུ་རོལ་མོའི་སྒྲ་འབྱུང་བ་གཟིགས་ནས་ས་བྲུས་ཏེ་གཟིགས་པས་རྒྱུད་འདིའི་གླེགས་བམ་བྱུང་ཡང་དེའི་ཚེ་ཞུ་བའི་ཡུལ་མ་རྙེད། ཕྱིས་དངོས་གྲུབ་བརྙེས་ཏེ་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་གཤེགས་པ་ན་བུད་མེད་སྔོ་སངས་མཁའ་འགྲོའི་མཚན་རྟགས་དང་ལྡན་པ་ཞིག་མཇལ་བ་ལ་རྒྱུད་ནས་བཤད་པའི་བརྡའ་བསྟན་པས་དེས་ཀྱང་ལན་མཛད་ཅིང་དེ་ལ་གསོལ་བ་བཏབ་པས་ལྷ་མོ་སྒྲོལ་མ་དངོས་སུ་གྱུར་ཏེ་རྒྱུད་འདིའི་དབང་བསྐུར་ཞིང་མན་ངག་ཐམས་ཅད་སྩལ། དེས་རྒྱ་བོད་ཐམས་ཅད་དུ་ཡོངས་སུ་གྲགས་པའི་མཁས་གྲུབ་ཆེན་པོ་དཔལ་ནཱ་རོ་པ་ལ་གནང་། དེ་ཉིད་ཀྱི་བ་ལང་རྫིའི་རིགས་ལས་དངོས་གྲུབ་མཆོག་བརྙེས་པ་དཔལ་མཆོག་ཌོམ་བྷི་པ་ལ་གདམས། དེ་ནི་ཇོ་བོ་རྗེའི་ཡང་བླ་མ་བཀའ་དྲིན་ཆེ་ཤོས་ཡིན་ལ་དེས་སློབ་དཔོན་ཀུ་ས་ལ་བྷ་དྲ་ཆུང་བ་ལ་བཤད། དེས་སློབ་དཔོན་ཨ་སི་ཏ་གྷ་ན་ལ་བཤད། དེས་ཡེ་ཤེས་བཤེས་གཉེན་


LT33_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གདམས། དེས་གྲུབ་ཆེན་ཞི་བ་སྦས་པ་ལ་གནང་། ཡང་ཏིལླི་པའི་སློབ་མ་གྲུབ་ཐོབ་རོལ་པའི་རྡོ་རྗེ། དེས་རཱ་ཧུ་ལ་གུཔྟ། དེས་ཇོ་བོ་རྗེ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་ལ་གདམས་ཏེ། སློབ་དཔོན་ཆེན་པོ་འདིའི་ཐུགས་དམ་ལྷའི་གཙོ་བོ་རྗེ་བཙུན་མ་སྒྲོལ་མ་ཉིད་ལ་མཛད་ཅིང་སྐུ་ན་ཕྲ་མོ་ནས་རྟག་པར་རྒྱུན་མི་ཆད་དུ་ཞལ་གཟིགས་ཤིང་བོད་དུ་འབྱོན་པར་ཡང་གཙོ་བོར་རྗེ་བཙུན་མ་སྒྲོལ་མས་བསྐུལ་བ་ཡིན། སྒྲོལ་མ་འབྱུང་བའི་རྒྱུད་ལ་མཁས་ཤིང་ནུས་པ་བརྙེས་ཏེ་སྒྲོལ་མའི་རྒྱུད་འགྲེལ་ཆེན་པོ་ཡང་མཛད། བོད་དུ་འབྱོན་དུས་ལྷ་བླ་མ་ཁུ་དབོན་གྱིས་གསང་སྔགས་ལོག་པར་སྤྱོད་པ་སུན་འབྱིན་ཞིང་འདུལ་བའི་བསྟན་པ་ཉམས་གསོ་ཕྱིར་སྤྱན་དྲངས་པར་བརྟེན་སྤྱིར་གསང་སྔགས་བླ་མེད་ཀྱི་འཆད་ཉན་ཧ་ཅང་རྒྱ་ཆེ་བ་མཛད་མ་བདེ་ཞིང་། ལྷག་པར་རྒྱུད་འདི་སོགས་ཆགས་ལམ་གྱི་སྐོར་ཤིན་ཏུ་ཞལ་གསལ་བས་ཡོངས་གྲགས་སུ་སྤེལ་བར་མ་མཛད་ཀྱང་། བཀའ་གདམས་ལྷ་བཞིའི་ནང་གི་སྒྲོལ་ལྗང་དང་མི་གཡོ་བ་སྔོན་པོ། སྒྲོལ་དཀར་ཡིད་བཞིན་འཁོར་ལོ། རྟ་མགྲིན་ཇོ་ལུགས་ཆེན་མོར་གྲགས་པ་དང་རྟ་མགྲིན་ལྷན་སྐྱེས། རྟ་མགྲིན་ཤྭ་ན་བཞི་བསྐོར། ཚོགས་བདག་དཀར་པོ་སོགས་མང་པོ་ཞིག་ཇོ་བོས་གསུངས་པ་རྣམས་རྩ་བའི་ཁུངས་རྒྱུད་འདི་ལ་བརྟེན་པར་སྣང་། ཇོ་བོས་རྒྱ་གར་གྱི་ཐུགས་


LT33_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་བཞིའི་ནང་ཚན་པཎྜི་ཏ་མ་དྷྱ་མ་སི༚་ཧ་སྟེ་དབུ་མ་སེང་གེ་ལ་གསུངས། འདི་ཡང་རྒྱུད་འདི་ཁོ་ན་ལ་མཁས་ཤིང་ནུས་པ་བརྙེས་པས་ཆུ་བོ་གངྒཱ་ལ་ཐང་བཞིན་གཤེགས་པ་སོགས་རྟགས་མཚན་མངོན་གྱུར་དུ་མངའ། དེས་ཏཱ་ར་ཤྲཱི་མི་ཏྲ་ལ་གསུངས་པ་སོགས་ནས་བརྒྱུད་དེ་སློབ་དཔོན་རཱ་ཏི་ལ་གུཔྟ་ལ་གྲུབ་ཆེན་ཞི་བ་སྦས་པས་གསན་པ་ཡིན། གཞན་ཡང་བར་སྐངས་སུ་བརྒྱུད་པའི་བཀའ་སྲོལ་ཐ་དད་པ་མང་དུ་བྱུང་ཡང་ཕྱིས་ནི་གྲུབ་ཆེན་ཞི་བ་ཁོ་ན་ལ་བཞུགས་པས་དེ་ནས་རྒྱ་ཆེར་དར་བར་གྱུར་པ་ཡིན་ལ། དེའང་འཕགས་ཡུལ་དུ་སྤྱིར་ནང་པའི་བསྟན་པ་ཉམས་དམའ། ཁྱད་པར་ཡོངས་གྲགས་ཀྱི་གྲུབ་པ་ཐོབ་པ་ཤིན་ཏུ་དཀོན་ནས་ཡུན་རིང་པོར་སོང་བའི་ཕྱི་མོ་ཞིག་ཏུ་ངོ་མཚར་རྨད་དུ་བྱུང་བའི་སློབ་དཔོན་ཆེན་པོ་འདི་ཉིད་རྒྱ་གར་ལྷོ་ཕྱོགས་སུ་བྱོན། སློབ་དཔོན་རཱ་ཏི་གུཔྟ་སོགས་ལ་བརྟེན་ཏེ་མདོ་རྒྱུད་མཐའ་དག་མཁྱེན་པ་རྒྱས། གྲུབ་ཐོབ་ཡེ་ཤེས་བཤེས་གཉེན་དཀའ་བ་བརྒྱ་ཕྲག་དུ་མས་མཉེས་པར་མཛད་ཅིང་གདམས་པ་གསན་ཏེ་སྤྱོད་པ་གསུམ་མཐར་དབྱུང་བས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་ཏེ་རྩོད་མེད་ཡོངས་གྲགས་ཀྱི་གྲུབ་ཆེན་ཏུ་གྱུར་ནས་བསྟན་འགྲོའི་དོན་མཐའ་ཡས་པ་མཛད། དེ་ཉིད་ལ་གུ་རུ་ལྷོ་ཕྱོགས་པ་ཆེན་པོ་སངས་རྒྱས་སྦས་པའི་མགོན་པོས་གསན་པ་སྟེ། དེ་ཉིད་ཀྱིས་གྲུབ་


LT33_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་གོ་རཀྵའི་སློབ་ བརྒྱུད་མགོན་པོ་རྣམ་གསུམ next hit་ལས་གདམས་པའི་སྒྲོ་འདོགས་བཅད་ཅིང་ནུས་པ་མཐར་ཕྱིན་པ་བརྙེས། ཛམ་བུའི་གླིང་དང་གླིང་ཕྲན་དུ་མར་ཕེབ་སྟེ་ཉམས་རྟོགས་ཀྱི་རྩལ་སྦྱངས། གྲུབ་ཆེན་ཞི་བའི་ཞབས་དང་སྲས་ཀྱི་ཐུ་བོ་རྣམ་པ་གཉིས་སོགས་ཀྱི་གདམས་ངག་ལ་བརྟེན་ཏེ་ཡེ་ཤེས་མཆོག་བརྙེས། མངོན་ཤེས་དང་རྫུ་འཕྲུལ་ལ་དབང་འབྱོར། སངས་རྒྱས་དང་ལྷག་པའི་ལྷ་གྲུབ་ཐོབ་དུ་མ་རྟག་ཏུ་གཟིགས་པ་དེ་ཉིད་བླ་མའི་བཀའ་ལུང་གིས་བསྐུལ་ཏེ་བོད་དུ་ཕེབས་ནས། རྗེ་བཙུན་ཐམས་ཅད་མཁྱེན་པ་སྒྲོལ་བའི་མགོན་པོ་ལ་ཟབ་རྒྱས་ཀྱི་གདམས་པ་དུ་མ་དང་། ཁྱད་པར་རྒྱུད་ཆེན་འདི་ཉིད་གཙོས་གྲུབ་ཆེན་ཞི་བའི་ཞབས་ཀྱི་ཞལ་གྱི་བདུད་རྩི་ཐུན་མོངས་མ་ཡིན་པ་མང་དུ་གནང་བར་མཛད། རྗེ་བཙུན་དམ་པ་འདི་ནི་འཕགས་པའི་ཡུལ་དུ་སློབ་དཔོན་ཆེན་པོ་ཨ་བྷ་ཡཱ་ཀ་ར་དང་མཚུངས་པར་གངས་ཅན་ལྗོངས་འདིར་རྡོ་རྗེ་ཐེག་པའི་བསྟན་གཞུག་ཉམས་ཤིང་བསླད་པར་གྱུར་པ་རྣམས་ཚུལ་བཞིན་དུ་གསོ་ཞིང་འཁྲུལ་པ་བསལ་ནས་བཀའ་བསྡུ་བའི་སླད་དུ་གསང་བའི་བདག་པོ་རྡོ་རྗེ་འཛིན་པ་ཉིད་བཤེས་གཉེན་གྱི་ཚུལ་དུ་བསྟན་པ་སྟེ། མཁས་པ་དང་གྲུབ་པའི་རྣམ་ཐར་སུས་ཀྱང་འགྲན་པའི་ཟླ་དང་བྲལ་བ་འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་རྣམས་དང་མཚུངས་པ་དེ་ཉིད་ཀྱིས། གྲུབ་ཆེན་བུདྡྷ་གུཔྟ་ལས་རྒྱུད་འདིའི་སྨིན་བྱེད་ཀྱི་དབང་ཆེན།


LT33_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་རྒྱུད་དང་ཕྱི་མའི་རྒྱུད་གཉིས་ཀྱི་བཤད་པ་འགྲེལ་པ་རྣམས་ཀྱི་ལུགས་ལ་མ་ལྟོས་པར་གྲུབ་ཆེན་ཞི་བའི་ཞབས་ཀྱི་ཞལ་ལུང་ཐུན་མོང་མ་ཡིན་པའི་མན་ངག་གི་ལུགས་དང་། དབུགས་དབྱུང་དྲུག་སོགས་ཟུར་བཀའ་མང་པོའི་དབང་བྱིན་རླབས་རྗེས་གནང་བཀའ་གཏད་སྒྲུབ་ཐབས་རྫོགས་རིམ་སོ་སོའི་མན་ངག་མ་ལུས་པ་མཐའ་རྒྱས་སུ་གསན། དེ་ཉིད་ཀྱིས་ལུང་བསྟན་པ་ལྟར་ཕྱིས་སུ་རྒྱ་གར་ནུབ་ཕྱོགས་གུ་ཛི་ར་ཐའི་པཎྜི་ཏ་གེང་བའི་རྡོ་རྗེ་ཞེས་བྱ་བ་གྲུབ་ཆེན་ཞི་བའི་ཞབས་དང་རྗེ་བུདྡྷ་གུཔྟ་གཉིས་ཀའི་སློབ་མ། འགྲོ་ལྡིང་གི་སློབ་དཔོན་ལྷའི་འབྱུང་ལྡན་ཡུན་རིང་དུ་བསྟེན་པ། མཁས་ཤིང་ནུས་པ་བརྙེས་པ་དེ་བོད་དུ་བྱོན་ཏེ་སྔར་གྱི་འཕྲོ་རྣམས་དང་། ཁྱད་པར་རྒྱུད་འདིའི་བཤད་པ་རྒྱས་པ་པཎྜི་ཏའི་ལུགས་ཇོ་བོ་ཆེན་པོ་དཱི་པཾ་ཀ་རའི་འགྲེལ་ཆེན་གྱི་སྟེང་ནས་རྫོགས་པར་གསན་ཞིང་། སྔར་གསན་མ་ཐུབ་པའི་མན་ངག་གསར་པ་ཡང་མང་དུ་གསན། སླར་ཡང་དེ་རྗེས་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་གྲུབ་ཆེན་ཞི་བའི་སློབ་མ་ནི་རླཱ་་ཤྲཱིའམ་སདྱ་ནཱ་ཐར་གྲགས་པ་བྱོན་པ་ལ་སྔ་མ་གཉིས་ཀྱི་ཆོས་འཕྲོ་དང་གསར་པ་གཞན་ཡང་དུ་མ་གསན། སྔོན་རྒྱུད་འདི་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པའི་སློབ་དཔོན་ཆེན་པོ་ལོ་ཀ་པྲ་དཱའི་རྗེས་འབྲངས། ལྷོ་ཕྱོགས་ཀ་ལིངྐའི་པཎྜི་ཏ་ཆེན་པོ་མིའི་ཉི་མས་མཛད་པའི་རྒྱུད་ཀྱི་དཀའ་འགྲེལ་གྱི་


LT33_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་ནས་རྒྱུད་བཤད་བསྐྱར་མ་ཚར་གཅིག་གསན་ཏེ། དེ་ལྟར་དབང་བསྐུར་ལན་གཅིག་དང་རྒྱུད་བཤད་ཚར་གསུམ། མན་ངག་སྣ་ཚོགས་པ་དང་བཅས་པ་ལེགས་པར་གསན་ཅིང་ཐུགས་སུ་ཆུད་པས་རྒྱུད་གཞུང་ཡོངས་སུ་རྫོགས་པ་གཞི་འགྱུར་ཞུས་ཆེན་གྱིས་ལེགས་པར་གཏན་ལ་འབེབས་པར་མཛད་ཅིང་། ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱི་མིག་ལྟ་བུར་གྱུར་པའི་ལེགས་བཤད། རྒྱུད་གཉིས་ཀྱི་མཆན་འགྲེལ་ཟབ་དོན་མཐའ་དག་གི་ལྡེ་མིག་གསང་བ་ཆེན་པོ་རྨད་དུ་འབྱུང་བ་འདི་མཛད་པར་དགོངས་པའི་ཚེ་དག་པའི་གཟིགས་སྣང་ལ་དཔའ་བོ་མཁའ་འགྲོ་རྣམས་ཀྱིས་དབུགས་དབྱུང་ཞིང་གཟེངས་བསྟོད་དེ་ད་ལྟ་དུས་ཀྱི་དབང་གིས་དངོས་སུ་ཉམས་སུ་ལེན་པ་ཉུང་ཡང་མ་འོངས་པ་ན་སེམས་ཅན་འབུམ་ཕྲག་མང་པོ་ལམ་འདི་ལ་བརྟེན་ནས་དག་པའི་ཞིང་དུ་གྲོལ་བར་འགྱུར་ཚུལ་ལུང་དུ་བསྟན་པ་བརྙེས་པའི་དོན་དཔྱིས་ཕྱིན་པར་མཛད། གཞན་ཡང་རྩ་བའི་དཀྱིལ་འཁོར་ཆེན་པོ་འདི་ཉིད་ཀྱི་སྒྲུབ་ཐབས། དཀྱིལ་ཆོག །བདག་འཇུག །རྫོགས་རིམ་རྣལ་འབྱོར་བཞིའི་ཁྲིད་ཡིག་རྣམས་དང་ལྷན་ཅིག་སྐྱེས་མའི་སྒྲུབ་ཐབས། རྒྱུད་ཕྱི་མ་ལས་གསུངས་པའི་བདེ་མཆོག་ཡབ་ཡུམ་གོ་བཟློག་གི་བསྐྱེད་རྫོགས་ཟུང་འབྲེལ་གྱི་སྒྲུབ་ཐབས། ནོར་རྒྱུན་མ་རིགས་གཉིས་ཀྱི་སྒྲུབ་ཐབས་ལས་སྦྱོར། བཀའ་སྲུང་ནག་པོ་ཆེན་པོ་དང་ལྷ་མོ་ཙཎྜི་ཀཱའི་བསྙེན་སྒྲུབ་ལས་སྦྱོར་གྱི་


LT33_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་ཆུང་སོགས་མཛད་དེ་ཁ་བ་ཅན་གྱི་ལྗོངས་འདིར་སྔོན་ཆད་སུས་ཀྱང་མ་མྱངས་པའི་ཟབ་མོའི་ལམ་སྲོལ་མཁའ་འགྲོའི་ཁ་རླངས་མ་ཉམས་པ་འཕགས་ཡུལ་གྲུབ་པའི་ཐུགས་བཅུད་ཁྱད་པར་ཅན་འདི་ཉིད་གངས་ཅན་གྱི་ལྗོངས་སུ་སྤེལ་བའི་བཀའ་དྲིན་རྒྱ་ཆེར་སྩལ་ནས་སྨིན་གྲོལ་ཡང་དགེ་བའི་བཤེས་གཉེན་དུ་མ་ལ་སྩལ་མོད། དེང་སང་ཆོས་རྒྱུན་འདི་ལ་བཀའ་དྲིན་ཆེ་བ་ནི། རྗེ་ཉིད་དང་ཡང་སྲིད་ཐམས་ཅད་དུ་འབྲེལ་བས་གསུང་གི་སྲས་དང་བདེ་སྟོང་གི་ཡེ་ཤེས་སྤེལ་བའི་གཟུངས་མར་གྱུར་པ་རིགས་མཆོག་ལྷན་སྐྱེས་ཀྱི་ཌཱ་ཀིའི་གཙོ་མོ། མཁས་ཤིང་གྲུབ་པའི་དབང་ཕྱུག་རྗེ་བཙུན་རིན་པོ་ཆེ་ཕྲིན་ལས་དབང་མོའམ་མཚན་གཞན་རཏྣ་བཛྲི་ཱི་དང་བདེ་ཆེན་ལྷན་སྐྱེས་རྒྱལ་མོར་གྲགས་པ་དེས་རྗེ་བཙུན་ཉིད་ལ་གསན་ཏེ། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ལ་མངའ་བརྙེས་པ་སྡོམ་བརྩོན་དམ་པ་སྙིང་པོ་མཐའ་ཡས་ལ་གནང་། བར་འདིར་དུས་དབང་གིས་འགྱུར་བ་སྣ་ཚོགས་པས་ཆོས་རྒྱུན་ཆད་པར་ཉེ་ཡང་རྟག་བརྟན་མཁན་ཆེན་སྐད་གཉིས་གསུང་བ་ཆགས་པ་ཆོས་འཕེལ་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་བསྐུལ་ཏེ། རྗེ་བཙུན་དམ་པ་ཉིད་ཀྱི་བསྟན་པའི་མེ་རོ་སློང་བའི་ཐུགས་སྨོན་གྱི་མཐུ་གྲུབ་པ་ཆོས་ཀྱི་རྗེ་གྲུབ་པའི་དབང་ཕྱུག་ཀུན་བཟང་དབང་པོས་གོང་སྨོས་དགེ་སློང་རྡོ་རྗེ་འཛིན་པ་ཆེན་པོར་གསན།


LT33_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

དེས་གྲུབ་ཆེན་སྤྱོད་པའི་རྡོ་རྗེའི་རྣམ་འཕྲུལ་རིས་མེད་བསྟན་པའི་སྲོག་ཤིང་རིག་པ་འཛིན་པའི་དབང་ཕྱུག་རྡོ་རྗེ་ཚེ་དབང་ནོར་བུ་ལ་གནང་། དེ་ལས་དཔལ་ནཱ་རོ་ཏཱ་པའི་སྒྱུ་འཕྲུལ་འབྲུག་ཆེན་ཐམས་ཅད་མཁྱེན་པ་བཀའ་རྒྱུད་ཕྲིན་ལས་ཤིང་རྟས་གསན། དེ་ལས་ཡོངས་རྫོགས་བསྟན་པའི་ཉིན་བྱེད་བྱམས་མགོན་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ཀྱིས་གསན། རྗེ་འདི་ལ་རིག་འཛིན་ཚེ་དབང་ནོར་བུའི་དོན་བརྒྱུད་འཕོ་བའི་བྱིན་རླབས་ཀྱང་སྩལ། དེ་ནས་འབེ་ལོ་ཙཱ་བ་ཚེ་དབང་ཀུན་ཁྱབ། མཆོག་སྤྲུལ་ཀརྨ་ངེས་དོན་བསྟན་འཛིན་རབ་རྒྱས། རྡོ་རྗེ་སློབ་དཔོན་ཀརྨ་འོད་གསལ་འགྱུར་མེད། ཡང་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས། བཀའ་བརྒྱུད་ཕྲིན་ལས་རྣམ་རྒྱལ། པདྨ་ཉིན་བྱེད་དབང་པོ། ཀརྨ་འོད་གསལ་འགྱུར་མེད་ཀྱི་བར་དུ་བརྒྱུད་ཅིང་། དེ་ལས་བདག་ཅག་གིས་ཐོབ་པའི་སྐལ་པ་ཅན་དུ་གྱུར་པ་ལགས། དེ་ལྟ་བུའི་བརྒྱུད་པ་བར་མ་ཆད་དུ་བྱོན་པའི་དབང་བསྐུར་ཟབ་མོ་བསྒྲུབ་པར་བགྱི་བ་ལ་སློབ་དཔོན་གྱི་བགྱི་བར་འོས་པའི་རིམ་པ་རྣམས་སྔོན་དུ་གྲུབ། རྡོ་རྗེའི་སློབ་མ་རྣམས་ཀྱི་སྐུའི་ངོ་སྐལ་དུ་གྱུར་པ་ལ་དཀྱིལ་འཁོར་དུ་འཇུག་པ་དང་ཞུགས་པ་ལ་དབང་བསྐུར་བ་དངོས་གཉིས་སུ་ཡོད་པའི་དང་པོ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོ་ཐ་མི་དད་པའི་དྲུང་དུ་


LT33_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་དུ་འཇུག་པ་ཞུ་བའི་ཡོན་དུ་མཎྜལ་ཞིག་འབུལ་བ་ཞུ། ཞེས་མཎྜལ་འབུལ་གཞུག །དེ་ལྟར་མཎྜལ་ཕུལ་རྗེས་སླར་ཡང་སྙིམས་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། སྐྱེ་རྒ་འཆི་བ་ན་ཀྲ་ཡི། །ཆུ་སྲིན་ལ་སོགས་འཇིགས་རུང་བ། །འཁོར་བའི་རྒྱ་མཚོ་ཆེན་པོ་ལས། །འདོན་པར་མཛད་པ་ཁྱེད་འབའ་ཞིག །སོགས་སྔར་སྟ་གོན་གྱི་སྐབས་ལྟར་གྱི་གསོལ་བ་དང་ལན་གསུམ། ཨོཾ་སརྦ་ཏ་ཐ་ག་ཏ་བོ་དྷི་ཨ་ལངྐཱ་ར་ཝ་སྟྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་་ས་མ་ཡེ་ཧཱུྃ་ཞེས་སྨད་གཡོགས་བསྐོན། བྱང་ཕྱོགས་སོ་བདུན་གྱི་ངོ་བོར་གྱུར་པའི་སྨད་གཡོགས་བགོས་པའི་མོས་པ་མཛོད། ཨོཾ་བཛྲ་རཀྵ་ཧཾ་ཞེས་སྟོད་གཡོགས་བསྐོན་ལ། རྡོ་རྗེ་སྲུང་བའི་ངོ་བོར་གྱུར་པའི་སྟོད་གཡོགས་ཕུལ་བའི་མོས་པ་མཛོད། ཨོཾ་བཛྲ་ཨུཥྞཱི་ཥ་ཧཱུྃ་ཕཊཿ ཅེས་གཙུག་ཏོར་རམ་ཐོར་ཚུགས་བསྐོན་ལ། རྡོ་རྗེ་གཙུག་ཏོར་གྱི་ངོ་བོར་གྱུར་པའི་ཐོར་ཚུགས་དབུར་བཅིངས་པའི་མོས་པ་མཛོད། ན་མཿས་མནྟ་བུདྡྷེ་བྷྱོ། ན་མོ་མ་ཧཱ་བཛྲ་ཀྲོ་དྷཱ་ཡ། མ་ཧཱ་དཾཥྚོཏྐ་ི་ཥ་བྷཻ་ར་ཝ་ཡ། བཛྲ་སནྡོ་ཧ་དརྤ་ཡ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ་ཕཊ། ཅེས་གདོང་གཡོགས་སམ་མིག་དར་དམར་པོ་བཅིངས་ལ། སྔར་མ་རིག་པའི་སྒྲིབ་གཡོགས་ཀྱིས་བསྒྲིབས་ཏེ་མཚོན་བྱ་དོན་གྱི་དཀྱིལ་འཁོར་མ་མཐོང་བ་


LT33_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་ཕྱིར་གདོང་ངར་ཡུག་དམར་པོས་བཅིངས་པའི་མོས་པ་མཛོད། དཀྱིལ་འཁོར་གྱི་ལྷ་རྣམས་ཕྱག་སྟོང་དུ་མཇལ་དུ་མི་རུང་བས་འཇུག་ཡོན་མེ་ཏོག་གི་ཕྲེང་བ་སྙིམས་པའི་བར་དུ་བཟུང་བའི་མོས་པ་མཛོད། ཅེས་མེ་ཏོག་གི་ཆུན་པོ་གཏད་ལ་ཨཱ་ཁཾ་ཝཱི་ར་ཧཱུྃ་ཞེས་བརྗོད། ཁྱེད་རང་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་རྣམས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོར་གྱུར་པས་རྒྱས་བཏབ་པའི་མོས་པ་མཛོད། ཅེས་ནང་མཆོད་དང་བདུད་རྩི་རིལ་བུ་སྦྱར་བས་སྤྱི་བོ་ནས་མས་རིམ་དུ་གནས་གསུམ་དུ་ཐིག་ལེ་བྱ་ཞིང་ཨོཾ་ཨཱཿཧཱུྃ་ཞེས་བརྗོད། བགེགས་གཏོར་སྒྲོན་མེ་ལྔ་སྤར་བ་མདུན་དུ་བཞག་ལ། དེ་ནས་བགེགས་སྦྱོང་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་ཀྱི་སྤྱི་བོར་ཏཱཾ་ཡིག་དཀར་པོ། མགྲིན་པར་དམར་པོ། སྙིང་གར་སྔོན་པོ། ལྟེ་བར་སེར་པོ། གསང་གནས་སུ་ལྗང་གུ་རྣམས་རང་མདོག་གི་འོད་ཟེར་འབར་བ་རྩ་འཁོར་ལོ་སོ་སོའི་དབུས་ཀྱི་ཐད་དུ་འཁོད་པར་གྱུར་པའི་མོས་པ་མཛོད། །ནང་མཆོད་གཡོན་པའི་མཐེབ་སྲིན་གྱིས་བླངས་ཏེ་གནས་ལྔར་གཏོར་ལ་ཡི་གེ་བཅུ་པ་ཚར་ལྔ་བརྗོད། དེ་ལྟར་གནས་ལྔར་བསངས་གཏོར་བྱས་པའི་རྐྱེན་གྱིས་གནས་ལྷའི་ཏཱཾ་ཡིག་དེ་རྣམས་ཡུམ་ལྔའི་ངོ་བོར་སྒྲོལ་མ་རིགས་ལྔར་གྱུར་པ་ནི། སྤྱི་བོར་སངས་རྒྱས་


LT33_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་མའི་ངོ་བོ་དེ་བཞིན་གཤེགས་པའི་སྒྲོལ་མ་དཀར་མོ། མགྲིན་པར་གོས་དཀར་མོའི་ངོ་བོ་ཆོས་ཀྱི་སྒྲོལ་མ་དམར་མོ། སྙིང་གར་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ངོ་བོ་རྡོ་རྗེའི་སྒྲོལ་མ་སྔོན་མོ། ལྟེ་བར་མ་མཱ་ཀའི་ངོ་བོ་རིན་ཆེན་སྒྲོལ་མ་སེར་མོ། གསང་གནས་སུ་དམ་ཚིག་སྒྲོལ་མའི་ངོ་བོ་ལས་ཀྱི་སྒྲོལ་མ་ལྗང་གུ། དེ་ལྔ་ཀར་ཡང་ཞལ་གཅིག་ཕྱག་བཞི་སྤྱན་གསུམ་མ། གཡས་དང་པོས་མཆོག་སྦྱིན། གཉིས་པས་ཌཱ་མ་རུ། གཡོན་དང་པོས་རང་རང་གི་སྐུ་མདོག་དང་མཚུངས་པའི་ཨུཏྤལ། གཉིས་པ་མདུད་རྩེ་གསུམ་པ་བསྣམས་པ། ཐོད་སྐམ་གྱི་དབུ་རྒྱན་དང་མགོ་རློན་གྱི་ཕྲེང་བ་དང་ཨུཏྤལ་དམར་པོའི་དོ་ཤལ་ཅན། སྟག་ཤམ་དང་རུས་པའི་རྒྱན་ལྔས་བརྒྱན་པ། སྐྲ་གྲོལ། སྤྱན་གསུམ། མཆེ་བ་ཅུང་ཟད་གཙིགས་པ་བཅུ་དྲུག་ལོན་པའི་ལང་ཚོ་ཅན། གཡས་བརྐྱང་གི་རོལ་པས་པད་ཟླའི་གདན་ལ་འོད་ཕྲེང་མེ་ལྕེ་དང་བཅས་པའི་དབུས་ན་འགྱིང་བར་གསལ་ཐོབ་ཅིག །འདིར་སྐྱེ་བའི་གནས་ལྔ་དུས་འཁོར་སོགས་ཀྱི་ལུགས་དང་མི་མཚུངས་ཀྱང་གྲུབ་ཆེན་ཞི་བའི་ཞབས་ཀྱི་ཕྱག་རྒྱུན་ལྟར་བྱས་པའོ། །ཁྱེད་རྣམས་ཀྱི་ལུས་ཀྱི་གནས་སོ་སོར་གཏོར་མ་སྒྲོན་མེ་དང་བཅས་པ་བསྐོར་བའི་ཚེ་གནས་ལྔའི་ལྷ་མོ་སོ་སོའི་སྐུ་ལས་འོད་ཟེར་རང་མདོག་མེ་ལྟར་ཚ་


LT33_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་བསྲེག་པ་དཔག་ཏུ་མེད་པ་འཕྲོས་པས་ས་ཆུ་མེ་རླུང་ནམ་མཁའི་ཁམས་ལྔ་ལ་བརྟེན་པའི་ནད་དང་གདོན་དང་རྣམ་པར་རྟོག་པ་ཐམས་ཅད་ཁྱི་དང་སྤྲེའུའི་གཟུགས་ཀྱི་རྣམ་པར་རྩ་སྦུབས་སོ་སོ་ནས་དབང་མེད་དུ་ཕྱིར་དེད་དེ་དབང་པོའི་སྒོ་དང་བུ་ག་རྣམས་ནས་ཕྱུང་བ་སྒྲོན་མེ་ལྔ་པོ་སོ་སོ་ལ་སིབ་ཀྱིས་ཐིམ་པའི་མོས་པ་མཛོད། ཅེས་གཏོར་མ་ཕྱག་གཡས་རྡོ་རྗེ་དང་བཅས་པས་བཟུང་བ་སློབ་མའི་སྤྱི་བོ། ལྟེ་བ། མགྲིན་པ། སྙིང་ག། གསང་བ་རྣམས་ཀྱི་ཐད་ཀར་སྔགས་ཚར་རེ་རེ་དང་བསྟུན་གཡས་གཡོན་དུ་བསྐོར་ཞིང་གཡོན་དྲིལ་བུ་བསིལ་བ་དང་བཅས། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནེ་སརྦ་ཨརྠ་སཱ་དྷ་ནེ་སྭཱ་ཧཱ་དང་། ཨོཾ་བཛྲ་མ་མཱ་ཀི་ཀི་རི་ཀི་རི་ཧཱུྃ་སྭཱ་ཧཱ། ཨོཾ་ཀ་ཊེ་བི་ཀ་ཊེ་ནི་ཀ་ཊེ་ཀ་ཊཾ་ཀ་ཊེ་སྭཱ་ཧཱ། ཨོཾ་བཛྲ་དྷཱ་ཏྭཱི་རཱི་སརྦ་དུ་ཥྚན་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་བི་དྷཱནྤ་ཡ་བི་དྷྭནྤ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་པ་སོ་སོར་ལན་གསུམ་རེ་བརྗོད་རྗེས་གཏོར་མ་ལས་རྡོར་གྱི་ལག་ཏུ་སྤྲད་དེ་སློབ་དཔོན་རྡོར་དྲིལ་དང་བཅས་ཧཱུྃ་མཛད་ཀྱི་ཕྱག་རྒྱ་བཅས་ལ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། ཡི་དམ་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་བཀའ་བདེན་པ་དང་། ལུང་དང་རྟོགས་པས་བསྡུས་པའི་དམ་པའི་ཆོས་


LT33_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་བཀའ་བདེན་པ་དང་། ཐེག་པ་གསུམ་གྱི་འཕགས་པའི་དགེ་འདུན་རྣམས་ཀྱི་བཀའ་བདེན་པ་དང་། དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་མཁའ་འགྲོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། ཁྱད་པར་དུ་ཡང་བཅོམ་ལྡན་འདས་མ་དམ་ཚིག་སྒྲོལ་མ་རྡོ་རྗེ་རྣལ་འབྱོར་མ་ཆེན་མོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཕོ་ཉ་ཕྱག་བརྙན་བཀའ་སྡོད་སྲུང་མར་བཅས་པའི་བཀའ་བདེན་པ་དང་། ཆོས་ཀྱི་དབྱིངས་རང་བཞིན་གྱི་རྣམ་པར་དག་ཅིང་ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། རྡོ་རྗེ་སློབ་མའི་རྩ་འཁོར་ལོ་ལྔ་ལ་བརྟེན་ཅིང་། ཕུང་པོ་ལྔ། ཁམས་ལྔ། དབང་པོ་ལྔ། ཡུལ་ལྔ། ལས་དབང་བྱ་བ་དང་བཅས་པའི་ལྔ་ཚན་རྣམས་ལ་གནས་ནས་དབང་གི་ཡེ་ཤེས་སྐྱེ་བ་ལ་བར་དུ་གཅོད་པའི་བགེགས་ཀྱི་ཚོགས་གང་ཡིན་པ་ཐམས་ཅད་གཏོར་མ་འདི་གླུད་དུ་ལོངས་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བའི་རྡོ་རྗེ་ཆེན་པོ་འབར་ཞིང་ལྷག་པར་འབར་བ་ལ་སོགས་པའི་མཚོན་ཆའི་སྤྲིན་རབ་འབྱམས་ཀྱིས་ཕྱེ་མར་བརླག་པར་བྱའོ། །ཞེས་པའི་མཐར་ལས་རྡོར་གྱིས་གཏོར་མ་ཕྱིར་


LT33_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེར་ཏེ་གནས་ཁང་གི་ཕྱི་རོལ་དུ་སྒྲོན་མེ་ལྔ་པོ་ཆུར་བཅུག་ནས་མེ་བསད་ལ་དེའི་རོ་མ་དང་ལྷན་ཅིག་གཏོར་མ་རྒྱང་རིང་དུ་དོར། སློབ་དཔོན་གྱིས་རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ། བདུད་རྩི་འཁྱིལ་བའི་སྔགས་རིང་བརྗོད། གུལ་ཡུངས་ཀྱི་སྦྱོར་བས། བགེགས་རྣམས་ཁོར་ཡུག་གི་དྲི་བོའི་མཐར་བསྐྲད་པར་བསམ་མོ། །དེ་ནས་སློབ་དཔོན་གྱིས་ཐལ་མོ་སྦྱར་བའི་སྲིན་ལག་གཉིས་ལག་མཐིལ་དུ་དགུག །གུང་མོ་གཉིས་རྩེ་སྤྲད་པའི་སོར་ཚིག་དང་པོའི་རྒྱབ་ཏུ་མཛུབ་མོ་གཉིས་ཀྱི་རྩེ་མོ་བཙུགས་པས་མཐའ་བསྐྱོར། མཐེའུ་ཆུང་མཐེ་བོང་གཉིས་སོ་སོར་གཤིབས་ཏེ་བསྒྲེང་བ་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་སློབ་མའི་སྤྱི་གཙུག །དཔུང་པ་གཉིས། དཔྱི་གཉིས། མདུན་གྱི་སྟིང་ག་དང་རྒྱབ་ཀྱི་སོག་སྦྲགས་སྟེ་གནས་བདུན་དུ་བཞག་ཅིང་། ཡི་གེ་བཅུ་པའི་མཐར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། བཏགས་པ་ལན་བདུན་བརྗོད་དེ་བསྲུང་བ་བྱ། དེ་ནས་རིགས་བརྟགས་པའི་སླད་དུ། ཀྱེ་ཁྱོད་སུ་ཡིན་ཞེས་དྲིས་པའི་ལན་དུ་འདི་སྐད་གསུང་བར་ཞུ། བདག་ནི་བསྐལ་པ་བཟང་པོའོ། །ཡང་སྐལ་བཟང་དེས་ཁྱོད་ཅི་ཞིག་བྱ། །ཞེས་དྲིས་པའི་ལན་དུ། འདི་སྐད་གསུང་འཚལ། སངས་རྒྱས་དམ་ཚིག་བདག་འཚལ་ལོ། །འོ་དེས་དྲི་བ་དང་ལན་གདབ་པ་སོང་ནས། དེ་ནས་སྔགས་ཀྱི་ཐུན་མོང་མིན་པའི་ཆོ་གས་སེམས་བསྐྱེད་པ་ལ་ཐུགས་དམིགས་འདི་བཞིན་མཛོད། ཁྱེད་རང་རྣམས་ཀྱི་ཐུགས་ཀར་ཀུན་རྫོབ་བྱང་ཆུབ་


LT33_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་གྱེན་དུ་འགྲེང་བ་འོད་ཟེར་འཕྲོ་བ་གསལ་བཏབ་སྟེ་སྔོན་གྱི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་སྔགས་ཀྱི་སྒོར་སྤྱད་པ་སྤྱོད་པ་རྣམས་ཀྱིས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་བདེ་བ་ཆེན་པོའི་བདག་ཉིད་དུ་ཐུགས་བསྐྱེད་པ་དེ་བཞིན་དུ་བདག་གིས་ཀྱང་ཐམས་ཅད་རྣལ་འབྱོར་དང་བདེ་བ་ཆེན་པོར་སེམས་བསྐྱེད་པར་བགྱིའོ་སྙམ་པས་ཐལ་མོ་སྦྱར་ནས་འདིའི་རྗེས་ཟློས་མཛོད། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ད་ཡཱ་མི། མ་ཧཱ་སུ་ཁ་བོ་དྷི་ཙིཏྟ་ཨུཏྤ་ད་ཡཱ་མི། ལན་གསུམ། ཡང་ན་དེའི་ཚབ་ཏུ་སྐབས་འདིར་ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏིའི་འགྲེལ་ཆེན་གྱི་དགོངས་པ་ལྟར་ན་མངོན་བྱང་ལྔས་སེམས་བསྐྱེད་དུ་གཞུག་པར་མཛད་དེ། དེ་ཡང་ཁྱེད་རང་རྣམས་ཀྱི་ཐུགས་ཀར་ཨཱ་ལི་བཅུ་དྲུག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་བས་མཚན་པར་གྱུར་པའི་མོས་པས་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་ཙིཏྟ་པྲ་ཏི་བེ་དྷ་བནྡྷ་ནཾ་ཀ་རོ་མ། སླར་ཡང་དེའི་སྟེང་དུ་ཟླ་བ་གཉིས་པ་འཁོད་པར་གྱུར་པའི་མོས་པས་འདིའི་རྗེས་ཟློས་མཛོད། ཨོཾ་བོ་དྷི་ཙིཏྟ་ཨུཏྤ་ད་ཡཱ་མི། དེའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པས་མཚན་པར་གྱུར་པའི་མོས་པས་འདིའི་རྗེས་ཟློས་


LT33_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། ཏིཥྛ་བཛྲ། རྡོ་རྗེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་ཏེ་ཕྱོགས་བཅུའི་ཞིང་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེའི་རྣམ་པར་གྱུར་པ་སྤྱན་དྲངས་ཏེ་སྙིང་གའི་རྡོ་རྗེ་ལ་ཐིམ་པའི་མོས་པས་འདིའི་རྗེས་ཟློས་མཛོད། བཛྲ་ཨཱཏྨ་ཀོ྅ཧཾ། རྡོ་རྗེ་དེའི་འོད་ཟེར་གྱིས་ཐ་མལ་གྱི་ལུས་སྦྱངས་ཏེ་རང་ལུས་ལྷ་སྐུ་བདེ་བ་ཆེན་པོ་བཅོམ་ལྡན་འདས་མ་དམ་ཚིག་སྒྲོལ་མ་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར་པའི་མོས་པས་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་ཡ་ཐཱ་སརྦ་ཏ་ཐཱ་ག་ཏ་ཏ་ཐཱ་ཨ་ཧཾ། འོ། དེ་དག་ནི་སྔགས་ཀྱི་ལམ་འདི་ལ་བརྟེན་ནས་མཐར་ཐུག་མངོན་པར་རྫོགས་པར་སངས་རྒྱ་པའི་ཚེ་ཉེ་རྒྱུའི་ཏིང་ངེ་འཛིན་བར་ཆད་མེད་ལམ་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱི་སྐབས་སུ་མངོན་བྱང་ལྔའི་རིམ་པས་འབྲས་བུ་རྫོགས་བྱང་མངོན་དུ་བྱེད་ཚུལ་གྱི་རྣམ་པ་ལམ་དུ་བྱས་པའི་སྒོ་ནས་མཐར་ཐུག་གི་རྟོགས་པ་དེ་དག་རྒྱུད་ལ་སྐྱེ་བའི་ཐབས་མཁས་ཀྱི་རྟེན་འབྲེལ་ཟབ་མོ་ད་ལྟ་ནས་སྒྲིག་པར་བྱེད་པ་ཡིན་ནོ། །ཞེས་བརྗོད། སྐབས་འདིར་དཀྱིལ་འཁོར་གྱི་ཡོལ་བ་བསལ་ཏེ། ཨཱ་ཁཾ་བཱི་ར་ཧཱུྃ། ཞེས་བརྗོད། དེ་ནས་དཀྱིལ་འཁོར་གྱི་ཕྱི་རོལ་སྒོ་བཞི་ནས་ཕྱག་བྱ་བ། ཐོག་མར་ཤར་སྒོའི་ཕྱི་རོལ་དུ་འཁོད་དེ་འགྲེང་བཞིན་པས། དཀྱིལ་འཁོར་གྱི་དབུས་ཀྱི་གཙོ་མོ་བླ་མ་རྡོ་རྗེ་སློབ་དཔོན་དང་དབྱེར་མི་ཕྱེད་པ་གཙོ་བོར་


LT33_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་དད་པ་དྲག་པོས་ཕྱག་ལན་གསུམ་བགྱིས་པའི་མོས་པས་ཐལ་མོ་སྙིང་གར་སྦྱར་ཏེ་འདིའི་རྗེས་ཟློས་གསུང་བ་ཞུ། ཨོཾ། བླ་མ་དམ་པའི་ཞབས་ཀྱི་པདྨོ་ཡང་དག་པའི་ཡེ་ཤེས་གསལ་བར་བྱེད་པ་དེ་ལ་ཕྱག་འཚལ་ལོ། ཧཱུྃ། ན་མཿཏེ་ཧཱུྃ། ན་མཿམི་ཧཱུྃ། ན་མོ་ན་མཿཧཱུྃ་སྭཱ་ཧཱ། ལན་གསུམ། དེ་བཞིན་དུ་ལྷོ་སྒོ་ནས་ཕྱག་འཚལ་བའི་མོས་པས་འདིའི་རྗེས་ཟློས་མཛོད་སོགས་ཕྱོགས་སོ་སོ་ཁ་བསྒྱུར་ཏེ་རྗེས་ཟློས་ལན་གསུམ་གསུམ་བྱར་གཞུག །འདི་ལ་གནས་ཁང་གོ་སྐབས་ཡངས་ཤིང་བདེ་ན་དཀྱིལ་འཁོར་གྱི་ཕྱོགས་བཞི་ནས་ཕྱག་འཚལ་དུ་བཅོལ་ནའང་ལེགས་སོ། །གསང་བ་ཆེན་པོ་རྡོ་རྗེ་ཐེག་པ་བླ་ན་མེད་པའི་སྒོར་ཞུགས་པ་རྣམས་ཀྱི་དངོས་གྲུབ་ཀྱི་རྩ་བར་གྱུར་པ་ནི་དམ་ཚིག་ཚུལ་བཞིན་དུ་བསྐྱང་བ་ལ་རགས་ལས་ལ། དེའི་ཕྱིར་སྐབས་འདིར་དམ་བཞག་རིམ་པ་བཞི་འབྱུང་བའི་ཐོག་མར་ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག་པ་ནི། སློབ་མའི་ལག་པ་ནས་བཟུང་བའམ་མགོ་བོར་རྡོ་རྗེ་བཞག་ལ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱི། དེས་ན་ངས་ཁྱོད་ལ་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་རྣམས་ཀྱང་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས་


LT33_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱིས་ཀྱང་འདི་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ། ཞེས་བརྗོད་དེ་སླར་ཡང་མགོ་བོར་རྡོ་རྗེ་བཟུང་། དྲིལ་བུ་དཀྲོལ་ཞིང་། ཁྱོད་ཀྱི་དམ་ཚིག་རྡོ་རྗེ་འདི། །གལ་ཏེ་ཁྱོད་ཀྱིས་འགའ་ཞིག་ལ། །འདི་སྨྲ་ན་ནི་མགོ་བོ་འགེམས། །ཞེས་བརྗོད། གཉིས་པ་ཉེས་དམིགས་ཀྱི་སྒོ་ནས་དམ་ལ་བཞག་པ་ནི། སྙིང་གར་རྡོ་རྗེ་བཟུང་ལ། ཨོཾ། དེ་རིང་རྡོ་རྗེ་སེམས་དཔའ་རང་། །ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །གསུམ་པ་ཕན་ཡོན་དང་ཉེས་དམིགས་གཉིས་ཀའི་སྒོ་ནས་དམ་ལ་བཞག་པ་ནི། དུང་གི་ཆུ་མཐེ་བོང་དང་མིང་མེད་ཀྱིས་བཟུང་སྟེ་བྱིན་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་སྟེ། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཞིག །ཨོཾ་པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཋཿཞེས་བརྗོད། བཞི་པ་སློབ་དཔོན་གྱི་བཀའ་གཉན་པའི་སྒོ་ནས་དམ་ལ་བཞག་པ་ནི། དེང་ནས་བརྩམས་ཏེ་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས་ངས་འདི་གྱིས་ཤིག་ཅེས་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་ཡང་མི་བྱ་སྟེ། ཁྱོད་ཡ་ང་བ་མ་སྤངས་པར་དུས་བྱས་ནས་དམྱལ་བར་ལྟུང་བར་འགྱུར་ཏ་རེ། ཞེས་བརྗོད། ད་ནི་དབང་གི་གཞི་བསྒྲུབ་པ་ཡེ་ཤེས་པ་དབབ་པ་


LT33_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་དེའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །དཔལ་རྡོ་རྗེ་སེམས་དཔའ་བདག་ལ་དབབ་ཏུ་གསོལ། །ལན་གསུམ། དེ་ལ་ཁྱེད་རང་རྣམས་ལུས་གནད་དྲང་པོར་བསྲང་། ངག་གནད་སྲོག་རྩོལ་ཁ་སྦྱོར་དུ་བཅིང་། ཡིད་ཀྱི་གནད་གཞན་ཏུ་མ་ཡེངས་པར་དམིགས་པ་འདི་རྣམས་གསལ་ཞིང་བརྟན་པར་བསྒོམ་པ་དང་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ལ་མི་ཕྱེད་པའི་དད་གདུང་དྲག་པོས་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པའི་གསོལ་འདེབས་མི་གཡེལ་བར་མཛད་པ་ཉིད་གལ་ཆེ་ཤོས་ཡིན་པས་དེ་ལྟར་གནང་བ་ཞུ། ཁྱེད་རང་རྣམས་སྐད་ཅིག་གིས་འོད་དཔག་མེད་ཧེ་རུ་ཀ་སྐུ་མདོག་དམར་པོ་ཞལ་གཅིག་སྤྱན་གསུམ་ཁྲོ་ཆགས་ཀྱི་ཉམས་ཅན། ཕྱག་གཉིས་པདྨ་དམར་པོ་དང་དེས་མཚན་པའི་དྲིལ་བུ་ཐུགས་ཀར་བསྣོལ་ཐབས་སུ་འཛིན་པ། རལ་པའི་ཐོར་ཚུགས་དང་མགོ་འཕྲེང་རུས་པའི་རྒྱན་ཅན་སྟག་གི་པགས་པའི་ཤམ་ཐབས་གསོལ་བ། ཞབས་གཡས་བརྐྱང་གིས་མེའི་དབུས་སུ་བཞུགས་པར་གསལ་བའི་སྙིང་གར་ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་རྡོ་རྗེས་མཚན་པ། དབུས་སུ་ཉི་མ་ལ་ཧཱུྃ་ནག་པོ་ཐུགས་རྡོ་རྗེའི་ངོ་བོ། མགྲིན་པར་ཡཾ་ལས་རླུང་གི་


LT33_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་སྔོན་པོ་གཞུ་ལྟ་བུ་བ་དན་གཡོ་བ་གཉིས་ཀྱིས་མཚན་པའི་དབུས་སུ་ཟླ་བ་ལ་ཨཱཿདམར་པོ་གསུང་རྡོ་རྗེའི་ངོ་བོ། མགོ་བོ་བཾ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་དཀར་པོ་བུམ་པ་བདུད་རྩིས་གང་བས་མཚན་པ། དབུས་སུ་ཟླ་བ་ལ་ཧཿདཀར་པོ་སྐུ་རྡོ་རྗེའི་ངོ་བོ། ཞབས་གཉིས་ཀྱི་འོག་ཏུ་རླུང་གི་དཀྱིལ་འཁོར་གྱི་ཤུགས་ཀྱིས་སྦར་བཞིན་བའི་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་རཾ་གྱིས་མཚན་པ་འོད་ཟེར་འཕྲོ་བ་ལ་གནས་པའི་ཛྷཻཾཿཡིག་དམར་པོ་རེ་རེས་མཚན་པར་གྱུར། མདུན་བསྐྱེད་ཀྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་མཐའ་ཡས་པ་འཕྲོས། ཕྱོགས་བཅུའི་སངས་རྒྱས་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་ཐུགས་དང་གསུང་དང་སྐུ་རྡོ་རྗེའི་ལྷ་ཚོགས་ཀྱི་རྣམ་པར་སྤྱན་དྲངས་ཏེ་སྙིང་མགྲིན་སྤྱི་བོའི་ཧཱུྃ་ཨཱཿཧཱཿརྣམས་ལ་ཐིམ། རྐང་འོག་གི་རླུང་གཡོས་ཛྷཻཾཿལ་བསྐུལ། དེའི་མེ་རླུང་འདྲེས་པའི་འོད་ཟེར་རྐང་མཐིལ་གྱི་བུ་ག་ནས་ཞུགས་པས་ལུས་ཀྱི་ནང་གང་ཞིང་། རླུང་གི་ཤུགས་ཀྱིས་སྐུ་ལུས་གྱེན་དུ་ཡོམ་ཡོམ་འདེགས་བཞིན་པ་དང་། ཡི་གེ་གསུམ་བསྐུལ་བས་དེ་རྣམས་ཀྱི་འོད་ཟེར་གྱིས་སྐུ་ལུས་ཀྱི་ནང་ཐམས་ཅད་གང་བར་གྱུར། མདུན་བསྐྱེད་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་རང་འདྲའི་དཀྱིལ་འཁོར་གྱི་ལྷ་ཚོགས་དཔག་


LT33_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་མེད་པ་ཆར་བབས་པ་ལྟར་བྱོན། ཁྱེད་རང་རྣམས་ཀྱི་སྐུ་ལུས་ཀྱི་བ་སྤུའི་བུ་ག་ནས་ཞུགས་ཏེ་ཐིམ་པའི་ཐུགས་མོས་རྩེ་གཅིག་ཏུ་མཛད་པ་ཞུ། ཞེས་བརྗོད་ལ་འབེབས་རྫས་བདུག །ལྟ་སྟངས་དང་དམིགས་པ་དྲག་ཏུ་གཟིར། ཨོཾ་བཛྲ་ཨཱ་བེ་ཤ་ཡ། སྟྭཾ་བྷ་ཡ། ར་ར་ར་ར། ཙཱ་ལ་ཡ། ཙཱ་ལ་ཡ་ཧཱུྃ། ཨཱཿཧཱཿཛྷཻཾཿཞེས་ལན་བརྒྱ་རྩ་བརྗོད་ཅིང་ཌ*ཌཱ་དྲི*་རོལ་ཆེན་བཅས་དབབ། དེས་ཡེ་ཤེས་པ་མ་ཕེབ་ན་སྦོག་ཆོག་རིམ་པར་བྱ་དགོས་པས་འདི་སྐད་ཅེས། དེས་ཡེ་ཤེས་དབབ་པ་རྩ་བ་སོགས་ནས། གཉིས་པ་བླ་མའི་བྱིན་རླབས་ཀྱིས་དབབ་པ་ལ་དམིགས་པ་འདི་ལྟར་རྩེ་གཅིག་ཏུ་བསྒོམ་པར་ཞུ། ཁྱེད་རང་རྣམས་ཀྱི་སྤྱི་བོར་བླ་མ་ད་ལྟའི་སྐུའི་རྣམ་པ་ཇི་ལྟ་བ་ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱ་ཅན། ཡུམ་མི་མོའི་རྣམ་པ་ལོ་བཅུ་གཉིས་མས་ཡང་དག་པར་འཁྱུད་པ། དེ་གཉིས་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་སེམས་དཀར་དམར་འདྲེས་པའི་རྒྱུན་དཔག་ཏུ་མེད་པ་བྱུང་བས་སྐུ་ལུས་ཀྱི་ནང་ཐམས་ཅད་གང་བའི་མཐར། བླ་མ་སྙིང་གར་བྱོན་པའི་ཁྱེད་རང་རྣམ་པའི་སྐུ་ལུས་ཐམས་ཅད་བདེ་བས་གང་། བླ་མའི་ཞལ་ནས་སྔགས་གསུངས་པས་ལུས་ཀྱི་ནང་ཐམས་ཅད་སྔགས་སྒྲས་འུར་འུར་ཤིག་ཤིག་ཏུ་འདུག་པས་བདེ་བ་བསྐུལ་བར་གྱུར་པའི་མོས་པ་མཛོད་ལ་མོས་གུས་ཤུགས་དྲག་ཏུ་


LT33_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་མཛོད། ཅེས་རོལ་མོ་ཇེ་དྲག་ཛ་དྲག་ཏུ་བཀྲོལ་ཞིང་། ཡང་ཇེ་ཞན་ཇེ་ཞན་དང་། ཡང་ཇེ་དྲག་ཏུ་གཏོང་བ་སྤེལ་མར་བྱ། འདི་ལ་སྔགས་བརྗོད་རྒྱུ་མེད། དེས་ཀྱང་མ་ཕེབས་ན། གསུམ་པ་དཔའ་བོ་མཁའ་འགྲོའི་བྱིན་རླབས་བསྐུལ་ནས་འབེབས་པ་ནི། ཁྱེད་རང་རྣམས་ཀྱི་སྐུ་ལུས་སྟོང་པའི་ངང་ལས་སྒྲོལ་མའི་རིགས་ཀྱི་བུ་མོ། ཐ་མལ་གྱི་མིའི་བུ་མོ་ལོ་བཅུ་གཉིས་ལོན་པའི་རྣམ་པ། མདོག་སྔོ་སངས་མཛེས་འཛུམ་ཆགས་ཉམས་བདེ་བ་རྒྱས་པའི་རྣམ་འགྱུར་ཅན། གཅེར་མོ་སྐྲ་གྲོལ་ནུ་འབུར་བྷ་ག་རྒྱས་པ་ཕྱེད་སྐྱིལ་གྲི་ཐོད་འཛིན་པ་ལམ་གྱིས་གསལ་བའི་སྙིང་གར་དཔལ་དོན་ཡོད་གྲུབ་པ་རྡོ་རྗེ་རྟའི་རྒྱལ་པོ་དང་ཡུམ་རྡོ་རྗེ་སྒྲོལ་མ་མཉམ་པར་སྦྱོར་བ་ལ་ཐུགས་རྩེ་གཅིག་ཏུ་གཏད་དེ་འཇོག་པ་ཞུ་ཞེས་བརྗོད་ཅིང་། སློབ་དཔོན་གྱིས་ཕྱོགས་བཅུའི་ཞིང་ནས་དཔའ་བོ་དང་རྣལ་འབྱོར་མ་དཔག་ཏུ་མེད་པ་སྤྲིན་འཐིབས་པ་ལྟར་བྱུང་ནས་སློབ་མའི་བ་སྤུའི་བུ་ག་ནས་ཞུགས་པར་མོས་ལ། ཨོཾ་མི་ལི་མི་ལི་ཧཱུྃ་ཕཊཿ ཅེས་དྲག་ཏུ་བཟླ་ཞིང་། རོལ་མོའི་སྒྲ་མྱུར་དལ་སྤེལ་བྱ། དེས་ཀྱང་མ་ཕེབས་ན་བར་ཆད་ཡིན་པས་བདུད་རྩི་འཁྱིལ་པའི་སྔགས་དྲག་ཏུ་བཟླ་ཞིང་སླར་ཡང་དབབ་པར་བྱ་བར་གསུངས་སོ། །གང་ལྟར་ཡང་། དེ་ལྟར་དབབ་པའི་ཡེ་ཤེས་པ་བརྟན་པར་བྱས་པའི་མོས་པ་མཛོད་ཅེས། སློབ་མའི་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་ལ། ཨོཾ་


LT33_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཏིཥྛ་བཛྲ་ས་མ་ཡ་པྲ་ཏི་བ་ཏི་ཏ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བརྗོད། དེ་ནས་རིགས་བརྟག་པའི་སླད་དུ་མེ་ཏོག་འདོར་བ་ལ་ཐོག་མར་བདེན་པའི་སྟོབས་ཀྱིས་བྱིན་རླབས་བྱ་བ་ནི། སློབ་དཔོན་གྱིས་ལག་གཡས་རྡོ་རྗེ་དང་བཅས་པས་ཁྱེད་རང་རྣམས་ཀྱི་ཕྱག་གི་མཐེ་བོང་ནས་བཟུང་བདུད་རྩི་འཁྱིལ་པའི་སྔགས་བརྗོད་བཞིན་དུ་རྡོ་རྗེའི་རྐང་སྟབས་ཀྱིས་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་ལྷན་ཅིག་ཏུ་མཛད་རྗེས་དཀྱིལ་འཁོར་གྱི་མདུན་དུ་འགྲེང་སྟེ་འཁོད་ནས་ངེད་ཀྱིས་བདེན་པའི་བྱིན་རླབས་བགྱིས་པའི་ཐུགས་མོས་གནང་བ་ཞུ། ཞེས་ཐོག་མར་རྒྱུད་འདི་ཁའི་ལུགས་ཀྱི་འཁྱིལ་བའི་སྔགས་རིང་ལན་གསུམ་བརྗོད་རྗེས་དྲིལ་བུ་བསིལ་བ་དང་བཅས་ཏེ། ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གི་སློབ་མ་གཞུག་པ་འདིའི། །ལྷ་ཡི་རིགས་ཀྱི་རིམ་པ་ནི། །བསོད་ནམས་ཇི་ལྟར་དེ་བཞིན་ཤོག །འདི་ཡི་དངོས་གྲུབ་ཇི་ལྟར་འགྱུར། །རིགས་ནི་གང་གི་སྣོད་དུ་འགྱུར། །བསོད་ནམས་མཐུ་ཡང་ཇི་འདྲ་བ། །དེ་འདྲར་དཀྱིལ་འཁོར་དུ་གྱུར་ཅིག །ཅེས་བརྗོད། འདིར་དཀྱིལ་འཁོར་ལ་དབང་པོར་གསོལ་ཏེ་བདེན་སྟོབས་བརྗོད་པ་ལས་གནང་བ་ཞུ་བའི་དོན་མིན་པས་ཞྭ་ཕུད་པ་དང་ལན་གསུམ་བརྗོད་པ་རྣམས་དགོས་ངེས་མེད་པ་བཤད། དེའང་མེ་ཏོག་འདོར་བའི་དགོས་པ་ནི་དཀྱིལ་འཁོར་ལྷ་ལ་


LT33_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ངན་མེད་ཀྱང་གནས་སྐབས་རྣམ་འགྱུར་གྱི་ཁྱད་པར་ལས་རང་དང་ཐོག་མ་མེད་པ་ནས་ལས་ཀྱིས་འབྲེལ་བའི་ལྷ་གང་ཡིན་པ་དེ་ངོས་འཛིན་པ་ཡིན་པས། ཐུགས་ཀྱི་མོས་པས་དཀྱིལ་འཁོར་ཆེན་པོ་དངོས་ལ་དོར་བའི་ཐུགས་དམིགས་དང་། དངོས་སུ་མེ་ཏོག་འདོར་བའི་དཀྱིལ་འཁོར་ལོགས་སུ་བྱས་པ་འདི་ཉིད་ལ། སྔོན་ནས་ལས་ཀྱིས་འབྲེལ་བའི་རིགས་ཀྱི་ལྷ་གང་ཡིན་པ་དེ་ཉིད་ལ་འབབ་པར་གྱུར་ཅིག་སྙམ་དུ་ལྷ་ལ་བཟང་ངན་གྱི་འདམ་ཁ་སྤངས་ཏེ་ལྟོས་པ་མེད་པར་སྔགས་འདིའི་རྗེས་ཟློས་གྲུབ་པ་དང་ལྷན་ཅིག་འདོར་བ་ཞུ། ཨོཾ་ཏིཥྛ་བཛྲ་ཌྲྀ་ཌྷོ་མེ་བྷ་ཝ། ཤ་ཤྭ་ཏྱོ་མེ་བྷ་ཝ། ཧྲྀ་ད་ཡ་མེ་ཨ་དྷི་ཏིཥྛ་སརྦ་སིདྡྷི་མྨེ་པྲ་ཡཙྪ། ཨཱ་ཁཾ་ཝཱིར་ཧཱུྃ། པྲ་ཏཱིཙྪ་ཀུ་སུ་མ། ཨཉྫ་ལི་ནཱ་ཐ་ཧོཿཞེས་མེ་ཏོག་འདོར་དུ་བཅུག །ལྷ་འདི་དང་འདི་ལ་ཕོག་པའོ་ཞེས་སློབ་དཔོན་གྱིས་བརྡ་སྤྲད། ཚོམ་བུ་ཁག་གཉིས་ཀྱི་བར་དུ་ལྷུང་ན་གང་ལ་ཉེ་བ་དེའི་རིགས་དང་། ཉེ་འགྱང་མཉམ་ན་གཉིས་ཀའི་རིགས་ཀྱི་དངོས་གྲུབ་འགྲུབ་པ་ལུང་བསྟན་པ་ཡིན་ནོ། །ཁྱེད་རང་རྣམས་ཀྱི་སྙིང་གར་ཟླ་བ་ལ་ཨཱཿདམར་པོ། དཔྲལ་བར་ར་དམར་པོ། མིག་གཉིས་ལ་འབར་བ་དང་བཅས་པའི་ཨོཾ་དཀར་པོ་རེ་རེ་གསལ་བར་གྱུར་པའི་མོས་པ་མཛོད། །ཅེས་སློབ་དཔོན་གྱི་ལག་གཡས་རྡོ་རྗེས་


LT33_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

མིག་འབྱེད་པའི་ཚུལ་དང་བཅས། ཨོཾ། དེ་རིང་རྡོ་རྗེ་སེམས་དཔའ་རང་། །ཁྱོད་ཀྱི་མིག་ནི་འབྱེད་པར་བརྩོན། །རྡོ་རྗེའི་མིག་ནི་བླ་མེད་པ། །ཐམས་ཅད་མིག་ནི་འབྱེད་པར་མཛད། །ཨོཾ་ཛྙཱ་ན་ཙཀྵུཿཧཱུྃ་ཨཱཿསྭཱ་ཧཱ། ཞེས་གདོང་གཡོགས་པས་ལ། དེ་ནས་བལྟ་བར་བསྐུལ་བ་ནི། ཧེ། བཛྲ་པ་ཤྱ། །ད་ནི་དད་པའི་ཤུགས་ཀྱིས་སུ། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །དངོས་གྲུབ་ཀུན་ནི་ཕུན་སུམ་ཚོགས། །དམ་ཚིག་མཆོག་ཏུ་ཁྱོད་འགྱུར་གྱི། །རྡོ་རྗེ་པདྨ་མཆོག་རོལ་བས། །གསང་སྔགས་རྣམས་ལ་བསྒྲུབ་པར་གྱིས། །ཞེས་པ་ལྟར། དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ལ་ཡིད་རབ་ཏུ་དང་བའི་དད་པ་དང་། དེ་མཐོང་བའི་ཕན་ཡོན་ལ་དམིགས་པའི་སྤྲོ་ཤུགས་དྲག་པོ་དང་བཅས་པས་དཀྱིལ་འཁོར་གྱི་ཕྱོགས་སུ་གཟིགས་མཛོད། །ཅེས་བརྗོད། འདིར་དཀྱིལ་ཆོག་རྩ་བར་སློབ་དཔོན་གྱིས་མེ་ཏོག་ཐོགས་ཏེ་དཀྱིལ་འཁོར་དང་ལྷ་རྣམས་རེ་རེ་བཞིན་དུ་བསྒོམ་ཚུལ་རྒྱས་པར་བཤད། ཅེས་གསུངས་པ་ལྟར་རྒྱ་གར་གྱི་ཕྱག་སྲོལ་ལ་སློབ་དཔོན་གྱི་ལག་ཏུ་མེ་ཏོག་གི་ཆུན་པོའམ་མེ་ཏོག་ཡུ་བ་དང་བཅས་པ་གཅིག་རྐྱང་གང་རུང་ཐོགས་ཏེ་ལྷ་གནས་སོ་སོར་རེག་པའི་ཚུལ་དང་བཅས་རྟེན་བཤད་བྱེད་པ་བཞིན་དུ་མཛད་སྲོལ་ཡོད་འདུག་པ་ལྟར་བྱ་བའམ་མ་འགྲུབ་ན་བོད་ཀྱི་ལག་


LT33_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་ལྟར་རྡོ་རྗེའམ་སྤོས་རེང་ལྟ་བུ་ཐོགས་ཏེ་དཀྱིལ་འཁོར་སྟོན་པའི་ཚུལ་བྱས་ལ། འོ། འདི་ན་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རྡོ་རྗེ་རྣལ་འབྱོར་མ་ཆེན་མོའི་དཀྱིལ་འཁོར་མངོན་སུམ་དུ་བཞུགས་པ་ལགས་ཏེ། དེའང་འོག་ཏུ་རླུང་གི་དཀྱིལ་འཁོར་ནག་པོ་སོགས་མངོན་རྟོགས་ལྟར་རིམ་དེད་དུ་བརྗོད་པ་ལས་ཁྱད་པར་ནི། རི་རབ་ཀྱི་རྩེ་མོར་པད་ཉི་ལ་སྣ་ཚོགས་རྡོ་རྗེ། ཤར་དཀར་ནས། དབུས་ཀྱི་ལྟེ་བ་ལྗང་ཁུ་ལ་བརྟེན་པའི་རྡོ་རྗེའི་ས་གཞི། ཕྱི་རོལ་དུ་རྡོ་རྗེའི་རྭ་བ། དྲྭ་བ། གུར། བླ་བྲེ། མེ་རི་འབར་བའི་སྲུང་བའི་འཁོར་ལོའི་ནང་དུ། དངོས་གྲུབ་འབྱུང་བའི་དུར་ཁྲོད་ཆེན་པོ་སོགས་ནས། སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་གནས་པའི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་སོགས་ནས། སྒོ་བཞིར་ཉི་མ། དབུས་ཀྱི་གདན་གྱི་སྟེང་དུ་རྗེ་བཙུན་བཅོམ་ལྡན་འདས་མ་ཆེན་མོ་ནས། ཕྲེང་བ་འཁྲུགས་པའོ། །ལེའུ་ཚེ་བརྒྱད་ཀྱི་ཤར་དུ་ཞི་བའི་སྒྲོལ་མ་སོགས་ས་བོན་རྣམས་དོར་ལ། གཡོན་བརྐྱང་བས་གནས་པའོ། །ལས་ཀྱི་སྣམ་བུ་དབུས་མའི་ཕྱོགས་བཞིའི་གཡས་གཡོན་གཉིས་སུ་ཕོ་ཉ་མོ་རྣམས་ནི། ཤར་གྱི་གཡས་ན་རྨོངས་བྱེད་མ། ནས། དུད་ཁ་ཤིན་ཏུ་ཁྲོས། ནང་གི་གྲྭ་བཞིར་ཕྱག་བརྙན་བཞི་ནི། ཤར་ལྷོར་གཤིན་རྗེ་གཤེད་པོ་ནག །ནས། ཕོ་ཉའི་ཚོགས་ཀྱང་འགྱེད། །


LT33_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་རང་བཞིན་རྟེན་གཞལ་ཡས་ཁང་རྒྱན་བཀོད་ཡོངས་སུ་རྫོགས་པ་དང་། སྐུ་དང་ཡེ་ཤེས་ཀྱི་རོལ་པ་བསམ་གྱིས་མི་ཁྱབ་པའི་རྣམ་པར་འཕྲུལ་པ། བརྟེན་པ་དཀྱིལ་འཁོར་གྱི་ལྷ་གཙོ་འཁོར་ཉི་ཤུ་རྩ་ལྔའི་བདག་ཉིད་ཅན་ཏེ། སངས་རྒྱས་ཀྱི་ཡེ་ཤེས་གཅིག་ཉིད་གདུལ་བྱ་གང་འདུལ་གྱི་ཆོ་འཕྲུལ་རྣམ་པ་ཐམས་ཅད་པར་སྣང་བ་སྟེ། དེ་ཐམས་ཅད་ཀྱང་བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོ་དབྱེར་མེད་པའི་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རང་མདངས་ཁོ་ན་ལས་གཞན་དུ་མ་གྲུབ་པ་ཤེས་པར་མཛོད་ལ། དཀྱིལ་འཁོར་ཆེན་པོ་མངོན་སུམ་དུ་མཐོང་བ་ལ་ངོ་མཚར་ཞིང་དེ་ལས་དགོས་པ་རྒྱ་ཆེན་པོ་འཐོབ་པར་འགྱུར་བས་དད་གུས་དང་སྤྲོ་བའི་ཤུགས་སྐྱེད་ལ་ཆེད་དུ་བརྗོད་པའི་སྔགས་འདིའི་རྗེས་ཟློས། ཨོཾ་བཛྲ་མཎྜལ་མ་ཧཱ་མཎྜལ་པྲ་ཝེ་ཤོ྅ཧཾ། ཨོཾ་ཡོ་ག་མཎྜལ་མ་ཧཱ་མཎྜལ་ཌྲྀ་ཤི་ཏོ྅ཧཾ། ཨོཾ་གུ་ཧྱ་མཎྜལ་མ་ཧཱ་མཎྜལ་ཨ་བྷི་ཥི་ཀྟོ྅ཧཾ། དེ་རྣམས་ཀྱིས་དཀྱིལ་འཁོར་ཕྱི་ནང་དུ་འཇུག་པའི་ཆོས་འཁོར་དང་བཅས་པ་གྲུབ་པ་ལགས། གཉིས་པ་ཞུགས་པ་ལ་མངོན་པར་དབང་བསྐུར་བ་ལ་བུམ་དབང་། གསང་དབང་། ཤེས་རབ་ཡེ་ཤེས་ཚིག་དབང་སྟེ་དབང་བཞི་ལས་དང་པོ་


LT33_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་དབང་ལ་ཐུན་མོང་བ་སློབ་མའི་དབང་དང་ཐུན་མོང་མ་ཡིན་པ་རྡོ་རྗེ་སློབ་དཔོན་གྱི་དབང་གཉིས་སུ་ཡོད་པའི་ཐོག་མར་རྡོ་རྗེ་སློབ་མའི་དབང་ཞུ་བའི་སླད་དུ་མཎྜལ་ཞིག་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །དེ་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ལན་གསུམ། འདིར་ཕྲེང་བ་སོགས་ནས་བཤད་པའི་དབང་སྟེགས་གྲུབ་ན་སློབ་མའི་གཙོ་བོ་ཙམ་ལ་བཀོད། མི་འགྲུབ་ན་ཡིད་ཀྱིས་དམིགས་ཏེ། ཁྱེད་རང་རྣམས་དཀྱིལ་འཁོར་ཆེན་པོའི་ཤར་སྒོར་དབང་སྟེགས་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྟེང་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་དང་ཟླ་བའི་གདན་ལ་འཁོད་པར་མོས་ཤིག །དེ་ནས་ཐོག་མར་ནང་དབང་བསྐུར་བ་ལགས་པས་དམིགས་པ་འདི་ལྟར་མཛོད། སློབ་དཔོན་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་དཔལ་དོན་ཡོད་གྲུབ་པ་རྡོ་རྗེ་རྟའི་རྒྱལ་པོ་སྐུ་མདོག་སྔོ་སངས་སྔོ་དཀར་དམར་བའི་ཞལ། སྤྱན་གསུམ་པ། སྟེང་ཞལ་རྟ་གདོང་སྔོན་པོའོ། །ཕྱག་གཡས་ཀྱི་དང་པོས་སྣ་ཚོགས་རྡོ་རྗེས་མཚན་པའི་རལ་གྲི་དང་། གཡོན་དང་པོས་སྣ་ཚོགས་རྡོ་རྗེས་མཚན་པའི་དྲིལ་བུ་ཐུགས་ཀར་བསྣོལ་ཐབས་སུ་འཛིན་པས་ཡུམ་ལ་འཁྱུད་པ། གཡས་


LT33_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མ་རྣམས་ཀྱིས་འབར་བའི་རྡོ་རྗེ་མདའ་དང་གཏུན་ཤིང་འཛིན་པ། གཡོན་ལྷག་མ་རྣམས་ཀྱིས་ཐོད་པ་གཞུ་དང་དགྲ་སྟྭ་བསྣམས་པ། སྟག་ལྤགས་དང་། དར་དང་། རུས་པ་དང་། སྦྲུལ་གྱིས་བརྒྱན་པ། ཞབས་གཉིས་གཡོན་བརྐྱང་བའི་རོལ་པའི་སྟབས་ཀྱིས། པདྨ་དང་ཉི་མའི་སྟེང་དུ་ལྷ་དང་ལྷ་མིན་ཐམས་ཅད་གནོན་པའི་ཚུལ་གྱིས་བཞུགས་པ། མེ་དཔུང་འབར་བའི་དབུས་ན་རོལ་པ། སངས་རྒྱས་ཐམས་ཅད་ཀྱི་ཡུམ་སྒྲོལ་མ་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡང་དག་པར་འཁྱུད་པའི་སྐུར་གྱུར་པའི་མོས་པ་མཛོད། །བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་ཡབ་ཀྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་སྐུ་ལུས་ལ་ཕོག་པའི་རྐྱེན་གྱིས་སྐུ་ལུས་འོད་ཀྱི་གོང་བུར་གྱུར་པ་འོད་དེས་དྲང་སྟེ། གཙོ་བའི་ཞལ་དུ་བཅུག །ཐུགས་ཀར་རྗེས་ཆགས་ཀྱི་མེས་ཞུ་བ་གཞི་གནས་ཀྱི་བྱང་ཆུབ་སེམས་དང་རོ་གཅིག་ཏུ་འདྲེས། རྡོ་རྗེའི་ལམ་ནས་ཤེས་རབ་ཀྱི་པདྨར་བབས་པ་དཀྱིལ་འཁོར་གྱི་གཙོ་མོ་བཅོམ་ལྡན་འདས་མ་དམ་ཚིག་སྒྲོལ་མ་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར་པ་ནི། ཞལ་གཅིག་ཕྱག་བརྒྱད་མ། སྐུ་མདོག་སྔོ་ཞིང་ཡིད་ཙམ་ལྗང་བ་ཞེས་པ་ནས། ཕྱི་རོལ་ན་མེ་དཔུང་འབར་བའི་འཕྲེང་བ་འཁྲུགས་པའོ། །


LT33_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའི་བར་མངོན་རྟོགས་བཞིན། དེའི་དཔྲལ་བར་ཨོཾ་དཀར་པོ། ནས། ཐུགས་ཀར་སཾ་སྔོན་པོ་ཀུན་ཏུ་བཟང་པོའི་ངོ་བོ་རྣམས་སུ་གྱུར་པའི་མོས་པ་མཛོད། བླ་མའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ལྟ་བུ་འཕྲོས་པས་སངས་རྒྱས་ཐམས་ཅད་བཅོམ་ལྡན་འདས་མ་དམ་ཚིག་སྒྲོལ་མའི་རྣམ་པར་བཛྲ་ས་མཱ་ཛཿཛཿཧཱུྃ་བྃ་ཧོཿཡང་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུ་དུས་གསུམ་དུ་བཞུགས་པའི་སངས་རྒྱས་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་སྤྱན་དྲངས་ཏེ་ནམ་མཁར་བཞུགས་ཤིང་དེ་རྣམས་ལ་མཆོད་པས་མཆོད་པའི་མོས་པ་མཛོད། །ཕྱག་རྒྱ་དང་བཅས་ཏེ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ནས། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ། ཞེས་རོལ་མོ་བྱ། དབང་གི་ལྷ་དེ་རྣམས་ལ་དབང་གི་དོན་དུ་གསོལ་བ་གདབ་དགོས་པས་ཐལ་མོ་སྦྱར་ཏེ་འདིའི་རྗེས་ཟློས་མཛོད། །རྡོ་རྗེ་ཅན་གྱི་སངས་རྒྱས་ལ། །འགྲོ་བ་སྐྱོབས་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་བསྩལ། །དེ་བཞིན་བདག་ལ་གནང་བར་མཛོད། ལན་གསུམ། ནམ་མཁར་བཞུགས་པའི་དབང་གི་ལྷ་ཐམས་ཅད་རྗེས་ཆགས་ཀྱི་མེས་བྱང་ཆུབ་ཀྱི་སེམས་སུ་ཞུ། རྡོ་རྗེ་སློབ་དཔོན་དཔལ་དོན་ཡོད་གྲུབ་པར་གསལ་བའི་རྣམ་སྣང་གི་སྒོ་སྤྱི་གཙུག་ནས་ཞུགས། ཐུགས་ཀར་བྱང་ཆུབ་ཀྱི་སེམས་སུ་


LT33_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ་ནས། སྐུའི་དབྱིབས་བརྒྱུད། རྡོ་རྗེའི་ལམ་ནས་བྱུང་བའི་བདུད་རྩིའི་རྒྱུན་དེས་ཁྱེད་རང་རྣམས་ཡུམ་གྱི་པདྨར་བཅོམ་ལྡན་འདས་མའི་སྐུའི་གཟུགས་སུ་གནས་པ་དེ་ཉིད་ཀྱི་སྤྱི་བོ་ནས་དབང་བསྐུར་བས་སྒྲིབ་གཉིས་བག་ཆགས་དང་བཅས་པ་བཀྲུས། སྐུ་ལུས་དག་པའི་ཤེལ་ལྟར་གྱུར། བྱང་ཆུབ་ཀྱི་སེམས་ཀྱི་རྡུལ་ཕྲ་རབ་ལྷག་མ་རྣམས་ཡུམ་གྱི་པདྨ་ནས་ཕྱིར་སྤྲོས་པ་དབང་གི་ལྷ་ཚོགས་མཐའ་ཡས་པར་གྱུར་ནས་མདུན་གྱི་ནམ་མཁར་བཞུགས་ཤིང་། ཁྱེད་རང་རྣམས་བཅོམ་ལྡན་འདས་མར་གསལ་བ་དེ་ཉིད་ཀྱང་བླ་མའི་ཞལ་ནས་ཧཱུྃ་ཞེས་གསུང་བ་དང་ལྷན་ཅིག་ཡུམ་གྱི་པདྨའི་གཡོན་ལོགས་ཀྱི་མཐའ་ནས་ཕྱིར་སྤྲོས་ཏེ་ཤར་སྒོ་དང་ཉེ་བའི་ལྷ་སྣམ་ལ་དབང་སྟེགས་ཀྱི་སྟེང་དུ་འཁོད་པར་གྱུར་པའི་མོས་པ་མཛོད། ནམ་མཁར་བཞུགས་པའི་དབང་གི་ལྷ་ཚོགས་དེ་བཞིན་གཤེགས་པ་སྤྱན་མ་ལ་སོགས་པའི་རིག་མ་དང་བཅས་པ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་དང་བ་དན་དང་ན་བཟའ་དང་རོལ་མོའི་སྒྲ་དང་། གླུ་དང་། གར་དང་། མེ་ཏོག་དང་། གུར་གུམ་ལ་སོགས་པའི་མཆོད་རྫས་ཀྱི་ཆར་འབེབས་ཤིང་། ཕྱག་གིས་ཅུང་ཟད་ཡོ་བར་བཟུང་བའི་བུམ་པ་དཀར་པོ་བྱང་ཆུབ་སེམས་ཀྱི་བདུད་རྩིས་གང་བ་རྣམས་ཀྱིས་ཁྱེད་


LT33_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

རང་རྣམས་ལ་མངོན་པར་དབང་བསྐུར་བར་ཕྱོགས་ཤིང་། གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་བཀྲ་ཤིས་པའི་གླུ་དབྱངས་ཀྱིས་ཤིས་པ་བརྗོད་པའི་ཐུགས་མོས་གནང་བ་ཞུ། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །སེམས་ཅན་མ་ལུས་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཕུན་སུམ་ཚོགས་པ་མངའ་བ་སོགས་དཀོན་མཆོག་གསུམ་གྱི་ཤིས་བརྗོད་དང་དྲིལ་བསིལ་མེ་ཏོག་འཐོར་ལ་རོལ་མོ་བསྒྲག །སྔར་མེ་ཏོག་དོར་བའི་དུས་སུ་དཀྱིལ་འཁོར་གྱི་ལྷའི་ནང་ནས་གང་ལ་ཕོག་པའི་རང་རིགས་ཀྱི་ལྷ་དེ་ཉིད་ཀྱིས་སྔར་གྱི་མེ་ཏོག་གི་ཕྲེང་བ་བླངས་ཏེ་ཁྱེད་རང་རྣམས་ཀྱི་དབུ་གཙུག་ཏུ་དབང་བསྐུར་བྱུང་སྙམ་པའི་མོས་པ་མཛོད། །ཅེས་སྔར་ཕུལ་བའི་མེ་ཏོག་གི་ཕྲེང་བ་སློབ་མའི་མགོ་བོར་འཇོག་ཅིང་། ཨོཾ་པྲ་ཏི་གྲྀཧྞ་སྟྭཾ་ཨི་མཾ་སཏྭ་མ་ཧཱ་བ་ལ། ཞེས་བརྗོད། དེ་ནི་དབང་དང་པོ་མེ་ཏོག་ཕྲེང་བའི་དབང་ངོ་། །དེ་ནས་རིག་པ་གཏད་པ་ལ། དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་རེ་རེ་བཞིན་གྱིས་ཕྱག་ཏུ་བུམ་པ་བདུད་རྩིས་གང་བ་ཐོགས་ཏེ་ཁྱེད་རང་རྣམས་ལ་དབང་བསྐུར་བའི་མོས་པ་མཛོད། །ཅེས་བརྗོད་ལ་སྔར་རིག་པའི་བུམ་པ་ལོགས་སུ་བཅས་པ་དེ་སྤྱི་བོར་བཞག་ལ། ཇི་ལྟར་བལྟམས་པ་ཙམ་


LT33_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ནི། །ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བརྗོད་ཅིང་བུམ་ཆུ་བླུད། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས་ཁྱེད་རང་རྣམས་ཀྱི་དབུ་ལ་རིན་པོ་ཆེའི་ཅོད་པན་བཅིངས་པའི་མོས་པ་མཛོད། །ཅེས་རིན་པོ་ཆེའི་ཕྲེང་བའམ། དར་རས་ཀྱི་ཅོད་པན་མགོ་བོར་བཅིངས་ལ། །དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད། དེ་ནས་སློབ་དཔོན་བཅོམ་ལྡན་འདས་མ་སྒྲོལ་མ་རྣལ་འབྱོར་མར་གསལ་བའི་ཐུགས་ཀར་སྦས་པའི་ཡབ་དོན་ཡོད་གྲུབ་པ་རྡོ་རྗེ་རྟའི་རྒྱལ་པོ་ཡེ་ཤེས་སེམས་དཔའི་ཚུལ་དུ་བཞུགས་པ། དེའི་ཐུགས་ཀར་ཨུཏྤལ་སྔོན་པོའི་ལྟེ་བར་ཟླ་བ་ལ་ཏཱཾ་ཡིག་ལྗང་སྔོན་འོད་ཟེར་འབར་བ། དེའི་མཐར་སྙིང་པོ་ཡི་གེ་བཅུ་པའི་སྔགས་ཕྲེང་གཡས་བསྐོར་དུ་འཁོད་པ་ལས་སྔགས་ཕྲེང་གཉིས་པ་ཞིག་རང་སྒྲ་སྒྲོགས་བཞིན་བར་ཆད་དེ་ཡེ་ཤེས་སེམས་དཔའ་དང་ཡེ་ཤེས་སེམས་དཔའི་ཞལ་ནས་ཐོན། ཁྱེད་རང་རྣམས་བཅོམ་ལྡན་འདས་མར་གསལ་བའི་ཞལ་དུ་ཞུགས། སྙིང་གར་ཡེ་ཤེས་སེམས་དཔའ་


LT33_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་གོང་བཞིན་ཏིང་ངེ་འཛིན་སེམས་དཔའ་ཏཱཾ་ཡིག་གསལ་བའི་མཐའ་བསྐོར་དུ་སྤར་བཏབ་པ་ལྟར་འཁོད་པར་གྱུར་པའི་མོས་པས་སྔགས་འདིའི་རྗེས་ཟློས་གནང་བ་ཞུ། ཐོད་ཕྲེང་བྱིན་རླབས་བྱས་པ་སློབ་མའི་མགུལ་དུ་བཞག་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ལན་གསུམ། དེ་ནས་བྱིན་གྱིས་བརླབ་པའི་ལུང་ནི། ཁྱེད་རང་རྣམས་ཕྱག་ཐལ་མོ་སྦྱར་བའི་བར་དུ་མེ་ཏོག་བཟུང་སྟེ། དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་མ་འཐོབ་ཀྱི་བར་དུ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་འཁོར་དང་བཅས་པ་ཡི་དམ་གྱི་ལྷར་བཟུང་ངོ། །བདག་ཐུགས་ཀྱིས་མ་བཏང་ཞིག་སྙམ་པས་འདིའི་རྗེས་ཟློས་དང་བཅས་ཏེ་མེ་ཏོག་འཐོར་མཛོད། །བཅོམ་ལྡན་བདག་གིས་གཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། དེ་ལྟར་ཁྱེད་རང་རྣམས་ཀྱིས་འབུལ་བར་མཛད་པའི་མེ་ཏོག་དེ་ཉིད་སྔགས་ཀྱི་ཕྲེང་བའི་རང་བཞིན་དུ་བྱིན་གྱིས་བརླབས་ཏེ་དབུ་གཙུག་ཏུ་གཏོར་བས་ཐུགས་ཀར་ཞུགས་ཏེ་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། །ཅེས་སློབ་མའི་སྤྱི་བོར་མེ་ཏོག་འཇོག་པའམ་གཏོར་ཞིང་། །བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །ཅེས་དང་། སྙིང་གར་གཏོར་ཞིང་། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་


LT33_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་དུ་གསོལ། །རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རྣལ་འབྱོར་མ་འཁོར་དང་བཅས་པའི་གསུང་གསང་སྔགས་ཀྱི་ནུས་མཐུ་ཐམས་ཅད་འཇུག་ཅིང་བརྟན་པར་གྱུར་ཅིག །ཅེས་བརྗོད་དོ། །དེང་ཕྱིན་ཆད་ལྷ་དང་བླ་མ་ནམ་དུ་ཡང་མི་སྤང་ཞིང་གཟུང་བ་ལ་བསླབ་དགོས་པ་ཡིན་ནོ། །དེ་དག་ནི་རིག་པ་གཏད་པའི་དབང་ཞེས་བྱ་སྟེ། དབང་པོ་དམན་པ་རྣམས་རྗེས་སུ་འཛིན་པར་བྱེད་ཅིང་། རིགས་ལྔའི་སྡོམ་པ་ཇི་བཞིན་བཟུང་བར་མི་ནུས་པ་ཞིག་ཀྱང་ནང་དབང་ན་བསྐུར་བར་འདི་ཙམ་ནོས་པས་གནས་སྐབས་སུ་མེ་ཏོག་ཕོག་པའི་ལྷ་དང་གཙོ་མོ་སོགས་ལྷ་རེ་རེའི་ལྷ་བསྒོམ་སྔགས་བཟླས་ལ་དབང་བར་བྱེད་དོ། །དེ་ནས་རྡོ་རྗེ་སློབ་མའི་དབང་གི་གཙོ་བོ་རིག་པའི་དབང་ལྔ་ལས་ཆུ་དབང་གི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། །ལས་རྡོར་གྱིས་བུམ་པ་ཐམས་ཅད་ཀྱི་བུམ་ཆུ་ཐོད་པ་མཚན་ལྡན་དུ་བསྡུས་པ་སློབ་དཔོན་གྱི་མདུན་དུ་སྟེགས་ལ་བཞག་པར། ལས་བུམ་གྱི་རྒུས་གཏོར་ཏེ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་སོགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། དབང་རྫས་བུམ་ཆུ་མི་དམིགས་པ་སྟོང་པར་གྱུར་པའི་ངང་ལས་ཐོད་པའི་ནང་གི་ཤར་དུ་ལཱཾ་དཀར་པོ་སངས་རྒྱས་སྤྱན་མའི་ངོ་བོ་དང་། ལྷོར་མཱཾ་ཡིག་སྔོན་པོ་མ་མཱ་ཀིའི་ངོ་བོ་དང་། ནུབ་ཏུ་པཱཾ་དམར་པོ་གོས་དཀར་མོའི་ངོ་བོ་དང་།


LT33_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་དུ་ཏཱཾ་ལྗང་ཁུ་དམ་ཚིག་སྒྲོལ་མའི་ངོ་བོ་དང་། དབུས་སུ་ཧཱུྃ་སྔོན་པོ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ངོ་བོ་རྣམས་འོད་དུ་ཞུ་བ་ལས་བྱུང་བའི་བུམ་ཆུ་ཡུམ་ལྔའི་ངོ་བོ་ནུས་པ་ཐམས་ཅད་དང་ལྡན་པར་གྱུར། སྟོང་པའི་ངང་ལས་ཁྱེད་རང་རྣམས་མི་བསྐྱོད་པ་ཧེ་རུ་ཀ་མི་བསྐྱོད་པའི་དབུ་རྒྱན་ཅན་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ཁྲོ་ཆགས་ཀྱི་རྣམ་པ་དང་ལྡན་པ་སྐུ་མདོག་སྔོན་པོ་ཕྱག་གཉིས་རྡོ་རྗེ་དང་རྡོ་རྗེའི་དྲིལ་བུ་འཛིན་པས། རང་དང་འདྲ་བའི་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་གཅེར་མོ་སྐྲ་གྲོལ་བ་དང་མཉམ་པར་སྦྱོར་བ་རལ་པའི་ཐོར་ཚུགས་དང་། རུས་པའི་རྒྱུན་དང་ཐོད་པའི་ཕྲེང་བ་ཅན་སྟག་གི་པགས་པའི་ཤམ་ཐབས་འཕྱང་བ། ཞབས་གཡས་བརྐྱང་གིས་པད་ཉི་ལ་མེ་དབུས་སུ་བཞུགས་པ་ཞིག་ཏུ་གསལ་འདེབས་པ་ཞུ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། བླ་མ་དང་གཙོ་བོ་དབྱེར་མ་མཆིས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་མི་བསྐྱོད་པའི་རྣམ་པར་བཛྲ་ས་མཱ་ཛཿཨོཾ་བཛྲ་ཨཾ་ཀུ་ཤ་ཛཿཨོཾ་བཛྲ་པཱ་ཤ་ཧཱུྃ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་གྷཎྜེ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར་པའི་མོས་པ་མཛོད། །སླར་ཡང་གཙོ་མོའི་ཐུགས་ཀ་ནས་འོད་ཟེར་


LT33_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས། དབང་གི་ལྷ་དེ་བཞིན་གཤེགས་པ་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ནས། ཤབྡ་ཨཱཿཧཱུྃ་གི་བར་བརྗོད་ལ་མེ་ཏོག་གཏོར་ལ་རོལ་མོའི་སྒྲ་བྱ། འདི་སྐབས་ལས་རྡོར་གྱིས་མཆོད་པ་དངོས་སུ་བཤམས་ཏེ་བཏེགས་ན་ཡང་ལེགས་འདྲ། དེ་ནས་ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ལ་དམིགས་ཏེ་ཐལ་མོ་སྦྱར་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། །ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ། ལན་གསུམ། དབང་གི་ལྷ་རྣམས་སྔར་བཞིན་བཀྲ་ཤིས་ཀྱི་གླུ་དབྱངས་དང་མཆོད་པའི་རྣམ་རོལ་དུ་མ་དང་བཅས་ཤིང་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་ཐོགས་ཏེ་ཁྱེད་རང་རྣམས་ཀྱི་དབུ་གཙུག་ཏུ་མངོན་པར་དབང་བསྐུར་བའི་མོས་པ་མཛོད། །གོང་སྨོས་བཀྲ་ཤིས་ཤློ་ཀ་བཞི་བརྗོད་ལ་མེ་ཏོག་འཐོར། དེ་ནས་བུམ་ཆུ་བཏེགས་ལ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །རྡོ་རྗེ་གསང་བ་གསུམ་ལས་བྱུང་། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །གནས་ཀྱི་དབང་བསྐུར་སྦྱིན་པར་བྱ། ཨོཾ་ལཱཾ་མཱཾ་པཱཾ་ཏཱཾ་ཧཱུྃ་ཧཱུྃ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་ཐོད་པ་བུམ་ཆུ་དང་བཅས་པ་སྤྱི་བོར་བཞག་ལ་དབང་བསྐུར་ཞིང་ཁ་རྒྱན་གྱི་ཡལ་འདབ་ཀྱིས་བུམ་ཆུ་གཏོར་ཞིང་ཁར་ཡང་འཐུང་དུ་གཞུག །དེ་ལྟར་དབང་བསྐུར་བས་བདུད་


LT33_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

རྩིས་ལུས་ཐམས་ཅད་གང་། དྲི་མ་ཐམས་ཅད་སྦྱངས་པའི་མོས་པ་མཛོད། །དེ་ལྟར་ན་ཆུ་དབང་བསྐུར་བས། སེམས་རྣམ་པར་ཤེས་པ་ཚོགས་བདུན་གྱི་གཞིར་གྱུར་པ་ཀུན་གཞིའི་རྣམ་ཤེས་གནས་གྱུར་ཏེ། དོན་དམ་གནས་ལུགས་ཇི་ལྟ་བ་གཟིགས་པའི་ཡེ་ཤེས་ཐུགས་རྡོ་རྗེ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་གྱུར་སྙམ་པ་མཛོད། །དེ་ནས་ཅོད་པན་གྱི་དབང་ལ་དམིགས་པ་འདི་ལྟར་མཛོད། །ཅོད་པན་བསང་སྦྱང་། དབང་རྫས་ཅོད་པན་མི་དམིགས་ཏེ་སྟོང་པའི་ངང་ལས་རྣམ་པར་སྣང་མཛད་ཀྱི་ངོ་བོ་བྷྲཱུྃ་ཡིག་དཀར་པོ་དང་། རིན་ཆེན་འབྱུང་ལྡན་གྱི་ངོ་བོ་ཨཱཾ་ཡིག་སེར་པོ་དང་། འོད་དཔག་མེད་ཀྱི་ངོ་བོ་ཛྲཱི༚་ཡིག་དམར་པོ་དང་། དོན་ཡོད་གྲུབ་པའི་ངོ་བོ་ཁཾ་ཡིག་ལྗང་གུ་དང་། མི་བསྐྱོད་པའི་ངོ་བོ་ཧཱུྃ་ཡིག་སྔོན་པོ་རྣམས་ལས་བྱུང་བའི་རིན་པོ་ཆེའི་ཅོད་པན་དེ་བཞིན་གཤེགས་པ་ལྔའི་སྐུ་གཟུགས་ཀྱིས་མཚན་པར་གྱུར། སྟོང་པའི་ངང་ལས་ཁྱེད་རང་རྣམས་རིན་ཆེན་འབྱུང་ལྡན་ཧེ་རུ་ཀ་རིན་འབྱུང་གི་དབུ་རྒྱན་ཅན། སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ཁྲོ་ཆགས་ཀྱི་ཉམས་དང་ལྡན་པ། ཕྱག་གཉིས་ཀྱིས་རིན་པོ་ཆེ་དང་དྲིལ་བུ་འཛིན་པས་རང་དང་འདྲ་བའི་ཡུམ་མ་མཱ་ཀི་གཅེར་མོ་སྐྲ་གྲོལ་བ་དང་མཉམ་པར་སྦྱོར་བ་རལ་པའི་ཐོར་ཚུགས་དང་། སྟག་ལྤགས་


LT33_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཤམ་ཐབས་དང་། རུས་པའི་རྒྱན་དང་ཐོད་པའི་ཕྲེང་བ་ཅན། ཞབས་གཡས་བརྐྱང་གིས་པད་ཉི་ལ་མེ་དབུས་སུ་བཞུགས་པ་ཞིག་ཏུ་གསལ་འདེབས་པ་ཞུ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་རིན་ཆེན་འབྱུང་ལྡན་གྱི་རྣམ་པར་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨངྐུ་ཤ་ཛཿ ནས། གྷཱཎྜེ་ཧོཿ དམ་ཚིག་པ་དང་སོགས་གཉིས་སུ་མེད་པར་གྱུར། ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ལ་དམིགས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། །ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ་ལན་གསུམ། དབང་གི་ལྷ་རྣམས་ཀྱིས་དབུ་རྒྱན་གྱིས་དབང་བསྐུར་བའི་མོས་པ་མཛོད། །ཅེས་དབུ་རྒྱན་ལག་ཏུ་ཐོགས་ཏེ། །སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །རྡོ་རྗེ་གསང་བ་གསུམ་ལས་བྱུང་། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །གནས་ཀྱི་དབང་བསྐུར་སྦྱིན་པར་བྱ། །ཨོཾ་བྷྲཱུྃ་ཨཾ་ཛྲཱི༚་ཁཾ་ཧཱུྃ་ཧཱུྃ། རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབུ་རྒྱན་མགོ་ལ་བཀོན་པའམ་བཀོན་ཚུལ་བྱ། དེ་ལྟར་དབུ་རྒྱན་གྱི་དབང་བསྐུར་བས་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན་པའི་མོས་པ་མཛོད། །སླར་ཡང་བུམ་པའི་ཆུས་


LT33_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་བའི་ཐུགས་མོས་གནང་བ་ཞུ། ཞེས་ཐོད་པའི་བུམ་ཆུ་ཐོགས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་ཆུ་དབང་བསྐུར། དེ་ལྟར་ན་ཅོད་པན་གྱི་དབང་བསྐུར་བས། ཉོན་མོངས་པ་ལ་སོགས་པ་འཁོར་བའི་ཆོས་རྣམས་ཀྱི་ཡོན་ཏན་རྣམས་གནས་གྱུར་ཏེ་འཁོར་འདས་མཉམ་པ་ཉིད་ཀྱི་ཡོན་ཏན་རྡོ་རྗེ་མངོན་དུ་བྱས་སྙམ་དུ་མོས་མཛོད། །དེ་ནས་རྡོ་རྗེའི་དབང་བསྐུར་བ་ལ་ཐུགས་དམིགས་འདི་བཞིན་དུ་མཛོད། །རྡོ་རྗེ་བསང་སྦྱང་། དབང་རྫས་རྡོ་རྗེ་མི་དམིགས་པ་སྟོང་པའི་ངང་ལས། ཧཱུྃ་ཁཾ་ཧཱུྃ་ཡོངས་སུ་གྱུར་པ་ལས་དཔལ་དོན་ཡོད་གྲུབ་པ་རྡོ་རྗེ་རྟའི་རྒྱལ་པོ་སྐུ་མདོག་སྔོ་སངས་སྔོ་དཀར་དམར་བའི་ཞལ། ཞེས་པ་ནས། མེ་དཔུང་འབར་བའི་དབུས་ན་རོལ་པ། རང་སྣང་གི་ཡུམ་དམ་ཚིག་སྒྲོལ་མས་འཁྱུད་པའི་སྐུར་གྱུར། དེ་འོད་དུ་ཞུ་བ་ལས་ཁྱབ་བདག་དོན་ཡོད་གྲུབ་པའི་ངོ་བོ་རྡོ་རྗེ་སྔོན་པོ་རྩེ་ལྔ་པར་གྱུར། ཁྱེད་རང་རྣམས་སྐད་ཅིག་གིས་འོད་དཔག་མེད་ཧེ་རུ་ཀ་འོད་དཔག་མེད་ཀྱི་དབུ་རྒྱན་ཅན་སྐུ་མདོག་དམར་པོ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ཁྲོ་ཆགས་ཀྱི་ཉམས་ལྡན། ཕྱག་གཉིས་ཀྱིས་པདྨ་དང་པདྨའི་དྲིལ་བུ་འཛིན་པས། རང་དང་འདྲ་བའི་ཡུམ་གོས་དཀར་མོ་གཅེར་མོ་སྒྲ་གྲོལ་བ་དང་མཉམ་པར་སྦྱོར་བ། རལ་པའི་ཐོར་


LT33_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཚུགས་དང་། སྟག་གི་པགས་པའི་ཤམ་ཐབས་དང་། རུས་པའི་རྒྱན་དང་། ཐོད་པའི་ཕྲེང་བ་ཅན། ཞབས་གཡས་བརྐྱང་གིས་པད་ཉི་ལ་མེ་དཔུང་དབུས་སུ་བཞུགས་པར་གསལ་འདེབས་པ་ཞུ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་འོད་དཔག་མེད་ཀྱི་རྣམ་པར་བཛྲ་ས་མ་ཛཿཨོཾ་བཛྲ་ཨཾ་ཀུ་ཤ་ཛཿསོགས། དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ལ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། །ཨོཾ་ཨ་བྷི་ཥིཉྩ་ཏུ་མཾ་སརྦ་ཏ་ཐཱ་ག་ཏ་ལན་གསུམ། དབང་གི་ལྷ་རྣམས་ཀྱིས་རྡོ་རྗེས་དབང་བསྐུར་བའི་མོས་པ་མཛོད། །ཅེས་རྡོ་རྗེ་ལག་ཏུ་ཐོགས་ཏེ། །སངས་རྒྱས་རྡོ་རྗེའི་དབང་གིས་ནི། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །རྡོ་རྗེ་འདི་ནི་བླང་བར་གྱིས། །ཨོཾ་ཧཱུྃ་ཁཾ་ཧཱུྃ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་རྡོ་རྗེ་སློབ་མའི་སྙིང་ག་མགྲིན་པ་མགོ་བོ་གསུམ་དུ་རེག་རྗེས་ལག་གཡས་སུ་གཏད་པ་ནི་རྡོ་རྗེའི་དབང་ངོ་། །དེའི་མཐའ་རྟེན་དུ་ཆུ་དབང་བསྐུར་བའི་མོས་པ་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་སོགས་བརྗོད་ཅིང་བུམ་ཆུས་དབང་བསྐུར། དེ་ནས་རྡོ་རྗེའི་བརྟུལ་


LT33_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་སྦྱིན་པར་གསུངས་པས་ཐུགས་བདེ་བ་ཆེན་པོའི་དམ་ཚིག་གི་དོན་དྲན་པས་གོང་དུ་གཏད་པའི་རྡོ་རྗེ་དེ་ཉིད་སྙིང་གའི་ཐད་དུ་ལན་གསུམ་དུ་བསྐོར་ཞིང་གསོར་བའི་རྗེས་ཐུགས་ཀར་འཇོག་པ་དང་བསྟུན་འདིའི་རྗེས་ཟློས་གནང་བ་ཞུ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་མའི་བདག་པོའི་བདག །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུ་ལའོ། །ཞེས་ཚར་གཅིག །དེ་ལྟར་རྡོ་རྗེའི་དབང་བསྐུར་བས་ངག་མིང་ཚིག་ཡི་གེའི་ཚོགས་གནས་གྱུར་ཏེ་བརྗོད་བྲལ་སྒྲ་དབྱངས་ཐམས་ཅད་པ་གསུང་རྡོ་རྗེ་མངོན་དུ་བྱས་པའི་མོས་པ་མཛོད། །དེ་ནས་དྲིལ་བུའི་དབང་བསྐུར་བ་ལ་དམིགས་པ་འདི་ལྟར་མཛོད། །དྲིལ་བུ་བསང་སྦྱང་། དབང་རྫས་དྲིལ་བུ་མི་དམིགས་པ་སྟོང་པའི་ངང་ལས་ཧཱུྃ་ཏཱཾ་ཧཱུྃ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་དམ་ཚིག་སྒྲོལ་མ་རྡོ་རྗེ་རྣལ་འབྱོར་མ་ཞལ་གཅིག་ཕྱག་བརྒྱད་མ་ནས། ཕྱི་རོལ་དུ་མེ་ཕུང་འབར་བའི་ཕྲེང་བ་འཁྲུགས་པའོ། །དེ་འོད་དུ་ཞུ་བ་ལས་བཅོམ་ལྡན་འདས་མ་འཁོར་ལོའི་དབང་ཕྱུག་མ་དམ་ཚིག་སྒྲོལ་མའི་ངོ་བོ་རྡོ་རྗེས་མཚན་པའི་དྲིལ་བུར་གྱུར། ཁྱེད་རང་རྣམས་སྐད་ཅིག་གིས་དོན་ཡོད་གྲུབ་པ་ཧེ་རུ་ཀ་དོན་ཡོད་གྲུབ་པའི་དབུ་རྒྱན་ཅན་སྐུ་


LT33_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་ལྗང་ཁུ་ཞལ་གཅིག་སྤྱན་གསུམ་ཁྲོ་ཆགས་ཀྱི་ཉམས་ལྡན། ཕྱག་གཉིས་ཀྱིས་རལ་གྲི་དང་རལ་གྲིའི་དྲིལ་བུ་འཛིན་པས་རང་དང་མཚུངས་པའི་ཡུམ་ལས་ཀྱི་སྒྲོལ་མ་གཅེར་མོ་སྐྲ་གྲོལ་བ་དང་མཉམ་པར་སྦྱོར་བ། རལ་པའི་ཐོར་ཚུགས་དང་། སྟག་ལྤགས་ཀྱི་ཤམ་ཐབས་དང་། རུས་པའི་རྒྱན་དང་ཐོད་པའི་ཕྲེང་བ་ཅན། ཞབས་གཡས་བརྐྱང་གིས་པད་ཉི་ལ་མེ་དཔུང་དབུས་སུ་བཞུགས་པར་གསལ་འདེབས་པ་ཞུ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་དོན་ཡོད་གྲུབ་པའི་རྣམ་པར་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ སོགས། དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། །ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ་ལན་གསུམ། དབང་གི་ལྷ་རྣམས་ཀྱིས་དྲིལ་བུས་དབང་བསྐུར་བའི་མོས་པ་མཛོད། །ཅེས་དྲིལ་བུ་ལག་ཏུ་ཐོགས་ལ། འདི་ནི་རྣལ་འབྱོར་མ་ཀུན་གྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅངས། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཤད། །ཨོཾ་ཧཱུྃ་ཏཱཾ་ཧཱུྃ་བཛྲ་ཨ་བྷི་པ་ཏི་


LT33_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

སྟྭཾ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དྲིལ་བུ་ལག་པ་གཡོན་དུ་གཏད། དེའི་མཐའ་བརྟེན་དུ་ཆུ་དབང་བསྐུར་བའི་མོས་པ་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་བུམ་ཆུས་དབང་བསྐུར། དྲིལ་བུའི་དེ་ཁོ་ན་ཉིད་སྦྱིན་པར་གསུངས་པས་གནས་ལུགས་སྟོང་ཉིད་ངེས་དོན་གྱི་དྲིལ་བུའི་དོན་དྲན་བཞིན་པས་སྔར་གྱི་དྲིལ་བུ་དེ་ཉིད་ཚིག་དང་བསྟུན་ཏེ་ལན་གསུམ་མམ་བརྒྱད་དུ་བཀྲོལ་རྗེས་དཀུ་གཡོན་པར་བཟུང་བ་དང་བཅས་འདིའི་རྗེས་ཟློས་གནང་བ་ཞུ། ཨཱཿསྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་མཆོག །སྲིད་པ་དམ་པ་བྱེད་པར་འགྱུར། །ཨོཾ་བཛྲ་དྷརྨ་ཨཱཿ དེ་ནས་དཀྱིལ་ཆོག་ཏུ་ཕྱག་རྒྱའི་དེ་ཁོ་ན་ཉིད་ཀྱང་སྦྱིན་པར་གསུངས་པས། སློབ་དཔོན་གྱི་ཐུགས་ལས་སྤྲུལ་པའི་རིགས་མ་གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པ་ཞིག་ཕྱག་རྒྱའི་དངོས་གྲུབ་ཀྱི་དོན་དུ་གཏད་པ་ལ་རེག་པ་དང་འཁྱུད་པའི་བདེ་བ་ཉམས་སུ་བསྟར་བའི་མོས་པས་ཕྱག་གཉིས་ཐུགས་ཀའི་ཐད་དུ་འཁྱུད་རྒྱ་དང་བཅས་ཏེ་རྡོར་དྲིལ་བསྣོལ་ཐབས་སུ་འཛིན་པས་ལུས་ལྷ་སྐུ་ཕྱག་རྒྱ་ཆེན་པོར་གསལ་བཏབ་སྟེ་འདིའི་རྗེས་ཟློས་གནང་བ་ཞུ། ཡིད་ཀྱི་ལུས་སུ་བརྟན་པའི་ཕྱིར། །ཕྱག་རྒྱའི་དམ་ཚིག་རབ་ཏུ་བརྗོད། །གང་གི་ལུས་ཀུན་བརྟན་བྱེད་པ། །དེས་ན་ཕྱག་རྒྱ་རབ་ཏུ་བསྒྲགས། །


LT33_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་དྲིལ་བུའི་དབང་བསྐུར་བས་ལས་དང་བྱ་བ་ཐམས་ཅད་གནས་གྱུར་ཏེ། ལྷུན་གྲུབ་ཐོགས་པ་མེད་པ་ཕྲིན་ལས་རྡོ་རྗེ་མངོན་དུ་བྱས་པའི་མོས་པ་མཛོད། མིང་གི་དབང་ལ་ཐུགས་མོས་འདི་བཞིན་མཛད་པ་ཞུ། རྡོར་དྲིལ་བསང་སྦྱང་། དབང་རྫས་རྡོར་དྲིལ་མི་དམིགས་པ་སྟོང་པའི་ངང་ལས་རྡོ་རྗེ་ལྕགས་ཀྱུ་མའི་ངོ་བོ་ཛཿཡིག་དཀར་པོ་དང་། རྡོ་རྗེ་ཞགས་པ་མའི་ངོ་བོ་ཧཱུྃ་ཡིག་སེར་པོ་དང་། རྡོ་རྗེ་ལྕགས་སྒྲོག་མའི་ངོ་བོ་བཾ་ཡིག་དམར་པོ་དང་། རྡོ་རྗེ་དྲིལ་བུ་མའི་ངོ་བོ་ཧོཿཡིག་ལྗང་ཁུ་རྣམས་འོད་དུ་ཞུ་བ་ལས་སྒོ་མ་བཞིའི་ངོ་བོ་རྡོ་རྗེ་དང་རྡོ་རྗེའི་དྲིལ་བུར་གྱུར། ཁྱེད་རང་རྣམས་སྐད་ཅིག་གི་སྟོང་པའི་ངང་ལས་རྣམ་པར་སྣང་མཛད་ཧེ་རུ་ཀ་རྣམ་སྣང་གི་དབུ་རྒྱན་ཅན། སྐུ་མདོག་དཀར་པོ་ཞལ་གཅིག་སྤྱན་གསུམ་ཁྲོ་ཆགས་ཀྱི་ཉམས་ལྡན་ཕྱག་གཉིས་ཀྱིས་འཁོར་ལོ་དང་འཁོར་ལོའི་དྲིལ་བུ་འཛིན་པས་རང་དང་མཚུངས་པའི་ཡུམ་སངས་རྒྱས་སྤྱན་མ་གཅེར་མོ་སྐྲ་གྲོལ་བ་དང་མཉམ་པར་སྦྱོར་བ། རལ་པའི་ཐོར་ཚུགས་དང་། སྟག་ལྤགས་ཀྱི་ཤམ་ཐབས་དང་། རུས་པའི་རྒྱན་དང་ཐོད་པའི་ཕྲེང་བ་ཅན། ཞབས་གཡས་བརྐྱང་གིས་པད་ཉི་ལ་མེ་དཔུང་དབུས་སུ་བཞུགས་པ་གསལ་འདེབས་པ་ཞུ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ།


LT33_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་རྣམ་པར་སྣང་མཛད་ཀྱི་རྣམ་པར་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ སོགས། དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ། ལན་གསུམ། དབང་གི་ལྷ་རྣམས་ཀྱིས་རྡོར་དྲིལ་ཁྱེད་རང་རྣམས་ཀྱི་སྤྱི་བོར་འཛིན་བཞིན་པས་རང་རིགས་དང་མཐུན་པའི་མིང་གིས་དབང་བསྐུར་བའི་མོས་པ་མཛོད། །སློབ་དཔོན་གྱིས་རྡོར་དྲིལ་བསྣོལ་ཐབས་སུ་སློབ་མའི་སྤྱི་བོར་བཟུང་སྟེ་དྲིལ་བུ་དཀྲོལ་ཞིང་། ཨོཾ་ཛཿཧཱུྃ་བྃ་ཧོཿབཛྲ་སཏྭ་སྟྭཾ། ཨ་བྷི་ཥིཉྩ་ཧཱུྃ། བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཧེ་ཤྲཱི་ཆྒཻ་མོ་རྡོ་རྗེ་ཞེས་སོ་སོའི་མེ་ཏོག་ཕོག་པའི་ལྷ་རིགས་དང་བསྟུན་ཏེ་སྤྱི་དང་མཐུན་པར་གདགས་ཡུལ་ཕོ་མོའི་ཁྱད་པར་བྱས་ལ་གདགས་པར་བྱའོ། །མཐའ་རྟེན་དུ་ཆུ་དབང་བསྐུར་བའི་ཐུགས་མོས་མཛོད། བུམ་ཆུ་བླངས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་དབང་བསྐུར། དེ་ལྟར་མིང་གི་དབང་བསྐུར་བས། མིང་གི་གདགས་གཞི་ཡུལ་དང་དབང་པོ་ཐམས་ཅད་གནས་གྱུར་ཏེ། ཇི་སྙེད་པ་མཁྱེན་ཅིང་། སྣང་སྟོང་གཉིས་སུ་མེད་ཅིང་མི་ཤིགས་པ་སྐུ་རྡོ་རྗེའི་གོ་འཕང་མངོན་དུ་བྱས་པའི་ཐུགས་མོས་མཛད་པར་ཞུ། འདིར་སློབ་མ་བུད་མེད་ལ་ནི་གོང་གི་མི་བསྐྱོད་པ་ལ་སོགས་པ་རིགས་ལྔར་བསྐྱེད་


LT33_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚབ་ཏུ་སོ་སོའི་ཡུམ་རྡོར་དབྱིངས་དབང་ཕྱུག་ལ་སོགས་པ་ལ་ཡབ་ཀྱིས་འཁྱུད་པར་བསྐྱེད་པ་ཡིན་ནོ། །དེ་ལྟར་རིག་པའི་དབང་དེ་རྣམས་ནི་དབང་བསྐུར་བ་པོ་རིག་པའི་ལྷ་མོ་རྣམས་ཀྱིས་མཛད་པའི་ཕྱིར་རིག་པའི་དབང་ངམ། སྔོན་ཆད་ཕུང་པོ་ལྔའི་གནས་ཚུལ་དག་པ་ལྷའི་དེ་ཁོ་ན་ཉིད་དུ་མ་རྟོགས་པ་ལ། དབང་འདི་བསྐུར་བས་ཕྱིན་ཆད་ཕུང་ཁམས་འཁོར་བའི་ཆོས་རྣམས་ཀྱི་རང་བཞིན་གདོད་ནས་སངས་རྒྱས་ལྔ་དང་ཡེ་ཤེས་ལྔའི་རིགས་སུ་གནས་པ་ངོ་འཕྲོད་པས་མ་རིག་པ་ལས་བཟློག་ནས་རིག་པ་ཡེ་ཤེས་བསྐྱེད་པའི་དབང་ཡིན་པས་རིག་པའི་དབང་ཞེས་བྱ་བ་ལགས་སོ། །དེ་དག་ནི་སློབ་མའི་དབང་གི་དངོས་གཞི་ཡིན་ལ་མཐའ་བརྟེན་དུ་རྗེས་གནང་སྦྱིན་པ་ལ་ཐོག་མ་མེད་པ་ནས་བསགས་པའི་མཾ་ཤེས་པའི་ལིང་ཐོག་བསལ་ནས་ལྷའི་མིག་གི་མངོན་པར་ཤེས་པ་བསྐྱེད་པའི་ནུས་ལྡན་དུ་བསྒྲུབ་པའི་ཕྱིར་མིག་ཐུར་གྱིས་མིག་དབྱེ་བའི་ཚུལ་བགྱིས་པའི་ཚེ་ཁྱེད་རང་རྣམས་ཀྱི་སྤྱན་གཡས་གཡོན་གཉིས་ཀྱི་འབྲས་བུའི་དབུས་སུ་བྲཾ་ཡིག་ཁཾ་ནག་ལ་མ་རིག་པའི་སྒྲིབ་གཡོགས་ཐམས་ཅད་འདུས་ཏེ་ཡོད་པ་རྨེག་མེད་དུ་བསལ་ཞིང་སྦྱངས་པའི་མོས་པ་མཛོད། །ཅེས་གསེར་ཐུར་མིག་སྨན་དང་བཅས་པས་མིག་དབྱེ་བའི་ཚུལ་བྱས་ཏེ། ཨོཾ་བཛྲ་ནེ་ཏྲ་ཨ་ཝ་ཧ་ར་པ་ཏྲ་ལཾ་ཧྲཱིཿ ཐུར་ལྡན་སྨན་པའི་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་


LT33_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །མེ་ལོང་ཐོགས་ལ། ཀུན་རྫོབ་གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་སྣང་ཡང་བདེན་པས་སྟོང་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་ཤེས་པའི་ཆེད་དུ་མེ་ལོང་བསྟན་པའི་མོས་པ་མཛོད། ཨཿཞེས་ལན་ཁ་ཡར་བསྔགས་ཏེ་སློབ་མ་ལ་བསྟན་ཅིང་། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་བྱུང་། །རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །འདིར་ནི་གསལ་དག་རྙོགས་པ་མེད། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །རྡོ་རྗེ་སེམས་དཔའི་རང་བཞིན་གཙོ། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་རྣལ་འབྱོར་མ་སྲས་བསྐྱེད། །དྲིལ་བུ་བླངས་ལ། སྒྲ་ཐམས་ཅད་གྲགས་སྟོང་ནམ་མཁའ་དང་མཉམ་པའི་མཚན་ཉིད་ཅན་དུ་རྟོགས་པའི་སྒོ་ནས་ཆོས་འཆད་པ་ལ་དབང་བའི་ཕྱིར་ཨ་ལས་སྐྱེས་པའི་དྲིལ་བུ་ཕྱག་གཡོན་དུ་གཏད་པར་མོས་ལ་ལན་གསུམ་བཀྲོལ་བར་ཞུ། ཨ་ཨ་ཨ། །ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་ནི་མཉམ་གྱུར་པ། །ཐམས་ཅད་མཆོག་གི་མཉམ་ཉིད་གསལ། །


LT33_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་བཞི་ལས་རྣམ་པར་རྒྱལ་བས་ཆོས་ཀྱི་དབྱིངས་ཤིན་ཏུ་ཕྲ་བའི་འབེམ་འབིགས་པའི་ས་བོན་དགོད་པའི་དོན་དུ་མདའ་གཞུའི་རྗེས་སུ་གནང་བ་སྟེ། ཧོཿ དམར་པོ་ལས་སྐྱེས་པའི་མདའ་གཞུ། ཧོཿ ཞེས་མདའ་གཞུ་ལག་ཏུ་གཏད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རླག་ཡ་སྭ། བགེགས་རྣམས་ལ་འབིགས་པའི་བསམ་པས་ཤར་ནུབ་ལྷོ་བྱང་སྟེང་འོག་སྟེ་ཕྱོགས་དྲུག་ཏུ་མདའ་འཕེན་ཚུལ་མཛད་པ་དང་ལྷན་ཅིག་འདིའི་རྗེས་ཟློས་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡ་མི། ཞེས་བསྐྱར་ནས་བརྗོད་ཅིང་མདའ་འཕེན་ཚུལ་བྱེད་དུ་གཞུག །དེ་ནས་ཕྲིན་ལས་བཞི་ལ་དབང་འབྱོར་བའི་ཕྱིར་དུ་ལས་བཞི་སོ་སོའི་རྗེས་སུ་གནང་བ་ནི་ཐོག་མར་ཞི་བའི་རྗེས་གནང་ལ་ཐུགས་དམིགས་འདི་བཞིན་མཛོད། །ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་ཁྱེད་རང་རྣམས་སྐད་ཅིག་གིས་ཡི་གེ་སྭཱ་ཧཱ་དཀར་པོ་ཡོངས་སུ་གྱུར་པ་ལས་ཞི་བའི་སྒྲོལ་མ་དཀར་མོ་ངང་པ་ལ་ཞོན་ཞིང་ཆུའི་དཀྱིལ་འཁོར་ལ་གནས་པ་གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱ་དང་གཡོན་ཨུཏྤལ་དཀར་པོའི་སྡོང་བུའི་རྩ་བ་ཐུགས་ཀར་འཛིན་པ། རྒྱན་སྤངས་ཤིང་ན་བཟའ་དཀར་པོ་ཅན་ཤིན་ཏུ་ཞི་བའི་རྣམ་པ་ཅན་དུ་གྱུར་པ་ལ། མདུན་བསྐྱེད་དཀྱིལ་འཁོར་གྱི་ལྷའི་ནང་གི་ཞི་བའི་སྒྲོལ་མའི་ཐུགས་ཀ་ནས་རང་འདྲའི་ཡེ་ཤེས་པ་བཛྲ་ས་


LT33_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

མཱ་ཛཿ ཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་ཐིམ། སླར་ཡང་མདུན་བསྐྱེད་ཞི་བའི་སྒྲོལ་མ་དེས་རང་གི་བུམ་པ་ཐོགས་ཉེ་དབང་བསྐུར་བའི་མོས་པ་མཛོད། །དཀྱིལ་འཁོར་གྱི་ཤར་ནས་ཞི་བའི་བུམ་པ་བླངས་ཏེ་དེས་དབང་བསྐུར་ཞིང་། །སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །རྡོ་རྗེ་གསང་བ་གསུམ་ལས་བྱུང་། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །གནས་ཀྱི་དབང་བསྐུར་སྦྱིན་པར་བྱ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཤཱིནྟཾ་ཀུ་རུ་བཛྲཱི་ཨ་བྷི་ཥིཉྩ་ཧཱུྃ། བུམ་ཆུ་བླུད། མདུན་བསྐྱེད་ཞི་བའི་སྒྲོལ་མའི་ཐུགས་ཀ་ནས་སྔགས་ཕྲེང་དཀར་པོ་བྱུང་བ་ཞལ་ནས་ཐོན། ཁྱེད་རང་རྣམས་ཞི་བའི་སྒྲོལ་མར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སྭཱ་ཧཱ་དཀར་པོའི་མཐར་གཡས་བསྐོར་དུ་འཁོད་པའི་མོས་པའི་སྔགས་འདིའི་རྗེས་ཟློས་མཛོད། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ལན་གསུམ། དེང་སང་སྔགས་ཕྲེང་གི་དཀྱུས་སུ་ཡོད་པ་དེ་མཚན་སྔགས་ཡིན་ལ། ཞི་བའི་སྔགས་ངོ་ཐོག་འདི་ཡིན་པས་ལྷན་ཅིག་སྐྱེས་མའི་སྒྲུབ་ཐབས་སུ་གསུངས་པ་ལྟར་བཀོད་པའོ། །དེ་ནས་སློབ་དཔོན་ལ་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་ཟློས་མཛོད། །བཅོམ་ལྡན་བདག་གིས་སོགས་ལན་གསུམ། ཁྱེད་རང་རྣམས་ཀྱི་མེ་ཏོག་དེ་ཉིད་སྔགས་ཕྲེང་དུ་བྱིན་གྱིས་བརླབས་ཏེ་དབུ་གཙུག་ནས་གཏོར་བས་སྙིང་གར་ཐིམ་པའི་མོས་པ་མཛོད། །བཅོམ་


LT33_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདི་ལ་སོགས་བྱས་ལ་མེ་ཏོག་སྤྱི་བོར་གཏོར། རྒྱས་པའི་རྗེས་གནང་ལ་ཐུགས་དམིགས་འདི་བཞིན་མཛོད། །ཨོཾ་ཤཱུ་ནྱ་ཏཱ་སོགས། སྟོང་པའི་ངང་ལས་ཁྱེད་རང་རྣམས་སྐད་ཅིག་གིས་ཨོཾ་ཡིག་སེར་པོ་ལས་རྒྱས་པའི་སྒྲོལ་མ་སེར་མོ་གླང་པོ་ཆེ་སེར་པོ་ལ་ཞོན་ཞིང་སའི་དཀྱིལ་འཁོར་ལ་གནས་པ། གཡས་མཆོག་སྦྱིན་གྱི་མཐིལ་ན་བདུད་རྩིས་གང་བའི་བུམ་པ་ནོར་བུའི་ཁ་རྒྱན་ཅན་དང་། གཡོན་ཐུགས་ཀར་རིན་པོ་ཆེའི་སྙེ་མ་འཛིན་པ། ཅུང་ཟད་ཉམས་རྒྱས་པ། དགྱེས་པའི་ཉམས་ཅན། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པར་གྱུར་པའི་མོས་པ་མཛོད། །དཀྱིལ་འཁོར་གྱི་རྒྱས་པའི་སྒྲོལ་མའི་ཐུགས་ཀ་ནས་རང་འདྲའི་ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་ཐིམ། དཀྱིལ་འཁོར་གྱི་རྒྱས་པའི་ལྷ་མོ་དེ་ཉིད་ཀྱིས་རང་གི་རིག་སྔགས་ཀྱི་བུམ་པས་དབང་བསྐུར་བའི་མོས་པ་མཛོད། །ཅེས་རྒྱས་པའི་བུམ་པ་ལག་ཏུ་ཐོགས་ཏེ། །སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །སོགས་དང་། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་དྷ་ན་པུཥྚི༚་ཀུ་རུ་བཛྲཱི་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་བསྐུར། བུམ་ཆུ་སྦྱིན། མདུན་བསྐྱེད་རྒྱས་པའི་སྒྲོལ་མའི་ཐུགས་ཀ་ནས་སྔགས་ཕྲེང་སེར་པོ་བྱུང་། ཁྱེད་རང་རྣམས་རྒྱས་པའི་སྒྲོལ་མར་གསལ་བའི་ཞལ་ནས་ཞུགས། ཐུགས་


LT33_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་ཟླ་དཀྱིལ་སེར་པོའི་སྟེང་དུ་ཨོཾ་ཡིག་སེར་པོའི་མཐར་གཡས་བསྐོར་དུ་འཁོད་པའི་མོས་པས་སྔགས་འདིའི་རྗེས་ཟློས་གནང་བ་ཞུ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དྷ་ན་པུཥྚི༚་ཀུ་རུ་བཽ་ཥ་ཊ། བཅོམ་ལྡན་བདག་གིས་དང་། བཅོམ་ལྡན་འདི་ལ་སོགས་བྱིན་གྱིས་བརླབས་པའི་ལུང་སྔར་བཞིན་བྱ། དབང་གི་རྗེས་གནང་ལ་ཐུགས་མོས་འདི་བཞིན་གནང་བ་ཞུ། ཨོཾ་ཤཱུ་ནྱ་ཏཱ་སོགས། སྟོང་པའི་ངང་ལས་ཁྱེད་རང་རྣམས་སྐད་ཅིག་གིས་ཧོཿཡིག་དམར་པོ་ལས་དབང་གི་སྒྲོལ་མ་དམར་མོ་རྟ་དམར་པོ་ལ་ཞོན་ཞིང་མེའི་དཀྱིལ་འཁོར་ལ་གནས་པ། གཡས་རྡོ་རྗེ་ལྕགས་ཀྱུ་དང་གཡོན་ཨུཏྤལ་དམར་པོའི་ཞགས་པ་འཛིན་པ། ལྷག་པར་ཆགས་པའི་ཉམས་ཅན། དར་གྱི་ན་བཟའ་དང་མེ་ཏོག་དམར་པོའི་རྒྱན་ཕྲེང་འབའ་ཞིག་གིས་བརྒྱན་པའི་སྐུར་གྱུར་པ་ལ། དཀྱིལ་འཁོར་གྱི་དབང་གི་སྒྲོལ་མའི་ཐུགས་ཀ་ནས་རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་ཐིམ། དཀྱིལ་འཁོར་གྱི་ལྷ་མོ་དེ་ཉིད་ཀྱིས་བུམ་པས་དབང་བསྐུར་བའི་མོས་པ་མཛོད། །དབང་གི་བུམ་པ་ཐོགས་ཏེ། །སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །སོགས་ཀྱི་མཐར། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་སཱ་དྷྱ་ཝ་ཤཾ་ཀུ་རུ་བཛྲཱི་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་བསྐུར། མདུན་བསྐྱེད་ལྷ་མོའི་ཐུགས་


LT33_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ནས་སྔགས་ཕྲེང་དམར་པོ་བྱུང་། ཁྱེད་རང་རྣམས་དབང་གི་སྒྲོལ་མར་གསལ་བའི་ཞལ་དུ་ཞུགས་ཏེ་ཐུགས་ཀར་མེ་དཀྱིལ་དམར་པོ་ཟླ་གམ་གྱི་དབུས་སུ་ཧོཿདམར་པོའི་མཐར་གཡས་བསྐོར་དུ་འཁོད་པའི་མོས་པས་སྔགས་འདིའི་རྗེས་ཟློས་གནང་བ་ཞུ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་སཱ་དྷྱ་ཝ་ཤཾ་ཀུ་རུ་ཧོཿཨཱ་ཀརྵ་ཡ་བྃ་ཧྲཱིཿཛཿ བྱིན་གྱིས་བརླབས་པའི་ལུང་སྡང་བཞིན་བྱ། དྲག་པོའི་རྗེས་གནང་ལ་ཐུགས་དམིགས་འདི་བཞིན་གནང་བ་ཞུ། ཨོཾ་ཤཱུ་ནྱ་ཏཱ་སོགས། སྟོང་པའི་ངང་ལས་ཁྱེད་རང་རྣམས་སྐད་ཅིག་གིས་ཕཊ་ཡིག་ནག་པོ་ལས་དྲག་པོའི་སྒྲོལ་མ་ནག་མོ་མ་ཧེ་སྔོན་པོ་དྲག་ཏུ་ཁྲོས་པ་ལ་ཆིབས་ཤིང་རླུང་གི་འཁོར་ལོ་ལ་གནས་པ། གཡས་རལ་གྲི་འཕྱར་ཞིང་གཡོན་རྡོ་རྗེའི་ཞགས་པ་ནག་པོ་འཛིན་པ་ཤིན་ཏུ་ཁྲོས་པའི་ཉམས་ཅན། སྦྲུལ་དང་མགོ་ཕྲེང་དང་སྟག་ལྤགས་ཀྱིས་བརྒྱན་པར་གསལ་བར་གྱུར། མདུན་བསྐྱེད་དཀྱིལ་འཁོར་གྱི་དྲག་པོའི་སྒྲོལ་མའི་ཐུགས་ཀ་ནས་རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་ཐིམ། དཀྱིལ་འཁོར་གྱི་དྲག་པོའི་སྒྲོལ་མས་བུམ་པས་དབང་བསྐུར་བའི་ཐུགས་མོས་མཛོད། །དྲག་པོའི་བུམ་པ་བླངས་ཏེ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །སོགས་ཚིགས་བཅད་ཀྱི་མཐར། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་


LT33_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་དུཥྚཾ་པྲ་དུཥྚཾ་མ་རཾ་ཀུ་རུ་བཛྲཱི་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་བསྐུར་ཞིང་བུམ་ཆུ་སྦྱིན། མདུན་བསྐྱེད་ལྷ་མོ་དེའི་ཐུགས་ཀ་ནས་སྔགས་ཕྲེང་ནག་པོ་བྱུང་བ་ཞལ་ནས་ཐོན། ཁྱེད་རང་རྣམས་དྲག་པོའི་སྒྲོལ་མར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་རླུང་དཀྱིལ་ནག་པོ་གྲུ་གསུམ་གྱི་དབུས་སུ་ཕཊ་ཡིག་ནག་པོའི་མཐར་གཡས་བསྐོར་དུ་འཁོད་པའི་མོས་པས་སྔགས་འདིའི་རྗེས་ཟློས་མཛོད། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དུཥྚཾ་པྲ་དུཥྚཾ་མཱ་ར་ཡ་ཨུཙྪཱ་ཊ་ཡ། མོ་ཧཱ་ཡ། བྷནྡྷ་ཡ། སྟྭཾ་བྷ་ཡ་ཧཱུྃ་ཕཊ། བྱིན་གྱིས་བརླབས་པའི་ལུང་སྔར་ལྟར་བྱ། འདིར་དཀྱིལ་ཆོག་ཏུ། སོ་སོའི་བཟླས་ལུང་སྦྱིན། ཞེས་པ་ཙམ་ལས་མ་བྱུང་བས་བྱིན་གྱིས་བརླབས་པའི་ལུང་རྣམས་མཐའ་གཅིག་ཏུ་མ་བྱས་ཀྱང་རུང་བ་འདྲའོ། །དབང་རྫས་དང་པོའི་རྡོ་རྗེ་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་དང་པོའི་རྡོ་རྗེ་རྩེ་ལྔ་པ་རྡོ་རྗེ་སེམས་དཔའི་ངོ་བོར་གྱུར། སྟོང་པའི་ངང་ལས་ཁྱེད་རང་རྣམས་སྐད་ཅིག་གི་རྡོ་རྗེ་སེམས་དཔའ་དཔལ་ཧེ་རུ་ཀ་རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན། སྐུ་མདོག་དཀར་པོ་རྡོ་རྗེ་དང་རྡོ་རྗེའི་དྲིལ་བུ་འཛིན་པས་རང་དང་མཚུངས་པའི་ཡུམ་རྡོ་རྗེ་སྙེམས་མ་གཅེར་མོ་སྐྲ་གྲོལ་བ་དང་མཉམ་པར་སྦྱོར་བ། རལ་པའི་ཐོར་ཚུགས་དང་། སྟག་ལྤགས་ཀྱི་ཤམ་ཐབས་དང་། རུས་པའི་རྒྱན་དང་ཐོད་པའི་ཕྲེང་བ་ཅན། ཞབས་གཡས་བརྐྱང་


LT33_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

གིས་པད་ཉི་ལ་མེ་དཔུང་དབུས་སུ་བཞུགས་པར་གསལ་འདེབས་པ་ཞུ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་རྡོ་རྗེ་སེམས་དཔའི་རྣམ་པར་བཛྲ་ས་མཱ་ཛཿཨོཾ་བཛྲ་ཨངྐུ་ཤ་ཛཿསོགས་ནས། ཨོཾ་བཛྲ་གྷཱཎྜེ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དབང་གི་ལྷ་རྣམས་ཀྱིས་ཡེ་ཤེས་ལྔའི་རང་བཞིན་དང་པོའི་རྡོ་རྗེ་ཕྱག་ཏུ་གཏད་པའི་མོས་པ་མཛོད། །ཅེས་ལག་གཡས་སུ་རྡོ་རྗེ་གཏད། ཁྱེད་རང་རྣམས་ཀྱི་ཐུགས་ཀའི་དབུས་སུ་ཡང་རང་འདྲའི་རྡོ་རྗེ་སེམས་དཔའ་རེ་བཞུགས་པར་གྱུར་པའི་མོས་པ་མཛོད། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅངས། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཞེས་བརྗོད། དེ་ལྟར་བྱིན་པའི་རྡོ་རྗེ་དེ་ཉིད་ཐུགས་ཀར་ལན་གསུམ་གསོར་ཞིང་གཏུགས་པ་དང་ལྷན་ཅིག་སྔགས་འདིའི་རྗེས་ཟློས། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ། དྷཱ་ར་ཡ་མི་བཛྲ་སཏྭ་ཧི་ཧི་ཧི་ཧི་ཧཱུྃ། ཞེས་རྡོ་རྗེ་གསོར་ཞིང་སྙིང་གར་གཏུགས་སུ་གཞུག །དེ་ནས་ཕྲིན་ལས་རྣམ་པ་བཞི་ལ་ཐོགས་པ་མེད་པས་འགྲོ་བའི་དོན་སྤྱོད་པར་འགྱུར་བའི་སླད་དུ་ཕྱག་མཚན་གྱི་རྗེས་གནང་སྦྱིན་པ་ལ། ཁྱེད་རང་


LT33_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་གཙོ་མོར་གསལ་བའི་ཕྱག་གཡས་སུ་ཧཱུྃ་ལས་བྱུང་བའི་རྡོ་རྗེ་གྲི་གུག་རྣམ་པར་རྟོག་པ་ཐམས་ཅད་གཅོད་པར་བྱེད་པ་དང་། གཡོན་དུ་བདུད་བཞི་བཅོམ་ཞིང་བདེ་བ་ཆེན་པོའི་རོ་ལ་རྒྱན་མི་ཆད་པར་རོལ་པའི་མཚོན་དོན་ཨཱཿལས་བྱུང་བའི་ཐོད་པ་བདུད་བཞིའི་ཁྲག་གིས་གང་བར་གཏད་པའི་མོས་པ་མཛོད། །ཅེས་བརྗོད་རྗེས། ཨོཾ་ཀརྟི་ཀ་སརྦ་མཱ་ར་ཱཾ་མཱཾ་ས་ཀརྟ་ཡ་ཀརྟ་ཡ་ཧཱུྃ་ཕཊ་ཅེས་ལག་གཡས་སུ་གྲི་གུག་དང་། ཨོཾ་བཛྲ་ཀ་པཱ་ལ་སརྦ་ཤ་ཏྲཱུཾ་ཱཾ་རཀྟཾ་བྷཱ་ར་ཡ་ཧཱུྃ་ཕཊ། ཅེས་ལག་གཡོན་དུ་ཐོད་ཁྲག་གཏད། བདེ་བ་ཆེན་པོ་སྙིང་རྗེའི་སྒྲ་སྒྲོགས་པས་རྒྱལ་བ་རྣམས་དབྱིངས་ལས་འགྲོ་བའི་དོན་དུ་བཞེངས་པར་བསྐུལ་ཞིང་ཁམས་གསུམ་དབང་དུ་སྡུད་པའི་ཕྱིར་ཨོཾ་ལས་བྱུང་བའི་ཅང་ཏེའུ་གཡས་དང་། ཐུགས་རྗེ་ཆེན་པོས་འགྲོ་བའི་གདུང་བ་སྐྱོབ་ཅིང་རེ་འདོད་ཡིད་བཞིན་དུ་སྐོང་ཕྱིར་ཏཱཾ་ལས་སྐྱེས་པའི་ཨུཏྤལ་སྔོན་པོ་རབ་ཏུ་རྒྱས་པའི་སྡོང་བུ་གཡོན་དུ་ཕུལ་བའི་མོས་པ་མཛོད། །ཅེས་སྙིང་པོ་ཡི་གེ་བཅུ་པ་བརྗོད་བཞིན་དུ་ཅང་ཏེའུ་སྟེ་ཌཱ་མ་རུ་གཡས་དང་། ན་མོ་རཏྣ་ཏྲ་ཡཱ་ཡ་སོགས་རྩ་སྔགས་བརྗོད་བཞིན་དུ་ལག་གཡོན་པར་ཨུཏྤལ་སྡོང་བུའི་གཟུགས་བརྙན་གཏད། གདུག་པ་ཅན་ཐམས་ཅད་ཀྱི་གནས་གསུམ་དུ་འབིགས་ཤིང་དུག་གསུམ་མཚན་འཛིན་གྱི་རྣམ་རྟོག་ཐམས་ཅད་འབུགས་པའི་ཕྱིར་དུ་ཏཱཾ་ལས་བྱུང་བའི་ཏྲི་ཤཱུ་ལ་སྟེ་མདུང་རྩེ་གསུམ་པ་ཕྱག་


LT33_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་དུ་ཕུལ་བའི་ཐུགས་མོས་གནང་བ་ཞུ། ཞེས་མདུང་རྩེ་གསུམ་པ་ལག་གཡོན་པར་གཏད་ཅིང་། ཨོཾ་ཧ་ན་ཧ་ན་མཱ་ར་ཡ་མཱ་ར་ཡ་སརྦ་ཤ་ཏྲཱུཾ་ཏྲི་ཤུ་ལ་ཧཱུྃ་ཕཊ། ཅེས་བརྗོད། ཐབས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རང་བཞིན་དཔལ་ཧེ་རུ་ཀ་དང་རྟག་ཏུ་མི་འབྲལ་བ་མཚོན་ཕྱིར་ཧོཾ་ལས་བྱུང་བའི་རྡོ་རྗེ་ཁ་ཊྭཱྃ་ག་དཀར་པོ་མཆན་ཁུང་གཡོན་དུ་ཕུལ་བའི་ཐུགས་མོས་གནང་བ་ཞུ། ཞེས་ཁ་ཊྭཱྃ་ག་མཆན་ཁུང་གཡོན་དུ་གཏོད་ཚུལ་བྱས་ལ། ཨོཾ་ཛྭ་ལ་ཛྭ་ལ་བྷྱོ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཅེས་བརྗོད། འདི་ལ་ཀློག་ལུགས་རྙིང་མའི་ལུགས་ལ་བྷྱོཿལ་འབྱོ་ཟེར་བའི་ཀློག་ཚུལ་མི་བྱེད་པར་བྷ་ཡོ་ཞེས་འདོན་པ་ཞལ་རྒྱུན་ནོ། །དེང་ཕྱིན་ཆད་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་རྟག་ཏུ་བསྒོམ་པར་བྱོས་ཤིག །དེ་དག་ནི་ཕྱག་མཚན་གྱི་བརྟུལ་ཞུགས་ཞེས་བྱ་བ་ལགས་སོ། །དེ་ནས་ལུང་བསྟན་པ་ནི། སློབ་དཔོན་གྱིས་བླ་གོས་ཀྱི་གྲྭ་རི་དྭགས་ཀྱི་རྣ་བ་ལྟར་བྱས་པ་དྲིལ་བུ་དང་ལྷན་ཅིག་གཡོན་གྱི་སྙིང་གར་བཟུང་། གཡས་པ་རྡོ་རྗེ་དང་བཅས་པས་སྐྱབས་སྦྱིན་གྱི་ཕྱག་རྒྱ་བཅས་ལ། ཁྱེད་རང་རྣམས་གང་ལ་མེ་ཏོག་ཕོག་པའི་རིགས་ཀྱི་དེ་བཞིན་གཤེགས་པ་སྤྲུལ་སྐུ་རབ་བྱུང་ཆགས་བྲལ་གྱི་རྣམ་པ་ཅན་དུ་བཞེངས་པས་ཁྱེད་རང་རྣམས་བྱང་ཆུབ་ཏུ་ལུང་བསྟན་པའི་ཐུགས་མོས་མཛད་པ་ཞུ། །འདི་ལྟར་ངས་ཁྱོད་ལུང་བསྟན་ཏེ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཀུན་ཏུ་


LT33_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

དག་པས་ན། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཧེ་བཛྲ་ཨངྐུ་རི། སརྦ་ཏ་ཐཱ་ག་ཏ་བཛྲ་ཤིཥྱ་ས་མ་ཡ་བྷུྷུ་ཝ་སྭཿ གང་ངས་ལུང་བསྟན་པ་འདི་ལ་སངས་རྒྱས་བྱང་ཆུབ་སེམས་དཔའ་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པ་ཐམས་ཅད་ཀྱིས། བྱང་ཆུབ་ཆེན་པོར་ལུང་བསྟན་པར་མཛད་དེ། སྔགས་དང་ཕྱག་རྒྱ་འདིའི་མཐུ་ཡིན་ནོ། །སློབ་མ་ཐུན་མོང་བ་ལ་འདི་ཡན་ཆད་ཙམ་གྱིས་ཆོག་པས་འོག་ནས་འབྱུང་བའི་གཟེངས་བསྟོད་དབུགས་དབྱུང་། རྩ་ལྟུང་བསྒྲགས་ལ་དམ་ཚིག་ཁས་བླངས་སོགས་རྗེས་བསྡུ་བྱ། དེ་ཡན་ཆད་ཀྱིས་སློབ་མའི་དབང་མཐའ་བརྟེན་དང་བཅས་པ་གྲུབ་པ་ཡིན། ད་རྡོ་རྗེ་སློབ་དཔོན་གྱི་དབང་གི་དོན་དུ་མཎྜལ་ཞིག་འབུལ་བ་ཞུ། ཞེས་མཎྜལ་འབུལ་དུ་གཞུག །སྔར་བཞིན་དབང་སྟེགས་བཅས་པའི་ཁར་སློབ་མའམ་སློབ་མའི་གཙོ་བོ་བཞག་ལ། །ད་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། །འཁོར་ལོ་ཕྱིར་མི་ལྡོག་པའི་དབང་། །དམ་པ་བདག་ལ་སྩལ་ནས་ཀྱང་། །མགོན་པོ་འཁོར་ལོ་ལྷ་དག་གི། དེ་ཉིད་སློབ་དཔོན་ཕྲིན་ལས་དང་། །སྡོམ་པ་གསང་མཆོག་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་འགྱུར། །ལན་གསུམ། འདིར་སླར་ཡང་དམ་ཚིག་གསུམ་སྦྱིན་པར་གསུངས་པས། སེམས་ཉིད་ཡེ་ནས་འགྱུར་བ་མེད་པ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་བདག་ཉིད་དུ་གདོད་ནས་གནས་པའི་


LT33_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

བརྡ་ཐབས་དྲན་པས་ཐུགས་རྡོ་རྗེ་ཐབས་ཀྱི་རང་བཞིན་མཚོན་བྱེད་རྡོ་རྗེ་ཕྱག་གཡས་སུ་འཛིན་པ་ཞུ། ཨོཾ་མ་ཧཱ་བཛྲ་ཧཱུྃ། ཞེས་རྡོ་རྗེ་ལག་གཡས་སུ་གཏད་ལ། ཚིག་འདི་བརྗོད་པ་དང་ལྷན་ཅིག་རྡོ་རྗེ་ཐུགས་ཀར་ལན་གསུམ་དུ་གསོར་ཞིང་རེག་པ་དང་བཅས་རྗེས་ཟློས། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུ་ལའོ། །ཞེས་ཚར་གཅིག་བརྗོད་དུ་གཞུག །སེམས་ཉིད་བདེ་བ་ཆེན་པོའི་ཡེ་ཤེས་དེ་ཉིད་རང་ངོ་སྤྲོས་པ་ཐམས་ཅད་དང་བྲལ་བ་གསུང་གཞོམ་དུ་མེད་པའི་སྒྲ་དབྱངས་མཚོན་བྱེད་དྲིལ་བུ་ཕྱག་གཡོན་དུ་འཛིན་པར་ཞུ། ཞེས་དྲིལ་བུ་གཏད་ལ། འདི་ནི་རྣལ་འབྱོར་མ་ཀུན་གྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅངས། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཅེས་གཏད་དེ། དྲིལ་བུ་འདི་ཉིད་ཚིག་འདི་བརྗོད་པ་དང་མཉམ་དུ་ལན་གསུམ་མམ་བརྒྱད་དུ་བཀྲོལ་མཐར་ཁ་ནང་དུ་ཕྱོགས་པས་དཀུ་གཡོན་པར་འཛིན་པ་དང་བཅས་ཏེ་འདིའི་རྗེས་ཟློས། ཨ༔སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་ནི། །དམ་


LT33_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྲིད་པ་བྱེད་པར་འགྱུར། །ཁྱེད་རང་རྣམས་ལྷ་སྐུ་ཕྱག་རྒྱ་ཆེན་པོ་སྣང་སྟོང་སྒྱུ་མ་ལྟ་བུའི་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་སེམས་དཔའ་གསལ་བ་ལ་བླ་མས་གཏད་པའི་རིག་མ་མཚན་ཉིད་དང་ལྡན་པ་རྡོ་རྗེ་སྙེམས་མར་གསལ་བ་འཁྱུད་སྦྱོར་བྱས་པ་ཙམ་གྱིས་བདེ་བ་སྐུ་ཉམས་སུ་བསྟར་བའི་མོས་པས་ཕྱག་གཉིས་རྡོར་དྲིལ་ཐུགས་ཀར་བསྣོལ་ཐབས་ཀྱི་འཁྱུད་རྒྱ་མཛད་པ་དང་ལྷན་ཅིག་འདིའི་རྗེས་ཟློས་གནང་བ་ཞུ། ཡིད་ཀྱི་ལུས་སུ་བརྟན་པའི་ཕྱིར། །ཕྱག་རྒྱའི་དམ་ཚིག་རབ་ཏུ་བརྗོད། །གང་གི་ལུས་ནི་ཐམས་ཅད་བརྟན། །དེས་ན་ཕྱག་རྒྱ་རབ་ཏུ་བསྒྲགས། །ཞེས་འཁྱུད་རྒྱ་བྱེད་དུ་གཞུག་དེ་དག་ནི་དམ་ཚིག་གསུམ་སྦྱིན་པ་ཞེས་བྱ་བ་རྡོ་རྗེ་སློབ་དཔོན་བདག་པོའི་དབང་ཆུང་བ་སྟེ་སློབ་དཔོན་ཆེན་པོའི་དབང་གི་སྔོན་འགྲོ་ཡིན་ལ། །དངོས་གཞི་ལ་འདྲ་སྐུ་གསུང་ཐུགས། སྤྱོད་པ། ཕྲིན་ལས། དངོས་གྲུབ་ཀྱི་དབང་རྣམས་དང་། བུམ་དབང་གི་དབང་དངོས་གཞི་རྡོ་རྗེ་སློབ་དཔོན་ཆེན་པོའི་དབང་དང་བདུན་དུ་ཡོད་པ་ལས་དང་པོ་ལ་དམིགས་པ་འདི་བཞིན་མཛོད་ཅིག །ཁྱེད་རང་རྣམས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པའི་སྐུར་གྱུར་པའི་ཐུགས་ཀར་གཞལ་མེད་ཁང་ལྷའི་གདན་དང་བཅས་པ་ཡོངས་སུ་རྫོགས་པ་གསལ་འདེབས་


LT33_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཛོད། །མདུན་བསྐྱེད་དཀྱིལ་འཁོར་གྱི་གཙོ་མོའི་ཐུགས་ཀར་བཅོམ་ལྡན་འདས་མ་སྒྲོལ་མ་རྣལ་འབྱོར་མའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཡོངས་སུ་རྫོགས་པར་བཞུགས་པའི་ཐུགས་མོས་གནང་བ་ཞུ། མདུན་བསྐྱེད་གཙོ་མོའི་ཐུགས་ཀའི་ལྷ་ཚོགས་རྣམས་དེད་ཀྱིས་ལྷ་སྔགས་རེ་རེར་བརྗོད་པ་དང་མཉམ་དུ་ཕྱིར་སྤྲོས་ཏེ་ཁྱེད་རང་རྣམས་ཀྱི་ཐུགས་ཀའི་གཞལ་ཡས་ཁང་གི་ནང་ལྷའི་གདན་རྣམས་སུ་འཁོད་པའི་མོས་པ་མཛོད། །ཅེས་སློབ་དཔོན་གྱིས་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སོགས་སྙིང་པོ་ཡི་གེ་བཅུ་པ་ཚར་གཅིག་དང་། ཨོཾ་ཏཱ་རེ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ནས། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ་ཕཊ་ཀྱི་བར་དཀྱིལ་འཁོར་གྱི་ལྷའི་མཚན་སྔགས་ཡོངས་སུ་རྫོགས་པ་ཚར་གཅིག་བརྗོད། དེ་ལྟར་འཁོད་པ་རྣམས་གསལ་འདེབས་པ་ནི། དབུས་ཀྱི་གདན་གྱི་སྟེང་དུ་བཅོམ་ལྡན་འདས་མ་དམ་ཚིག་སྒྲོལ་མ་ནས། མེ་དཔུང་འབར་བའི་ཕྲེང་བ་འཁྲུགས་པའོ། །ལིང་ཚེ་བརྒྱད་ལ་ཤར་དུ་ཞི་བའི་སྒྲོལ་མ་སོགས། །བྱང་དུ་རྒྱས་པའི་སྒྲོལ་མ་སོགས། །ནུབ་ཏུ་དབང་གི་སྒྲོལ་མ་སོགས། ལྷོར་དྲག་པོའི་སོགས། ཤར་ལྷོར་དེ་བཞིན་གཤེགས་པའི་སོགས་ནས། གཙོ་མོ་དང་མཚུངས་པའོ། །ཤར་སྒོར་ལྕགས་ཀྱུ་སོགས་ནས། གཡོན་བརྐྱང་བས་གནས་པའོ། །ལས་ཀྱི་སྣམ་བུ་དབུས་མའི་ཕྱོགས་སོ་སོར། ཤར་གྱི་


LT33_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་ན་རྨོངས་བྱེད་མ། །ནས། །གཉིས་ཀའང་དུད་ཁ་ཤིན་ཏུ་ཁྲོས། །ནད་གི་གྲྭ་བཞིར་རིམ་པ་བཞིན། །ཤར་ལྷོར་གཤིན་རྗེ་གཤེད་པོ་ནག །ནས། །ཡང་སྤྲུལ་ཕོ་ཉའི་ཚོགས་ཀྱང་འགྱེད། །མདུན་བསྐྱེད་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་ཀ་ནས་རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ་ལྷ་ཉི་ཤུ་རྩ་ལྔའི་ཚོགས་རྣམས་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ ཁྱེད་རང་རྣམས་ཀྱི་ཐུགས་ཀའི་ལྷ་ཚོགས་རྣམས་ལ་གཉིས་མེད་དུ་ཐིམ་པའི་ཐུགས་མོས་མཛོད། །དེ་ནི་སྐུའི་དབང་བསྐུར་བ་སྟེ་བསྐྱེད་རིམ་གྱི་ངོ་བོ་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་རྫོགས་པ་བསྒོམ་པ་ལ་དབང་བར་བྱེད་པའོ། །དེ་ཉིད་བརྟན་བྱེད་དུ་ནམ་མཁར་བཞུགས་པའི་སོགས་དང་། །སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །སོགས་བརྗོད་ལ་ཆུ་དབང་བསྐུར་བ་འོག་མ་ཐམས་ཅད་ལ་འགྲེ། དུང་ཆེན་ནམ་ཙནྡན་དམར་པོའི་ཕྲེང་བ་སློབ་དཔོན་གྱིས་སྙིམ་པ་སྦྱར་བའི་བར་དུ་བཟུང་སྟེ། བསང་སྦྱང་། སྟོང་པའི་ངང་ལས་ཨཱཿདམར་པོ་ལས་བགྲང་ཕྲེང་གསུང་རྡོ་རྗེ་འོད་དཔག་མེད་ཧེ་རུ་ཀ་སྐུ་མདོག་དམར་པོ་འོད་དཔག་མེད་ཀྱི་དབུ་རྒྱན་ཅན་པདྨ་དང་པདྨའི་དྲིལ་བུ་འཛིན་པས་ཡུམ་གོས་དཀར་མོ་རང་དང་མཚུངས་པ་དང་མཉམ་པར་སྦྱོར་བ་རྒྱན་དང་ཆ་བྱད་ཡོངས་སུ་རྫོགས་པའི་སྐུར་གྱུར། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ།


LT33_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་འོད་འཕྲོས་རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་གྱུར། ཕྲེང་བ་དེ་སློབ་མའི་ལག་ཏུ་གཏད་དེ། ཨོཾ་ཨ་ཨཱ། ཨི་ཨཱི་ནས། ཧ་ཀྵ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད། དེ་ནས་སྙིང་པོ་ཡི་གེ་བཅུ་པའི་རྗེས་ཟློས་མཛོད། །ཅེས་སློབ་དཔོན་གྱི་ཕྲེང་བ་རྡོག་རེ་རེ་སློབ་མའི་ལག་ཏུ་བསྒྱུར་ལ་སློབ་མས་འདྲེན་བཞིན་དུ། ཨོཾ་ཏཱ་རེ་སོགས་སྙིང་པོ་ཡི་གེ་བཅུ་པ་ལན་བརྒྱའི་རྗེས་ཟློས་བྱེད་དུ་བཅུག །སློབ་མ་མང་པོ་ཡོད་ན་གཙོ་བོ་གཅིག་ལ་དེ་ལྟར་བྱས་ཏེ་དེ་དུས་རྗེས་ཟློས་ཐམས་ཅད་ཀྱིས་ཐུན་མོང་དུ་བྱས་རྗེས་ཕྲེང་བ་གཞན་རྣམས་ཀྱི་ལག་ཏུ་གཏད་ཙམ་བྱས་ནས་བསྐྱུར་བས་རུང་ངོ་། །མཐར་ཕྲེང་བ་སློབ་མའི་སྤྱི་བོར་བཞག །སྙིང་གའི་ལྷ་ཚོགས་རྣམས་ས་བོན་གྱི་དཀྱིལ་འཁོར་དུ་གྱུར་པ་ནི། དབུས་ཀྱི་གདན་གྱི་སྟེང་དུ་ཏཱྃ་ཡིག་ལྗང་སྔོན་འོད་ཟེར་འབར་བ། ལིང་ཚེ་བརྒྱད་ལ་ཤར་དུ་སྭཱ་ཧཱ་དཀར་པོ། བྱང་དུ་ཨོཾ་སེར་པོ། ནུབ་ཏུ་ཧོཿདམར་པོ། ལྷོར་ཕཊ་ནག་པོ། ཤར་ལྷོར་ཏཱཾ་ཡིག་དཀར་པོ། ལྷོ་ནུབ་ཏུ་ཏཱཾ་ཡིག་སེར་པོ། ནུབ་བྱང་དུ་ཏཱཾ་ཡིག་དམར་པོ། བྱང་ཤར་དུ་ཏཱཾ་ཡིག་ལྗང་ཁུ། ཤར་སྒོར་ཛཿདཀར་པོ། ལྷོ་སྒོར་ཧཱུྃ་སེར་པོ། ནུབ་སྒོར་བཾ་དམར་པོ། བྱང་སྒོར་ཧོཿལྗང་ཁུ། ལས་ཀྱི་སྣམ་བུ་དབུས་མའི་ཕྱོགས་སོ་སོར། ཤར་གྱི་གཡས་སུ་མཾ་དཀར་པོ། གཡོན་དུ་ཧཿདཀར་པོ། བྱང་གི་གཡས་སུ་ཁཾཿ


LT33_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

སེར་པོ། གཡོན་དུ་ལྃ་སེར་པོ། ནུབ་ཀྱི་གཡས་སུ་ཧྲཱིཿདམར་པོ། གཡོན་དུ་ཛཿདམར་པོ། ལྷོའི་གཡས་སུ་ཕཊ་དུད་ཁ། གཡོན་དུའང་ཕཊ་དུད་ཁ། ནང་གི་གྲྭ་བཞིའི་ཤར་ལྷོ། ལྷོ་ནུབ། བྱང་ཤར་རྣམས་སུ་ཧཱུྃ་ནག་པོ་རེ་དང་། ནུབ་བྱང་དུ་ཧཱུྃ་ཡིག་དམར་པོ་རྣམས་གསལ་འདེབས་པ་ཞུ། མདུན་བསྐྱེད་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་སེམས་དཔའ་ས་བོན་གྱི་ཡིག་འབྲུའི་རྣམ་པ་བཛྲ་ས་མཱ་ཛཿཛཿཧཱུྃ་བྃ་ཧོཿཁྱེད་རང་རྣམས་ཀྱི་ཐུགས་ཀའི་ཡིག་འབྲུ་རྣམས་ལ་ཐིམ་པའི་མོས་པ་མཛོད། དེ་ནི་གསུང་གི་དབང་བསྐུར་བ་སྟེ། དཀྱིལ་འཁོར་ཡོངས་སུ་རྫོགས་པ་བསྙེན་ཅིང་བསྒྲུབ་པའི་སྒོ་ནས་སྔགས་བཟླབ་ལ་དབང་བར་བྱེད་དོ། །གོང་བཞིན་ཆུ་དབང་བསྐུར་རོ། །རྡོ་རྗེ་རྩེ་ལྔ་པ་བླ་མའི་ལག་ཏུ་ཐོགས་ལ། ཧཱུྃ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་སྔོན་པོ་ཐུགས་རྡོ་རྗེའི་རང་བཞིན་ཁྱེད་རང་རྣམས་ཀྱི་ཐུགས་ཀར་གཏད་པའི་མོས་པ་མཛོད། ཅེས་རྡོ་རྗེ་སློབ་མའི་སྙིང་གར་གཏད་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨ་ཥ་སྟྭཾ་དྷཱ་ར་ཡ་མི་ཧི་ཧི་ཧི་ཧི་ཧཱུྃ། ཞེས་བརྗོད། དེ་ལྟར་རྡོ་རྗེ་ཐུགས་ཀར་གཏད་པའི་རྐྱེན་གྱིས་ཐུགས་ཀའི་གཞལ་ཡས་ཁང་གི་ནང་གི་ཡིག་འབྲུའི་དཀྱིལ་འཁོར་ཕྱག་མཚན་དུ་གྱུར་པ་ནི། དབུས་ཀྱི་


LT33_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

གདན་གྱི་སྟེང་དུ་ཨུཏྤལ་སྔོན་པོའི་སྡོང་བུ་འོད་ཟེར་འབར་བ། ཕྱོགས་མཚམས་ཀྱི་ལེ་ཚེ་བརྒྱད་ལ། ཤར་དུ་པདྨ་དཀར་པོ། བྱང་དུ་གསེར་གྱི་བུམ་པ་བདུད་རྩིས་གང་བ། ནུབ་ཏུ་ལྕགས་ཀྱུ། ལྷོར་རལ་གྲི། ཤར་ལྷོར་ཨུཏྤལ་དཀར་པོ། ལྷོ་ནུབ་ཏུ་ཨུཏྤལ་སེར་པོ། ནུབ་བྱང་དུ་ཨུཏྤལ་དམར་པོ། བྱང་ཤར་དུ་ཨུཏྤལ་སྔོན་པོ། ཤར་སྒོར་ལྕགས་ཀྱུ། ལྷོ་སྒོར་ཞགས་པ། ནུབ་སྒོར་ལྕགས་སྒྲོག །བྱང་སྒོར་དྲིལ་བུ། ལས་ཀྱི་སྣམ་བུ་དབུས་མའི་ཤར་གྱི་གཡས་སུ་མདུང་རྩེ་གསུམ། གཡོན་དུ་བུམ་པ། བྱང་གི་གཡས་སུ་ལྕགས་སྒྲོག །གཉིས་པར་རི་རབ། ནུབ་ཀྱི་གཡས་སུ་ལྕགས་ཀྱུ། གཡོན་དུ་ཕུར་བུ། ལྷོའི་གཡས་སུ་དབྱུག་ཐོད། གཡོན་དུ་རལ་གྲི། ནང་གི་གྲྭ་བཞིའི་ཤར་ལྷོར་རྡོ་རྗེའི་ཐོ་བ། ལྷོ་ནུབ་ཏུ་རལ་གྲི། ནུབ་བྱང་དུ་དབྱུག་པ་དཀར་པོ། བྱང་ཤར་དུ་རྡོ་རྗེའི་ཕུར་བུ་རྣམས་སུ་གྱུར། མདུན་བསྐྱེད་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་སེམས་དཔའ་ཕྱག་མཚན་གྱི་རྣམ་པར་བཛྲ་ས་མཱ་ཛཿཛཿཧཱུྃ་བྃ་ཧོཿཁྱེད་རང་རྣམས་ཀྱི་ཐུགས་ཀའི་ཕྱག་མཚན་སོ་སོར་ཐིམ་པའི་མོས་པ་མཛོད། །དེ་ནས་རིགས་ལྔས་བསྡུས་པའི་སྒོམ་སྒྲུབ་ཕྲིན་ལས་རབ་འབྱམས་སྒྲུབ་པ་དང་། འབྲས་དུས་རིགས་ལྔའི་དཀྱིལ་འཁོར་


LT33_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་བཤད་ཀྱི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པའི་སླད་དུ་ཁྱེད་རང་རྣམས་རྣམ་སྣང་ལ་སོགས་པའི་རྒྱལ་བ་རིགས་ལྔར་རིམ་བཞིན་གྱུར་པ་ལ་སོ་སོའི་ཕྱག་མཚན་གཏད་པའི་མོས་པ་མཛོད། ཅེས་འཁོར་ལོ་ལག་ཏུ་ཐོགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །མཚོན་ཆ་འཁོར་ལོ་བླ་ན་མེད། །དཔའ་མོའི་བུ་ཡིས་བླང་བར་གྱིས། །འཁོར་ལོའི་རིག་པ་འཛིན་པར་འགྱུར། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙཀྲ་ཝརྟ་ན་ཨ་བྷི་ཥིཉྩ་ཧཱུྃ། ཞེས་འཁོར་ལོ་ལག་གཡས་སུ་གཏད། དེ་བཞིན་དུ་འདོན་པ་སྤོས་ཏེ། མཚོན་ཆ་རྡོ་རྗེ་བླ་ན་མེད། །དང་། རྡོ་རྗེའི་རིག་པ་འཛིན་པར་འགྱུར། །དང་། བཛྲ་ཝརྟ་ན་སོགས་ཀྱིས་རྡོ་རྗེ་དང་། མཚོན་ཆ་རིན་ཆེན་སོགས་དང་། ནོར་བུའི་རིག་པ་འཛིན་པར་འགྱུར་དང་། རཏྣ་ཝརྟ་ན་སོགས་རིན་ཆེན་དང་། །མཚོན་ཆ་ཆུ་སྐྱེས་བླ་ན་མེད། །དང་། །པདྨའི་རིག་པ་འཛིན་པར་འགྱུར། དང་། པདྨ་ཝརྟ་སོགས་ཀྱིས་པདྨ་དང་། མཚོན་ཆ་རལ་གྲི་བླ་ན་མེད། དང་། རལ་གྲིའི་རིག་པ་འཛིན་པར་འགྱུར། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཁཏྒ་ཝརྟ་ན་ཨ་བྷི་ཥིཉྩ་ཧཱུྃ། ཞེས་རལ་གྲི་གཏད། དེ་དག་ནི་ཐུགས་ཀྱི་དབང་བསྐུར་བ་སྟེ་འདིས་ཐུགས་ཀྱི་གསང་བ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་བསྒོམ་པ་དང་། བསྐྱེད་རིམ་གྱི་དངོས་འབྲས་འོག་མིན་གྱི་སྲིད་པའི་མཐར་ཐུག་པའི་རིག་པ་འཛིན་པ་མངོན་དུ་བྱེད་པ་ལ་དབང་བར་འགྱུར་


LT33_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །འདིར་ཡང་ཆུ་དབང་བསྐུར་རོ། །རིག་པའི་ཕྱག་རྒྱ་ལྔ་དངོས་སམ་གཟུགས་བརྙན་གང་རུང་དང་། རྡོ་རྗེ་ཁ་ཊྭཱཾ་ག་ཚངས་སྐུད་དང་བཅས་པ། ཅང་ཏེའུ་རྣམས་མདུན་དུ་བཀོད་དེ་ཚིག་དོན་ལྟར། རུས་རྒྱན་རྣམས་རིགས་ལྔའི་ངོ་བོར་མོས། ཁ་ཊྭཱཾ་ཅང་ཏེའུ་ཐབས་ཤེས་ཟུང་འཇུག་ཧེ་རུ་ཀའི་ངོ་བོར་མོས་ལ། ཨོཾ་དྷ་ར་དྷ་ར་དྷཱ་ར་ཡ་དྷཱ་ར་ཡ་མརྡ་མརྡ་བཛྲ་དྷྲྀ་ཀ་ཕཊ། ཅེས་ལན་བདུན་གྱིས་སྤྱི་བོའི་འཁོར་ལོ་མི་བསྐྱོད་པའི་ངོ་བོར་བྱིན་གྱིས་བརླབས། དེ་བཞིན་དུ། ཨོཾ་བཛྲ་དྷརྨ་ས་མ་ཡ་སྟྭཾ། ཧུ་ལུ་ཧུ་ལུ་ཨ་རོ་ལྀ་ཀྲ་ཕཊ། ཅེས་ལན་གསུམ་གྱི་ས་རྣ་རྒྱན་གཉིས་པདྨ་གར་དབང་འོད་དཔག་མེད་ཀྱི་ངོ་བོ་དང་། ཨོཾ་བཛྲ་སཱུརྻ་ཏ་མོ་བི་ད་མ་ན་སྭཱ་ཧཱ། ཨ་ཧཾ་རཏྣ་དྷྲྀཀྲ་ཕཊ། ཅེས་ལན་གསུམ་གྱིས་མགུལ་རྒྱན་རྡོ་རྗེ་ཉི་མ་རིན་འབྱུང་གི་ངོ་བོ་དང་། ཨོཾ་ཤ་ཤྭ་ཏོ། པ་ར་མ་ཤ་ཤྭོ་ཏོ། ཨེ་ཧྱེ་ཧི། ཛི་ན་ཛི་ཀྲ། བྷྲཱུྃ་ཧཱུྃ་ཕཊ། ཅེས་ལན་གསུམ་གྱིས་ལག་གདུབ་གཉིས་རྣམ་སྣང་གི་ངོ་བོ་དང་། ཨོཾ་ཕུ་ཕུ་ཕུ་ཧི་ཧི་ཧི་པྲཛྙཱ་དྷྲྀ་ཀྲ་ཧཱུྃ་ཕཊ། ཅེས་ལན་གསུམ་གྱིས་སྐེད་རྒྱན་ནམ་འོག་ལྤགས་རྟའི་རྒྱལ་པོ་དོན་གྲུབ་ཀྱི་ངོ་བོ་དང་། ཨོཾ་ཨཱཿཧཱུྃ་ཧཾ་ཞེས་ལན་གསུམ་གྱིས་ཁ་ཊྭཱཾ་ག་ཅང་ཏེ་དང་བཅས་པ་ཧེ་རུ་ཀའི་ངོ་བོར་བྱིན་གྱིས་བརླབས་ལ། དེ་ནས་སྤྱོད་པའི་བརྟུལ་ཞུགས་སྦྱིན་པ་ནི། དེ་བཞིན་གཤེགས་པ་རིགས་ལྔའི་རང་བཞིན་དུ་རང་རང་གི་སྔགས་ཀྱིས་བྱིན་གྱིས་བརླབས་པའི་ཕྱག་རྒྱ་ལྔ་དང་། ཤེས་རབ་བདེ་སྟོང་གི་ཡེ་ཤེས་མཚོན་


LT33_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཁ་ཊྭཱྃ་ག་དང་། ཐབས་ལྷ་སྐུ་སྣང་སྟོང་སྒྱུ་མ་ལྟ་བུ་མཚོན་པའི་ཌ་མ་རུ་དང་བཅས་པ་གཏད་པའི་མོས་པ་མཛོད། །ཅེས་ཕྱག་རྒྱ་ལྔ་ལུས་ཀྱི་གནས་སོ་སོར་བསྐོན་པའམ་བསྐོན་ཚུལ་བྱ་ཞིང་། ཁ་ཊྭཱཾ་ག་མཆན་ཁུར་གཡོན་དུ་གཏད་ལ། སྤྱི་བོའི་འཁོར་ལོ་མི་བསྐྱོད་པ། །རྣ་ཆའི་བདག་ཉིད་འོད་དཔག་མེད། །མགུལ་གྱི་ཕྲེང་བ་རིན་ཆེན་དབང་། །ལག་པར་རྣམ་པར་སྣང་མཛད་བརྗོད། །སྐེ་རགས་ལ་ནི་དོན་ཡོད་གནས། ཁ་ཊྭཱཾ་ག་ནི་ཤེས་རབ་སྟེ། །ཐབས་ཀྱི་རང་བཞིན་ཅང་ཏེ་ཉིད། །རྣལ་འབྱོར་མ་ཡི་མིང་པོས་བཟུང་། །ཞེས་བརྗོད། དེ་ནི་སྤྱོད་པའི་བརྟུལ་ཞུགས་ཀྱི་དབང་ཞེས་བྱ་སྟེ་རིམ་པ་གཉིས་ཀྱི་རྟོགས་པ་ལ་སོགས་དབྱུང་བའི་ཆེད་དུ་ཞིང་རྣམས་སུ་སྤྱོད་པས་རྒྱུ་བ་ལ་དབང་བར་བྱེད་དོ། །འདིའི་མཐར་ཡང་ཆུ་དབང་བྱ། སླར་ཡང་ལས་བཞིའི་སྒྲོལ་མ་རྣམས་ཀྱིས་རང་རང་གི་བུམ་པས་དབང་བསྐུར་བའི་མོས་པ་མཛོད། །ཅེས་ཞི་བའི་བུམ་པས་དབང་བསྐུར་ཞིང་། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཤཱིནྟཾ་ཀུ་རུ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། རྒྱས་པའི་བུམ་པས་དབང་བསྐུར་ཞིང་། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་དྷ་ན་པུཥྚི༚་ཀུ་རུ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། དབང་གི་བུམ་པས་དབང་བསྐུར་ཞིང་། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་སཱ་དྷྱ་ཝ་ཤཾ་ཀུ་རུ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། དྲག་པོའི་བུམ་པས་དབང་བསྐུར་ཞིང་། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དུཥྚཾ་པྲ་དུཥྚཾ་མ་རཾ་ཀུ་རུ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད།


LT33_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་དབང་བསྐུར་བས་ལས་བཞི་སོ་སོ་སྤྱི་དང་བྱེ་བྲག་ཐམས་ཅད་བསྒྲུབ་པ་ལ་མངའ་དབང་འབྱོར་ཞིང་ནུས་པ་མཐུ་ལྡན་དུ་བྱས་པའི་མོས་པ་མཛོད། །ཞི་དང་རྒྱས་དང་དབང་དང་དགུག །སྡང་བར་བྱ་དང་གནོན་སོགས་དང་། །བསད་དང་བསྐྲད་པ་ཐམས་ཅད་དེ། །ལས་དེ་རྣམས་ནི་བསྒྲུབ་པར་གྱིས། །ཞེས་བཀའ་གནང་སྦྱིན། མཐར་རྟེན་གྱི་ཆུ་དབང་བསྐུར་རོ། །དེ་ནི་ཕྲིན་ལས་བསྒྲུབ་པའི་དབང་སྟེ་འདི་ཐོབ་པས་དུས་ལ་བབ་པ་ན་ལས་ཀྱི་རྒྱུད་རབ་འབྱམས་ཐམས་ཅད་ཐོགས་མེད་དུ་བསྒྲུབ་པ་ལ་དབང་བར་བྱེད་དོ། །དངོས་གྲུབ་ཀྱི་གཟུགས་བརྙན་བྱས་ལ་ལག་ཏུ་གཏད་ནས། བསྐྱེད་རིམ་ལ་བརྟན་པ་ཐོབ་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་སྤྱོད་པའི་སླད་དུ་རལ་གྲི་ལ་སོགས་ཀྱི་གྲུབ་པ་ཆེན་པོ་བརྒྱད་བསྒྲུབས་ཏེ་འགྲོ་བ་མང་པོ་ལ་ཕན་གདགས་པའི་ཆེད་དུ་གྲུབ་པའི་རྫས་བརྒྱད་ཕྱག་ཏུ་གཏད་པའི་ཐུགས་མོས་གནང་བ་ཞུ། རལ་གྲི་མིག་སྨན་ས་འོག་དང་། །མཆིལ་ལྷྭམ་དེ་བཞིན་རིལ་བུ་སྟེ། །རྣལ་འབྱོར་མ་ཡི་དངོས་གྲུབ་ནི། །དེ་ནི་ཅི་དགར་བསྒྲུབ་པར་གྱིས། །ཞེས་གནང་བ་སྦྱིན། མཐའ་རྟེན་དུ་ཆུ་དབང་བསྐུར། དེ་ནི་དངོས་གྲུབ་ཀྱི་དབང་ཞེས་བྱ་སྟེ་རྫས་ལ་བརྟེན་པའི་དངོས་གྲུབ་ཆེན་པོ་རྣམས་ཐོགས་པ་མེད་པར་འགྲུབ་པར་བྱེད་དོ། །དེ་ནས་ཁྱེད་རང་རྣམས་བཅོམ་ལྡན་འདས་དཔལ་རྡོ་རྗེ་


LT33_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཧེ་རུ་ཀའི་སྐུར་གྱུར་པ་ལ། སློབ་དཔོན་གྱི་ཐུགས་ཀ་ནས་བྱུང་བའི་ཡེ་ཤེས་ཀྱི་ཕྱག་རྒྱ། རིག་མ་ལོ་བཅུ་གཉིས་མའམ་བཅུ་དྲུག་མའམ་ཉི་ཤུ་མ་ལ་སོགས་པ་ལང་ཚོས་གང་བ་ལྷག་པར་རྒྱས་ཤིང་གཟུགས་ཀྱི་མཛེས་པ་ཕུན་སུམ་ཚོགས་པ་འདོད་པའི་སྒྱུ་རྩལ་ལ་མཁས་པ་གཅེར་མོ་སྐྲ་གྲོལ་ཕྱག་རྒྱ་ལྔ་ལ་སོགས་པའི་ཆས་སུ་ཞུགས་པ་ཞིག་ཁྱེད་རང་རྣམས་ཀྱི་སྐུ་པང་དུ་གཏད་པ་དེ་ཉིད་གཙོ་མོ་དམ་ཚིག་སྒྲོལ་མར་གསལ་བ་ལ་བདག་ཉིད་རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས་དངོས་སུ་འཁྱུད་པར་མོས་ཤིང་། དེའི་ལུས་ཀྱི་རེག་བྱའི་བདེ་བ་ཉམས་སུ་མྱོང་བ་དང་། ཡབ་ཡུམ་ཕན་ཚུན་དུ་གཟིགས་ཤིང་བཞད་པའི་བདེ་བ་དང་། རབ་ཏུ་རྒྱས་པའི་ནུ་འབུར་ལ་ཕྱག་གིས་རེག་ཅིང་འཚིར་བ་ལས་བྱུང་བའི་བདེ་བས་སྐུ་ཉམས་སུ་བསྟར་བས་དགའ་བ་བཞིའི་ནང་གི་དང་པོ་དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེས་བར་མོས་ལ་དེ་ལྟ་བུའི་ཉམས་ཤར་བ་ན་བདེ་བའི་རང་ངོ་ལ་གཅེར་གྱིས་གཟིགས་པས་ངོས་བཟུང་གི་འཛིན་པའི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངང་ལ་མཉམ་པར་འཇོག་པ་མཛད་ནས། འདི་ནི་མི་འགྱུར་བའི་བདེ་བའི་ནང་ཚན་དགའ་བའི་ཡེ་ཤེས་སོ་སྙམ་དུ་མོས་ལ་དེའི་ང་རྒྱལ་བརྟན་པོ་སྐྱེད་ཅིག །འདི་ནི་རྡོ་རྗེ་སློབ་དཔོན་གྱི་དབང་དང་བུམ་དབང་གི་དངོས་གཞི་ཡིན་ལ། དེ་ཉིད་


LT33_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་བྱེད་དུ་ནམ་མཁར་བཞུགས་པའི་དབང་གི་ལྷ་རྣམས་ཀྱིས་མཆོད་པའི་སྤྲིན་ཕུང་གི་བཀོད་པ་དུ་མ་དང་བཅས་པས་བུམ་པའི་ཆུས་དབང་བསྐུར་བའི་ཐུགས་མོས་མཛོད། བུམ་དབང་འཐོར་འཐུང་བཅས་བྱ་སྟེ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །རྡོ་རྗེ་གསང་བ་གསུམ་ལས་བྱུང་། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །གནས་ཀྱི་དབང་བསྐུར་སྦྱིན་པར་བྱ། །ཨོཾ་བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ། སུ་ར་ཏ་སྟྭཾ་ཨ་ཧཾ། ཞེས་བརྗོད། དེ་ལྟར་དབང་བསྐུར་བས་སྔར་དབང་བསྐུར་བའི་ནུས་པ་མི་ལྡོག་ཅིང་བརྟན་པོར་བགྱིས་པའི་ཐུགས་མོས་མཛད་པ་ཞུ། སྐབས་འདིར་རྒྱ་གར་བའི་ཕྱག་བཞེས་ལྟར་ན། སློབ་མའི་མཐར་བསྐོར་རམ་མདུན་དུ་ཆུ་གཉིས་ཉེར་སྤྱོད་ལ་སོགས་པའི་མཆོད་པ་རྒྱ་ཆེན་པོ་དང་། འགྲུབ་ན་བཟའ་བཅའ་བཏུང་བའི་བྱེ་བྲག་ཀྱང་ཅི་ཚོགས་པ་རྒྱ་ཆེར་བཤམས་ལ་ཕུད་ནས་དཀྱིལ་འཁོར་གྱི་ལྷ་ལ་གཏོར་མའི་ཚུལ་དུ་འབུལ་བའམ་ཕུལ་བར་མོས་པ་དང་། ཚིགས་བཅད་དམ་སྔགས་ཅི་རིགས་བཟླས་པས། སློབ་མ་ལྷར་གསལ་བ་ལ་མཆོད་པ་རྒྱས་པ་དང་། མཚན་ངེས་པ་དང་ཕྱག་འཚལ་ཉེར་གཅིག་སོགས་རྒྱ་བོད་ཀྱི་སྐད་ཅི་རིགས་པས་བསྟོད། དེ་ནས་ལས་ཀྱི་རྡོ་རྗེས་སློབ་མ་ཐམས་ཅད་དམ་མང་ན་གཙོ་བོ་གཅིག་གི་སྙིང་གར་གཟུངས་ཐག་རྡོ་རྗེ་བཟུང་། སློབ་དཔོན་གྱིས་དེའི་གཟུངས་ཐག་གི་སྣེ་ནས་འཇུས་ཏེ། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡེ་སྭཱ་ཧཱ། ལན་མང་པོ་དང་། ཡེ་དྷརྨ་ལན་མང་དུ་བརྗོད་ཅིང་སློབ་མ་ལ་མེ་ཏོག་


LT33_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

འཐོར། སྒྲུབ་གྲོགས་ཡོད་ན་རོལ་ཆེན་དང་བཅས་ཏེ། སློབ་དཔོན་གྱིས་ཞྭ་གྱོན་ལ་མེ་ཏོག་འཐོར་དྲིལ་བུ་བསིལ་ཞིང་། ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལའང་བདེ་ལེགས་གནས། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །སངས་རྒྱས་ཀུན་གྱིས་དེང་འདིར་སྩོལ། །ཞེས་བཀྲ་ཤིས་ཀྱི་གླུ་དབྱངས་སྙན་པོ་བླངས་ལ་མེ་ཏོག་འཐོར། རོལ་མོ་རྒྱ་ཆེར་བསྒྲག་གོ། །དེ་དག་གིས་ཕྱིར་མི་ལྡོག་པ་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་བསྐུར་ལེགས་པར་གྲུབ་ནས། དེའི་མཇུག་སྡོམ་གྱི་ཚུལ་དུ་བསྲུང་བྱའི་དམ་ཚིག་གཙོ་བོ་རྩ་ལྟུང་བཅུ་བཞི་བསྒྲག་པ་འདི་ལ་གསན་པས་ཁྱབ་པར་གདའ། སློབ་དཔོན་སྨད་པར་མི་བྱ་སྟེ། །བདེ་གཤེགས་བཀའ་ལས་འདས་མི་བྱ། །དེ་བཞིན་ཁྲོས་པས་སྤུན་རྣམས་ལ། །ཉེས་པ་བརྗོད་པར་མི་བྱའོ། །སེམས་ཅན་རྣམས་ལ་བྱམས་པའི་སེམས། །ནམ་ཡང་སྤང་བར་མི་བྱའོ། །བྱང་ཆུབ་སེམས་ནི་སྤང་མི་བྱ། །རང་གཞན་ཆོས་ལ་སྨད་མི་བྱ། །ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་ཉིད་ནི་བསྟན་མི་བྱ། །བདག་ཉིད་ཕུང་པོ་སྨད་མི་བྱ། །ཆོས་ལ་ཡིད་གཉིས་མི་བྱ་ཞིང་། །གདུག་ལ་བྱམས་པ་ཉིད་མི་བྱ། །ཆོས་ཉིད་ཚད་ནི་གཟུང་མི་བྱ། །སྐལ་ལྡན་སེམས་ཅན་བསླུ་མི་བྱ། །རྟག་ཏུ་དམ་ཚིག་བརྟེན་པར་བྱ། །ཤེས་རབ་རང་བཞིན་བུད་མེད་ལ། །སྐྱོན་གྱི་ཉེས་པ་མི་བརྗོད་དོ། །ཞེས་


LT33_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཏེ། སྤྱིར་གསང་སྔགས་རྡོ་རྗེ་ཐེག་པ་དང་སྒོས་སུ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ལས་བསྲུང་བྱའི་དམ་ཚིག་མཐའ་ཀླས་པ་ཞིག་གསུངས་མོད། གཙོ་བོར་གྱུར་པ་སྤང་བྱ་རྩ་བའི་ལྟུང་བ་དང་སྦོམ་པོའི་ལྟུང་བ་གཉིས་ལས་རྩ་བའི་ལྟུང་བ་ནི་གོང་དུ་སྨོས་པ་བཅུ་བཞི་པོ་འདི་རྣམས་ཡིན་ཏེ་ཚུལ་བཞིན་བསྲུངས་ན་དངོས་གྲུབ་ཀྱི་རྩ་བ་དང་། མ་བསྲུངས་ན་ཉེས་པའི་རྩ་བ་ཡིན་པས་དེ་རྣམས་དང་། རྒྱུད་གཞན་ལས་འབྱུང་བའི་སྦོམ་པོའི་ལྟུང་བ་བརྒྱད། བཟའ་བསྲུང་བསྟེན་པ་སོགས་མཉམ་གཞག་རྗེས་སྤྱོད་ཀྱི་དམ་ཚིག་མཐའ་དག་འབད་པ་ཆེན་པོས་བསྲུང་དགོས་པས་དེ་ལྟར་བགྱིའོ་སྙམ་པའི་དམ་བཅའ་བརྟན་པོ་དང་བཅས་པས་འདིའི་རྗེས་ཟློས་མཛོད། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་བཞིན་བདག་གིས་བགྱིད་པར་འཚལ། །ལན་གསུམ། །མཐའ་རྟེན་དུ་གསང་བར་གདམས་པ་ནི། ཇི་སྐད་དུ། གསང་བས་འགྲུབ་ཕྱིར་གསང་སྔགས་ཏེ། །རྡོ་རྗེ་ཐེག་པ་འབྲས་བུ་ཆེ། །ཞེས་པ་ལྟར་རྡོ་རྗེ་ཐེག་པའི་ལམ་འདི་དག་ནི་སྣོད་མ་ཡིན་པ་རྣམས་ལ་རླུང་ཕྱོགས་ཙམ་དུ་ཡང་མིང་ཙམ་མི་བསྒྲག་པར་གསང་ཞིང་སྦས་པའི་ཚུལ་གྱིས་ཉམས་སུ་བླངས་ན་དངོས་གྲུབ་མྱུར་བ་ཡིན་ཅིང་། མ་གསང་ན་གནས་གསུམ་གྱི་མཁའ་འགྲོ་རྣམས་ཁྲོས་ཏེ་ཤིན་


LT33_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་རྣོ་བའི་ཤུ་ལ་སྟེ། མདུང་རྩེ་གསུམ་པ། བཅོམ་ལྡན་འདས་མ་སྒྲོལ་མ་རྣལ་འབྱོར་མའི་ཕྱག་ན་གནས་པ་སྟེ་དེའི་ཕྱག་མཚན་འདིས་མཆོག་ཏུ་འབིགས་ཤིང་བསྣུན་པར་མཛད་དོ། །ཞེས་ཉེས་དམིགས་བཤད་པའི་སྒོ་ནས་གསང་བར་གདམས་པ་ནི། །ཏྲི་ཤུ་ལ་སྙིང་གར་བཞག་ལ། གསང་བ་འདི་སུ་ལའང་སྨྲ་བར་མི་བྱའོ། །གལ་ཏེ་སྨྲས་ན་དེ་ཡི་ཚེ། །ཤིན་ཏུ་རྣོ་བའི་ཤཱུ་ལ་ནི། །རྣལ་འབྱོར་མ་ཡི་ཕྱག་ན་གནས། །གང་གིས་དམ་ཚིག་འཇིག་བྱེད་པ། །དེ་ཡིས་འདི་ལ་མཆོག་ཏུ་འབིགས། །ཨོཾ་མ་ཧཱ་ས་མ་ཡ་ཧ་ན་ཧཱུྃ་ཕཊ། དེ་ནས་སྐབས་འདིར་གཟེངས་བསྟོད་པ་དང་དབུགས་དབྱུང་བ་ཕྲེང་བ་ནས་འབྱུང་བ་ལྟར་བྱ་བར་གསུངས་པས་དེ་ལ་སློབ་དཔོན་གྱིས་སློབ་མའི་སྤྱི་བོར་གདུགས་བཟུང་སྟེ་སློབ་མ་དཀྱིལ་འཁོར་གྱི་གཙོ་བོ་ལ་དབུལ་བར་གསུངས་པ་ལྟར། ཁང་པའི་གོ་སྐབས་ཡངས་ན་དེ་ལྟར་བྱ། དོགས་ན་སློབ་མའི་སྤྱི་བོར་གདུགས་བཟུང་། སློབ་དཔོན་གྱིས་དཀྱིལ་འཁོར་གྱི་ཕྱོགས་སུ་མགོ་འདུད་ཅིང་ཐལ་མོ་སྦྱོར་བ་དང་བཅས། རྒྱུད་རྣམས་འཛིན་པར་གྱུར་པ་ཡི། །སློབ་མ་འདི་ནི་ཕུལ་བ་ལགས། །ཞེས་བརྗོད། དེ་ལྟར་སློབ་དཔོན་གྱིས་གཙོ་མོ་ལ་གསོལ་བ་བཏབ་ནས་གདུགས་གཞན་དུ་བཞག་སྟེ་སློབ་མའི་སྙིང་ལ་འབབ་པའི་ཚིག་འདིས་དབུགས་དབྱུང་བའི་ཐུགས་མོས་གནང་བ་ཞུ། དེ་རིང་ཁྱོད་ནི་དཀྱིལ་འཁོར་གྱི། །སློབ་དཔོན་སྔགས་དང་བརྒྱུད་


LT33_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་དག་ཀྱང་དགོངས་པར་འགྱུར། །སེམས་ཅན་ཀུན་ལ་བརྩེ་དོན་དུ། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །རབ་ཏུ་འབད་དེ་བྲི་བར་བྱ། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །མཆོག་གསང་དཀྱིལ་འཁོར་དམ་པ་འདིར། །མཐོང་བ་དང་ནི་ཞུགས་པ་ཡིས། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །དེ་རིང་ཁྱེད་རྣམས་བདེ་བར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཡོངས་མེད་དེ། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །སྲིད་པ་ཤིན་ཏུ་མཐར་གྲུབ་པས། །སངས་རྒྱས་རྡོ་རྗེ་ཅན་ཀུན་གྱིས། །དེ་རིང་ཚེ་ལྡན་དབང་བསྐུར་རོ། །ཁམས་གསུམ་ཀུན་གྱི་རྒྱལ་སྲིད་ཆེའི། །བདག་པོ་ཉིད་དུ་ཁྱོད་ངེས་སོ། །འདོད་ཆགས་བྲལ་བ་ལྟ་བུའི་སྡིག །ཁམས་གསུམ་ན་ནི་གཞན་མེད་དོ། །དེ་བས་འདོད་ལ་ཆགས་བྲལ་བར། །ཁྱོད་ཀྱིས་ནམ་ཡང་མི་བྱའོ། །འདོད་པ་ཀུན་ལ་སྤྱོད་པས་ཁྱོད། །གང་ལའང་འཇིགས་མེད་སྤྱད་པར་གྱིས། །ཤ་ལྔ་བདུད་རྩི་ལྔ་བཟའ་བཅའ། །འདི་ལས་གཞན་ཡང་དམ་ཚིག་བསྲུང་། །སྲོག་ཆགས་བསད་པར་མི་བྱ་ཞིང་། །བུད་མེད་རིན་ཆེན་སྤང་མི་བྱ། །སློབ་དཔོན་སྤང་བར་མི་བྱ་སྟེ། །དམ་ཚིག་ཤིན་ཏུ་འདའ་བར་དཀའ། །ཤེས་རབ་ཐབས་ཀྱི་བསམ་པ་ཡིས། །


LT33_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱ་ཅུང་ཟད་ཡོད་མ་ཡིན། །མ་འཇིགས་ཁྱོད་ལ་སྡིག་པ་མེད། །དེ་བཞིན་གཤེགས་པའི་གསུང་ཇི་བཞིན། །འདི་ལྟར་ཡིད་ནི་རབ་དྭངས་རྡོ་རྗེ་ཉིད་དུ་གྱིས། །རང་གི་དམ་ཚིག་མི་ཟད་བདེ་སྟེར་བསྟེན་པར་གྱིས། །འགྲོ་བ་བདེ་བ་ཉུང་བས་རྡོ་རྗེ་སེམས་དཔའ་དང་། །མཚུངས་པའི་རྟག་པ་ཉིད་དུ་ཁྱེད་རྣམས་ཕྱིན་པར་འགྱུར། །གཞན་ཡང་གང་དག་ཆོ་ག་ཇི་ལྟ་བ་བཞིན་དུ་དབང་བསྐུར་བ་ལ་དགེ་བའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སྡུག་པའི་བུ་དང་འདྲ་བར་ཐུགས་དང་བས་ཡང་དག་པར་དགོངས་པར་མཛད་པ་འདི་ནི་ཆོས་ཉིད་ཡིན་ནོ། །དེ་ལྟར་དབང་ཐོབ་ཅིང་དབུགས་ཕྱིན་པའི་སློབ་མས་དགའ་བ་རྒྱ་ཆེན་པོ་དང་ལྡན་པས་ཁས་བླང་བའི་ཕྱིར་འདིའི་རྗེས་ཟློས་གནང་བ་ཞུ། དེ་ལྟར་བགྱིའོ། །སླར་ཡང་དབང་ཐོབ་པས་སངས་རྒྱས་ཀྱི་རིགས་སུ་སྐྱེས་ཤིང་སྲས་སུ་གྱུར་པས་མི་ལུས་དོན་ལྡན་དུ་གྱུར་པ་ལ་བདག་ཉིད་སྤྲོ་བ་བསྐྱེད་པ་མཚོན་ཕྱིར་གཟེངས་བསྟོད་པའམ་དགའ་བ་སྒོམ་པ་འདིའི་རྗེས་ཟློས་གནང་བ་ཞུ། དེང་བདག་སྐྱེ་བ་འབྲས་བུར་བཅས། །བདག་ནི་གསོན་པའང་འབྲས་བུར་བཅས། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་དེང་བདག་གྱུར། །ཞེས་བརྗོད་དུ་གཞུག །དེ་རྣམས་ཀྱིས་རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་དང་


LT33_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱའི་ལུས་བུམ་པའི་དཀྱིལ་འཁོར་དུ་སྔོན་རྗེས་ཐམས་ཅད་དུ་བུམ་པའི་བྱ་བ་གཙོ་བོར་གྱུར་པ་བུམ་པའི་དབང་ཐོབ། སྦྱང་བྱ་འཁོར་བ་ཐོག་མེད་ནས་བསགས་པའི་ལུས་ཀྱི་དྲི་མ་ཐམས་ཅད་དག །ལམ་བསྐྱེད་རིམ་སྤྱི་དང་ཁྱད་པར་རྒྱུད་འདི་ཉིད་ཀྱི་རྣལ་འབྱོར་དང་པོ་ཡན་ལག་དང་བཅས་པ་བསྒོམ་པ་ལ་དབང་། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པའི་ཐུགས་མོས་མཛོད། །ད་གཉིས་པ་གསང་བའི་དབང་གི་དོན་དུ་ཞིང་ཁམས་འབུལ་བ་ཞུ། །ཞེས་མཎྜལ་འབུལ་གཞུག །དེ་ནས་མཚན་ཉིད་དང་ལྡན་པའི་རིག་མ་ལོ་བཅུ་དྲུག་ནས་ཉི་ཤུའི་བར་གང་ཡང་རུང་བ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བླ་མ་ལ་ཕུལ་བའི་ཐུགས་མོས་དང་བཅས་ཏེ་ཐལ་མོ་སྦྱར་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་གནང་བ་ཞུ། ཁྱེད་ལ་འདི་ནི་འབུལ་ལགས་ཀྱིས། །འདོད་དོན་བདེ་བ་རབ་ཏུ་སྩོལ། །བདག་ནི་འདོད་པའི་བདེ་དོན་གཉེར། །མགོན་པོ་ཁྱོད་ཀྱིས་བརྩེ་བས་ཟུང་། །བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ལན་གསུམ། ལུས་ཀྱི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་འཆིང་མཛོད། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ་ཕཊ། ཅེས་མིག་དར་འཆིང་དུ་གཞུག་


LT33_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་དཀྱིལ་ཆོག་ཏུ་མེ་ཏོག་དོར་བ་དང་ཟླ་བ་རྡོ་རྗེའི་སེམས་བསྐྱེད་བྱ་བར་གསུངས་པ་ཉི་མ་སོ་སོར་གསང་དབང་ལོགས་སུ་དཀྱིལ་འཁོར་ལ་སོགས་ལ་བརྟེན་ནས་བསྐུར་བ་ལ་དགོངས་ཀྱི་དཀྱུས་གཅིག་ཏུ་སྦྲེལ་སྐབས་མི་དགོས་སོ། །དེ་ནས་གསང་དབང་སྒོས་ཀྱི་ཡེ་ཤེས་དབབ་པ་ནི། ཁྱེད་རང་རྣམས་ཀྱི་མགྲིན་པར་ཆོས་འབྱུང་དམར་པོའི་ནང་དུ་ཨཱ་ལི་ཀཱ་ལིའི་སྔགས་ཕྲེང་དཀར་དམར་གཡོན་བསྐོར་དུ་འཁོར་བ་ལ་ཐུགས་རྩེ་གཅིག་ཏུ་གཏོད་པ་ཞུ། ཞེས་བརྗོད་ལ། ཨོཾ་ཨ་ཨཱ་ནས། ཧ་ཀྵ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་དྲག་ཏུ་བཟླ་ཞིང་རོལ་མོའི་སྒྲ་བྱ། ཡེ་ཤེས་འབེབས་རྫས་ཀྱི་དུད་པས་བདུག་གོ། །སློབ་དཔོན་གྱི་མདུན་དུ་དབང་རྫས་རྣམས་ལེན་པའམ། ལས་རྡོར་གྱིས་རིམ་པ་བཞིན་དུ་བྲིམ་ཞིང་འདི་སྐད་ཅེས། དེ་ནས་རིག་པའི་དབང་ལྔ་མདོར་བསྡུས་སུ་བསྐུར་བར་གསུངས་པས། སློབ་དཔོན་གྱི་སྙིང་ག་ནས་འོད་ཟེར་འཕྲོས། སངས་རྒྱས་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་དབང་གི་ལྷ་ཚོགས་ཀྱི་རྣམ་པར་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿདབང་གི་ལྷ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་ཐོགས་ཏེ་ཁྱེད་རང་རྣམས་ལ་ཡུམ་ལྔའི་ངོ་བོ་ཆུ་དབང་བསྐུར་བའི་མོས་པ་མཛོད། །ཨོཾ་བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ། སུ་ར་ཏ་སྟྭཾ་ཨ་ཧཾ། ཨོཾ་ལཱཾ་མཱཾ་པཱཾ་ཏཱཾ་ཧཱུྃ་ཧཱུྃ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་སྔར་བཞིན་བུམ་ཆུ་དུང་ཆོས་སུ་བསྡུས་པ་སྤྱི་བོར་བཞག་ཅིང་བུམ་ཆུ་སྦྱིན། རིགས་ལྔ་ཡབ་ལྔའི་ངོ་བོ་རིན་པོ་ཆེའི་ཅོད་པན་


LT33_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་དབང་བསྐུར་བའི་མོས་པ་མཛོད། །ཨོཾ་བྷྲཱུྃ་ཨཱཾ་ཛི༚་ཁཾ་ཧཱུྃ་ཧཱུྃ་རཏྣ་མུ་ཀ་ཊ་ཨ་བྷི་ཥིཉྩ་ཧཱུྃ། དབུ་རྒྱན་བསྐོན་ཚུལ་བྱ། གཙོ་བོ་དོན་ཡོད་གྲུབ་པའི་ངོ་བོ་རྡོ་རྗེ་ཕྱག་གཡས་སུ་གཏད་པའི་མོས་པ་མཛོད། །ཨོཾ་ཧཱུྃ་ཏཱཾ་ཧཱུྃ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། །ཞེས་རྡོ་རྗེ་ལག་གཡས་སུ་གཏད། དེ་ཉིད་རྡོ་རྗེ་ཐུགས་ཀྱི་དམ་ཚིག་དྲན་པས་ཐུགས་ཀར་ལན་གསུམ་གསོར་ཞིང་གཏུགས་པ་དང་བཅས་འདིའི་རྗེས་ཟློས་མཛོད། །ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུ་ལའོ། །དབང་གི་ལྷས་གཙོ་མོ་བཅོམ་ལྡན་འདས་སྒྲོལ་མའི་ངོ་བོ་དྲིལ་བུ་གཏད་དེ་དབང་བསྐུར་བའི་མོས་པ་མཛོད། །ཨོཾ་ཧཱུྃ་ཏྲཱཾ་ཧཱུྃ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དྲིལ་བུ་ལག་གཡོན་དུ་གཏད། གསུང་དྲིལ་བུའི་དམ་ཚིག་གི་དོན་དྲན་པས་དྲིལ་བུ་དེ་ཉིད་ལན་གསུམ་བཀྲོལ་ཏེ་དགུ་གཡོན་པར་བཟུང་བ་དང་ལྷན་ཅིག་འདིའི་རྗེས་ཟློས་མཛོད། །ཨཱཿ སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་ནི། །སྲིད་པའི་དམ་པ་བྱེད་པར་འགྱུར། །སྐུ་ཕྱག་རྒྱའི་དམ་ཚིག་གི་དོན་རང་ལྷ་སྐུ་ཡབ་ཡུམ་ཕྱག་རྒྱ་ཆེན་པོར་གསལ་བས་ཕྱག་ཐུགས་ཀར་རྡོར་དྲིལ་བསྣོལ་ཐབས་སུ་འཁྱུད་རྒྱ་དང་བཅས་འདིའི་རྗེས་ཟློས་མཛོད། །ཡིད་ཀྱི་ལུས་སུ་བརྟན་པའི་ཕྱིར། །ཕྱག་རྒྱའི་དམ་ཚིག་རབ་ཏུ་བརྗོད། །གང་


LT33_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ལུས་ནི་ཐམས་ཅད་བརྟན། །དེས་ན་ཕྱག་རྒྱར་རབ་ཏུ་བསྒྲགས། །དབང་གི་ལྷ་རྣམས་ཀྱི་སྒོ་མ་བཞིའི་ངོ་བོར་གྱུར་པའི་རྡོར་དྲིལ་སྤྱི་བོར་བཟུང་ནས་མིང་གི་དབང་བསྐུར་བའི་ཐུགས་མོས་དང་སྔགས་ཀྱི་མཇུག་དེར་རང་རང་ལ་སྔར་བཏགས་པའི་གསང་མཚན་ཐུགས་ལ་དྲན་པར་མཛོད། །རྡོར་དྲིལ་སྤྱི་བོར་བཀྲོལ་ཞིང་། ཨོཾ་ཛཿཧཱུྃ་བྃ་ཧོཿབཛྲ་སཏྭ་སྟྭཾ་བཛྲ་ནཱ་མ་ཨ་བྷི་ཥིཉྩ་མི། བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཀྱེ་དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །དེ་ཡན་ནི་གསང་དབང་གི་སྔོན་འགྲོ་ཡིན་ནོ། །དེ་ནས་གསང་དབང་དངོས་ནི། བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་སྐུ་ལ་སངས་རྒྱས་ཐམས་ཅད་བསྡུས་ཏེ་བྱང་ཆུབ་ཀྱི་སེམས་སུ་ཞུ་བའི་རྒྱུན་གྱིས་དབང་བསྐུར་བར་བྱེད་པ་ཡིན་པས་སྔར་གསང་དབང་གི་དོན་དུ་ཕུལ་བའི་རིག་མ་དེ་ཉིད་དང་སློབ་དཔོན་ལྷག་པའི་ལྷ་ཡབ་ཡུམ་དུ་གསལ་བ་མཉམ་པར་སྦྱོར་བའི་རྗེས་ཆགས་ཀྱི་བདེ་བ་གསུམ་བསྟར་བའི་ཐུགས་མོས་གནང་བ་ཞུ། ཞེས་བརྗོད་ནས་བླ་མས། རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་དཔལ་དོན་ཡོད་གྲུབ་པ་རྡོ་རྗེ་རྟའི་རྒྱལ་པོ་སྐུ་མདོག་སྔོ་སངས་སྔོ་དཀར་དམར་བའི་ཞལ་སྤྱན་གསུམ་པ་སྟེང་ཞལ་རྟ་གདོང་སྔོན་པོ། ཞེས་པ་ནས། མེ་ཕུང་འབར་བའི་དབུས་ན་རོལ་པའོ། །དེའི་པང་དུ་རིག་མ་ཡུམ་


LT33_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་མ་དམ་ཚིག་སྒྲོལ་མ་སྐུ་མདོག་སྔོ་ཞིང་ཡིད་ཙམ་ལྗང་བ། ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་མགོ་རློན་གྱི་དོ་ཤལ་ངང་ཨུཏྤལ་དམར་པོའི་ཕྲེང་བ་འཕྱང་ཞིང་རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ། དྲག་མོ་ཆེན་མོ་སྤྱན་གསུམ་དང་ལྡན་ཞིང་མཆེ་བ་ཅུང་ཟད་གཙིགས་པ། ལོ་བཅུ་དྲུག་ལོན་པ་ལྟར་ལང་ཚོ་བབ་པ། དབུ་སྐྲ་ཕྱེད་བཅིངས་ཤིང་ཕྱེད་གྲོལ་བ། ཞབས་གཉིས་བརླའི་སྟེང་ནས་པདྨའི་འདུག་སྟངས་ཀྱིས་འཁྲིལ་བའོ། །ཡབ་ཡུམ་གཉིས་ཀའི་སྤྱི་བོར་ཨོཾ་དཀར་པོ། ནས། སྙིང་གར་སཾ་སྔོན་པོ་ཀུན་ཏུ་བཟང་པོའི་ངོ་བོ་རྣམས་སུ་གྱུར། ཡབ་ཀྱི་གསང་གནས་མི་དམིགས་པ་སྟོང་པའི་ངང་ལས་ཧཱུྃ་སྔོན་པོ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བར་ཧཱུྃ་དང་། རྩེ་མོར་ཨོཾ་ལས་བྱུང་བའི་ནོར་བུ་དཀར་པོ་ཨོཾ་གྱིས་མཚན་པ། ཡུམ་གྱི་ཆུ་སྐྱེས་མི་དམིགས་པ་སྟོང་པའི་ངང་ལས་ཧྲཱིཿལས་བྱུང་བའི་པདྨ་དམར་པོ་འདབ་མ་གསུམ་པ་ཧྲཱིཿས་མཚན་པའི་ལྟེ་བར་ཨཱཿལས་བྱུང་བའི་ཟེའུ་འབྲུ་ཨཱཿཡིས་མཚན་པ་གཉིས་ཀའི་བུ་ག་ཕཊ་ཡིག་དམར་སེར་གྱིས་བཀག་པའོ། །ཡབ་ཡུམ་རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པའི་དགའ་བའི་སྒྲས། ཕྱོགས་བཅུའི་དེ་བཞིན་


LT33_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་སྤྱན་དྲངས། རྗེས་ཆགས་ཀྱི་མེས་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་རྡོ་རྗེ་སློབ་དཔོན་ཐབས་ཀྱི་འཁོར་ལོས་སྒྱུར་བ་དོན་ཡོད་གྲུབ་པར་གསལ་བའི་སྤྱི་བོ་ནས་ཞུགས། ཐུགས་ཀར་གཞི་གནས་ཀྱི་བྱང་ཆུབ་སེམས་དང་རོ་གཅིག་ཏུ་འདྲེས། རྩ་ཨ་ཝ་དྷུ་ཏིའི་ལམ་ནས་བརྒྱུད་རྡོ་རྗེ་ནོར་བུར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བརྟན་པར་བྱས་པའི་ཐིག་ལེ་ཅུང་ཟད་ཡུམ་གྱི་པདྨར་ཕྱུང་ཞིང་། ལྷག་མ་རྡོ་རྗེ་ལ་གནས་པའི་བྱང་ཆུབ་ཀྱི་སེམས་དེ་ཉིད་མཐེ་བོང་དང་སྲིན་ལག་གིས་བཙིར་ནས་ལྗགས་ཐོག་ཏུ་ཕབ་པའི་མོས་པ་མཛོད། །དངོས་སུ་སྔར་བཤམས་པའི་གསང་རྫས་ཀ་པཱ་ལའི་ནང་མཆོད་ཐོགས་ཏེ། །འདས་པའི་རྡོ་རྗེ་འཆང་སོགས་ཀྱིས། །ཇི་ལྟར་སངས་རྒྱས་སྲས་དབང་བསྐུར། །དེ་བཞིན་དུ་ནི་བྱང་ཆུབ་སེམས། །བཟང་པོས་བུ་ཁྱོད་དབང་བསྐུར་རོ། །སྙིང་པོ་ཡི་གེ་བཅུ་པའི་མཐར། །ཨོཾ་ཨཱཿཧཱུྃ་བཏགས་པས། ཁྱོར་བ་གཡོན་པར་སྦྱིན། དེ་བཞིན་དུ་ཡུམ་གྱི་པདྨ་ལ་གནས་པའི་བྱང་སེམས་དེ་ཉིད་ཀྱང་ཁྱེད་རང་རྣམས་ཀྱི་ལྗགས་ཐོག་ཏུ་གཞིབས་པའི་མོས་པ་མཛོད། །འདི་སྟེ་དཔའ་བོ་ལྷ་མོ་རྣམས། །དམ་ཚིག་རྨད་བྱུང་ཆེན་པོ་སྟེ། ཁམས་ལྔ་ལས་བྱུང་བཅུད་ཀྱིས་ལེན། །བདེ་བ་ཆེན་པོ་མྱང་བར་གྱིས། །གོང་བཞིན་སྙིང་པོའི་


LT33_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

མཐར། ཨོཾ་ཨཱཿཧཱུྃ། ཞེས་གོང་དང་མཚུངས་པའི་ནང་མཆོད་སྦྱིན། དེ་ལྟར་བླ་མ་ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་འཁོར་ལོ་བཞིར་བརྟན་པར་བྱས་པས་དགའ་བ་བཞིའི་ཡེ་ཤེས་ཡུན་རིང་དུ་ཉམས་སུ་མྱོང་བའི་རྟེན་ཀུནྡ་ལྟ་བུ་དེ་ཉིད་མྱང་བས་མགྲིན་པའི་རྩ་ཁམས་རྣམས་བྱིན་གྱིས་བརླབས་ཤིང་དེ་ལས་བརྒྱུད་དེ་སྐུ་ལུས་ཀྱི་རྩ་གནས་ཐམས་ཅད་དུ་སོན་པས་གཞོན་ནུ་མའི་བདེ་བ་དང་མཚུངས་པའི་བདེ་བ་ཆེན་པོ་གསལ་སྟོང་རང་རིག་པའི་བདག་ཉིད་ཅན་དུ་ཉམས་སུ་མྱོང་བའི་མོས་པ་དང་བཅས་ཏེ། དོན་དེ་ལ་ངོ་མཚར་བས་ཆེད་དུ་བརྗོད་པའི་ཚུལ་དུ་འདིའི་རྗེས་ཟློས་གནང་བ་ཞུ། ཨེ་མ་ཧོཿབདེ་བ་དང་པོའོ། །གསང་བའི་དཀྱིལ་འཁོར་མཐོང་བའི་བརྡར་གདོང་གཡོགས་བཀྲོལ་བ་ཞུ། ཨོཾ་ཛྙཱ་ན་ཙཀྵུ་ཨཱཿཞེས་མིག་དར་འགྲོལ་དུ་གཞུག །ད་ལྟ་གང་ལས་གསང་དབང་ཐོབ་པའི་ཡུལ་བླ་མའི་རིག་མ་ཡུམ་གྱི་བྷ་གའི་དཀྱིལ་འཁོར་མཆོག་ཏུ་རྒྱས་ཤིང་རླན་དང་བཅས་པ་བདེ་ཉམས་གསལ་པོར་དོད་པ་ལ་སྤྱན་མི་འཛུམ་པར་གཟིགས་པའི་མོས་པ་དང་དེ་གཟིགས་པ་ལ་བརྟེན་རང་ཉིད་རྗེས་ཆགས་ལྷག་པར་རྒྱས་ཤིང་སྔར་བུམ་དབང་གི་དུས་ལས་ལྷག་པའི་དགའ་བ་གཉིས་པ་མཆོག་དགའི་ཉམས་མྱོང་དངོས་སུ་སྐྱེས་པར་མོས་ཏེ་དེའི་རང་ངོ་


LT33_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་བྲལ་སྟོང་ཉིད་ཀྱི་དོན་ལ་མཉམ་པར་འཇོག་པ་དང་། འདི་ནི་མི་འགྱུར་བའི་བདེ་བའི་ངོ་བོར་གྱུར་བའི་མཆོག་དགའ་འོ་སྙམ་དུ་ང་རྒྱལ་འཛིན་པར་ཞུ། སླར་ཡང་དམ་ཆུའི་ཚུལ་དུ་བདུད་རྩི་ལྕེ་ཐོག་ཏུ་བཞག་པའི་མོས་པ་མཛོད། །ཅེས་ནང་མཆོད་སྦྱིན་ལ་དེའི་དམ་ཚིག་བསྒྲག་པ་ནི། ཁྲག་ཆེན་པོ་ནི་ག་བུར་བཅས། །ཙནྡན་དམར་དང་ཡང་དག་སྦྱར། །དེ་བཞིན་རྡོ་རྗེའི་ཆུ་དང་བཅས། །ལྔ་པ་སེམས་ལས་བྱུང་བར་བཤད། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །བཟང་པོ་ཁྱོད་ཀྱིས་བསྐྱང་བར་བྱ། །ཞེས་པ་དེའི་དོན་ནི་གསང་དབང་གི་སྒོས་ཀྱི་དམ་ཚིག་ཏུ་གྲགས་པ་ཤ་ལྔ་བདུད་རྩི་ལྔ་བཟའ་བ་སྟེ་ནུས་པ་ཐོབ་ནས་དེ་དག་དངོས་ལ་ལོངས་སྤྱོད་པ་དང་། ལས་དང་པོ་པས་བྱིན་གྱིས་བརླབས་པའི་བདུད་རྩིའི་རིལ་བུའམ་ནང་མཆོད་དེར་མོས་པ་ཉིན་རེ་བཞིན་དུ་བསྟེན་པ་དང་། བཟའ་བཏུང་ཐམས་ཅད་ཀྱང་དེར་བྱིན་གྱིས་བརླབས་ཏེ་བསྟེན་དགོས་པ་ཡིན་ཏེ། དེའི་དགོས་པ་ཤ་ལྔ་བདུད་རྩི་ལྔའི་བཅུད་ལེན་གྱིས་བྱང་ཆུབ་ཀྱི་སེམས་རྒྱས་པར་བྱས་ནས། དགའ་བཞིའི་རིམ་པས་ཐིག་ལེ་བཞི་འཆིང་བ་ལ་འབད་དགོས་པའི་དོན་ནོ། །དེ་ལྟར་ན་གང་ལ་བརྟེན་པའི་དཀྱིལ་འཁོར་ཡུམ་གྱི་བྷ་གའི་དཀྱིལ་འཁོར་དུ། རྫས་གསང་བ་བླ་མ་ཡབ་ཡུམ་གྱི་བྱང་


LT33_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དང་གནས་གསང་བ་རྡོ་རྗེ་དང་པདྨ་ལས་ལེན་པར་བྱེད་པས་སྤྱིར་སྣོད་མིན་ལ་གསང་བར་འོས་ཤིང་། སྒོས་སུ་གསང་དབང་ཡན་ཆད་མ་ཐོབ་པའམ་བུམ་དབང་འབའ་ཞིག་གི་སྣོད་རུང་ཙམ་ལའང་གསང་དགོས་པས་གསང་བའི་དབང་ཞེས་བྱ་བ་དེ་ཐོབ། སྦྱང་བྱ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ངག་གི་སྡིག་སྒྲིབ་ཐམས་ཅད་དག །སྦྱོང་བྱེད་ལམ་རང་ལུས་རྩ་རླུང་ཐིག་ལེའི་རྣལ་འབྱོར་སྤྱི་དང་ཁྱད་པར་རྒྱུད་འདི་ཉིད་ཀྱི་རྫོགས་རིམ་རྣལ་འབྱོར་ཆེན་པོ་མི་ཤིགས་གསུམ་ལྡན་གྱི་རིམ་པ་བསྒོམ་པ་ལ་དབང་། སྦྱངས་འབྲས་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །དེ་ནས་གསུམ་པ་ཤེས་རབ་ཡེ་ཤེས་དབང་གི་དོན་དུ་མཎྜལ་འབུལ་བ་ཞུ། ཞེས་བརྗོད། དེ་ནས་སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ཏེ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། །བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ། །རྡོ་རྗེ་རྣལ་འབྱོར་གཅིག་བཞེད་པ། །མི་ཕྱེད་ཕྱག་རྒྱ་སྒྲུབ་པ་པོ། །རྡོ་རྗེ་རྣལ་འབྱོར་ལས་བྱུང་བ། །ཇི་ལྟར་ཁྱོད་ནི་བདག་ཉིད་ཆེ། །མངའ་བདག་བདག་ལའང་དེ་ལྟར་མཛོད། །འཁོར་བ་འདམ་གྱི་ཚོགས་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །ལན་གསུམ། སྐབས་འདིར་སློབ་དཔོན་


LT33_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཆོད་པར་བྱ་བར་གསུངས་པས་དེའི་ཐུགས་མོས་མཛོད། །ཅེས་ལས་རྡོར་གྱིས་ཆུ་གཉིས་ཉེར་སྤྱོད་ལྔ་སྟེགས་ལ་བཤམས་པ་འདེགས་སུ་བཅུག་ལ། སློབ་དཔོན་རང་ཉིད་ཀྱིས། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ན་མཿནས། ཤབྡ་བར་བརྗོད་ཅིང་རོལ་མོ་བྱ། འགྲུབ་ན་སློབ་མས་བྱ་བའམ་ལྷན་ཅིག་ཏུ་བྱས་ཀྱང་རུང་ངོ། །ཤེར་དབང་གི་ཡེ་ཤེས་འབེབས་པ་ལ་དམིགས་པ་འདི་བཞིན་དུ་སྒོམས་ཤིག །ཁྱེད་རང་རྣམས་ཀྱི་ལྟེ་བར་ཆོས་འབྱུང་དམར་པོ་བསྣོལ་མ་གྲྭ་རྣམས་སུ་དགའ་བ་འཁྱིལ་པ་གཡོན་བསྐོར་ལག་བཞི་པས་མཚོན་པར་མོས་ཏེ་དེ་ཉིད་བླ་མའི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས་གཡོན་བསྐོར་དུ་དྲག་ཏུ་འཁོར་བ་ལ་ཐུགས་རྩེ་གཅིག་ཏུ་གཏོད་པར་ཞུ། ཞེས་བརྗོད་ལ་རོལ་མོ་བྱ། ཁྱད་པར་གྱི་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། །དབང་པོ་གཉིས་ཀྱི་སྦྱོར་བ་གང་། །རང་བཞིན་མེད་པའི་བདག་ཉིད་དེ། །ཡེ་ཤེས་མཚོན་ཆ་རྣམ་འཆང་བ། །མངོན་སྤྱོད་སྣ་ཚོགས་སྤྱོད་པ་པོ། །མ་མོའི་ཚོགས་ཀྱིས་བསྐོར་བའི་སྔགས་ཅན་མ། །དབང་པོའི་དྲ་བ་འཕྲོ་ཞིང་འོད་ཟེར་འབར། །ལྷན་ཅིག་སྐྱེས་པའི་མཛེས་མ་དང་གཅུག་མཛད། །བློ་གྲོས་ཆེན་པོས་བདག་ལ་དབང་བསྐུར་སྩོལ། །ལན་གསུམ། བླ་མའི་ཐུགས་ཀ་ནས་སྤྲུལ་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་རང་


LT33_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

རིག་དང་མཐུན་པ་ལོ་བཅུ་གཉིས་ནས་ཉི་ཤུའི་བར་གྱི་ན་ཚོད་ཅན་གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པ་འདོད་པའི་སྒྱུ་རྩལ་ལ་མངོན་པར་མཁས་པ་ཞིག་བྱུང་བ་དེ་ལག་གཡོན་པ་ཁྱེད་རང་རྣམས་ཀྱི་ཕྱག་གཡས་སུ་སྦྱིན་ཏེ་འདི་སྐད་ཅེས་བསྒྲགས་པའི་མོས་པ་མཛོད། །སངས་རྒྱས་ཀུན་གྱིས་བྱིན་བརླབས་པའི། །ལྷ་མོ་འདི་ནི་ཁྱོད་ལ་ཤིས། །མཐའ་ཡས་བདེ་བ་སྦྱིན་པ་མོ། །རྣམ་པ་ཀུན་ཀྱང་ཕྱག་རྒྱ་ལོངས། །གཟུངས་མ་ཡིད་འོང་འདི་ཁྱོད་ཀྱི། །བསྟེན་བྱོས་སངས་རྒྱས་ཀུན་གྱིས་བསྔགས། །བླུན་པོ་གང་ཞིག་འདི་སྤོང་བ། །དེ་ལ་མཆོག་གི་དངོས་གྲུབ་མེད། །དེ་ནས་ཁྱེད་རང་རྣམས་སྐད་ཅིག་གིས་རིགས་ཐམས་ཅད་ཀྱི་ཁྱབ་བདག་དཔལ་དོན་ཡོད་གྲུབ་པ་རྡོ་རྗེ་རྟའི་རྒྱལ་པོ། སོགས་ནས། མེ་ཕུང་འབར་བའི་དབུས་ན་རོལ་པའི་སྐུར་གྱུར་པ་དང་། ད་ལྟ་གཏད་པའི་རིག་མ་དེ་ཉིད་ཀྱང་དཀྱིལ་འཁོར་གྱི་གཙོ་མོ་བཅོམ་ལྡན་འདས་མ་དམ་ཚིག་སྒྲོལ་མ་རྡོ་རྗེ་རྣལ་འབྱོར་མ་ཆེན་མོ་སྐུ་མདོག་སྔོ་ཞིང་ཡིད་ཙམ་ལྗང་བ། སོགས། གོང་གསང་དབང་གི་སྐབས་ལྟར་བརྗོད་ནས། དབུ་སྐྲ་ནག་པོ་ཕྱེད་བཅིངས་ཤིང་ཕྱེད་གྲོལ་བ། ཕྱི་རོལ་དུ་མེ་ཕུང་འབར་བའི་ཕྲེང་བ་འཁྲུགས་པ་ཞིག་ཏུ་གྱུར་བའི་མོས་པ་མཛོད། །དེ་ནས་བྱིན་གྱིས་བརླབ་ཅིང་དམ་ཚིག་བསྲེ་བའི་


LT33_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དུ་ཡབ་ཡུམ་སོ་སོའི་ལྗགས་ཐོག་ཏུ་བདུད་རྩི་བཞག་པའི་མོས་པ་མཛོད། །ཨོཾ་ཨཱཿཧཱུྃ་ཞེས་ནང་མཆོད་སྦྱིན། དེ་ནས་རིག་པའི་དབང་རྣམས་མདོར་བསྡུས་སུ་བསྐུར་བར་གསུངས་པས་སློབ་དཔོན་གྱི་སྙིང་ག་ནས་སོགས་ནས། རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །ཞེས་པའི་བར་སྔར་གསང་དབང་གི་སྐབས་ལྟར་རྫོགས་པར་བསྐུར། ཡབ་ཡུམ་གཉིས་ཀའི་སྤྱི་བོར་ཨོཾ་དཀར་པོ་ནས་ལྟེ་བར་སཾ་སྔོན་པོ་ཀུན་ཏུ་བཟང་པོའི་ངོ་བོས་མཚན་པར་གྱུར་པའི་མོས་པ་མཛོད། །དེ་ནས་སྐབས་འདིར་སློབ་དཔོན་གྱིས་དགའ་བཞིའི་རྣམ་བཞག་དང་བདེ་སྟོང་བསྒོམ་ཚུལ་འཆད་པར་གསུངས་པས་འདི་ལ་གསན་པས་ཁྱབ་མཆིས། །དང་པོར་དགའ་བ་དཔའ་བོ་སྟེ། །དེ་བདེ་ཐབས་ལས་ཡང་དག་རིག །ཤེས་རབ་སྦྱོར་བས་དཔལ་ལྡན་ནི། །འདི་ཉིད་ཡང་དག་མཚོན་པར་བྱ། །རྡོ་རྗེ་སྐྱིལ་ཀྲུང་དག་གིས་སེམས། །ནོར་བུའི་ནང་དུ་སོན་ལྟ་བས། །ཞེས་བརྗོད། དེ་ནས་རིག་མ་དེས་གོས་དང་བྲལ་བས་དྲི་བཟང་པོས་བགོས་པའི་པདྨའི་དཀྱིལ་འཁོར་གསལ་བར་མཚོན་ཏེ་འདི་སྐད་ཅེས་བརྗོད་བྱུང་སྙམ་དུ་མོས་པ་མཛོད། །ཅི་སྟེ་བུ་ཁྱོད་འདི་སྤྲོའམ། །ང་ལས་དམ་ཚིག་ལེན་པར་ནི། །བཤང་གཅི་རཀྟ་བཟའ་བ་དང་། །བྷ་གའི་མཐའ་ལས་གཞིབ་བྱེད་དམ། །ཞེས་སྨྲ་བ་ལ་ཁྱེད་རང་རྣམས་ཀྱིས་


LT33_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ལན་གདབ་པའི་མོས་པས་འདིའི་རྗེས་ཟློས་མཛོད། ཁྱོད་ལས་དམ་ཚིག་བཟའ་བ་ནི། །ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །བདག་གིས་མི་མོ་ཀུན་གུས་བྱ། །ཡང་དེའི་ལན་དུ་འདི་སྐད་ཅེས། །ཨ་རེ་བདག་གི་པདྨ་ནི། །བདེ་བ་ཐམས་ཅད་ཡང་དག་ལྡན། །གང་ཞིག་ཆོ་གས་བསྟེན་བྱེད་པ། །བདག་ལ་དངོས་གྲུབ་སྩོལ་མཛད་མ། །དལ་བུ་དལ་བུས་རབ་སྦྱོར་བས། །པདྨར་བྱ་བ་ཇི་བཞིན་གྱིས། །དབུས་སུ་ཟེའུ་འབྲུས་རྣམ་བརྒྱན་པའི། །ཆུ་སྐྱེས་འདབ་མ་གསུམ་པར་གཟིགས། །ཨ་ཧོ་བདེ་བ་ཅན་གྱི་ཞིང་། །སངས་རྒྱས་སྐུ་མདོག་དམར་པོས་མཛེས། །ནང་གི་རྩ་ཡི་འཁོར་ལོ་འཚོལ། །དེས་ནི་བུ་ཁྱོད་འབྲས་བུར་བཅས། །ཞེས་བརྗོད་བྱུང་སྙམ་པའི་མོས་པ་མཛོད། །དེ་ནས་མཁའ་གསང་བྱིན་གྱིས་བརླབ་པ་ནི། །ཁྱེད་རང་རྣམས་དཔལ་དོན་ཡོད་གྲུབ་པར་གསལ་བའི་གསང་གནས་མི་དམིགས་པ་སྟོང་པའི་ངང་ལས་ནས། ཕཊ་དམར་སེར་གྱིས་བཀག་པའོའི་བར་གོང་གསང་དབང་གི་སྐབས་ལྟར་བརྗོད། དེ་ནས་རང་དང་རིག་མ་གཉིས་ཀ་སྣང་ཡང་བདེན་པས་སྟོང་པ་སྒྱུ་མ་ལྟ་བུར་བསམ་པའི་དེ་ཁོ་ན་ཉིད་ཀྱི་ངེས་པ་བརྟན་པོ་བསྐྱེད་ལ་ཐོག་མར་ཚིག་གིས་བསྐུལ་བ་ནི་རིག་མས། རོལ་ཞིག་རོལ་ཞིག་བདག་ལ་རོལ། །འདོད་པ་གྱིས་ཤིག་


LT33_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་གསལ་བ། །ཁྱོད་ཀྱིས་གཞན་དུ་མི་རྟོག་པ། །རྟོགས་པས་ཐེ་ཚོམ་མ་བྱེད་ཅིག །ཅེས་པའི་གླུ་དབྱངས་ཀྱིས་བསྐུལ་བར་མོས་ཏེ་ཕན་ཚུན་གཟུགས་དང་སྒྲ་དང་དྲི་རོ་རེག་བྱའི་བདེ་བའི་རྗེས་སུ་ཆགས་པ་སྤེལ་ཏེ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩ་སད་པར་བྱས་ནས་ཡབ་ཡུམ་སྙོམས་པར་ཞུགས་པའི་ཐུགས་མོས་གནང་བ་ཞུ། དེ་ཡང་མཁའ་གསང་རེག་པ་བསྙེན་པ། ཞུགས་པ་སྒྲུབ་པ། བསྐྱོད་པ་ལས་ཤེས་རབ་མ་ལ་འདར་བ་དང་སྐྲ་གྲོལ་བ་སོགས་ཡེ་ཤེས་ལྔའི་རྟགས་ཀྱིས་བརྒྱན་པས་རང་རྒྱུད་ཀྱི་བདེ་བ་ལྷག་པར་འཕེལ་བ་སྒྲུབ་པ། བྱང་ཆུབ་ཀྱི་སེམས་བཙན་ཐབས་ཀྱི་སྦྱོར་བས་ནོར་བུར་བཀག་པས་བ་སྤུ་ལྡང་བ་སོགས་སྙིང་སྟོབས་བརྒྱད་འབྱུང་བ་སྒྲུབ་ཆེན། ཕྱིའི་སྦྱོར་བས་ཆ་ཤས་ཀྱི་བདེ་བ་སྐྱེ་བ་དགའ་བ། དབང་པོ་གཉིས་སྦྱོར་བས་བྱང་སེམས་ནོར་བུའི་རྩ་བར་འོངས་པ་མཆོག་དགའ། དེ་ལས་ཀུནྡ་མ་ལྷུང་ཞིང་ཤེས་རབ་མའི་སྣ་རྩེར་ཕྱེད་སྤྲོས་པ་ནི་ལྷན་སྐྱེས་ཏེ་ཤེས་རབ་ཡེ་ཤེས་ཀྱི་དངོས་གཞི། དེ་རྗེས་སྔོན་ཉམས་སུ་མྱོང་བའི་བདེ་བ་ལ་སེམས་དཔའ་ནི་དགའ་བྲལ་ལམ། ཡང་ན་ཆགས་པའི་རོལ་རྩེད་ལས་སྐྱེས་པའི་བདེ་བའི་ཉམས་མྱོང་རྣམ་འགྱུར་མི་འདྲ་བ་ཕྲ་མོ་སྣ་ཚོགས་ཤར་བ་ནི་རྣམ་པ་སྣ་ཚོགས་པའི་སྐད་ཅིག་མ་སྟེ་དགའ་བ་དང་། འབད་


LT33_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

རྩོལ་ཆུང་ལ་བདེ་བའི་ཉམས་མྱོང་རིགས་གཅིག་པ་སྔ་མ་ལས་འགྱུར་ཁྱད་མང་པོའི་ཆེ་བ་ཤར་བ་ནི་རྣམ་པར་སྨིན་པའི་སྐད་ཅིག་མ་སྟེ་མཆོག་དགའ་དང་། ཡུལ་ལ་འཛིན་པ་སོགས་རྟོག་པ་ཕྲ་རགས་སྤངས་ཤིང་བདེ་བས་རྒྱུད་གང་སྟེ་ཚིམས་ནས་དེ་ལས་ལྷག་པའི་བདེ་བ་སླར་ཐོབ་འདོད་ཀྱི་ཆགས་པ་དང་བྲལ་བས་རྣམ་པར་ཉེད་པའི་སྐད་ཅིག་མ་སྟེ་དགའ་བྲལ་ལམ་ཁྱད་དགའ་དང་། དཔེའམ་མཚོན་བྱེད་དང་བྲལ་བའི་བདེ་བ་རང་རིག་གིས་རེག་ཅིང་རྣམ་རྟོག་ཉུང་བས་ཆགས་པའི་མཚན་ཉིད་སྤངས། བདེ་བ་རྒྱས་པས་ཆགས་བྲལ་གྱི་མཚན་ཉིད་སྤངས་པ་ནི། མཚན་ཉིད་དང་བྲལ་བའི་སྐད་ཅིག་མ་སྟེ་ལྷན་ཅིག་སྐྱེས་དགའ། ཕྱིའི་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་དང་། སྲ་བ་དང་། རླན་གཤེར་དང་། དྲོད་དང་གཡོ་བ་སྟེ་འབྱུང་བ་བཞི་ལས་ཐོབ་པའི་བདེ་བ་དང་། དེ་དག་ལས་སྐྱེས་པའི་ཆགས་པ་ཆགས་བྲལ་བར་མའི་ཡེ་ཤེས་ཏེ་དེ་རྣམས་ས་རེ་རེར་སྦྱར་བས་ས་བཅུའམ་བཅུ་གསུམ་དང་རྣམ་པ་མཚུངས་ཤིང་དེ་དག་གི་རྟོགས་པ་སྐྱེ་བའི་རྒྱུར་འགྱུར་ལ། གཞན་ཡང་ཡབ་ཡུམ་ལྷར་གསལ་བ་དང་། རྗེས་སུ་ཆགས་པའི་རྣམ་འགྱུར་ནི་ལོངས་སྤྱོད་རྫོགས་པའི་ཡན་ལག །འཁྱུད་སྦྱོར་དངོས་ནི་ཁ་སྦྱོར་གྱི་ཡན་ལག །ཁམས་ཞུ་བའི་ཞུ་


LT33_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བདེ་ཆེན་གྱི་ཡན་ལག །དེའི་རང་བཞིན་སྟོང་པར་མཐོང་བ་རང་བཞིན་མེད་པའི་ཡན་ལག །མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་འཇུག་པ་སྙིང་རྗེ་ཆེན་པོའི་ཡན་ལག །སེམས་བདེ་བ་དང་གསལ་རིག་རྟག་ཏུ་གནས་པ་ནི་རྒྱུན་མི་ཆད་དང་འགོག་པ་མེད་པའི་ཡན་ལག་སྟེ། འབྲས་བུ་མི་བསླུ་བ་ཉིད་ཀྱི་ཡན་ལག་བདུན་དང་ལྡན་པ་སྟེ། དེ་ལྟ་བུའི་ཉམས་མྱོང་རྒྱུད་ལ་སྐྱེས་པའི་མོས་པ་མཛོད་ལ་སེམས་བདེ་བར་ཤར་བ་དེའི་རང་ངོ་ལ་གཟིགས་པས་བདེན་པར་གྲུབ་པའི་ངོས་བཟུང་གི་སྤྲོས་པ་ཐམས་ཅད་དང་བྲལ་བའི་བདེ་སྟོང་དབྱེར་མེད་ཀྱི་དོན་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་པར་ནས་བདེ་བ་དེ་དག་ཀྱང་དོན་དམ་པའི་ཡེ་ཤེས་མི་འགྱུར་བའི་བདེ་བ་ཆེན་པོའོ་སྙམ་དུ་ངེས་ཤེས་བསྐྱེད་པར་མཛོད་ཅིག །དེའི་དམ་ཚིག་བསྒྲག་པའང་འདི་ལྟ་སྟེ། །ཐབས་གཞན་གྱིས་ནི་སངས་རྒྱས་མིན། །འགྲོ་བ་གསུམ་འདི་དག་པ་ཡིན། །དེ་ཕྱིར་ཁྱོད་ཀྱིས་རྟག་ཏུ་ནི། །འཁོར་བ་སྦྱོར་བྲལ་མི་བྱའོ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག་འདའ་མི་བྱ། །དེ་ལ་དངོས་གྲུབ་མཆོག་མེད་དོ། །ཞེས་པ་སྟེ། །ཐེག་པ་བླ་ན་མེད་པའི་ལམ་འདིར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐེག་པ་གཞན་ལས་ཆེས་མྱུར་དུ་འཐོབ་པ་ཡང་ཐབས་འདིའི་


LT33_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་གྱིས་ཡིན་ལ། ལམ་བདེ་བ་དང་འཇུག་པ་བདེ་བས་ཁྱད་པར་དུ་འཕགས་པ་བཤད་པ་ཡང་གཙོ་བོར་འདི་ལ་བརྟེན་པ་ཡིན་ཅིང་། མཐར་གཏུགས་ན་ཐེག་པ་གསུམ་པོ་གང་གི་སྒོར་ཞུགས་ཀྱང་མཐར་ཐུག་རྡོ་རྗེ་ཐེག་པ་བླ་མེད་ཀྱི་ལམ་ལ་བརྟེན་པ་མ་གཏོགས་འཚང་རྒྱ་བའི་ཐབས་གཞན་མེད་ལ། རྡོ་རྗེ་ཐེག་པ་བླ་ན་མེད་པའི་རྒྱུད་སྡེ་འདིར་ནི་དང་པོར་དབང་བསྐུར་བ་ནས་བཟུང་སྟེ་མཐར་འཚང་རྒྱ་ཁའི་ཉེ་རྒྱུའི་སྤྱོད་པའི་བར་དུ་གལ་ཆེ་བའི་གནས་སྐབས་ཀུན་ཏུ་ངེས་པར་ཕྱག་རྒྱའི་ལམ་འདི་ཉིད་ལ་བརྟེན་དགོས་པར་གསུངས་པས་ཐབས་འདི་ནི་མེད་དུ་མི་རུང་བ་ཡིན་ཀྱང་ལས་དང་པོ་པས་ལམ་དུ་ལོངས་པར་དཀའ་བས་དངོས་སུ་ཉམས་ལེན་མི་ནུས་ཀྱང་ཡིད་ཀྱི་སྒོ་ནས་དམ་ཚིག་འདི་ལ་མི་སྨོད་ཅིང་དད་གུས་ཆེན་པོས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་དང་མི་འབྲལ་བར་བྱ་དགོས་པ་ལགས་སོ། །དེ་ལྟར་ན་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། རྐྱེན་ཤེས་རབ་མ་ལས་སྐྱེས་པའི་ཡེ་ཤེས་ཡིན་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཞེས་བྱ་བ་དེ་ཐོབ། སྦྱང་བྱ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ཡིད་ཀྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་དག །ལམ་གཞན་ལུས་


LT33_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱའི་རྣལ་འབྱོར་སྤྱི་དང་། ཁྱད་པར་རྒྱུད་འདི་ཉིད་ཀྱི་རྫོགས་རིམ་ཤིན་ཏུ་རྣལ་འབྱོར་ཡན་ལག་དང་བཅས་པ་བསྒོམ་པ་ལ་དབང་། སྦྱངས་འབྲས་བདེ་སྟོང་མཁའ་མཉམ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་མངོན་དུ་བྱེད་པའི་སྐལ་བ་ཅན་དུ་བྱས་པའོ། །དེ་ནས་དབང་བཞི་པའི་དོན་དུ་མཎྜལ་འབུལ་བ་ཞུ། ཞེས་མཎྜལ་འབུལ་དུ་གཞུག། ཐལ་མོ་སྦྱར་ཏེ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། །ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ལན་གསུམ། དེ་ནས་དབང་བཞི་པའི་ཡེ་ཤེས་དངོས་སུ་ངོ་སྤྲོད་པ་ལ། ཐོག་མར་སློབ་དཔོན་གྱིས་སྔར་གསུམ་པའི་སྐབས་བཞིན་མཚན་ཉིད་དང་ལྡན་པའི་རིག་མ་གཏད་དེ། ཁྱེད་རང་རྣམས་རིགས་བརྒྱའི་ཁྱབ་བདག་དོན་ཡོད་གྲུབ་པ་རྡོ་རྗེ་རྟའི་རྒྱལ་པོར་གསལ་བ་དང་། རིག་མ་བཅོམ་ལྡན་འདས་མ་དམ་ཚིག་སྒྲོལ་མར་གསལ་བའི་ངང་ནས་ཧྲཱིཿལས་ཡུམ་གྱི་ཆུ་སྐྱེས་པདྨ་དམར་པོ་འདབ་མ་གསུམ་པ་ཨཱཿལས་བྱུང་བའི་ཟེའུ་འབྲུས་མཚན་པ། ཧཱུྃ་ལས་ཡབ་ཀྱི་གསང་བ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ། ཨོཾ་ལས་བྱུང་བའི་ནོར་བུ། གཉིས་ཀའི་


LT33_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ག་ཕཊ་ཀྱིས་བཀག་པ། ཡབ་ཡུམ་རྗེས་སུ་ཆགས་པའི་སྦྱོར་བ་སྣ་ཚོགས་པས་སྙོམས་པར་ཞུགས་པས་དགའ་བ་མཆོག་དགའ་ཁྱད་དགའི་མཐར་ལྷན་ཅིག་སྐྱེས་པའི་དགའ་བ་རྣམས་མངོན་དུ་མཛད་པར་མོས་ཏེ་སྐུ་ལུས་དྲང་པོར་བསྲངས་ལ་ལུས་གནད་དང་ལྡན་པས་ཕྱག་མཉམ་གཞག་གི་ཕྱག་རྒྱ་ལྟེ་འོག་ཏུ་བཅའ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་། སྤྱན་གྱིས་ལྟ་སྟངས་བར་སྣང་ལ་གཡོ་བ་མེད་པའི་ཚུལ་གྱིས་ཧར་རེར་གཟིགས་ལ་གོང་དུ་བསྒོམས་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་ཐུགས་བདེ་བར་ཤར་བ་དེ་ཉིད་ཀྱི་རང་ངོ་ལ་གཅེར་གྱིས་གཟིགས་པས་ཚིག་ཏུ་བརྗོད་པར་མི་ནུས་པར་སྒྲ་རྟོག་གི་ཡུལ་ལས་འདས་ཤིང་ངོ་བོ་ངོས་བཟུང་ཐམས་ཅད་དང་བྲལ་བའི་རང་རིག་བདེ་སྟོང་བརྗོད་བྲལ་རྣམ་པ་ཐམས་ཅད་པར་ཤར་བ་དེ་ཉིད་ལ་ཆམ་གྱིས་བཞག་སྟེ། གཞན་འདས་མ་འོངས་ད་ལྟ་བའི་རྣམ་རྟོག་མཚན་མ་གང་ཡང་ཡིད་ལ་མི་བྱེད་པའི་ཚུལ་གྱིས་མཉམ་པར་འཇོག་པར་ཞུ། །དེའི་དོན་ཡང་རྒྱུད་ལས་ཇི་སྐད་དུ། །ལྷན་ཅིག་སྐྱེས་ལས་གང་སྐྱེས་པ། །ལྷན་ཅིག་སྐྱེས་པར་དེ་བརྗོད་བྱ། །རང་བཞིན་ལྷན་ཅིག་སྐྱེས་ཞེས་བརྗོད། །རྣམ་པ་ཐམས་ཅད་སྡོམ་པ་གཅིག །


LT33_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་དང་། དཔེའི་ལྷན་སྐྱེས་ལས་དོན་གྱི་ཡེ་ཤེས་མཚོན་པའི་ཚུལ་ཡང་། །ཀུན་ཁྱབ་གདུང་མེད་རྒྱུན་མི་ཆད། །རྣམ་རྟོག་ཐིམ་ཞིང་རང་རིག་པ། །ཟབ་མོ་གསལ་བ་གཉིས་སུ་མེད། །ཐིག་ལེ་བདེ་བ་ཁ་སྦྱོར་བའོ། །ཞེས་གསུངས་ཏེ། གཞི་ལམ་གྱི་ཆོས་ཐམས་ཅད་ལ་ཀུན་ཁྱབ་ཏུ་བཞུགས་པ་ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ། རང་གི་རང་བཞིན་ནམ་ཡང་འཕོ་འགྱུར་མེད་པའི་རྟག་པ། སྡུག་བསྔལ་དང་ཀུན་འབྱུང་གི་གདུང་བ་མེད་ཅིང་། བེམ་སྟོང་ངམ་ཆད་པའི་སྟོང་པ་མ་ཡིན་པར་གསལ་རིག་བདེ་བ་ཆེན་པོའི་ཡེ་ཤེས་རྒྱུན་མི་ཆད་པས་མི་འགྱུར་བའི་བདེ་ཆེན། རང་བཞིན་ཀུན་རྫོབ་ཀྱི་སྤྲོས་པ་ཐམས་ཅད་དང་བྲལ་བ་ཟབ་པའི་ཡེ་ཤེས་དང་གསལ་བ་དོན་དམ་རང་ཉིད་ཀྱི་སྣང་ཆ་དཀྱིལ་འཁོར་གྱི་འཁོར་ལོ་གཙོ་བོར་གྱུར་པའི་སྲིད་འདས་ཀྱི་དངོས་པོ་ཡོད་དོ་ཅོག་གི་རྣམ་པར་གདོད་ནས་རང་ཤར་བས། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད། ཕྱོགས་ཀྱི་ཆས་མ་གོས་ཀྱང་ཡུལ་ཐམས་ཅད་ལ་ཁྱབ་པས་ཆ་མེད་ཀུན་འགྲོ། དུས་ཀྱིས་མ་བསྡུས་ཀྱང་དུས་གསུམ་ཀུན་ཏུ་འགོག་པ་མེད་པས་དུས་གསུམ་དུས་མེད་ཆེན་པོའི་ཡེ་ཤེས། རྒྱུ་དང་རྐྱེན་གྱིས་མ་བསྐྱེད་ཅིང་སངས་རྒྱས་ཀྱི་


LT33_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་ཐམས་ཅད་ཡེ་ནས་རང་བཞིན་གྱིས་ལྷུན་རྫོགས་སུ་གནས་པའི་རང་བྱུང་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུའི་ངོ་བོར་གྱུར་པ་དེ་ཉིད་ནི་ཆོས་ཉིད་དོན་དམ་པའི་ཟུང་འཇུག་སྟེ་འབྲས་བུ་མཐར་ཐུག་གི་དབང་བཞི་པའི་ཡེ་ཤེས་དངོས་ནི་དེ་ཡིན་ལ། ལམ་གྱི་ཟུང་འཇུག་ནི་འཕགས་པའི་ས་ལ་མངོན་དུ་འགྱུར་བ་ཆོས་དབྱིངས་དེ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་རང་བཞིན་བདེ་བ་ཆེན་པོ་མི་འགྱུར་བ་དང་རྣམ་པ་ཐམས་ཅད་པར་འཆར་བའི་སྒོ་ནས་གཞི་འབྲས་དབྱེར་མེད་པའི་གདོད་མའི་ཆོས་ཉིད་དེ་དང་རྣམ་པ་ཤིན་ཏུ་མཐུན་པ་དེ་ཉིད་ཡིན་ཅིང་། ཡེ་ཤེས་དེའི་མཚན་ཉིད་ཡོངས་སུ་རྫོགས་པ་ནི་དབང་པོ་རྣོན་པོ་ཆེས་བསོད་ནམས་བསགས་ཤིང་སྔགས་ཀྱི་ལམ་དུ་སྨོན་ལམ་ཐེབས་པ་དང་ཚེ་རབས་སྔ་མར་ལམ་བསྒོམས་པའི་འཕྲོ་ཅན་འགའ་ཞིག་ལ་སྐབས་འདིར་སྐྱེ་བ་སྲིད་མོད། གཞན་ཕལ་ཆེ་བ་ལ་རྒྱུའི་དབང་གི་སྐབས་འདིར་མི་སྐྱེ་ཡང་ད་ལྟའི་སེམས་གསལ་རིག་བདེ་བ་ཆེན་པོ་རང་བཞིན་སྤྲོས་བྲལ་སྣང་ཆ་རྣམ་པ་ཐམས་ཅད་དུ་འཆར་དུ་རུང་བ་འདི་དང་། ཁྱད་པར་སྟོང་པའི་གཟུགས་སྒྲ་ཆོས་ཉིད་ཀྱི་རང་གཟུགས་རྣམ་པོ་ཀུན་ཏུ་འཆར་བའི་ཡེ་ཤེས་སུ་མོས་ཤིང་། དེ་ཉིད་ལམ་


LT33_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

དང་འབྲས་བུའི་ཡེ་ཤེས་དངོས་སུ་ང་རྒྱལ་བསྐྱེད་པའི་མོས་སྒོམ་ཙམ་གྱི་ཐུན་ལ་བརྟེན་ནས། བཞི་པའི་ལམ་དངོས་དེ་རྒྱུད་ལ་སྐྱེ་བའི་ཐབས་ཐུན་མོང་མ་ཡིན་པ་དང་མེད་ན་མི་འབྱུང་གི་རྒྱུར་གྱུར་པའི་ནུས་པ་ཅན་བདེ་གསལ་མི་རྟོག་པ་ཟུང་དུ་འཇུག་པའི་སྒོ་ནས་ལམ་དང་། འབྲས་བུའི་དུས་ཀྱི་བཞི་པའི་དབང་དངོས་དང་མཚན་ཉིད་ཕྱོགས་འདྲ་བའི་ཀུན་རྫོབ་ཀྱི་བདེན་པ་བཞི་པས་བསྡུས་པ་དེ་ཐོབ་པར་འགྱུར་བ་ཡིན་ཏེ་དེ་ཙམ་ལ་དབང་བཞི་པ་ཐོབ་པ་ཞེས་བྱའོ། །དེ་ལྟར་ན་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། ཕྱིའི་རྫས་དང་སྔགས་ཀྱི་ཆོ་ག་ལམ་བརྟེན་པར་ཚིག་ཙམ་གྱི་གདམས་པས་སློབ་མའི་རྒྱུད་ལ་དབང་བསྐུར་བར་བྱེད་པས་ཚིག་གི་དབང་ངམ་གསུམ་པའི་རྗེས་སུ་བསྐུར་བར་བྱ་བས་བཞི་པའི་དབང་ཐོབ། སྦྱང་བྱ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་ཐམས་ཅད་དག །ལམ་ཟུང་འཇུག་དེ་ཁོ་ན་ཉིད་ཀྱི་རྫོགས་རིམ་དངོས་དང་ལས་དང་པོ་པས་དེ་ལ་འཇུག་པར་བྱེད་པའི་སྒོ་རྗེས་སུ་རྣལ་འབྱོར་ཡན་ལག་དང་བཅས་པ་བསྒོམ་པ་ལ་དབང་། འབྲས་བུ་ཟུང་འཇུག་རང་བཞིན་ལྷན་ཅིག་སྐྱེས་པ་ངོ་བོ་ཉིད་སྐུ་ཡེ་ཤེས་རྡོ་རྗེ་འགྲུབ་པའི་སྐལ་བ་ཅན་


LT33_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱས་སོ། །དེ་རྣམས་ཀྱིས་དབང་གི་དངོས་གཞི་གྲུབ་ནས། མཇུག་གི་བྱ་བ་ནི། དེ་དག་རྣམས་ཀྱི་སྒོ་ནས་རྒྱུད་སྡེ་ཐམས་ཅད་ཀྱི་རྩེ་མོར་གྱུར་པ་རྣལ་འབྱོར་མའི་རྒྱུད་ཀྱི་ཡང་སྙིང་སྒྲོལ་མ་འབྱུང་བའི་རྩ་བའི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བ་ཟབ་མོ། རྒྱུད་ཀྱི་དགོངས་པ་འཕགས་བོད་མཁས་གྲུབ་རྣམས་ཀྱིས་མ་ནོར་བར་བཀྲལ་བའི་ལུགས་སྲོལ། རྩོད་པའི་དུས་ཀྱི་དཔལ་ཧེ་རུ་ཀ་ཞི་བ་སྦས་པ་ཡབ་སྲས་དང་། རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་བཞེད་དགོངས་ཇི་ལྟ་བ་བཞིན་དུ་ལེགས་པར་གྲུབ་པ་ལགས་པས་ཇི་སྐད་བཤད་པའི་དམ་ཚིག་གི་རིམ་པ་རྣམས་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། དབང་བསྐུར་ཡོངས་རྫོགས་ཐོབ་པའི་བཀའ་དྲིན་གཏོང་རག་གི་ཡོན་དུ་མཎྜལ་ཕུལ། ཅེས་མཎྜལ་འབུལ་གཞུག །སླར་ཡང་ལུས་ལོངས་སྤྱོད་དུས་གསུམ་དགེ་བའི་དངོས་པོ་དང་བཅས་པ་ལྷ་དང་བླ་མ་ལ་ཡོན་དུ་འབུལ་གྱིས་དེ་དག་གི་ཆ་ཤས་སོ་སོ་ནས་ཀྱང་ལོངས་སྤྱོད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱིས་སློབ་མར་གཟུང་བ་དང་། །ཆ་ཤས་ཀྱིས་ཀྱང་


LT33_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱད་དུ་གསོལ། །དགའ་བ་བརྗོད་པ་ནི། དེ་ལྟར་གསང་བ་བླ་ན་མེད་པ་རྒྱུད་སྡེའི་མཐར་ཐུག་དཔལ་སྒྲོལ་མ་འབྱུང་བའི་རྩ་བའི་དཀྱིལ་འཁོར་ཆེན་པོ་དེ་ཤིན་ཏུ་མཇལ་བར་དཀའ་བ་འདི་ལྟ་བུར་ཞུགས་ཤིང་དབང་བསྐུར་བ་རྫོགས་པར་ཐོབ་པ་འདི་ལྟ་བུ་ནི་ཆེས་རྙེད་པར་དཀའ་བས་བདག་གིས་ཚེ་འདིར་མིའི་ལུས་སུ་སྐྱེ་བ་ཐོབ་པ་འདི་འབྲས་བུར་བཅས་པ་སྟེ་དོན་དང་ལྡན་པ་ཡིན་ལ། དེར་མ་ཟད་བདག་ནི་མི་ལུས་ཐོབ་ནས་ད་ལྟ་ཕན་ཆད་དུ་མ་ཤི་བར་གསོན་པའང་དོན་གྱི་འབྲས་བུ་བཅས་པ་སྟེ། དེ་རིང་དབང་བསྐུར་ཁྱད་པར་ཅན་འདི་ལྟ་བུ་ཐོབ་པས་སངས་རྒྱས་རྣམས་ཀྱི་རིགས་སུ་སྐྱེས་པ་སྟེ་དེའི་གོ་འཕང་ཐོབ་ངེས་པའི་ནུས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེས་ཤིང་། སངས་རྒྱས་རྣམས་ཀྱིས་ཀྱང་བུ་གཅིག་པ་ལྟ་བུར་དགོངས་པར་འགྱུར་བས་དེའི་སྲས་སུ་ཡང་བདག་དེ་རིང་གྱུར་ཟིན་པ་ཡིན་ནོ་སྙམ་དུ་སྤྲོ་དགའ་རྒྱ་ཆེན་པོ་བསྐྱེད་བཞིན་དུ་འདིའི་རྗེས་ཟློས་གནང་བ་ཞུ། དེང་བདག་སྐྱེ་བ་འབྲས་བུར་བཅས། །བདག་ནི་གསོན་པའང་འབྲས་བུར་བཅས། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་བདག་དེང་གྱུར། །ཞེས་ཚར་གཅིག་བརྗོད་དུ་གཞུག །དེ་ལྟ་བུའི་དགེ་བའི་རྩ་བ་ཡང་མཁའ་ཁྱབ་སེམས་ཅན་ཐམས་


LT33_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་འཐོབ་པའི་རྒྱུར་བསྔོ་བ་ལྷན་ཅིག་ཏུ་གནང་བ་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །སོགས་བརྗོད་ལ་སློབ་མ་རང་གནས་སུ་བཏང་ངོ་། །ཉེར་གཉིས་པ་གཤེགས་གསོལ་ནི། །མཆོད་པ་ཁ་གསོས་ལ་བྱིན་བརླབ། གཏོང་རག་གི་མཆོད་བསྟོད། འདོད་གསོལ། ནོངས་བཤགས། རྡུལ་ཚོན་ལ་ཡེ་ཤེས་པ་གཤེགས་སུ་གསོལ་བ་ཡིན་ཀྱང་རས་བྲིས་སྐབས་བརྟན་བཞུགས་སོགས་བདག་འཇུག་ལེའུར་བཤད་པ་ལྟར་བྱ། ཉེར་གསུམ་པ་བསྡུ་བ་ནི། སྒྲུབ་ཐབས་ལྟར་བསྒོམས་པའི་དཀྱིལ་འཁོར་བསྡུ་ཞིང་ཐུན་མཚམས་ཀྱི་ལྷར་ལྡངས། བྲིས་པའི་དཀྱིལ་འཁོར་དང་ཕུར་བུ་གདབ་ཡོད་ན་དབྱུང་། སྨོན་ལམ་དང་ཤིས་བརྗོད་རྒྱས་པར་བྱ། དེ་རྣམས་གསང་བ་སྤྱི་དང་ཁྱད་པར་ཕྲེང་བའི་ལུགས་བཞིན་བྱ་བར་གསུངས་སོ། ཉེར་བཞི་པ་ནི། སྐབས་འདིར་ངེས་པར་སྦྱིན་སྲེག་བྱ་སྟེ་དེའི་ཆོ་ག་ནི་འོད་ཀྱི་སྙེ་མ་ལྟར་བྱ་བར་གསུངས་ཞིང་། མི་འགྲུབ་ན་གཞོན་ནུ་མའི་མཆོད་པ་ངེས་པར་དགོས་པར་གསུངས་མོད། དེང་སྐབས་ཐོབ་ཆོས་ཙམ་དོན་དུ་གཉེར་བ་ལས་ཕྱག་ལེན་ཚུལ་བཞིན་བྱེད་པ་ནི་རྒྱུད་སྡེ་གང་ལའང་མི་འབྱུང་བས་ས་བཅད་ཙམ་དུ་ཚོགས་མཆོད་རྒྱས་པ་ཞིག་སླར་ཡང་ཕུལ་ན་ལེགས་པར་སེམས་སོ། །ཚེ་གཅིག་བདེ་ཆེན་མངོན་བྱང་ཆུབ་པའི་ལམ། །རྒྱུད་མཆོག་འདི་ཡི་གོང་ན་གཞན་མེད་པས། །ཕུན་སུམ་ཚོགས་པའི་དོན་གཉིས་སྒྲུབ་འདོད་རྣམས། །དཀྱིལ་འཁོར་འདིར་


LT33_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་རྒྱུད་དོན་བསྒོམ་པར་བྱོས། །ཟབ་མོའི་བློ་ལྡན་ཕྱོགས་སུ་མ་ལྷུངས་པ། །བརྒྱ་ལམ་སྲིད་ན་འཕགས་ཡུལ་གྲུབ་མཆོག་གི། ཕྱག་བཞེས་དྲི་མ་བྲལ་བ་འདི་ཉིད་ལ། །ལེགས་པར་དཔྱོད་དང་ངེས་ཤེས་འདོངས་པར་འགྱུར། །ཟབ་གསང་མཐར་ཐུག་རྣལ་འབྱོར་མ་ཡི་རྒྱུད། །བསམ་ཡས་ཉིང་ཁུ་སྒྲོལ་མ་འབྱུང་བ་ཞེས། །དབང་རབ་སྐལ་བཟང་རྣམས་ཀྱི་བསྒོ་སྐལ་ཏེ། །ཐོས་པས་མཆོག་ལ་ཤིན་ཏུ་ཉེ་བར་སྦྱོར། །རིན་ཐང་བྲལ་བའི་ནོར་བུའི་རྒྱལ་པོ་བཞིན། །རྙེད་དཀའ་དོན་ཆེན་གྱུར་འདི་སྙིགས་འབྲོ་ཡིད། །བསོད་ནམས་སྣོད་དུ་ཤོང་བར་དཀའ་བས་ན། །དད་གསུམ་ལམ་ལས་ཕྱིར་མི་ལྡོག་པར་མཛོད། །ངེས་གསང་སྨིན་གྲོལ་བདུད་རྩིའི་ཀླུང་ཆེན་པོ། །ས་གསུམ་ཁོར་ཡུག་བབས་པས་ལུས་ཅན་ཀུན། །རྟག་བརྟན་ཞི་བ་རྡོ་རྗེའི་སྲོག་ཐོབ་སྟེ། །ཕྱམས་གཅིག་ཐར་བའི་གྲོང་དུ་དབུགས་ཕྱིན་ཤོག །དབང་ཆོག་འདིའི་རྩ་བ་རྗེ་བཙུན་ཐམས་ཅད་མཁྱེན་པས་མཛད་པའི་དཀྱིལ་ཆོག་གཞན་ལ་ཕན་པ་ཁོ་ནར་སྣང་ཡང་རྩ་ཚིག་བསྡུས་ཆེས་བས་དགོངས་པ་ལོན་དཀའ་ཞིང་ཞལ་རྒྱུན་དང་ཕྱག་ཁྲད་ལ་ལྟོས་དགོས་པར་སྣང་བ་དང་། འདོན་ཆ་བདག་འཇུག་གཞན་ཕན་ཉིད་ལས་མེད་ཀྱང་སློབ་མར་དབང་བསྐུར་སྐབས་དེ་ཙམ་གྱིས་མི་འཐུས་པས་རྒྱས་བསྡུས་ཀྱི་དབྱེ་བ་ཕྱེད་དགོས་པར་སྣང་ཡང་ཕྱིས་ཀྱི་ཕྱག་ལེན་འགའ་ཞིག་ཏུ་བདག་འཇུག་ཉིད་ཀློག་པ་ཙམ་གྱི་བྱ་སླའི་ཆོ་གས་རྩ་བའི་བཀའ་སྲོལ་འཆུག་པར་མཐོང་ནས་འདི་ལྟར་བགྱིད་འདུན་ཡོད་ཀྱང་རིམ་ལུས་སོང་བ། མཁྱེན་བརྩེ་


LT33_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པའི་བདག་ཉིད་གསང་ཆེན་བསྟན་པའི་སྣང་བྱེད་དཔལ་ཨེ་ཝཾ་པ་ཆེན་པོ་ཐར་རྩེ་ཞབས་དྲུང་རིན་པོ་ཆེ་འཇམ་དབྱངས་བློ་གཏེར་དབང་པོའི་ཞལ་སྔ་ནས་གསུང་བསྐུལ་གནང་བས་མཚམས་སྦྱར་ཏེ། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་རིང་ལུགས་ལ་ཕྱོགས་མེད་དུ་འདུན་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོས་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ། ཤུ་བྷཾ།། །།


previousབཅོམ་ལྡན་འདས་མ་སྒྲོལ་མ་རྣལ་འབྱོར་མའི་རྩ་བའི་དབང་བསྐུར་གྱི་ཆོ་ག་བཀླགས་ཆོག་ཏུ་བཀོད་པ་ཨུཏྤལ་ལྗོན་ཤིང་།next