Nitartha Digital Library
Tibetan
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

4 occurrences of གཡོན་རུ་
[Clear Hits]


collapse section
 
ལེའུ་དང་པོ་མ་ཅིག་གི་ལོ་རྒྱུས་བསྡུས་པ་ཅུང་ཟད་སྨོས་པ།
  
  
  
 
 
  
  
  
  
  


4 occurrences of གཡོན་རུ་
[Clear Hits]

 
no previousལེའུ་དང་པོ་མ་ཅིག་གི་ལོ་རྒྱུས་བསྡུས་པ་ཅུང་ཟད་སྨོས་པ།next

ལེའུ་དང་པོ་མ་ཅིག་གི་ལོ་རྒྱུས་བསྡུས་པ་ཅུང་ཟད་སྨོས་པ།

ལེའུ་དང་པོ། མ་ཅིག་གི་ལོ་རྒྱུས་བསྡུས་པ་ཅུང་ཟད་སྨོས་པ། བླ་མ་ཡི་དམ་མཁའ་

འགྲོའ་ིཚོགས་ལ་ཕྱག་འཚལ་ལོ། །མ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་ཞབས་ལ་གུས་བཏུད་

ནས། ཕུང་པོ་གཟན་བསྐྱུར་གྱི་རྣམ་པར་བཤད་པ་ནི། མ་ཅིག་གི་གསུང་བཞིན་ཡི་གེར་

དགོད་པར་བྱ།

དེ་ལ་དང་པོ་མ་ཅིག་གི་ལོ་རྒྱུས་ཟུར་ཙམ་ཞིག་བཤད་ན། དེ་ཡང་མ་ཅིག་ཡེ་ཤེས་ཀྱི་

མཁའ་འགྲོ་མ་དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ། ཐུགས་ཀྱི་རིགས་རྡོ་

རྗེ་ཌཱ་ཀི་མ་དེ་ནི། སེམས་ཅན་གྱི་དོན་ལ་དགོངས་ནས། རྒྱ་གར་སེར་སྐྱའི་རྒྱལ་པོ་དཔལ་

དབང་ཕྱུག་འཕགས་པ་ཞེས་བྱ་བའི་སྲས་སུ་སྐུ་འཁྲུངས་ནས། གཞོན་ནུ་སྨོན་ལམ་གྲུབ་

ཅེས་བྱ་བའི་མཚན་གསོལ། ཡི་གེའི་ཚོགས་ཐམས་ཅད་ཀྱི་འབྲི་ཀློག་དང་། གཞན་རིག་

བྱེད་ཐམས་ཅད་བསླབ་ཆེར་མ་དགོས་པར་ཐོས་པ་དང་མཐོང་བ་ཙམ་གྱིས་ཤེས་ནས། ལོ་

ལྔ་ཙམ་ནས་ཅི་ལ་ཡང་ཐོགས་པ་མེད་པར་མཁྱེན་ནས་ཐམས་ཅད་ཀྱིས་འདི་སངས་རྒྱས་ཀྱི་

རྣམ་འཕྲུལ་ཞིག་ཡིན་པར་འདུག་ཟེར་རོ། །དེ་ནས་ལོ་བཅུ་ལོན་པ་ན། པཎྜི་ཏ་བིདྡྷ་བྷ་དྲ་

བའི་དྲུང་དུ་རབ་ཏུ་བྱུང་ནས། མིང་ཡང་དོན་གྲུབ་བཟང་པོ་བཏགས་ཤིང་ལོ་གསུམ་བླ་མའི་

དྲུང་དུ་བསྡད་ནས། སྒྲ་ཚད་དང་། ཕར་ཕྱིན་དང་། འདུལ་བ་དང་། མངོན་པའི་སྡེ་སྣོད་

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

རྣམས་ལ་མཁས་པ་བླ་མ་བས་ལྷག་པར་བྱུང་ནས། བླ་མས་ཀྱང་རིགས་ལྡན་ཞིག་ཡིན་པར་

དགོངས་ནས། རྒྱུད་སྡེ་བཞི་ལ་བསླབ་པས། རྒྱུད་སྡེ་བཞི་ལ་ལྷག་པར་མཁས་པ་བྱུང་། དེ་

ནས་བླ་མའི་དྲུང་དུ་སྡེ་སྣོད་རྣམས་ལ་གསེ་གཤག་ལེགས་པར་བྱས་ཤིང་། རྒྱུད་སྡེ་བཞི་ལ་

ཡང་དབྱེ་བསལ་མང་དུ་བྱས། ཁྱད་པར་ཐུགས་ལ་འཁྲུངས་པའི་རྟོགས་པ་རྣམས་བླ་མ་ལ་

ཕུལ་བས། བླ་མ་ཡང་ཤིན་ཏུ་མཉེས་ནས་དོན་གྲུབ་བཟང་པོ་ཁྱོད་ཀྱི་བླ་མ་དེ་ངས་མི་ནུས་

པར་འདུག །ད་ཁྱོད་ཀྱི་བྱང་ཕྱོགས་ཟངས་གླིང་ན་གུ་རུ་རཏྣ་བྱ་བ། འཁོར་ལོ་བདེ་མཆོག་

གི་གྲུབ་ཐོབ་ཆེན་པོ་སྤྲུལ་པའི་དཀྱིལ་འཁོར་མངོན་སུམ་དུ་བཞེངས་པ། སྡེ་སྣོད་ཐམས་

ཅད་ལ་མཁས་ཤིང་། ཡོན་ཏན་མ་ལུས་པ་ཐམས་ཅད་ཀྱི་རྒྱན་དང་ལྡན་པ་ཞིག་བཞུགས།

དེར་སོང་ལ་སྒྲོ་འདོགས་ལེགས་པར་ཆོད་ལ་གསང་སྔགས་བླ་ན་མེད་པ་ཉམས་སུ་ལོངས་

ལ་གྲུབ་པ་བརྙེས་པར་གྱིས་དང་། ཁྱོད་སེམས་ཅན་མང་པོ་ལ་ཕན་ཐོགས་པ་ཞིག་འདུག་

གསུངས།

དེ་ནས་སོང་སྟེ་གུ་རུ་རཏྣའི་དྲུང་དུ་ཕྱིན་ནས། དེ་སྣོད་ལྡན་དུ་གཟིགས་ནས། བདེ་

མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་མདུན་གྱི་ནམ་མཁར་སྤྲུལ་ཏེ། དབང་བཞི་

རྫོགས་པར་བསྐུར། མཆོག་གི་དངོས་གྲུབ་ཐོབ། སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་དུ་

བགྲོད་པ་ལ་ཐོགས་པ་མེད་པར་བྱུང་། ལོ་གསུམ་བླ་མའི་དྲུང་དུ་བསྡད། མདོ་རྒྱུད་ཀྱི་ཆོས་

ཐམས་ཅད་ལ་སྒྲོ་འདོགས་ཆོད་པར་བྱས། ཁྱད་པར་བླ་མེད་ཀྱི་བསྐྱེད་རྫོགས་ལ་མཁས་

ཤིང་གྲུབ་པ་བརྙེས་པར་བྱས། དེ་ནས་བླ་མའི་ཞལ་ནས་ཁྱོད་རྡོ་རྗེ་གདན་གྱི་བྱང་དུ་སོང་

དང་། མུ་སྟེགས་པ་འདུལ་དགོས་པ་ཡོད། ཁྱོད་མིན་པ་རྩོད་ནུས་པ་སུ་ཡང་མི་འདུག་

གསུངས་ནས། ལོ་བཅུ་དྲུག་དུས་སུ་རྡོ་རྗེ་གདན་དུ་ཕྱིན་ནས་མུ་སྟེགས་པ་དང་བརྩད་པས་

མུ་སྟེགས་པ་ཕམ་ནས་འབུམ་ཚོ་གཅིག་ནང་བའི་སྡེ་ལ་བཙུད། རྡོ་རྗེ་གདན་དུ་ལོ་བཞི་

བསྡད། དེ་ནས་རྗེ་བཙུན་མ་སྒྲོལ་མས། བོད་དུ་འགྲོ་དོན་ལ་འགྲོ་དགོས་གསུངས་ནས།

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

སྒྲུབ་པ་མྱུར་དུ་གྱིས་ཤིག་གསུངས། དེ་ནས་གནས་འགྲིམ་ཞིག་བྱེད་དགོས་དགོངས་ནས།

བྱང་ངོས་སུ་བཞུད་པས། དུར་ཁྲོད་ཅིག་ཏུ་ཕྱིན་ནས་དེར་ཉལ་ཙམ་ན། དུར་ཁྲོད་ཀྱི་མཁའ་

འགྲོ་མ་རུས་པའི་རྒྱན་དང་གྲི་གུག་ཁ་ཊྭཱཾ་ཐོགས་པ་ཞིག་གིས། ཁྱོད་ངའི་དུར་ཁྲོད་འདི་མིན་

པ་ཉལ་ས་མེད་པ་ཨེ་ཡིན་ཟེར་ནས་ཆོ་འཕྲུལ་ཡ་མ་ཟུང་མང་པོ་བསྟན། ཁོང་གིས་ཏིང་ངེ་

འཛིན་གྱིས་གཟིར་བས། མཁའ་འགྲོ་མ་དེས་སྲོག་སྙིང་ཕུལ་ཏེ་དམ་བཅའ་བྱས་སོ། །

དེའི་ཐོ་རངས་ནམ་མཁའ་ལ་བདག་མེད་མ་ལྷ་མོ་བཅོ་ལྔའི་ཞལ་གཟིགས་ནས།

རྣལ་འབྱོར་པ་ཁྱོད་པོ་ཏ་རིར་སོང་ལ་སྒྲུབ་པ་མྱུར་དུ་གྱིས་ལ་བོད་དུ་གཤེགས་ཤིག་

གསུངས་ནས་འཇའ་བཞིན་ཡལ་ནས་ཐལ། དེ་ནས་ཐུགས་དགོངས་ལ་ང་ལང་ཚོ་ཆུང་བས་

སྒྲུབ་པ་མཐར་ཕྱིན་པ་ཞིག་བྱེད། སྒྲུབ་པ་གང་ལ་བྱས་ན་མཐར་ཕྱིན་པ་འོང་བསམ། བོད་

དམུ་རྒོད་འདུལ་བ་ཡང་དཀའ་བས། གང་གི་སྒོ་ནས་འདུལ་དགོས་པ་ཡང་ཆ་མེད་དམ་

སྙམ་ཙ། བོད་དུ་ནམ་ལངས་བན་བུན་དུས་སྒྱུ་འཕྲུལ་ཆེན་མོའ་ིམ་ཧཱ་མ་ཡ་ལྷ་ལྔ་བྱོན་ནས་

རྣལ་འབྱོར་པ་ཁྱོད་པོ་ཏ་རིའི་བྲག་ཕུག་བྷ་དྲ་ལ་སོང་ལ་ཐུགས་སྒྲུབ་ནག་མོ་ལྷ་ལྔའི་སྒྲུབ་པ་

གྱིས་དང་། མྱུར་དུ་འགྲོ་བ་འདུལ་དགོས་པས་བརྩོན་འགྲུས་མྱུར་དུ་སྐྱེད་ཅིག་གསུངས་

ནས་འོད་དུ་ཡལ་ནས་ཐལ་ལོ། །ནམ་ལངས་ཙ་ན་དུར་ཁྲོད་ཀྱི་མཁའ་འགྲོ་མ་དེས་ངས་

ཁྱེད་ཀྱི་ལམ་མཁན་བྱེད་དོ་ཟེར་ཏེ། མཁའ་འགྲོ་མ་དང་འགྲོགས་ནས་རྐང་མགྱོགས་ཀྱིས་

སོང་བས་ཐོགས་པ་མེད་པར་བྷ་དྲ་ཡི་ཕུག་པར་ཕྱིན་ནས། རྗེ་བཙུན་མ་ལྷ་ལྔ་བསྒྲུབས་

པས། ཞག་བཅུ་བཞི་ནས་ཐུན་མོང་གི་དངོས་གྲུབ་བྱུང་། ཟླ་བ་གཅིག་ནས་ཐུགས་སྒྲུབ་ལྷ་

ལྔའི་ཞལ་གཟིགས་ཏེ་ཡེ་ཤེས་གསང་བའི་དཀྱིལ་འཁོར་དུ་དབང་བཞི་རྫོགས་པར་བསྐུར་

ནས། བོད་དུ་འགྲོ་བ་འདུལ་བ་ལ་སོགས་པ་ལུང་བསྟན་མང་དུ་མཛད། མཐར་འོད་དུ་ཞུ་

ནས་རང་གི་ཐུགས་ཀར་ཐིམ་པའི་ཚུལ་བསྟན། དེ་ནས་ཟླ་བ་གཅིག་ཙ། རྗེ་བཙུན་མ་སྒྲོལ་

མ་བྱོན་ནས་བོད་དུ་ལུང་བསྟན་ཅིང་རང་གི་སྙིང་ཀར་ཐིམ། དེ་ནས་ཡར་ངོའ་ིཚེས་གསུམ་

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

ལ་མགོན་པོ་འོད་དཔག་མེད་ཀྱིས་ལུང་བསྟན་དང་རྗེས་སུ་གནང་བ་དང་བྱིན་གྱིས་བརླབ་

པ་མང་པོ་མཛད། ཚེས་བརྒྱད་ལ་སྤྱན་རས་གཟིགས་ཀྱིས་ལུང་བསྟན་དང་བྱིན་གྱིས་བརླབ་

པ་མཛད། ཚེས་བཅུ་ལ་པདྨ་བཛྲ་མཁའ་འགྲོའ་ིཚོགས་དང་བཅས་པ་བྱོན་ནས་ཆོས་ཀྱི་དྲི་

བ་མང་དུ་མཛད་པ་ལ་མ་ཤེས་པ་ཡང་མ་བྱུང་ཞིང་། རྟ་ཕག་གསང་བའི་དཀྱིལ་འཁོར་གྱི་

ཞལ་ཕྱེ་ནས་དབང་བསྐུར་ཅིང་ལུང་བསྟན་བོད་དུ་མཛད། མཁའ་འགྲོ་མ་རྣམས་ཀྱིས་

མཆོད་པ་ཕུལ་ཞིང་བོད་དུ་འགྲོ་བར་གསོལ་བ་བཏབ་བོ། །ཚེས་བཅུ་ནས་བཅུ་བཞིའི་བར་

དུ་མཁའ་འགྲོ་མ་རྣམས་ཀྱིས་བོད་དུ་མྱུར་དུ་འགྲོ་དགོས་པར་རིམ་བཞིན་བསྐུལ། ཚེས་

བཅོ་ལྔའི་ཐོ་རངས་སྔ་བ་ལ་མཁའ་འགྲོ་མ་མཐིང་ནག་རུས་པའི་རྒྱན་ཐོགས་པ་ཁ་ཊྭཱཾ་དང་

གྲི་གུག་འཕྱར་བ་ཤིན་ཏུ་ཁྲོས་པའི་གཟུགས་ཅན་ཞིག་གིས། དགོང་མོ་ཉི་ཤུའི་དུས་ཡིན་རྣལ་

འབྱོར་པ་བོད་དུ་འགྲོ་བའི་ཐུགས་སྐྱེད་ཅིག །ངས་ཁྱོད་བསད་ཀྱིས། རྣམ་ཤེས་ངའི་ཐུགས་

ཀར་མྱུར་བར་སྟིམས་ཤིག་གསུངས་ནས། གྲི་གུག་གདེངས་ནས་གསོད་པའི་ཚུལ་མཛད།

རྣམ་ཤེས་མཁའ་འགྲོ་མ་ལ་བསྟིམས། གདུང་མི་ཉམས་པར་བྱིན་གྱིས་བརླབས་ནས།

མཁའ་འགྲོ་མས་ལམ་མཁན་བྱས་ཏེ་ཐོགས་པ་མེད་པར་བོད་ཀྱི་ཡུལ་ལབ་ཕྱི་དབྱེ་བའི་ར་བ་

གངས་བར་དུ་ཕྱིན་ཏེ། ཡུམ་གྱི་ལྷུམས་སུ་རྟ་ལོ་ཟླ་བ་ལྔ་བའི་ཚེས་བཅོ་ལྔ་ལ་ཞུགས་སོ། །

དེའི་ཡུལ་དང་ཡབ་ཡུམ་ནི། ཡུལ་ལབ་ཕྱི་དབྱེ་བའི་གངས་བར་ངམ་ཤོད་བྱ་བའི་

སྨད་དུ། གྲོང་ཁྱེར་མཚོ་མེར་བྱ་བའི་རྗེ་བོ། འབྲོག་མི་ཞེས་པ་ནི། དཔོན་པོའམ། གཙོ་

བོའམ། ཁས་རྒན་ནམ། ཆོས་ཀྱི་ཟླ་བ་ཞེས་པ་ནི་ཡབ་ཡིན་ནོ། །ཡུམ་ནི་ཕྱུག་པོ་ཚང་གི་བུ་

མོ་འབུམ་ལྕམ་བྱ་བ་ཡིན། ཡབ་ཡུམ་འདི་གཉིས་རིགས་མཐོ་ཞིང་གཟུགས་ལེགས་ཤིང་

འབྱོར་བ་ཆེ་བ། ངང་ཚུལ་དལ་ཞིང་མི་སྡེ་དང་འཁོར་འབངས་ལ་ཤིན་ཏུ་བྱམས་པ། ཅི་བྱེད་

ཐམས་ཅད་ཆོས་དང་མཐུན་པར་སྤྱོད་ཅིང་། ཡོ་བྱད་ཐམས་ཅད་ཆོས་ལ་གཏོང་ཞིང་དཀོན་

མཆོག་ལ་དད་ཅིང་ལྷག་པར་དགེ་འདུན་གྱི་ཞབས་ཏོག་ལ་རེམ་པ། རང་གིས་ཀྱང་ཆོས་སྨྲ་

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

ཞིང་ལུས་ངག་ཡིད་གསུམ་ཆོས་ལ་བསྒྱུར་ཅིང་། གཞན་ལ་ཡང་དེ་བཞིན་དུ་སློབ་པའི་བྱང་

ཆུབ་སེམས་དཔའི་རིགས་བཟང་ཤོས་ཀྱི་ཇོ་བོ་དང་ཇོ་མོ་ཡིན་ཏེ། གྲོང་ཚོ་གྲོང་བ་ལྔ་བརྒྱ་

ཙམ་ལ་དབང་བསྒྱུར་རོ། །ཡུམ་གྱི་ལྷུམས་སུ་ཞུགས་པའི་དུས་ཀྱང་། ཚེས་བཅོ་ལྔའི་ནམ་

ཕྱེད་ཡོལ་བའི་དུས་སུ་མཁའ་འགྲོ་མ་དཀར་མོ་བཞིས་བུམ་པ་དཀར་པོ་བཞི་བཟུང་ནས་

བྱུང་བས། ལུས་མགོ་མཇུག་ཁྱབ་པར་བུམ་ཆུས་བཀྲུས་པས་དྭངས་སངས་ཀྱིས་ཐལ་བ་

རྨིས། མཁའ་འགྲོ་མ་དཀར་མོ་དང་། དམར་མོ་དང་། སེར་མོ་དང་། ལྗང་མོ་བདུན་བདུན་

རེས་མཆོད་པ་མང་པོས་མཆོད་ཅིང་། ཡུམ་མཆོད་དོ་ངེད་ཀྱི་མ་ལ་བཞུགས་པར་ཞུ་ཟེར་བ་

རྨིས། མཁའ་འགྲོ་མ་མཐིང་ནག་ཁྲོས་པའི་ཆ་བྱད་ཅན་རུས་པའི་རྒྱན་དང་གྲི་གུག་འཕྱར་

བ་ཞིག་ལ། མཁའ་འགྲོ་སྔོན་མོ་ནམ་མཁའི་མདོག་འདྲ་བ་གྲི་གུག་ཐོད་པ་བསྣམས་པ་

བཞིས་བསྐོར་བ་བྱུང་ནས། མཁའ་འགྲོ་མ་བཞི་སྔོན་རྒྱབ་དང་གཡས་གཡོན་དུ་བྱུང་ནས་

ལངས་ཏེ་འཇིགས་ཚུལ་སྟོན། མཁའ་འགྲོ་མ་མཐིང་ནག་དེས་ནམ་མཁའ་ནས་གྲི་གུག་དེ་

བྲང་གི་དཀྱིལ་དུ་གདེངས་ཏེ། ཁྱོད་ཀྱིས་མ་རིག་པའི་མུན་སྙིང་དེ་དྲངས་ནས་ངེད་ཀྱིས་ཟའོ་

ཟེར་ནས། བྲང་ཕྱེ་སྟེ་སྙིང་དྲངས་ནས་ཁྲག་དམར་ཙ་ར་ར་འཛག་ཅིང་མདུན་གྱི་མཁའ་འགྲོ་

མའི་ཐོད་པར་བཅུག་ཅིང་དེས་གཏུབ་ཅིང་ཀུན་གྱིས་གསོལ། གཙོ་མོའ་ིཕྱག་ཏུ་དུང་དཀར་

གཡས་སུ་འཁྱིལ་བ་ཞིག་བསྣམས་པ་འབུད་པས་འཛམ་གླིང་ཀུན་ཏུ་ཐོས་སམ་སྙམ་ཙམ་

གྲགས། དུང་གི་ལྟེ་བར་ཨ་དཀར་པོ་འོད་ལྔ་འབར་བ་ཞིག་སྣང་བའི་དུང་དེ་ཁྱོད་ཀྱི་སྙིང་གི་

ཚབ་ཏུ་གཏང་ཟེར་ནས། སྙིང་གི་མལ་དུ་སྦས། ཐུགས་ཀ་ནས་འོད་ཁ་དོག་སྣ་ལྔ་འབར་བ་

ཞིག་སྤྱི་བོར་ཐིམ་སྙམ་པའི་སྣང་བ་བྱུང་། སྔོན་མོ་བཞིའི་འོད་ཀྱིས་ལུས་ཐམས་ཅད་ཁྱབ་

པར་བྱས། སྔོན་མོ་བཞི་འོད་དུ་ཞུ་ནས་ནག་མོ་ལ་ཐིམ། ནག་མོ་ཡང་ནམ་མཁའ་འོད་ཀྱིས་

གང་བའི་གསེབ་ཏུ་ཐལ་སྙམ་པའི་སྣང་བ་བྱུང་། དེ་རྣམས་ལ་བྲེད་པ་དང་ཡིད་མི་བདེ་བ་མ་

བྱུང་ཞིང་། སྙིང་བཏོན་ཀྱང་ན་ཚ་དང་སྡུག་བསྔལ་བ་མེད་པས། ཉམས་དགའ་བ་དང་།

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

ལུས་སེམས་བདེ་བ་དང་། ཤེས་པ་གསལ་བ་དང་། སྔར་མི་འདྲ་བའི་བདེ་བ་མང་པོས་རྒྱས་

པ་རྨིས་པས། རྣལ་སད་ཀྱང་བདེ་བ་འདྲ་མོད། དེའི་ཕྱི་ཉིན་ཉི་མ་བདལ་ཙ། གྲོང་དུ་ཡོད་

པའི་བུད་མེད་ཨ་སྨད་བྱ་བ་ཞིག་བྱུང་ནས། ངས་དཔོན་ཚང་ལ་རྨི་ལམ་བཟང་པོ་བསྐྱལ་

འོང་གི་ཟེར། ཤོག་བྱས་པས་མཆོད་ཁང་ཆེན་མོར་ཕྱིན་ནས་ང་ལ་རྨི་ལམ་ངོ་ཆོག་པ་ཞིག་

ཡོད། ཁྱེད་དཔོན་ཚང་ལ་མི་རབས་མང་པོ་ལ་བསོད་ནམས་ཉམས་པ་མེད་ཅིང་། བསོད་

ནམས་ནམ་མཁའ་དང་མཉམ་པ་ཞིག་འོངས་འདུག་ཟེར་བས། ཇོ་མོས་མདང་དེ་རང་ཡང་

ཐང་སྤྱི་དང་མི་འདྲ་བ་ཞིག་བྱུང་བས། ལུས་སེམས་དང་སྣང་བ་ཐམས་ཅད་ད་ལྟ་ཡང་དགའ་

ཞིང་བདེ་བ་ཞིག་ཡོད་པས། ཨ་སྨད་འདིས་ཅི་འདྲ་ཞིག་རྨིས་ཡོད་སྙམ་ནས། དཔོན་ཚང་

བྱོན་པས། མོ་ལ་ཀ་འབབ་བཟང་པོ་བྱིན་པས། ད་ཤོད་བྱས་པས་མདང་ཐོ་རངས་ཁའི་དུས་

སུ་རང་རེའི་མཁར་འདི་འདི་བས་སུམ་འགྱུར་གྱིས་མཐོ་ལ་གསེར་འཕྲུ་དེ་ཡང་སུམ་འགྱུར་

གྱི་མཐོ་བའི་རྩེ་མོར། གསེར་གྱི་རིམ་པ་གསུམ་འཁོར་བའི་ཕྱོགས་བཞིར་དངུལ་གྱི་མེ་ལོང་

ཟླ་བ་གདུགས་ཙམ་བཞི་རླུང་གིས་བསྐྱོད་པའི་འོད་ཀྱིས་ཡུལ་ཁམས་ཀུན་གསལ་བདོ།

ཕྱོགས་བཞིར་མཁའ་འགྲོ་མ་ཡིན་ཟེར་བའི་བུ་མོ་བཞིས་དུང་དཀར་བཞི་འབུད་པས། གླིང་

བཞིར་ཐོས་པ་ཙམ་དུ་གྲགས་བདོ། ཁང་བའི་ཟུར་བཞིར་བ་དན་དཀར་པོ་ཆེན་པོ་བཞི་རླུང་

གིས་ཕྱོགས་ཕྱོགས་སུ་གཡབ་བདོ། བ་དན་གྱི་མགུལ་དུ་མར་མེ་མང་པོ་བསྒྲིགས་པས་

བསྐོར་བ་རྣམས་ཆེར་འབར་ཞིང་ཐམས་ཅད་གསལ་བར་སྣང་། ནམ་མཁའ་ནས་འོད་མང་

པོ་མར་ལ་ཟུག་སྣང་། དེ་ནས་ང་ཡང་འདིའི་ཁང་གཉའ་ཡ་ཏ་དེར་སྣང་བསམ། བུ་མོ་དུང་

འབུད་པ་ཞིག་ལ། འདིར་ཅི་བྱེད་པ་ཡིན་དྲིས་པས། བུ་མོ་དེས་འདི་ཡུམ་བཞུགས་ས་ཡིན་

ཟེར་རོ། །མཆོད་ཁང་ནང་དུ་རོལ་ཆ་མང་པོ་དི་རི་རི་གྲགས་པ་དང་། འདི་ན་ཅི་བྱེད་པ་ཡིན།

ཡུམ་དེ་སུ་ལ་ཟེར་བ་ཡིན། ནང་དུ་འགྲོ་ས་རྙེད་དམ་སྙམ་ནས་འགྲོ་བའི་སྣང་བ་བྱུང་ཙ།

རྣལ་སད་ཟེར་རོ། །གཞན་ཡང་རྨི་ལམ་རྨིས་པ་བཟང་ཟེར་བ་མང་པོ་བྱུང་ངོ་། །ཁོང་རང་གི་

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

སྲས་མོ་ལོ་བཅུ་དྲུག་ལོན་པའི་འབུམ་མེ་བྱ་བས། དེ་ནུབ་འོད་དཀར་པོ་ཞིག་ནམ་མཁའ་

ནས་མའི་སྟེང་དུ་ཟུག་པས། ཁྱིམ་ཐམས་ཅད་གསལ་བར་མཐོང་། ཡང་བུ་མོ་ལོ་བརྒྱད་པ་

ཙམ་ཞིག་གིས་རྡོ་རྗེ་ཞིག་བཟུང་ནས་བྱུང་བས་ཨ་ཅེ་བདེའམ་ཟེར། གང་ནས་འོངས་བྱས་ཙ།

པོ་ཏ་རི་ནས་འོངས་ཟེར། པོ་ཏ་རི་གར་ཡོད་བྱས་པས་རྒྱ་གར་ན་ཡོད་ཟེར། ཁྱོད་སུ་ཡིན་

བྱས་པས། ང་ཁྱོད་ཀྱིས་མི་ཤེས་སམ། སྒྲོལ་མ་ཡིན་ཟེར་ཏེ། བདེན་ནམ་མི་བདེན་སྙམ། དེ་

བསྙབས་ཏེ་གཟུང་ངོ་སྙམ་ཙ། མའི་པང་དུ་བྲོས་ནས་ཐལ་བ་རྨིས། དེ་ནས་གཉིད་སད་

ཟེར། དེ་ལ་སོགས་པའི་ཡོན་ཏན་གྱི་ལྟས་མང་པོ་བྱུང་། ཡུམ་ཡང་ལོ་བཞི་བཅུ་རྩ་བརྒྱད་ལ་

བྱོན་ཀྱང་གཉེར་མ་སོང་གཞོན་ཤ་རྒྱས་ཤིང་བཀྲག་མདངས་དང་ལྡན་པ་བྱུང་བས། མི་

ཐམས་ཅད་ཀྱིས་ཇོ་མོ་འབུམ་ལྕམ་འདི་ཆོས་ལ་དཀར་བས་ཆོས་བྱས་པའི་བྱིན་རླབས་ཀྱིས།

ད་ནི་ཕྱིར་གཞོན་ནས། དཔོན་མོ་འབུམ་མེ་ཡུམ་སྲས་གཉིས་ལ་ཁྱད་མི་འདུག་ཟེར་བ་བྱུང་།

ཡུམ་ཡང་ལུས་ཡང་ཞིང་སྣང་སེམས་བདེ་བས་རྨི་ལམ་དུ་དག་པའི་སྣང་བ་བསམ་གྱིས་མི་

ཁྱབ་པ་བྱུང་བ་དང་། མཚན་མོ་ཡང་མེ་རུ་གསལ་བ་བཞིན་ཡུལ་སྣང་ཐམས་ཅད་སྒྲིབ་མེད་

དུ་མཐོང་བ་དང་། གཞན་གྱི་ལེགས་ཉེས་ཐམས་ཅད་ཀྱང་སྐབས་རེ་ཙམ་ལ་ཤེས་པ་ཡང་

བྱུང་བས། ཇོ་མོ་རྨི་ལམ་རྣོ་བར་འདུག་ཅེས་ཐམས་ཅད་ཀྱིས་བཏགས་སོ། །

དེ་ནས་ལུག་ལོ་ཟླ་བ་གཉིས་པ་ཡོས་བུ་ཟླ་བའི་ཉི་ཤུ་ལྔ་ནས་ཨ་བགྲངས་པ་དང་ཧ་

རི་ནི་ས་འདོན་པ་ཡུམ་གྱིས་ཚོར། ལུག་ལོ་ཟླ་བ་གསུམ་པའི་ཚེས་བཅུ་གསུམ་གྱི་ནངས་

པར། ཨ་མ་ཟེར་ནས་འབོད་དེ། ངའི་གོས་ནི། རས་གོས་དཀར་པོ་གསར་བ་སྤོས་དང་གུ་

གུལ་གྱི་བདུག་ཅིང་དྲི་བཟང་གིས་སྦགས་པ་ལ་བྱེད་དོ་ཟེར་བ་བྱུང་ནས། རས་དེ་བཞིན་དུ་

ཚགས་བྱས་སོ། །དེའི་ཚེས་བཅོ་ལྔའི་ཐོ་རངས་སྐྱ་རེངས་ཤར་ཙམ་ན་སྐུ་བལྟམས་པས། དྲི་

བཟང་དང་སྤོས་དུད་ཀྱིས་ཁྱིམ་གང་བ་དང་། འོད་ཀྱིས་གང་བ་དང་། རོལ་མོ་མང་པོ་ནམ་

མཁའ་ལ་གྲགས་པ་དང་། མེ་ཏོག་གི་ཆར་བབས་པ་དང་། ཡུལ་མི་ཐམས་ཅད་ཀྱིས་དཔོན་

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

ཚང་གིས་ལྷ་རྣམས་ལ་མཆོད་པ་ཕུལ་བས། མེ་ཏོག་གི་ཆར་དང་། འཇའ་འོད་དང་། ནམ་

མཁའ་ལ་སྒྲ་སྙན་པ་མང་པོ་སྒྲོགས་ཟེར་ཞིང་ཕྱག་བྱེད་དོ། །དེ་ནས་སྐུ་བལྟམས་མ་ཐག་ཏུ་

འཇའ་འོད་ཀྱི་ནང་དུ་ཞབས་བརྐྱང་བསྐུམ་གྱིས་འདུག་སྟེ། ཨ་མ་ཁམས་བདེའམ་ཟེར་ཞིང་

ཨ་བགྲང་ངོ་། །ལྕེ་སྟེང་དུ་ཧྲཱིཿདམར་པོ་འོད་ཟེར་འབར་བ་ཞིག་འཁོར་བའི་ཚུལ་དུ་སྣང་།

དཔྲལ་བར་མིག་ཅིག་སྣང་བ་ལ་འོད་ཁ་དོག་སྣ་ལྔ་རྟའི་རྔ་འཇག་ཙམ་ལྔ་འཇའ་བཞིན་

གཤིབ་པ། སྤྱི་བོའ་ིགཙུག་ཏུ་འོད་དཀར་པོ་མཐེའུ་ཆུང་གི་རྩེ་ཙམ་ཞིག་ལ་ཨ་དཀར་པོ་ཞིག་

གིས་མཚན་པ་ཨ་དེ་ལ་ཟུག་ནས་སྣང་། དེ་ཨ་ཅེ་འབུམ་མེས་རས་ཀྱིས་ལྗིབ་སྟེ་པང་དུ་

བླངས་ནས་ཡུད་ཙམ་ཞིག་རེད་པ་དང་། ལྕེ་སྟེང་གི་ཧྲཱིཿདེ་ལྕེ་ལ་ནུབ་ནས་མི་མངོན་པར་

གྱུར། དེ་ནས་མར་དཀར་དང་། རྒྱལ་མོ་ཀ་ར་སྦྱར་ནས་བྱིན་པས་ཕྱིར་ཕྱུང་ནས་ཟ་མ་

འདོད་ནས། སྤྱན་གསུམ་ཁྲ་ཟིམ་མེ་ནམ་མཁའ་ལ་གཟིགས་ཏེ། དར་ཙམ་ཞིག་ནས་སྤྱི་

བོའ་ིའོད་མར་ནུབ། དཔྲལ་བའི་སྤྱན་གྱི་འོད་ལྔ་ཡང་སྤྱན་ལ་ཕར་ཐིམ་པ་དང་། དེ་ནས་

མགྲིན་པ་མར་ཅུང་ཟད་བཀུག་སྟེ། ཨ་ཅེ་འབུམ་མེའི་གདོང་ལ་ཧྲིག་གེ་གཟིགས་སོ། །དེ་

ནས་དར་ཅིག་ཙམ་རྐན་བརྡེབ་མར་བྱིན་པ་ལེགས་པར་ཟོས་ནས། ལྕེ་སོས་ཤད་ཀྱིས་བྱས་

ཤིང་ཡུམ་ལ་བལྟས་ཏེ་འཛུམ་པ་བྱས། དེ་ནས་ཨ་ཅེའི་པང་དུ་གཉིད་དུ་ཐལ། ཡུམ་ལ་མ་

གནོད་ཅིང་བདེ་བ་དང་དགའ་བ་རྒྱས་སོ། །ནངས་པར་ཁྲ་ས་ལེ་ཨ་ཅེ་ལ་བལྟས་པས།

འབུམ་མེས་མ་ལ་འབོད་དེ། ཨ་མ་བུ་མོ་འདིས་ང་ལ་བལྟས་ནས་མིག་གསུམ་དང་མཛེས་

པ་ལ་རང་རེ་ལ་ཨེ་འདྲ་བ་ཞིག་ཡོད་དོ་ཟེར་ནས་དགའ་ཚོར་ཆེན་པོ་བྱས་སོ། །

དེ་ནས་ཡབ་འོངས་བདོ་ཟེར་བ་ཐོས་པས། འབུམ་མེས་བུ་མོ་དེ་སྦའོ་ཟེར་ནས་མོ་

རང་གི་རས་གོས་སུ་དྲིལ་ཏེ་སྒོ་སྐྱེས་ཀྱི་གྲིབ་ཏུ་བཞག་གོ། །ཡབ་མཆོད་ཁང་དུ་བྱོན་པ་དང་།

འབུམ་མེས། དཔོན་ཚང་ལགས། ཨ་མ་ལ་བུ་མོ་ངན་པ་མིག་གསུམ་ཡོད་པ་ཞིག་བཙས་ཏེ་

འབོར་རམ་བྱས་པས། ཡབ་ཀྱིས་གར་ཡོད་ཁྱེར་ལ་ཤོག་གསུངས་སོ། །དེ་ནས་འབུམ་མེས་

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

བུ་མོ་བླངས་ཏེ་ཡབ་ཀྱི་རྩར་ཁྱེར་བས། ཡབ་ཀྱིས་ལེགས་པར་བརྟགས་ནས། བུ་མོ་འདིའི་

མིག་དབུས་མའི་དཀྱིལ་དུ་ཨ་དཀར་པོ་སྤུས་བྲིས་པ་ཙམ་ཅིག་འདུག་ཅིང་ཕྱག་གི་ཚིགས་

བར་མ་ཆད་པར་དྲ་བར་འབྲེལ་ཅིང་། སེན་མོ་རྣམས་ཅུང་ཟད་དམར་ལ་ཉ་ཕྱིས་ལྟར་འོད་

སྣ་ཚོགས་པ་འཇའ་འོད་ལྟར་གསལ་བ་ལ་ཨོྃ་ཨཱཿཧཱུཾ་གིས་མཚན་པའི་ཡི་གེ་གསུམ་འཆར་

བའོ། །མཁའ་འགྲོ་མའི་མཚན་རྟགས་ཐམས་ཅད་ཚང་བར་འདུག་པས། བུ་མོ་འདི་ལེགས་

པོར་ཉ་ར་གྱིས། འབུམ་མེ་ཁྱོད་ཀྱིས་བུ་མོ་འདི་སྒོར་མ་འཁྱེར་གྲོང་ཁྱེར་དུ་མ་རྒྱུག་ལ་བུ་མོ་

དེ་པང་ཞིག་ཟེར། དེ་ནས་ཉ་ར་ལེགས་པོར་བྱས་པས་སྐྱེད་ཤིན་ཏུ་ཆེ་བ། ལོ་གསུམ་ལོན་

ནས་ཡིག་དྲུག་དང་། ཏཱ་རེ་དང་། ཧྲཱིཿདང་། ཨཱཿདང་། ག་ཏེ་དང་། ཧ་རི་ནི་ས་རྣམས་འདོན་

ཅིང་མཆོད་ཁང་གི་ལྷ་ལ་ཕྱག་བྱེད་པ་ལ་བརྩོན། ལོ་ལྔ་ནས་ཡུམ་གྱིས་ཡི་གེ་བསླབས་ཏེ།

བརྡ་བསྟན་པ་ཙམ་གྱིས་ཡི་གེ་ལ་མཁས་པར་བྱུང་ནས། ཁོང་རང་གི་མཆོད་གནས་ཇོ་མོ་

དམ་པ་ཞིག་ཡོད་པ་ལ། ཡིག་ཆེན་ཐམས་ཅད་སློབ་ཞུས་པས། ལོ་བརྒྱད་ལོན་ཙ། ཤོག་

ཐོག་གི་ཡི་གེ་ལ་མཁས་ཤིང་། ཉིན་རེ་ལ་བརྒྱད་སྟོང་པ་ཚར་གཉིས་ཀློག་ཐོན་ནོ། །མཆོད་

གནས་ན་རེ། ཇོ་མོ་ཁྱོད་ཀྱི་བུ་མོ་འདི་རང་རྒྱུད་པ་མ་ཡིན་བྱུང་། མཁའ་འགྲོ་མ་བཟང་མོ་

ཞིག་ཡིན་པར་འདུག །ངས་ནི་མོའ་ཤི ེས་རབ་ཀྱི་རྩེ་མི་ནོན་པར་སྣང་། འདིའི་ཤེས་རབ་ནི་

ནགས་ཆེན་པོ་ལ་མེ་མཆེད་པ་བཞིན་འབར་བདོ། ཤེས་རབ་སྒྲོན་མེ་ཞེས་མིང་ཐོགས་ཤིག་

ཟེར། ཡུམ་གྱིས་ཀྱང་སྔར་སྒྲོན་ཚེ་མ་མིང་བྱས་པས། དེ་ནས་མི་སྡེ་ཐམས་ཅད་ཀྱིས་ཇོ་མོ་

འབུམ་ལྕམ་ལ་བུ་མོ་མིག་གསུམ་དོད་པ་ཞིག་ཡོད་ཟེར་བ་ཐོས་པས། ཐམས་ཅད་གཟིགས་

མོ་ལ་འོངས་ཏེ། མཐོང་བ་ཙམ་གྱིས་ཡིད་ཆགས་ཤིང་སྨོན་ཅིང་སྙན་པ་སྒྲོགས་སོ། །ཡུལ་

མི་ཐམས་ཅད་ཀྱིས་ཨ་སྒྲོན་ཚེ་འདི་སངས་རྒྱས་ཀྱི་སྤྲུལ་བ་ཡིན་པར་ངེས་ཟེར་ཞིང་། ཀུན་

གྱིས་ཕྱག་དང་བྱིན་རླབས་ཞུས་སོ། །འབུམ་མེ་ཡང་དགེ་བཤེས་ཨ་སྟོན་བྱ་བ་ལ་སྐྲ་

སྤངས་ཏེ་བཙུན་མ་བྱས་པས། མིང་ཡང་སྟོན་མཚོ་རིན་ཆེན་འབུམ་བཏགས། མཁས་པས་

10

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

གྲྭ་ཐོག་ཆོད་པ་ཞིག་བྱུང་ངོ་། །

དེ་ནས་མངའ་བདག་རྒྱལ་པོས་སྟོན་མོ་ཆེན་མོ་བཤམས་ནས། ཆོས་ཀྱི་ཟླ་བ་རྒྱལ་

མཚན་དང་། ཇོ་མོ་འབུམ་ལྕམ་གཉིས་ལ། བུ་མོ་ཆུང་བ་དེ་ཁྱེར་ལ་ཤོག་ཟེར་ནས་མངག་

བཞུད་པ་བཏང་བས། ཆོས་ཟླ་ཡབ་ཡུམ་དཔོན་གཡོག་ཉི་ཤུ་རྩ་གཉིས་ཀྱིས་སྒྲོན་ཚེ་ཁྲིད་

ནས་འོངས་པས། མངའ་བདག་གི་དྲུང་དུ་ཕྱིན། མངའ་བདག་གིས་བུ་མོའ་ིསྙན་པ་ཐོས་

པས། དེའི་ཕྱིར་ཁོང་ཡུམ་སྲས་རྣམས་ལ་བསུ་བ་བཟང་བ་བྱས་ཤིང་། བུ་མོ་དེ་ཁྲིད་ལ་ཤོག་

གསུངས་ནས། མ་བུ་གཉིས་མངའ་བདག་གི་དྲུང་དུ་ཕྱིན་པས། མ་ནི་ཅུང་ཟད་ཞུམ་པས་

མངའ་བདག་གི་ཞལ་བྱོན་པའི་ལན་མ་ཐོབས་ཤིང་སྐད་འདར་བ་དང་། སྒྲོན་ཚེ་ཞུ་བ་ཕུལ་ཏེ།

པཎྜི་ཏ་དང་དགེ་བཤེས་མང་པོ་བཞུགས་པ་དང་། དཔོན་སྐྱ་རྣམས་ཀྱིས་བུ་མོ་འདི་ངོ་དྲག་

པ་དང་། མིག་གསུམ་དང་འདི་ཅི་འདྲ་བ་ཡིན། མི་དྲང་པོ་ནི་མ་ཡིན་པར་ངེས་སོ་ཟེར་སྐད།

དེ་ནས་རྒྱལ་པོས་ཡི་གེ་འདྲ་ཤེས་སམ་གསུངས་པ་ལ། སྒྲོན་ཚེས་ཡི་གེ་ཤེས་ཟེར། དེ་ནས་

འཕགས་པ་སྡུད་པ་ཞིག་ལྟ་རུ་བཅུག་པར། སྐད་འགྱུར་གསུམ་གྱིས་ཀློག་པས། ཐམས་ཅད་

ཀྱིས་སྐད་འགྱུར་དང་ཡི་གེ་ལ་མཁས་འདུག་ཟེར། པཎྜི་ཏས་ཁྱོད་ཀྱིས་དོན་ཤེས་སམ་དྲིས་

པ་ལ། དོན་ཤེས་ཟེར་ནས་བཤད་པ་ལ། ཐམས་ཅད་ཡིད་ཆེས་ཏེ་རང་རྒྱུད་པ་ཞིག་མ་བྱུང་།

ཡེ་ཤེས་ཀྱི་མཁའ་འགྲོ་མའི་སྤྲུལ་པ་ཡིན་པར་ངེས་ཟེར་ཏེ། རྒྱལ་པོས་འདིར་ཤོག་དང་ངས་

བརྟག་པ་བྱེད་གསུངས་ནས་བརྟག་པ་མཛད། དཔྲལ་བའི་མིག་དེ་ལ་གཟིགས། གཞན་

ཡང་མཁའ་འགྲོའ་ིམཚན་རྟགས་ཀུན་ཚང་བར་གཟིགས་ནས་རྒྱལ་པོ་མཉེས་ཏེ། མིང་ཅི་

ཡིན་གསུངས་པས། རིན་ཆེན་སྒྲོན་མ་ཡང་ཟེར། སྒྲོན་ཚེ་ཡང་ཟེར། ཨ་སྒྲོན་ཡང་ཟེར་ཏེ།

དེ་ནས་རྒྱལ་པོས་སྒྲོན་མའི་མིང་དང་ལབ་ཕྱིར་སྐུ་འཁྲུངས་པས་ལབ་སྒྲོན་ཞེས་ཐོགས་དང་།

རྟེན་འབྲེལ་འགྲིག་པ་ཡིན་གསུངས་ནས་པཎྜི་ཏ་དང་། དགེ་འདུན་པ་རྣམས་དང་། དཔོན་

འགོ་བ་རྣམས་དང་། ཁྲོམ་འབུམ་ཚོ་གསུམ་ཐམས་ཅད་ཀྱིས་ལེགས་སོ་ཟེར་ནས། ཐམས་

11

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

ཅད་ལ་ལབ་སྒྲོན་དུ་གྲགས་སོ། །

དེ་ནས་ཁྲོམ་ཚོགས་རྣམས་ཀྱང་ལབ་སྒྲོན་མ་ཟེར་ཞིང་ཀུན་གྱིས་བལྟས་པས།

ཐམས་ཅད་དད་ཅིང་དགའ་ནས་ཡིད་སྨོན་ནོ། །དེ་ནས་རྒྱལ་པོས་ལབ་སྒྲོན་གྱི་སྔར་གྱི་ན་

བཟའ་རྣམས་བརྗེས་ཏེ། ན་བཟའ་གསར་པ་ཕྱིང་ལྷམ་དང་བཅས་པ་གསོལ་ཏེ། རྙིང་པ་

རྣམས་རྒྱལ་པོ་ཁོང་རང་གི་རྟེན་དུ་བཞུགས་སོ། །དེ་ནས་ཡབ་ཡུམ་དང་བཅས་པ་ལ་རྟ་

གསུམ་དང་། དེ་ལ་སོགས་པའི་སྣ་སྤོམ་སུམ་ཅུ་གནང་ནས། ཁྱེད་དཔོན་གཡོག་རྣམས་

ཀྱིས་བུ་མོ་ལབ་སྒྲོན་འདི་གང་ཐོད་ཐོད་དུ་མ་གཏང་། མི་སྡིག་ཅན་དང་འཕྲད་ན་གྲིབ་ཕོག་

པ་ཡོད་པས། ཉ་ར་ཐིངས་པོ་ཞིག་བྱེད་དགོས། རང་རེ་གངས་ཅན་པ་ཐམས་ཅད་ལ་ཕན་

ཐོགས་ནུས་པ་ཞིག་འདུག་གསུངས།

དེ་ནས་ངམ་ཤོད་མཚོ་མེར་གྱི་རྫོང་དུ་ཕྱིན་པ་དང་། ལོ་ལྔ་ལ་མཆོད་ཁང་དུ་མ་བུ་

གཉིས་ཀས་ལྡོག་བཤད་ནས་རྒྱས་འབྲིང་རྣམ་གསུམ་ལ་ཞལ་ཐོན་མཛད་བཞུགས་པས།

དགོང་ལོ་བཅུའི་དུས་སུ་ཉིན་གཅིག་པོ་ཏི་བཞི་ཚར། བཅུ་གསུམ་ལོན་ནས་བརྒྱད་ཚར། དེ་

ནས་ཡུམ་གྲོངས་ནས་བཅུ་གསུམ་ལོ་ལ་སྟོན་མཚོ་རིན་ཆེན་འབུམ་གྱིས་ཁྲིད་ནས་དགེ་

བཤེས་ཨ་སྟོན་ལ་མཇལ་དུ་ཕྱིན་པས། དགེ་བཤེས་ཀྱི་ཞལ་ནས། འབུམ་མེ་ཁྱོད་ཀྱི་བུ་མོ་

འདི་ལ་མཁའ་འགྲོ་མའི་མཚན་རྟགས་ཀྱང་ཚང་འདུག །ཡི་གེ་གསུམ་པ་ཞིག་ལྟ་རུ་བཅུག་

གསུངས། དེ་ནས་བརྒྱད་སྟོང་པ་བཀླགས་པས་ནས་ཞོ་ཞིག་བཏགས་པ་དང་མཉམ་པོར་

ཚར་ཏེ། སྟོན་པས་ཨ་ལ་ལ། འདི་ལ་སྐད་འགྱུར་བཟང་པོ་མི་འདྲ་བ་བརྒྱད་ཡོད་དོ་ཟེར།

ཀློག་པའི་གྲྭ་ཐོག་ཆོད་པ་ཞིག་བྱུང་ངོ་། །ད་འདི་ལ་དོན་བཤད་པར་བྱའོ་གསུངས་ནས། ལོ་

གསུམ་སྟོན་པའི་དྲུང་དུ་ཨ་ཅེ་འབུམ་མེ་དང་སྟབས་སུ་བསྡད། སྟོན་པའི་ཕ་རོལ་ཏུ་ཕྱིན་པ་

ས་བཅུ་ལམ་ལྔའི་ཚུལ་དུ་འཆད་པས། དོན་བཤད་པ་ལ་སྟོན་པ་དཔོན་སློབ་དང་། གཞན་

དགེ་བཤེས་སུས་ཀྱང་གླགས་མ་རྙེད་དོ། །དེ་ནས་སྟོན་པའི་ཞལ་ནས། ངས་ཁྱོད་ཀྱི་སློབ་

12

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

དཔོན་མི་བསྟེན་པར་སྣང་བས། ད་ གཡོནརུ next hit་གྲྭ་ཐང་དུ་གྲྭ་ཡི་རྡོ་ཕྲེང་བྱ་བ་ན། གྲྭ་བ་མངོན་

ཤེས་ཅན་བྱ་བ་མཁྱེན་པ་དང་ལྡན་ཞིང་། ཡོན་ཏན་ཐམས་ཅད་ཤིན་ཏུ་ཟབ་པར་མཁྱེན་པའི་

སྟོན་པ་ཞིག་གིས་གྲྭ་བ་མང་པོ་སྐྱོང་བ་ཞིག་ཡོད་དོ། །དེར་བཞུད་ལ་སྒྲོ་འདོགས་ཆོད་

གསུངས། དེ་ནས་ལོ་བཅུ་དྲུག་དུས་སུ་ཨ་ཅེ་དང་གཉིས་ཀ་གྲྭ་བའི་དྲུང་དུ་ཕྱིན་ནས། གྲྭ་

བའི་ཞལ་ནས། འབུམ་མེ་ཁྱོད་ཀྱི་བུ་མོ་ཡི་གེ་ལ་མཁས་པ་དེ་འདི་ཡིན་ནམ་གསུངས། འདི་

ཡིན་ཞུས་པས། འོ་ན་ངའི་མཆོད་གནས་གང་མཁས་ཚད་གྱིས་གསུངས་ནས། ཁོང་ལ་རྒྱ་

ཕར་ཕྱིན་དྲུག་འགྱུར་ཞེས་སྐད་འགྱུར་དྲུག་གི་སྒོ་ནས་ཀློག་པས། གླེགས་བམ་བཞི་ཉིན་

གཅིག་ལ་ཚར་བ་ཞིག་ཡོད་པ་དང་། ལབ་སྒྲོན་གཉིས་ལ་ཉིན་གཅིག་ལྷན་ཅིག་ཏུ་ཀློག་ཏུ་

བཅུག་པས། རྒྱ་དྲུག་འགྱུར་གྱིས་པོ་ཏི་བཞི་ཚར་ལབ་སྒྲོན་གྱིས་པོ་ཏི་བཅུ་གཉིས་པོ་ཐམས་

ཅད་སྐད་འགྱུར་བརྒྱད་ཀྱི་སྒོ་ནས་བཀླགས་པས་ཚར། དེ་ནས་གྲྭ་པའི་ཞལ་ནས། ཨ་ཇོ་མོ་

ཇོ་ཆུང་མ་འདིས་རྒྱ་དྲུག་འགྱུར་བས་སྐད་གཉིས་ཀྱིས་ལྷག་ཅིང་ལྕེ་བརླབ་ལ་རྗེས་ནི་ཉེ་བ་

ཡང་མི་རྙེད་པར་འདུག་པས། འདི་ཇོ་མོ་ཇོ་ཆུང་མ་ལ་ངའི་མཆོད་གནས་བྱེད་དོ་གསུངས།

དེ་ནས་འབུམ་མེ་ན་རེ། ཨ་སྒྲོན་རང་ཅག་གཉིས་སྒྲུབ་པ་བྱས་ནས་མཁའ་སྤྱོད་དུ་ཨེ་འགྲོ་

ཟེར་བ་ལ། ལབ་སྒྲོན་ན་རེ། ང་ནི་མི་འགྲོ་སེམས་ཅན་ཐམས་ཅད་ལ་ཕན་གདགས་དགོས།

ཁྱོད་འགྲོ་རིངས་པར་འདོད་ན་སྒྲུབ་པ་མྱུར་དུ་གྱིས་ལ་མཁའ་སྤྱོད་དུ་ཁམས་བདེ་བར་

གཤེགས་དང་། ངས་ཀྱང་འགྲོ་དོན་རྫོགས་ནས་འོང་གི་དེ་དུས་འཕྲད་པར་བྱའོ་ཟེར། དེ་

ནས་སྟོན་མཚོ་རིན་ཆེན་འབུམ་གྱིས་སྒྲུབ་པ་ལོ་གསུམ་བྱས་ཏེ་མཁའ་སྤྱོད་དུ་ཕུང་པོ་ལྷག་

མ་མེད་པར་གཤེགས་སོ། །དེ་ནས་གྲྭ་པ་མངོན་ཤེས་ཅན་གྱིས། ལབ་སྒྲོན་སྣོད་ལྡན་དུ་

གཟིགས་ནས་མདོ་མང་དང་། འབུམ། ཉི་ཁྲི། བརྒྱད་སྟོང་པ་དང་། མདོ་ཕྲན་མང་པོའ་ི

བཀླག་ལུང་དང་། དེའི་དོན་གྱི་བཤད་པ་མང་པོ་མཛད་པས། འབུམ་གྱི་འགྲེལ་ཆེན། ཉི་

ཁྲིའི་འགྲེལ་ཆུང་ནས་ཡི་གེ་གཅིག་མ་ཡན་ཆད་ཀྱི་དོན་བཤད་པ་ལ་མཁས་ཤིང་རྟོགས་པ་

13

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

ཁྱད་པར་རྒྱུད་ལ་སྐྱེས་ནས། བླ་མ་ལ་རྟོགས་པ་ཕུལ་བས། བླ་མ་ཤིན་ཏུ་མཉེས་ནས། ཇོ་མོ་

ཁྱོད་ཀྱིས་རྒྱས་འབྲིང་རྣམ་གསུམ་ཐུགས་སུ་ཆུད་ཅིང་། མདོ་སྡེ་ལ་རང་དབང་ཐོབ་པར་

འདུག །ངས་ནི་དེ་ཙམ་བློ་ལ་ཆུད་པ་དཀའ་བར་འདུག་གསུངས་ནས། ལིང་བེར་དམར་

སྨུག་པདྨ་རིས་དབྱེར་བ་ལ་ཕྱི་བྱས། དཀར་པོ་ཞིག་ལ་ནང་བྱས་པའི་ཞྭ་མོ་ཞིག་ལ་པད་

འདབ་བཅུ་པའི་ཚུལ་དུ་བྱས་པ་ཞིག་ལ་གོས་ཆེན་ཁ་མ་ཉམས་པ་ལྔ་སྟེ་ཁ་དོག་སྣ་ལྔ་པའི་

རྒྱབ་ཏུ་ཁ་ལྔ། གཡས་གཡོན་དུ་ལྔ་ལྔ་སྟེ། བཅུ་བཏགས་ནས་དབུ་ལ་གསོལ། སྐུ་ལ་ཡང་ན་

བཟའ་ཕྱི་ནང་ཆ་ཚང་བ་དང་། ལྷམ་ཆུང་དང་བཅས་པ་གསོལ་ཏེ། སྟན་འབོལ་གསུམ་

བརྩེགས་པའི་སྟེང་དུ་གྲུམ་རྩེ་གསར་བ་ཞིག་བཏིངས་པའི་གདན་ལ་བཞུགས་པར་ཞུས་

ནས། བླ་མ་གྲྭ་པའི་ཞལ་ནས། ངའི་བླ་མཆོད་ལ་ལོ་བཞི་བཞུགས་པར་མཛོད་གསུངས་

ནས། མིག་རྩེ་གཅིག་ཏུ་བཞུགས་ཤིང་། དར་ཞྭ་དེ་མནབས་པས་སྐེད་པ་ཡན་ཆད་དར་སྔོ་

དམར་གྱིས་ཁེབས་ནས་མཛེས་དཔུང་ངེ་འདུག་པས། བླ་མའི་ཞལ་ནས། དཔོན་མོ་ཆུང་

ཆུང་འདིས་གོན་ཙ་མཛེས་པར་འདུག་གསུངས་པས། མི་ཐམས་ཅད་ཀྱིས་ཇོ་མོ་ཞྭ་ཆུང་ཅན་

ཞེས་བཏགས་པས་ཐམས་ཅད་ལ་གྲགས་སོ། །དཔོན་མོ་ལབ་སྒྲོན་ནི་ཚུལ་ཚགས་དམ་ལ་

གཙང་སྦྲ་ཆེ་ཞིང་ལུས་ངག་ཡིད་གསུམ་སྙན་ཞིིང་བཙུན་པས་བག་ཡོད་པའི་ངང་ཚུལ་དང་

ལྡན་ནས། དགེ་འདུན་གྱི་གྲལ་ལ་གནས་ཤིང་། ཡུལ་གྲོང་དུ་འགྲོ་མི་སྤྲོ་ཞིང་། དགོན་པ་རི་

ཁྲོད་དུ་འདུག་པ་ལ་སྤྲོ་བ་ཆེན་པོ་བྱེད་པ་དང་། བླ་མ་དང་དགེ་འདུན་དང་གྲོགས་པོ་ལ་ཤིན་

ཏུ་གུས་ཤིང་དད་པས་གདུང་སེམས་བྱེད་དོ། །བླ་མའི་མཆོད་གནས་ལོ་བཞི་བྱེད་པར་དམ་

བཅས་སོ། །དགེ་འདུན་པ་ཐམས་ཅད་ཀྱང་དཔོན་མོ་ཆུང་ཆུང་ལ་དད་ཅིང་ཡིད་སྨོན་པར་

བྱེད་ཅིང་སྙན་པ་སྒྲོགས་སོ། །དེའི་དུས་སུ་མི་ཀུན་ན་རེ་རྒྱལ་གྱི་ལྷ་ཁང་དུ་ཨ་ཙ་ར་ཞིག་

ཕྱིན་ནས། རྒྱ་གར་པོ་ཏ་རིའི་བྷ་དྲ་ཕུག་པར་སྒོམ་པའི་པཎྜི་ཏ་ཞིག་འདིར་བོད་དུ་སྐྱེས་ནས་

ལབ་སྒྲོན་དུ་གྲགས་པ་དེ། དེང་སང་གར་ཡོད་ཟེར་བའི་མངོན་ཤེས་མཁྱེན་པ་ཞིག་འདུག་

14

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

ཟེར་སྐད། དེའི་ནུབ་མོ་དཔོན་མོ་ཆུང་ཆུང་གི་རྨི་ལམ་དུ། མཁའ་འགྲོ་མ་དཀར་མོ་ཞིག་

གིས། རྒྱ་གར་ནས་ཨ་ཙ་ར་ནག་པོ་ཞིག་འདིར་བྱོན་ནས། སང་ཁྱེད་ལ་མཇལ་དུ་འོང་བར་

ཡོད་ཟེར། ཨ་ཙ་ར་དེ་སུ་ཡིན་བྱས་པས། དམ་པ་བྱ་བ་ཡིན་ཟེར། དེ་ནས་ཕྱིས་ཉི་མ་ཤར་ཙ།

རྨི་ལམ་འཁྲུལ་པ་ཡིན་ཀྱང་བདེན་ནམ་སྙམ་ནས། སྒོའ་ིཕྱི་རོལ་ཏུ་བྱོན་ཏེ། གྲྭ་ཡི་རྡོ་འཕྲང་

དུ་ཨ་ཙ་ར་དང་གཏུག་གིས་མཇལ་ཏེ་ཕྱག་འཚལ་ཏེ་ཕྱག་མ་བཞེས་ནས། དབུ་གཉིས་

གཏུགས་པ་མཛད་དེ། དམ་པ་རིན་པོ་ཆེ་བོད་དུ་འགྲོ་དོན་དུ་བྱོན་པ་ངོ་མཚར་ཆེ་ཞུས། དམ་

པའི་ཞལ་ནས། ཡེ་ཤེས་ཀྱི་མཁའ་འགྲོ་མ་ལབ་སྒྲོན་ཁྱོད་བོད་དུ་འགྲོ་དོན་ལ་བྱོན་པ་དེ་

བས་ཀྱང་ངོ་མཚར་ཆེ་ལ་རྗེས་སུ་ཡི་རང་གསུངས། དེ་ནས་ལབ་སྒྲོན་གྱིས་ངས་འགྲོ་དོན་ཇི་

ལྟར་བགྱི་ཞུས་པས། དམ་པའི་ཞལ་ནས། བུ་མོ་ཁྱོད་མཚང་ཡུལ་ནས་ཐོན། མི་ཕོད་པ་

རྫིས། མི་ནུས་པ་བསྒྱུར། འཁྲི་བ་ཆོད། ཞེན་པ་ཐོངས། གཉན་ས་འགྲིམས། སེམས་ནམ་

མཁའ་ལྟར་ཤེས་པར་གྱིས་ལ། གཉན་ཁྲོད་སངས་རྒྱས་རིང་ལ་ཚོལ་དང་། ཁྱོད་ཀྱི་བསྟན་

པ་མཁའ་ལ་ཉི་མ་ཤར་བ་བཞིན་དུ་འོང་བ་ཡིན་གསུངས་ནས་ལུང་བསྟན་པར་མཛད། དམ་

པ་ཡང་བཞུད་དོ། །

ལབ་སྒྲོན་ཡང་ནང་དུ་བྱོན་ནས་ཀློག་འདོན་མཛད། དེའི་དུས་སུ་ཉིན་གཅིག་ཙམ།

སྐྱོ་ཟུར་པོ་ཆེ་ཤག་འབྱུང་གི་དཔོན་པོ་བསོད་ནམས་གྲགས་པ་ཞེས་པ། ཕྱི་སྡེ་སྣོད་གསུམ་ལ་

མཁས་པ། ནང་རྒྱུད་སྡེ་བཞི་ལ་མཁས་ཤིང་ནུས་པ་ཐོན་པ་གྲྭ་པ་བརྒྱ་ཕྲག་མང་པོ་སྐྱོང་བ་

ཞིག་ཡོད་པ་དེས། འཇིག་རྟེན་པའི་བྱ་བ་ཐམས་ཅད་དང་། ཆོས་བཤད་ཉན་དང་འཁོར་

དང་གྲགས་པ་ཐམས་ཅད་ལ་སྐྱོ་བ་སྐྱེས་ནས་གཅིག་པུར་ཕྱོགས་མེད་དུ་རི་ཁྲོད་ལ་འགྲིམ་

པར་མཛད་པའི་སྐྱོ་སྟོན་པ་བསོད་ནམས་བླ་མ་ཞེས་པ་དེ་བྱོན་ནས། དཔོན་མོ་ཆུང་ཆུང་ཁྱོད་

ཕ་རོལ་ཏུ་ཕྱིན་པའི་ཚིག་ལ་མཁས་པར་འདུག །དེའི་དོན་ཤེས་སམ་གསུངས། དོན་ངས་

ཤེས་བྱས་པས། འོ་ན་དོན་ཤོད་གསུངས། ས་བཅུ་ལམ་ལྔའི་ཚུལ་དུ་བཤད་པས་ལམ་

15

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

བགྲོད་པའི་ཚུལ་དང་དོན་ཉམས་སུ་ལེན་ཚུལ་དང་། མཐར་འབྲས་བུ་སངས་རྒྱས་ཐོབ་

ཚུལ་རྣམས་ཞིབ་ཏུ་བཤད་པས། བླ་མའི་ཞལ་ནས། དོན་བཤད་པ་ལ་མཁས་པར་སྣང་སྟེ།

དོན་རང་རྒྱུད་ལ་མ་སྐྱེས་པར་འདུག་གསུངས། དོན་རང་རྒྱུད་ལ་སྐྱེས་བྱ་བ་ཇི་ལྟར་ཡིན་

ཞུས་པས། བླ་མའི་ཞལ་ནས། ད་ལྟར་ཁྱེད་ཀྱིས་གསུངས་པ་དེ་རྣམས་གོ་བ་ཟེར་བ་ཡིན་

ཆོས་ཐམས་ཅད་ཀྱི་དོན་ཇི་ལྟ་བ་བཞིན་ལེགས་པར་ཤེས་པ་བྱ་བ་དེ་མ་ཡིན། ཆོས་ཐམས་

ཅད་ཀྱི་དོན་ཤེས་པ་དེ་རང་གི་རྒྱུད་ལ་སྐྱེས་ནས་འོང་ཙམ་ན། སྔར་གྱི་བློ་འཛིན་སྟངས་དེ་

དང་མི་འདྲ་བའི་བློ་གསར་པ་ཞིག་ཀྲོང་གིས་སྐྱེས་ནས་འོང་བ་ཡིན། དེ་ཡི་དུས་སུ་འཛིན་པ་

ཐམས་ཅད་དང་བྲལ་བློ་ཞིག་སྐྱེས་ནས། འཛིན་མེད་དུ་ཁྲོལ་ཏེ་བྱ་བྱེད་ཀྱི་བློ་ཐམས་ཅད་

དང་བྲལ་ཏེ། བྱར་མེད་ཤེས་རབ་ཆེན་པོའ་ིམེ་ཆེན་རྒྱས་ནས། བདག་འཛིན་མ་རིག་པའི་

མུན་པ་ཐམས་ཅད་འཇོམས་པར་བྱེད་པ་ཡིན་པས། དོན་གྱི་རྩ་བ་རང་སེམས་ལ་ག་དར་

ལེགས་པོར་ཆོད་ཅིག་གསུངས་ནས་བླ་མ་བྱོན་ནོ། །

དེ་ནས་ལབ་སྒྲོན་གྱིས་བླ་མས་ཇི་ལྟར་གསུངས་པ་བཞིན་དུ་ཆོས་ལ་ཞལ་འདོན་

མཛད་ཅིང་དོན་ལ་སེམས་པས། བདུད་ཀྱི་ལེའུའི་ནང་དུ་དོན་ཞིག་རྙེད་དེ། སྔར་དང་མི་

འདྲ་བའི་རྟོགས་པ་ཁྱད་པར་ཅན་ཞིག་རྒྱུད་ལ་སྐྱེས་ནས་བློའ་ིསྤྲོས་པ་ཐམས་ཅད་དང་བྲལ་

ཞིང་བདག་འཛིན་གྱི་མདུད་པ་གྲོལ་ཏེ། བདག་མེད་རྟོགས་པའི་ཤེས་རབ་ཀྱི་ཉི་མ་ཤར་

ནས། བདག་འཛིན་གྱི་མུན་པ་བྱ་བའི་སྒྲ་ཡང་མི་གྲག་པར་ཐལ་ལོ། །དེ་ནས་བདག་འཛིན་

ཆོད་པའི་རྟགས་སུ། སྔར་གོས་བཟང་པོ་རྒྱན་དང་ཁ་དོག་བཀྲག་མདངས་དང་ལྡན་པ་མིན་

པ་མི་གོན་པ་ལ། ཕྱིས་སྤྲང་གོས་དུག་པོ་གང་རྩོག་གོན་པ་ཞིག་བྱུང་བ་ནི། གོས་ཀྱི་སྲེད་པ་

ཆོད་པའི་རྟགས་སོ། །གྲོགས་མཁན་སློབ་བཙུན་པའི་གྲལ་མིན་པ་ལ་མི་འདུག་པ་ལ། ཕྱིས་

མཛ་ེསྤྲང་དང་ལྷན་དུ་འདུག་པ་བྱུང་བ་ན།ི གྲགོ ས་ཀྱ་ིསྲདེ ་པ་དང་བྲལ་བའ་ིརྟགས་ས།ོ །དགོན་

གནས་དང་རི་ཁྲོད་མིན་པ་ལ་མི་སྡོད་པ་ལ། ཕྱིས་མཛེ་ཁང་དང་ལམ་འཕྲང་ལ་སོགས་པ་

16

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

གང་དུ་ཡང་འདུག་པ་ཞིག་བྱུང་བ་དེ་གནས་ཀྱི་ཞེན་པ་ཆོད་པའི་རྟགས་སོ། །མི་ཆོས་ཀྱི་

ཡུལ་དབྱེ་བའི་ལབ་ཕྱི་གངས་བར་དང་། ལྷ་ཆོས་ཀྱི་ཡུལ་previous hit གཡོནརུ next hit་གྲྭ་ཐང་མིན་པ་གཞན་

གར་ཡང་མི་འགྲོ་བ་ལ། ཕྱིས་རྒྱལ་ཁམས་ཕྱོགས་མེད་དུ་འགྲོ་བར་བྱུང་བ་ནི། ཡུལ་གྱི་

ཕྱོགས་རིས་ཞིག་པའི་རྟགས་སོ། །དཀར་གསུམ་དང་མངར་གསུམ་དང་། ཟས་བཟང་ཤོས་

མིན་པ་མི་ཟ་བ་ལ། ཕྱིས་ཤ་ཆང་མ་གཏོགས་པའི་ཟས་ལ་བཟང་ངན་མེད་པར་མཛེ་སྤྲང་གི་

ལག་ཟས་ཀྱང་ཟ་བ་ཞིག་བྱུང་བ་ནི། ཟས་ལ་སྙེམས་པ་ཆོད་ཆེ་བའི་རྟགས་སོ། །སྔར་རང་

ཉིད་ལ་བསྟོད་བཀུར་བྱེད་པ་དང་། བདེ་བ་ལ་དགའ་བ་ཞིག་ཡིན་པ་ལ། ཕྱིས་རང་ཉིད་ལ་

གཤེ་འབར་དང་། སྒྲོ་སྐུར་འདེབས་པ་དང་། སྡུག་བསྔལ་བྱུང་ཡང་ཉམ་ང་དང་ཞུམ་པ་མེད་

པར། བདེ་སྡུག་ཉེ་རིང་ཆགས་སྡང་བཟང་ངན་ཐམས་ཅད་ཆོས་ཉིད་ཀྱི་དབྱིངས་སུ་རོ་

སྙོམས་པས། མི་བདེ་བ་ནི་ཅི་ཡང་མེད་པ་བློ་གཅིག་ཤར་ནས་བྱུང་ངོ་། །

དེ་ནས་དགུང་ལོ་ཉི་ཤུ་ལ་བྱོན་ཏེ། བླ་མའི་མཆོད་གནས་ཀྱི་ལོ་གྲངས་ཚང་ནས། བླ་

མ་ལ་དབང་ཞིག་ཞུ་བྱས་པས། བླ་མའི་ཞལ་ནས། དབང་བསྐུར་ངས་མི་ནུས། དབང་

བསོད་ནམས་བླ་མ་ལ་ཞུས་དང་སྔོན་གྱི་སྨོན་ལམ་འགྲིག་ཅིང་། དབང་ལ་བར་ཆད་མེད་

པར་དངོས་གྲུབ་འཐོབ་པ་ཡིན་གསུངས་ནས་ལུང་བསྟན་མཛད་ཅིང་། གཡག་གི་ཤ་བུབས་

གཅིག་དང་། ཤ་བཟང་པོ་བདུན་དང་། གོས་ཡུག་དམར་པོ་ཞིག་བསྐུར་ནས་བཏང་ངོ་། །དེ་

ནས་དཔོན་མོ་ཆུང་ཆུང་ཕ་མིང་ཨ་ཕའི་ཡུལ་དུ་བྱོན་ནས། མིང་པོ་ཤཱཀྱ་རྒྱལ་མཚན་ལ་

དབང་ཡོན་ཞིག་བསྐུར་བྱས་པས། ནས་ཁལ་བཅུ་གསུམ་བསྐུར་ཏེ། ནས་དང་ཤ་བུབས་

གཅིག་དང་གོས་ཡུག་རྣམས་སྐྱོ་སྟོན་བསོད་ནམས་བླ་མའི་དྲུང་དུ་ཕུལ་ཏེ། ང་ལ་བླ་མ་གྲྭ་

པས་ལུང་བསྟན་ཏེ། ཁྱེད་ལ་དབང་ཞིག་ཞུ་ཞུས་པས། དགེ་བཤེས་ཀྱིས་སྣོད་ལྡན་དུ་

གཟིགས་ནས། དེ་བྱའི་གསུངས་ནས། དབྱེ་བའི་གངས་བར་ལྷ་ཁང་དུ་ཁོང་ཀློག་སྐྱ་ལྷ་

སྐྱབས། བྱ་ཁྲོམ་རྒྱལ། འཛིང་ལྷ་བཟོ། ཞང་སྟོན་འོད་འབར་དང་བཞི་སྔགས་པ་ཡིན་ཇོ་

17

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

ཆུང་མ་དང་ལྔ་ལ་དབང་བསྐུར་ཏེ། དེ་ཡང་དམ་པ་ནས་བརྒྱུད་པའི་མདོ་ལུགས་ཀྱི་ཆོས་

དབང་སེམས་ལ་བསྐུར་བ་བྱའི་ཟབ་པའི་ཏིང་ངེ་འཛིན་གྱིས་དབང་བཞི་ངོ་སྤྲད། ནམ་

མཁའ་སྒོ་འབྱེད་བྱ་བ་ཤིན་ཏུ་བྱིན་རླབས་ཆེ་བའི་བྱིན་རླབས་ཀྱིས་དབང་བསྐུར། དེ་ནས་

ཡང་དམ་པ་ནས་བརྒྱུད་པའི་སྒྱུ་འཕྲུལ་ཆེན་མོའ་ིདབང་བསྐུར། སྐར་མ་རྫོགས་ཙ་ཡེ་ཤེས་

བབས་པས། ཇོ་མོའ་ིལུས་ཁྲུ་དོ་ས་ལ་མ་རེག་པར་ཞི་བའི་གར་སྟབས་ཉི་ཤུ་རྩ་བཞི་མཛད།

གསུང་སཾ་ཀྲི་ཏ་ལྷའི་སྐད་ཀྱིས་དབྱངས་ཡན་ལག་དྲུག་ཅུ་མཛད། ཐུགས་ཆོས་ཉིད་ལ་

ཐོགས་པ་མེད་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཉམས་དང་ལྡན་པས། ཁང་པའི་གྱང་རྩིག་

ལ་ཐོགས་པ་མེད་པར་ཕྱི་རོལ་ཏུ་བུད་ནས། ནམ་མཁའ་ལ་འཕུར་ཏེ་ཤིང་སྡོང་པོ་གསེར་

གློག་བྱ་བའི་རྩ་བར་ཆུ་མིག་འོད་པོ་གནམ་འཁོལ་བྱ་བ་ལ་ཀླུ་རྒྱལ་དྲག་པོ་ཟླ་སྐྱོང་བྱ་བ་

གནས་པས་དེར་སུ་ཡང་ལྟ་མི་བཟོད་པ་དེ་རུ་བྱོན་ནས། ཀླུ་རྒྱལ་ཏིང་ངེ་འཛིན་གྱིས་གཟིར་

བས། ཁོ་མ་བཟོད་ནས་གཞན་ཡང་ཡུལ་ཕྱོགས་ཐམས་ཅད་བསྐུལ་བས། དམག་མང་རབ་

བསགས་ཏེ་ཆོ་འཕྲུལ་ཡ་མ་ཟུང་སྣ་ཚོགས་བསྟན་ཀྱང་། དཔོན་ཆུང་མས་ཕུང་པོ་འདྲེ་

རྣམས་ཀྱི་གཟན་དུ་བསྐྱུར་བས། འདྲེ་རྣམས་ཀྱིས་གླགས་མ་རྙེད་ནས། དམ་བཅས་སྲོག་

སྙིང་ཕུལ་ཏེ། ཀླུ་རྒྱལ་ཟླ་བ་སྐྱོང་བྱེད་ལ་སོགས་པ་རྣམས་ཀྱིས་ཕྱིན་ཆད་སེམས་ཅན་གཞན་

ལ་གནོད་པ་མི་བྱེད་ཅིང་། དཔོན་ཆུང་མའི་བསྟན་པ་སྐྱོང་བར་དམ་བཅས་སོ། །

དེ་ནས་ནམ་གུང་ལ་སྒྱུ་འཕྲུལ་ཆེན་མོ་ལྷ་ལྔ་མཐོང་བའི་ལྷ་མོ་དང་བཅས་པ་ཞལ་

གཟིགས་ཏེ་དབང་བཞི་རྫོགས་པར་བསྐུར། དེའི་རྗེས་སུ་ཁྲོས་མ་ལྷ་ལྔའི་དབང་བཞི་

རྫོགས་པར་བསྐུར་ནས་སྣང་སྲིད་མི་དང་མི་མ་ཡིན་པ་དབང་དུ་སྡུད་ལ་བླ་ན་མེད་པའི་བྱང་

ཆུབ་ལ་འགོད་པའི་ལས་ལ་མྱུར་དུ་བརྩོན་པར་གྱིས་ཤིག་གསུངས། དེའི་རྗེས་སུ་བདེ་

མཆོག་འཁོར་ལོའ་ིལྷ་ཚོགས་མཁའ་འགྲོ་རྒྱ་མཚོའི་ཚོགས་དང་བཅས་པས་ལུང་བསྟན་དང་

རྗེས་སུ་གནང་བ་མང་པོ་མཛད་དོ། །དེའི་རྗེས་སུ་ཡུམ་ཆེན་མོ་ལ་ཕྱོགས་བཅུའི་སངས་རྒྱས་

18

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

ཀྱིས་བསྐོར་བ་བྱོན་ནས། ཕྱག་བརྐྱངས་ཏེ་མགྲིན་གཅིག་ཏུ་ཐམས་ཅད་ཀྱིས་བྱིན་རླབས་

མཛད་དེ། རྣལ་འབྱོར་མ་ཁྱོད་ཀྱིས་གཉན་ཁྲོད་ཕྱོགས་མེད་དུ་འགྲིམ་ལ་སེམས་ཅན་གྱི་

དོན་ལ་སེམས་བསྐྱེད་རྒྱ་ཆེན་པོ་སྐྱེད་ཅིག་གསུངས། ནམ་ཐོ་རངས་ལ་རྗེ་བཙུན་སྒྲོལ་མ་

བྱོན་ནས་ཐུགས་བཅུད་མ་རིག་མུན་སེལ་རྒྱུད་ནས་དབང་བརྒྱ་མཛད་དེ། རྣལ་འབྱོར་མ་

ཁྱོད་དང་། སངས་རྒྱས་ཐོད་པའི་སྤྲུལ་པ་ཐོད་པ་བྷ་ཏྲ་ཡ་ཞེས་པའི་རྣལ་འབྱོར་པ་གཅིག་

བོད་དུ་བྱོན་པ་དང་། ཐབས་ཤེས་འགྲིག་པར་གྱིས་ལ་གཉན་ཁྲོད་དང་ཆུ་མིག་བརྒྱ་རྩ་

བརྒྱད་དུ་འགྲོ་དོན་གྱིས་དང་། ཁྱོད་ཀྱི་བསྟན་པ་མཁའ་ལ་ཉི་མ་ཤར་བ་བཞིན་འོངས་ནས་

ཕྱིར་མི་ལྡོག་པའི་ས་ནོན་པ་ཡིན་གསུངས་པ་ལ་སོགས་གཞན་ཡང་ལུང་བསྟན་མང་དུ་

མཛད་ནས་འཇའ་ཡལ་བ་བཞིན་དུ་ཡལ་སོང་ངོ་། །དེ་ནས་ནངས་པར་བཙལ་བས། སྡོང་

པོ་གསེར་གློག་གི་རྩར་རྙེད་དེ། ནང་དུ་བྱོན་ནས་གོས་རྐྱང་བ་དང་བླ་མའི་དྲུང་དུ་ཕྱིན་ནས།

ཉོན་མོངས་མེད་ཅིང་གོས་མེད་གཅེར་བུ་ཡིས། །ཁྲེལ་མེད་ངོ་ཚ་བྲལ་བའི་ཕྱག་གཅིག་

འཚལ། །ངེས་པར་སྒྲིབ་པ་སེལ་མཛད་པའི། །བླ་མ་མཆོག་ལ་ཕྱག་འཚལ་ལོ། །མཐོ་རིས་

འདྲེན་ལ་ཕྱག་འཚལ་ལོ། །ངན་སོང་སྐྱོབ་ལ་ཕྱག་འཚལ་ལོ། །ཞེས་གསུངས་ནས་ཕྱག་

འཚལ་ལོ། །དེ་ནས་གྲོགས་རྣམས་ཀྱིས་དཔོན་ཆུང་མ་འདིས་མདང་དབང་གི་དངོས་གཞི་

མ་ཐུབ་ཟེར་སྐད། བླ་མའི་ཞལ་ནས། འདུས་བྱས་རྫས་ཀྱི་དབང་དེ་ཁྱེད་ཚོས་ཐོབ། ཆོས་

ཉིད་དོན་གྱི་དབང་དེ་ཇོ་ཆུང་འདིས་ཐོབ་གསུངས།

དེ་ནས་ནངས་པར་དབང་གི་དངོས་གཞིའི་དོན་དུ་གསོལ་བ་བཏབ་ནས་མཎྜལ་འབུལ་

བ་ལ། དཔོན་མོ་ཆུང་ཆུང་གིས་མཎྜལ་འདི་ལྟར་ཕུལ། ཕྱི་སྣང་བ་རྒྱན་གྱི་མཎྜལ་ལ། །ནང་

འབྱུང་བ་བཞི་ཡི་ཆག་ཆག་གདབ། །རིགས་དྲུག་སེམས་ཅན་ཚོམ་བུར་བཀོད། །ཟད་མེད་

རིན་ཆེན་གཏེར་དང་བཅས། །སྐྱབས་གནས་དམ་པ་དཀོན་མཆོག་དང་། །བླ་མ་ཡི་དམ་

མཁའ་འགྲོ་ལ། །ཕྱི་སྣང་བ་རྒྱན་གྱི་མཎྜལ་འབུལ། །བྱིན་གྱིས་རློབས་ལ་བཞེས་སུ་

19

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

གསོལ། །ཞེས་དང་། གསང་དབང་ལ། ནང་ཕུང་པོ་ལུས་ཀྱི་མཎྜལ་ལ། །རང་བྱུང་ལྷན་

སྐྱེས་ཆག་ཆག་གདབ། །རྣམ་ཤེས་ཚོགས་བརྒྱད་ཚོམ་བུར་བཀོད། །ཀུན་གཞི་རིན་ཆེན་

གཏེར་དང་བཅས། །སྐྱབས་གནས་དམ་པ་དཀོན་མཆོག་དང་། །བླ་མ་ཡི་དམ་མཁའ་འགྲོ་

ལ༑ ༑ནང་ཕུང་པོ་ལུས་ཀྱི་མཎྜལ་འབུལ། །བྱིན་གྱིས་རློབས་ལ་བཞེས་སུ་གསོལ། །ཞེས་

དང་། ཤེས་རབ་ཡེ་ཤེས་ལ། སེམས་སྐྱེ་བ་མེད་པའི་མཎྜལ་ལ། །སྣང་སྟོང་གཉིས་མེད་ཆག་

ཆག་གདབ། །དནོ ་དམ་སྣང་བའ་ིཚམོ ་བུར་བཀདོ ། །ར་ོམཉམ་བད་ེཆནེ ་ངང་དུ་འབུལ། །ཟུང་

འཇུག་རྟོགས་པར་བྱིན་གྱིས་རློབས། །ཞེས་དང་། ཚིག་དབང་ལ། གསང་བ་ཆོས་ཉིད་ཀྱི་

མཎྜལ་ལ། །རང་རིག་འོད་གསལ་ཆག་ཆག་གདབ། །འགག་མེད་མཉམ་ཉིད་ཚོམ་བུར་

བཀོད། །གསལ་སྟོང་བདེ་བའི་གཏེར་དང་བཅས། །སྐྱབས་གནས་དམ་པ་དཀོན་མཆོག་

དང་། །བླ་མ་ཡི་དམ་མཁའ་འགྲོ་ལ། །གསང་བ་ཆོས་ཉིད་ཀྱི་མཎྜལ་འབུལ། །བྱིན་གྱིས་

རློབས་ལ་བཞེས་སུ་གསོལ། །ཞེས་མཎྜལ་ཕུལ་ཞིང་། དབང་བཞི་རྫོགས་པར་བསྐུར་ནས།

བསླབ་བྱ་དང་བཅས་པ་ལེགས་པར་བཤད་པས། དཔོན་མོ་ཆུང་ཆུང་གིས་དེའི་དོན་ཐམས་

ཅད་ཐུགས་སུ་ཆུད་ནས། བླ་མ་ལ་ལྷག་པར་མི་ཕྱེད་པའི་དད་པ་ཐོབ་བོ། །དེ་ནས་བླ་མ་ཞྭ་

དམར་བ་ལ་བྱམས་ཆོས་སྡེ་ལྔ་གསན། སེམས་བསྐྱེད་སྐོར་རྣམས་དང་། སྒྲ་འགྱུར་ལ་

སོགས་པ་མང་དུ་ཞུས་ཤིང་ཐུགས་སུ་ཆུད་པར་བྱས་སོ། །བླ་མ་སྦས་སྟོན་པ་ལ་བཀའ་

རྫོགས་པ་ཆེན་པོའ་ིསྐོར་མང་དུ་གསན་ཅིང་། ཉམས་ལེན་དྲོད་ཚད་དང་བཅས་པ་ལ་རང་

དབང་ཐོབ་པར་བྱས། བླ་མ་ཡར་ཏིང་པ་ལ་ཕྱག་རྒྱ་ཆེན་པོ་བརྡ་ཆོས་སྐོར་དང་། ནཱ་རོ་ཆོས་

དྲུག་གི་སྐོར་དང་། རྗེ་བཙུན་མའི་ཆོས་སྐོར་དང་། དུས་ཀྱི་འཁོར་ལོའ་ིསྦྱོར་བ་ཡན་ལག་

དྲུག་གི་སྐོར་དང་། དོ་ཧ་སྐོར་གསུམ་དང་། ཀྲྀ་ཡའི་སྐོར་ཁ་ཡར་ཞུས་པ་རྣམས་ཡང་དག་

པར་ཐུགས་སུ་ཆུད་པར་མཛད།

དེ་ནས་གྲྭ་པའི་མདུན་དུ་བྱམས་ཆོས་སྡེ་ལྔ་ལ་ག་དར་ལེགས་པར་བྱས་ཏེ། བླ་མས་

20

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

དབུས་སུ་འགྲོ་དགོས་པར་ལུང་བསྟན་ནས་མར་བྱོན་ནས་ལྷ་སར་ཕེབས་ཏེ། ཇོ་བོ་ལ་

མཆོད་པ་ཆེན་པོ་བགྱིས་པས་འཇའ་འོད་དང་རོལ་མོའ་ིསྒྲ་ནམ་མཁར་གྲགས་པ་དང་། མེ་

ཏོག་གི་ཆར་ཆེན་པོ་བབས་ཏེ་ངོ་མཚར་བའི་ལྟས་མང་པོ་བྱུང་བས། ཐམས་ཅད་དད་ཅིང་

ཆོས་ཞུས་སོ། །དེ་ནས་གྲྭ་ཐང་དུ་བྱོན་པ་དེར་བཞུགས་ཏེ། དམ་པ་སངས་རྒྱས་འཕན་ཡུལ་

ཉི་ཕུག་ཏུ་བཞུགས་པ་ལ་ཞིང་སྐྱོང་གི་མཁའ་འགྲོ་མ་གཅིག་གིས་ལབ་ཀྱི་སྒྲོན་མ་གྲྭ་ཐང་ན་

བཞུགས་ཟེར་བ་བྱུང་བས། དམ་པ་གྲྭ་ཐང་དུ་བྱོན་པ་དང་། ལབ་སྒྲོན་གནས་ལ་བསྐོར་བ་

མཛད་པ་འཕྲད་དེ། ལབ་སྒྲོན་གྱིས་དམ་པ་ལ་ཕྱག་འཚལ་ནས། སེམས་ཅན་ཐམས་ཅད་

གྲོལ་བར་བྱ་བའི་གདམས་པ་ཞིག་ཞུས་བྱས་པས། དམ་པ་རིན་པོ་ཆེའི་ཞལ་ནས། ལབ་

སྒྲནོ ་ལ་བསྔགས་པ་བརྗདོ ་པ། ཤསེ ་རབ་བཞ་ིདང་ལྡན་པ་ཡ།ི །ཡུམ་ཆནེ ་མཁའ་འགྲའོ ་ིསྤྲུལ་

བ་ཁྱོད། །རྣམ་ཐར་གསུམ་གྱི་སྒོ་ཕྱེ་ནས། །བདུད་ཀྱི་དཔུང་རྣམས་ཕམ་མཛད་མ། །ལབ་ཀྱི་

སྒྲོན་མ་ཁྱོད་ལ་ནི། །བདག་དང་ལྷར་བཅས་ཕྱག་འཚལ་ལོ། །བདག་ཀྱང་ཁྱེད་ལ་ཡི་རང་

འབུལ། །ཁྱོད་ཀྱི་ཡོན་ཏན་ཐུགས་རྗེའི་རྩལ་གྱིས་ནི། །སྙིགས་མའི་སེམས་ཅན་སྨིན་གྲོལ་

མཛད་ལགས་ཀྱང་། །ཕྱི་རབས་དོན་དུ་ངས་ཀྱང་གདམས་ངག་སྟོན། །གསུངས་ནས། ཇོ་

མོ་མཁར་སྒོམ་དང་། ཇོ་མོ་ཆོས་མཚོ་དང་། ལབ་སྒྲོན་དང་གསུམ་ལ། ཕ་རོལ་ཏུ་ཕྱིན་པ་

བཀའ་མདོ་རྒྱུད་དོན་གྱི་མན་ངག་གི་སྒོ་ནས། ཆོས་དབང་སེམས་ལ་བསྐུར་བའི་ཏིང་ངེ་

འཛིན་གྱི་དབང་བཞི་ཟབ་པའི་དོན་གྱི་གདམས་པ་དྲོད་ཚད་ཞལ་ཤེས་ནམ་མཁའ་སྒོ་འབྱེད་

ཀྱི་ངོ་སྤྲོད་འཕོ་བའི་གདམས་ངག་དང་བཅས་པ་ལྷག་ལུས་མེད་པར་གནང་། ཡང་ལབ་

སྒྲོན་གྱིས། ཞི་བྱེད་ཀྱི་སྐོར་དང་། གཅོད་གྲོལ་ཚོགས་དྲུག་གི་གདམས་པ་རྣམས་དང་། ཞི་

བྱེད་ཧཱུཾ་སྐོར་དང་། དམར་ཁྲིད་སྐོར་དང་། ཕཊ་སྐོར་གསུམ་དང་། ཨུཏྤལ་ལའི་བརྡ་ཆོས་

དང་། སྒྱུ་འཕྲུལ་ཆེན་མོ་དང་། ཇོ་མོ་ཕྱག་གཉིས་མ་དང་། བཀའ་རྒྱུད་བླ་མའི་རྣལ་འབྱོར་

ཟབ་ལམ་མ་དང་། འཕོ་བ་གྲོང་འཇུག་གི་གདམས་པ་རླུང་སེམས་འདྲེན་པའི་གནད་ཀྱིས་

21

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

ལྷག་པའི་ལམ་ཞུགས་མ་དང་། སྒྱུ་ལུས་རྨི་ལམ་དང་བར་དོའ་ིསྦྱོང་ཚུལ་ཅིག་ཅར་དུ་སྟོན་

པའི་རྡོ་རྗེའི་ཕྲ་ཐིག་གི་མན་ངག་དང་། འཁྲུལ་གཅོད་བཀའ་རྒྱ་མའི་མན་ངག་དང་། དུར་

ཁྲོད་ཆེན་པོའ་ིདམིགས་པ་བྱ་བ་གདན་ཐོག་གཅིག་ཏུ་གཅོད་པའི་གདམས་པ་བརྒྱད་དང་

བཅས་པ་ལྷག་ལུས་མེད་པར་ཞུས་ཤིང་ཐུགས་སུ་ཆུད་པར་བྱས་ནས་དམ་པ་རིན་པོ་ཆེ་ལ་

བསྟོད་པ་འདི་མཛད་དོ། །ཕ་ཀུན་ཤེས་ཀུན་རིག་དམ་པ་པོ། །དུས་གསུམ་སངས་རྒྱས་ཐམས་

ཅད་ཀྱི། །ཐུགས་ཀྱི་སྲས་མཆོག་འགྲོ་བའི་མགོན། །སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །ཞེས་

བསྟོད་པ་དང་། དབུས་ཕྱོགས་སུ་ལོ་གསུམ་བཞུགས། དེ་ནས་ལ་སྟོད་ངོས་སུ་ཡར་བྱོན་

ནས་ཡབ་ཡུལ་དུ་ཟླ་བ་དྲུག་བཞུགས་སོ། །

དེ་ནས་འདི་ཡང་དམ་པས་གྲྭ་ཐང་དུ་གསུངས་པའོ། །ཡེ་ཤེས་ཀྱི་མཁའ་འགྲོ་མ་ཆེན་

མོ་དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་མཆོག་ཡེ་ཤེས་ཀྱི་མཁའ་འགྲོ་མ་

ཐམས་ཅད་ཀྱི་གྲོལ་ཕུག་ཤེས་རབ་ཡེ་ཤེས་གསང་བ་བདེ་ཆེན་རིག་པའི་རྡོ་རྗེ་ཕག་མོ་

བདག་མེད་གསང་ཆེན་མཁའ་འགྲོའ་ིགཙོ་མོ་ཆོས་དབྱིངས་འགྱུར་མེད་མཐིང་ནག་ཁྲོས་

པའི་སྐུར་སྟོན་མཁའ་འགྲོ་ཡོངས་ལ་དབང་བསྐུར། ཤེས་རབ་ཆེན་མོའ་ིགཙོ་མོ་མཆོག་ཏུ་

གྱུར་པ། རྡོ་རྗེ་བདུད་འདུལ་ཞེས་བྱ་བར་གྱུར་པ་དེ། མཁའ་སྤྱོད་དག་པའི་ཞིང་ཁམས་སུ་

ཞུགས་ཀྱང་། ལས་བསྡུས་པ་དང་། སྨོན་ལམ་གྱི་དབང་གིས་རྒྱ་གར་སེར་སྐྱའི་གྲོང་དུ་འགྲོ་

བའི་དོན་ལ་དགོངས་ཏེ། རཱ་ཛ་ཤྲཱི་ཤྭ་ར་ཨརྱའི་སྲས་སུ་འཁྲུངས་ཏེ་སྨོན་ལམ་གྲུབ་ཏུ་མཚན་

ཐོགས་པ་དེ་བོད་དུ་གདུལ་བྱའི་སྐལ་བར་བབས་པའི་ལུང་སངས་རྒྱས་ཉིད་ཀྱིས་བསྟན་

པ་ནི། དེ་ཡང་མདོ་དྭངས་སྙིགས་འབྱེད་པའི་ལེའུ་ལས། སྙིགས་མ་རྩོད་པ་རྒྱས་པའི་དུས། །

བྱང་ཕྱོགས་ཁ་བ་ཅན་ལྗོངས་སུ། །རྒྱལ་བའི་ཡུམ་གྱི་སྤྲུལ་པ་ནི། །སྒྲོན་མའི་མཚན་ཅན་

འབྱུང་བར་འགྱུར། །ཞེས་དང་། ཡང་འཇམ་དཔལ་རྩ་བའི་རྒྱུད་རྒྱས་པ་ལས། ང་ཡི་བསྟན་

པའི་སྙིགས་མ་ལ། །ཁ་བ་ཅན་ཞེས་བྱང་ཕྱོགས་སུ། །ཤེས་རབ་ཡུམ་ཆེན་ཐུགས་སྤྲུལ་ནི། །

22

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

ལབ་ཀྱི་སྒྲོན་མ་བྱ་བ་འབྱུང་། །སྐྱེ་མེད་སྙིང་པོའ་ིདོན་སྟོན་ཅིང་། །གྲོང་དང་གྲོང་ཁྱེར་རི་

སུལ་དང་། །དུར་ཁྲོད་བས་མཐའ་ཁྱབ་པར་ཉུལ། །དེ་ཡི་ཆོས་ནི་རྒྱས་པར་འགྱུར། །ཞེས་

སངས་རྒྱས་ཀྱིས་ལུང་བསྟན་པའི་པཎྜི་ཏ་ཆེན་པོ་དོན་གྲུབ་རིན་ཆེན་བྱ་བ་དེ། བོད་གདུལ་

བྱའི་སྐལ་བར་བབས་པ་དང་། ཁྱད་པར་མུ་སྟེགས་ཀྱི་མཁའ་འགྲོ་མ་བཞི་བོད་དུ་སྐྱེ་བ་

བཞེས་ནས། བོད་ཐམས་ཅད་ལ་དབང་སྒྱུར་བར་བྱེད་དོགས་པ་དང་། མུ་སྟེགས་ཀྱི་མཁའ་

འགྲོ་མ་བཞི་འདུལ་བའི་དུས་ལ་བབ་པར་དགོངས་ནས། ཡེ་ཤེས་ཀྱི་མཁའ་འགྲོ་མ་བཞིར་

སྤྲུལ་ནས་བྱོན་ཏེ། དེ་ཡང་ལ་སྟོད་ཀྱི་མ་ཅིག་ཞ་མ་དང་གཅིག་སྟེ། དེས་ནི་ལམ་འབྲས་ཀྱི་

སྒོ་ནས་འདུལ་བ་ཡིན། འབྲིང་མཚམས་ཀྱི་ཞང་ལྕམ་བྲང་ཆུང་མ་དང་གཉིས་ཏེ། དེས་ནི་

རྫོགས་པ་ཆེན་པོའ་ིསྒོ་ནས་འདུལ་བ་ཡིན། སྣ་ནམ་གྱི་ཤེལ་བཟའ་སྒྲོན་ཚེ་མ་དང་གསུམ་སྟེ།

དེས་ནི་ཕྱག་རྒྱ་ཆེན་པོ་བརྡ་ཆོས་བཞི་བསྲེས་ཀྱི་སྒོ་ནས་འདུལ་བ་ཡིན། ལབ་ལུང་བར་གྱི་

ལབ་སྒྲོན་ནི་ཀུན་གྱི་གཙོ་མོ་ཡིན་པ་དང་བཞི་སྟེ། དེས་ནི་བདུད་བཞི་གཅོད་པ། ཕུང་པོའ་ི

གཅེས་འཛིན་བཏང་ནས། ཤ་ཁྲག་གཟན་དུ་བོར་བའི་སྒོ་ནས་འདུལ་བ་ཡིན། གདུལ་རྒྱུའི་

མུ་སྟེགས་ཀྱི་མཁའ་འགྲོ་མ་བཞི་ནི། སྤར་ཕུའི་སྤར་པ་དཀར་མོ། སྟོད་ལུང་གི་ཆད་མོ་

ནག་མོ། གཙང་གི་ཤེལ་མོ་རྒྱལ་ལྕམ། ལྷ་ལྡིང་གི་ཞང་མོ་ལྷ་ཁྲི་དང་བཞིར་འདུལ་བས།

ཕྱིས་ཡེ་ཤེས་ཀྱི་མཁའ་འགྲོ་མ་བཟང་མོ་བཞིར་གྱུར་ནས། སེམས་ཅན་གྱི་དོན་བྱེད་ནུས་པ་

རེ་རེ་བྱུང་ངོ་། །ཞེས་པ་ནི་དམ་པ་སངས་རྒྱས་རིན་པོ་ཆེས་གྲྭ་ཐང་དུ་གསུངས་པའོ། །དེ་ལྟ་

བུའི་ལབ་ཀྱི་སྒྲོན་མ་དེ་དགུང་ལོ་བཅུ་གསུམ་དུས་སུ་ཡུམ་འདས་ནས་མཁའ་སྤྱོད་དུ་

གཤེགས་ཏེ། དགུང་ལོ་བཅུ་དྲུག་དུས་སུ་ཡབ་འདས་པ་རྒྱ་གར་དུ་སྐུ་འཁྲུངས་ཏེ། སེམས་

ཅན་གྱི་དོན་བྱེད་ནུས་པ་བྱུང་ངོ་། །དགུང་ལོ་ཉི་ཤུའི་དུས་སུ་ཨ་ཅེ་སྟོན་མཚོ་ལྷག་མེད་དུ་

མཁའ་སྤྱོད་དུ་གཤེགས་ཏེ། ཡུམ་འབུམ་ལྕམ་དང་དེར་མཇལ་ལོ། །ཨ་བོ་ཆེ་བ་ཤཱཀྱ་རྒྱལ་

མཚན་ནི་སྡེ་སྣོད་ཐམས་ཅད་ལ་མཁས་པའི་གྲྭ་ཐོག་ཆོད་ནས་གྲྭ་སྐྱོང་མཛད་དེ། གསང་

23

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

སྔགས་ལ་གྲུབ་པ་བརྙེས་པས། དག་པའི་སྒྱུ་ལུས་ཀྱི་དྲོད་ཚད་ཐོབ་བོ། །ཆུང་བ་དཔལ་འོད་

ཁྲི་སྡེ་བྱ་བ་དེ། ཡབ་ཀྱི་མལ་དུ་སྡེ་སྐྱོང་ཞིང་། སངས་རྒྱས་ཀྱི་བསྟན་པའི་ཞབས་ཏོག་ལ་

ལྷག་པར་ཡང་བརྩོན་པ་དང་། བསོད་ནམས་དར་རྒྱས་ཀྱི་སྟོབས་རྒྱས་པར་འདུག་གོ། །དེ་

ནས་ལབ་སྒྲོན་བླ་མ་གྲྭ་པའི་དྲུང་དུ་ཕྱིན་ཏོ། །དེ་ནས་ལབ་སྒྲོན་གྱི་དང་པོའ་ིལོ་རྒྱུས་བསྡུས་

པ་ཅུང་ཟད་སྨོས་པ་རྣམ་ཐར་གྱི་ལེའུ་སྟེ་དང་པོའ།ོ ། །།


no previousལེའུ་དང་པོ་མ་ཅིག་གི་ལོ་རྒྱུས་བསྡུས་པ་ཅུང་ཟད་སྨོས་པ།next