ལེའུ་བརྒྱད་པ་རྗེ་བཙུན་ཟིལ་གནོན་གྱི་ཞུས་ལན་གྱི་སྐོར།
ལེའུ་བརྒྱད་པ། རྗེ་བཙུན་ཟིལ་གནོན་གྱི་ཞུས་ལན། ཡང་རྗེ་བཙུན་ཟིལ་གནོན་གྱིས་
ཞུས་པ། ཀྱེ་ཀྱེ་མ་ཅིག་ལགས། ངེད་ལས་དང་པོ་པའི་གང་ཟག་བློ་ཆུང་བ་རྣམས་ཀྱི་དོན་དུ་
ཆོ་འཕྲུལ་སོ་སོའ་ིཕྱི་ནང་གསང་བའི་འབྱུང་ཚུལ་གྱི་ཁྱད་པར་དང་། ཐུན་མོང་བ་དང་སྤྱིའི་
ཆོ་འཕྲུལ་ཚུལ་རྣམས་ལེགས་པར་གསུངས་པ་ཐུགས་ལ་འདོགས་ཞུས་པ་དང་། མ་ཅིག་གི་
ཞལ་ནས། བུ་ཉོན་དང་། འཕགས་པའི་ས་མ་ཐོབ་པས་མངོན་པར་ཤེས་པ་དང་མི་ལྡན་
པས། གཞན་རྒྱུད་མཁྱེན་པའི་ནུས་པ་མེད་པ་དང་། དམིགས་པའི་ཡིད་ཀྱིས་ཏིང་ངེ་འཛིན་
ལ་དབང་མ་ཐོབ་པས། ལྷ་འདྲེ་མངོན་སུམ་དུ་བཀུག་པའི་ནུས་པ་ནི་མེད་པའི་གང་ཟག་
200
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
ལས་དང་པོ་པ། གཉན་ཁྲོད་འགྲིམ་པར་འདོད་པ་རྣམས་ཀྱིས། རྨི་ལམ་གྱི་མཚན་མ་བརྟག་
པར་བྱ་སྟེ། དེའང་ལྷ་འདྲེ་སྤྱིའི་མཚན་མ་བརྟག་པ་དང་ཁྱད་པར་དུ་སྡེ་བརྒྱད་ཀྱི་མཚན་མ་
བྱེ་བྲག་ཏུ་བརྟག་པ་འདི་ལྟ་སྟེ། ལེགས་པར་བཤད་ཀྱིས་ཡིད་ལ་ཟུངས། དང་པོ་ཕོ་གདོན་
རྒྱལ་པོའ་ིཆོ་འཕྲུལ་བཤད། དེ་ཡང་དུས་ཀྱི་ཁྱད་པར་ནི། ནམ་ལངས་ནས་སྔ་དྲོ་ཉི་མ་ཕྱེད་
པར་དང་། ཉི་ཐལ་སྲོད་འཁོར་བར་ལ་ཆོ་འཕྲུལ་སྟོན་པ་ཉུང་། ཐོ་རངས་དུས་ལ་ཡང་མ་
ཡིན་ལ། ཉིན་གུང་ཕྱེད་དང་ཉི་ཐལ་བར་དུ་དང་། སྐར་མ་ཚང་ནས་ནམ་གུང་ཅུང་ཟད་ཡོལ་
བ་ཚུན་ལ། ཁྱད་པར་ཆོ་འཕྲུལ་གཏོང་བར་བཤད་པས་འདི་ལྟར་འབྱུང་། ལྷ་ཁང་ལོགས་
རིས་དང་། སྐུ་གཟུགས་ལུགས་མ་སོགས་ཀྱི་རྟེན་སྣ་ཚོགས་པ་དང་། མཆོད་ཆ་དཀོར་ཆ་
མང་པོས་ལེགས་པར་བརྒྱན་པ་རྒྱ་ཕིབས་དང་། བྱ་འདབ་སྔོན་པོ་ཁྱུང་ཕོ་ཁྱུང་མོ་དང་།
གསེར་འཕྲུ་གསེར་བྱ་ཆུ་སྲིན་སེངྒེས་བརྒྱན་པ་དང་། མཆོད་རྟེན་སྐྱ་བོ་དང་། བྲིས་སྐུ་ཅན་
དང་། གསེར་ཁང་དང་། དངུལ་ཁང་། གཡུ་ཁང་། ཟངས་ཀྱི་ཁང་པ་དང་། མཆོང་གི་ཁང་
པ་དང་། ཤེལ་གྱི་ཁང་པ་དང་། བྱུ་རུའི་ཁང་པ་རྣམས་ནི་བྱ་འདབ་ཏོག་དང་བཅས་པའམ་
པདྨ་དང་མུ་ཏིག་གི་ཕྲེང་བས་བརྒྱན་པ་དང་། དེ་རྣམས་ཀྱི་མཆོད་རྟེན་བང་རིམ་མང་པོ་ཡོད་
པ་དང་། བང་རིམ་མེད་པ་ལ་སོགས་པ་མི་འཚམ་པ་སྣ་ཚོགས་པ་ཡོད་པ་དང་། གདུགས་
ཡོད་པ་དང་། མེད་པ་དང་། བུམ་པ་ཡོད་པ་དང་། མེད་པའི་རང་བཞིན་བང་རིམ་ཁྲིག་ཁྲིག་
ཡོད་པ་ལ་སོགས་པ་མི་འདྲ་བ་སྣ་ཚོགས་ཡོད་པ་དང་། ཁང་པ་རྣམས་ལ་ཡང་བྲིས་སྐུ་ཡོད་
པ་དང་། མེད་པ་དང་། མདངས་གསལ་བ་དང་། མི་གསལ་བ་དང་། བྱ་འདབ་གཅིག་པ་
དང་། གཉིས་གསུམ་བཞི་ལྔ་དྲུག་བདུན་བརྒྱད་དགུ་བཅུ་ལ་སོགས་པ་བརྩེགས་མ་དང་།
བྱ་འདབ་མེད་པ་ལ་གསེར་འཕྲུ་དང་ཁྱུང་ཕོ་དང་ཁྱུང་མོ་ལ་སོགས་པའི་རྒྱན་ཡོད་པ་དང་།
བྱ་འདབ་ཡོད་པ་ལ་གསེར་འཕྲུ་སོགས་ཀྱི་རྒྱན་མེད་པ་ལ་སོགས་པ་མི་འདྲ་བ་དུ་མ་ཞིག་
ཡོད་ལ། ས་དང་། རྡོ་དང་། ཤིང་དང་། རྫ་ལས་བྱས་པའི་ཁང་པ་རྣམས་ལ། གསེར།
201
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
དངུལ། གཡུ། ཟངས། མཆོང་། ཤེལ། བྱུ་རུ་རྣམས་ཀྱི་བྱ་འདབ་དང་། འཕྲུ་དང་། བྱ་
འདབ་མེད་ཀྱང་འཕྲུ་དང་། སྒོ་བྱས་པ་དང་། རིན་པོ་ཆེའི་ཁང་པ་རྣམས་ལ་ཡང་། ས་དང་།
རྡོ་དང་། ཤིང་དང་རྫའི་བྱ་འདབ་དང་། དེའི་འཕྲུ་དང་། བྱ་འདབ་མེད་ཀྱང་སྒོ་དང་འཕྲུ་
བྱས་པ་ལ་སོགས་མི་འདྲ་བ་སྣ་ཚོགས་པ་ཞིག་ཡོད་པའི་ཁང་པ་རྣམས་ཀྱི་ནང་དུ་འབག་སྐུ་
དང་། བླུགས་སྐུ་དང་། བྲིས་སྐུ་ལ་སོགས་པ་ཁ་དོག་དང་རྣམ་འགྱུར་མི་འདྲ་བ་དུ་མ་ཞིག་
ཡོད་པ་དང་། ཁང་པ་དང་དེ་རྣམས་ཀྱི་རྒྱུ་ལས་བྱས་པའི་བྲེའམ། དམ་བེ་ལ་སོགས་པའི་
དཀོར་ཆ་སྣ་ཚོགས་པ་དང་། ཆ་ལང་དང་དུང་ལ་སོགས་པའི་མཆོད་ཆ་སྣ་ཚོགས་པ་དང་།
འཕན་གདུགས་རྒྱལ་མཚན་ལ་སོགས་པའི་མཆོད་རྫས་སྣ་ཚོགས་པ་དང་། དར་ཟབ་ཁ་
དོག་སྣ་ཚོགས་པ་དང་། ཆོས་གོས་སྣམ་སྦྱར། ཞྭ་ཐེབ་པོ་ཏི་དང་། དེ་རྣམས་ཁང་པའི་ནང་
དུ་ཡོད་པ་དང་། བྱ་འདབ་དང་པད་འདབ་ཀྱི་གློ་སྐྱོར་རྒྱབ་ཏུ་ཡོད་པ་དང་། རང་བཞིན་གྱི་
ཐད་དུ་ཡོད་པའི་ཁང་པ་དང་བཅས་པ་རྣམས་ནི་གསར་པ་དང་། ཅུང་ཟད་གོག་པ་དང་།
ཤིན་ཏུ་གོག་པ་དང་ཧྲུལ་པོ་རེད་པ་རྣམས་ནི། མང་པོ་ཁྲིག་ཁྲིག་པ་དང་རེ་རེ་དང་། ཟུང་རེ་
རེ་ཙམ་ཡོད་པའི་སར་ཕྱིན་ནས་ཁང་པ་ལ་འཛེག་པ་དང་། ནང་དུ་ཕྱིན་པ་དང་། བསྐོར་བ་
དང་། ཡིད་ཆགས་པའི་གཟིགས་མོ་བྱས་པ་དང་། ནང་ནས་ཕྱིར་བུད་ས་མ་རྙེད་པ་དང་།
སྟེང་དུ་ཕྱིན་ནས་མར་མ་ཐར་བ་དང་། མང་པོ་འགྲིམས་པས་གྲོང་ལས་མ་ཐར་བ་དང་།
མཆོད་ཆ་དཀོར་ཆ་སེར་ཆས་སྐུ་གཟུགས་མང་པོའ་ིདཀྱིལ་དུ་ཕྱིན་ནས་བདག་ཏུ་བཟུང་བ་
དང་། རེ་རེ་བཞིན་ཁུར་བ་དང་། ཉར་ཚགས་བྱས་པ་དང་། ཡང་བཙུན་པ་ཆས་བཟང་མང་
པོས་ཐལ་འགྱུར་བྱེད་ཅིང་གྲུབ་མཐའ་རྩོད་པ་དང་། པཎ་ཆེན་ཆེན་པོའམ། མིའི་རྒྱལ་པོ་
ཡིན་ཟེར་བའི་སེར་ཆས་ཅན། ཞྭ་ཐེབ་དང་གསེར་གྱི་གདུགས་བསྐོར་བ་དང་། ཟ་འོག་གི་
ཐུལ་བ་དང་། ཕུ་ཐུང་མ་དང་། མཐིང་གོས་ལ་སོགས་ཁ་དོག་སྣ་ཚོགས་པ་མང་པོ་གྱོན་ནས་
གསེར་དངུལ་གྱི་ཁྲི་ལ་ཟ་འོག་སྣ་ཚོགས་པའི་གོས་སྟན་དང་། སྲིན་གཟར་དང་། བྲུང་ཡུག་
202
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
ལིང་ཚེ་མའི་གདན་ལ་བཞུགས་ཤིང་། དར་སྣ་ཚོགས་པའི་བླ་བྲེ་དང་། འཕུར་མ་ཕུབ་པ།
གསེར་དངུལ་དང་རིན་པོ་ཆེའི་དཀོར་ཆ་མང་པོ་ཡོད་པ་དང་། ཞལ་བུ་དང་སྡེར་ལ་སོགས་
པའི་དཀོར་ཆ་མང་པོ་ཡོད་པ་དང་། འབྲས་རྒུན་དང་ནས་ལ་སོགས་པའི་ཆང་མང་པོས་
ཟངས་གང་བ་མང་པོ་དང་། གསོལ་ཇ་བའི་བཙུན་ཤར་ཆས་བཟང་མང་པོ་དང་། བཙུན་
མ་ཆས་བཟང་པོ་རྒྱན་དང་ལྡན་པ་ནི། གཡུ་ཁྲིའི་སྟེང་དུ་ཟུར་འདུག་པ་དང་བཅས་པ་ནི།
གཙུག་ལག་ཁང་དུ་འདུག་པ་དང་། སེངྒེ་ལ་ཞོན་པའི་ཚོགས་དང་། རྟ་ཞོན་པའི་ཚོགས་
དང་། གླང་པོ་ཆེ་ཞོན་པའི་ཚོགས་དང་། ཤིང་རྟར་ཞོན་པའི་ཚོགས་དང་བཅས་པའི་སར་
རང་ཉིད་ཕྱིན་ནས་ཕྱག་འཚལ་བ་དང་། ཆོས་ཞུས་ནས་མོས་གུས་བྱས་པ་དང་། བསྐོར་བ་
བྱས་པ་དང་། ཁོའ་ིཟིལ་གྱིས་རང་ནོན་ནས་ཅུང་ཟད་འཇིགས་པ་དང་། ཕྱག་འཚལ་བ་ལ་
སོགས་པ་མ་བྱས་ཀྱང་ཁོའ་ིགྲོགས་དན་བྱས་པའམ། ཆོས་ཀྱི་བགྲོ་གླེང་ལ་སོགས་པ་ལ་
བསྙད་ནས་ཁོ་མ་དད་མ་དུང་ཞིང་རྩོད་པ་རྣམས་ནི་ནང་གི་ལྷོང་རྟགས་ཡིན། གཏིང་ལྷོང་བ་
ཡིན་ནོ། །ཡང་རྒྱལ་པོའ་ིསྤྲུལ་བ་ཕྲན་ཚེགས་པ་ནི་འདི་འདྲ་འོང་། བུ་ཆུང་གཅེར་བུ་མང་པོ་
དང་། རས་གོས་ཅན་དང་། སླག་གུ་ཅན་དང་། སེར་ཆས་ཅན་དང་། རལ་བུ་ཅན་དང་། རྩེ་
བའི་ནང་དུ་འདུག་པ། མ་སྨིན་ཅིང་སྐྲ་མེད་པ་ཆུང་བ་ནས། ལོ་ལྔ་མན་གྱི་བྱིས་པ་རྣམས་རྩེ་
བ་དང་། པང་དུ་བླང་བ་དང་། རྒྱབ་ཏུ་ཁུར་བ་དང་། འགྲོ་རོགས་བྱས་པ་དང་། བུ་ཆུང་ལ་
རང་ཉིད་ཆགས་པ་དང་། སེངྒེ་དང་། གླང་པོ་ཆེ་དང་། སྤྲེའུ་དང་། ཝ་དང་། ཁྱི་དཀར་པོ་
དང་། ཁྲ་བོ་དང་། སྲེ་བོ་དང་། རྟ་དཀར་དང་། རྔ་མོང་དང་། བྱི་བ་དཀར་ནག་ཆེན་པོ་དང་།
ཅེ་སྤྱང་དང་། ངང་པ་དང་། ངུར་པ་དང་། ཁུག་རྟ་ཁྲ་མོ་དང་། སྲེ་མོང་སོགས་དང་། དེ་
རྣམས་ཀྱི་མང་པོའ་ིཁྱུར་གནས་པ་དང་། རེ་རེ་དང་། ཟུང་དུ་གནས་པ་རྣམས་ལ་རང་གིས་
ཉར་ཚགས་བྱས་པ་དང་། རང་ལ་ཚུར་རྒོལ་ནས་མ་འདུམ་པ་དང་། དེ་རྣམས་ལ་རང་ཡིད་
ཆགས་པ་འོང་བ་སོགས་ནི་ཕྱིའི་རྟགས་ཡིན་ནོ། །ཡང་གསང་བའི་རྟགས་ནི་ཆུ་བྲུབ་དམར་
203
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
པོ་རབ་ཏུ་འཁྲུག་ཅིང་འཕྱུར་བ་དང་། ཆུ་དམར་དལ་མས་ས་ཁྱོན་ཐམས་ཅད་ཁེབས་ཤིང་
འགྲོ་བ་དང་། རི་ལུང་མང་པོ་དུས་གཅིག་ལ་ཤྭ་རྦུད་མང་པོ་འོང་ཞིང་། ཆུ་སྒྲ་འུར་འུར་ཆེན་
པོ་གྲགས་པ་དང་། དེ་རྣམས་ཀྱི་ནང་དུ་རང་ཉིད་བྱིང་བ་དང་། རང་བཞིན་གྱིས་བྲེད་ནས་
ཡ་ང་བ་དང་། ཆུ་རླབས་ཕོག་ལ་ཁད་པ་དང་། ཆུ་དེ་བརྒལ་དགོས་སྙམ་པའི་སྐྲག་སྔངས་
དང་། ཆུ་དེས་སེམས་ཅན་དང་ཤིང་རྡོ་ལ་སོགས་མང་པོ་ཁྱེར་བ་ལ་སྙིང་བརྩེ་ཤོར་བ་དང་།
རླུང་དམར་འཚུབ་མས་རི་ཀླུང་ཐམས་ཅད་གང་ནས་ས་ཆར་རྡོ་ཆར་གཡོ་བའི་ནང་དུ།
རང་ཉིད་གཡེང་བ་དང་། སྤྲིན་དམར་ནམ་མཁའ་གང་བ་རླུང་གིས་གཡོས་ནས་ལང་
ལོང་བྱས་ནས་རང་གི་སྣང་བ་མི་བདེ་བ་དང་། རི་ཀླུང་ལ་མེ་མཆེད་ཅིང་རང་ཡང་ཚིག་
ལ་ཁད་པ་དང་། ནམ་མཁའ་ལ་འོད་དཀར་པོ་སྦ་སྙུག་ཙམ་ཞིག་ལིང་ལིང་རང་ལ་འཁོར་
བ་དང་། རླུང་དམར་ཁམ་པ་དང་འོད་ཀྱི་ནང་དུ་རང་ཉིད་ཐིམ་པ་སོགས་ནི་གསང་བའི་ལྷོང་
རྟགས་ཏེ། དེ་ཐམས་ཅད་ཀྱང་རྒྱལ་པོའ་ིཆོ་འཕྲུལ་ལྷོང་ཚད་དམ། རྒྱལ་པོའ་ིབླ་གནས་
ཞེས་པའམ། མཚན་མ་ཞེས་པ་ནི། རྒྱལ་པོའ་ིཕྱི་ནང་གསང་གསུམ་གྱི་རང་མཚན་སྟོན་པ་
དེ་རྣམས་ཡིད་ལ་འཇགས་པར་གྱིས་ལ་ཉམས་ལེན་ལ་གཅུན་པ་གལ་ཆེ་བ་མན་ངག་དམ་
པ་ཡིན། དེ་ཡང་ནང་གི་མཚན་མ་དང་། གསང་བའི་མཚན་མ་དང་ལྷོང་ཐུབ་པའི་གང་ཟག་
ནི་དཀའ་ལ། ཕྱིའི་མཚན་མ་ཕྲན་ཚེགས་རྣམས་ལྷོང་བར་ངེས་པ་ཡིན་ལ། དེ་ལ་གང་ཟག་
གང་ཡིན་པ་དེས་གཞན་གང་གི་མཚན་མ་དང་འདྲེས་པ་ངས་བཤད་པ་བཞིན་གཅིག་
ལེགས་པོར་ངོས་ཟིན་དགོས་སོ། །ངོས་མ་ཟིན་ན་རྒྱལ་པོ་གཅུན་པའི་ཐབས་ཐལ་བས།
ལེགས་པར་མ་ཡེངས་མ་ནོར་བར་བྱོས་ལ་ཁོ་གཟིར་བའི་ཏིང་ངེ་འཛིན་ལ་གཅུན་ན། ནང་
དང་གསང་བ་གཉིས་ཀྱང་རིམ་གྱིས་ལྷོང་ནས་འོང་བས། ཕྱིའི་ཆོ་འཕྲུལ་ཆུང་ཡང་གློད་པར་
མི་བྱ་བ་ནི། རྒྱལ་པོ་གཅུན་པའི་མན་ངག་ཡིན་ནོ། །
ད་ནི་མ་མོའ་ིམཚན་མ་བཤད་ཀྱིས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག །དེ་ཡང་
204
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
ཕྱི་ནང་གསང་བ་གསུམ་སྟེ། དང་པོ་ཕྱིའི་མཚན་མ་ནི་འདི་ལྟར་ཏེ། སྤྱང་ཀི་མང་པོ་ངུ་འབོད་
བྱེད་ཅིང་རང་ལ་རྒོལ་བ་དང་། རེ་རེ་དང་ནི་ཡ་ཟུང་གིས་རྒྱུག་འདུར་བྱེད་པ་དང་། རྩེད་མོ་
རྩེ་བ་དང་། རང་གར་འགྲོ་བའི་རྗེས་སུ་འབྲང་བ་དང་། སྔོན་དུ་འགྲོ་བ་དང་། དྲེད་མོང་
ཁམ་པས་ང་རོ་འདོན་ཞིང་འཇིགས་ཚུལ་སྟོན་པ་དང་། ཕག་ནག་མང་པོས་ངུར་སྒྲ་སྒྲོག་ཅིང་
མཆོང་བ་དང་། སྲེ་མོང་མང་པོ་རྩེད་མོ་ཁྲོལ་བ་དང་། ཁྱེའུ་ཐོད་ཐོད་པ་མང་པོ་ཉ་ར་བྱས་པ་
དང་། མོ་གོས་རྒྱན་ཅན་མང་པོ་ཉ་ར་བྱས་པ་དང་། སྣལ་མ་ཁ་དོག་སྣ་ཚོགས་པ་དང་། བུད་
མེད་ཀྱི་འཕང་ཆ་དང་། ཐག་ཆས་རྣམས་ཉ་ར་བྱས་པ་དང་། བྱ་མོ་ནག་མོ་དང་། སྲེག་པ་
དང་། འཇོལ་མོ་རྣམས་འཕུར་ལྡིང་བྱེད་པ་དང་། ཚང་བཅའ་བ་རང་གིས་མཐོང་ནས་ཉ་ར་
བྱས་པ་དང་། བོང་བུ་མང་པོ་ངུ་འབོད་བྱེད་ཅིང་ཕུ་མདར་རྒྱུག་པ་དང་། ཤ་བ་ཡུ་མོ་མང་པོ་
འཚོགས་ནས་བྲོ་བརྡུངས་པ་དང་། བུད་མེད་མདོག་ངན་མི་སྡུག་པའི་གཟུགས་ཅན་སྣ་
ཚོགས་པ་ཁྲོ་ཞིང་སྨྲ་བ་མང་པོ་བྱེད་པ་དང་། རེས་འགའ་བུད་མེད་གཟུགས་མཛེས་རྒྱན་
ཅན་ཡིད་འོང་མཛའ་མོར་སྤྲུལ་ནས་ཆགས་པ་སྤྱོད་འདོད་བྱེད་པ་དང་། རེས་འགའ་མ་དང་
སྲིང་མོར་སྤྲུལ་ནས་བརྩེ་གདུང་བྱེད་པ་རྣམས་ནི་ཕྱིའི་ལྷོང་རྟགས་ཡིན་ནོ། །
ནང་རྟགས་ནི། བུད་མེད་ཤིན་ཏུ་འཇིགས་ཤིང་མི་སྡུག་ཅིང་ཡ་ང་བའི་གཟུགས་ཅན།
སྐྲ་གཟེངས་ཤིང་མཆེ་བ་གཙུགས་ཤིང་ཁ་ནས་སིད་སྒྲ་འདོན་པ་དང་གཅེར་བུར་རོ་ཐལ་
གྱིས་ལུས་བྱུག་ཅིང་། ཁྲག་གི་ཐིག་ལེ་དམར་ཆ་ལེ་བ་བཀྲ་བ། སྟག་ལྤགས་དང་། དྲེད་
ལྤགས་ཀྱིས་ཤམ་ཐབས་དཀྲིས་པ་དང་། མི་ལྤགས་ཀྱིས་སྐེད་ཆིངས་བྱས་པ་དང་། བྱིས་
པའི་གཡང་གཞི་ཕྲག་ལ་གཟར་ཞིང་། སྦྲུལ་ནག་པོས་ཡན་ལག་བཅིངས་པ། ལག་ན་ཁྲམ་
ཤིང་དང་། ནད་རྐྱལ་དང་། མཚོན་གྱི་གྲུ་གུ་སྔོ་དམར་དང་། རྒྱུ་མའི་ཞགས་པ་དང་། འོད་
ཀྱི་ཞགས་པ་ནག་པོ་དང་། མིའི་པགས་པ་དང་། སྲིན་བྱའི་ལག་པ་ཐོགས་ནས་འཇིགས་
ཚུལ་སྣ་ཚོགས་སྟོན་པ་དང་། རེས་འགའ་སྤྱང་ཀིར་ཞོན་པ་དང་། སྟག་དང་། གཟིག་དང་།
205
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
འཕར་བ་དང་། ཅེ་སྤྱང་། དྲེད་མོང་དང་། སྲེ་མོ་དང་། མོང་རྩེ་དང་། ཕག་རྒོད་དང་། བོང་
བུ་ལ་ཞོན་པ་དང་། དུག་སྦྲུལ་དང་། ཆུ་སྲིན་དང་། ངུར་བྱ་ཀང་ཀ་ནག་པོ་མཆུ་རིང་དང་།
རླུང་ནག་འཚུབ་མ་དང་། འོད་ནག་པོ་དང་། སྤྲིན་ནག་པོ་དང་། སྤྲིན་ནག་པོ་ལ་ཞོན་པ་
དང་། རེས་འགའ་བུད་མེད་གཟུགས་ཤིན་ཏུ་མཛེས་པ་འོད་ཆེན་པོ་འབར་ཞིང་སྙན་པའི་
དབྱངས་ལེགས་པ། གོས་ཁ་དོག་སྣ་ཚོགས་པ་འཇའི་རྣམ་པ་དང་མཚུངས་པ་གསེར་གཡུ་
གཟི་དངུལ་དང་བྱུ་རུ་དང་བཻཌཱུརྱ་ལ་སོགས་པའི་རྒྱན་ནི་མེ་ཏོག་ལྟར་ཤིན་ཏུ་བཀྲ་བ། དུང་
དང་མུ་ཏིག་གི་ཆུན་པོ་དང་། ཕྲེང་བ་དང་། དོ་ཤལ་དང་། མེ་ཏོག་སྣ་ཚོགས་པས་བརྒྱན་པ་
དང་། དར་ཟབ་སྣ་ཚོགས་པའི་གོས་དང་ཕུར་མ་བླུགས་པ་དང་། ལག་ན་མེ་ལོང་དང་། པི་
ཝང་དང་། གླིང་བུ་དང་། ཟངས་ཀྱི་པར་བུ་ཐོགས་པ་དང་། རེས་འགའ་ཤ་བ་ཡུ་མོ་དང་།
གླ་བ་དང་། རྒོ་བ་དང་། རྔ་མོང་དང་། དྲེའུ་སོགས་ལ་ཞོན་པ་དང་། རེས་འགའ་དུར་ཁྲོད་
ཀྱི་རོ་གསར་རྙིང་དང་། ཀེང་རུས་དང་། བྱ་གཅན་གཟན་གྱིས་གང་བར་འདུག་པ་དང་། ས་
གཞི་ཁྲག་གིས་སྦགས་ཤིང་། དམར་སིང་བའི་སར་འདུག་པ་དང་། མཐིང་གི་གུར་ནང་དུ་
འདུག་པ་དང་། འཇའ་འོད་ཀྱི་གུར་ནང་དུ་འདུག་པ་དང་། མི་ལྤགས་དང་། སྟག་ལྤགས་ཀྱི་
གུར་ནང་དུ་འདུག་པ་དང་། དར་དང་ཟ་འོག་གི་གུར་ནང་དུ་འདུག་པ་དང་། ལྗོན་ཤིང་མང་
པོ་འཁྲིགས་པའི་ཚལ་དུ་འདུག་པ་དང་། སྤྲིན་དང་ན་བུན་གྱི་ནང་དུ་འདུག་པ་དང་། དེ་
རྣམས་ཀྱིས་རེས་འགའ་ནི་རང་ལ་འཇིགས་ཚུལ་སྟོན་པ་དང་། ལ་ལས་རང་ལ་གུས་པའི་
ཚུལ་དང་། ལ་ལས་ནི་ཆགས་པའི་ཚུལ་དང་། ལ་ལས་ནི་ཁྱོད་ཀྱི་གྲོགས་བྱེད་ཟེར་བ་དང་།
ལ་ལས་ན་ིཟས་དང་ནརོ ་སྟརེ ་བར་བྱདེ ་ཟརེ ་བ་ལ་སགོ ས་པའ་ིམཚན་མ་མ་ིའདྲ་བ་སྣ་ཚགོ ས་པ་
ཞགི ་སྟནོ ་པ་དང་། གཞན་ཡང་གཟུགས་མ་ིའདྲ་བ་དང་། བཞནོ ་པ་མ་ིའདྲ་བ་དང་། གོས་དང་
རྒྱན་མི་འདྲ་བ་དང་། ཕྱག་མཚན་མི་འདྲ་བ་དང་། འདུག་སའི་གནས་མི་འདྲ་བ་དང་། ཁ་
དོག་མི་འདྲ་བ་ལ་སོགས་པ་བཟང་ངན་གྱིས་ལྟས་སྣ་ཚོགས་པ་ཞིག་སྟོན་པ་འོང་བ་ནི་རང་
206
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
གི་རྨི་ལམ་ལ་གང་བྱུང་བ་དེ། ལེགས་པར་ཏིང་ངེ་འཛིན་གྱིས་གཟིར་བས་དེ་ཉིད་དུ་གྱུར་
ནས་འགྲོ་བ་ཡིན་པ་ནི། མོ་འདྲེའི་ཆོ་འཕྲུལ་ཡིན་པ་དང་། མ་འགྱུར་ནས་མལ་དུ་བསྡད་ན་
ལྷ་རྟགས་ཡིན་ཡང་སྲིད་པས། ཆོ་འཕྲུལ་གང་ཡིན་ཡང་ངོས་ཟིན་པར་བྱོས་ལ་ཏིང་ངེ་
འཛིན་གྱི་དམིགས་པས་ལེགས་པར་གཟིར་བར་བྱའོ། །དེ་རྣམས་ནི་ནང་རྟགས་ཡིན་པ་
དང་། གཏིང་ལྷོང་བ་ཡིན་ནོ། །
གསང་བའི་རྟགས་ནི། འཇའ་ཚོན་སྣ་ལྔས་རང་ཉིད་གཡོགས་པ་དང་། ནམ་མཁའ་
གང་བ་དང་། རླུང་འཚུབ་སྔོ་དམར་གྱིས་རང་ཉིད་གཡོགས་པ་དང་། བར་སྣང་གང་བ་དང་།
འཚུབ་མ་དམར་ནག་གིས་རང་ཉིད་གཡེང་ཞིང་རི་ལུང་ས་གཞི་ཐམས་ཅད་གང་བ་དང་།
ཤིང་ལོ་མང་པོ་ཕུབ་ཆེན་པོ་ལྟར་ནམ་མཁའ་ལ་རླུང་གིས་ཁྱེར་བའི་ནང་དུ་རང་ཕྱིན་པ་དང་།
འོད་ཁ་དོག་སྣ་ཚོགས་པ་མེ་ལྕེ་ལྟར་འབར་བ་དང་། མཚོ་ལྟར་འཁྱིལ་བ་དང་། གློག་
ལྟར་འཁྱུག་པ་དང་། ཕྲེང་ལྟར་བྲེས་པ་དང་། གཞན་ཡང་གཡུ་ཆེན་པོ་མདོག་ཤིན་ཏུ་
བཟང་ལ་གསལ་ཞིང་འོད་འབར་བ་ལུག་གི་མཆིན་པ་དང་མཁལ་མའི་བར་གྱི་ཆེ་ཆུང་
གི་རིམ་པ་དང་། བྱུ་རུ་མདོག་བཟང་བ་ལུག་གི་མགོ་བོ་ཙམ་ནས་མིའི་ལག་མགོ་ཙམ་གྱི་
བར་དང་། གཟི་ནག་ཁྲ་ཁྲུ་གང་ཙམ་ནས་སྤར་འཆང་གང་ཡན་ཆད་དེ་རྣམས་ནི་ས་ལས་
གཏེར་དུ་རྙེད་པའམ། བང་མཛོད་དམ་སྒྲོམ་བུ་དང་། གདན་ལ་བཀོད་པ་དང་། རང་བཞིན་
རེ་རེ་དང་། ཡ་ཟུང་དང་ཕྲེང་བ་ལྟར་རྒྱུས་པ་སོགས་རང་གིས་ཉ་ར་བྱས་པ་དང་། མཐོང་བ་
རྣམས་ནི་གསང་བའི་ལྷོང་རྟགས་ཡིན་པ་དང་། གཞན་དང་མ་འདྲེས་མ་ནོར་བར་གྱིས་ཤིག་
ཨང་། ཤེས་རབ་རྣམ་དཔྱོད་དང་ལྡན་པའི་ལས་ཅན་ཁྱོད་ལེགས་པར་ཉོན་དང་། བདུད་ཀྱི་
ལྷོང་རྟགས་འདི་འདྲའོ། །མི་ནི་ཁ་དོག་ནག་པོ་སོལ་བས་བྱུག་པ་དང་འདྲ་བ་གཅེར་བུའམ།
ཡང་ན་གོས་ནག་པོ་གྱོན་པ་ལག་ན་རེ་བའི་བ་དན་འཕྱར་བ། རྟ་ནག་པོ་རྔ་མ་རྔོག་མ་
གཟེངས་ཤིང་རྣ་བ་ཤིན་ཏུ་རིང་བའི་ནང་དུ་དུ་བ་ལྟ་བུའི་རླངས་པ་སྔོ་ཕྱུ་རུ་རུ་འོང་བ་དང་།
207
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
ཁྱི་ནག་པོ་ཁ་གདངས་ཤིང་མཆེ་བ་གཙིགས་ནས་ལྕེ་དམར་ལྷབ་ལྷབ་བྱེད་པས་ང་རོ་འདོན་
པ་དང་། བྱ་ནག་གཤོག་པ་ཤིན་ཏུ་རིང་ཞིང་། མཆུ་དང་སྡེར་མོ་སྔོན་པོ་ཤིན་ཏུ་རིང་ཞིང་རྣོ་བ།
རྐན་སྒྲ་ཐག་ཐག་བརྡབ་ཅིང་། འཕུར་འཇོལ་བྱེད་པ་དང་། དོམ་ནག་ཤིན་ཏུ་འཇིགས་པ་ཁ་
གདངས་ནས་ང་རོ་ཆེན་པོ་བྱེད་ཅིང་སྔམ་པ་དང་། གཡག་ནག་རྭ་ལ་མེ་འབར་ཞིང་ངར་ཚོ་
ཆེན་པོ་བྱེད་ཅིང་རྔ་མ་རབ་ཏུ་འཚུབས་ནས་རྨིག་པས་ས་རྐོ་བ་དང་། ཡང་མི་ནག་པོ་
འཇིགས་སུ་རུང་བ་དང་། དར་ནག་གི་རལ་ག་གོན་ནས་སྟག་ལྤགས་ཀྱི་ཆ་ལུགས་བྱས་
ཤིང་། སྐྲ་གྱེན་དུ་གཟེངས་པ། ཁ་ནས་དབུགས་མེ་ལྕེ་ལྟར་དམར་ལྷབ་ལྷབ་བྱེད་པ་དང་།
ལག་ན་ཁྲམ་ཤིང་དང་རྩིས་ཀྱི་བྱང་བུ་དང་། མདུང་ནག་པོ་རྩེ་གསུམ་པ་དང་། རྩིས་ཀྱི་རྡེའུ་
དཀར་ནག་དང་། ཞགས་པ་ནག་པོ་ཐོགས་པ་དང་། མདའ་གཞུ་ལག་ཏུ་འགེངས་ཤིང་སྐེད་
དུ་ཐོགས་པ་དང་། རྟ་དང་གཡག་རྒོད་ལ་ཞོན་ནས་འཇིགས་ཚུལ་སྟོན་པ་དང་། ཡང་མི་ལ་
ལ་ནི་དོམ་གྱི་པགས་པས་སྟོད་གཡོག་བྱས་ཤིང་སྟག་གི་པགས་པས་སྨད་དཀྲིས་བྱས་པ་
དང་། ལ་ལ་ནི་མིའི་གཡང་གཞི་གོས་སུ་གྱོན་པ་དང་། ལ་ལ་ནི་གཅེར་བུ་མིའི་རྒྱུ་མའི་དོ་
ཤལ་བྱས་ཤིང་། མི་མགོ་རློན་པ་སྐྲ་དང་བཅས་པ་ལག་ཏུ་ཐོགས་པ་ལ་སོགས་པ་མི་འདྲ་
བའི་རྣམ་འགྱུར་སྣ་ཚོགས་པ་ཞིག་སྟོན་པ་རྣམས་ནི། འཇིགས་ཤིང་ཡ་ང་ལ་གདུག་པའི་
མུན་པ་ནག་པོ་འཁྲིགས་པའི་རང་བཞིན་ཅན་དང་། ཤ་ཁྲག་གི་གཟུགས་ཅན་མ་ཡིན་ལ།
དུད་པ་ནག་པོའམ། སྤྲིན་ནག་གི་རྣམ་པ་ཇི་ལྟ་བ་བཞིན་ཡིན་པ་ནི། མང་པོ་དང་རེ་རེ་དང་།
ཟུང་རེ་ཙམ་ཡང་སྟོན་པས་ངེས་པ་མེད་པ་དང་། གཞན་ཡང་གྲོང་ཁྱེར་ནག་པོ་གྲངས་ལས་
འདས་པའི་གསེབ་ཏུ་རང་ཕྱིན་ནས་འཇིགས་ཤིང་སྐྲག་ནས་ཕྱིར་འོང་མ་རྙེད་པ་དང་། རི་
ནག་པོ་ཤིན་ཏུ་མཐོ་བ་སྤྲིན་ལ་ཐུག་པ་རྒྱ་ཆེ་བའི་ངོས་སུ་ཕྱིན་ནས་སྟོད་སྨད་དང་། ཕན་ཚུན་
གར་སོང་ཡང་ཟད་མ་ཐུབ་པ་དེ་རྣམས་ནི་ནང་གི་བདུད་གཏིང་ནས་ལྷོང་བ་ཞེས་བྱ་བའམ།
ནང་གི་ལྷོང་རྟགས་ཀྱི་མཚན་མ་ཁྱད་པར་ཅན་མ་ཡིན་པས་ཡིད་ལ་ཟུངས་ཤིག་ཨང་། ཕྱི་
208
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
རྟགས་ནི། མི་ནག །ཁྱི་ནག །བྱ་ནག །རྟ་ནག །གཡག་ནག །དོམ་ནག །སྐྱུང་ཀ་ནག་པོ་
མཆུ་དང་སྡེར་མོ་དམར་པོ་ཅན་དང་། ཏོབ་ཏི་དང་། བྱ་རོག་དང་། དེ་རྣམས་ནི་ད་ལྟ་རང་
རེའི་འདི་ན་ཡོད་པ་ཇི་ལྟ་བ་བཞིན་ཡིན་པས། དེ་རྣམས་ཀྱིས་རང་ལ་རྒོལ་ཚུལ་སྟོན་པ་དང་།
རང་གི་སྔོན་རྒྱབ་ཏུ་འབྲང་བ་དང་། རང་དེ་དག་གི་ནང་དུ་ཕྱིན་པ་དང་། གཞན་ཡང་ཞྭ་ནག་
གོས་ནག་གྱོན་པ་དང་། ཉ་ར་བྱས་པ་དང་། སྤྲ་ནག་པོ་དང་། ཁང་སྟོང་ནག་ཧང་ངེ་བའི་
ནང་དུ་ཕྱིན་པ་དང་། ཆུ་བོ་ཆེན་པོ་ལ་ཟམ་པ་ཕྲ་བ་ཡོད་པ་ལ་རང་ཉིད་སོང་ནས་མ་ཐར་
ཅིང་ལྟུང་ལ་ཁད་པ་དང་། བྲག་ནག་འཁྲིགས་པ་དང་། རྫ་རི་ནག་པོ་གཡག་ཁྱུ་འགྲོགས་པ་
དང་འདྲ་བ་དང་ཐང་ནག་ཆེན་པོ་རྣམས་ལ་ཕྱིན་པ་དང་། ལུང་པ་ནག་པོ་སིང་ངེ་བའི་ནང་དུ་
ཕྱིན་པ་དང་། དེ་རྣམས་ནི་ད་ལྟར་ཡོད་པའི་རང་ཁ་མ་འདི་འདྲ་བ་རྣམས་ཡིན་པ་ཡང་རྟག་
པ་ཅན་ནི་མ་ཡིན་ལ། མི་རྟག་ཅིང་རེ་རེ་ཡང་མི་འདྲ་བ་མང་པོར་འགྱུར་བ་ཡིན་པས། མང་
པོ་དང་རེ་རེ་དང་ཡ་ཟུང་ཙམ་དང་། གྲངས་ཀྱི་ཁྱད་པར་ལའང་མི་འདྲ་བ་དུ་མ་ཞིག་ཡོད་པ་
དང་བཅས་པ་རྣམས་ནི། ཕྱིའི་ལྷོང་རྟགས་ཡིན་ལ། དེ་ཡང་མང་པོ་དང་རེ་རེ་དང་། བན་ནེ་
བུན་ནེ་རབ་བེ་རིབ་བེ་མ་ཡིན་པ་ངེས་པ་ཅན་སིང་ངེ་བ་ཞིག་བྱེད་དགོས་པ་ཡིན་ནོ། །
གསང་བའི་རྟགས་ནི། འོད་ནག་པོའ་ིནང་དུ་རང་ཉིད་ཐིམ་པའམ། རང་གི་ཡན་
ལག་བཅིངས་པའི་རྣམ་པ་དང་། འདོམ་པ་ལྔ་དྲུག་གི་བར་མཐོང་བ་དང་། མུན་པ་ནག་པོའ་ི
གླིང་དུ་ཕྱིན་པ་དང་། འགྲོ་ས་མ་མཐོང་བ་དང་། རླུང་ནག་འཚུབ་མའི་ནང་དུ་རང་ཉིད་
གཡེངས་ནས་སྔངས་པ་དང་། འཁྱགས་ཤིང་གྲང་ཞུམ་ཆེན་པོས་འདར་བ་དང་། སྤྲིན་ནག་
པོ་དང་ན་བུན་ནག་པོ་གཡོ་ཞིང་འཕྱུར་བའི་ནང་དུ་ཐིམ་པ་དང་། སྤྲིན་དང་ན་བུན་བར་སྣང་
ན་འཁོལ་བ་རང་གི་སྟེང་དུ་འོང་ལ་ཁད་སྙམ་ནས་ཡིད་མི་བདེ་བ་དང་། བདུད་ཀྱི་ཁྲམ་ཤིང་
ཡིན་ཟེར་བའི་ཤིར་ཤིང་ལས་བྱས་པ་བཞིན་གྱི་ནག་ལྷང་ངེ་བ་བརྒྱད་ཞོག་གི་རྣམ་པ་ཅན་བུ་
ག་མང་པོ་ཡོད་པ་རང་གི་ལུས་ཚད་གཉིས་ཙམ་གྱི་རིང་ཐུང་དང་ལྡན་པ་ཞིག་རང་གི་གཉའ་
209
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
བར་འགེལ་དགོས་པ་དང་། ཡང་གྲུ་མོར་འཆང་དགོས་པས་ཡིད་མི་བདེ་བ་དང་། དོར་དུ་
མི་ཕོད་སྙམ་པ་འོང་བ་རྣམས་ནི་གསང་བའི་ལྷོང་རྟགས་ཡིན་པས་མ་ནོར་བར་བྱེད་
དགོས་སོ། །
དེ་རྣམས་ཐམས་ཅད་ནི་ཁྲམ་ཐོག་བདུད་ཀྱི་ཆོ་འཕྲུལ་ཡིན་ནོ་ཡིད་ལ་ཟུངས། ད་
ཡང་བཙན་ལྷོང་བའི་རྟགས་ལ་ཡང་གསུམ་སྟེ། ལེགས་པར་ཉོན་དང་ཕྱིའི་ལྷོང་རྟགས་འདི་
འདྲ་འོང་། མི་དམར་རྟ་དམར་སྐྱ་མི་དམར་པོ་མང་པོ་འཚོལ་བ་དང་། རང་བཞིན་འགྲོ་འདུག་
བྱེད་པ་དང་། རང་ལ་གནོད་པ་བྱེད་པ་དང་། རང་གིས་ཁོའ་ིརོགས་དན་བྱེད་པ་དང་། གཞན་
ཡང་ཁྱི་དམར་པོ་རྔ་མ་དམར་པོས་བརྒྱན་པ་དང་། སྤྱང་ཀི་དང་། འཕར་བ་དང་། ཝ་དང་།
སྤྲེའུ་དང་། དེ་རྣམས་ཀྱིས་རང་ལ་རྒོལ་བ་དང་། རང་ལ་འཁོར་བ་དང་། བྱ་ཕོ་མཚལ་ལུ་
དང་། འུག་པ་དང་། ཁུ་བྱུག་འུག་ཆུང་རྣམས་རང་གིས་ཉར་ཚགས་བྱས་པ་དང་གོས་གསར་
པ་དམར་པོ་དང་། དར་ཟབ་དམར་པོ་དང་། བཙོད་སྐེགས་རྣམས་ཉ་ར་བྱས་པ་དང་།
གཞན་གྱིས་སྟེར་བ་དང་། རང་བཞིན་བདག་མེད་མང་པོ་མཐོང་བ་རྣམས་ནི་ཕྱིའི་ལྷོང་
རྟགས་ཡིན་ནོ། །ནང་གི་མཚན་མ་ནི། གཟུགས་དང་དབྱིབས་མིའི་རྣམ་པ་ཇི་ལྟ་བ་བཞིན་
ཡིན་ཡང་། གདུག་པའི་ཆོ་འཕྲུལ་ཆེན་པོའ་ིཟིལ་ཀྱིས་འཇིགས་ཤིང་ཡ་ང་བ་ཆེན་པོ་ཡོད་པ་
དང་། མདའ་གཞུ་དང་། མདུང་དང་། ཞགས་པ་དམར་པོ་ལ་སོགས་པའི་མཚོན་ཆ་སྣ་
ཚོགས་པ་ཐོགས་ནས། དར་ཟབ་ཀྱི་གོས་ཁ་དོག་སྣ་ཚོགས་པའམ། རེས་འགའ་སྟག་ལ་
སོགས་པའི་གཅན་གཟན་སྣ་ཚོགས་པའི་གོས་སམ། ར་ལུག་གི་པགས་པའམ། བེའུ་ཆུང་
གི་པགས་པ་དང་། ཆུ་སྲིན་དང་འབྲུག་གི་པགས་པ་ལ་སོགས་པ་གོས་ཀྱི་ཁྱད་པར་མི་འདྲ་
བ་དུ་མ་ཞིག་གོན་པ་དང་། ཤ་བ་རུ་རྩེ་དམར་ཟིང་ངེ་བ་བཞོན་པ་དང་། རྐྱང་དང་། རྟ་དང་།
སྟག་དང་། ཁ་ཤ་རྣམས་ཀྱི་གོང་རྨེད་སྦྲུལ་ལས་བྱས་པ། མིའི་པགས་པས་སྔ་ཤད་ཕྱི་ཤད་
བྱས་པ་རྣམས་ཀྱི་ཞོན་པ་དང་། རྐང་སྐྱ་དང་། སྐྱ་རྐང་འདྲེས་པའི་ཚོགས་དང་བཅས་པ་
210
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
རྣམས་ལ་གློག་འོད་དམར་ཁྱུག་ཁྱུག་འཕྲོ་བའི་རྣམ་པ་ཅན་དང་། གཞན་ཡང་གྲོང་ཁྱེར་
དམར་པོ་ཤིན་ཏུ་འཇིགས་ཤིང་ཡ་ང་བའི་ནང་དུ་ཕྱིན་པ་རྣམས་ནི་ནང་གི་མཚན་མ་ཞེས་
པའམ། གཏིང་ལྷོང་བའི་རྟགས་ཡིན་ནོ། །
ཡང་གསང་བའི་ལྷོང་རྟགས་ནི། ཆུ་དམར་པོ་ཆེན་པོས་རི་ལུང་གང་བ་དང་། རི་ལུང་
ཐམས་ཅད་དམར་དུང་ངེ་ཡོད་པ་ལ། ལྷོ་བུར་དམར་པོ་འཁྲིགས་པ་དང་། སྤྲིན་དམར་པོ་
རླུང་གིས་གཡོ་བ་དང་། འོད་ཟེར་དམར་པོ་གློག་ཞགས་ལྟར་ནམ་མཁར་འགྱུ་བ་དང་། རླུང་
དམར་འཚུབ་མས་རི་ཀླུང་ཐམས་ཅད་གང་ནས་འུར་སྒྲ་ཆེན་པོ་གཡོ་བ་དང་། བྲག་དམར་
ཆེན་པོ་འབར་བའི་རྣམ་པ་ཅན་ཟིང་ངེ་ཡོད་པ་དང་། གོང་བུ་དམར་སིང་ངེ་བ་མང་པོ་
འཁྲིགས་པ་དང་། རི་དམར་ཟིང་ངེ་བ་དང་། རྫ་དམར་ཁྲོབས་སེ་བ་དང་། ས་རལ་དམར་
ལྷབ་བེ་དང་། མཚོ་དམར་ཏིང་ངེ་བ་དང་། མདའ་མཚལ་མ་མང་པོ་དང་། དེ་རྣམས་རང་
རང་ལ་འོད་དང་འཇིགས་པའི་ཟིལ་ཆེན་པོ་ཡོད་པའི་རྩར་རང་ཕྱིན་པ་དང་། ནང་དུ་ཕྱིན་པ་
དང་། རྒྱང་ནས་མཐོང་བ་དང་། དེ་རྣམས་ལ་སེམས་ཆགས་པ་དང་། མཐོང་ནས་སྐྲག་པ་
དང་། མདའ་བསྡུས་པ་རྣམས་ནི་གསང་བའི་ལྷོང་ཚད་ཡིན་ནོ། །བློ་ལ་འཇགས་པར་གྱིས།
ཡང་འོག་གདོན་ལ་འདི་འདྲ་འོང་བ་ཡིན་གྱིས་ཉོན་དང་། སྡོམ་སྡིག་ནག་པོ་དང་། གྲོག་མ་
དང་། སྦུར་བ་དང་། སྲམ་དང་། ཉ་ཁྱུ་མི་འདྲ་བ་རྣམས་ནི་ཆར་དུ་བབས་པས་ས་ཁྱོན་གང་
བ་དང་། རང་གི་ལུས་ལ་འབྱར་བའོ། །དེ་རྣམས་ཀྱི་ཚད་ནི་ཁྱེའུ་མིག་འབྱེད་མ་ཐག་པ་ཙམ་
ཡིན་པ་རྣམས་ནི་ཤིན་ཏུ་གྲང་ལ་གཤེར་བའི་རྣམ་པ་ཅན་ཡིན་པས། རང་གིས་མཐོང་བ་
ཙམ་གྱིས་ཡིད་མི་བདེ་ཞིང་རབ་ཏུ་སྐྲག་གོ། །
ཡང་སྦལ་པ་དང་། སྡིག་པ་དང་། ཉ་དང་། ལྕོང་མོ་དང་། སྦུར་ཆེན་དང་། ཆུ་སྲིན་
དང་། རྩང་ཕག་རྣམས་ནི་གླང་ཤད་ཀྱི་ཚད་ཙམ་གྱིས་ཁ་གདངས་ནས་ཟ་ཚུལ་སྟོན་པ་དང་།
སྐམ་དང་གཤེར་གང་དུའང་ཐམས་ཅད་འདུས་ནས་ཀི་ཤར་བྱེད་ཅིང་འཛིང་མོ་བྱེད་པ་དང་།
211
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
རེ་རེ་ཟུང་རེ་གང་གི་ལུས་ལ་ན་བུན་འཐུལ་ཞིང་ཟིལ་པ་ཅུང་ཟད་ཆགས་པ་དང་། རང་གིས་
མཐོང་བ་ཙམ་སེམས་འཁྲུག་ཅིང་ཡིད་མུག་ལ་ཤ་སྦྲིད་པ་འོང་བ་དང་། ཡང་སྦྲུལ་ནག་པོ།
དམར་པོ། སེར་པོ། ལྗང་ཁུ། ཁྲ་བོ། དཀར་པོ། དམར་ཁྲ། སེར་ཁྲ། སྔོ་ཁྲ་རྣམས་ནི་ཤིང་
ཆེན་པོ་ལ་ལོ་འདབ་རྒྱས་པ་བཞིན་ལ། རིང་ཐུང་གི་ཚད་ནི་གཞུ་འདོམ་ལྔ་བཅུ་ཙམ་རེ་ཡོད་
པ་དང་། དེ་རྣམས་ཀྱིས་མཁར་བརྩིགས་པ་དང་། ཆུ་དང་སྐམ་གང་ཡིན་ལ་གནས་ཏེ་
ཕྱོགས་གཅིག་ཏུ་གཤིབ་པ་དང་། རང་ཉིད་ཉལ་དུ་ཡོད་པའི་ལུས་ལ་དུག་རླངས་ཕ་ལ་ལ་
ཁོལ་ཞིང་། ཟེ་བ་ཆེན་པོ་ཡོད་པ་ལ། མེ་འབར་བའི་རྣམ་པ་དང་། ཁ་མིག་ནས་ནད་སྣ་
ཚོགས་པའི་རྣམ་པ་ཁ་དོག་སྣ་ཚོགས་འཕྱུར་ཞིང་ཟིལ་པ་ལྟར་ཟི་ལི་ལི་གཞུ་འདོམ་བརྒྱའི་
བར་ལ་འོང་བས། རང་གིས་མཐོང་བ་ཙམ་གྱིས་ཡ་ང་བ་དང་། བ་སྤུ་གཟེང་ཞིང་དབང་པོ་
སུན་ནས་ལུས་མྱོས་ཏེ་འགྲོ་བ་ཁོའ་ིགྲིབ་ཡིན་ནོ། །
ཡང་བུ་ཆུང་ལོ་བརྒྱད་པའི་ན་ཚོད་ཙམ་གྱི་ནུ་མ་མན་ཆད་སྦྲུལ་དུ་འདུག་ཅིང་། སྤྱི་
བོར་སྦྲུལ་མགོའ་ིགདེངས་ཀ་མང་པོ་འབར་བ་ལ་ནད་སྔོ་དམར་འཕྱུར་བ། སྦྲུལ་མཇུག་ལ་
དུག་རླངས་དང་ན་བུན་ཁོལ་བ། ལུས་སྟོད་ལ་ཡང་སྤྱི་བུན་ཐུལ་བ་རྣམས་ནི། ཆུ་གླིང་ཆེན་
པོ་མིག་གིས་མི་ནོན་པའི་ནང་དུ། རེས་ལུས་སྟོད་ཕུད་ཅིང་། རེས་སྦྲུལ་མཇུག་དང་བཅས་
པ་ཆུའི་སྟེང་དུ་ཐོན་ནས་འདུག་པ་ཁ་དོག་སྣ་ཚོགས་པ་མང་པོ་མཐོང་བ་ནི་གཏིང་ལྷོང་
བའམ། ནང་གི་ལྷོང་རྟགས་ཡིན་ནོ། །ཕྱིའི་ལྷོང་རྟགས་ནི་སྡོམ་དང་སྡིག་པ། གྲོག་མ།
སྦུར་བ། ཉ་ཁྱུ་མ། སྦལ་སྦྲུལ། ཉ་ལྕོང་རྣམས་ནི་ད་ལྟ་དངོས་སུ་ཡོད་པ་བཞིན་དུ་རྨིས་
པ་དང་། གཞན་ཡང་མཛོ་དང་། བ་ལང་གི་ཚོགས་མང་པོ་འདུས་པ་དང་། དེ་དག་ཀྱང་
རེ་རེ་དང་ཟུང་རེ་དང་། ཁྱད་པར་དུ་མཛོ་ཁམ་པ་དང་། གླང་སྟག་རིས་ཅན་དང་། དེ་
རྣམས་ཀྱིས་རང་ལ་བརྡུང་ཚུལ་སྟོན་པ་དང་། དེ་རྣམས་ཀྱིས་རང་ལ་འདུད་པ་དང་། རང་
གིས་ཉ་ར་བྱས་པ་དང་། རང་གིས་ཉ་ར་བྱེད་དགོས་རེད་པ་དང་། དམེ་མཛེ་ལོང་གསུམ་ལ་
212
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
སོགས་པ་སྤྲང་པོ་མང་པོས་རང་ལ་ལྷོང་བ་དང་། ཉལ་ཉིལ་མང་པོའ་ིནང་དུ་རང་ཕྱིན་པ་
དང་། སྒར་འདེབས་པ་དང་། ལམ་དུ་འགྲོ་བ་དང་། རུ་སྒར་མང་པོར་སྡོད་པ་དང་། སྐྱེལ་དུ་
འཇུག་པ་དང་ཁལ་འགེལ་བ་དང་། ཁལ་འབོག་ཅིང་ལོངས་སྤྱོད་བྱེད་པ་དང་། དེ་རྣམས་
རང་དང་མ་འདུམ་ཞིང་རྩོད་པ་དང་། རང་དེའི་ནང་དུ་ཕྱིན་པ་དང་། རང་གིས་ཉར་ཚགས་
རོགས་དན་བྱས་པ་དང་། མི་ནོར་དང་། ཁྱི་རྟ་ལུག་གསུམ་གང་ཡང་མེད་པའི་སྒྲ་སྟོང་པ་
དང་ཟིལ་པ་ཆགས་པའི་རུ་སྒར་དང་། སྒྲ་རེ་རེ་དང་ཟུང་རེ་དང་དེ་ནི་ཕྱིའི་ལྷོང་རྟགས་ཡིན་
ནོ༑ ༑སྒྲ་སྟོང་ལ་ཟིལ་པ་མེད་ན་བདུད་ཀྱི་རྟགས་ཡིན་པར་བཤད་དོ། །
གསང་བ་ལ་མཚོ་ཆེན་པོ་ཁ་དོག་སྣ་ཚོགས་པ་རླངས་པ་ཅུང་ཟད་འབྱུང་བ་དང་།
རྫིང་ཞེས་པ་ལྗོན་ཤིང་ལ་སོགས་པས་བསྐོར་བ་ཡང་ཁ་དོག་སྣ་ཚོགས་པ་མེ་རེ་རེ་འགུལ་བ་
དང་། ཆུ་མིག་མང་པོ་ཡང་ཁ་དོག་སྣ་ཚོགས་པའི་མགོ་འཕྲད་པ་དང་། རྟིང་འཕྲད་ནས་
འཁྱིལ་བ་དང་། བསྣོལ་ནས་ཆལ་ཆིལ་དུ་ཡོད་པ་དང་། ཆུ་ཀླུང་ཆེན་པོ་ཡང་ཁ་དོག་སྣ་
ཚོགས་པ་ཆལ་ཆིལ་དུ་འཁྱིལ་བ་དང་། དུམ་བུ་དུམ་བུར་བསྐོར་བ་དང་། མཚོ་ལྟར་མེ་རེ་རེ་
བྱེད་པ་རྣམས་ལ་ཆུ་ཞེང་མིག་རྒྱང་ཙམ་པ་རེ་རྣམས་ལ་འོད་འབར་ཞིང་རླངས་པ་འཇའ་
ཚོན་ལྟར་འཁྲིགས་པའི་ནང་དུ་རང་ཕྱིན་ནས་ཆུ་ལ་བྱིང་བ་དང་། རེས་ན་བུན་དང་འོད་དུ་
ཐིམ་པ་དང་། རེས་བར་བར་དུ་ཕྱིན་ནས་ཕྱིར་འབུད་ས་མ་རྙེད་པ་དང་། རེས་རྒྱང་དུ་མཐོང་
བ་ལ་ཡིད་ཆགས་པའམ། མི་བདེ་བ་དང་། དབང་པོ་མྱོས་པ་འོང་། ཡང་རང་བཞིན་གྱི་ན་
བུན་སྤྲིན་དང་། རླངས་པ་རྣམས་ཁ་དོག་སྣ་ཚོགས་པ་གཏིབས་པ་ལ་ཟིལ་པ་བབས་པས་ས་
ཁྱོན་ཐམས་ཅད་ཀྱང་གཤེར་ནས་ཟིལ་པ་ཕྲོམ་མེ་བའི་ནང་དུ། རང་ཕྱིན་ནས་གཤེར་བ་
དང་ན་བུན་གྱིས་གཡོགས་ནས་གར་ཡང་འགྲོ་ས་མ་མཐོང་བ་དང་། ཡང་འོད་ཁ་དོག་སྣ་
ཚོགས་པས་རང་གི་ཡན་ལག་བཅིངས་ནས་འགྲོ་མི་ཤེས་པ་དང་། ཡང་འཚུབ་མ་ལྟ་བུའི་
འོད་ཁ་དོག་སྣ་ཚོགས་པའི་སྨིག་རྒྱུ་ལྟར་མེར་མེར་བྱེད་པའི་ས་གཞི་གང་བའི་ནང་དུ་རང་
213
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
ཉིད་བྱིང་བ་དེ་རྣམས་ནི་གསང་བའི་ལྷོང་རྟགས་ཡིན་ནོ། །ཡང་མཚོ་ལ་སོགས་པའི་ཆུ་
རྣམས་དང་། ན་བུན་སྤྲིན་དང་རླངས་པ་རྣམས་ཁ་དོག་དང་རླངས་པ་མེད་པ་དང་། ད་ལྟའི་
རང་ག་མ་འདི་ལྟ་བུ་ཡིན་ན་ཕྱིའི་རྟགས་ཡིན་ནོ། །ལྷ་གདོན་གྱི་མཚན་མ་གཅིག་ཏུ་དྲིལ་
ནས་བཤད་པ་ལ་གུས་པས་ཉོན་དང་འདི་འདྲ་འོང་བ་ཡིན་པས། ཡིད་ལ་ཟུངས་ཤིག །མི་
དཀར་པོ་དུང་ཕྱིས་པ་ལྟ་བུའི་སྨིན་མ་སྔོན་པོ་སྐྲ་དཀར་པོ་སྤྱི་བོར་ཐོར་ཚུགས་སུ་བཅིངས་པ།
དར་དཀར་པོ། དམར་པོ། སྔོན་པོ། སེར་པོ། ལྗང་གུ། ལེ་བརྒན་སོགས་ཁ་དོག་འདྲ་བའི་
གོས་སྣ་རེ་རེའམ། ཁ་དོག་ཟུང་རེ། འཁོར་ཐམས་ཅད་ཀྱིས་སྟོད་གཡོག་གམ། སྨད་དཀྲིས་
སམ། ཐམས་ཅད་གྲུབ་པའི་རྣམ་པ་གྱོན་པ། ལག་ན་འཕྲུལ་གྱི་ཆགས་ཤིང་དང་། དུང་དང་
གླིང་བུ་ལ་སོགས་པ་ལྷ་ཆ་སྐད་མེད་པ་བསྣམས་པའམ། ཡང་ན་གཡབ་དར་དཀར་པོ་དང་།
མེ་ལོང་དང་དུང་གི་ཕྲེང་བ་བསྣམས་ནས། ས་ལ་མ་རེག་པ་ཙམ་དུ་འགྲོ་བ་མང་པོ་དང་། རེ་
རེ་དང་ཟུང་རེ་ཙམ་རང་གིས་མཐོང་ནས་དགའ་བ་དང་། སེམས་གཡེངས་ནས་ཁོའ་ིརྗེས་སུ་
འགྲོ་འདོད་པ་དང་། རང་གི་ཡི་དམ་གྱི་ལྷ་ཡིན་ནོ་སྙམ་ནས་དད་པ་སྐྱེས་པ་དང་། རང་གི་
ལུས་ནམ་མཁར་གཡེང་བ་རྣམས་འབྱུང་ངོ་། །
ཡང་ལྷ་གཡག་དཀར་པོ་རྭ་དཀར་པོ་ལས་འོད་དཀར་པོ་འཕྲོ་ཞིང་རྔ་མ་འཚུབ་ཅིང་
རྭ་འདེབས་པ་དང་། རྟ་དཀར་པོ་རྔོག་མ་དང་རྔ་མ་སྔོན་པོ་གཟེང་བ་མང་པོའམ། རེ་རེ་བར་
སྣང་ལ་འོང་བ་དང་། ཡང་སྤྲིན་དཀར་པོ་ཤིན་ཏུ་གསལ་བོ་དེ་ལ་མགོ་ན་ཁྲབ་ཅན་ལངས་པ་
ལྟར་མང་པོ་ནམ་མཁའ་ལས་ཡོང་བ་དང་། འོད་དཀར་པོ་ཨ་ལོང་བཞིན་མང་པོ་ནམ་
མཁར་ཡོད་པ་དང་། རི་བོའ་ིརྩེར་བྲག་དཀར་མདུང་གི་རྩེ་ལྟར་དང་ཟེང་ངེ་བ་ཡོད་པ་དང་།
ཡང་ས་ཡངས་པ་ཅན་དུ་གུར་དཀར་པོ་ཆེན་པོའ་ིསྟེང་དུ་གཅིག་གམ་མང་པོའམ། དཀར་
དམར་ཁ་དོག་སྣ་ཚོགས་པའི་ཁྲ་ཆག་གེ་བ་མང་པོ་འཁྲིགས་པ་དང་། བྱ་དཀར་པོ་ཁྲུང་ཁྲུང་
དང་འདྲ་བ་ཆེན་པོ་ཐོར་ཅོག་ཅན་མང་པོ་གཤིབ་པ་དང་། ཡ་ཟུང་དང་རེ་རེ་རྣམས་འཕུར་
214
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
ལྡིང་བྱེད་པ་དང་། ནམ་མཁའ་ནས་ལུག་མང་པོ་ས་ལ་བབས་ནས་དཀར་ལེབ་ལེབ་དང་།
བྱ་རྒོད་ཐང་དཀར་རྣམས་བྲག་དཀར་ལ་རྩེ་བ་དང་། ཐང་དང་རི་ལ་བབས་པ་དང་། ནམ་
མཁར་ལྡིང་བ་དང་། དེ་རྣམས་ཐམས་ཅད་ལའང་མང་པོ་དང་། ཡ་ཟུང་ཙམ་དང་། རེ་རེ་
དང་། གང་ལའང་ཡིད་ཆགས་པ་དང་། དེ་རྣམས་རང་གིས་ཉ་ར་བྱས་པ་དང་། རེས་འགའ་
རང་དང་འཁོན་པ་དང་། རེས་འགའ་དེ་རྣམས་རང་ལ་ཚུར་འདུད་པ་དང་། དེ་རྣམས་ནི་
ལྷའི་གདོན་གྱི་ཆོ་འཕྲུལ་ཡིན་པས་མ་བརྗེད་པར་ཡིད་ལ་ཟུངས་ཤིག་སྐལ་པ་ཅན། ཡང་
སྟེང་གདོན་ར་ཧུ་ལ་ནི་འདི་འདྲ་ཡིན་ནོ་ཡིད་ལ་ཟུངས་ཤིག་ཨང་། སྦལ་པའི་ལུས་ལ་མིའི་
མགོ་བོ་ཅན། མཇུག་མ་སྦྲུལ་དུ་ཡོད་པ་ཡིན། དེའང་མགོ་བོ་གཅིག་ལ་ཁ་མིག་དགུ་ཡོད་
ཅིང་། སྐྲ་ནི་ཁ་མིག་རྣམས་ཀྱི་བར་བར་དུ་སྦྲུལ་བདུན་བདུན་གཅུས་པའི་ཆུན་པོ་ཕྲག་པར་
སླེབ་པ་དང་། རྣ་བ་ནི་ཁ་མིག་དགུ་ལ་རེ་རེ་སྟེ་ཅེ་སྤྱང་གི་རྣ་བ་དང་མཚུངས་པའི་རྣ་བ་དགུ་
དང་། གདོང་པ་དགུ་ལའང་མིག་རེ་རེ་སྟེ་མིག་དགུ་དང་། ཡན་ལག་གི་ལྷུ་རེ་རེ་དང་། ཁོག་
པའི་གནས་མིག་རྣམས་སུའང་མིག་རེ་རེ་དང་། སེན་མོ་རྣམས་ནི་བྱ་ཆེན་པོའ་ིསེན་མོ་དང་
འདྲ་ལ་སྤྱི་བོར་བྱ་ཆེན་པོའ་ིགཤོག་རིང་གི་མགོ་བོ་ནག་པོ་གནམ་ལྕགས་ཀྱི་མཆུ་སྡེར་ཅན།
ཁ་ནས་གློག་དམར་ཁྱུག་ཁྱུག་བྱེད་ཅིང་། མིག་ནས་མེ་སྟག་མགར་བའི་ཚ་ཚ་ལྟར་དམར་
ཕུང་ཕུང་འཕྲོ་བ་དང་། ལུས་ཐམས་ཅད་རྒྱ་ཤུག་གི་དུད་པའི་མདོག་ལྟར་གསལ་ཞིང་སྒྲིབ་
པ་མེད་པའི་རང་བཞིན་ཕྱི་ནང་ཟངས་ཐལ་དུ་གསལ་བ་ལས་ཚ་ཚ་འཕྲོ་ཞིང་སྤྱིར་ན་བུན་
ལྟར་རླངས་པ་ཕ་ལ་ལ་བྱེད་ཅིང་། རླུང་གིས་གཡོ་བ་དང་། ལག་ན་གློག་གི་ཞགས་པ་དང་།
གནམ་ལྕགས་ཀྱི་ཐོང་བཤོལ་ལམ། ཡང་ན་མེ་ཐབ་གྲུ་གསུམ་པ་དང་། ནད་སྣ་ཚོགས་ཀྱི་
རྐྱལ་པའམ། ཡང་ན་ཆུ་སྲིན་གྱི་ཞགས་པ་མེ་རབ་ཏུ་འབར་བ་དང་། དྲེགས་པ་གཅོད་པའི་
གནམ་ལྕགས་ཀྱི་མདའ་གཞུའམ། ཡང་ན་ཁྲོ་ཆུ་ཁོལ་མའི་ཕུར་པ་ཟུར་གསུམ་པ་དང་།
འོད་ཀྱི་ཞགས་པ་དམར་ནག་ཚ་ཚ་ཁོལ་བ་བསྣམས་ནས། འབྲུག་ཐོད་སྔོན་པོའ་ིགཉའ་
215
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
བར་འཛེགས་ནས་འཇིགས་པའི་ཚུལ་དུ་འདུག་ཅིང་། གདུག་པའི་རླུང་ནག་ལ་གནས་སམ།
སྤྲིན་ཁམ་ནག་ལ་བསྟེན་ནམ། གློག་གམ། འོད་ཀྱི་འཁོར་ལོའ་ིརྟ་ཞོན་ནས་འཇིག་རྟེན་པ་
ཐམས་ཅད་ལ་གནོད་པ་སྐྱེལ་བའི་སྤྲུལ་པ་གྲངས་ལས་འདས་པ་འགྱེད་པ་དང་། རེས་
འགའ་ཅེ་སྤྱང་གི་གཟུགས་དང་འདྲ་བ་ལས་ཁ་ནས་དབུགས་ཀྱི་རྣམ་པ་ཁྲོ་ཆུ་ཁོལ་མ་སྤྲིན་
ནག་ལྟར་ཕྱུ་རུ་རུ་བྱུང་བས། མགོའ་ིསྐེ་མཇིང་དང་བཅས་པ་གཡོག་ཅིང་མི་མངོན་པར་གྱུར་
པ་དང་། མཇུག་མ་ཆུ་སྲིན་གྱི་རྐན་ལྟར་གཉེར་མའི་རང་བཞིན་ཅན་ལ་ཚ་ཚ་འཕྲོ་བའི་མེ་
དཔུང་རབ་ཏུ་འབར་བ་གསལ་ཞིང་། ཚ་རེག་ཤིན་ཏུ་ཆེ་བའི་རྣམ་པ་ཅན། ཤིན་ཏུ་གཡོ་བའི་
འུར་སྒྲ་དང་བཅས་པ་འབར་བའི་མེ་ལྕེས་སྤྱི་མིག་མན་ཆད་ཁེབས་པ། ལུས་ནི་དུད་པ་ལྟར་
སྔར་བཞིན་གསལ་བ་རླུང་གིས་གཡོས་པས་ན་བུན་ཁོལ་བའི་གདུག་པ་ཅན་ནམ། རེས་
འགའ་མིའི་གཟུགས་ལ་འོད་རབ་ཏུ་འབར་ཞིང་། དབང་པོའ་ིསྒོ་རྣམས་དང་། བ་སྤུའི་བུ་ག་
ཐམས་ཅད་ནས་འོད་སྔོ་དམར་སོགས་ཁ་དོག་མི་འདྲ་བ་མདའི་ཤུགས་ལྟར་ཤ་ར་ར་རབ་ཏུ་
མང་པོ་འཕྲོ་བ་དང་རེས་འགའ་བན་དེ་དང་། བོན་པོ་དང་། སྔགས་པ་དང་། སྐྱེས་པ་དང་།
བུད་མེད་དང་། བཙུན་མ་དང་། བུ་ཆུང་དང་། གཞན་ཡང་འགྲོ་བའི་གཟུགས་གང་ཡིན་པ་
དང་། མི་འདྲ་བ་སྣ་ཚོགས་པ་ཅི་འདྲ་བ་མཐོང་ན་ཡང་། དེ་རྣམས་ཀྱི་ལུས་ལ་འོད་ཁ་དོག་
མང་པོ་འཕྲོ་བ་དང། མེ་ལྕེ་ལྷབ་ལྷབ་འབར་བ་དང་། མེ་སྟག་ཚ་ཚ་འཕྲོ་བ་དང་། ན་བུན་
ཅུང་ཟད་འཐུལ་ཞིང་རླུང་གིས་གཡོ་བ་དང་། ལུས་ཀྱི་ཕྱི་ནང་སྒྲིབ་མེད་ཤིན་ཏུ་གསལ་བ་ནི་
དྲང་སྲོང་ཡིན་ལ། རང་གི་ལུས་ལ་ཡང་ཚ་ཚ་དང་། རང་བཞིན་དུ་ཚ་ལམ་ལམ་བྱེད་པ་དང་།
འདར་བ་དང་། ལྕེ་བསྐམས་ནས་གཏམ་མི་ཤེས་པ་དང་ཡིད་མི་བདེ་བ་ཟང་ཟིང་འོང་བ་
དང་། དབང་པོ་མེད་པར་ནག་ཐོམ་ཐོམ་བྱེད་པ་དང་། ཡན་ལག་རེངས་པ་དང་། འཁུམ་པ་
དང་། པགས་པ་སྲ་ཐག་ཐག་བསྡུས་པ་དང་། ཀླད་དཀྱིལ་དུ་ཚ་དམ་དམ་བྱེད་པ་དང་།
ལུས་རང་བཞིན་ཚ་སྦྲིད་ཆིལ་ཆིལ་བྱེད་པ་དང་། ལུས་ཁོལ་ཞིང་མེ་དཔུང་བརྒྱབ་པ་ལྟར་ཚ་
216
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
ལོང་ལོང་བྱེད་པ་དང་། ཚ་དཀྱུས་གྲོག་མ་རྒྱུག་པ་ལྟར་བྱེད་པ་དང་། ཁོང་བའི་ནང་དུ་མེ་
འབར་བ་ལྟར་ཚ་འུ་རུ་རུ་བྱེད་པ་རྣམས་ནི་དྲང་སྲོང་གི་ལྟས་ཡིན་ནོ། །གཞན་ཡང་ནམ་
མཁའ་མེས་གང་བ་དང་། ནམ་མཁའ་ནས་འོད་ཁ་དོག་མི་འདྲ་བ་མང་པོ་མདའ་ཙམ་ཆར་
བཞིན་དུ་འབབ་པ་དང་། འོད་ཕུབ་ཙམ་མང་པོ་འཁོར་བ་དང་། མེ་སྟག་སྐར་མ་ཙམ་མམ།
དེ་ལས་ཞིབ་པ་རླུང་གིས་སྤྱོད་ཅིང་། ཁྲ་ཚུབ་ཚུབ་བྱེད་པ་དང་། རང་བཞིན་གྱིས་འཕྲོ་བ་
དང་། ཉི་ཟླའི་ཟེར་གྱིས་རང་གཡོག་པ་དང་། ཟླ་བ་སྐར་མ་ས་ལ་ལྷུང་བ་དང་། བར་སྣང་དུ་
ཆལ་ཆོལ་དུ་བྱེད་པ་དང་། རི་ལུང་དང་། ས་གཞི་དང་། ཁང་ཁྱིམ་དང་། གང་དུ་ཡིན་ཡང་
དྲོད་དང་ཚད་པ་ཆེན་པོ་འཕྱོ་ནས་རང་འདུག་མི་བཟོད་པ་དང་། ཆུ་བོ་གང་དུ་སྣང་ཡང་ཁོལ་
ཞིང་འཕྱུར་ནས་ཆུའི་རླངས་པ་མེའི་རང་བཞིན་ཅན་ནམ་མཁར་མཆེད་ཅིང་གཡོས་པས་
རང་ཡང་ཚིག་ལ་ཁད་སྙམ་པ་སོགས་དེ་རྣམས་རབ་རིབ་མ་ཡིན་པའི་རྨི་ལམ་དུ་གསལ་པོ་
བྱུང་བ་རྣམས་ནི། དྲང་སྲོང་གཟའི་ཆོ་འཕྲུལ་ཡིན་ནོ། །
དེ་ཡང་གཤིན་རྗེའི་མཚན་མའི་ཕྱི་རྟགས་ལ་འདི་འདྲ་འོང་བ་ཡིན་ནོ། །ཡིད་མ་
གཡེང་ཉོན་དང་ངས་བཤད་དོ། །མི་རོ་བསྲེག་པ་དང་། བརྩེགས་པ་དང་། ཁལ་མ་མང་པོ་
ལ་བཀལ་ནས་དེད་པ་དང་། གཅལ་དུ་བཀྲམ་པའི་གསར་རྙིང་དང་། རྟ་རོ་མང་པོ་བསྲེག་
པ་དང་། གཅལ་དུ་བཀྲམ་པ་དང་། བཤའ་གཏུབ་བྱེད་པ་དང་། གཅན་གཟན་མང་པོས་ཟ་
བ་དང་། ཀེང་རུས་མང་པོ་མཐོང་བ་དང་། འབྲེལ་མ་དང་། ཡན་ལག་འཐོར་བ་དང་། ས་
གཞི་ཐམས་ཅད་མི་ལྤགས་རྟ་ལྤགས་ཀྱིས་གང་བ་དང་མགོ་བོ་གསར་རྙིང་མང་པོས་གང་
བ་དང་། བྲག་རི་དང་། རྫ་རི་དང་། རི་བོ་དང་། སྨུག་ལྗང་ངེ་བ་ཆེན་པོ་རྣམས་སུ་ཕྱིན་
ནས་བྲེད་ཅིང་འཇིགས་ཞུམ་ཞུམ་བྱས་ནས་ཡ་ང་ཆེན་པོ་སྐྱེས་པ་སོགས་ནི། ཕྱིའི་ལྷོང་
རྟགས་ཡིན་ནོ། །ནང་གི་ལྷོང་རྟགས་ནི་མིའི་ལུས་ཁ་དོག་སྣ་ཚོགས་པའམ། དཀར་པོ།
དམར་པོ། སེར་པོ། ནག་པོ། སྨུག་པོ། སྔོན་པོ། ལྗང་གུ་རྣམས་ཀྱི་ལུས་མི་ཙམ་པའམ། དེ་
217
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
ཉིས་འགྱུར་སུམ་འགྱུར་བཞི་འགྱུར་གྱི་ཆེ་བ་རྣམས་ནི། སྟག་གཟིག་དོམ་དྲེད་སེངྒེ་གླང་ལ་
སོགས་པ་དུད་འགྲོའ་ིམགོ་བརྙན་ཅན། འཇིགས་སུ་རུང་བ་རྣམས་ཀྱིས་ལག་ན་མཚོན་ཆ་
སྣ་ཚོགས་པ་ཐོགས་ནས་འཇིགས་པའི་སྒྲ་ཆེན་པོ་སྒྲོགས་པ་མཆེ་བ་གཙིགས་ཤིང་རྐན་སྒྲ་
རྡེབ་ཅིང་མིའི་གློ་སྙིང་གསར་པ་ཟ་བ། ལུས་ལ་མི་ལྤགས་རྟ་ལྤགས་སམ། གཅན་གཟན་
ལྤགས་པ་རློན་པས་སྟོད་སྨད་རེ་རེ་དཀྲིས་པ། ཡང་ས་གཞི་ཐམས་ཅད་ལྕགས་ཞུན་ཐར་
ལེགས་པར་བྱས་པ་ལྟ་བུའི་སྟེང་དུ། ལྕགས་མཁར་གྲུ་བཞི་པ་རང་རེའི་མཁར་ཙམ་པའམ།
རྒྱ་དང་དཔངས་སུ་མིག་རྒྱང་གང་ཙམ་ཡོད་པའི་གྲོང་ཁྱེར་ཆེན་པོ་འཁྲིགས་པའམ། རེ་རེ་དང་
ཡ་ཟུང་ཙམ་ཡོད་སར་རང་ཕྱིན་ནས་འཇིགས་ཤིང་བྲེད་ཅིང་བ་སྤུ་གཟེང་ངེ་བ་འོང་བ་དང་།
མཐོང་བ་ཙམ་གྱིས་སྐྲག་པ་དེ་རྣམས་ནི་ནང་གི་རྟགས་ཞེས་པའམ་གཏིང་ལྷོང་བའོ། །
གསང་བ་ནི་ལྕགས་ལས་གྲུབ་པའི་སྟག་གཟིག་དང་། དོམ་དྲེད་ལ་སོགས་གཅན་
གཟན་འཇིགས་པ་རྣམས་ཀྱིས་ང་རོ་ཆེན་པོ་འབྱིན་ཅིང་། མི་རོ་རྟ་རོ་རྣམས་ཟ་ཞིང་རྩོད་པ།
ཁྲ་གླག་ལ་སོགས་པའི་བྱ་གཅན་གཟན་ཆེན་པོ་རྣམས་ལྕགས་ལས་གྲུབ་པ་རྣམས་ཀྱིས་
གཤོག་པ་བརྡེབ་ཅིང་། འཕུར་འཛུལ་བྱེད་ཅིང་ཤ་ལ་རོལ་བ་དང་། ཆུ་གླང་དང་མ་ཧེའི་རྭ་
དང་རྨིག་པ་ལྕགས་ལས་བྱས་པ་རྣམས་ཀྱིས་འཇིགས་པའི་ངུར་སྒྲ་འབྱིན་པ་དང་། དགྲ་སྟ་
དང་། རལ་གྲི། དབྱུག་ཏོ། གསལ་ཤིང་། ཤང་ལང་། མདུང་། ལྕགས་ཀྱུ། འཁོར་ལོ་ལ་
སོགས་མཚོན་ཆ་རྣམས་ལས་མེ་འབར་ཞིང་ཚ་ཚ་རབ་ཏུ་འཕྲོ་བ་རྣམས་ནི། བར་སྣང་ལ་
གློག་ལྟར་འཚུབ་པ་དང་། ས་ལ་གཅལ་དུ་བཀྲམ་པ་དང་། རང་བཞིན་གཤིབས་ནས་ཡོད་
པ་ནི་གསང་བའི་ལྷོང་ཚད་ཡིན་པ་དང་བཅས་པ་ནི་མ་ནོར་བར་གལ་ཆེའོ། །གཞན་ཡང་སོ་
སོའ་ིམཚན་རྟགས་འདི་འདྲ་ཡོད་པས་ཡིད་བརྟན་པར་གྱིས་དང་། ཞང་བློན་དང་སྔགས་པ་
བཙུན་ཆས་བཟང་བ་དང་། ཚོང་དཔོན་ཆས་བཟང་བ་དང་། མི་མང་པོ་ཧོར་ནག་གི་ཆས་ལ་
ཞུགས་ནས་ཁལ་རྟ་ཁ་དོག་མི་འདྲ་བ་མང་པོ་བཀལ་ནས་འགྲོ་འདུག་བྱེད་པ་དང་། ཚོང་བ་
218
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
མང་པོས་བསེའི་གོ་ལག་ཁ་དོག་མི་འདྲ་བ་དུ་མ་ཐོགས་ནས་གླང་པོ་དང་། མཛོ་དྲེལ་མང་
པོར་ཁལ་བཀལ་ནས་དངོས་པོ་སྐྱེལ་འདྲེན་བྱེད་པ་དང་། སྔགས་པ་ཆས་ཤིན་ཏུ་བཟང་བ་
མང་པོས་གཏོར་མཆོད་དང་ལྷ་ཆ་མང་པོ་བཤམས་ནས་ཤིན་ཏུ་ལེགས་ཤིང་རྔ་བརྡུང་ཁྲིག་
ཁྲིག་བྱེད་པ་དང་། མི་དཔོན་གྱི་བློན་པོ་ཡིན་ཟེར་བའི་མི་སྐྱ་ཆས་བཟང་མང་པོས་དངོས་པོ་
མང་པོ་ཉ་ར་བྱེད་ཅིང་བང་མཛོད་དུ་བརྩིགས་པ་རྣམས་དཔོན་ཆེན་མང་པོས་སྲུང་བར་བྱེད་
པ་དང་། ཡང་སྐྱེས་བུ་ཤིན་ཏུ་སྦོམ་ལ་ལྷུ་ཐུང་ཞིང་གསུས་ཁྱིམ་ཆེ་ཞིང་བྱིན་ཆེ་བ་རྣམས་ནི་
གསེར་དངུལ་ལ་སོགས་པའི་རིན་པོ་ཆེ་སྣ་ཚོགས་པའི་ཁྲི་དུ་མའི་སྟེང་དུ་འདུག་པ་དང་།
ཡང་ལ་ལ་ནི་ཉི་ཟླ་དང་། འཇའ་ཚོན་དང་། འོད་ཀྱི་གདན་ལ་འདུག་པ་དང་། ལྗོན་ཤིང་ལ་
རྒྱབ་གཏད་པ་དང་། བྲག་རི་ཁ་དོག་མི་འདྲ་བ་མང་པོ་ལ་རྒྱབ་གཏད་པ་དང་། མེ་ཏོག་གི་
སྡོང་པོའ་ིཚལ་ན་འདུག་པ་དང་། ཁང་བརྩེགས་ཤིན་ཏུ་བཟང་བའི་ནང་དུ་འདུག་པ་དང་།
སྤྲིན་གྱི་ནང་དུ་འདུག་པ་དང་། དེ་རྣམས་ལ་རང་ཡིད་ཆགས་པ་དང་། དེ་རྣམས་ལ་རོགས་
དན་བྱེད་པར་འདོད་པ་དང་། དེ་རྣམས་ཀྱང་རང་ལ་ཚུར་འདུད་པ་དང་། དེ་རྣམས་ཀྱི་མགོ་
འཛིན་རང་གིས་བྱས་པ་དང་། རེས་འགའ་ཕར་ལ་གཡོག་བྱས་པ་དང་། རེས་འགའ་རང་
ལ་གནོད་པ་བསྐྱལ་བ་དང་། རེས་འགའ་དོན་བརྩད་ནས་མ་མཐུན་པ་དང་། རེས་འགའ་
ཁོང་རྣམས་ཤིན་ཏུ་ཁྲོས་ནས་མཚོན་ཆ་སྣ་ཚོགས་པ་ཐོགས་ནས་རང་དང་འཁྲུགས་པ་དང་།
གཞན་ཡང་འཁྲུགས་པ་མི་འཚམ་པ་རང་གིས་བྱེད་དགོས་པ་བྱུང་བ་དང་། རེས་འགའ་རིན་
པོ་ཆེ་དང་། མེ་ཏོག་དང་། ཤིང་ཏོག་གི་ཆར་འབེབ་པར་བྱེད་པ་དང་། གཞན་ཡང་སེང་གེ་
དང་། གླང་པོ་ཆེ་དང་། རྟ་མཆོག་རྣམས་སྤྲིན་ལ་གནས་པ་དང་། བྱ་རྒོད་ཐང་ནག་མང་པོ་
འཁྲིགས་པ་དང་། ནེའུ་ལེའི་རྐྱལ་པ་དང་། རྒྱལ་མཚན་མང་པོ་འཁྲིགས་པ་དང་། ནོར་བུ་
མང་པོ་རྙེད་པ་དང་། རིན་པོ་ཆེའི་གཏེར་མང་པོ་རྙེད་པ་དང་། དེ་རྣམས་རང་གིས་ཉ་ར་བྱས་
པ་དང་། ཡིད་དགའ་བ་དང་། དེ་རྣམས་གང་ཡིན་ཡང་མི་འདྲ་བའི་བཟང་ངན་གྱི་བྱེ་བྲག་
219
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
སྣ་ཚོགས་པ་ཞིག་འདྲེན་ཞིང་འོང་བ་དེ་རྣམས་ལ་ནི་གཏེར་བདག་གནོད་སྦྱིན་གྱི་ཆོ་འཕྲུལ་
ཡིན་པས་ངེས་པར་ཡིད་ལ་ཟུངས་ཤིག །
ཡང་བུ་ཆུང་ལོ་བཅུ་པ་མན་ཆད་རལ་པ་ཕྱེད་བཅིངས་བྱས་ཤིང་། ཤིང་སྐྱའི་མདའ་
གཞུ་ལག་ཏུ་ཐོགས་པ། ར་ལྤགས་ལུས་ལ་གྱོན་པ། སྣ་མཐོ་ལ་མིག་ཤིན་ཏུ་ཟབ་པ། ཤ་
མདོག་ཁ་དོག་སྣ་ལྔ་རེ་རེ་ལ་མི་འདྲ་བ་དང་། ལུས་ལ་ན་བུན་ནམ། རླངས་པ་འཐུལ་ཞིང་
ཟིལ་པ་ཅུང་ཟད་ཆགས་པའི་ར་སྐྱེས་ལ་ཞོན་པ་མང་པོ་དང་། རེ་རེ་ཟུང་རེ་རེ་དང་། ཞོན་
པ་མེད་ཀྱང་ལག་ན་སྦྲུལ་ཁ་དོག་མི་འདྲ་བ་ཐོགས་པ་དང་། ཤང་ལང་དང་། མདུང་དང་།
དགྲ་སྟ་དང་། ཐོ་བ་རྣམས་ལག་ན་ཐོགས་པ་དང་། རའི་གསོབ་ཀྱི་རྒྱལ་མཚན་ནམ་གཡང་
གཞི་ཐོགས་པ་དང་། བ་དན་ཁྲ་བོ་སྔོ་སྐྱ་འཕྱར་བ་དང་། ལུས་ལ་དུང་གིས་བརྒྱན་པ་དང་།
དུང་གིས་ཐོར་ཚུགས་བཅིངས་པ་དང་། གསེར་གྱི་སྒོར་མོས་རྣ་ཆ་བྱས་པ་དང་། རྩྭ་ཀུ་ཤས་
འཕྲུ་བཙུགས་ཤིང་། རྩྭ་སྔོ་ལྗང་གིས་དབུ་བརྒྱན་པ་དང་། ནེའུ་ལེའི་སྒྲོས་བརྒྱན་པ་དང་།
སྙུག་མའི་ཤིང་གི་དབྱུག་པ་ཐོགས་པ་དང་། དུར་ཁྲོད་ཀྱི་རོ་རས་ལུས་ལ་དཀྲིས་པ་དང་། གླ་
བའི་པགས་པ་གྱོན་པ་དང་། སྨིན་མ་དང་། སྨ་ར་ཤིན་ཏུ་རིང་བ་རང་རང་གི་ཤ་མདོག་དང་
མཚུངས་པ་དང་། རེས་འགའ་བུ་མོ་ལོ་བཅུ་ལོན་པ་ཙམ་གྱི་སྐྲ་སིལ་ལེ་བ་དང་། གོས་ཁ་
དོག་མི་འདྲ་བ་གྱོན་པ་མང་པོས་ར་ཁྱུ་ཉ་ར་བྱེད་པ་དང་། རེས་འགའ་སྔགས་ཕྲན་ཆུང་ངུ་
རལ་བ་ཕྲ་ལེ་བ་དང་། རེས་འགའ་བོན་ཆེན་ཞྭ་རིང་ཅུག་གེ་བ་གྱོན་ཅིང་སྨ་ར་ཤིན་ཏུ་རིང་
བའི་རྒྱ་བོ་དང་། དེ་རྣམས་གང་ལ་ཡང་རའམ། རའི་པགས་པའམ། རྩྭ་ཀུ་ཤ་དང་། ནེའུ་
ལེའི་སྒྲོ་དང་། ཙད་བུ་སྔོ་ལྗང་དང་། དེ་ལྔ་གང་ཡིན་པ་དེ་མགོ་ལུས་དང་། ལག་ན་
ཐོགས་པ་སོགས་ནི་ཐེའུ་རང་གི་རྟགས་ཡིན་པས། རང་རྟགས་ཕྱག་མཚན་དེ་ལྔ་ཡོད་
དགོས་སོ། །
ཡང་ལག་ན་སྙུག་མའི་ཤིང་གི་དབྱུག་པ་ཐོགས་པའང་ཐེའུ་རང་གི་རྟགས་ཡིན་པས།
220
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
དེ་རྣམས་བྲག་ཕུག་དང་། ས་ཕུག་དང་། ས་རལ་མདོ་འདུས་དང་། ཐང་ཆེན་རྫ་རྡོ་ཁྲབ་
ཁྲོབ་ཡོད་པ་དང་། ན་བུན་སྤྲིན་ལ་གནས་པ་དང་། ནགས་ཚལ་དང་། བྲག་རི་དང་། གཡའ་
རི་ཆེན་པོ་དང་། ཁང་བུ་སྟེང་ཁང་མེད་པའི་གྲོང་ཁྱེར་དང་། ཤིང་སྤན་སྤུན་དང་། དེ་རྣམས་
ལ་གནས་ནས་སྤྱོད་པ་མི་འདྲ་བ་དུ་མ་ཡོད་པ་དང་། རང་གིས་མཐོང་ནས་རང་དེ་རྣམས་ལ་
ཡིད་ཆགས་པ་དང་། ཁོའ་ིརོགས་དན་རང་གིས་བྱས་པ་དང་། རང་གི་རོགས་དན་ཁོས་
བྱས་པ་དང་། རེས་འགའ་རྩོད་པ་བྱས་པ་དང་། རེས་འགའ་ནོར་སྣ་ཚོགས་རང་ལ་སྟེར་བ་
དང་། རེས་འགའ་རྒྱན་གོས་དང་གཟུགས་དབྱིབས་ཤིན་ཏུ་བཟང་བ་སྟོན་པ་དང་། རེས་
འགའ་ཤིན་ཏུ་མི་སྡུག་པའི་གཟུགས་སྟོན་པ་ལ་སོགས་པའི་མི་འདྲ་བའི་རྣམ་འགྱུར་སྣ་
ཚོགས་པ་ཞིག་འོང་བ་ཡིན་པ་དང་། རེས་འགའ་ཤོ་འགྱེད་པ་དང་། རྒྱན་འགྱེད་པ་དང་།
གཞན་ཡང་ར་མང་པོ་དང་། རེ་རེ་དང་ཟུང་རེ་ཙམ་དང་། ཁྱད་པར་དུ་རའི་ཆོ་ལོའ་ིདོ་ཤལ་
དང་། དྲིལ་བུ་ཆུང་ངུ་དང་། རའི་གཡང་གཞི་མགོ་ལག་ཚང་མ་དང་། དེ་རྣམས་ཉ་ར་བྱེད་པ་
དང་། རང་བཞིན་གྱིས་མང་པོའ་ིནང་དུ་ཕྱིན་པ་དང་། གཞན་གྱིས་ཉ་ར་བྱེད་པ་དང་།
བདའ་འདེད་བྱེད་པ་མཐོང་བ་དང་། གཞན་ཡང་ནེའུ་ལེའི་གསོབ་དང་སྒྲོ་དང་། ཙད་བུ་
སྔོ་ལྗང་དང་། སྙུག་མའི་ཤིང་དང་། རྩྭ་ཀུ་ཤ་དང་། དེ་རྣམས་རང་གིས་ཉ་ར་བྱས་པ་དང་།
ས་ལ་གོར་གོར་སྐྱེས་པ་དང་། ས་ཕུག་བྲག་ཕུག་གད་ཕུག་རི་ལུང་ཐང་ཆེན་པོ་གང་དུ་
ཡིན་ཡང་དེ་རྣམས་ཟང་ཟིང་དུ་བཙུགས་པ་དང་། ཆལ་ཆལ་དུ་བཀྲམ་པ་དང་། ཕོན་རེ་
སྐྱེས་པ་དང་། དེ་རྣམས་གང་རྨིས་ཀྱང་འབྱུང་པོ་ཐེའུ་རང་གི་ཆོ་འཕྲུལ་ཡིན་པར་ཤེས་
པར་བྱའོ། །
ཡང་འདི་འདྲ་འོང་གིས་མ་གཡེང་ཉོན་དང་ངས་བཤད་དོ། །བྱིས་པ་ཆུང་ངུ་གཟུགས་
ནི་དྲང་པོར་མེད་ཀྱང་ཁ་མིག་ཅུང་ཟད་དོད་ཅིང་། སྐད་ཟིང་ཟིང་ཅུང་ཟད་གྲག་ནུས་པ་མང་
པོ་དང་། རེ་རེ་དང་ཟུང་རེ་ཙམ་པ། ལུས་ཁྲུ་གང་ལས་ཅུང་ཟད་ཆུང་བ། མགོ་བོ་ཤུག་པའི་
221
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
འབྲས་བུ་ཙམ་ཡོད་པ་རང་གི་ལུས་ལ་འབྱར་ཞིང་སྐད་ཙེ་རེ་རེ་འདོན་པ་དང་། རང་གི་རྗེས་
སུ་འབྲང་བ་དང་། ཆུ་ཆལ་ཆིལ་དང་། རྡོ་ཁྲབ་ཁྲོབ་ཀྱི་ནང་དང་། གཞན་ས་ཆ་གང་དུ་ཡང་
གད་པ་དང་ས་སྨན་ཁ་དོག་མི་འདྲ་བ་རབ་རིབ་ཡོད་པ་དང་། བྲག་རབ་རིབ་དང་། སྤེན་མ་
ཤལ་ཤུལ་དུ་ཡོད་པ་དེ་རྣམས་སུ་འདུག་པ་དང་། ན་བུན་འཁྱིལ་བ་ཙམ་གྱི་ནང་དུ་འདུག་པ་
དང་། མེ་ལྷེམ་ལྷེམ་ཅུང་ཟད་མི་གསལ་བ་བོང་བུའི་རྣ་བ་ཙམ་འབར་བའི་རྩར་འདུག་པ་
དང་། ཡང་ན་བུད་མེད་ཤིན་ཏུ་མི་སྡུག་པ་སྐྲ་གྱེན་དུ་གཟེང་ཞིང་། ལུས་ཤིན་ཏུ་རིད་ཅིང་
ཐལ་བའི་མདོག་ཅན་སྔོ་སྐྱ་བ། གོས་ཁ་དོག་མི་འདྲ་བ་སྣ་ཚོགས་པ་ཧྲུལ་པོ་རེ་རེས་སྨད་
དཀྲིས་བྱས་པ། རྣ་བ་གཉིས་དང་། སྣའི་འོག་དང་། ལྐོག་མ་དང་བཞི་ལ་ཁ་བཞི་དོད་པ།
དེ་ཡང་ཉའི་ཁ་ལྟར་སོ་མེད་པ་ལྕེ་གཉིས་གཉིས་ཏེ་བརྒྱད་དམར་ལྷབ་ལྷབ་བྱེད་པ་ལ་ནད་
ཀྱི་ན་བུན་སྔོ་དམར་ཕ་ལ་ལ་འོང་བ། རྐང་པའི་ལོང་བུ་འདྲུད་ཅིང་འཐེང་འགྲོས་བྱེད་པ།
ལག་ན་རླུང་གི་ཞགས་པ་ནད་ཀྱི་རང་བཞིན་ཅན་ཐོགས་པ་མང་པོ་དང་། རེ་རེ་དང་ཡ་ཟུང་རེ།
རང་གིས་མཐོང་བ་ཙམ་གྱིས་ཡི་མུག་ཅིང་། སྣང་བ་མི་བདེ་བ་བན་བུན་འོང་བ་དང་།
གཞན་ཡང་བྲག་སྔོན་རབ་རིབ་ཆུང་ངུ་ཆུ་དང་འདྲེས་པ་དང་། དོང་ཁུང་ཆུ་དང་སྤེན་མ་
འདྲེས་པ་དང་། གད་སྐྱིབས་ལྷམ་ལྷམ་མང་པོ་ཡོད་པ་དང་། རྡོ་ཁྲབ་ཁྲོབ་དང་དེ་རྣམས་ལ་
མེ་དམར་ཟིང་ངེ་མར་མེ་ཙམ་འབར་བའམ། རླངས་པ་སྔོ་དམར་ཅུང་ཟད་འཐུལ་བ་དང་།
བྲ་མའི་ཚེར་མ་དང་། དེ་རྣམས་ཀྱི་ནང་དུ་རང་ཕྱིན་པ་དང་། ཡང་རང་གི་གྲིབ་ནག་རང་གི་
རྗེས་སུ་འབྲང་བ་དང་། གཞན་གྱི་གྲིབ་གཟུགས་མང་པོའ་ིནང་དུ་རང་ཕྱིན་པ་དང་། ཤིང་
ཚིག་པ་དམ་དུམ་དང་། སོལ་བའི་ཕུང་པོ་དང། རོ་བསྲེགས་པའི་ཤུལ་ས་ཡིན་ཟེར་བ་དང་།
དེ་རྣམས་སུ་རང་ཕྱིན་པ་རྨིས་ན་འདྲེ་མོ་འགག་འདྲེའི་ཆོ་འཕྲུལ་ཡིན་ནོ། །བྱེ་བྲག་གི་ཆོ་
འཕྲུལ་རྣམས་ཤེས་པར་གྱིས་ཤིག་རིགས་ལྡན་ཀུན། ཐུན་མོང་པ་སྤྱིའི་ཆོ་འཕྲུལ་མི་འདྲ་བ་
སྣ་ཚོགས་པ་འདི་འདྲ་འོང་གི། རི་བསྙིལ་བ་དང་། མཚོ་ལུད་པ་དང་། བྲག་གཞིག་པ་དང་།
222
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
རྦབ་འགྲིལ་བ་དང་། ས་གཡོ་བ་དང་། གད་པ་རྡིབ་པ་དང་། ས་གཞི་འགུལ་མེར་མེར་བྱེད་
པ་དང་། རྡོ་དང་བོང་བ་རྩར་ འཕེན ་པ་དང་། གོས་ལ་འཐེན་འཐེན་བྱེད་པ་དང་། རྒྱབ་དང་
གློ་རྩིབ་ཏུ་ཁུ་ཚུར་བརྡེག་པ་དང་། རྣ་བར་གསང་གཏམ་བྱེད་པ་དང་། རྒྱང་རིང་པོ་ནས་མིང་
ནས་ལྷང་ལྷང་འབོད་པ་དང་། འདུག་མལ་ནས་གཞན་དུ་འཁྱེར་བ་དང་། དབྱངས་དང་
ཤུགས་གླུ་ལེན་པ་དང་། ཧ་ཧ་དང་གད་རྒྱངས་ལྷག་ལྷག་བྱེད་པ་དང་། ངུ་འབོད་ཀུ་ཅོ་ཆེན་
པོ་འདོན་ཅིང་མི་སྙན་པ་སྣ་ཚོགས་སྒྲོགས་ནས་ཁྱོད་འདིར་མ་འདུག་གཞན་དུ་སོང་ཞིག་མི་
འགྲོ་ན་མགོ་གཅད་སྙིང་དབྱུང་ཤ་ཟ་ཁྲག་འཐུང་རུས་པ་འཆའ་བ་དང་། གཟེར་ལྷོག་ལ་
སོགས་པ་ནད་སྣ་ཚོགས་བཏང་ནས་ཁྱོད་ད་ལྟ་ནས་འགུམས་པར་བྱེད་དོ། །
འདི་ནས་གཞན་དུ་འགྲོ་ན་ངས་ཁྱོད་ལ་ཕན་པ་རྒྱ་ཆེན་པོ་གདགས་སོ་ཟེར་བ་དང་།
ཐོག་དང་། སེར་བ་དྲག་པོ་དང་། འབྲུག་དང་། གློག་ཞགས་དང་། གཤའ་ལོག་ཆེན་པོ་དང་།
འུར་སྒྲ་དང་། ཚག་སྒྲ་དང་། ཆོམ་སྒྲ་དང་། ཐིག་ཆོམ་གྱི་སྒྲ་ཆེན་པོ་དུ་མ་ཞིག་འབྱུང་བ་དང་།
སྐར་མདའ་དང་། མེ་མདའ་དང་། མེ་སྟག་དང་། ཚ་ཚ་དམར་ཚུབ་ཚུབ། བྱེད་པ་དང་། སྤྲིན་
དང་ན་བུན་ཁུ་རླངས་དང་། འཚུབ་མ་འཇིགས་སུ་རུང་བའི་ནང་དུ་ཐིམ་ཞིང་གཡེངས་ནས་
རབ་ཏུ་བརྡེབ་པ་དང་། ས་ཁྱོན་ཐམས་ཅད་ནག་པོ་ལ་སོགས་པའི་ཁ་དོག་མི་འདྲ་བར་གྱུར་
ནས་ཡིད་དུ་མི་འོང་བ་དང་། ནམ་མཁའ་མེས་གང་བ་དང་། ས་གཞི་ཆུས་གང་བ་དང་།
ལྗོན་ཤིང་ནགས་ཚལ་རྣམས་མཚོན་ཆར་མཐོང་བ་དང་། འཚུབ་མ་དམར་ནག་དང་ལྷོ་བུར་
སྔོ་དམར་གྱིས་རི་ལུང་གང་ཞིང་གཡོ་བར་བྱེད་པ་དང་། མིག་གི་སྒོར་གཟུགས་མི་མཐོང་བ་
སྟོན་པ་དང་། སེང་གེ་དང་། སྟག་གཟིག་དོམ་དྲེད་དང་། གླང་པོ་ཆེ་དང་། བ་གླང་དང་
གཡག་རྒོད་དང་། སྤྲེའུ་དང་། ཕག་རྒོད་དང་། བོང་བུ་དང་། ཁྱི་དང་། སྤྱང་ཀི་དང་། ཅེ་
སྤྱང་དང་། ཆུ་སྲིན་དང་། རེ་འབྱམས་དང་། སྦལ་བ་དང་། སྡིག་པ་དང་། སྦུར་ལ་སོགས་
པའི་མགོ་བརྙན་ཅན་འཇིགས་སུ་རུང་བ་ཁ་གདངས་བ་མཆེ་བ་གཙིག་པ་ལྕེ་དམར་ལྷབ་
223
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
ལྷབ་གཡུག་པ། ཁ་ནས་མེ་འབར་བ་སྣ་ནས་དུད་པ་འཐུལ་བ་མིག་ནས་མེ་སྟག་འཕྲོ་བ།
ལག་ན་སྦྲུལ་ཞགས་དང་མཚོན་ཆ་སྣ་ཚོགས་པ་ཐོགས་ནས་འཇིགས་ཚུལ་སྟོན་པ་དང་།
གཤིན་རྗེ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཤ་ཟ་ལྟ་བུའི་གཟུགས་འཇིགས་པ་སྟོན་
པ་དང་། སྟག་དང་དོམ་དྲེད་ཅེ་སྤྱང་ལ་སོགས་གཅན་གཟན་གདུག་པ་ཅན་རྣམས་ཀྱིས་ང་
རོ་ཆེན་པོ་འབྱིན་ཅིང་ཁ་གདངས་ནས་ཟ་རུ་བྱུང་བ་དང་། ཆུ་སྲིན་གྱི་ཁ་གདངས་ནས་བཟུང་
བ་དང་། སྦྲུལ་གྱིས་ལུས་པོ་དཀྲིས་པ་དང་། སྡོམ་དང་སྡིག་པ་སྦལ་པ་ལུས་ལ་འབྱར་བ་
དང་། གླང་དང་གཡག་ནག་རྭ་ལ་མེ་འབར་བས་བརྡུང་བ་དང་། མི་ནག་འཇིགས་སུ་རུང་
བའི་ལག་ན་མཚོན་ཆ་མེ་འབར་བས་བསྣུན་པ་དང་། དགྲ་བོ་དང་སྐྱེས་པ་བུད་མེད་དགྲར་
ལངས་ནས་མཚོན་ཆ་ཐོགས་ནས་བརྡེག་པ་དང་། བཅིངས་པ་དང་། གད་གཡང་ལ་བསྐྱུར་
བ་དང་། མནན་པ་དང་། མགོ་མཇུག་ལྡོག་ཅིང་གཞན་དུ་འཁྱེར་བ་དང་། སྡོམ་སྡིག་གྲོག་
སྦུར་རྣམས་ཆར་བཞིན་དུ་བབས་པ་དང་། སྦལ་སྦྲུལ་ཉ་ལྕོང་གིས་ས་གཞི་གང་བ་དང་། ཁྱི་
ནག་མང་པོས་རྨུག་ཅིང་སྤྲེའུ་མང་པོས་གར་བྱེད་པ་དང་། སྲིན་མོས་རལ་བ་བསིག་ཅིང་སོ་
སྒྲ་སྒྲིག་པ་དང་། གཞན་ཡང་མིག་ལམ་དུ་མི་སྡུག་པའི་གཟུགས་སྣ་ཚོགས་པ་འབྱུང་ངོ་། །རྣ་
བའི་སྒོར་སྒྲ་སྣ་ཚོགས་འོང་སྟེ་ཀི་ཀི་བསྭོ་བསྭོ་ཞེས་པ་དང་། ཧ་ཧ་ཧོ་ཧོ་ཞེས་པ་དང་། སོད་
སོད་རྒྱོབ་རྒྱོབ་ཅེས་པ་དང་། འུར་འུར་བ་དང་། གུ་སིང་ཞེས་པ་དང་། ཟིང་ཟིང་ལ་སོགས་
པ་སྒྲ་མི་སྙན་པ་དུ་མ་ཞིག་འོངས་ནས་ཡིད་མི་བདེ་བ་བྱེད་དོ། །
སྣའི་སྒོ་ལ་ཡང་། བྱ་སྒོག་ལ་སོགས་སྒོག་དྲི་ངན་པ་སྣ་ཚོགས་པ་དང་། རྭ་གཞོབ་
དང་། མིའི་ཤ་ཚིལ་གྱི་གསུར་དང་། སྔོ་གཞོབ་དང་། ཤིང་དུག་ངན་པ་དང་། ས་དུག་ངན་པ་
དང་། ཁྱིའི་དྲི་མ་དང་། ཆུ་སོའ་ིགསེབ་དྲི་ལྟར་དྲི་ངན་པ་སྣ་ཚོགས་པ་བྲོ་ནས་དབང་པོ་མྱོས་
པར་བྱེད་དོ། །ལྕེ་ལ་རོ་ཁ་བ་ལ་སོགས་པའི་རོ་ངན་པ་རྣམས་ཀྱིས་ཟས་སྐོམ་གང་ཡིན་
ཡང་ཞེན་པ་ལོག་པར་བྱེད་དོ། །ལུས་ལ་རེག་བྱ་རྣམས་རྩུབ་ཅིང་རྩེད་པ་དང་། ཤ་རོ། ཤ་
224
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
འཕྲིག །ཤ་འགུལ་དང་། སྐམ་འཁོལ་དང་། སྐྲང་འབུར། གློ་ཤུ། བེལ་ལྡག་ཤུ་ཐོར། མེ་
དབལ། ཚ་ཟུག་རྣམས་ཀྱིས་ལུས་མི་བདེ་བར་བྱེད་དོ། །ཡིད་ལ་མི་འདོད་པ་སྣ་ཚོགས་པ་
འབྱུང་སྟེ། སེམས་མི་བདེ་བ་སྣ་ཚོགས་པ་འོང་། ཐེ་ཚོམ་དང་། སོམ་ཉི་དང་། ཡིད་གཉིས་
དང་། ནེམ་ནུར་དུ་སྐྱེ་བར་བྱེད་པ་དང་། ཤེས་པ་འཕྱོ་བ་དང་། འགྲོ་སྙིང་འདོད་པ་དང་།
རང་བཞིན་གྱིས་སེམས་སྡུག་པ་དང་། མི་དགའ་ཞིང་ཚིག་པ་ཟ་བ་དང་། ཁམས་མི་བདེ་བ་
དང་། སེམས་སྐྱོ་བ་དང་། ཟླ་བོ་དང་འགྲོག་འདོད་པ་དང་། ཉོན་མོངས་པའི་ཆགས་སེམས་
ཀྱིས་གདུངས་ནས་ཉམས་ལེན་འཆོར་བ་དང་། བག་ཚ་བ་ཉམ་ང་འཇིགས་སྐྲག་སྐྱེས་ནས་
གཅོད་ཀྱིས་སུན་པར་བྱེད་པ་དང་། རྣམ་རྟོག་སྣ་ཚོགས་པ་སྐྱེས་ནས་ཡིད་ཉོན་མོངས་པར་
བྱེད་པ་དང་། སྙིང་རླུང་ལངས་ནས་ཁམས་འདུས་པར་བྱེད་དོ། །
གཞན་ཡང་ས་གས་པའི་བར་དུ་ལྟུང་བ་དང་། ཁང་པ་རྡིབ་པ་དང་། ངམ་གྲོག་དང་
གཡང་ས་ཆེན་པོར་འགྲིམ་པ་དང་། རི་བོ་རྡིབ་པ་དང་། ཆུ་བོ་གནམ་དུ་འཕྱུར་བ་དང་། ཉི་
ཟླ་གཉིས་བརྡེབ་པ་དང་། གནམ་ནས་ས་ལ་ལྷུང་བ་དང་། འཇིགས་སུ་རུང་བའི་གཟུགས་
ཅན་གྱིས་རང་གི་སྙིང་དྲངས་པ་དང་། གློ་བ་འདྲད་པ་དང་། རྒྱུ་མ་བསྣར་བ་དང་། དོན་སྙིང་
ནང་ཁྲོལ་རྣམས་ཕྱུང་བ་དང་། ལུས་དུམ་བུར་གཏུབ་པ་དང་། པགས་པ་བཤུས་པ་དང་།
ཡན་ལག་དང་ཉིང་ལག་རྣམས་གཅོད་པ་དང་། གཟུགས་མི་སྡུག་པ་བསྟན་ནས་ཁྱོད་ཀྱི་
དབུགས་ལེན་ངས་བྱས་ནས་ཞག་འདི་ཙམ་ནས་ཁྱོད་ཤི་ནས་དམྱལ་བར་སྦྱོར་རོ། །ཁྱོད་ཀྱི་
བླ་མ་བརྒྱུད་པ་དང་། ཕ་མེས་ཡང་རབས་རྣམས་ཀྱི་སྲོག་ལེན་ང་ཡིན་ནོ་ཟེར་ནས་དགྲར་
ལང་བར་བྱེད་ཅིང་། འཇིགས་སྣང་སྣ་ཚོགས་པ་སྐྱེ་རུ་འཇུག་པར་བྱེད་དོ། །རེས་འགའ་མ་
སྲིང་མཛའ་མོ་དང་། བུད་མེད་མཛེས་མ་རྒྱན་ཅན་གྱིས་འཛུམ་མདངས་བསྟན་ནས་ཆགས་
ཚུལ་སྟོན་པ་དང་། རེས་འགའ་གཟུགས་མི་སྡུག་པས་ངུ་འབོད་དང་ཆོ་ངེ་འདེབས་པ་དང་།
རེས་འགའ་ཕ་སྤུན་ཟླ་བོ་གྲོགས་པོའ་ིཚུལ་གྱིས་ཕན་པའི་གྲོགས་བྱས་ནས་གདུང་བར་བྱེད་
225
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
པ་དང་། རེས་འགའ་དགྲར་ལངས་ཏེ་སྡང་སེམས་སྐྱེ་བར་བྱེད་དོ། །རེས་འགའ་ལྷ་ཡི་དམ་
གྱི་རྣམ་པས་ཁྱོད་ཀྱིས་སྦྱིན་པ་གཏོང་བ་དང་། ཚུལ་ཁྲིམས་སྲུང་བའི་ལས་ཕར་ཕྱིན་དྲུག་ལ་
སོགས་པའི་ལམ་སྒྲུབས་དང་། ཁྱད་པར་དུ་དཀར་ཕྱོགས་རྣམས་ལ་རྩོལ་བ་བསྐྱེད་མི་
དགོས། ད་ཁྱོད་ལམ་རྫོགས་ཟིན་པ་ཡིན་པས་ལམ་བསྒྲུབས་ནས་ཅི་ཞིག་བྱ། རྒྱུའི་སྦྱངས་
པ་སྔོན་དུ་སོང་ནས། ད་ནི་སྐྱེ་བ་འདིར་འབྲས་བུ་སྨིན་པ་ཡིན་པས། བདུད་ཐམས་ཅད་
འདུལ་བའི་དུས་ལ་བབ་པས། འདྲེ་བདུད་ཐམས་ཅད་གདུལ་བར་བྱའོ། །ཟེར་ནས་འདྲེ་
བྲན་རྣམས་ཐུལ་ཞིང་གྲོང་ཆོག་མུ་སྣ་འདེད་པས་ལམ་ལོག་པར་སྦྱོར་བ་དང་། ད་ཁྱོད་
འདོད་ཡོན་སྤྱོད་པའི་དུས་ཡིན་པས། ཉོན་མོངས་པ་ཐམས་ཅད་ལ་ཅི་དགའ་བར་སྤྱོད་དང་།
ཉོན་མོངས་པ་སྤྱད་ཚད་ཀྱིས་སེམས་ཅན་ཐམས་ཅད་ཀྱིས་གྲོལ་ལམ་ཐོབ་པ་ཡིན་ཟེར་ནས།
ཉོན་མོངས་སྤྱོད་དུ་འཇུག་པའི་ལམ་ལོག་པ་ལ་སྦྱོར་བ་དང་། ཁྱོད་སྐྱེ་བ་འདིའི་འོག་རོལ་ན་
ཞིང་ཁམས་འདི་ཞེས་བྱ་བར་མཚན་འདི་ཐོགས་ཏེ་སངས་རྒྱས་པ་ཡིན་ནོ་ཟེར་ནས། ང་
རྒྱལ་རློམ་པ་དང་། དྲེགས་པས་ཁེངས་པར་བྱས་ནས། ལམ་ལོག་པ་ལ་སྦྱོར་བར་བྱེད་པའི་
བདུད་ལྷ་རུ་སྤྲུལ་ནས་འོང་བ་དང་། རེས་འགའ་རང་གི་བླ་མ་དང་ལྷའི་རྣམ་པ་ལྟ་བུས་རང་
ཅག་རྣམས་ཀྱི་ཆོས་ནོར་ལམ་ལོག་པར་སོང་བས། ངེད་ཅག་གིས་སྡུག་བསྔལ་དུ་མ་ཞིག་
མྱོང་བར་གདའ་བས་བུ་ཁྱོད་ཀྱིས་ཆོས་འདི་དོར་ལ་འདི་མ་ཡིན་པ་གཞན་ཞིག་ལ་ཞུགས་
ཤིག་ཟེར་ནས། བླ་མ་དང་ཆོས་ལ་བློ་ལོག་པར་སྦྱོར་བར་བྱེད་པ་དང་། ལྷ་ངེད་ཅག་གིས་
ཁྱོད་སྐྱོབ་པར་མི་ནུས་པས་གཞན་ཞིག་ལ་སྐྱབས་སུ་སོང་ཞིག་ཟེར་ནས་ལྷ་སྤང་དུ་བཅུག་
ནས་ལམ་ལོག་པ་ལ་སྦྱོར་བར་བྱེད་པའི་བདུད་བླ་མ་དང་ལྷ་ལ་སྤྲུལ་ནས་རང་ཉིད་ཀྱི་
སེམས་འཕང་དམའ་བར་བྱེད་པ་དང་། ཐེ་ཚོམ་དང་སོམ་ཉི་སྐྱེ་བར་བྱེད་པ་དང་། བླ་མ་
དང་ལྷ་དང་ཆོས་ལ་ཡི་མུག་ཅིང་སྤོང་བར་བྱེད་དོ། །
གཞན་ཡང་ཡིད་ལུས་མི་བདེ་བར་བྱེད་པ་སྣ་ཚོགས་པ་བྱུང་བ་དང་། ཐར་པ་དང་
226
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
བྱང་སེམས་ཀྱི་གེགས་གང་གིས་བྱེད་པ་དང་། མི་དགེ་བའི་ལས་ཚེ་འདིའི་འདོད་པ་ལ་བློ་
སྦྱོར་བར་བྱེད་པ་གང་ཡིན་པ་དེ་ནི་བདུད་ཅེས་བྱ་བ་ཡིན། ཆོ་འཕྲུལ་བྱ་བ་ཡང་ཡིན་པས།
དེ་རྣམས་ཤེས་ཤིང་ངོས་ཟིན་པ་གལ་ཆེའོ། །
དེ་ཡང་དངོས་དང་རྨི་ལམ་ཉམས་གསུམ་གང་རུང་ལ་འོང་བའམ། ཡང་ན་ཉམས་སུ་
ཤར་ཏེ། ཉམས་ཞེས་པ་ནི། གཉིད་པ་ཡང་མ་ཡིན་ཞིང་མ་གཉིད་པ་དང་དངོས་པོ་ཡང་མ་
ཡིན་ལ། ཚོགས་དྲུག་གི་སྣང་བ་གསལ་ཞིང་དྭངས་ལ་རིག་པ་ཤིན་ཏུ་གྲུང་བའི་ངང་ལ་ད་
ལྟར་གྱི་སྣང་ཡུལ་མཚན་ཉིད་པ་ཇི་ལྟ་བ་བཞིན་ནི་མ་ཡིན་པ་ཅུང་ཟད་འགྱུར་ཞིང་། གཞན་
ཞིག་མིག་ལམ་དུ་འཆར་བའི་ཚེ། ཆོ་འཕྲུལ་གྱི་བྱེ་བྲག་གང་བྱུང་བ་དེ་ལ་ཉམས་སྣང་ཟེར་
བ་ཡིན་ནོ། །ཡང་ན་ལྷ་འདྲེའི་གཟུགས་མ་མཐོང་ཡང་སྒྲ་མ་ཐོས་ཀྱང་ལྷ་འདྲེའི་ཟིལ་ཆེན་
པོས་རང་ཉིད་ནོན་ཏེ་འཇིགས་ཤིང་སྐྲག་ནས་ཉམ་ང་བ་དང་། བག་ཚ་བ་དང་། སྐྲ་དང་བ་
སྤུ་ལང་བ་དང་། འཇིགས་ཞུམ་ཞུམ་རྔུལ་ཅུམ་ཅུམ་བྱེད་པ་དང་། ལུས་སྦྲིད་པར་བྱེད་ཅིང་
པགས་པ་བསྡུས་ནས་དམ་ཐག་ཐག་བྱེད་པ་དང་། མདུན་དང་རྒྱབ་ཏུ་ཡོད་སྙམ་ནས་གདོང་
དང་ལྟག་པ་ཚ་འུབ་འུབ་བྱེད་པ་དང་། ལུས་འདར་ཞིང་སྔངས་ནས་འཁུམ་པ་ལ་སོགས་
མཐོང་སྣང་མེད་པའི་འཇིགས་སྣང་འོང་བ་ལ་གཟི་བྱིན་ཆོ་འཕྲུལ་ཟེར་བ་ཡིན་ནོ། །ཡང་ན་
ཆོ་འཕྲུལ་རྨི་ལམ་དུ་གསལ་བོར་འོང་དགོས་པ་ཡིན་ཏེ། དེའང་གཟི་བྱིན་རྨི་ལམ་གཉིས་སུ་
འོང་བ་ཤ་སྟག་ཡིན་ནོ་བུ། ཁྱད་པར་དུ་འདི་འདྲ་བ་འོང་བས་ཡིད་ལ་ཟུངས། བུད་མེད་སྐྱེས་
པ་མང་པོ་འོང་བ་དང་། སྟོན་མོ་རྩོད་དང་ཁྲལ་འདོད་ཟེར་བ་དང་། སྣོད་སྟོང་མང་པོ་ཁུར་
ནས་སྒོ་ཉལ་བྱེད་པ་དང་། སྤྲང་ལོང་མང་པོ་སྒོ་འདུག་བྱེད་པ་རྣམས་རྨིས་ན། ལན་ཆགས་
མ་བྱང་བའི་རྟགས་ཡིན་པས། ལན་ཆགས་མགྲོན་ལ་ལུས་སྦྱིན་བརྒྱ་རྩ་ནི་གྲངས་མེད་ཐུན་
བརྒྱད་ཞག་གཅིག་ཆག་མེད་གཏོང་། རྒྱན་དང་ཆོ་ལོ་འགྱེད་པ་དང་། ཁ་ཤགས་རྩོད་པ་
སོགས་ཀྱིས་རང་ཉིད་ཕམ་པ་དང་། མི་གཙང་བའི་འདམ་ལ་ནུབ་པ་དང་། རང་གི་ལུས་ལ་
227
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
འབྱར་བ་དང་། ལུས་ལྗིད་ཅིང་ལང་འདུག་ཉམས་ཤེད་ཆུང་བ་དང་། འགྲོ་ཉམས་མེད་ཅིང་
ལུས་ལ་ཤུ་འབྲུམ་མང་པོ་བྱུང་བ་དང་། ཡན་ལག་ཞ་བ་དང་དུམ་བུར་ཆད་ནས་འགྲོ་མི་ཤེས་
པ་དང་། རེ་བ་ནག་པོའ་ིསྟན་བཏིང་བ་དང་། གོས་སུ་གྱོན་པ་དང་། མིག་གིས་མི་མཐོང་
ནས་འགྲོ་ས་མ་རྙེད་པ་དང་། ཁུར་པོ་ཆེན་པོ་མི་ཐེག་པ་དང་། སྤྱད་ནག་སྣོད་སྟོང་མང་པོ་
ཁུར་བ་རྨིས་པ་དེ་རྣམས་ནི་སྒྲིབ་པ་ཤིན་ཏུ་ཆེ་བའི་རྟགས་ཡིན་པས། དཀོན་མཆོག་གི་
དཀོར་ལ་ལྷག་པར་འཛེམ་ཞིང་མིའི་ནོར་ལ་ཧབ་འཐོབ་མི་བྱ་བར་སྒྲིབ་པ་སྦྱང་བའི་ཐབས་
ལ་བརྩོན་པར་བྱའོ། །
ཉི་ཟླ་ཤར་བ་མཐར་ཕྱིན་ནས་ནུབ་པ་དང་། མུན་པ་ནག་པོས་རང་ཉིད་གཡོགས་པ་
དང་། ཞྭ་ནག་གོས་ནག་ལྷམ་ནག་གྱོན་ནས་ལག་ན་རེ་བའི་མདུང་དར་འཕྱར་ཞིང་གོང་
བུར་མདའ་ལྟོང་འདྲ་བ་སོང་བ་དང་། ཐལ་བའི་ཁུར་བོ་ཁུར་ཅིང་ལག་ཏུ་ཐལ་བའི་སྒྱེ་སྣོད་
ཐོགས་ནས་རི་ནག་པོའ་ིཟུར་ལ་བུད་ནས་སོང་བ་དང་། བོང་བུ་ནག་པོ་རྣ་མེད་ཡུ་མོ་ཞོན་
ནས་མུན་རུབ་ལ་ལུང་པ་མང་པོ་བརྒལ་བ་རྨིས་པ་ནི། ཚེ་དང་བསོད་ནམས་དབང་ཐང་
ཟད་ནས་ལོ་གསུམ་ཚུན་ལ་འཆི་བའི་རྟགས་ཡིན་པས། རང་ཡུལ་སྤངས་ནས་རྒྱང་རིང་
མིའི་ཡུལ་དུ་བུད་ནས་མི་མེད་ལུང་སྟོང་འགྲིམ་ཞིང་། ལུས་སྲོག་ལ་ལྟོས་པ་མེད་པར་མི་
མིན་འདྲེའི་གཟན་དུ་སྐྱུར་ལ་སེམས་ཅན་སྤྱིའི་གླུད་དུ་གཏོང་བའི་དམིགས་པ་བྱའོ། །
ཞྭ་ནག་གོས་ནག་ལྷམ་ནག་སུམ་བརྩེགས་གྱོན་པ་ཤིན་ཏུ་ལྗིད་ནས་མི་ཐེག་པ་དང་།
མི་ཐེག་པའི་ཁུར་བོ་ཁུར་ནས་ལམ་འཕྲང་ངན་པ་ལ་ཐུར་དུ་སོང་བ་དང་། ལུས་ལ་ལྕགས་
གཟེར་མང་པོ་བཏབ་ནས་ལུས་ཉམས་པ་དང་། རྐང་པ་ལྕགས་ལ་བཅུག་ནས་དོང་ནང་དུ་
སྤྱི་བོ་ཐུར་ལ་བསྟན་ནས་སོང་བ་དང་། རི་བོའ་ིརྩེ་ནས་ཐུར་ལ་སོང་བ་དང་། གནམ་ནས་ས་
ལ་ལྷུང་བ་རྨིས་པ་ནི་ལས་ཀྱིས་མནར་བས་ངན་སོང་ལ་མར་འགྲོ་བའི་རྟགས་ཡིན་པས།
དཀོན་མཆོག་གསུམ་ལ་ངེས་པར་བློ་བཀལ་བར་བྱས་ནས་ལུས་ངག་ཡིད་གསུམ་དགེ་བ་
228
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
ལ་བཀོད་པའི་བརྩོན་འགྲུས་དྲག་པོ་རབ་ཏུ་བསྐྱེད་ཅིང་ལུས་མཆོད་སྦྱིན་སོགས་ལ་འབད་
ནས་ལེ་ལོ་དང་གཡེང་བ་སྐད་ཅིག་ཀྱང་མི་བྱེད་པའི་ཤུགས་དྲག་པོ་བསྐྱེད་པར་བྱའོ། །དེ་
ལྟར་ཆོ་འཕྲུལ་བྱེ་བྲག་མི་འདྲ་བ་སྣ་ཚོགས་པ་གང་ལ་ཡང་། མ་ནོར་ལེགས་པར་བརྟགས་
ནས་སོ་སོར་ཕྱེ་ནས། རང་རང་གི་སྐབས་ནས་ཇི་ལྟར་བཤད་པ་དེ་བཞིན་དུ། མན་ངག་
གིས་གཅུན་པའི་ཐབས་ལ་བརྩོན་པར་བྱེད། ཕལ་ཆེར་སྟོང་ཉིད་ལྟ་བས་ཟིལ་གྱིས་གནོན་
པ་ཡིན། བཟང་པོའ་ིཡོན་ཏན་ཐམས་ཅད་ལ་དགའ་སྤྲོ་ཆེན་པོ་སེམས་ཀྱི་འཁྲི་བ་ཆོད། ངན་
པའི་འཁྲུལ་སྣང་ཅི་བྱུང་ཡང་། སེམས་ལས་བྱུང་བ་རྟོག་པ་ཆོད། སེམས་ཉིད་སྤྲོས་བྲལ་ནམ་
མཁའི་ཀློང་དུ་སྲེས་ཤིག་ཀྱེ་མ་ཧོ། བུ་མན་ངག་གཅུན་པའི་ཐབས་ལ་བརྩོན་བྱས་ན། །བླ་མ་
ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མས་བུ་བཞིན་འཚོ། །ཁྱད་པར་མ་རྒྱུད་མཁའ་
འགྲོས་བྱིན་རླབས་ནུས་པའི། །བག་དྲོ་ཉམས་དགའ་ཤེས་པ་གསལ། །བྱིན་རླབས་ནུས་
པའི་རྟགས་བྱུང་ནས། །སྣང་སྲིད་ལྷ་འདྲེ་བྲན་དུ་ཁོལ། །མི་མཐུན་རྐྱེན་རྣམས་དཔལ་དུ་
ཤར། །བར་ཆད་ཞི་ནས་ཚེ་དཔལ་བསོད་ནམས་བསྟན་པ་རྒྱས། །ཐུན་མོང་མཆོག་གི་
དངོས་གྲུབ་བདེ་བླག་ཉིད་དུ་བརྙེས། །མཐར་ཐུག་སྐྱེ་མེད་ཡུམ་གྱི་གོ་འཕང་ལ། །ཐེ་ཚོམ་
མེད་དོ་རིགས་ཀྱི་བུ། །བུ་ལར་ལྔ་བརྒྱ་དུས་ཀྱི་ཐ་མའི་དུས་ལ་མི་མ་ཡིན་གདུག་པ་ཅན་
རྣམས་ཁ་འཕྱུར་བའི་དུས་ཡིན་པས། སྙིགས་མ་ལྔ་པོ་ཡང་བདོ་བའི་དུས་ཡིན་གསུངས་ཏེ།
རྗེ་བཙུན་ཟིལ་གནོན་གྱིས་ཞུས་པའི་ལེའུ་སྟེ་བརྒྱད་པའོ།། །།