ལེའུ་བདུན་པ་ཆོས་ཀྱི་སེངྒེའི་ཞུས་ལན་གྱི་སྐོར།
ལེའུ་བདུན་པ། ཆོས་ཀྱི་སེང་གེའི་ཞུས་ལན། བུ་རིགས་ལྡན་ངའི་རྗེས་སུ་འབྲང་
བ་རྣམས་ཀྱིས་འདི་བཞིན་མཛོད་དང་། འཁོར་བའི་གནས་ནས་དཔག་པར་ནུས་པ་ཡིན་
ནོ༑ ༑འཆི་བ་མི་རྟག་གོ། །ཐམས་ཅད་དེ་བཞིན་ཡིན་ནོ་སྙམ་པ་དང་། ལས་དགེ་སྡུག་
གཉིས་ལ་རྩ་བགྲང་བྱེད་པ་དང་། འཁོར་བ་སྤྱི་དང་བྱེ་བྲག་དང་ཁྱད་པར་ངན་སོང་གསུམ་
གྱི་སྡུག་བསྔལ་མཐོང་བར་བྱེད་པ་དང་། དེ་གསུམ་པོ་ལ་དུས་རྒྱུན་དུ་སེམས་པར་བྱེད་པ་
དང་། གཉན་ཁྲོད་དུ་རྟག་ཏུ་འདུག་པ་དང་ལུས་ཀྱི་མཆོད་སྦྱིན་བྱེད་པ་དང་གཅིག །ཚེ་
འདིའི་བྱ་ཐབས་ལ་བློ་སྐད་ཅིག་ཀྱང་མི་འཇོག་པ་གསུམ་ལ་སྐད་ཅིག་ལེ་ལོ་མེད་པར་བྱེད་
པ་དང་གཉིས། བྱམས་པ་དང་། སྙིང་རྗེ་དང་། བྱང་ཆུབ་ཀྱི་སེམས་དང་གསུམ་ངའི་ཆོས་
ལུགས་ཀྱི་སྲོག་ཤིང་ཡིན་པས་སེམས་གསུམ་པོ་དང་སྐད་ཅིག་ཀྱང་མ་བྲལ་བར་བྱེད་པ་དང་
གསུམ། བླ་མའི་རྣལ་འབྱོར་ཟབ་ལམ་མ་དང་། ནམ་མཁའ་སྒོ་འབྱེད་ཀྱི་འཕོ་བ་དང་། རྟེན་
མེད་སྟོང་བ་ཉིད་ཀྱི་ལྟ་བ་རྣམ་དག་དང་། རྟེན་ཅན་རྫས་གྲུབ་འཕོ་བའི་སྦྱོང་ཚུལ་ལས་སྦྱོར་
དང་གསུམ་ལ་ཉིན་ཞག་ཕྲུག་གཅིག་ལ་ཐུན་བརྒྱད་བྱེད་པ་ལ་རེ་རེ་བཞིན་ཐུན་གྲངས་ཉི་ཤུ་
ཉེར་གཅིག་རེ་མ་ཆག་པར་བྱེད་པ་དང་བཞི། ཡི་དམ་རྗེ་བཙུན་སྒྲོལ་མའམ། ང་ཉིད་སྙིང་
གི་དཀྱིལ་དུ་བསྒོམ་པའམ། གསང་བ་ལྟར་དུ་བསྒོམ་པའམ། ཁྱད་པར་དུ་སྤྱན་རས་
གཟིགས་བསྒོམ་པའམ། གང་བསྒོམས་ཀྱང་སྙིང་པོ་བརྒྱ་དང་ཉེར་གཅིག་དང་། ཡི་གེ་དྲུག་
པ་བརྒྱ་དང་ཉེར་གཅིག་དང་། རླུང་འགྲོ་འོང་གནས་གསུམ་ཡི་གེ་གསུམ་གྱི་བཟླས་པ་དང་
གསུམ་ལས་ཐུན་བརྒྱད་དུ་མ་ཆག་པར་བྱེད་པ་དང་ལྔ། ཉིན་རེ་བཞིན་དུ་འཇམ་དཔལ་གྱི་
གཏོར་མ་དང་། ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱི་གཏོར་མ་དང་། གཏོར་མ་བརྒྱ་རྩ་ལྷག་མ་
དང་བཅས་པའི་གཏོར་མ་གསུམ་པོ་མ་ཆག་པར་བྱེད་པ་དང་དྲུག །ཟླ་བ་རེ་རེ་ལ་ཚེས་
གཅིག་དང་བཅུ་དང་ཉི་ཤུ་ལྔ་དང་། བཅོ་བརྒྱད་དང་བཞི། བཅུ་བཞི་དང་ཉེར་དགུ། གནམ་
169
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
གང་། ཚེས་བརྒྱད། བཅོ་ལྔ་དང་གསུམ་སྟེ། བདུན་ལ་སྔ་བར་ལངས་ཏེ་ཕྱག་དང་སྐོར་བ་
བྱས་ནས་རྟེན་གསུམ་བཀྲམ་སྤོས་བསྲེག །ནས་བཟང་པོའ་ིཟན་དང་། ཤ་དག་པ་ཅན་
དང་ཆང་དང་། དཀར་གསུམ་ལ་སོགས་པ་བཟའ་བ་འབྱོར་ཚད་སྨན་དང་རིན་པོ་ཆེ་དང་།
དར་ཟབ་དང་། དེ་རྣམས་འབྱོར་ཚད་ལ་ཚོགས་ཀྱི་འཁོར་ལོ་རྒྱས་པ་རེ་དང་། མར་མེ་
བརྒྱ་རྩ་རེ་དང་། ཞི་བའི་མེ་མཆོད་བརྒྱ་རྩ་རེ་དང་གསུམ་ལ་མ་ཆག་པར་བྱེད་པའམ། དེ་
རྣམས་ལ་རབ་ཀྱིས་ཚར་བདུན་དང་། འབྲིང་གིས་གསུམ་རེ་དང་། ཐ་མས་ཀྱང་ཟླ་བ་
གཅིག་གི་ནང་དུ་ཚར་རེ་རེ་མ་ཆག་པ་ཅིས་ཀྱང་བྱེད་དགོས་པ་དང་ཐ་ན་ཡང་ཚོགས་འཁོར་
དང་། མར་མེ་དང་མེ་མཆོད་གསུམ་ལ་བདུན་བདུན་རེ་ཟླ་བ་གཅིག་ལ་མ་ཆག་པར་བྱེད་པ་
དང་བདུན། ཉིན་རེ་བཞིན་དུ་ལུས་ཀྱི་མཆོད་པ་ཚོགས་འཁོར་དང་བཅས་ཕྱག་བདུན་
བདུན་དང་། སྐོར་བ་བདུན་བདུན་གོང་དུ་བཤད་པའི་ཆུ་གཏོར། ཚ་ཚ་དང་། ལྟུང་
བཤགས། ཟབ་མདོ། སྒྲོལ་མ་བདུན་བདུན་རེ་དང་གསུམ་མ་ཆག་པར་བྱེད་པ་དང་བརྒྱད།
ཤ་ཆེན་ལྔ་ལ་སོགས་པའི་སྲོག་གཅོད་པའི་ཤ་དག་དང་། ཉེས་པ་ཐམས་ཅད་སྐྱེད་པར་བྱེད་
པའི་ཕྱི་རོལ་མུ་སྟེགས་པའི་རྫས་ལས་བྱུང་བའི་སྨྱོ་ཆུ་ནག་པོའ་ིཆང་དང་། དྲི་ཤིན་ཏུ་ངན་
པས་ཉིན་ཞག་བཅུའི་དགེ་སྦྱོར་གཏན་ནས་རླག་པར་བྱེད་པའི་སྒོག་དམར་ལ་སོགས་པའི་
སྒོག་པ་དང་གསུམ་གྱི་བཟའ་བ་སྤོང་བར་བྱེད་པ་དང་དགུ། རྫས་ཐུན་དང་། དྲག་སྔགས་
དང་། དྲག་པོའ་ིཐེམ་ལ་ལེན་པ་དང་གསུམ་གྱིས་མི་མ་ཡིན་གདུག་པ་ཅན་སེམས་ཅན་
གཞན་ལ་གནོད་པ་སྐྱེལ་བར་བྱེད་པ་རྣམས་མི་བརྡུང་མི་སྐྲད་མི་གཟིར། བརྡུངས་ཤིང་སྐྲད་
ན་ང་དང་འགལ་ཞིང་གཅོད་ཀྱི་དགོས་པ་སྟོར་རོ། །
ངའི་རྗེས་སུ་འབྲང་བ་རྣམས་ཀྱིས་འདྲེ་གདུག་པ་ཅན་རྣམས་སེམས་ཅན་གཞན་ལ་
གནོད་པ་བྱེད་པ་རྣམས་འདུལ་བར་མ་བྱས་ན་ཡང་ང་དང་འགལ་བས། དེས་ན་འདྲེ་འདུལ་
བའི་ཐབས་ལ་རང་གི་ལུས་ཀྱི་གཅེས་འཛིན་བཏང་ནས་འདྲེ་ཁོ་ལ་ལུས་སྲོག་ལ་ལྟོས་པ་
170
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
མེད་པར་གཏོང་བའི་སྒོ་ནས་འདྲེ་འདུལ་བར་བྱེད་པ་དང་བཅུ་ནི་ངའི་དམ་བཅའ་ཡིན་པས།
དོན་བཅུ་པོ་འདི་ལ་ངེས་ཤེས་བསྐྱེད་ནས་སྲུང་དགོས་པ་གལ་ཆེའོ། །
གལ་ཏེ་མ་བསྲུངས་ན་ང་དང་འགལ་ཞིང་དམ་ཚིག་ཉམས་པས་ངན་འགྲོར་ལྟུང་བའི་
རྒྱུར་འགྱུར་བ་ཡནི ་པས། དམ་ཚགི ་བསྲུང་བ་ལ་བརྩནོ ་པར་གྱསི ་དང་བུ་སླབོ ་ཀུན། ལུས་སྲགོ ་
ལངོ ས་སྤྱདོ ་ཁ་རྗ་ེདབང་ཐང་ཀུན། །གཞན་དནོ ་སམེ ས་ཕྱརི ་ལྟསོ ་མདེ ་བཏང་གྱུར་ན། །ང་དང་
མི་འབྲལ་འགྲོགས་པ་ཡིན་ནོ་བུ་སློབ་ཀུན། །ལར་སྣང་སྲིད་ལྷ་འདྲེ་གདུག་པ་ཅན། །བུ་བས་
གཅེས་པར་བརྩེ་བའི་སེམས། །རབ་ཏུ་གདུག་པས་འཁོར་དུ་འཁོར། །ལུས་ཤ་ཁྲག་དྲོན་མོས་
རྒྱུན་དུ་སྐྱོངས། །བྱམས་དང་སྙིང་རྗེའི་ལྕགས་ཀྱུ་ཡིས། །ནམ་ཡང་གཏོང་བར་མི་བྱེད་
འགྲོགས་པ་དང་། །ལྷག་བསམ་རྣམ་དག་བྱང་སེམས་ཀྱིས། །དམ་པའི་ཆོས་ཀྱི་འབྲེལ་བ་
ཡིས། །གྲོལ་ནས་བདེ་ལ་འགོད་པ་ན། །ཁྱེད་བུ་སློབ་གང་ཡིན་དེ་དག་ཀུན། །ང་དང་མི་
འབྲལ་འགྲོགས་པ་ཡིན། །ཀྱེ་མ་རིགས་ལྡན་བུ་སློབ་ཀུན། །ཞེས་གསུངས། དེའི་ཚེ་ཉི་མ་
ཕྱེད་ཅུང་ཟད་མ་རེད་པའི་དུས་སུ། རྣལ་འབྱོར་བ་ཧུ་རེ་བ་བློ་སྣ་ཐུང་བ་བུད་པ་ཞིག་གིས་ཁྱི་
ལྤགས་ཀྱི་ཐུལ་བ་ཁྲ་ཉི་ལེ་བ་ཞིག་གོན། མི་ལྤགས་ཀྱི་གཡང་གཞི་ཞིག་ཕྲག་ལ་ཁུར། དབྱི་
དཀར་གྱི་རྐྱལ་པ་གཅིག་རྒྱབ་ཏུ་ཁུར། གཙོད་ཀྱི་རྭ་ངར་མ་གཅིག་ལག་ཏུ་ཐོགས། རྐྱང་གི་
རྔོག་མ་གཅིག་ཐོད་དུ་བཅིངས། ཁམ་རག་ཤའི་ཕྲེང་བ་གཅིག་ལག་ན་བགྲང་ཞིང་འཇམ་
དཔལ་དམར་པོའ་ིསྙིང་པོ་གྱེར་གླུ་བྱེད་པ་ཞིག་བྱུང་བ་དེ་ཐོགས་པ་མེད་པར་མའི་དྲུང་དུ་
བྱུང་ནས་ཕྱག་འཚལ་ཏེ་ཁམས་འདྲི་ཕུལ་ལོ། །མ་ཅིག་གི་ཞལ་ནས་ཁྱེད་བྱོན་པ་ལགས་
སམ། ཁ་བ་བབས་པས་འོ་བརྒྱལ་གཏད་དམ། ཕྱིང་ལྷམ་གཡང་ལ་ཤོར་རམ་གསུངས། མ་
ཅིག་གིས་མཁྱེན་པར་མཛད། ཁོ་ལྷག་པར་དད་དེ་ཡང་ཡང་ཕྱག་མང་དུ་འཚལ་ཞིང་། མཆི་
མ་འཁྲུག་ཅིང་འོ་དོད་འབོད་ཅིང་གསོལ་བ་ལན་མང་དུ་གདབ་པའི་ཚེ། མ་ཅིག་གི་ཞལ་
ནས་རྣལ་འབྱོར་པ་ཞིག་པོ་ཉི་མ་སེེངྒ་པ་བཞུགས་ཤིག་གང་ནས་བྱོན། ཁྱེད་ཀྱི་ཕ་ཡུལ་ཅི་
171
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
ཞེས་དྲིས་པས། རྣལ་འབྱོར་བ་བསྡད་དེ་མཆི་མ་ཕྱིས་ནས་ངའི་ཡུལ་ནི་ལ་སྟོད་ཀྱི་ཡང་སྟོད་
འཕན་དྲུག་ཅེས་པ་ནས་ཡིན། ང་རང་སེང་གེ་རྡོ་རྗེ་ཡང་ཟེར་ཏེ་ཉི་མ་སེང་གེ་ཟེར་བ་ཡང་
ཡིན་ཏེ་ང་ཆུང་ངུའི་དུས་ནས་འཇམ་དཔལ་ལ་ལྷ་སྐལ་བྱས་ཏེ་བསྙེན་བསྒྲུབ་དང་བསྒོམ་
བཟླས་ལོ་བཅུ་གསུམ་ལ་བྱས་པས་ནུས་པ་བཟང་པོ་ཐོན་ནས་ཕྱིས་རླུང་སེམས་སྦྱང་བའི་
སྐབས་སུ་རྔོན་པས་བཅིང་བརྡུང་བྱས་པས། སེམས་གེགས་ཆེན་པོ་ལངས་པ་སུས་ཀྱང་
གེགས་སེལ་མ་ནུས་པས། མ་ཅིག་གི་སྙན་པ་ཐོས་པས་ཟླ་བ་བཞིའི་ལམ་ནས་འོངས་པའི་
ཟླ་བ་གཉིས་ལ་ཁ་བ་བབས་པས་སྡུག་བསྔལ་ཏེ། བྲག་ལམ་གཅིག་ཏུ་ཐོན་ནས་ཕྱིང་ལྷམ་
ཕུད་པ་གཡང་དུ་ཤོར་ནས་རྐང་བའི་མཛུབ་མོ་རྣམས་ཕྱིད་ནས་ཕལ་ཆེར་ཆད། མ་རང་ཉིད་
ལ་དད་ནས་འོངས་པས་སེམས་ཟུག་ཐུ་མོ་མ་བྱུང་ཞིང་། འདིར་ཕྱིན་ནས་གནས་མཐོང་བ་
ཕ་གི་ནས་སེམས་ལ་དགའ་བདེ་དཔག་ཚད་མེད་པ་གཅིག་སྐྱེས་པས། ད་ལྟ་ལུས་སེམས་
ཁྱད་པར་དུ་བདེ་ཞིང་། སེམས་འཛིན་པ་ཐམས་ཅད་དང་བྲལ་བའི་གསལ་སྟོང་ས་ལེ་བ།
ཡི་དམ་གྱི་ལྷ་དང་དབྱེར་མེད་པའི་ངང་ལ་བདེ་འབོལ་ལེ་ཤིག་གེས་སེམས་སྔར་མལ་དུ་
ངེས་པར་གནས་པ་འདི་འདྲ་བ་གཅིག་སྔར་ཡང་ཡོད་དེ། དེ་སྔར་ལོ་ལྔའི་བར་དུ་སེམས་
ཟུག་ཐུ་མོ་ཞིག་ལངས་པས་ཐམས་ཅད་ཀྱིས་སྨྱོན་པ་ཟེར་བར་གདའ། ད་ལྟ་སེམས་རྙེད་པ་
འདི་ཡིན་ནོ་ཟེར་རོ། །
ཡང་མ་ཅིག་གི་ཞལ་ནས་ཁྱེད་ང་ལ་མོས་པ་བྱས་ནས་ཉི་མ་གཅིག་ཚུར་སླེབས་ནས་
གད་ཕུག་སྐྱ་མོར་ཉལ་བའི་ནུབ་མོ་ནས་ངས་ཁྱེད་ཀྱི་གེགས་སེལ་བྱས་པ་ཡིན་གསུངས། དོ་
ནུབ་ཕྱི་ཁང་དུ་ཉོལ་དང་སང་ནངས་པར་ཁྱོད་ཀྱི་གྲོགས་པོ་གཉིས་འོང་བ་དང་། ཁྱེད་
གསུམ་ལ་དམིགས་པ་སྟབས་གཅིག་ཏུ་བསྟན་ཅིང་བསླབ་བྱ་ཡང་སློབ་གསུངས་ནས། རྣལ་
འབྱོར་པ་སེང་གེ་རྡོ་རྗེ་ཕྱི་ཁང་དུ་ཉལ། ཕྱི་ཉིན་ཉི་རྩེ་ཤར་མ་ཐག་ཏུ། རྣལ་འབྱོར་པ་བལ་
ཐུལ་སྐྱ་ཉི་ལེ་བ་གོན་པ། བལ་གྱི་དྲ་བ་རྒྱབ་ཏུ་ཁུར་ཅིང་མི་རྐང་གི་གླིང་བུ་སྐེད་ལ་འཇུག་
172
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
པ༑ སྙན་གྱི་རྭའི་སློང་ཕོར་ལག་ཏུ་ཐོགས་ཤིང་རྩའི་ཞྭ་མོ་མགོ་ལ་ཐོགས་པ། ལག་ན་བལ་
གྱི་ལི་ཁྲི་ཐོགས་པ་མིག་མཐོ་མཐོ་ལ་ལྟ་བ་གཅིག་དང་། ཡང་རེ་བ་ནག་པོའ་ིཐུལ་བ་ལ་རྔ་
མའི་ཤམ་བཏགས་པ་གོན་ཅིང་། མགོ་ལ་ཡང་རེ་བའི་ཞྭ་ལ་རྔ་མའི་ཤམ་བཏགས་པ་གཅིག་
གོན་པ་རས་ཀྱི་ཐུམ་སློང་རྒྱབ་ཏུ་ཁུར་ཅིང་། བ་མེན་རྭའི་སློང་ཕོར་ཐོགས་པ། ཨ་ག་རུ་ནག་
པོའ་ིཌཱ་མ་རུ་ལ་མཚན་ཤལ་བྱས་ཤིང་། ཤིར་ཤིང་ནག་པོའ་ིདབྱུག་པ་ལག་ཏུ་ཐོགས་པ་ཞིག་
དང་གཉིས་བླ་གཡས་ཐོག་ཏུ་འདུག་པ་རིན་ཆེན་རྒྱན་གྱིས་གཟིགས་སྐོར་དུ་བལྟས་པས་
མཐོང་ནས། མ་ཅིག་ལ་དེ་སྐད་ཞུས་སོ། །མའི་ཞལ་ནས། བལ་ཐུལ་གོན་པ་དེ་བྱང་སྟོད་ཀྱི་
ཕྱི་བྱང་རྨ་ཐང་ནས་ཡོང་བ་ཡིན། དེ་ཡང་མཁས་པ་འདུས་པ་ཡེ་ཤེས་རང་སྣང་བྱ་བ་ཡིན།
བལ་བོ་ཡེ་ཤེས་སེང་གེ་བྱ་བ་ཡིན། ཟླ་བ་དྲུག་གི་ལམ་དུ་ཡོང་བ་ཡིན་ནོ། །རེ་ཐུལ་ཅན་དེ་
རྒྱལ་བ་རིན་ཆེན་བྱ་བ་ཕོ་སྨྱོན་སེང་གེ་ཟེར་བ་ཡིན་ནོ། །དེ་ཡང་ཀོང་པོ་ནས་ཡར་ཡོང་བ་
དང་ཁོང་གཉིས་མདང་གནས་མལ་དུ་འཕྲད་པ་ཡིན་ནོ་གསུངས། དེ་ནས་མ་ཅིག་ཆོས་
འཆད་པ་ལ་གློ་སྐད་དུ་བྱོན་ནས་ཆོས་ཞུ་མི་རྣམས་ཀྱང་ཕྱིན་ནོ། །
རྣལ་འབྱོར་པ་གཉིས་ཀྱང་དེར་མཇལ་ཏེ་ཞུ་གནང་ཞིབ་ཏུ་མཛད། སེང་གེ་རྡོ་རྗེ་དང་
གསུམ་ལ། བླ་མའི་རྣལ་འབྱོར་ཟབ་ལམ་མ་དང་ནམ་མཁའ་སྒོ་འབྱེད་རྫས་གྲུབ་འཕོ་བའི་
ལུང་མཛད་ནས། ད་ཁྱེད་གསུམ་ལ་དམིགས་པ་ཆོས་ཐུན་འདི་ཚར་ནས་སྟོན་གསུངས།
ཆོས་ཐུན་ཚར་ནས་དམིགས་པ་བསྟན་པས་སོ་སོའ་ིགེགས་བསལ་ཏེ་གྲུབ་པ་ཐོབ་པ་རྫུ་
འཕྲུལ་ལ་ཐོགས་པ་མེད་པ་གསུམ་བྱུང་ངོ་། །དེ་རིང་ནས་ཁྱེད་གསུམ་ངའི་ཆོས་ལུགས་ལ་
འཇུག་དགོས་པ་ཡིན་པས་གོས་དང་ཆ་ལུགས་རེ་ཟུང་སྤང་དགོས་པ་ཡོད། ཁྱེད་སེང་གེ་རྡོ་
རྗེས་ཁྱི་ཐུལ་འདི་དང་མིའི་པགས་པ་དང་། གཙོད་རྭ་དང་གསུམ་དེ་སྤང་དགོས། ཁྱད་པར་
ཁྱི་ལྤགས་འདི་ཉེས་པ་མང་པོ་དང་ལྡན་པས་རྩར་ཉེ་རུ་ཡང་མི་བཏུབ་བོ། །མི་ལྤགས་འདི་
དགོས་པའི་དུས་གཅིག་ཡོད་དེ། གདམས་པ་མ་ཐོབ་སྙེམས་རྩ་མ་ཆོད་བར་དུ་སྦ་བར་གྱིས།
173
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
གདམས་པ་ཐོབ་ཅིང་སྙེམས་རྩ་ཆོད་ན་ལྟོས་མེད་སྤྱོད་པ་བྱེད་པའི་རྫས་སུ་འཆང་དུ་བཏུབ་
ཀྱང་ཕ་རོལ་གཞན་གྱི་ཡིད་ལོག་པའི་དོན་དུ་གཞན་ལ་བསྟན་པར་མི་བྱ་གསང་སྟེ་
འཆང་ངོ་། །
གཙོད་རྭ་འདི་ནི་དྲག་པོའ་ིརྫས་ཤིག་ཡིན་པས་ཕ་རོལ་གང་ལ་ཡང་གནོད་པའི་ཕྱིར་
དུ་ནམ་ཡང་འཆང་བར་མི་བྱའོ། །རྐྱང་གི་རྔོག་མ་འདིས་གྲིབ་ཀྱང་བསྲུང་ལ། མིག་ལ་ཁ་
བས་གནོད་པ་ཡང་བསྲུང་ཞིང་སྐྱོན་དུ་མི་འགྱུར་ཡང་། རབ་ཏུ་བྱུང་བ་དང་འགལ་བ་ཉིད་
ཡིན་ཟེར་ཀྱང་ཉེས་པ་ཆུང་མོད་ཀྱང་། ཆོས་གྲྭར་གནས་ཚེ་ལན་ཅིག་བསྐུང་འཚལ། རྒྱལ་
བ་རིན་ཆེན་གྱི་རེ་ཐུལ་དང་ཞྭ་འདི་ནི་ཁྱེད་རང་ཡུལ་གྱི་ཆ་ལུགས་ཡིན་ཡང་། རེ་བ་འདི་ཕྱི་
བའི་བདུད་གོས་ཡིན་པས་ནང་པའི་བསྟན་པ་དང་འགལ་བས། རེ་བ་འདི་འོག་གདན་བཟོ་
རུ་ཆུག་ཅིག །ཤིར་ཤིང་གི་འཁར་བ་འདི་སྒྲིབ་ཤིང་ཡིན་པས་ལན་ཅིག་ཞོག །ཨ་ག་རུའི་ཌཱ་
མ་རུ་འདི་ནི་བོད་ན་དཀོན་པའི་མཆོད་ཆ་ཕུན་སུམ་ཚོགས་པ་རྙེད་པར་དཀའ་བའི་ལྷ་རྫས་
ཡིན་པས། ཁྱེད་བསོད་ནམས་དང་ལྡན་པས་ལོན་པས་ལེགས་པར་ ཁྲོལ་ཅིག། །སློང་ཕོར་
བ་མེན་རྭའི་ཞལ་བུ ་ཡང་ཟེར་བའི་བཅུད་ལྡན་འདི་ཤིན་ཏུ་ལེགས། འདི་ལ་ཡོན་ཏན་མང་
པོ་ཡོད་ཅིང་ངའི་ཆོས་ལུགས་དང་ཡང་མཐུན་ནོ། །ཡེ་ཤེས་རང་སྣང་གི་བལ་ཐུལ་ལེགས་
པར་འོང་། སྙན་གྱི་རྭ་ཅོ་འདི་འཆང་དུ་མི་རུང་བས་སྤོངས་ཤིག །ངའི་ཆོས་ལུགས་ལ་ཕ་
རོལ་གཞན་ལ་གནོད་པའི་ཆས་གང་དང་གང་ཡིན་པ་དང་། སངས་རྒྱས་ཀྱི་བསྟན་པ་དང་
ངེས་པར་དུ་འགལ་བའི་ཆས་མ་རུང་པ་རྣམས་སྤང་བྱ་ཡིན་ནོ། །
སྤྲང་མོ་ང་རང་རྣལ་འབྱོར་གྱི་ཆ་ལུགས་ཡིན་པས་ཞྭ་གོས་ལ་སོགས་པ་རྣམས་ནི།
སངས་རྒྱས་ཀྱི་བསྟན་པ་དང་མཐུན་པའི་ཁ་དོག་དམར་སེར་དུ་བསྒྱུར་ནའང་ལེགས་ལ་མ་
བསྒྱུར་ཀྱང་ཆོག་པས། བྱང་ལུག་གི་སྤང་ཕྱིང་དང་། ཕྱིང་བུ་དང་། སྣམ་བུ་དང་། རས་དང་
དེ་རྣམས་ཀྱི་ཐུལ་བ་གྱོན་ཅིང་ཕྱིང་ལྷམ་གྱིས་རྐང་བ་ལྗིབས་པ་དང་། སློང་ཕོར་བ་མེན་གྱི་
174
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
རྭ་ལ་བྱེད་པ་ངའི་ཆོས་ལུགས་ཡིན། གཅན་གཟན་གྱི་པགས་པ་དང་། གོས་ལྷམ་ནག་པོ་
དང་ཁྱད་པར་ཁྱིའི་པགས་པ་སྤང་བྱ་ཡིན་པས། སེང་གེ་རྡོ་རྗེའི་ཁྱི་ལྤགས་དེ་གཙང་པོའ་ི
འགྲམ་དུ་ཁྱེར་ལ་བྱེ་མའི་རྡིབ་ཞབས་སུ་གནོན་པར་གྱིས་དང་། ཁྱི་ལྤགས་ཀྱི་གཉེན་པོ་བྱེ་
མ་ཡིན་པས་དེས་ཐུབ་པ་ཡིན་ནོ། །སེང་གེ་རྡོ་རྗེ་དང་རྒྱལ་བ་རིན་ཆེན་གཉིས་ལ་ཕྱིང་ཐུལ་
རེ་གཏོད། ཡེ་ཤེས་རང་སྣང་དང་སེང་གེ་རྡོ་རྗེ་ལ་བ་མེན་ཞལ་བུ་རེ་གཏོད། ཁོང་གསུམ་ག་
ལ་ཕྱིང་ལྷམ་རེ་གཏོད་གསུངས་ནས་དེ་ལྟར་བྱས་སོ། །དེ་ནས་ཁུ་སྒོམ་ཆེན་ཆོས་ཀྱི་སེང་
གེས་ཞུས་པ། མ་ཅིག་ལགས། གཅན་གཟན་གྱི་པགས་པ་ལ་ཉེས་པ་དང་ལྡན་ཞིང་ཁྱད་
པར་ཁྱིའི་པགས་པ་ལ་ཉེས་པ་མང་པོ་ཡོད་གསུངས་པ་ཇི་ལྟར་ལགས་སོ། །དེའི་ཉེས་པ་
གསུང་དུ་འཚལ། ཞེས་ཞུས་སོ། །དེ་ནས་མའི་ཞལ་ནས་བུ་ཉོན་དང་། སྤྱིར་གཅན་གཟན་
ཕལ་བའི་པགས་པ་ནི་རྫས་ངན་མ་རུང་བ་ཡིན་པས་འཆང་དུ་མི་བཏུབ། ཕལ་ཆེར་ནི་
འཇིག་རྟེན་པ་ཀུན་གྱི་འདོད་པའི་ཡོན་ཏན་དང་ལྡན་པ་དང་། གཅན་གཟན་ཁྲོ་བོ་ཆེན་པོ་
རྣམས་ནི་བླ་མེད་སྔགས་ཀྱི་ཐེག་པའི་ལྷ་རྫས་ཁྱད་འཕགས་ཀྱང་ཡིན་ཏེ། གཅན་གཟན་
གནོད་སེམས་དང་རྒྱུན་དུ་འགྲོགས་པས་དེའི་པགས་པ་གྱོན་ན། སངས་རྒྱས་ཀྱི་བསྟན་པ་
དང་ཡང་འགལ་ཆེ་ལ། འཇིག་རྟེན་པ་ཀུན་གྱི་མཐུན་སྣང་མི་འགྲུབ་ཅིང་། ཁྱད་པར་ངའི་
ཆོས་ལུགས་དང་ཤིན་ཏུ་འགལ་ཆེ་སྟེ། ངའི་ཆོས་ལུགས་ཀྱི་གཙོ་བོ་བྱང་སེམས་ལ་བྱེད་པས།
ངའི་ཆོས་ལུགས་པ་རྣམས་ཀྱིས་གཅན་གཟན་གྱི་པགས་པ་གོན་ན། བདག་ཉིད་ལ་དྲེགས་
པ་ཅུང་ཟད་སྐྱེ་ལ་ཕ་རོལ་གཞན་གྱི་བློ་ལ་མི་འོང་བའི་ཕྱིར་དུ། བྱང་སེམས་ཀྱི་གེགས་སུ་
གྱུར་པས་ན། གཅན་གཟན་གྱི་པགས་པ་སྤང་བྱ་ཡིན་ཅིང་། བདག་འཛིན་དང་བྲལ་ཞིང་
བདག་དོན་གྱི་དྲི་མས་ཀྱང་རང་ཉིད་ལ་མ་གོས་ན། གཞན་དོན་ཁོ་ན་བློ་ཚིམ་པ་མེད་པ་
མཐར་ཕྱིན་པའི་ཡོན་ཏན་རྒྱས་པའི་དོན་ཆེན་པོ་གྲུབ་ཅིང་དོན་དེ་ལ་གྲུབ་པ་ཐོབ་ནས་
བརྟུལ་ཞུགས་ཀྱི་སྤྱོད་པ་སྣ་ཚོགས་པས། འགྲོ་བའི་དོན་དཔག་ཏུ་མེད་པ་བྱེད་ནུས་པའི་
175
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
གང་ཟག་གཅིག་གིས་གཅན་གཟན་གྱི་པགས་པ་གྱོན་ཡང་། གང་ཟག་དེ་ཉིད་ལ་སྐྱོན་དུ་མི་
འགྱུར་རུང་ཕ་རོལ་གཞན་གྱི་ཡིད་ལ་མི་འདོད་པའི་ཕྱིར་དུ་སྤང་དགོས་ཤིང་། རྟེན་འབྲེལ་
བསྒྲིག་པར་བྱ་བའི་ཕྱིར་དུ་འཆང་དགོས་ན་མ་གཏོགས། དེ་ལྟར་གང་ཟག་ནུས་ལྡན་མ་
ཡིན་པའི་ལས་དང་པོ་བ་རྣམས་ཀྱིས་གཅན་གཟན་གྱི་པགས་པ་སྤང་དགོས་ཏེ། བྱང་
སེམས་འཆོར་བས་ཐར་བའི་གེགས་སུ་འགྱུར་ཞིང་། གཞན་ཡང་སྐྱོན་ཕལ་བ་མང་བས་
སྤང་བར་བྱའོ། །
ཁྱད་པར་ཁྱིའི་པགས་པ་ལ་སྐྱོན་ཆེ་བར་གདའ་སྟེ། ཉེས་པ་དགུ་དང་ལྡན་པས་ཤིན་
ཏུ་སྤང་དགོས་ཏེ། དེ་ཡང་ལས་ཀྱིས་མནར་བའི་ལུས་ངན་ཁྱིར་སྐྱེས་པས། ལས་ཀྱི་སྒྲིབ་པ་
ངན་པའི་དབང་གིས་ཡེ་ཤེས་པའི་ལྷ་མི་འཁོར་བའི་ཉེས་པ་དང་གཅིག །གྲིབ་ངན་པས་
དཔའ་བོ་མཁའ་འགྲོ་དཔལ་མགོན་རྣམས་མི་འཁོར་བའི་ཉེས་པ་དང་གཉིས། དྲི་ངན་པ་
དང་ལྡན་པས་གཙང་མའི་རིགས་ཀྱི་མགྲོན་མི་འཁོར་བའི་ཉེས་པ་དང་གསུམ། མི་གཙང་
བའི་རྫས་ངན་པ་ཡིན་པས་གང་དང་འཕྲད་པ་དེ་ནི་མནོལ་ཞིང་ཉམས་པར་འགྱུར་བའི་
སྟོབས་ཀྱིས། ས་བདག་དང་། གཞི་བདག་དང་། ཡུལ་བདག་དང་། གནས་བདག་དང་།
གྲོང་བདག་དང་། དེ་རྣམས་ཀྱིས་མི་འདོད་ཅིང་མཁའ་འགྲོ་ཁྲོས་འཁྲུགས་ནས་མི་དགའ་
ཞིང་གནོད་པ་བྱེད་པའི་ཉེས་པ་དང་བཞི། དུག་ངན་པའི་རླངས་པས་སྦྲང་བུ་དང་སྲིན་བུ་
ཕྲའུ་ཕལ་བ་འགའ་ཞིག་འཆི་བའི་ཉེས་པ་དང་ལྔ། ཤུལ་ངན་པའི་དྲི་མས་མི་ཡ་རབས་
རྣམས་ཀྱི་ཞེན་པ་ལོག་ཅིང་ཐམས་ཅད་ཀྱི་ཡིད་ལ་མི་འདོད་པའི་ཉེས་པ་དང་དྲུག །གྲོང་
བའི་ཁྱི་ཐམས་ཅད་ཀྱིས་མཐོང་བའི་དྲི་ཚོར་བ་ཙམ་གྱིས་སྐྲག་ཅིང་སྔངས་ཡར་དུ་འགྲོ་བའི་
ཉེས་པ་དང་བདུན། ནང་པའི་བསྟན་པ་དང་འགལ་ཞིང་སྡེ་བ་གང་གི་ཡང་གྲྭར་མི་ཚུད་པའི་
ཉེས་པ་དང་བརྒྱད། ཁྱད་པར་དུ་ངའི་ཆོས་ལུགས་དང་མི་མཐུན་ཏེ་བྱང་ཆུབ་ཀྱི་སེམས་
བསྒོམ་པའི་གེགས་སུ་འགྱུར་བའི་ཉེས་པ་དང་དགུ་སྟེ། དེ་ལྟ་བུའི་ཁྱི་ལྤགས་ནི་ངེས་པར་དུ་
176
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
སྤང་དགོས་སོ་བུ་སློབ་ཀུན། ཞེས་གསུངས་སོ། །ཡང་ཆོས་ཀྱི་སེང་གེས་ཞུས་པ། མ་ཅིག་
ལགས། གཅན་གཟན་སྤྱི་ཙམ་གྱི་པགས་པ་ལ་སྐྱོན་དང་ཡོན་ཏན་གཉིས་སུ་མཆིས་པ་དང་།
ཁྱད་པར་ཁྱིའི་པགས་པ་ལ་ཉེས་པ་ཁོ་ན་དང་ལྡན་པར་གསུང་པ་རྣམས་ཆའུ་ཙམ་གོ་བར་
ལགས་མོད་ཀྱང་། གཅན་གཟན་དང་ཁྱི་དང་དེ་རྣམས་གསོན་པོར་འཆི་བར་མ་གྱུར་
པའི་ཚེ། སྐྱོན་ཡོན་དང་ཉེས་པ་དེ་རྣམས་ཡོད་དམ། གསོན་པོར་ཉེས་པ་མེད་པར་གྱུར་ན།
ཤི་བའི་ཤུན་པས་ཉེས་པ་བསྐྱེད་པའི་ནུས་ལྡན་ཅན་དུ་འགྱུར་བའི་རྒྱུ་མཚན་གང་ལགས་པ་
དང་། ས་བདག་དང་། གཞི་བདག་དང་། ཡུལ་བདག་དང་། གནས་བདག་དང་། གྲོང་
བདག་དང་ཞེས་གསུངས་པའི་སོ་སོའ་ིདངོས་འཛིན་ཇི་ལྟར་བགྱི་བ་རྣམས་གསུང་བར་
འཚལ་ལགས་སོ། །ཞེས་ཞུས་སོ། །ཡང་མ་ཅིག་གི་ཞལ་ནས། བུ་སློབ་ཀུན་ཉོན་དང་།
གཅན་གཟན་སྤྱི་དང་ཁྱི་དང་བཅས་པ་རྣམས་ནི་མ་ཤི་བར་གསོན་པོར་གྱུར་པའི་ཚེ་ན། སྐྱོན་
ཡོན་གྱི་ནུས་པ་ཡོད་མོད་ཀྱང་། དེ་བས་ཀྱང་ཤི་བའི་རོ་ནི་སྐྱོན་ཡོན་ཆེ། དེ་བས་པགས་པས་
སྐྱོན་དང་ཡོན་ཏན་བསྐྱེད་པའི་ནུས་པ་ཤིན་ཏུ་ཆེ་བར་གདའ་སྟེ། དཔེར་ན་ས་གཞི་ལས་
སྐྱེས་པའི་འབྲུ་ལ་སོགས་ལོ་ཏོག་སྣ་ཚོགས་པ་དང་། སྒོག་པའི་རིགས་དང་། མེ་ཏོག་གི་
རིགས་དང་། རྔད་ཀྱི་རིགས་དང་། སྨན་གྱི་རིགས་དང་། དུག་གི་རིགས་དང་། རྩྭའི་རིགས་
དང་། ཤིང་གི་རིགས་དང་། རིན་པོ་ཆེའི་རིགས་སྣ་ཚོགས་པ་རྣམས་ནི། ས་གཞི་དང་མ་
བྲལ་བར་ཡོད་ཀྱང་། སྐྱོན་དང་ཡོན་ཏན་གཉིས་བསྐྱེད་པའི་ནུས་པ་ཡོད་མོད་ཀྱང་། དེ་
བས་ཀྱང་ས་གཞི་དང་བྲལ་ཏེ་རྩི་བཅུད་རྣམས་ལ། སེམས་ཅན་ཐམས་ཅད་ཀྱིས་སོ་སོར་
གང་འདོད་པ་ལ་ལོངས་སྤྱོད་ན། རྩི་བཅུད་རྣམས་སྔར་བས་ནུས་པ་ཤིན་ཏུ་ཆེ་བ་ཡིན་པ་
དང་འདྲ་བ་དེ་བཞིན་དུ། གཅན་གཟན་གསོན་པོ་བས་ཤི་བའི་པགས་པ་ནུས་པ་ཆེ་བ་ཡིན།
ཁྱད་པར་དུ་མི་རྟ་ཁྱི་གསུམ་གསོན་པོ་བས། ཤི་བའི་རོ་ནི་སྐྱོན་དུ་ཆེ་བ་སྟེ། ངེས་པ་ཅན་དུ་
ཁྱིའི་རོ་སྐྱོན་དུ་འགྱུར་ལ། ཤིན་ཏུ་ནས་ཁྱིའི་པགས་པ་སྐྱོན་དུ་ཆེ་བ་ནི་ད་ལྟ་སྔོན་དུ་བཤད་
177
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
པ་དེ་ཡིན་པས་ཡིད་ལ་ཟུངས་ཤིག་བུ། བདག་འཛིན་འཁོར་བའི་རྩ་བ་རྩད་ནས་ཆོད་ཅིང་
བདག་མེད་སྟོང་ཉིད་ནམ་མཁའ་མཛོད་ལ་མངའ་བརྙེས་ནས། བདེ་སྡུག་ཐམས་ཅད་ཆོས་
ཉིད་ཀྱི་ཀློང་དུ་རོ་སྙོམས་ཤིང་། རྐྱེན་སྣང་དང་བར་ཆད་ཐམས་ཅད་དངོས་གྲུབ་དང་དཔལ་
དུ་ཤར་ནས་ཡོན་ཏན་གྱི་བོགས་འདོན་དུ་འགྲོ་ཞིང་། ལམ་གྱི་གྲོགས་སུ་བསྒྱུར་ནུས་པའི་
གང་ཟག་ཅིག་ཡིན་ན་ཁྱི་ལྤགས་ལ་སོགས་པའི་རྫས་ངན་པ་ཡང་སྐྱོན་དུ་མི་འགྱུར་ཏེ། དེ་
ལྟ་བུ་མ་ཡིན་པའི་གང་ཟག་ལས་དང་པོ་པ་ཐར་པ་དོན་དུ་གཉེར་བ་རྣམས་ཀྱིས་ཁྱི་ལྤགས་
ལ་སོགས་པའི་རྫས་མ་རུང་བ་རྣམས་འཆང་བར་མི་བྱེད་པར་ཤེས་པར་བྱའོ། །ད་ནི་ས་
བདག་ཅེས་སོགས་རྣམས་ལ་དོན་གཉིས་གཉིས་ཀྱིས་སྟོན་པར་བྱེད་པ་ལ། དེ་ཡང་དང་པོ་
ས་བདག་ལ་སྤྱི་དང་བྱེ་བྲག་གཉིས་ཏེ། སྤྱིར་ས་བདག་ཅེས་པ་ནི་ལྟོ་འཕྱེ་ལ་ཟེར་ཏེ། སའི་
ཁྱོན་ཐམས་ཅད་ནི་ལྟོ་འཕྱེ་ཁོའ་ིལུས་ཡིན་པར་བདག་ཏུ་བཟུང་ནས། གཞན་སུ་ཞིག་ས་
དུམ་བུ་ཐེབ་ཅིག་ཙམ་གཅིག་ལ་ལོངས་སྤྱོད་ཀྱང་། ཁོའ་ིལུས་ལ་གཅོད་པའི་འདུ་ཤེས་
བསྐྱེད་ནས། ས་གཞི་ཐམས་ཅད་ལྟོ་འཕྱེས་བདག་ཏུ་བཟུང་བར་ཤེས་པས། ས་གཞི་སྤྱིའི་
ས་བདག་ལྟོ་འཕྱེ་ལ་བྱེད་པ་ཡིན་ཅིང་། ལྟོ་འཕྱེ་ལ་བརྟེན་ཏེ་བྱེ་བྲག་པ་ནི། ས་ཕྱོགས་དེ་
བདག་ཏུ་བཟུང་བ་རྣམས་ཡིན་ཏེ། དེ་ཡང་ཕག་མགོ་དང་། ལག་པ་དང་། བྷ་དྲ་དང་། ཐེ་སེ་
དང་བཞི་ནི། བྱེ་བྲག་ཏུ་སའི་ཕྱོགས་རེ་བདག་ཏུ་བཟུང་བའི་ས་བདག་ཡིན་ཅིང་། འཁོར་དུ་
མ་དང་བཅས་པ་དེ་རྣམས་ལ་ས་བདག་ཟེར་བ་ཡིན་ནོ། །
གཞི་བདག་ལ་ཡང་གཉིས་ཏེ། སྤྱི་དང་བྱེ་བྲག་པའོ། །སྤྱིར་གཞི་བདག་ཅེས་པ་ནི།
སའི་ལྷ་མོ་ལ་ཟེར་བ་ཡིན། དེ་ཡང་སའི་ལྷ་མོ་ནི་ལྟོ་འཕྱེའི་ལུས་ས་ཁྱོན་དང་བཅས་པ་ལ་
དབང་བསྒྱུར་ཅིང་ས་གཞི་དང་དབྱེར་མི་ཕྱེད་པར་བརྟན་པར་གནས་ཤིང་། སའི་རང་
བཞིན་ལས་ལྷུན་གྱིས་གྲུབ་པའི་ལྷ་མོ་ཡིན་པ་དང་། ཕག་མགོ་ལ་སོགས་པའི་ས་བདག་
རྣམས་དང་། གཞན་ས་གཞི་དང་རི་བྲག་ལ་གནས་པའི་འབྱུང་པོ་ཐམས་ཅད་ཀྱི་གཙོ་བོ་
178
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
བདག་མོ་ཡིན་པས་ན། ས་གཞི་སྤྱིའི་བདག་མོ་སའི་ལྷ་མོ་ཡིན་ནོ། །བྱེ་བྲག་པའི་གཞི་
བདག་ནི་སའི་ལྷ་མོའ་ིའཁོར་དུ་གཏོགས་པའི་སོ་སོར་བྱེ་བྲག་ཏུ་གནས་པའི་སྤྱི་ཙམ་ལ་
ཟེར་བ་ཡིན། ཡུལ་བདག་ལ་ཡང་གཉིས་ཏེ། སྤྱི་དང་བྱེ་བྲག་པའོ། །
སྤྱིར་ཡུལ་བདག་ཅེས་པ་ནི། རྒྱ་གར་དང་། རྒྱ་ནག་དང་། ཧོར་དང་། འཇང་དང་།
མོན་དང་། བལ་པོ་དང་། ལི་དང་། སྟག་གཟིག་དང་། ཞང་ཞུང་དང་། ཀློ་བ་དང་། མང་གེ་
དང་། བོད་དང་། དེ་རྣམས་སོ་སོར་མིང་གིས་བཏགས་པའི་རང་རང་ཡུལ་ཁྱོན་གྱི་སྤྱིའི་ཟོ་
དོར་གང་ཡིན་པ་ཡུལ་ཆེན་རེ་རེ་བདག་ཏུ་བཟུང་བའི་གཙོ་བོ་གང་ཡིན་པ་དེ་ལ་ཡུལ་བདག་
ཟེར་བ་ཡིན། ཡུལ་བདག་བྱེ་བྲག་པ་ནི། ཡུམ་ཆེན་པོ་རྣམས་ཀྱི་ནང་ཚན་ཡང་མིང་གིས་སོ་
སོར་བཏགས་པའི་ཡུལ་ཆུ་ཁོལ་ཁོལ་བ་རྣམས་ཀྱིས་སོ་སོའ་ིཟོ་དོར་གྱི་གཙོ་བོ་གང་ཡིན་པ་
དེ་ལ་བྱེ་བྲག་པའི་ཡུལ་བདག་ཟེར་བ་ཡིན་ནོ། །གནས་བདག་ཅེས་པའི་གནས་ལ་གཉིས།
སྤྱི་དང་བྱེ་བྲག་པ་དང་། གནས་བདག་ལ་ཡང་གཉིས་ཏེ། སྤྱི་དང་བྱེ་བྲག་པའོ། །སྤྱིར་
གནས་ཞེས་པ་ནི། ས་གཞི་དང་། གངས་རི་དང་རི་བྲག་དང་ཆུ་བོ་དང་། ལྗོན་ཤིང་དང་དེ་
རྣམས་དབྱིབས་དང་ཁ་དོག་དང་། བཅུད་ལ་སོགས་པའི་རྟེན་འབྲེལ་འཛོམས་ཤིང་ཡོན་
ཏན་དུ་མས་བརྒྱན་ཅིང་ནུས་པ་ཕུན་སུམ་ཚོགས་པ་དང་ལྡན་པ་གང་ཡིན་པ་དེ་ནི་སངས་
རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་པ་
དང་། སྐུ་གསུང་ཐུགས་གང་གི་ནུས་པ་དང་ལྡན་པའི་དཔའ་བོ་དང་མཁའ་འགྲོ་མ་ཐམས་
ཅད་དེར་འདུས་ནས་དུས་རྟག་ཏུ་གནས་པ་དང་། རྒྱལ་བ་སྲས་བཅས་ཀྱི་སྐུའམ། གསུང་
ངམ། ཐུགས་སམ། གང་གི་བྱིན་རླབས་གནས་པ་ནི་གནས་ཞེས་བྱའོ། །
དེ་ལྟ་བུའི་ས་གཞི་དང་རི་བྲག་དང་། ཆུ་བོ་དང་ལྗོན་ཤིང་རྣམས་ནི་ཡུལ་ཕྱོགས་གང་
དུ་ཡོད་ཅིང་གྲངས་དང་བཅས་པ་ཡོད་ཀྱང་། སྐྱེས་པའི་རྩོལ་བས་སྦྱོར་བ་མ་ཡིན་པས་ན་
བདག་བཟུང་མེད་ལ། ས་གཞི་སོགས་རྣམས་ནི་རང་བཞིན་ལྷུན་གྱིས་གྲུབ་པའི་གནས་
179
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
ཡིན་པས་ན་སྤྱིའི་གནས་ཟེར་བ་ཡིན་ནོ། །གནས་བྱེ་བྲག་པ་ནི། སྐྱེས་པའི་རྩོལ་བས་སྦྱོར་ཏེ།
སངས་རྒྱས་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་རྟེན། རྒྱུ་ནི་གང་ཡང་རུང་ལ།
འབུར་མ་དང་། ལུགས་མ་དང་། བརྐོས་མ་དང་། རི་མོར་བྲིས་པ་དང་། དེ་རྣམས་ཀྱི་རྒྱན་
ཁ་དོག་དང་བཅས་པ་དང་། མཆོད་པའི་བྱེ་བྲག་སྣ་ཚོགས་པ་དང་བཅས་པའི་ཕོ་བྲང་བྱིན་
རླབས་ནུས་པ་དང་ལྡན་པ་གང་ཡིན་པ་དེ་ལ་གནས་བྱེ་བྲག་པ་ཟེར་བ་ཡིན། དེ་ལྟ་བུའི་སྤྱི་
དང་བྱེ་བྲག་པའི་གནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་
བརླབས་ཤིང་། དཔའ་བོ་དང་མཁའ་འགྲོ་མ་འདུས་པའི་ཕོ་བྲང་བྱིན་རླབས་ཤིན་ཏུ་ཆེ་བ་དེ་
དག་རྣམས་ཀྱི་སྤྱིའི་བདག་པོ་ནི། བརྟན་མ་བཅུ་གཉིས་དང་། སྐྱོང་མ་རྣམས་ཡིན་ལ། དེ་
ཡང་བསྟན་སྐྱོང་རྣམས་ཀྱིས་གནས་བྱིན་རླབས་གང་ཆེ་བ་རྣམས་སྐོར་ཞིང་ཉུལ་ནས་གནས་
དེ་དག་ཐམས་ཅད་བདག་ཏུ་བཟུང་ཞིང་། དམ་ཚིག་དང་ལྡན་ཞིང་ཆོས་སྙིང་ནས་སྒྲུབ་པ་
པོའ་ིགང་ཟག་རྣམས་ཀྱི་གྲོགས་བྱེད་ཅིང་། དམ་ཚིག་ཉམས་པ་དང་ཆོས་མི་བསྒྲུབ་པ་
རྣམས་ཀྱི་དབུགས་ལེན་བྱས་ནས་ངན་འགྲོར་སྦྱོར་བར་ནུས་པའི་བསྟན་སྐྱོང་རྣམས་ལ་
གནས་བདག་ཟེར་བས་དེ་རྣམས་སྤྱིའི་གནས་བདག་ཡིན། བྱེ་བྲག་པའི་གནས་བདག་ལ་
ཡང་གནས་གང་ཡིན་པ། སོ་སོར་བདག་ཏུ་བཟུང་ནས་རྒྱུན་མར་གནས་པ་དང་། གནས་
སྐབས་སུ་གང་ཟག་གིས་བདག་ཏུ་བཟུང་བའི་གནས་བདག་དང་གཉིས། དེ་ལ་རྒྱུན་མར་
གནས་པ་ནི་གནས་སྤྱི་དང་བྱེ་བྲག་པ་རྣམས་གང་དང་གང་སོ་སོར་རེ་རེ་བཞིན་བདག་ཏུ་
བཟུང་ནས། གནས་དེ་ཉིད་དུ་རྒྱུན་མར་གནས་པའི་འབྱུང་པོའ་ིམིང་ཡོངས་སུ་གྲགས་པ་
གང་ཡིན་པ་དེ་ལ་བྱེ་བྲག་པའི་གནས་བདག་རྒྱུན་མར་གནས་པ་ཟེར། གང་ཟག་གི་གནས་
བདག་ནི་རང་རེའི་ཆོས་ལུགས་འཛིན་པའི་གང་ཟག་གཅོད་མཁན་གང་དག་རི་ཁྲོད་གང་དུ་
འདུག་པའི་གནས་དེ་ཉིད་ཀྱི་བདག་པོ་གང་ཡིན་པ་དེ་ངའི་གནས་སོ། །ཟེར་ནས་གནས་
སྐབས་ཙམ་རེ་བདག་ཏུ་བཟུང་བས་ན། བྱེ་བྲག་པའི་གང་ཟག་གི་གནས་བདག་ཟེར་བ་
180
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
ཡིན་ནོ། །གྲོང་བདག་ལ་ཡང་། གཉུག་མར་གནས་པ་དང་། གློ་བུར་དུ་ལྷགས་པ་གཉིས།
གྲོང་ཞེས་པ་ནི་འགྲོ་བ་མི་དང་ཕྱུགས་དང་འབྱུང་པོ་རྣམས་འདུས་པའི་རྟེན་གནས་སམ། ཕོ་
བྲང་ངམ་ཁྱིམ་ཞེས་པ་མང་པོ་ཞིག་འབྲེལ་ཞིང་འགྲིག་པར་གྱུར་པ་ལ་ཟེར་ཏེ། གྲོང་ཁྱེར་
ཆེན་པོ་དེ་དག་ཐམས་ཅད་ལས་ཀྱི་དབང་གིས་བདག་ཏུ་བཟུང་བའི་འབྱུང་པོ་མི་མ་ཡིན་པ་
གྲོང་ཁྱེར་ལ་རྒྱུན་མར་གནས་པ་གང་ཡིན་པ་དེ་ལ་ནི་གྲོང་བདག་གཉུག་མར་གནས་པ་
ཟེར། གློ་བུར་བ་ནི་གྲོང་ཁྱེར་བདག་ཏུ་བཟུང་ཡང་། གནས་པར་མི་སེམས་ནས་ཡུལ་
ཕྱོགས་ཀྱི་གྲོང་ཁྱེར་ནས་ཡུལ་ཕྱོགས་ཀྱི་གྲོང་ཁྱེར་གང་རྙེད་དུ་རྒྱུ་ཞིང་ཟླ་བ་ཡ་ཟུང་ངམ།
ཟླ་བ་གཅིག་གམ། ཞག་ཡ་ཟུང་རེའི་བར་ཙམ་གྲོང་ཁྱེར་ལ་གནས་ཤིང་ཡམས་ནད་དང་ལོ་
ནད་ལ་སོགས་པའི་ཉེས་པ་སྣ་ཚོགས་པ་གཏོང་བར་བྱེད་པའི་འབྱུང་པོ་དུས་དང་རྣམ་པ་
ཐམས་ཅད་ཀུན་ཏུ་རྒྱུ་བ་ཞིག་ཡོད་དོ། །དེ་ལ་ནི་གློ་བུར་དུ་ལྷགས་པའི་གྲོང་བདག་ཟེར་བ་
ཡིན་པས། དེ་རྣམས་ཀྱི་དབྱེ་བ་དེ་ལྟར་དུ་ཤེས་པར་གྱིས་ལ་གཞན་ཕན་སེམས་དང་མ་བྲལ་
བའི་ངང་ནས་ལུས་ཀྱི་མཆོད་སྦྱིན་ལ་འབད་རྩོལ་དུ་མ་སྐྱོལ་ཅིག་བུ་སློབ་ཀུན། ཞེས་
གསུངས། ཡང་ཆོས་ཀྱི་སེང་གེས་ཞེས་པ། མ་ཅིག་ལགས། སྤྱིར་གཅན་གཟན་དང་གཅན་
གཟན་གྱི་པགས་པའི་སྐྱོན་དང་ཡོན་ཏན་དང་། ས་བདག་ལ་སོགས་པའི་དབྱེ་བ་གསུངས་
པ་ངོ་མཚར་ཆེ་ལེགས་སོ། །
རང་རེའི་ཆོས་ལུགས་ལ་མཆོད་སྦྱིན་གྱི་རྩ་བ་རང་ལུས་ལ་བྱེད་པར་གསུངས་པས།
རང་ལུས་ལ་མཆོད་སྦྱིན་བྱེད་པའི་ཚུལ་རྒྱས་པར་གསུངས་པ་ལགས་མོད་ཀྱང་། ད་དུང་
ལུས་ཀྱི་མཆོད་སྦྱིན་བྱེད་པའི་ཚེ་རང་ལུས་འདོམ་གང་ལ་གསུངས་པ་ལས། དེ་བས་ཆེ་རུ་
བསྐྱེད་ན་ཅི་ཙམ་དུ་བཏུབ། འདོམ་པ་གང་ལས་ཆུང་རུང་ངམ། ཆུང་ངུ་བྱེད་པའི་སྐབས་
ཡོད་དམ། གྲངས་ཀྱི་ཁྱད་པར་ཡོད་དམ། གྲངས་མང་བའི་ཚད་གཅིག་ནས་དུ་མའི་བར་དུ་
དགོས་པ་དང་། ལས་བྱེད་པའི་མཁའ་འགྲོ་མ་འབུམ་སྡེ་གསུངས་པའི་ཚུལ་ཇི་ལྟར་ལགས་
181
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
པ་དང་། གཉེན་དམིགས་སྐོར་ནི་དཔག་ཚད་ལྔ་བརྒྱ་གསུངས་པ་ལས། དཔག་ཚད་ལྔ་བརྒྱ་
ལས་རྒྱ་ཆེ་བར་དམིགས་ན་འོང་ངམ། དཔག་ཚད་ལྔ་བརྒྱ་ལས་ཆུང་ངུ་དམིགས་ན་རུང་བ་
ལགས་སམ། དེ་རྣམས་ལ་ངེད་ཅག་གིས་ད་རུང་བློ་ལ་བྱ་རུང་བ་མ་རྙེད་པས་ལེགས་པ་
ཞིག་གསུངས་ན་ལེགས་སོ། །ཞེས་ཞུས་པས། མ་ཅིག་གི་ཞལ་ནས། བུ་སྐལ་བ་དང་ལྡན་
པ་རྣམས་ཉོན་དང་། ལུས་ཆེར་བསྐྱེད་པ་དང་གྲངས་ཀྱི་ཚད་ནི་འདི་ལྟར་ཡིན་ཏེ། ལུས་
འདོམ་པ་གང་ལས་འདོམ་པ་ལྔ་བརྒྱའི་ཚད་དང་ལྡན་པ་ཆེར་བསྐྱེད་དོ། །རོའ་ིགྲངས་ཀྱང་
འདོམ་པ་ལྔ་བརྒྱ་པའི་རོ་ལྔ་བརྒྱའི་གྲངས་དང་ལྡན་པར་དམིགས་སོ། །
དེ་ཡང་རོ་ལྔ་བརྒྱ་ལ་ལས་བྱེད་མཁའ་འགྲོ་མ་འབུམ་སྡེ་བསྐྱེད་པའི་ཚུལ་ནི། རོ་རེ་
རེ་ལས་མཁའ་འགྲོའ་ིགཙོ་མོ་བཅུ་བཅུ་རེར་བསྐྱེད་དེ། གཙོ་མོ་བཅུ་བཅུ་རེ་རེ་ལ་རང་དང་
འདྲ་བའི་མཁའ་འགྲོ་འཁོར་ཁྲི་ཕྲག་རེ་རེས་བསྐོར་བར་དམིགས་པས། རོ་ལྔ་བརྒྱ་བོ་རེ་རེ་
ལའང་མཁའ་འགྲོ་མ་འབུམ་སྡེ་རེ་རེར་གྱུར་པ་ཡིན་པས། མཁའ་འགྲོ་མ་འབུམ་སྡེ་ལ་ལྔ་
བརྒྱའི་གྲངས་དང་མཉམ་པ་ཡིན། དེ་ཡང་རོ་རེ་རེ་ལ་ཡང་ལས་བྱེད་མཁའ་འགྲོ་མ་འབུམ་
ཕྲག་རེ་རེས་བསྐོར་བ་བཞིན་ཚན་པ་རེ་རེ་བཞིན་གྱིས་མདུན་གྱི་ནམ་མཁར་མཆོད་ཡུལ་གྱི་
མགྲོན་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་ལྷ་ཚོགས། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་བྱང་
སེམས་དཔའ་བོ་དཔའ་མོ་མཁའ་འགྲོ་དཔལ་མགོན་སྲུང་མ་དང་བཅས་པ་རེ་རེ་དམིགས་
ཤིང་། ལས་བྱེད་འབུམ་སྡེའི་མཐའ་སྐོར་དུ་སྦྱིན་གནས་ཀྱི་མགྲོན་ལན་ཆགས་པ་དང་།
རིགས་དྲུག་དང་། གཞི་བདག་དང་ཀླུ་དང་། གདུག་པ་ཅན་དམར་འགྱེད་ཀྱི་མགྲོན་དང་།
དེ་རྣམས་ལ་ཡང་འབུམ་ཕྲག་རེ་རེའི་གྲངས་དང་བཅས་པ་དམིགས་ལ། མཆོད་སྦྱིན་རང་
རང་གི་གནས་སྐབས་ནས་བཤད་པ་བཞིན་བྱེད་པ་དང་བཅས་པ་ནི་ལུས་ཆེར་བསྐྱེད་པའི་
ཚད་དང་། གྲངས་ཀྱི་ཚད་དང་། ལས་བྱེད་འབུམ་སྡེ་དམིགས་པའི་ཚུལ་དང་། དེའི་མཆོད་
ཡུལ་དང་། སྦྱིན་གནས་ཀྱི་མགྲོན་བསྐྱེད་ཚུལ་དང་བཅས་པ་དེ་རྣམས་ནི་ངེས་པར་དུ་དོན་
182
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
གནས་ལ་དབབ་པའི་ཚད་ངེས་པ་ཅན་དུ་ཡིན་པས་མ་བརྗེད་པར་བྱ་དགོས་མོད་བུ་སློབ་
ཀུན། འོན་ཀྱང་དབང་པོ་ཡང་རབ་ཀྱིས་དེ་བས་ལྷག་པ་བསྐྱེད་ནུས་ན། རོ་རེ་རེ་ཡང་དཔག་
ཚད་ལྔ་བརྒྱའི་ཚད་དང་ལྡན་པ་ཆེར་བསྐྱེད་པའི་རོས་སྟོང་གསུམ་གྱི་སྟོང་ཆེན་པོ་ཐམས་
ཅད་གང་བར་དམིགས་ཏེ། རོ་རེ་རེ་བཞིན་ལས་བྱེད་འབུམ་སྡེ་དང་། མཆོད་སྦྱིན་མགྲོན་
བསྐྱེད་ཚུལ་རྣམས་སྔོན་དུ་བཤད་པ་དང་འདྲ་བ་དབང་པོ་རབ་ཀྱི་ལུགས་སོ། །
ཡང་དབང་པོ་རྟུལ་བོ་རྨོངས་པ་བློ་ཆུང་རྣམས་ཀྱིས་རོ་འདོམ་པ་ལྔ་བརྒྱ་བ་གཅིག་
ལས་ལས་བྱེད་མཁའ་འགྲོ་འབུམ་སྡེ་གཅིག་དང་། མཆོད་སྦྱིན་གྱི་མགྲོན་ཀྱང་དེ་དང་འདྲ་
བར་བསྐྱེད་པ་ནི་དབང་པོ་ཐ་མའི་ལུགས་ཡིན་ལ། དེ་ལྟར་རོ་ཆེ་ཆུང་དང་མང་ཉུང་གི་ཚད་
གང་དུ་དམིགས་ཀྱང་རོ་རུལ་བ་དང་། རློན་པ་དང་། བམ་པ་དང་། མདོག་ངན་པ་དང་།
བཀྲག་མེད་པ་དང་། རྡུལ་ཕོག་པ་དང་། སྐམ་ཞིང་རིད་པ་རྣམས་ནི་དམིགས་སུ་མི་རུང་ལ།
རོ་གཞོན་པ་ལང་ཚོ་བཀྲག་མདངས་དང་ལྡན་པ་སྔར་དམར་འགྱེད་ཀྱི་སྐབས་སུ་བཤད་པ་
ལྟར་དམིགས་པར་བྱའོ། །གཉེན་སྐོར་གྱི་དཔག་ཚད་ལྔ་བརྒྱ་བ་ཡིན་པར་ངེས་པ་ཅན་ཡིན་
མོད་ཀྱང་། དབང་པོ་རབ་འབྲིང་ཐ་གསུམ་གྱི་ཁྱད་པར་སྟོང་གསུམ་ཙམ་དམིགས་པས་
འཆུན་པའམ། གླིང་བཞི་རི་རབ་ལྕགས་རི་དང་བཅས་པའམ། གླིང་གཅིག་པའམ། རྒྱ་གར་
རྒྱ་ནག་བལ་བོ་བོད་ཁམས་ལ་སོགས་པའི་ཡུལ་ཆེན་པོ་རེ་རེ་ཙམ་པའམ། ཡུལ་ཆེན་པོ་
རྣམས་ཀྱི་ནང་དུ་སོ་སོར་དམིགས་པས་བཅད་པའི་ཡུལ་ཕྲན་རེ་རེ་བའམ། ཡུལ་ཕྲན་རེ་
རེའི་ནང་ཚན་ཡུལ་ཕྱོགས་རེ་རེ་བའམ། ལུང་བའི་ཁོག་པ་རེ་རེ་བའམ། ཡང་ན་མིག་རྒྱང་
གང་ངམ། ནམ་མཁའ་དང་ས་གཞི་གདུགས་ལྟར་ཡོད་པའི་བར་དང་། ཐ་ན་དཔག་ཚད་ལྔ་
བརྒྱའི་བར་ལ་རང་རང་གི་བློ་ལ་རན་པ་གང་ལྟར་བྱས་ཀྱང་མི་འཐད་པ་ཆེན་པོ་ཙམ་ནི་མེད་
ཅིང་། དེ་ལྟར་གཉེན་སྐོར་ཆེ་ཆུང་གི་རིམ་པ་རྣམས་གང་ཟག་རང་གི་ཡིད་ལ་རན་པ་ཙམ་
གྱིས་གཅོད་པར་བྱེད་པ་འཐད་མོད། འོན་ཀྱང་དཔག་ཚད་ལྔ་བརྒྱ་བ་ནི་ཁྱད་པར་དུ་དགོས་
183
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
པས་དེ་ལྟར་དུ་ཤེས་པར་གྱིས་ཤིག་བུ་སློབ་ཀུན། དེ་ལྟར་གཉེན་སྐོར་དཔག་ཚད་ལྔ་བརྒྱ་བ་
དང་། རོ་ཆེར་བསྐྱེད་པར་རང་རང་གི་འདོམ་པ་ལྔ་བརྒྱ་བ་དང་། གྲངས་ཀྱི་ཚད་ལྔ་བརྒྱ་བ་
དང་། རོ་རེ་རེ་ལ་ལྷ་མོ་ཉིས་བརྒྱ་རེ་རེ་སྟེ། ལས་བྱེད་མཁའ་འགྲོ་འབུམ་སྡེ་གཅིག་དང་།
དེ་རེ་རེ་ལའང་མཆོད་ཡུལ་གྱི་ལྷ་དང་། སྦྱིན་གནས་ཀྱི་མགྲོན་ཚན་པ་རེ་རེ་སོ་སོར་བསྐྱེད་
པ་དང་། དེ་ལ་ཡིད་མ་གཡེངས་པར་དྲན་ཤེས་དང་འགྲོགས་པའི་དམིགས་པ་ཤིན་ཏུ་
གསལ་བར་བསྒྲིམས་ཏེ། ལུས་སེམས་རང་བཞིན་དུ་ལྷོད་ཅིང་ཞི་དུལ་དང་ལྡན་པས་རང་
བཞིན་གྲུབ་པ་མེད་པའི་སྟོང་ཉིད་ལ་སྙིང་རྗེའི་སྙིང་པོ་ཅན་གྱི་ལྷག་བསམ་གྱི་རྩི་དང་མི་
འབྲལ་བར་བྱས་ནས། ཉིན་ཞག་ཕྲུག་གཅིག་ལ་ཐུན་བརྒྱད་དམ། དྲུག་ངེས་པར་དུ་དགོས་
ལ་ཐ་མ་ཡང་བཞིར་བྱེད་པའི་བརྩོན་འགྲུས་དྲག་པོའ་ིགོ་ཆ་གྱོན་པས། ལྷོང་དང་། ཆོ་
འཕྲུལ་དང་ཚར་ཚད་དང་ཆོད་ཚད་དང་བཅས་པ་ལེགས་པར་འོང་བས་ངེས་པར་དེ་ལྟར་
ཤེས་པར་གྱིས་ལ་དང་དུ་ལོངས་ཤིག་གསུངས། ཡང་ཆོས་ཀྱི་སེང་གེས། མ་ཅིག་ལགས།
ལུས་ཀྱི་ཚད་དང་། གྲངས་དང་། ལས་བྱེད་འབུམ་སྡེ་དང་། གཉེན་སྐོར་དང་མཆོད་སྦྱིན་
མགྲོན་དང་བཅས་པའི་བྱེད་ལས་རྣམས་ལེགས་པར་གསུངས་པ་ངོ་མཚར་ཆེ་བ་ལགས་
སོ༑ ༑ད་དུང་ཞུ་བ་ལགས་པས། ལྷོང་དང་ཆོ་འཕྲུལ་གསུངས་པ་གཅིག་གམ། གཉིས་ཡིན་
ན་དེའི་ས་མཚམས་གང་ལགས། ཚར་ཚད་དང་། ཆོད་ཚད་གསུངས་པ་ཡང་གཅིག་གམ།
གཉིས་སུ་ཡོད་པ་དེའི་ཚུལ་གང་ལྟར་ལགས་གསུང་དུ་གསོལ། ཞེས་ཞུས་པས། མ་ཅིག་གི་
ཞལ་ནས་བུ་ཉོན་དང་། ལྷོང་དང་ཆོ་འཕྲུལ་གཅིག་མ་ཡིན་གཉིས་ཡིན་ཅིང་། ཚར་ཚད་དང་
ཆོད་ཚད་ཀྱང་གཅིག་མ་ཡིན་གཉིས་ཡིན་པ་ནི། དང་པོ་ལྷོང་ཚད་དང་། དེ་ནས་ཆོ་འཕྲུལ།
དེ་ནས་ཚར་ཚད། དེ་ནས་ཆོད་ཚད་ཀྱི་རྟགས་འོང་བས་གོ་རིམ་གྱི་ཁྱད་པར་ལ་སོགས་པ་
ལུགས་འབྱུང་ངེས་པ་ཅན་དུ་ཡིན་ནོ། །
དེ་ཡང་དང་པོ་རྣལ་འབྱོར་པ་རང་ཉིད་ཀྱི་ཕུང་པོ་གཟན་དུ་བསྐྱུར་བ་དང་། གཉན་
184
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
ཁྲོད་བསྟེན་པ་དང་གཉིས་ཀྱི་ལོགས་སུ་འདུས་པ་ཉམས་སུ་ལེན་བྱའི་གནད་རྣམས་ཀུན་
རྫོབ་དང་དོན་དམ་གཉིས་ཟུང་འཇུག་གི་ཚུལ་གྱིས་མན་ངག་གི་སྐོར་རྣམས་ཁོང་དུ་ཆུད་
པར་བྱས་ཤིང་། གཉན་ཁྲོད་ཉམས་དགའ་བ་ཡིད་དུ་འོང་བའི་གནས་སམ། ཡང་ན་སའི་
དམིགས་སམ། གཉན་དམིགས་སམ། གནད་དམིགས་སམ། གང་དུ་འདུག་ཀྱང་ཞི་བ་དང་།
རྒྱས་པ་དང་། དབང་དང་། དྲག་པོ་དང་། ཤིན་ཏུ་དྲག་པོ་ལ་སོགས་པའི་དམིགས་པ་གང་
གི་སྒོར་འཇུག་ཀྱང་གཞན་ཕན་གྱི་བསམ་པ་རྩེ་གཅིག་པ་དང་། སྟོང་པ་ཉིད་དང་སྙིང་རྗེ་
དབྱེར་མེད་པའི་ཀུན་སློང་གཞིར་བཞག་ནས། ཞི་བ་ལ་སོགས་པ་གང་གཙོ་བོར་བྱེད་པའི་
ཏིང་ངེ་འཛིན་གྱིས་གཟིར་བས། གཉན་ཁྲོད་དེ་ཉིད་དུ་གནས་པའི་འབྱུང་པོ་དེ་དག་གིས་
རྣལ་འབྱོར་པའི་ཆོས་ཉིད་ཀྱི་ནུས་པའི་གཟི་བརྗིད་མ་བཟོད་ནས་འབྱུང་པོ་དེ་དག་འཁྲུགས་
ཏེ་རྣལ་འབྱོར་པའི་ཉམས་ལེན་ལ་བར་ཆོད་རྩོམ་པའི་ཕྱིར་དུ། འབྱུང་པོ་དེ་ཉིད་ཀྱིས་རང་
རང་གི་སྐོར་གང་ཡོད་པ་དང་། གཞན་ཟླ་བོ་གཞན་དང་བཅས་པ་བསྐུལ་ཞིང་གཟེངས་ནས་
ཐམས་ཅད་སྡུད་པར་བྱེད་དོ། །དེའི་ཚེ་རྣལ་འབྱོར་པའི་ལུས་སེམས་ཅུང་ཟད་མི་བདེ་བ་
སྣང་བ་བན་བུན་ཟང་ཟིང་ལྟར་འབྱུང་ངོ་། །དེ་ལ་དང་པོ་ལྷོང་ཟེར་བ་ཡིན་ནོ། །
དེ་ནས་འབྱུང་པོ་དེ་དག་གིས་ཐམས་ཅད་བསྡུས་པས་ཐམས་ཅད་འདུས་ནས་རང་
རང་རྣམས་ལ་ནུས་སྟོབས་གང་ཡོད་ཀྱི་སྒོ་ནས་སྤྲུལ་པ་མི་འདྲ་བ་སྣ་ཚོགས་པ་སྟོན་པ་དང་།
རྣལ་འབྱོར་པའི་ཏིང་ངེ་འཛིན་ལ་བར་ཆད་ལ་སོགས་པའི་ཉེས་པ་སྣ་ཚོགས་པ་གཏོང་བར་
བྱེད་དོ། །དེའི་ཚེ་རྣལ་འབྱོར་པ་ལ་དངོས་སུའམ། ཉམས་སྣང་ངམ། གཟི་བྱིན་ནམ། རྨི་
ལམ་མམ་བཞིའི་སྒོ་ནས་ལྟས་མི་སྡུག་པ་སྣ་ཚོགས་པ་འོང་བ་ལ་ནི་ཆོ་འཕྲུལ་ཟེར་བ་ཡིན་
ནོ༑ ༑དེ་ནས་འབྱུང་པོ་དེ་དག་གིས་ཆོ་འཕྲུལ་གྱི་བྱེ་བྲག་སྣ་ཚོགས་པ་བསྟན་ཀྱང་། རྣལ་
འབྱོར་པ་ལ་གླགས་མ་རྙེད་ཅིང་། ཆོས་ཉིད་ཀྱི་ནུས་པ་མ་བཟོད་པས་འབྱུང་པོ་དེ་དག་གི་
ནུས་པའི་དཔའ་བཀོང་ནས། རྣལ་འབྱོར་པ་ལ་བབས་ཏེ། བཀའ་གཉན་གསུང་ལ་བསྟོད་
185
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
ཅིང་ཇི་ལྟར་འབོག་པ་བཞིན་བྱས་ནས། འཇིག་རྟེན་གྱི་དངོས་གྲུབ་འདོད་ཡོན་ཕྲན་ཚེགས་
རྣམས་སྒྲུབ་ཅིང་བྲན་བཞིན་དུ་བྱེད་དོ། །དེའི་ཚེ་རྣལ་འབྱོར་པ་ལ་ཡོན་ཏན་སྐྱེས་པའི་སྔ་
ལྟས་ཀྱི་རྟགས་བཟང་པོ་མི་འདྲ་བ་སྣ་ཚོགས་པ་ཉམས་དགའ་བ་ཞིག་འབྱུང་ངོ་། །དེ་ལ་
ཚར་ཚད་ཟེར་བ་ཡིན། དེ་ནས་འབྱུང་པོ་དེ་དག་གི་དཔའ་ཆག་ཅིང་ངར་ཞི་ནས་གདུག་
སེམས་ཉམས་ཏེ་རྣལ་འབྱོར་པའི་བཀའ་ལ་ཉན་ཅིང་། དེ་ཕྱིན་ཆད་གཞན་ལ་གནོད་པ་མི་
བྱེད་པར་དམ་བཅས་ཤིང་། ཆོས་སྒྲུབ་པ་པོ་རྣམས་ཀྱི་གྲོགས་བྱེད་ཅིང་། ཐར་བའི་ལམ་ལ་
འཇུག་ཅིང་། དགེ་བའི་ལས་ལ་བརྩོན་པ་དང་། དཀར་ཕྱོགས་ངེས་པར་སྐྱོང་བའི་སྟོབས་
ཀྱིས་འབྱུང་པོ་དེ་དག་ཐར་ལམ་བྱང་ཆུབ་ཀྱི་ས་ཐོབ་པའི་རྟགས་རྣམས་ངེས་པར་རྣལ་
འབྱོར་པ་ལ་འོང་ཞིང་། དེའི་ཚེ་རྣལ་འབྱོར་པ་རང་ཉིད་ལ་ཡང་བཟང་ངན་གྱི་རྟོག་པ་ལ་
སོགས་པའི་སྙེམས་ཤོར་བའི་སེམས་ཀྱི་ཁུ་འཕྲིག་ཐམས་ཅད་རྩ་ནས་བཅད་ཅིང་། བདག་
མེད་གནས་ལུགས་ཀྱི་དོན་ཆོས་ཉིད་བདེན་པའི་ལྟ་བ་རྣམ་དག་མངོན་དུ་གྱུར་ནས་འོང་
བས་རང་དོན་འགྲུབ་ཅིང་། གཞན་གནས་བདག་འབྱུང་པོ་འཁོར་དང་བཅས་པ་གཙོ་བོར་
བྱེད་པའི་སེམས་ཅན་དུ་མ་ཞིག་ཐར་བའི་གོ་འཕང་ལ་འགོད་པའི་ནུས་པ་ཕུན་སུམ་ཚོགས་
པ་དང་ལྡན་པ་ཡིན་ནོ། །དེ་ལ་ཆོད་ཚད་ཟེར་བ་ཡིན་ནོ། །དེ་ལྟར་ལྷོང་དང་ཆོ་འཕྲུལ་དང་
ཚར་ཚད་དང་། ཆོད་ཚད་བཞི་གོ་མ་ལོག་པར་རིམ་པ་བཞིན་དུ་འོང་དགོས་པ་ངེས་པ་ཅན་
དུ་ཡིན་ཡང་། གང་ཟག་ནུས་པ་ཆེ་ཆུང་གི་ཁྱད་པར་དང་། བརྩོན་འགྲུས་ཆེ་ཆུང་དང་།
དམིགས་པ་གཅུན་ཤེས་མི་ཤེས་དང་། དམིགས་པ་ཟིན་མི་ཟིན་དང་། དམིགས་པ་གསལ་
མི་གསལ་དང་། དམིགས་པ་དྲག་ཞན་དང་། གང་དང་གང་གི་དམིགས་པའི་རྣམ་པ་ཕྱེད་མི་
ཕྱེད་དང་། སྤྱིར་མན་ངག་གི་གཅུན་ཐབས་ཤེས་མི་ཤེས་དང་། གོ་མ་གོ་དང་། དམིགས་
པའི་ཞི་དྲག་གི་ཁྱད་པར་དང་། ནད་རྐྱེན་ཡོད་མེད་ཀྱི་ཁྱད་པར་དང་། སྒྲིབ་པ་ཆེ་ཆུང་དང་།
སྔོན་བསགས་སྦྱངས་པ་ཆེ་ཆུང་དང་། སྙིང་ཁམས་ཆེ་ཆུང་དང་། དབང་པོ་རབ་འབྲིང་ཐ་
186
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
མའི་ཁྱད་པར་ལ་སོགས་པ་མི་འདྲ་བའི་རིགས་སྣ་ཚོགས་པ་དང་། གྲངས་དུ་མ་ཞིག་ཡོད་
པའི་དོན་གྱིས། ལྷོང་སོགས་བཞི་པོ་གོ་རིམ་བཞིན་འོང་བ་ནི་དཀའ་ལ། ལྷོང་སོགས་བཞི་
པོ་མི་འཚམ་པར་འདི་འདྲ་འོང་བ་ཡོད་དེ། མ་ལྷོང་བར་ཆོ་འཕྲུལ་འབྱུང་བ་ཡང་ཡོད། ཚར་
ཚད་མ་བྱུང་བར་ཆོད་པ་འབྱུང་བ་ཡང་ཡོད། ཚར་ལྷོང་མི་འོང་བས་ཆོ་འཕྲུལ་དང་ཆོད་པ་
གཉིས་འོང་བ་ཡང་ཡོད། ཚར་ལྷོང་གཉིས་འོངས་ནས་ཆོ་འཕྲུལ་དང་ཆོད་ཚད་གཉིས་མི་
འོང་བ་ཡང་ཡོད། ལྷོང་དང་ཆོ་འཕྲུལ་གཉིས་པོ་མ་འོངས་ནས་ཚར་ཚད་དང་ཆོད་ཚད་
གཉིས་འོང་བ་ཡང་ཡོད། ཚར་ཚད་དང་ཆོད་ཚད་གཉིས་མ་འོངས་ནས། ལྷོང་ཚད་དང་ཆོ་
འཕྲུལ་གཉིས་ཁོ་ན་འོང་བ་ཡང་ཡོད། ཚར་ཆོད་མ་འོངས་ནས་ལྷོང་དང་ཆོ་འཕྲུལ་གཉིས་
འོང་བའི་དུས་ཀྱང་ཡོད། ལྷོང་སོགས་རེ་རེ་འོངས་ནས་གསུམ་པོ་མི་འོང་བའི་དུས་ཀྱང་
ཡོད། ལྷོང་སོགས་བཞི་ག་དུས་གཅིག་ལ་རྫོགས་པ་ཡང་ཡོད། ཞག་གཅིག་ནས་བཞི་ག་
རྫོགས་པ་དང་། ཞག་གསུམ་བར་དུ་དང་། ཞག་ལྔའི་བར་དང་། བདུན་དང་། བཅུ་བཞི་
དང་། ཉེར་གཅིག་དང་། ཟླ་བ་གཅིག་དང་། ཟླ་བ་གཉིས་ནས་ལོ་གཅིག་གི་བར་དང་། ལོ་
གཅིག་ནས་ལོ་དྲུག་ཅུའམ། མི་ཚེ་གཅིག་གི་བར་དུ་ལྷོང་ནས་ཆོད་པའི་བར་བཞི་པ་མི་
རྫོགས་པའི་རིགས་ཀྱང་ཡོད་པས། དེ་ལྟར་ཚར་ལྷོང་སོགས་བཞི་པོའ་ིགོ་རིམ་མི་འདྲ་བ་སྣ་
ཚོགས་པ་འོང་བ་ནི་གང་ཟག་གི་ཁྱད་པར་ཡིན་པ་དང་། གནས་བདག་ཞི་དྲག་གི་ཁྱད་པར་
ཅུང་ཟད་ཀྱང་ཡིན་ཏེ། འོན་ཀྱང་གང་ཟག་བློ་དུལ་ཞིང་ཐར་བ་དོན་དུ་གཉེར་ངོས་ནས་ཚེ་
འདི་བློས་གཏོང་ནུས་པ་ངའི་ཆོས་ལུགས་ལ་ཁྱད་པར་དུ་དད་ཅིང་ཆོས་ཐམས་ཅད་ཁོང་
དུ་ཆུད་པར་བསམ་ལ། མན་ངག་ཐམས་ཅད་གཅུན་ཐབས་དང་གོ་རིམ་ལ་མཁས་པར་
བྱས་ནས། ལེགས་པོར་ཉམས་སུ་བླངས་ན་ལྷོང་སོགས་བཞི་པོ་གོ་རིམ་བཞིན་འོང་བར་
ངེས་སོ། །
དེ་ཡང་ཆོད་ཚད་ཅེས་པ་ནི་ཕྱིའི་ཡུལ་སྣང་ཐམས་ཅད་བདེན་པར་གྲུབ་པ་མེད་པར་
187
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
ཤེས་ཤིང་མི་རྟག་པ་མི་བརྟན་པར་གོ་ཞིང་བདེན་མེད་དུ་རྟོགས་ནས། ཡུལ་སྣང་གྲུབ་པ་
མེད་པར་རང་བཞིན་གྱིས་སྟོང་བའི་གཟུགས་བརྙན་དུ་ཤར་ནས་འོང་བ་དེ་ཕྱི་ཡུལ་སྣང་གི་
ཆོད་ཚད་ཡིན་ནོ། །
ནང་བདག་འཛིན་གྱི་རྩ་བ་རྩད་ནས་ཆོད་ཅིང་བདག་མེད་གནས་ལུགས་སྟོང་པའི་
དོན་མངོན་དུ་གྱུར་ནས། རང་བཞིན་སྟོང་པའི་གཟུགས་བརྙན་དུ་ཤར་བའི་སྐྱེས་བུ་ཡིན་
པར་ཤེས་ཤིང་། བདེན་མེད་སྒྱུ་མ་ལྟ་བུའི་དོན་མངོན་དུ་གྱུར་པའི་ནང་གི་ཆོད་ཚད་དང་དེ་
གཉིས་ཡུལ་ཡུལ་ཅན་སོ་སོར་སྣང་བ་ཡང་རང་བཞིན་གྲུབ་པ་མེད་པ་ཞེས་དོན་དམ་པའི་
སྟེང་དུ་རོ་གཅིག་པ་དབྱེར་མེད་ཆུ་ཟླ་ལྟ་བུར་ཤེས་ཤིང་། དེ་ལ་མངའ་བརྙེས་པ་ནི་ཕྱི་ནང་
དབྱེར་མེད་ཟུང་འཇུག་གི་ཆོད་ཚད་ཡིན་པ་དང་། དེ་བཞིན་དུ་རྣལ་འབྱོར་པའི་ཆོས་ཉིད་ཀྱི་
ནུས་པའི་སྟོབས་ཀྱིས། ཕྱི་གཉན་སའི་ལྷ་འདྲེའི་གདུག་སེམས་ཞི་ནས་དུལ་བར་གྱུར་ཏེ།
རང་ཉིད་ཀྱི་འཁོར་དུ་གྱུར་ནས་ཐར་བའི་ལམ་ལ་འཛུད་ཅིང་། བླ་ན་མེད་པའི་གོ་འཕང་ལ་
བཀོད་ནས་འཁོར་བར་སྐྱེ་བའི་རྒྱུན་གཅོད་པར་བྱེད་པ་ནི། སྙེམས་བྱ་ཡུལ་གཉན་སའི་ལྷ་
འདྲེ་ཆོད་པའི་ཚད་ཡིན། ནང་གང་ཟག་གི་སྙེམས་བྱེད་བཟང་རྟོགས་ངན་རྟོགས་ཡིད་བྱ་
ཡིད་བྱེད་ལ་སོགས་པ་བློས་བྱས་ཀྱི་སྤྲོས་པ་ཐམས་ཅད་རང་སར་ཆོད་ནས། སྤྲོས་བྲལ་བྱར་
མེད་བློ་འདས་ཆོས་ཉིད་ཀྱི་དོན་མངོན་སུམ་དུ་གྱུར་ནས། མ་རིག་ཉོན་མོངས་དུག་ལྔ་དག་
ནས་རིག་པ་ཡེ་ཤེས་ལྔ་རབ་ཏུ་རྒྱས་པའི་འོད་ཟེར་གྱིས་གདུལ་བྱར་གྱུར་པའི་འགྲོ་བ་
རྣམས་ཀྱི་རྨོངས་པའི་མུན་པ་བསལ་ནས་འགྲོ་བའི་དོན་མཐའ་ཡས་པ་འབྱུང་བར་
འགྱུར་རོ། །དེ་ཙམ་ན་བདུད་ཐམས་ཅད་དཔལ་དུ་ཤར། བར་ཆད་ཐམས་ཅད་ཡོན་ཏན་གྱི་
བོགས་འདོན་དུ་འགྱུར། རྐྱེན་ངན་པ་ཐམས་ཅད་འདོད་དོན་ཕུན་སུམ་ཚོགས་པ་དངོས་
གྲུབ་ཀྱི་གྲོགས་སུ་འགྱུར་བ་ཡིན་པ་ནི། རིན་པོ་ཆེའི་གླིང་ན་རྡོ་མེད་པ་ཡིན་པས་དེ་བཞིན་
དུ་གང་ཟག་དེ་དག་གི་སེམས་ལ་དྲན་ཚད་དང་། ངག་ནས་སྨྲས་ཚད་དང་། ལུས་ཀྱི་སྒོ་ནས་
188
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
བྱ་བ་བྱས་ཚད་ཐམས་ཅད་སེམས་ཅན་གྱི་དོན་བྱེད་པ་ཁོ་ནའི་རྒྱུར་འགྱུར་ཞིང་། འགྲོ་བའི་
རེ་འདོད་སྐོང་བ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་ཞིག་དགོས་པ་ཡིན། དེ་ལ་ནང་གི་སྙེམས་བྱེད་
གང་ཟག་གི་ཆོད་ཚད་ཟེར། དེ་ཡང་སྙེམས་བྱ་གདུལ་རྒྱུའི་ལྷ་འདྲེ་ཞེས་པ་གཞི་གདོད་མ་
ནས་གྲུབ་པ་མེད་པ་ཁ་རང་གི་ངོ་བོས་སྟོང་བ་དང་། སྙེམས་བྱེད་གང་ཟག་རང་ཉིད་ཀྱང་
གཞི་གདོད་མ་ནས་གྲུབ་པ་མེད་པ་གང་ཟག་གི་ངོ་བོས་སྟོང་པ་དང་གཉིས་རང་བཞིན་གྱིས་
སྟོང་པ་ཞེས་དོན་དམ་བདེན་པའི་སྟེང་དུ་རོ་གཅིག་པས་དབྱེར་མེད་ལྷན་སྐྱེས་སུ་གནས་
ཀྱང་། ཀུན་རྫོབ་ཀྱི་ཆ་ལྟར་སྣང་བ་ཙམ་དུ་མ་འདྲེས་པ་སོ་སོར་སྣང་ཡང་དེ་བཞིན་དུ་ཡོད་
པ་མ་ཡིན་པས། གཅིག་དང་གཞན་ལའང་མ་ཡིན་ཞིང་། དེའི་དངོས་པོ་ཀུན་རང་བཞིན་
དབྱེར་མི་ཕྱེད་པ་མེ་ལོང་དང་གཟུགས་བརྙན་ལྟ་བུར་ཤེས་ཤིང་། དེ་ལྟ་བུའི་དོན་ལ་རང་
དབང་ཐོབ་པར་གྱུར་པ་ལ་ནི་ཟུང་འཇུག་གི་ཆོད་ཚད་ཟེར་བ་ཡིན་ནོ། །
དེ་ལྟ་བུ་ཆོད་ཚད་ནི་གཅོད་མཁན་བརྒྱའི་ནང་ནས་གཅིག་ཙམ་ཡང་འབྱུང་བ་
དཀའ་ལ། གཅོད་མཁན་ཕལ་པ་ཐམས་ཅད་ལ་ཆོད་ཚད་དེ་མི་འབྱུང་ཞིང་། དང་པོ་ལྷོང་
ཡང་ངོས་ཟིན་པ་དཀའ་བས་ན། ལེ་ལོ་དང་རྣམ་གཡེང་གི་དབང་དུ་མ་སོང་བར་དྲན་ཤེས་
ཀྱི་བློ་དང་འགྲོགས་ནས་ཉམས་ལེན་གྱི་གནད་གཅུན་ཐབས་ལ་བརྩོན་པ་གལ་ཆེའོ། །ཆོ་
འཕྲུལ་དང་ཚར་ཚད་ནི་གང་ཟག་རང་རང་གི་བློ་དང་མཐུན་པ་ཙམ་རེ་གཅོད་པར་ཁས་
ལེན་ཚད་ཐམས་ཅད་ལ་འོང་སྟེ། ཡང་དག་པའི་ཆོ་འཕྲུལ་དང་། ཚར་ཚད་ཀྱི་བྱེ་བྲག་ཁྱད་
པར་ཅན་རྣམས་འབྱུང་བ་ཡང་དཀའ་བས། ཆོ་འཕྲུལ་ལའང་སོ་སོར་ཅིས་ཀྱང་ཕྱི་ནང་
གསང་བའི་ཁྱད་པར་རྣམས་སོ་སོར་རྫོགས་དགོས་པ་དང་། ཐུན་མོང་བ་སྤྱིའི་མཚན་མ་ལ་
ཡང་འབྱུང་བས། ཐུན་མོང་མ་ཡིན་པའི་མཚན་མ་ཡང་འབྱུང་། དེ་ལྟར་ཆོ་འཕྲུལ་གྱི་ཁྱད་
པར་རྣམས་ཀྱང་ཤེས་ཤིང་ངོས་ཟིན་དགོས་སོ། །ཚར་ཚད་ལའང་ཐུན་མོང་བ་དང་། ཐུན་
མོང་མ་ཡིན་པ་གཉིས་ཀྱི་ནང་ཚན་གྱི་ཁྱད་པར་དང་བཅས་པ་ཤེས་ཤིང་ངོས་ཟིན་པ་གལ་
189
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
ཆེའོ། །ལྷོང་དང་ཆོ་འཕྲུལ་ཚར་ཚད་ཆོད་ཚད་རྣམས་ཀྱི་མཚན་ཉིད་དེ་ལྟར་དུ་ཤེས་པར་
གྱིས་ལ་ཉམས་སུ་ལོངས་ཤིག་རིགས་ལྡན་བུ་སློབ་ཀུན་ཞེས་གསུངས་སོ། །ཡང་ཆོས་ཀྱི་
སེངྒེས་མ་ཅིག་ལགས། ཚར་ཚད་ལ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་གཉིས་ནང་ཚན་
དང་བཅས་པ་དང་། ཡོན་ཏན་སྐྱེ་བའི་སྔ་ལྟས་ཀྱི་རྟགས་བཟང་པོ་མི་འདྲ་བ་སྣ་ཚོགས་པ་
ཉམས་དགའ་བ་ཞིག་འབྱུང་གསུངས་པ་དེ་རྣམས་ཀྱི་མཚན་ཉིད་ཇི་ལྟར་ལགས། ཞེས་ཞུས་
པས། མ་ཅིག་གི་ཞལ་ནས། བུ་ཉོན་དང་ཚར་ཚད་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་
ཀྱི་རེ་རེ་ལ་ཡང་ལྔ་ལྔ་སྟེ། དང་པོ་ཐུན་མོང་ལ། ལྷ་འདྲེ་དབང་དུ་འདུས་པའི་ཚར་ཚད་དང་།
ལྷ་འདྲེ་དམ་ལ་བཏགས་པའི་ཚར་ཚད་དང་། ལྷ་འདྲེ་དངོས་གྲུབ་སྟེར་བའི་ཚར་ཚད་དང་།
རང་གི་ལུས་ཀྱི་ནད་བུད་པའི་ཚར་ཚད་དང་། གདོན་བུད་པའི་ཚར་ཚད་དང་ལྔའོ། །དེ་ལ་
དང་པོ་ལྷ་འདྲེ་དབང་དུ་འདུས་པའི་ཚར་ཚད་ནི། ལྷ་འདྲེ་དབང་དུ་བསྡུས་པའི་ཆོ་འཕྲུལ་གྱི་
དབལ་ཐམས་ཅད་ཆག་ནས་རང་ལ་བབ་སྟེ་རང་ཉིད་ལ་དད་ཅིང་གུས་པ་དང་བཅས་པས་
ཕྱག་འཚལ་བ་དང་། བཀུར་སྟི་རིམ་གྲོ་ཕུན་སུམ་ཚོགས་པ་ཕུལ་བ་དང་། ཞི་དུལ་དང་ལྡན་
པས་བློ་མོས་པའི་སྒོ་ནས་ཆོས་ཉན་པ་དང་། བརྩེ་ཞིང་གདུང་བའི་སེམས་ཀྱིས་ཅི་གསུང་
པའི་བཀའ་ལ་ཉན་པ་དང་། དགའ་སྤྲོ་དང་བཅས་པ་ཇི་ལྟར་བཅོལ་བའི་ལས་ཐམས་ཅད་
ཐོགས་པ་མེད་པར་བསྒྲུབ་པ་དང་། ཇི་སྲིད་སངས་རྒྱས་མ་ཐོབ་ཀྱི་བར་དུ་རང་ཉིད་ཀྱི་
འཁོར་དུ་གྱུར་ནས་བྲན་བཞིན་དུ་ཉན་པར་ཁས་ལེན་པར་བྱེད་པ་དང་། རང་ཉིད་ཆོས་ཀྱི་
རྒྱལ་པོར་གྱུར་ནས་མིའི་འགྲོ་བ་མང་པོ་ལ་ཆོས་འཆད་པ་དང་། རང་ཉིད་མི་ཡི་རྒྱལ་པོར་
གྱུར་ནས་མི་རྣམས་ལ་དབང་བསྒྱུར་ནས་དབང་དུ་སྡུད་ཅིང་། འཇིག་རྟེན་ཀུན་གྱི་ཁ་ལོ་
བསྒྱུར་བ་དང་། གཞན་ཡང་ཆུ་བོ་རྒྱ་མཚོ་རབ་ཏུ་འཁྲུགས་ནས་འཕྱུར་ཞིང་རྦ་རླབས་འཕྱོ་བ་
རྣམས་སླར་ལ་ཞི་ཞིང་དུལ་བའི་ཆུ་བོ་རྒྱ་མཚོ་དེ་དག་ལ་རང་ཉིད་འབོག་བརྒྱལ་བྱས་ཀྱང་
ཉམ་ང་བག་ཚ་མེད་པར་ཆུ་བོ་རྒྱ་མཚོ་ལ་རང་དབང་ཐོབ་པ་དང་། མེ་རི་ཤིན་ཏུ་འབར་ཞིང་
190
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
འཁྱིལ་ནས་ཆད་པའི་སྒྲ་དང་བཅས་པ་སླར་ལ་ཞི་ནས་འཇམ་པར་གྱུར་པ་དེ་ལ་རང་ཉིད་
མཆོང་གྲབས་བྱས་ཀྱང་ཉམ་ང་མེད་པར་མེ་ལ་དབང་ཐོབ་པ་དང་། བྲག་རི་དང་ངམ་གྲོག་
ཆེན་པོའ་ིགཡང་ས་ལ་བསྐྱུར་ཀྱང་རང་ཉིད་ཉམ་ང་མེད་པ་སླར་ཡང་མཆོང་རྩལ་བྱེད་ཅིང་
གཡང་ས་དེ་དག་ལ་རང་དབང་ཐོབ་པ་དང་། འཚུབ་མ་ཆེན་མོ་རབ་ཏུ་གཡོས་པས་ནམ་
མཁའ་བར་སྣང་ས་གཞི་ཐམས་ཅད་ཁེབས་པ་སླར་ལ་ཞི་ཞིང་དྭངས་ནས་ནམ་མཁའ་ས་
གཞི་བཀྲག་མདངས་དང་ལྡན་ཞིང་རབ་ཏུ་དྭངས་ཤིང་གསལ་བའི་ངར་དང་ལྡན་པའི་
སྟོབས་ཀྱིས། རང་ཉིད་ཉམས་དགའ་བ་ཤེས་པ་གསལ་ཞིང་རིག་པ་དྭངས་པའི་སྟོབས་རབ་
ཏུ་རྒྱས་པས། བ་དན་ཅན་ལ་དབང་ཐོབ་པ་དང་། གཞན་དང་རྩོད་པ་བྱས་པ་ལ་རང་ཉིད་
རྒྱལ་ཏེ་ཁོ་བོ་རང་ཉིད་ཀྱི་བསྟན་ལ་འཇུག་དང་། འཁྲུག་རྩོད་གཡུལ་ལས་རང་ཉིད་རྒྱལ་ཏེ་
ཕ་རོལ་རང་གི་འཁོར་དུ་གྱུར་པ་དང་། སེར་བ་ཆེན་པོ་རབ་ཏུ་འཁྲུགས་པ་བཟློག་པ་དང་།
ས་རྒོད་བཟློག་ཅིང་བཏུལ་བ་དང་། གཅན་གཟན་གདུག་པ་ཅན་རྣམས་ཞོན་ནས་རྩལ་ཞིང་
གཡག་རྒོད་དང་གླང་པོའ་ིའཇིགས་པ་རྣམས་ལ་ཁལ་དུ་བཀལ་བ་རྣམས་དུལ་ཞིང་རྟ་རྒོད་
དང་བོང་དྲེལ་གསར་བ་རྣམས་འདུལ་བར་བྱེད་པ་ལ་སོགས་པ་དུད་འགྲོའ་ིཚོགས་མཐའ་
ཡས་པ་ལ་དབང་བསྒྱུར་བ་དང་། དེ་རྣམས་ཉམས་སྣང་ལ་ཤར་བའམ། ཁྱད་པར་རྨི་ལམ་
དུ་གསལ་པོོ་བྱུང་ན་ལྷ་འདྲེ་དབང་དུ་འདུས་པའི་ཚར་ཚད་ཡིན་ནོ། །
གཉིས་པ་དམ་ལ་ཐོགས་པ་ནི་རང་ཉིད་ཆོས་ཀྱི་རྒྱལ་པོར་གྱུར་ཏེ། འགྲོ་བ་མང་པོ་
ལ་ཚུལ་ཁྲིམས་ཀྱི་བསླབ་པ་འབོག་ནས་དེའི་ཁྲིམས་རྣམས་བསྲུང་བར་ཁས་ལེན་པའི་དམ་
བཅའ་བྱས་པ་དང་། དེ་ནས་བཟུང་སྟེ་སངས་རྒྱས་མ་ཐོབ་ཀྱི་བར་དུ་སེམས་ཅན་གཞན་ལ་
གནོད་པ་སྤངས་ནས་ཕན་པ་བསྒྲུབ་ཅིང་དགེ་བའི་ལས་ཅི་ནུས་བྱེད་པར་དམ་བཅའ་བ་དང་།
རང་ཉིད་ཡི་དམ་ལྷའི་ངང་ནས་ཕྱི་དང་ནང་དང་གསང་བ་གང་རུང་གི་དཀྱིལ་འཁོར་དུ་
བཅུག་ནས་དབང་བསྐུར་ཅིང་དམ་ལ་བཞག་པས་དེ་ལ་གནས་ནས་རང་རང་རྣམས་ཀྱིས་
191
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
སོ་སོའ་ིསྲོག་སྙིང་བླ་རྟགས་དང་བཅས་པ་རང་ཉིད་ལ་ཕུལ་ནས་ཇི་སྲིད་འཁོར་བ་མ་སྟོང་
གི་བར་དུ་རང་ཉིད་ཀྱི་འཁོར་དུ་འགྱུར་བར་དམ་བཅས་པ་དང་། རང་ཉིད་ཀྱི་དམིགས་པའི་
འོད་ཟེར་གྱི་རྒྱ་ཐག་གིས་བཟུང་ནས་གར་ཡང་འགྲོ་དབང་མེད་པ་དང་། ཁང་པ་བཟང་པོར་
བཞུགས་སུ་བཅུག་ནས་ལོ་འདི་ཙམ་བསྒྲུབ་པ་ལ་རེམ་པར་གྱིས་བྱས་པའི་ལུང་འབོག་པ་
དང་། ཡང་ན་བྲག་གམ། རིའམ། ལྗོན་ཤིང་ངམ། ཆུ་གླིང་ལ་སོགས་པ་གནས་འདི་ཞེས་བྱ་
བར། ལོ་འདིའི་བར་དུ་བསྒྲུབ་པ་འདི་ལ་བརྩོན་པར་གྱིས་བྱས་པའི་ལུང་འབོག་ནས་དེའི་
བར་དུ་བསྒྲུབ་པ་ལ་བརྩོན་པར་དམ་བཅས་པ་དང། ཡང་ན་ལོ་མང་པོ་ཞིག་ལ་ཆོས་ཀྱི་
དཔོན་པོ་རེ་རེ་བསྐོས་ནས་ལོ་འདིའམ། སངས་རྒྱས་མ་ཐོབ་ཀྱི་བར་དུ་སློབ་དཔོན་འདིའི་
ངག་ལ་ཉོན་ཅིག །གཞན་བྱ་བ་བྱེད་པ་དབང་མེད་དོ། །སློབ་དཔོན་གྱིས་ཅི་གསུངས་པ་
བཞིན་གྱིས་བྱས་པའི་དེ་བཞིན་བྱེད་པར་ཁས་བླངས་ཤིང་དམ་བཅས་པའི་ཆོས་ཉན་པ་དང་།
བསྒྲུབ་པ་བྱེད་པ་དུ་མ་ཞིག་གིས་དེ་བཞིན་དུ་དམ་བཅས་པ་དང་། ཡང་ན་རང་ཉིད་འཁོར་
ལོས་བསྒྱུར་རྒྱལ་དུ་གྱུར་པ་དེས་འགྲོ་བ་མང་པོ་ལ་འཇིག་རྟེན་གྱི་བྱ་བའི་ཁྲིམས་སྲོལ་མང་
པོ་གསར་དུ་བཏོད་དེ། ཁྲིམས་ལ་སྦྱོར་བས་དེ་ལྟར་ཁྲིམས་བསྲུང་བར་ཁས་བླངས་ཤིང་
དམ་བཅས་པ་དང་། རང་ཉིད་མ་ཡིན་པ་གཞན་ཞིག་ཁྲིམས་ཀྱི་དཔོན་པོར་བསྐོས་པ་དེ་
རྣམས་ཀྱི་ངག་ལ་འགྲོ་བ་མང་པོ་ཞིག་དམ་བཅས་པ་དང་། གཞན་ཡང་དུད་འགྲོའ་ིརིགས་
གང་ཡང་རུང་བ་རྣམས་ར་བ་བཙན་པོར་བཙུད་ནས་གར་ཡང་འགྲོ་དབང་མེད་པ་དང་།
གདང་ལ་བཏགས་པའམ། ཐི་གུས་གཞན་དུ་བཏགས་ཏེ་འབྲོས་དབང་མེད་པ་དང་། འཚོ་
སྐྱོང་བའི་དཔོན་པོར་བསྐོས་ནས་དེ་དག་གི་འཚོ་སྐྱོང་བས་གཞན་གང་དུའང་འགྲོ་དབང་
མེད་པ་དང་། དེ་རྣམས་ཉམས་སྣང་ངམ། ཁྱད་པར་རྨི་ལམ་དུ་ངེས་པ་ཅན་དུ་བྱུང་ན་ལྷ་འདྲེ་
དམ་ལ་བཏགས་པའི་ཚར་ཚད་ཡིན་ནོ། །
གསུམ་པ་དངོས་གྲུབ་ནི། སྐྱེས་པ་བུད་མེད་གཟུགས་མཛེས་རྒྱན་ལྡན་མང་པོས་གླུ་
192
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
བྲོ་གར་ལ་སོགས་པའི་མཆོད་པ་སྣ་ཚོགས་པས་རང་ཉིད་ལ་མཆོད་པ་དང་། དེ་རྣམས་ཀྱིས་
གཞན་ཡང་བུ་དང་བུ་མོ་ཆུང་མ་བྲན་ཁོལ་རྣམས་ཕངས་པ་མེད་པར་འབུལ་བ་དང་། ཡུལ་
མཁར་དང་རྟ་གླང་པོ་ལ་སོགས་པའི་དུད་འགྲོ་སྣ་ཚོགས་པ་དང་། གསེར་བྲེ་དང་། དངུལ་
བྲེ་ལ་སོགས་པ་རིན་པོ་ཆེའི་རིགས་ཐམས་ཅད་སྣོད་སྟོང་མ་ཡིན་པ་གཟུགས་དབྱིབས་ཤིན་
ཏུ་ལེགས་ཤིང་ཡིད་དུ་འོང་བ་དག་དང་། ལྭ་ཕྲུག་གསར་པ་ཁ་དོག་སྣ་ཚོགས་པ་དང་། དེ་
བཞིན་དུ་དར་ཟབ་སྣ་ཚོགས་པ་དང་། འབྲུ་རིགས་སྣ་ཚོགས་པ་དང་འབྲུ་ནག་མ་ཡིན་པ་
དང་། ལོ་ཏོག་ལ་སོགས་པ་རྩི་ལོ་སྣ་ཚོགས་པ་དང་། ལྗོན་ཤིང་གསར་པ་ལོ་འདབ་རྒྱས་
ཤིང་བཅུད་དང་ལྡན་ཞིང་འབྲས་བུ་དང་། ཁ་དོག་ལྡན་པ་དང་། ཤིང་ཤིན་ཏུ་སྦོམ་ལ་དྲི་
བཟང་པོའ་ིངད་པ་དང་ལྡན་ཞིང་རུལ་བ་མ་ཡིན་པའི་ཤིང་གི་རིགས་སྣ་ཚོགས་པ་དང་། ཐང་
དང་ཆུ་ལས་སྐྱེས་པའི་མེ་ཏོག་གི་རིགས་ཁ་དོག་སྣ་ཚོགས་པ། གཞན་ཡང་གོས་གསར་བ་
ཁ་དོག་སྣ་ཚོགས་པ། གདན་ཁྲི་རྐང་ཅན་མལ་སྟན་དང་བཅས་པ་སྣ་ཚོགས་པ་དང་། གློ་
སྙིང་དང་ནང་ཁྲོལ་ལ་སོགས་པ་སྔར་ཕར་ལ་ཁྱེར་བ་ཚུར་ལ་གཏད་པ་དང་། དེ་རྣམས་རང་
ལ་གཞན་གྱིས་ཕུལ་བ་དང་། རང་གིས་དེ་རྣམས་ལ་ལོངས་སྤྱོད་པར་བྱེད་པ་རྣམས་ཉམས་
དང་རྨི་ལམ་དུ་བྱུང་ན་དངོས་གྲུབ་སྟེར་བའི་ཚར་ཚད་ཡིན་ནོ། །
བཞི་པ་གདོན་བུད་པའི་ཚར་ཚད་ནི། རང་ངམ་དམིགས་བྱའི་ལུས་ལ། སྡོམ་སྡིག་
སྦལ་སྦྲུལ། ཉ་ལྕོང་། གྲོག་སྦུར་ཕྱེ་ལེབ། སྦྲང་མའི་རིགས་དང་། སྲིན་བུ་ཕྲ་བ་དང་། ཤིན་
ཏུ་སྦོམ་པའི་རིགས་མི་འདྲ་བ་དུ་མ་ཞིག་བུད་པ་དང་། གཅན་གཟན་གཡུང་དག་ལ་སོགས་
པ་དུད་འགྲོའ་ིརིགས་རྣམས་དང་། ཁྱད་པར་དུ་གླང་སྤྲེལ། ཁྱི་དང་རྟ་དཀར། ནེ་ལེ་བྱ་ལེབ།
ཕག་དང་བོང་བུ། བྱི་བ་དཀར་ནག །མོ་རྩེ་རྣམས་དང་། འདབ་ཆགས་ཀྱི་རིགས་དང་།
བན་དེ། བོན་ཆེན། སྔགས་ཆས་ཅན་དང་། སྐྱེས་པ། བུད་མེད། བྱིས་པ་ལ་སོགས་པའི་
སྲོག་ཆགས་ལུས་ཀྱིས་བསྡུས་པའི་སེམས་ཅན་ཡིད་དུ་འབྱུང་རུང་བ་རྣམས་ལུས་ལས་བུད་
193
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
པ་དང་། གཞན་ཡང་རྐྱལ་རབ་ལ་སོགས་པ་སྣོད་སྟོང་གི་རིགས་དང་། རྫ་མ་ལ་སོགས་པ་
སྤྱད་ནག་གི་རིགས་དང་། བྲ་བོ་ནག་པོ་དང་། སྲན་མ་ནག་པོ་ལ་སོགས་པ་འབྲུ་ནག་གི་
རིགས་དང་། ཁྱི་ཕག་ལ་སོགས་པའི་སྤུ་བལ་ནག་པོ་དང་། ཁྱི་ལྤགས་ལ་སོགས་པ་པགས་
པ་ནག་པོ་དང་། རེ་བ་ལ་སོགས་པ་གོས་སྟན་ནག་པོ་དང་། སྣལ་མ་དང་ཐེ་གུ་ནག་པོ་དང་།
ཚྭའི་རིགས་དང་། སྐོག་པའི་རིགས་དང་། དུག་ནག་པོ་དང་། བྱ་རོག་གི་སྒྲོ་དང་། སྤུ་དང་།
གཡེར་མ་དྲོད་ཅན་དང་། ལྕགས་ལས་བྱས་པའི་འཇོར་སྟ་སྤྱད་དང་། གཞན་ཡང་རྫས་ངན་
པ་ལས་བྱས་པའི་དངོས་པོའ་ིགཟུགས་མི་སྡུག་པ་གང་གི་ཡང་ཡིད་ལ་མི་འདོད་པ་གང་
ཡིན་པ་དག་དང་། དེ་རྣམས་རང་གི་ལུས་ཀྱི་ནང་ནས་དབང་པོའ་ིསྒོའམ་རྐང་ལག་གི་སེན་
ཕྲག་གམ་གཞན་གང་ཡང་རུང་བ་ནས་ཕྱིར་བུད་ནས་གཞན་དུ་སོང་བའམ། ཡང་ན་དེ་
རྣམས་རང་གི་ལུས་ལ་འབྱར་བ་ལུས་དང་བྲལ་ཏེ་གཞན་དུ་སོང་བ་རྣམས་ནི་ཉམས་སམ།
རྨི་ལམ་དུ་བྱུང་ན་གདོན་བུད་པའི་ཚར་ཚད་ཡིན་ནོ། །
ལྔ་པ་ནད་བུད་པའི་ཚར་ཚད་ནི། ཁྲག་དང་རྣག་དང་ཆུ་སེར་དང་། མི་གཙང་བ་
དངོས་སམ་དེའི་ཁུ་བ་དང་། ཟས་གང་ཟོས་པ་དེའི་རུལ་མ་རྣམས་མར་བཤལ་བའམ།
ཡར་སྐྱུག་པའམ་མེ་ལྕེའི་རྣམ་པ་ཁ་དོག་སྔོ་དམར་སྣ་ཚོགས་པ་དང་། རླུང་ཁ་དོག་སྣ་ཚོགས་
པ་དང་། འོད་ཁ་དོག་སྣ་ཚོགས་པ་དང་། ཆུ་ཁ་དོག་སྣ་ཚོགས་པ་དང་། རླངས་པ་ཁ་དོག་སྣ་
ཚོགས་པ་དང་། ཁུ་བ་ལྟར་ཁ་དོག་སྣ་ཚོགས་པ་དང་། དེ་རྣམས་རང་གི་དབང་པོའ་ིསྒོའམ།
བ་སྤུའི་བུ་ག་ནས་ཕྱིར་ཐོན་པའམ། ནད་རླུང་མཁྲིས་བད་ཀན་སོགས་ནད་གསར་པ་གློ་
བུར་བ་ཡོད་ན། ནད་མུག་གང་དུ་ཡོད་པའི་དེ་ཉིད་ནས་ཁྲག་ལ་སོགས་པ་རྣམས་ཕྱིར་ཐོན་
པའམ། ཡང་ན་སེམས་ཅན་འཇིགས་པ་ཅན་རྣམས་ཀྱིས་ནད་མིག་དེ་དག་ཟོས་ནས་མེད་
པར་བྱས་པ་དང་། དེ་གང་ཡིན་པའི་ཤུལ་དུ་རང་གི་ལུས་ཡང་བ་དང་། མདངས་གསལ་བ་
དང་། བདེ་བ་འདྲ་བ་བྱུང་སྙམ་པ་ནི་ཉམས་དང་རྨི་ལམ་གང་བྱུང་ཡང་ནད་བུད་པའི་ཚར་
194
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
ཚད་ཡིན་ནོ། །
གཉིས་པ་ཐུན་མོང་མ་ཡིན་པ་ལ་ཡང་ལྔ་སྟེ། སྒྲིབ་པ་དག་པའི་ཚར་ཚད་དང་། ལྷ་
རྟགས་འབྱུང་བའི་ཚར་ཚད་དང་། ཐར་ལམ་ཐོབ་པའི་ཚར་ཚད་དང་། ཁྱད་པར་མཆོག་གི་
དངོས་གྲུབ་ཀྱི་ཚར་ཚད་དང་། འབྲས་བུ་ཐོབ་པའི་ཚར་ཚད་དང་ལྔ་ལས་དང་པོ་སྒྲིབ་པ་
དག་པ་ནི། ཁྲུས་བྱས་ལུས་ཐམས་ཅད་བཀྲུས་ཤིང་དྲི་མ་ཐམས་ཅད་དག་ནས་ལུས་དཀར་
སིང་ངེར་གྱུར་པ་དང་། ནང་ནས་མི་གཙང་བ་རྣམས་བཤལ་ནས་ཁོང་བའི་ནང་ཉའི་ལྟོ་བ་
ལྟར་གཙང་དྭངས་སིང་ངེ་སོང་བ་དང་། ནང་ཆ་ཐམས་ཅད་མ་ལུས་པར་བསྐྱུག་ནས་ཁོང་བ་
རྐྱལ་བ་ལྟར་སྟོང་སིང་ངེ་འདུག་པ་དང་། བར་རྩའི་ནང་ནས་བུད་པའི་ཁུ་བ་ལྟར་ནག་ནུ་རེ་
བ་སེན་ཕྲག་དང་། བ་སྤུའི་ཁུང་བུ་རྣམས་ནས་བྱུང་བའི་རྩ་ཐམས་ཅད་ཕྲུ་མ་ཕུས་བཏབ་པ་
བཞིན་དྭངས་སིང་ངེ་བར་གྱུར་པ་དང་། རང་གི་ཤ་རུས་རྣམས་སོ་སོར་ཕྱེ་ནས་ཤ་རྣམས་
སེམས་ཅན་མང་པོས་ཟོས་ནས་ཏིལ་ཙམ་ཡང་མ་ལུས་པར། རུས་པ་རྣམས་དྲི་མ་མེད་ཅིང་།
དཀར་སིང་ངེ་བ་དུང་ལྟར་གྱུར་པ་དང་། ཡང་ཤ་རྣམས་བསྲེགས་པས་དུད་པ་དཀར་པོ་བྱུང་
ཞིང་། དྲི་བཟང་གི་ངད་པ་བྲོ་ཞིང་བསྲེགས་པའི་ཐལ་སོལ་མེད་པ་དང་། རུས་པ་བསྲེགས་
པས་ཐལ་བ་དཀར་པོ་དངུལ་གྱི་བྱེ་མ་ལྟ་བུར་གྱུར་པ་རླུང་གིས་ནམ་མཁར་སྟོར་བས་ཁ་
ཡུག་ལྟར་ནམ་མཁར་གང་བས་ས་གཞི་ཐམས་ཅད་མར་བབ་པས་ཁ་བ་བཞག་པ་ལྟར་རྡུལ་
མནན་ནས་ས་ཁྱོན་ཐམས་ཅད་དཀར་ལམ་མེར་གྱུར་པ་དང་། རྒྱ་མཚོ་དང་ཆུ་བོ་ཆེན་པོ་
རབ་ཏུ་དྭངས་པའི་ནང་དུ་རང་ཉིད་ཞུགས་ཏེ་བཀྲུས་པས་ལུས་ཀྱི་དྲི་མ་དག་ནས་དྭངས་
སིང་ངེ་སོང་བ་དང་། ཡང་ལུས་ལ་མི་གཙང་བ་འབྱར་བ་བཀྲུས་པ་དང་། དྲི་མ་ནག་པོ་སྣག་
ཚ་ལྟར་འབྱར་བ་བཀྲུས་པས་དག་ནས་ལུས་དཀར་པོར་གྱུར་པ་དང་། ཡང་གཞན་ཞིག་
གིས་བུམ་པ་དཀར་པོ་ཐོགས་ནས་ཆུ་རྒྱུན་དཀར་པོས་རང་གི་ལུས་ཕྱི་ནང་བར་གསུམ་
བཀྲུས་པས་དྲི་མ་དག་ནས་ལུས་ཕྱི་ནང་ཤེལ་ལྟར་གསལ་བར་གྱུར་པ་དང་། རས་ལ་
195
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
སོགས་པའི་གོས་དཀར་པོ་དྲི་མ་མེད་པ་གསར་བ་གྱོན་པས་རེག་བྱ་འཇམ་ཞིང་ཡང་བའི་
རྣམ་པ་དང་ལྡན་པ་ལུས་ཤིང་བལ་ལྟར་ཡང་བ་ནམ་མཁར་འཕུར་བ་དང་། ཆུ་བོ་དང་རི་
བྲག་ལ་མི་ཐོགས་པར་མཆོང་རྩལ་བྱེད་པ་དང་། ལུས་འོད་ཀྱི་ཕུང་པོར་རྟོགས་པ་དང་།
ལུས་མི་སྣང་བར་སྟོང་བར་རྟོགས་པ་དང་། ལུས་ལ་མེ་ཏོག་དཀར་པོ་མང་པོས་བརྒྱན་པ་
དང་། བ་སྤུའི་གསེབ་ནས་ཆུ་རྒྱུན་དཀར་པོ་དུང་ལྟར་འོད་ཧྲི་ལི་ལི་བྱུང་བ་དང་། སྐྲ་དང་ཁ་
སྤུ་སྨིན་མ་བ་སྤུ་སེན་མོ་རྣམས་དཀར་པོ་དུང་ལྟར་གྱུར་པ་ལས། འོད་ཟེར་དཀར་པོ་འབར་
བས་ལུས་ཐམས་ཅད་ཁྱབ་པ་དང་། སྟན་དང་རྒྱབ་ཡོལ་དཀར་པོ་ཟླ་བ་ལྟ་བུའི་གདན་ལ་
འདུག་པ་དང་། ཤེལ་གྱི་ཁང་པ་བརྩེགས་པའི་ནང་དུ་འདུག་པས་ཐམས་ཅད་སྒྲིབ་མེད་དུ་
མཐོང་ཞིང་རང་གི་ལུས་ལ་ཡང་འོད་ཅུང་ཟད་ཆགས་པ་དང་། ལུས་ཀྱི་རྩ་ཐམས་ཅད་
གསལ་བའི་ནང་ནས་རྩའི་ཡི་གེ་དཀར་པོ་རྣམས་དཀར་ས་ལེ་བར་གསལ་བ་དང་། བར་
སྣང་དང་། ནམ་མཁའ་དང་ས་གཞི་ལ་ཡི་གེའི་ཚོགས་དཀར་པོས་གང་བ་དང་། སངས་
རྒྱས་ཀྱི་སྐུ་གཟུགས་དང་ཞིང་ཁམས་རྣམས་དངོས་སམ་ཉམས་སྣང་ངམ་རྨི་ལམ་དུ་བྱུང་བ་
དང་། གཞན་རྣམས་ཉམས་དང་རྨི་ལམ་དུ་བྱུང་ན་སྒྲིབ་པ་དག་པའི་གོ་རིམ་གྱི་ཚར་ཚད་
ཡིན་ནོ། །
གཉིས་པ་ལྷ་རྟགས་ནི། རང་གི་ལུས་ལ་རིན་པོ་ཆེའི་རྒྱན་ཐོགས་པ་དང་། མེ་ཏོག་
དང་མུ་ཏིག་གི་ཕྲེང་བས་བརྒྱན་པ་དང་། རུས་པའི་རྒྱན་དང་། རྡོ་རྗེ་དྲིལ་བུ་ཐོགས་ནས་
ནམ་མཁར་འཕུར་བ་དང་། གདུགས་དང་རྒྱལ་མཚན་བ་དན་ལ་སོགས་པ་མཆོད་རྫས་སྣ་
ཚོགས་པ་ཐོགས་པ་དང་། རལ་གྲི་མེ་འབར་བ་ཀླད་ལ་འཕྱར་བ་དང་། གྲི་གུག་ཐོད་ཁྲག་
འཛིན་པ་དང་། ཁ་ཊྭཱཾ་ག་ཐོགས་པ་དང་། དུང་འབུད་པ་དང་། རྔ་བོ་ཆེ་དང་། ཅང་ཏེའུ་ལ་
སོགས་པའི་རོལ་མོ་རྣམས་བརྡུངས་པས་ཤིན་ཏུ་གྲགས་པ་དང་། ཉི་ཟླའི་གདན་ལ་འདུག་
པ་དང་། ནམ་མཁའ་ལ་སྤྲིན་ཐག་ཆད་ཅིང་ཉི་ཟླ་རྒྱུ་སྐར་དུས་གཅིག་ལ་གསལ་ཞིང་ནམ་
196
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
མཁའ་འོད་ཁ་དོག་སྣ་ལྔས་གང་ནས་རོལ་མོའ་ིསྒྲ་རྣམས་ནམ་མཁར་གྲགས་ཤིང་རང་ཉིད་
ཉམས་དགའ། ཤེས་པ་གསལ་ཞིང་སེང་གེ་སྟག་དང་། གཡུ་འབྲུག་ཁྱུང་དང་། བྱ་རྒོད་ཞོན་
ནས་ནམ་མཁར་རྩལ་བ་དང་། བ་དན་དཀར་པོ་གནམ་དུ་འཕྱར་ཞིང་ཁ་ཊྭཱཾ་ཐོད་ཁྲག་
ཐོགས་པ་དང་། ཡེ་ཤེས་མེ་རི་ཁ་དོག་སྣ་ཚོགས་པ་ལྔའི་དབུས་སུ་འཇའ་ཚོན་གུར་རིན་ཆེན་
ཕོ་བྲང་དབུས་སུ་སྣ་ཚོགས་པད་ཟླའི་གདན་ལ་རང་ཉིད་ལྷའི་གཙོ་བོར་གྱུར་པ་ལྷ་མོ་རྒྱན་
ལྡན་དཔག་མེད་ཀྱིས་མཆོད་པ་སྣ་ཚོགས་པ་ཐོགས་ནས་རང་ཉིད་ལ་མཆོད་པ་དང་། དེ་
རྣམས་ཉམས་སྣང་རྨི་ལམ་གང་དུ་བྱུང་ཡང་ལྷ་རྟགས་བྱུང་བའི་ཚར་ཚད་ཡིན་ནོ། །
གསུམ་པ་ཐར་ལམ་ནི། དོང་དུ་ལྷུང་བ་ཐོན་ནས་སྟེང་དུ་ཕྱིན་པ་དང་། ཆུ་བོ་ཆེན་པོ་
བརྒལ་ནས་ཕ་རོལ་ཏུ་ཕྱིན་པ་དང་། ཉི་ཟླ་དགྲ་གཅན་གྱིས་འཛིན་པ་སོས་པ་དང་། བཙོན་
དུ་བསྡུས་པ་ཐར་པ་དང་། ཐག་པས་བཅིངས་པ་གྲོལ་བ་དང་། རྒྱ་ལས་ཐར་བ་དང་། མུན་
པའི་གླིང་ནས་གསལ་བར་ཕྱིན་པ་དང་། ནགས་ཚལ་འཐུག་པོ་ལས་ཐར་བ་དང་། གངས་
རིའི་མཐའ་ནས་འཛེག་པ་རྩེ་མོར་ཕྱིན་པ་དང་། འདམ་རྫབ་ནག་པོར་ནུབ་པ་ནས་ཐོན་པ་
དང་། མེའི་གོ་རར་ཚུད་པ་ཐར་བ་དང་། སྤྲིན་ནག་དང་ཁུ་རླངས་ཀྱི་ནང་དུ་ཐིམ་པ་ལས་
ཐར་བ་དང་། ཡུལ་བའི་གྲོང་ཁྱེར་གྱི་གླིང་བསམ་འདས་ལས་ཐར་ནས་རི་རབ་ལྷུན་པོའ་ི
ཀློང་ན་ཟིན་པ་དང་། རིན་པོ་ཆེའི་ཁང་བཟང་ལྔ་བརྩེགས་པའི་སྐས་རིམ་པ་ལྔ་ལ་འཛེག་
པས་ཁང་པའི་རྩེ་མོར་ཕྱིན་པ་དང་། ཉི་ཟླ་དང་འདུག་གནས་མཉམ་པས་ཉམས་དགའ་བ་
དང་། དེ་རྣམས་ཉམས་དང་རྨི་ལམ་དུ་བྱུང་ན་ཐར་ལམ་ཐོབ་པའི་ཚར་ཚད་ཡིན་ནོ། །
བཞི་པ་མཆོག་གི་དངོས་གྲུབ་ནི། མི་རོ་བཀྲག་མདངས་དང་ལྡན་པ། ཡིད་དུ་འོང་
བའི་ཤ་གསར་པ་ཚིལ་བུ་དང་བཅས་པ་དྲི་མ་ཞིམ་པོ་དང་ལྡན་པའི་ཤ་མ་ལུས་པར་ཟོས་
ཀྱང་ད་དུང་ཡང་ཚིམ་པ་མེད་པ་དང་། མགོ་བོ་སྐྲ་དང་བཅས་པའི་ཀླད་པ་དྲོན་མོ་ཁྲག་དང་
འདྲེས་པ་ཟོས་ཀྱང་ཚིམ་པ་མེད་པ་དང་། ཐོད་རློན་ཁྲག་གིས་བཀང་བ་དང་། ཐོད་སྐམ་
197
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
བདུད་རྩི་དཀར་པོ་རོ་བརྒྱ་དང་ལྡན་པས་བཀང་བ་གཞན་གྱིས་བྱིན་ཏེ་མ་ལུས་པར་བཏུང་
བ་དང་། ལྷའི་བདུད་རྩི་ཡིན་ཟེར་ནས་རིན་པོ་ཆེའི་ཞལ་བུའམ་བུམ་པ་ནས་བྱིན་པ་བཏུང་
བ་དང་། དཔའ་བོ་དཔའ་མོ་ཡིན་ཟེར་ནས་མཁའ་འགྲོའ་ིཚུལ་ཅན་གྱིས་བྱང་སེམས་དཀར་
དམར་དང་། དྲི་ཆེ་ཆུང་ཡིན་ཟེར་བ་བྱིན་ཏེ་རྟོག་པ་མེད་པར་ཟོས་པ་དང་། མི་རོ་མང་པོ་
བརྩེགས་པའི་སྟེང་དུ་ཉམ་ང་མེད་པར་འདུག་པ་དང་། རི་བོ་མཆོག་རབ་ཀྱི་རྩེར་ཕྱིན་ནས་
ཁམས་གསུམ་པོ་ཐམས་ཅད་སྒྲིབ་པ་མེད་པར་ས་ལེར་མཐོང་བ་དང་། བུད་མེད་གཅེར་བུ་
རུས་པའི་རྒྱན་དང་ལྡན་པ་མིག་དམར་པོར་ལྡོག་ནས་ཧུར་བའི་རྣམ་པ་ཅན་གྱིས་ཐོད་པའི་
སྣོད་དུ་ཁུ་བ་རཀྟ་དམར་པོ་ཁོལ་ཞིང་ལྦུ་བ་འཕྱུར་བ་བྱིན་ཏེ་ཐེ་ཚོམ་མེད་པར་བཏུངས་པས་
རྟོག་པ་ཐམས་ཅད་འགག་སྟེ་མི་རྟོག་པའི་ཡེ་ཤེས་རབ་ཏུ་རྒྱས་པས་ཤེས་བྱ་ཐམས་ཅད་
མཁྱེན་པ་དང་། ཆོས་ཉིད་ཀྱི་བདེན་པ་མངོན་སུམ་མཐོང་བ་ལྟ་བུ་འབྱུང་བ་དང་། དེ་རྣམས་
ཉམས་སམ་རྨི་ལམ་དུ་བྱུང་བ་ནི་ཁྱད་པར་མཆོག་གི་དངོས་གྲུབ་ཀྱི་ཚར་ཚད་ཡིན་ནོ། །
ལྔ་པ་འབྲས་བུ་ནི། དངོས་གྲུབ་ཡན་ཆད་ཀྱི་ཚར་ཚད་དགུ་ལེགས་པར་རྫོགས་པའི་
སྟོབས་ཀྱིས་ཐ་མལ་གྱི་རྟོག་པ་དང་འཇིག་རྟེན་གྱི་སྣང་ཞེན་ཐམས་ཅད་ནུབ་པ་དང་། རྟོག་
མེད་སྣང་མེད་ཞེན་མེད་བྱར་མེད་ཀྱི་ཡེ་ཤེས་ཆེན་པོ་རབ་ཏུ་རྒྱས་ཏེ། ནམ་མཁའ་དྭངས་པ་
ལ་ཉི་ཟླ་ཤར་བའི་དུས་སུ། སྐྱེས་བུ་མིག་དང་ལྡན་པས་བལྟས་པས་སྒྲིབ་གཡོགས་མེད་
པར་ཡུལ་ཀུན་གསལ་བོར་མཐོང་བ་དེ་བཞིན་དུ་སྒྲིབ་པ་དག་ནས་མཆོག་གི་དངོས་གྲུབ་
ཐོབ་པའི་སྟོབས་ཀྱིས། རང་གི་རྒྱུད་ལ་རྟོགས་པ་ཁྱད་པར་ཅན་སྐྱེས་ནས་རྨི་ལམ་གསལ་
ཞིང་རྣོ་བ་དང་། མངོན་ཤེས་འཆར་བ་དང་། སངས་རྒྱས་སྲས་བཅས་ཀྱི་ཞིང་ཁམས་ཁོར་
ཡུག་དང་བཅས་པ་ཉམས་སམ། རྨི་ལམ་དུ་བླ་མ་མཇལ་ཞིང་མཐོང་བ་དང་། སེང་གེའི་ཁྲི་
ལ་འདུག་ཅིང་ཆོས་འཆད་པ་དང་། མཆོད་རྟེན་གྱི་རྩེ་མོར་འདུག་ཅིང་འོད་ཟེར་འགྱེད་པ་
དང་། མེ་ཏོག་གི་བཀོད་པ་ཅན་གྱི་ཞིང་ཁམས་སུ་ཕྱིན་པ་དང་། རང་གི་ཡི་དམ་གྱི་ལྷ་གང་
198
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
ཡིན་པ་དེ་ཉིད་ཀྱི་གསང་བའི་དཀྱིལ་འཁོར་དུ་བཅུག་ཅིང་དབང་བཞི་རྫོགས་པར་བསྐུར་
བ་ནི་ཉམས་སམ་རྨི་ལམ་དུ་གསལ་བོར་ཐོབ་པའི་སྟོབས་ཀྱིས་ལུས་ངག་ཡིད་གསུམ་ལ་
ནུས་པ་ཁྱད་པར་ཅན་བསྐྱེད་པས། ལྷ་འདྲེ་མི་གསུམ་ཟས་ནོར་ལོངས་སྤྱོད་རྣམས་དངོས་སུ་
དབང་དུ་སྡུད་ནུས་པ་སྟེ། དེ་ཡང་ཉིན་མོ་མི་འདུས། མཚན་མོ་འདྲེ་འདུས། ཐོ་རངས་ལྷ་
འདུས། ནངས་ནུབ་ཏུ་ཟས་ནོར་ལོངས་སྤྱོད་འདུས་པ་དང་། ནུས་པའི་སྟོབས་ཀྱིས་འདྲེ་
གདོན་ཐམས་ཅད་ཤུགས་ཀྱིས་ཐུལ་བ་ལ་སོགས་པའི་ཡོན་ཏན་གྱི་ལྟས་མང་པོ་རང་བཞིན་
ལྷུན་གྲུབ་ཏུ་འབྱུང་ཞིང་ཅི་བྱེད་ཀྱི་བྱ་བ་ཐམས་ཅད་ཆོས་དང་མཐུན་པར་སྤྱོད་པ་ནི། ཚར་
ཚད་དགུ་པ་རྫོགས་པའི་འབྲས་བུ་ཡིན་ཅིང་། དེ་ལྟ་བུའི་ཡོན་རྣམས་ལ་བཅུ་པ་འབྲས་བུའི་
ཚར་ཚད་ཟེར་བ་ཡིན་ནོ། །
དེ་ཡང་ཚར་ཚད་བཅུ་རང་རང་གི་སྐབས་ནས་བཤད་པ་བཞིན་གཞན་དང་མ་འདྲེས་
པ་གསལ་བོར་ཡིད་ཆེས་པ་ཞིག་ཉམས་ཁྱད་པར་ཅན་རྨི་ལམ་དུ་འབྱུང་བ་གལ་ཆེ་ཞིང་།
འབྲས་བུའི་ཚར་ཚད་ཡོན་ཏན་ཕལ་ཆེ་བ་ནི་དངོས་སུ་འོང་དགོས་ཤིང་། དེ་ལྟར་ཚར་ཚད་
བཅུ་རྫོགས་པའི་ཡོན་ཏན་ནི་ཚར་ཚད་འབྱུང་བའི་སྔ་ལྟས་ཡིན་ནོ། །ཆོད་ཚད་ནི་སྔར་
བཤད་པ་བཞིན་ས་དང་པོ་འཐོབ་དགོས་པ་ཡིན་ནོ། །ཚར་ཚད་རྣམས་ཀྱི་ཡོན་ཏན་ལ་
དགའ་བ་རློམ་སེམས་སྐྱེ་བའི་ཉམས་ཤར་བས། ཆོད་ཚད་མཐོང་ལམ་མི་ཐོབ་པའི་བདུད་
བྱེད་པས་ན། ཚར་ཚད་ཀྱི་ཡོན་ཏན་ཅི་འབྱུང་ཡང་རློམ་སེམས་ཀྱི་ཞེན་འཛིན་མི་བྱེད་པར་
བྱུང་ཚད་རྨི་ལམ་སྒྱུ་མ་བཞིན་དུ་ཉམས་སུ་བླངས་ཤིང་བདེན་མེད་ངང་ལ་སྙེམས་རྩ་ཆོད་
པར་གྱིས་ཤིག་བུ། ལར་ཉོན་དང་འདིར་ཚོགས་བུ་སློབ་ཀུན། །སློང་དང་ཆོ་འཕྲུལ་ཚར་ཚད་
རྣམས། །རང་བློ་བཏགས་པ་ཙམ་མམ་ཡེ་ནས་མེད། །ཡེ་ནས་མེད་པའི་ཆོས་ཉིད་ལ། །སྤོང་
ལེན་གང་བྱུང་དེ་ཉིད་བདུད་ཡིན་པས། །ཡུལ་ལ་མ་འབྲང་སྙེམས་ཀྱི་ཐག་པ་ཆོད། །བདག་
གི་བདུད་དུ་བདག་ཏུ་འཛིན་པ་ཆེ། །བདག་ཏུ་ཤེས་ན་བདག་ཏུ་འཛིན་ལས་གྲོལ། །དེ་ཉིད་
199
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
ཤེས་ན་གང་དང་གང་གི་བདུད། །གཅད་བྱ་གཅོད་བྱེད་ཀྱི་ནི་མིང་ཡང་མེད། །སྙེམས་བྱའི་
བདུད་དང་སྙེམས་བྱེད་ཉིད་ཀྱི་བདུད། །སྙེམས་བྱེད་ཤེས་ན་སྙེམས་ཀྱིས་ཟུག་མི་ཐུབ། །ང་
ཡི་བདུད་རྣམས་སྙེམས་སུ་ཐག་བཅད་ནས། །སྙེམས་ཙམ་སྣང་བ་སྨིག་རྒྱུའི་ཆུ་དང་
མཚུངས། །སྒྱུ་མའི་སྐྱེས་བུས་བདག་དང་གཞན་མ་ཐུབ། །ཟླ་བ་གཉིས་སྣང་མིག་གི་སྐྱོན་
དང་བྲལ། །ནམ་མཁའ་མི་སྤངས་སྤྲིན་ཉིད་ནམ་མཁར་ཤར། །ཐམས་ཅད་རང་སྣང་རང་
གྲོལ་ཡིན་བཞིན་དུ། །རང་གིས་རང་ལ་བླང་དོར་ག་ལ་སྲིད། །སྲིད་ན་བླང་བྱ་གང་ཡིན་
དོར་བྱ་གང་། །དེས་ན་གཅེས་འཛིན་དེ་ཉིད་བདུད་ཡིན་པས། །གང་ལའང་གཅེས་པར་མ་
འཛིན་བུ་སློབ་ཀུན། །གཅེས་འཛིན་གྲོལ་ན་གཅད་བྱ་གཅོད་བྱེད་མེད། །ཐར་བའི་ལམ་
མཆགོ ་གང་ཡང་དངསོ ་གྲུབ་མཆགོ །སྤང་བྱའ་ིབདུད་ན་ིབསྒྲུབ་པའ་ིལྷ་དང་མཚུངས། །མཚུངས་
ཞེས་ཐ་སྙད་ཙམ་དེ་ཡེ་ནས་མེད། །གཅིག་ལ་བསྟན་དུ་མེད་པ་དེ་བཞིན་དུ། །རང་སྙེམས་
ཤེས་ནས་རང་སར་གྲོལ་གྱུར་ན། །རང་གི་རང་ལ་ངོ་བོ་བསམ་བརྗོད་བྲལ། །ཡུལ་དང་ཡུལ་
ཅན་གཉིས་འཛིན་རྩད་ནས་ཆོད། །སྟོང་ཉིད་བདག་མེད་སྤྲོས་དང་བྲལ་བ་ལ། །མཁའ་ལྟར་
དག་པ་ཆོས་ཉིད་ངང་ཉིད་ལས། །མ་བཅོས་ལྷུག་པར་ཞོག་དང་བུ་སློབ་ཀུན། །ཞེས་
གསུངས། ཆོས་ཀྱི་སེང་གེས་ཞུས་པའི་ལེའུ་སྟེ་བདུན་པའོ།། །།