དཔལ་གཡུལ་ལས་རྣམ་པར་རྒྱལ་བའི་རྒྱུད་དོན་རབ་ཏུ་གསལ་བའི་ངག་གིས་བཀོད་པ་ཀུན་གཟིགས་དབྱངས་འཆར་ཆེན་པོ་ཤེལ་གྱི་མེ་ལོང་།
སྭརོདདཡམཧཱསྥཊིཀཱདརྴནཱམཀྲཱབིཡུདྡྷབིཛཡཏནྟྲཱནྭརྠསུཥྵུཔྲཀཊཝཱཀྐབྱཱུཧཱབགཏབིཛཧརཾཏིསྨ། །
དཔལ་གཡུལ་ལས་རྣམ་པར་རྒྱལ་བའི་རྒྱུད་དོན་རབ་ཏུ་གསལ་བའི་ངག་གིས་བཀོད་པ་ཀུན་གཟིགས་དབྱངས་འཆར་ཆེན་པོ་ཤེལ་གྱི་མེ་ལོང་ཞེས་བྱ་བ་བཞུགས་སོ། །
ཨོཾ་སྭ་སྟི། ཕྱོགས་དུས་ཤེས་བྱའི་རྣམ་པ་མ་ལུས་ཀུན། །མ་འདྲེས་སྒྲིབ་མེད་གཟིགས་པའི་སྤྱན་མངའ་བས། །མི་འཇིགས་རྣམ་བཞི་སེང་གེའི་སྒྲ་ཆེན་པོ། །སྒྲོག་མཛད་ཤཱཀྱ་སེང་གེ་དེ་ལ་འདུད། །ཀུན་རྟོག་འཕོ་བ་བྲལ་བའི་ཡེ་ཤེས་སྐུ། །མཁའ་ཁྱབ་ནམ་མཁའི་རྡོ་རྗེར་རྟག་བཞུགས་པ། །སྲིད་དང་ཞི་བའི་ཁྱབ་བདག་གདོད་མའི་མགོན། །དཔལ་ལྡན་དུས་ཀྱི་འཁོར་ལོར་ཕྱག་འཚལ་ལོ། །སྐྱེ་མེད་རྟག་པ་སེམས་ཀྱི་རྡོ་རྗེ་ཚེ་དང་ཡེ་ཤེས་འོད་མཐའ་ཡས། །འགག་མེད་རླུང་སྔགས་མི་ཤིགས་
རྡོ་རྗེ་སྲིད་གསུམ་དགྲ་ལས་རྣམ་རྒྱལ་མ། །འཆི་མེད་འོད་ལུས་རྡོ་རྗེའི་རང་བཞིན་རྗེ་བཙུན་ཡིད་བཞིན་འཁོར་ལོའི་ཞབས། །དབྱེར་མེད་མི་ཕྱེད་བདེ་ཆེན་རྡོ་རྗེ་གཉུག་མའི་སེམས་ཀྱི་གཤིས་སུ་རྒྱལ། །དམར་སེར་འཆར་ཀའི་འོད་བཟང་སྟོང་འབར་མཚན་དཔེའི་གཟི་ཡིས་ཕྱོགས་རྣམས་མུན་པའི་གོ་འཕྲོག་ཅིང་། །མཁའ་ལྟར་སྔོ་བ་ཡེ་ཤེས་རལ་གྲིས་ཉམ་ང་བདུད་བཞིའི་གཡུལ་ཆེན་མཐའ་དག་རྩད་ནས་བརླག །ཨུཏྤལ་གཞོན་ནུའི་གེ་སར་ལ་གནས་གླེགས་བམ་ཉིད་ལས་མི་ཟད་སྤོབས་བའི་གཏེར་ཆེན་སྦྱིན། །ལྷག་པའི་ལྷ་མཆོག་འཇམ་
པའི་རྡོ་རྗེས་དེང་ནས་བྱང་ཆུབ་བར་དུ་ཕུན་ཚོགས་དགེ་ལེགས་སྩོལ། །བདེ་སྟོང་རྡོ་རྗེའི་ཐུགས་ནི་མི་གཡོ་ནམ་མཁའ་བཞིན་དུ་བྲི་གང་བྲལ་ཞིང་མཁྱེན་བརྩེའི་ཕ་མཐའ་མི་མངོན་པ། །གྲགས་སྟོང་འགགས་མེད་གསུང་ནི་མི་གཡོ་བྲག་ཆ་བཞིན་དུ་གནས་པ་བྲལ་ཡང་སྲིད་དང་ཞི་བའི་ཁམས་སུ་ཁྱབ། །སྣང་སྟོང་འགྱུར་མེད་སྐུ་ནི་མི་གཡོ་ཆུ་ཟླ་བཞིན་དུ་ཐོགས་རེག་བྲལ་ཡང་ཕྱོགས་དུས་ཤེས་བྱའི་ཁྱོན་ཀུན་གཏམས། །རིག་སྟོང་དཔའ་བོ་ཆེན་པོ་མི་གཡོ་མགོན་པོ་ཞེས་གྲགས་བདུད་བཞིའི་གཡུལ་ལས་རྒྱལ་དེས་འདིར་ནི་རྟག་ཏུ་སྲུངས། །རྡོ་རྗེ་ཆགས་པའི་ཐུགས་ལྡན་མ་ལུས་རྒྱལ་བ་ཀུན་གྱི་སོ་སོར་རྟོག་པའི་ཡེ་ཤེས་རང་མདངས་ནི། །ཡིད་འཕྲོག་ལྷ་མོའི་གཟུགས་སུ་རོལ་ཞིང་ཐབས་ཤེས་ཨུཏྤལ་མདའ་གཞུས་སྲིད་དང་ཞི་བའི་དྭངས་བཅུད་ཀུན། །ཁབ་ལེན་རྡོ་ཡིས་ལྕགས་བཞིན་འགུགས་ལ་ཐོགས་མེད་དབང་གི་མཐུ་ལྡན་བདེ་སྟོང་རྡོ་རྗེ་གང་གི་སྐུ། །དྲན་པའི་མོད་ལ་དངོས་གྲུབ་གཉིས་ཀྱི་སྤྲིན་ཆེན་དཀྲིགས་མཛད་རིག་བྱེད་དབང་མོས་ཀུན་ནས་ཤིས་པ་སྩོལ། །རབ་འབྱམས་
ཕྱོགས་དུས་རྒྱལ་བའི་ཐུགས་རྗེ་ཀུན། །བདེ་གཤེགས་ཚེ་མཐའ་ཡས་པའི་ཐུགས་དབྱིངས་སུ། །ཡོངས་བསྡུས་སིནྡྷུའི་དྭངས་མཚོར་སྤྲུལ་པའི་སྐུ། །འཆི་མེད་རིག་འཛིན་པདྨས་འགྲོ་འདི་སྐྱོངས། །སྲིད་གསུམ་བརྟན་དང་གཡོ་བའི་དཔལ་འབྱོར་ལ། །རང་གིར་བགྱིད་པའི་ཟུར་མིག་འཆར་ཀའི་འོད། །དཀར་མོའི་ཞལ་གྱི་ཆུ་སྐྱེས་ལ་ཆགས་པ། །བདེ་འབྱུང་དཔལ་གྱི་འཁྲི་ཤིང་ཁྱོད་ལ་མོས། །དཔའ་བོའི་ཞལ་བཟང་བཞད་པའི་གེ་སར་ལས། །གཙུག་ལག་སྦྲང་རྩིའི་རྒྱུན་ཆེན་སྐུལ་མཛད་མ། །ཕན་བདེའི་སྣང་བ་གསལ་བའི་འཛུམ་དཀར་ཅན། །མཛེས་ལྡན་ཨུ་མས་དགེ་མཚན་ཆར་དུ་སྙིལ། །བཅུ་གཉིས་ཁྱིམ་གྱི་སྐྱེད་ཚལ་ཡངས་པོ་རུ། །རྒྱུ་སྐར་ལྷ་མོའི་མེ་ཏོག་འཛུམ་པ་ལ། །མངོན་དགས་རོལ་པ་གཟའ་མཆོག་དཔའ་བོའི་གར། །ཐབས་ཤེས་རྟེན་འབྲེལ་ཕྱག་རྒྱའི་དཀྱིལ་འཁོར་རྒྱལ། །ཤེས་རབ་རིན་གློ་བོ་ལོ་ཙཱ་བ་ཆེན་ནོར་བུའི་སྣང་བ་ཡིས། །གངས་ལྗོངས་རྩིས་ཀྱི་ལེགས་ལམ་གསལ་མཛད་ནས། །ཡོངས་
འཛིན་མཁས་པའི་དབང་པོ་རྣམས་ཀྱི་བར། །བརྒྱུད་མར་བྱོན་པའི་བཤེས་གཉེན་ཚོགས་ཀུན་བསྔགས། །ཐོགས་མེད་ཕྲིན་ལས་རྣམ་བཞིའི་འཁོར་ལོ་ཡིས། །ཡངས་པའི་ས་ཆེན་འདོད་དགུར་དབང་བསྒྱུར་ཅིང་། །ཐུབ་བསྟན་ཆོས་ཀྱི་རྔ་ཆེན་ལེགས་བརྡུངས་པ། །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོར་འདུད། །འཇམ་པའི་དབྱངས་ཀྱི་མཁྱེན་དང་བརྩེ་བའི་དངོས། །ངུར་སྨྲིག་འཛིན་པའི་དབང་པོར་ཡོངས་ཤར་བ། །ཐུབ་བསྟན་ཡོངས་སུ་རྫོགས་པའི་མངའ་བདག་ཆེ། །གཙུག་ལག་སྨྲ་བའི་ཉི་མ་སྲིད་ན་རྒྱལ། །འདི་ན་རྙེད་པར་དཀའ་བའི་རིན་ཆེན་ནི། །ཤིན་ཏུ་གསང་བ་ཆེན་པོའི་མན་ངག་གང་། །གཡུལ་ལས་རྣམ་པར་རྒྱལ་བ་དབྱངས་འཆར་རྒྱུད། །འདི་འདྲའི་ཚུལ་ལ་བདག་ཅག་རིང་ནས་མོས། །སྔ་ཕྱི་ཀུན་ཏུ་མཐོང་བའི་མིག་བགྲད་ནས། །རྒོལ་ངན་གླང་པོ་སྟོང་གི་སྟོབས་འཇོམས་ཤིང་། །རང་གི་འདོད་དགུ་བསྒྲུབས་ལ་རྩལ་ལྡན་པ། །རྩིས་རིག་འདི་འཛིན་མི་ཡི་སེང་གེ་ཡིན། །འདི་འདྲའི་རྟེན་འབྲེལ་ཟབ་མོའི་འཁྲུལ་འཁོར་
ལ། །བརྟེན་པའི་མན་ངག་རྙེད་པའི་སྐལ་བཟང་དེས། །ཕུན་ཚོགས་ཡིད་བཞིན་འགྲུབ་པའི་རྩེད་འཇོ་ཡིས། །སྲིད་གསུམ་ཆེ་དགུའི་ཅོད་པན་ཁྲི་ལ་འགྱིང་། །དེང་དུས་གཡུལ་ལས་རྒྱལ་བའི་གཙུག་ལག་རྒྱུད། །རྒྱ་མཚོའི་གཏིང་དུ་བྱིངས་པའི་ནོར་བུ་བཞིན། །མིང་ཙམ་ཕྱོགས་ཀྱི་བུ་མོའི་རྣ་རྒྱན་ལ། །ཡང་ཡང་གྲགས་ཀྱང་ལག་ལེན་ངོ་མཚར་གཟུགས། །ཇི་བཞིན་སྟོན་པ་གངས་ཅན་འདི་ན་ཡང་། །ཉིན་མོའི་སྐར་མ་ལས་ཀྱང་ཆེས་དཀོན་པར། །མཐོང་ནས་ཐབས་ཚུལ་རིགས་པ་སྣ་ཚོགས་ཀྱིས། །ཁྱབ་འཇུག་དཔའ་བོའི་བརྟུལ་ཞུགས་བདག་གིས་བཟུང་། །དེ་ཚེ་ལྷ་བརྒྱའི་ཅོད་པན་ནོར་བུ་ཡིས། །གང་གི་ཞབས་ཀྱི་ཆུ་སྐྱེས་རྟག་མཆོད་པ། །བདེ་འབྱུང་ཡབ་ཡུམ་དུས་ལྷའི་ཚོགས་བཅས་ཀྱི། །དགྱེས་ཞལ་ཟླ་བའི་ངང་ཚུལ་བསྟན་ནམ་སྙམ། །འཐོར་བའི་དོན་བསྡུས་ཉུང་ངུའི་ངག་གིས་བསྟན། །ཟབ་མོའི་གནད་བཀྲོལ་རབ་གསལ་ཚིག་གིས་བརྗོད། །མང་པོའི་བཅུད་དྲིལ་དགོས་དོན་
ཡང་དག་རྫོགས། །ལེགས་བཤད་ཤེལ་གྱི་མེ་ལོང་འདི་ན་ངོམ། །རྒྱུད་དོན་རྒྱ་མཚོའི་གཏིང་མཐའ་དཔག་ཡས་ཤིང་། །གབ་དང་སྦས་པའི་རྦ་ཀློང་བརྒལ་དཀའ་བས། །གངས་ཅན་དབྱངས་འཆར་སྨྲ་བའི་དོན་མཐུན་བརྒྱ། །ཟབ་དོན་ནོར་བུའི་གླིང་ལ་རྒྱབ་ཀྱིས་ཕྱོགས། །སྔོན་གྱི་ལས་འཕྲོ་བཟང་པོའི་འཕེན་པ་དང་། །བླ་མ་མཆོག་དང་ལྷག་པའི་ལྷ་ཡི་མཐུས། །ཇི་བཞིན་ངེས་པ་རྙེད་པའི་གཞུང་བཟང་འདི། །སྐལ་བཟང་སྐྱེ་བོའི་ཡིད་རྟོན་གནས་སུ་རུང་། །རྒྱུད་དོན་ནོར་བུ་རྒྱས་པའི་གཞལ་མེད་ཁང་། །འདི་ཡིན་འདི་དང་སུ་འཕྲད་སྐལ་བ་བཟང་། །འདི་ལ་གནས་ནས་ཟབ་དོན་མན་ངག་ཚོགས། །མཛོད་མིག་བརྒྱ་ཕྲག་འབྱེད་པའི་ལྡེའུ་མིག་ནི། །སྙིང་ལ་སྦས་ཤིང་སུས་ཀྱང་མི་མཐོང་བ། །བཀུར་སྟི་གསུམ་གྱིས་མཉེས་པ་ལྷུར་བྱེད་ལ། །ལྗགས་ལས་བཀྲམ་སྟེ་རྣ་བའི་ལམ་ནས་ནི། །སྙིང་གི་བདུད་རྩིར་གྱུར་པས་དོན་ཀུན་འགྲུབ། །དེ་ཡང་རྒྱུད་དོན་ཁོང་ཆུད་ཅིང་། །བློ་དང་མན་ངག་དད་བརྩོན་ལྡན། །དམ་
ཚིག་དག་པའི་ཡེ་མཁྱེན་དེས། །གནས་དུས་དགེ་བར་གྱུར་པ་རུ། །མཚན་ཉིད་ཚང་བའི་འདྲི་བྱེད་ཀྱིས། །ཡོན་ཕུལ་མཉེས་པར་བྱས་ནས་སུ། །གསང་ཆེན་རྒྱུད་ལས་བསྟན་པ་ཡི། །བླང་དོར་རྣམ་པ་མ་ལུས་དྲི། །ཐམས་ཅད་མཁྱེན་པའི་སྐྱེ་བོས་ཀྱང་། །རྟོག་མེད་དགའ་བས་འདིར་ཞུགས་ན། །བཤད་པའི་འཁོར་ལོས་འདྲི་བྱེད་ལ། །འབྲས་བུ་འཕྲལ་དུ་མཐོང་བར་གསུངས། །དེ་ཚེ་རང་དང་ཕོ་ཉ་དང་། །ཉེ་འཁོར་མཐོང་དང་ཐོས་པའི་སར། །དགེ་དང་མི་དགེའི་ལྟས་ཀྱི་ཚོགས། །རྒྱུད་འདི་དང་ནི་རྒྱུད་གཞན་བཞིན། །ལེགས་པར་བརྟགས་ལ་ཤེས་པར་བྱ། །འདིར་ནི་རང་གཞན་དགོས་པའི་དོན། །གནས་སྐབས་བྱ་བ་ཐམས་ཅད་དང་། །དུས་སུ་དགེ་དང་མི་དགེའི་ཚུལ། །འབྲས་རྩིས་འདོད་འབྱུང་ལྗོན་པས་བརྟག །འཕྲལ་གྱི་བླང་དོར་ཕྲ་མོ་དང་། །བྱིས་པ་མགུ་བར་བྱ་བའི་ཕྱིར། །རྩིས་ཕྲན་མེ་ཏོག་གཞོན་ནུ་ཡི། །ཕྲེང་བ་དག་ཀྱང་མགུལ་པར་བརྒྱན། །དུས་གསུམ་དགོས་དོན་བླང་དོར་རིགས། །མ་ལུས་ཐམས་
ཅད་གསལ་བ་ནི། །དུམ་བུ་དྲུག་པའི་དུས་སྦྱོར་གྱི། །མིག་བཟང་རིན་ཆེན་བགྲད་དེ་བལྟ། །གཞན་གྱི་ཕྱོགས་ནི་གཞོམ་བྱས་ནས། །དགྲ་ལས་རྣམ་པར་རྒྱལ་བ་ཡི། །རྩིས་རིག་འབར་བའི་རྡོ་རྗེ་གང་། །བློ་གྲོས་ལག་ཏུ་རྣམ་པར་ཐོགས། །ཡུལ་དང་དུས་ཀྱི་སྐྱེ་རྒུའི་ཚོགས། །སོ་སོའི་བདེ་དོགས་ལུང་སྟོན་པ། །རིན་ཆེན་སྒྲོན་མེའི་སྣང་བ་དང་། །འགྲོགས་ཏེ་དགོས་པ་བསྒྲུབ་པར་བྱ། །ཞི་དང་རྒྱས་དང་དྲག་པོ་དབང་། །རྣམ་མང་ལས་ཀྱི་འཁྲུལ་འཁོར་དང་། །རྟེན་འབྲེལ་དུས་ཀྱི་གནད་བསྟུན་པས། །ཇི་ལྟར་བསྒྲུབ་པའི་འབྲས་བུ་སྨིན། །འདི་འདྲའི་རྟེན་འབྲེལ་ཟབ་མོ་ཡི། །མཁྱུད་དཔྱད་གསང་བའི་མན་ངག་ནི། །དོན་ཆེན་བདེ་བླག་འགྲུབ་པ་ཡི། །ཐབས་ཟབ་བླ་ན་མེད་པ་ཡིན། །རིན་ཆེན་ལས་ལ་མ་སྦྱར་བ། །ཕལ་པ་རྣམས་དང་ཁྱད་པར་ཅི། །མན་ངག་ལག་ཏུ་མ་བླངས་བར། །མན་ངག་ནུས་པ་ཇི་ལྟར་དཔོགས། །ནུས་པ་ཤིན་ཏུ་ལྐོག་གྱུར་གྱི། །མན་ངག་དེ་ལ་འཇུག་པའི་ཐབས། །བླ་མ་དམ་པའི་ཞལ་གྱི་ནི། །རིན་ཆེན་ཟ་མ་ཏོག་ལ་
གནས། །དེ་ལྟར་གནས་སྐབས་རྣམ་པ་ལྔའི། །དང་པོ་སྐྱེ་རྒུའི་ལས་བྱ་བ། །ལེགས་ཉེས་སྣ་ཚོགས་སྟོན་པ་ཡི། །འབྲས་རྩིས་ཀྱི་ནི་རིམ་པ་ལ། །སྤྱིར་ནི་ལོ་ཟླ་ཞག་དུས་དང་། །སྤར་སྨེ་གཟའ་སྐར་འབྱུང་བའི་ཁམས། །དུས་ཀྱི་སྦྱོར་བ་ལ་སོགས་པའི། །རྩིས་དང་དམིགས་གསལ་བླང་དོར་གནས། །རྒྱ་ཆེ་མཐའ་ཡས་མཆིས་གྱུར་པ། །སྐར་ནག་རྩིས་དང་མདོ་རྒྱུད་དང་། །བསྟན་བཅོས་དྲང་སྲོང་གིས་ཀྱང་བཤད། །དེ་ཚུལ་མཐའ་དག་དཀྱུས་གཅིག་ཏུ། །བསྟན་པར་ནུས་པ་མ་ཡིན་ཀྱང་། །བླང་དང་དོར་བྱའི་རྟེན་འབྲེལ་ལ། །གཙོ་ཆེར་མེད་དུ་མི་རུང་བ། །དབྱངས་འཆར་རྒྱུད་ལས་བཤད་པ་རྣམས། །འདིར་ནི་རྣམ་པར་ཕྱེ་སྟེ་བསྟན། །དེ་ལ་ལས་གང་བསྒྲུབས་ཀྱང་རུང་། །གཟའ་ཚེས་སྐར་སྦྱོར་ལ་སོགས་པའི། །ནུས་པ་ཀུན་བསྒྱུར་དུས་སྦྱོར་ཏེ། །ཁྱིམ་དང་གཟའ་ཡི་སྤང་བླང་རྣམས། །རྒྱས་པར་གཞན་ལས་ཤེས་པར་བྱ། །དེ་ནས་ལམ་ལྔའི་རླུང་རྩིས་བཤད། །ལས་ལ་སྤྱོད་དམ་དྲི་བ་ཡི། །
རང་གཞན་བདེ་དོགས་རྣམས་གྲངས་ནི། །ནད་པས་སྨན་འཐུང་ཇི་བཞིན་དུ། །འཕྲལ་དུ་མྱོང་བར་བསླུ་བ་མེད། །སྐྱེ་བུ་དར་མ་ཁམས་སྙོམས་པའི། །འབྱུང་འཇུག་གནས་གསུམ་གཅིག་བརྩིས་པ། །ཉིན་ཞག་གཅིག་གི་ཆ་ལ་དབུགས། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ། །དབུགས་དྲུག་ཡུན་ལ་ཆུ་སྲང་ཟེར། །ཆུ་སྲང་དྲུག་ཅུ་དབྱུག་གུའོ། །ཞག་རེར་འཕོ་ཆེན་བཅུ་གཉིས་ཏེ། །ཐུན་ནི་བརྒྱད་དུ་རྣམ་པར་གྲགས། །གཡས་དང་གཡོན་པའི་ལམ་ལྔ་ལས། །དཀྱིལ་འཁོར་ལྔ་ནི་རྣམ་པར་རྒྱུ། །གཡས་ནས་ས་སོགས་སྡུད་རིམ་དང་། །གཡོན་ནས་མཁའ་སོགས་བསྐྱེད་རིམ་འཆར། །དེ་ལ་འཕོ་ཆེན་རེའི་ཡུན་ལ། །དབུགས་གྲངས་མཁའ་མཁའ་ཀླུ་གཟུགས་ཡོད། །འཕོ་ཆེན་རེ་རེའི་ནང་གསེས་སུ། །ལྔ་ལྔར་ཕྱེ་བ་འཕོ་ཆུང་སྟེ། །དེ་དག་རེ་རེའི་ཡུན་ལ་ནི། །དབུགས་གྲངས་སུམ་བརྒྱ་དྲུག་ཅུ་ཡོད། །འཕོ་ཆུང་རེ་རེའི་མཐའ་མ་རུ། །དབུགས་ནི་བཅུ་གཅིག་དག་དང་ནི། །དབུགས་གཅིག་གི་ནི་བཞི་ཆ་རུ། །ཡེ་ཤེས་ཀྱི་ནི་རླུང་རྒྱུ་བས། །འཕོ་
ཆེན་རེ་ལ་ཡེ་རླུང་ནི། །ང་དྲུག་དང་ནི་བཞི་ཆ་གཅིག །ཞག་གཅིག་ཡེ་རླུང་རྒྱུ་བ་ཀུན། །བསྡོམས་ན་དབུགས་གྲངས་དྲུག་བརྒྱ་དང་། །བདུན་ཅུ་རྩ་ལྔ་ཁོ་ནར་འགྱུར། །ལས་རླུང་རོ་རྐྱང་ནས་རྒྱུ་སྟེ། །ཡེ་རླུང་དབུ་མ་ནས་འབབས་སོ། །གཡས་རྒྱུ་རོ་མ་ཉི་མའི་རླུང་། །གཡོན་རྒྱུ་རྐྱང་མ་ཟླ་བའི་རླུང་། །དབུ་མ་ནས་རྒྱུ་སྒྲ་གཅན་དང་། །མཉམ་པའི་རླུང་དུ་བཤད་པ་ཡིན། །དེ་ནས་འཕོ་ཆུང་རེ་རེ་ལ། །ཡེ་རླུང་འཕྲི་བས་དབུགས་གྲངས་ནི། །སུམ་བརྒྱ་བཞི་བཅུ་རྩ་བརྒྱད་དང་། །དབུགས་གཅིག་གི་ནི་བཞི་ཆ་ཡི། །རྐང་པ་གསུམ་ལ་རྣམ་པར་རྒྱུ། །དེ་བཞིན་བརྩིའོ་ཞག་གཅིག་ལ། །ལས་རླུང་ཉི་ཁྲི་དགུ་བརྒྱ་དང་། །ཉེར་ལྔར་རྒྱུའོ་ཡེ་ཤེས་རླུང་། །དྲུག་བརྒྱ་དོན་ལྔ་བསྡོམས་པ་ཡིས། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་དབུགས། །ཆུ་ཚོད་སར་བསྒྲིལ་དྲུག་ཅུ་ནི། །ཉིན་ཞག་དུས་ཀྱི་ལོངས་སྤྱོད་དོ། །དེ་ཡང་ཀུན་གཞི་ལས་འཕྲོས་པ། །ལུས་ཆགས་གནས་པའི་རྩ་བ་ནི། །སྲོག་རླུང་ཨ་ཡི་རྣམ་པ་ཅན། །དེ་ལས་རྩ་བ་ཡན་ལག་རླུང་། །
རིམ་སྤྲོས་ལུས་སེམས་རྣམ་རྟོག་གྲུབ། །གནས་ནི་དབུ་མའི་ལམ་གནས་ཏེ། །རྣམ་པར་ཤེས་པ་བསྐྱེད་ཅིང་གནས། །དེ་ཡི་ཆ་ལས་སྣ་བུག་ཏུ། །རྒྱུ་བའི་ཡེ་ཤེས་ཀྱི་ རླུང་གིས་སྐྱེ་རྒུའི་སྲོག །རིམ་པས་ཟད་ནས་འདོར་བར་བྱེད། །སྲོག་རླུང་འཆི་བའི་ཚེ་ན་ནི། །གནས་ལས་ཐོན་ཏེ་སེམས་ལ་ཐིམ། །ལུས་དང་འདི་ཡི་སྣང་བ་འགགས། །ཡེ་རླུང་ཕྱིར་ཤོར་འཆི་ལྟས་སྐྱེད། །མདོར་ན་ཉིན་ཞག་གཅིག་གི་ནི། །སོ་གཉིས་ཆ་ཡི་རླུང་རྒྱུ་བས། །ཞེས་ཉིན་ཞག་གི་ཆ་སོ་གཉིས་སུ་བགོས་པས་ཆ་རེ་ལ་ཡེ་རླུང་རྒྱུ་སྟེ། འདི་ལྟར་ཞག་གཅིག་གི་རླུང་༢༡༦༠༠ལ ༣༢ བགོས་པས་༦༧༥ འབྱུང་། ལྷག་མེད་དོ། །དེའི་དབང་གི་ཟླ་བཤོལ་འོང་ངོ་། །དམན་པ་རྣམས་ལ་འཆི་སྟེར་ཞིང་། །རྣལ་འབྱོར་པ་ལ་མཆོག་སྟེར་འགྱུར། །ཡེ་རླུང་དེ་བུམ་ཅན་གྱིས་སྦྱོར་བས་འཆིང་བ་དང་། རླུང་གི་གནད་ལ་རྣལ་འབྱོར་དུ་བྱས་པས་འཆི་བ་བསླུ། རྒུད་པ་གསོ། མཆོག་ཐུན་མོང་གི་དངོས་གྲུབ་འགྲུབ་པས་ན། སྤྱན་རས་གཟིགས་དང་སྒྲོལ་མས་ཕྱི་ནང་ཐུན་མོང་གི་ངོར། དབང་ཕྱུག་དང་ཨུ་མའི་རྣམ་པར་བཞེངས་ཏེ་རྒྱུད་འདི་གསུངས་པའོ། །ཉི་མ་ཟླ་བའི་ལམ་གཉིས་པོ། །
ལྷོ་དང་བྱང་གི་བགྲོད་པར་བཤད། །གཡོན་རྒྱུ་དེ་ཚེ་རིམ་པ་ལྟར། །དབུས་ནས་ནམ་མཁའི་རླུང་འབབ་སྟེ། །དེ་ནི་ལུག་གི་ཁྱིམ་དུ་གྲགས། །སྟེང་ནས་མེ་ཡི་རླུང་རྒྱུ་བ། །དེ་ནི་གླང་ཁྱིམ་འོག་ནས་ནི། །ཆུ་རླུང་དེ་དག་ཉ་རུ་བཤད། །ཀ་བ་ཞེས་པའི་སྣ་བུག་གཉིས་ཀའི་བར་གྱི་ཟམ་པ་དེ་ལ་ཟེར། འདི་ཐམས་ཅད་སྣ་བུག་གི་སྟེང་འོག་གཡས་གཡོན་དབུས་ལྔ་ལ་ཟེར་བ་གོ་དགོས། ནས་རྒྱུ་ས་ཡི་རླུང་། །དེ་ལ་བུམ་པའི་ཁྱིམ་དུ་བརྗོད། །ཟུར་ནས་ཞེས་འགྲམ་པའི་ཕྱོགས། བྱ་ཤོག་ཡང་ཟེར་བ་སྣ་ཡི་རི་མོའི་འཕོང་འབུར་པོ་དེ་ཕྱོགས་སོ། །རྒྱུ་བ་རླུང་གི་རླུང་། །དེ་ལ་འཁྲིག་པའི་ཁྱིམ་དུ་འདོད། །གཡོན་དུ་རྒྱུ་བ་ལྔ་པོ་ནི། །བསྡོམས་པར་ཆུ་སྲིན་ཁྱིམ་དུ་བརྗོད། །གཡོན་དུ་རྒྱུ་བ་རྣམས་བཟང་སྟེ། །ནམ་མཁའ་ཨུ་མའི་སྦྱོར་བར་བཤད། །མེ་ནི་གྲུབ་པའི་སྦྱོར་བ་ཡིན། །ཆུ་ནི་བདུད་རྩིའི་སྦྱོར་བ་ཉིད། །ས་ནི་དངོས་གྲུབ་སྦྱོར་བ་སྟེ། །རླུང་ནི་ཕུན་ཚོགས་སྦྱོར་བར་བཤད། །དེ་དག་བདག་པོའི་གཟའ་ཡང་ནི། །རིམ་པར་སྒྲ་གཅན་པ་སངས་དང་། །ཟླ་ལྷག་ཕུར་བུ་རིམ་པར་བཞེད། །
རྒྱུད་ལས་མཁའ་བདག་གཟའ་མ་བཤད། །ཁ་ཅིག་གཡས་གཡོན་ནམ་མཁའ་ལ། །འཇིགས་བྱེད་ཨུ་མ་བདག་པོར་བཞེད། ༸ །དེ་ནས་གཡས་སུ་རྒྱུ་བའི་ཚེ། །མཁའ་མེ་ཆུ་ས་རླུང་དག་ནི། །དབུས་སྟེང་འོག་དང་ཀ་བ་དང་། །ཟུར་ལ་བརྟེན་ནས་རྒྱུ་བ་ལ། །སྲང་སྡིག་བུ་མོ་སེང་གཞུ་དང་། །ཐམས་ཅད་བསྡོམས་པ་ཀརྐ་ཊ། །གཡས་རྒྱུ་རྣམས་ནི་ངན་པ་སྟེ། །ནམ་མཁའ་འཇིགས་བྱེད་སྦྱོར་བ་ཡིན། །མེ་ནི་འཆི་བའི་སྦྱོར་བ་དང་། །ཆུ་ནི་མི་ཤིས་སྦྱོར་བ་དང་། །ས་ནི་སྲེག་སྦྱོར་ཞེས་སུ་གྲགས། །རླུང་ནི་མྱ་ངན་སྦྱོར་བར་བཤད། །རིམ་པར་ནམ་མཁའི་ལྷག་མ་ལ། །མིག་དམར་སྤེན་པ་ཉི་མ་དང་། །ཀེ་ཏུ་ཞེས་བྱ་བདག་པོར་འཆར། ༸ །རང་ལུགས་གཡས་ནས་ས་ཆུ་མེ། །རླུང་དང་ནམ་མཁའ་རྒྱུ་བ་ལ། །སྤེན་ཕུར་དམར་ཉི་དུས་མེ་ནི། །བདག་འཆར་མི་དགེ་རྩུབ་པར་གྲགས། །གཡོན་ནས་མཁའ་རླུང་མེ་ཆུ་ས། །དེ་ལ་སྒྲ་གཅན་ཟླ་ལྷག་སངས། །ཀེ་ཏུ་བདག་འཆར་ཞི་ཞིང་དགེ། །འདི་ནི་དུས་འཁོར་ལུགས་
ལྟར་ཏེ། །དབྱངས་འཆར་རྒྱུད་ལས་སྦས་ཚུལ་དུ།། གཡས་ནས་ས་སོགས་གསུངས་པའི་དོན། །འགལ་མེད་མན་ངག་ལུགས་ཡིན་ནོ། །རླུང་དེ་རྣམས་ཀྱི་བོང་མདོག་ནི། །ཆུ་རླུང་སོར་ནི་བཅུ་དྲུག་པ། །ཐུར་དུ་རྒྱུ་ཞིང་ཁ་དོག་དཀར། །ས་རླུང་བཅུ་གཉིས་སོར་གྱི་ཚད། །ཐད་ཀར་རྒྱུ་བ་ཁ་དོག་སེར། །རླུང་གི་རླུང་ནི་སོར་བརྒྱད་པ། །ལྗང་གུ་ངོས་ཀྱི་ཕྱོགས་སུ་རྒྱུ། །མེ་རླུང་དམར་པོ་སོར་བཞི་པ། །གྱེན་དུ་རྣམ་པར་རྒྱུ་བ་ཡིན། །མཁའ་རླུང་མདོག་དང་བོང་ཚད་ནི། །ངེས་མེད་ཀུན་ནས་རྒྱུ་བ་ཡིན། །གཡས་ནས་ལུག་སོགས་མི་མཉམ་དྲུག །གཡོན་ནས་གླང་སོགས་མཉམ་པ་དྲུག །རིམ་པ་བཞིན་དུ་འཕོ་འགྱུར་བ། །འཕོ་ཆེན་རགས་པའི་ཆ་ཞེས་ཟེར། །དཔལ་ལྡན་དུས་ཀྱི་འཁོར་ལོ་ལས། །གཡོན་ནས་ལུག་སོགས་མི་མཉམ་དྲུག །གཡས་ནས་གླང་སོགས་མཉམ་དྲུག་སྟེ། །རེ་རེར་དབྱུག་གུ་ལྔ་རེ་ལ། །ཐུང་དང་རིང་པོའི་དབྱངས་ལྔ་པོ། །སྐྱེད་སྡུད་རིམ་པས་འཆར་བར་གསུངས། ༸ །ད་ནི་དེ་རྣམས་འབྲས་
བུ་ནི། །ས་རླུང་རྒྱུ་ཚེ་རྒྱལ་སྲིད་དང་། །ནོར་འབྲུ་ལོངས་སྤྱོད་རྒྱལ་དང་རྙེད། །ཕུན་ཚོགས་འདོད་དོན་སྡུད་པར་བྱེད། །ཆུས་ནི་བསམ་པ་ཐམས་ཅད་དང་། །འདོད་དོན་མ་ལུས་འགྲུབ་པར་འགྱུར། །མེ་ཡི་ལམ་ནས་རྒྱུ་བ་ལ། །བཀྲེས་སྐོམ་ངལ་དུབ་བྱ་བ་ཉམས། །རླུང་གིས་འཐབ་རྩོད་སྐྱོ་དང་རྨོངས། །ནོར་ཟད་བྱེས་འཁྱམས་གདུང་བར་བྱེད། །མཁའ་ལ་བཏང་སྙོམས་འབྲས་བུ་བཤད། །དེ་ནས་བྱེ་བྲག་འབྲས་བུ་ལ། །དབྱངས་གསལ་བདག་གཟའ་འབྱུང་ཁམས་ནི། །གཡས་རྒྱུར་ལཱྀ་དབྱངས་རིང་པོ་ལྔ་རིམ་མིན། ཨཱུ་རཱྀ་ཨཱི་ཨཱ། འབྱུང་བ་སྡུད་རིམ་ས་ཆུ་མེ་རླུང་ནམ་མཁའ་དང་། གཟའ་དྲག་པོ་སྤེན་ཕུར་མིག་ཉི་དུས་མེ་ལྔ། །འཕོ་ཆུང་དཀྱིལ་འཁོར་ལྔ་ལའོ། །གཡོན་རྒྱུར་ཨ་ཐུང་ལྔ་རིམ་བཞིན། ཨི་རྀ་ཨུ་ལྀ། ནམ་མཁའ་འབྱུང་ལྔ་སྐྱེད་རིམ། རླུང་མེ་ཆུ་དང་ས། །སྒྲ་གཅན་གཟའ་ཞི་བ། ཟླ་ལྷག་སངས་མཇུག་རིང་། །ལུག་ལ་ཉ་ཛྷ་ཛ་ཚ་ཙ། །གླང་ལ་ཊཱ་ཋཱ་ཌཱ་ཌྷཱ་ཎཱ། །འཁྲིག་པར་ཎ་ཌྷ་ཌ་ཋ་ཊ། །ཀརྚར་པཱ་ཕཱ་བཱ་བྷཱ་མཱ། །སེང་གེ་མ་བྷ་བ་ཕ་པ། །བུ་མོ་ཏཱ་
ཐཱ་དཱ་དྷཱ་ནཱ། །སྲང་ལ་ན་དྷ་ད་ཐ་ཏ། །སྡིག་པར་སཱ་ཉྤཱ་ཥཱ་ཤཱ་ྈྐཱ། །གཞུ་ལ་ྈྐ་ཤ་ཥ་ྉྤ་ས། །ཆུ་སྲིན་ཀཱ་ཁཱ་གཱ་གྷཱ་ངཱ་། །བུམ་པར་ང་གྷ་ག་ཁ་ཀ །ཉ་ལ་ཙཱ་ཚཱ་ཛཱ་ཛྷཱ་ཉཱ། །འབྱུང་ལྡོག་རིམ་པས་གཡས་གཟའི་འབྲས། །མཁའ་ལ་དུས་མེ་འཆར་བའི་ཚེ། །གཡུལ་ཞུགས་པའམ་ནད་པ་འཆི། །ནད་མེད་ནད་ལྡང་ཤིན་ཏུ་ངན། །རླུང་ལ་ཉི་གནས་གཡུལ་དུ་ཕམ། །གཞན་ལ་ཉོན་མོངས་ཅན་དུ་འགྱུར། །མེ་ལ་ས་སྐྱེས་གཡུལ་རྨ་འོང་། །ཀུན་ལ་རིམས་ཁྲག་ངན་པར་བཤད། །ཆུ་ལ་ཕུར་བུར་འཐབ་ན་འདུམ། །གཞན་ལ་འཇམ་རྩུབ་མཉམ་པར་བདེ། །ས་ལ་སྤེན་པར་མི་འཐབས་འདུམ། །ནད་པ་ཕུགས་སུ་སོས་པས་བཟང་། ༈ །དེ་ནས་གཡོན་གྱི་ལམ་ལྔ་ལས། །སྟོང་པར་སྒྲ་གཅན་དགྲ་ལས་རྒྱལ། །རི་བོར་དར་ཕྱར་ཀུན་ལ་བཟང་། །རླུང་ལ་ཟླ་བར་དགྲ་ནི་ཕམ། །དཀར་ཕྱོགས་ཞི་རྒྱས་ལས་ལ་བཟང་། །མེ་ལ་ལྷག་པར་དགྲར་རྨ་འབྱུང་། །ཆུ་ལ་པ་སངས་དོན་ཆེན་རྙེད། །ས་ལ་མཇུག་རིང་དགྲ་དབང་འདུ། །དེ་ལྟར་
གཞན་བགྲོད་བག་མ་དང་། །ལས་དང་བྱ་བ་ཐམས་ཅད་བརྟག །འདི་ནི་འོད་བརྒྱ་དག་ལས་སོ། །ཞེས་པ་ནང་གི་རླུང་རྩིས་ཏེ། །ནང་གི་དུས་སྦྱོར་ཞེས་སུ་བཤད། །དབྱངས་འཆར་རྒྱུད་ལས་རྣལ་འབྱོར་པ་གང་ཡིད་ནང་ཚུད། །པས་དབུ་མ་མཉམ་ཉིད་དབྱིངས་ནས་གཏུམ་མོའི་མེ་བཟུང་ལ། །མཉམ་པར་བཞག་པས་རང་གི་ལུས་ལ་གནས་པ་ཡི། །རླུང་གི་ལམ་ལྔ་སྟོན་ནོ་ལྷས་མཆོད་མ། །ཤིན་ཏུ་ཟབ་པ་ཀུན་ཤེས་རླུང་། །འདི་ལྟ་བུ་རྟོག་གེ་པ་ཡིས་མི་ཤེས་སོ། །ཞེས་གསུངས། དུག་སོགས་གཞོམ་དང་རྒྱལ་ལ་སོགས། །ཞི་དང་རྒྱས་པའི་ལས་ཐམས་ཅད། །ཟླ་བའི་རྒྱུ་བར་རབ་ཏུ་བསྔགས། །གཡུལ་གཤམས་རོལ་རྩོད་སྟོན་མོ་དང་། །གཅད་བསྲེག་བཙོ་ལ་སོགས་པ་དང་། །དབང་དང་དགུག་ལས་ཉི་མར་བསྔགས། །གཉིས་ཀའི་བདག་ཉིད་བསྟེན་བྱེད་པས། །སྒྲ་གཅན་ཐེ་ཚོམ་ཅན་ཞེས་བྱ། །གང་ནས་ཉི་ཟླ་རྒྱུ་བ་ཡི། །ཕྱོགས་ནས་འདྲི་ན་དོན་གྲུབ་ཅིང་། །གཞན་ནས་འདྲི་ན་དོན་
རྣམས་མེད། །གཉིས་ཀར་འདྲི་ན་ཐེ་ཚོམ་ཅན། །འབྱིན་པ་དོན་མེད་འཇུག་པ་བཟང་། །གནས་པ་ཐེ་ཚོམ་ཉིད་དུ་ངེས། །གཞན་གྱི་དྲིས་སམ་རང་གིས་ཀྱང་། །ཆུ་ས་མེ་རླུང་རྒྱུ་བ་ལས། །ཞི་རྒྱས་དབང་དགུག་གསད་བསྐྲད་ཤིས། །ཤོ་རྒྱན་ལ་སོགས་རྩོད་པ་ལ། །གང་རྒྱུའི་ལག་པས་བྱས་པས་འགྲུབ། ༈ །ཉི་ཟླའི་ལམ་ནས་རྒྱུ་བ་ཡི། །དབུས་སྟེང་ཀ་འགྲམ་ཐུར་རྒྱུ་བའི། །སྐྱེད་སྡུད་འབྱུང་ལྔའི་ཚུལ་བརྟགས་ནས། །གཞན་ལ་བདེ་སྡུག་ལུང་དུ་སྟོན། །རླུང་གནད་མི་ཤེས་ཕལ་པ་ལ། །ལམ་ལྔ་བདག་གཟའ་བཅས་པ་ནི། །རཱ་ཤིའི་འབྲས་བསྟུན་རྣམ་དག་པའི། །རི་མོས་འདི་བཞིན་བཙལ་བ་ཡིན། །གང་ཤར་ཁྱིམ་དེའི་རང་སྲང་གིས། །ལྔ་ཆས་ཁྱིམ་དེའི་སྲང་ཚད་ལྔས་བགོས་པའི་ནོར་ཡིན། ཏཏྐཱལ་དེ་ཉིད་བགོ །ལྷག་མ་ཅན་དང་ལྷག་མེད་ཀྱི། །མཉམ་དང་མི་མཉམ་ཁྱིམ་གྱི་ནོར། །གཅིག་གིས་བསྣོན་འབྲིད་ལྷན་ཅིག་པ། །མཉམ་ཁྱིམ་ལ་ལྷག་བྱུང་ན་ནོར་ལ་གཅིག་བསྣོན། མི་མཉམ་པ་ལ་ལྷག་མེད་ཐིག་ཤར་ན་གཅིག་
གིས་ནོར་ལ་འབྲིད། མདའ་ལ་ལུག་གླང་ཁྱིམ་སོགས་ཀྱི། །ནོར་ནི་དབྲི་བྱ་དབྲི་བྱེད་སྦྱར། །ལུག་སོགས་ཐོབ་པས་ལྔ་ལ་འབྲིད། །གླང་སོགས་ཐོབ་པ་ལ་ལྔས་ཕྲི། །དེ་ལྷག་གཅིག་ས་གཉིས་པ་ཆུ། །གསུམ་མེ་བཞི་རླུང་ལྔ་སྟོང་མཁའ། །དེ་ཡི་བདག་པོའི་གཟའ་བརྟགས་པ། །གང་ཤར་འབྱུང་བ་ལྔ་ལ་ཕྲི། །དེ་ལྷག་གང་བྱུང་གཉིས་ཀྱིས་བསྒྱུར། །གླང་སོགས་དེ་ལ་གཅིག་ཕྲི་བ། །སྟོང་པ་སྒྲ་གཅན་ཉིད་ཡིན་ཏེ། །ལྷག་མ་རིམ་པར་གཟའ་བདུན་དང་། །མཇུག་རིང་བརྒྱད་ལ་དུས་མེ་དགུ། དེ་ཡི་འབྲས་བུ་གོང་ལྟར་བཤད། །ལམ་ལྔའི་རི་མོའི་ཚིགས་བཅད་འདི་རྣམས་རང་ལོ་བཅུ་དྲུག་པའི་དུས་སུ་བྲིས་སོ། །གཞན་ཡང་རང་གི་བྱ་བ་ནི། །གང་བརྩམ་གཡོན་རྒྱུར་འཕྲད་ན་འགྲུབ། །གཡས་ནས་རྒྱུ་དུས་མི་འགྲུབ་ལ། །གལ་ཏེ་འགྲུབ་ཀྱང་བར་ཆད་ཆེ། །ལམ་འཇུག་ལ་སོགས་དུས་དག་ཏུ། །གང་རྒྱུ་དེ་ག་རྟེན་འབྲེལ་ཏེ། །བསྒུགས་ནས་བསྒྲིག་ཀྱང་མི་ཕན་ནོ། །ལམ་གཅིག་ལས་ནི་རིང་དུ་རྒྱུ། །མི་དགེའི་ལྟས་ཡིན་
ཚད་དབྱུག་གུ་ལྔ་བཞིན་ནམ། །ཚད་ལས་ཐུང་བར་འཕོས་ན་ཡང་། །དགེ་བའི་ལྟས་ཡིན་གཡོན་རྒྱུ་བ། །རིང་ཡང་བཟང་བར་བཤད་པའང་ཡོད། །ཞི་རྒྱས་ལས་ལ་གཡོན་རྒྱུར་བསྟུན། །གཡས་ནས་རྒྱུ་དུས་དབང་དྲག་བརྩམ། །ནང་གི་རྟེན་ཅིང་འབྲེལ་བ་ཟབ། །གལ་ཏེ་གཞན་ལ་ལུང་སྟོན་ན། །འགྲུབ་བམ་འོང་ངམ་ཡིན་ནམ་དང་། །མི་འགྲུབ་བམ་ནི་མི་འོང་སོགས། །ཕྱོགས་རེ་རྐྱང་པར་འདྲིར་གཞུག་གི །འགྲུབ་བམ་མི་འགྲུབ་ལྟ་བུ་ཡི། །གཉིས་ཀ་ནས་ནི་དྲི་མི་བྱ། །དེ་ལ་གང་དུ་རྒྱུ་བའི་ཕྱོགས། །དེ་ནས་སྐྱེ་བོས་གང་དྲིས་པ། །འོང་ངམ་ཞེ་ན་འོང་ཞེས་དང་། །མིན་ནམ་ཞེ་ན་མིན་ཞེས་སོགས། །ཁོ་ཡིས་གང་དྲིས་དེ་བཞིན་སྟོན། །རྒྱུ་བ་དང་ནི་དྲི་བའི་ཕྱོགས། །བསྣོལ་ཏེ་གཡས་རྒྱུར་གཡོན་ནས་སམ། །གཡོན་ནས་རྒྱུ་དུས་གཡས་ནས་དྲི། །འགྲུབ་བམ་དྲི་ན་མི་འགྲུབ་དང་། །འཆིའམ་ཞེ་ན་མི་འཆི་སོགས། །དྲིས་པའི་ལན་དུ་བཟློག་སྟེ་སྟོན། །མདུན་
ནས་དྲི་ན་ཐེ་ཚོམ་ཆེ། །དབུ་མའི་རྒྱུ་བའང་དེ་བཞིན་ནོ། །ཞི་རྒྱས་ལས་ལ་གཡོན་དང་ནི། །དབང་དྲག་ལས་ལ་གཡས་ནས་སུ། །རྒྱུ་དུས་དྲི་བ་བཟང་པོར་མཐུན། །ཐེ་ཚོམ་མེད་པར་འབྲས་བུ་མཐོང་། །གཡོན་རྒྱུར་ཕྱི་ནས་མཇལ་མི་བྱུང་། །ནུབ་དང་བྱང་གང་རུང་ནས་འོང་། །བྱང་ནས་ཡིན་ན་ཤ་སྔོ་ལ། །སྨྲ་མགྱོགས་འགྲོ་སྐྱེན་གོས་སྔོན་གྱོན། །བློ་མི་བརྟན་པ་ཞིག་ཡིན་ནོ། །ནུབ་འོང་མདོག་དམར་ཤེས་རབ་ཆེ། །སྤྲོ་ཐུང་གོས་རྒྱན་ལག་ཆ་དམར། །གཡས་རྒྱུར་ལྷོའམ་ཤར་ནས་འོང་། །ཤར་ཡིན་མདོག་དཀར་ཤེས་རབ་ཆེ། །གོས་རྒྱན་ལག་ཆ་དཀར་པོའོ། །ལྷོ་ཡིན་མདོག་སེར་ཤེས་པ་གྱོང་། །བཅོས་དཀའ་གོས་རྒྱན་ལག་ཆ་སེར། །དོན་ཡང་ཕྱོགས་དེར་འདེང་ཟེར་རམ། །ཕྱོགས་དེར་བསྟུན་པའི་ལས་དོན་ནོ། །རང་ལ་དགྲ་རྐུན་བྱུང་ན་ཡང་། །ཕྱོགས་དེའི་མཚན་མ་བརྟགས་ལ་དཔྱད། །རང་ཉིད་གཞན་གྱི་བོས་ནས་སུ། །སྟོན་མོ་སོགས་ལ་འགྲོ་བ་ན། །རླུང་གི་ཕྱོགས་ཆ་སྔར་ལྟར་ལ། །གཡས་རྒྱུའི་དུས་ན་ལྷོར་ཕྱིན་
ན། །གྲལ་ཁ་ལྷོ་ལ་ལྟ་བ་འོང་། །ཟས་ནོར་སེར་པོ་སྟེར་བ་དང་། །མི་དེའི་མཚན་ལ་སྔར་ལྟས་དཔྱད། །དེ་བཞིན་ལྷག་མ་སྔར་ལྟར་རོ། །སྟོར་ཚེ་ལུས་མ་འགྱུར་བར་བསྡད། །གང་རྒྱུའི་ཕྱོགས་ན་ཡོད་དེ་ཚོལ། །ཕ་མ་གཉིས་ཀྱི་རླུང་རྒྱུ་བ། །མཉམ་པའི་དུས་ན་བུ་ཚ་ཆགས། །གཡས་གཡོན་དབུ་མ་རིམ་པར་ནི། །ཕོ་མོ་མ་ནིང་རིམ་པར་ཤེས། །གལ་ཏེ་བསྣོར་ན་ཤོ་སྒུར་སོགས། །དབང་པོ་སྐྱོན་དང་ལྡན་པར་སྐྱེ། །དཔལ་ལྡན་ས་སྐྱའི་པཎ་ཆེན་ནས། །བརྒྱུད་པ་རླུང་གི་མན་ངག་ཟབ། །ལག་གཉིས་ཐལ་མོ་དྲང་པོར་སྦྱར། །སྣ་ཡི་ཀ་བའི་དབུས་དག་ཏུ། །ཡོ་མེད་གཟུགས་ལ་ལུས་བསྲངས་ཏེ། །རླུང་འབུད་བྱས་ན་གཡས་གཡོན་གྱི། །རྒྱུ་བ་གསལ་པོར་རྟོགས་པ་འབྱུང་། །གོམས་པ་ཤིན་ཏུ་བརྟན་པ་ན། །རླུང་ལ་དམིགས་པ་ཙམ་གྱིས་ཤེས། །ནང་གི་རྟེན་འབྲེལ་ཟབ་མོ་འདིར། །བརྟེན་ནས་རང་གཞན་བླང་དོར་དང་། །ལས་ཀུན་སྒྲུབ་པའི་མན་ངག་རིགས། །ཤིན་ཏུ་ཁྱད་པར་འཕགས་པ་
ཡིན། །གང་ཚེ་དྲིས་སམ་རང་གི་ཡང་། །བྱ་བ་གང་ཞིག་འགོ་རྩོམ་པ། །དེ་ཡི་དུས་སུ་ལྟས་བརྟག་པ། །འདི་ནི་ཤིན་ཏུ་ངེས་པ་སྟེ། །དབྱངས་འཆར་རྒྱུད་ལས་འདི་ལྟར་གསུངས། །ཕོ་ཉའམ་རང་གི་ཉེ་འཁོར་དུ། །བ་ལང་ར་ལུག་སོགས་གསོད་དང་། །འཐབ་རྩོད་བརྡེག་བཅིང་བརྡུང་བ་དང་། །བཙོན་འཛིན་སྲོག་འཇོམས་ནོར་སྟོར་དང་། །སྣོད་སྟོང་སྐྱེ་བོ་ཡུལ་དམན་པ། །གོས་ཧྲུལ་མཛེ་ཅན་མདོག་མི་སྡུག །སྐྲག་དང་བྲེད་ཅིང་ཆད་པས་བཅད། །སེམས་སྟོར་མྱ་ངན་བྱེད་པ་མཐོང་། །ཁ་དོག་ཡིད་དུ་མི་འོང་བ། །ཁ་ནི་འོག་བལྟས་རླུང་འཚུབས་མཐོང་། །འགྲོ་ཕྱོགས་ལས་བཟློག་སྐྱེ་བོ་སོགས། །མཐོང་ན་མཛེས་ལེགས་པའི་དོན་རྣམས་མེད། །དུད་འགྲོ་གསོད་ལས་ཐར་པ་དང་། །བརྩེ་ཞིང་དགའ་དང་དགོད་པ་དང་། །ནད་པ་སོས་དང་བཙོན་རྣམས་ཐར། །དགེ་བའི་གླུ་དང་དེ་བཞིན་གར། །ཕུན་སུམ་ཚོགས་པའི་གནས་རྣམས་མཐོང་། །རོལ་མོའི་སྒྲ་སྐད་སྙན་པ་དང་། །
དགེ་སློང་བྲམ་ཟེ་བླ་མ་ལྷ། །ལྷ་མཆོད་པ་དང་དགའ་སྟོན་བྱེད། །ནོར་རྙེད་ཚོང་པ་རྙེད་པ་ཆེ། །གང་དག་སྐྱེས་བུ་ཡ་མཚན་ཅན། །གོས་བཟང་ཡན་ལག་བཟང་བ་དང་། །རྒྱལ་པོ་བུད་མེད་རྒྱན་ཅན་མཐོང་། །དཀར་ཕྱོགས་དང་ནི་མཐུན་པའི་མདོག །ཉི་གསལ་འབྲས་བུ་མེ་ཏོག་རྒྱས། །རྫིང་བུར་བྱ་རྣམས་རྩེ་བ་དང་། །རང་ལ་བྱིས་པའི་ཚོགས་དགའ་ཞིང་། །སེམས་དགེ་ཚིག་འབྲུ་དགེ་བ་སྒྲོགས། །མཐོང་ན་དེ་ཚེ་འདོད་དོན་འགྲུབ། །འདྲི་བྱེད་ཕོ་ཉ་འོང་བའི་ཚེ། །སྐྱེས་པ་སྒོ་ནང་རྐང་གཡས་འཇོག །དེ་བཞིན་བུད་མེད་གཡོན་འཇོག་པ། །དགེ་ཞིང་ཤིས་པར་སྟོན་པ་སྟེ། །བཟློག་ན་འདྲི་བའི་དོན་ཉམས་འགྱུར། །གཡས་ཀྱི་ཡན་ལག་གཡོ་བ་དང་། །སྙིང་ཉིད་ངན་པ་རྣམ་པར་སྤང་། །ཉེ་འཁོར་ཤིས་པའི་བྱ་བ་བྱེད། །བསམ་མི་དགོས་པར་དོན་ནི་འགྲུབ། །འདྲི་བྱེད་མགྲིན་པ་འགྲམ་པ་དང་། །རྣ་བ་སྣ་མིག་བྲང་དང་ནི། །ལྕེ་དང་གསང་བ་སྙིང་དང་
སོ། །སྐྲ་དང་དཔྲལ་བ་གསུས་པ་དང་། །ནུ་མ་དང་ནི་དཀུ་རྣམས་སུ། །ལག་པ་གཡས་པས་རེག་ཅིང་གཡོ། །གདོང་ནི་སྔོན་དུ་བལྟས་པའི་ཚེ། །དགེ་བའི་ལས་ཡིན་བཞིན་བཟང་མ། །གཡོན་པས་རེག་ཅིང་གཡོ་བ་ནི། །དེ་ལས་བཟློག་པར་ཤེས་པར་བྱ། །གང་ཚེ་གཡུལ་དུ་ཆས་པ་ན། །སེམས་ནི་དྭངས་ཤིང་མཛེས་པ་དང་། །སྤྲོ་ཞིང་གསལ་བ་དགེ་བ་ཡིན། །རྔ་ལ་རང་སྒྲ་བྱུང་ན་དགེ། རལ་གྲི་ལ་སོགས་མཚོན་ཆ་རྣམས། །གསལ་ཞིང་རང་སྒྲ་འོད་འབར་དགེ། རྒྱལ་མཚན་བ་དན་རྟ་དང་གླང་། །སྒྲ་འདོན་གསལ་ཞིང་སྟོབས་འགྱེད་དགེ། མདུན་ནས་བརྟན་གཡོའི་རང་བཞིན་ཡང་། །རང་གིས་བརྟགས་ལ་ཤེས་པར་བྱ། །དེ་ལས་བཟློག་ནས་མི་ཤིས་པ། །རོལ་མོ་བརྡུངས་ཀྱང་སྒྲ་མི་གྲགས། །རླུང་རྣམས་རྒྱུད་ལས་བཟློག་པ་དང་། །ཡིད་ནི་ལྡང་ཀྱོག་མྱ་ངན་ཟིན། །རོལ་མོ་མཚོན་ཆ་ལ་སོགས་རྣམས། །རལ་དང་ཆག་སོགས་ངན་པ་ཡིན། །གང་ཚེ་ཚོང་ལ་ཆས་པ་ན། །དེ་ཚེ་
ཟོང་ལ་བྱི་བས་ཟོས། །ཆག་གམ་སྟོར་རམ་མི་མཛེས་པ། །མི་ཤིས་ལྟས་མཐོང་ན་མི་འགྲོ་བར་ཕྱིར་ལོག་པར་བྱ། །དེ་བཞིན་དགོས་དོན་བྱ་བ་ཀུན། །ལྟས་ཀྱིས་དགེ་དང་མི་དགེ་དཔྱད། །འདྲི་བྱེད་སྲོག་གི་ལས་བྱེད་པར། །བཟློག་ནས་གནས་ན་དགོས་དོན་མེད། །གལ་ཏེ་ལས་ནི་བྱེད་པར་གནས། །ཡིད་ལ་བསམ་པའི་དགོས་པ་འགྲུབ། །ལུང་སྟོན་པ་པོའི་སྣ་རླུང་གཡས་གཡོན་གང་རྒྱུའི་ཕྱོགས་སུ་འདྲི་བྱེད་སྡོད་ཅིང་དྲི་ན་ལེགས། བཟློག་ན་མི་ལེགས་སོ། །རྔུབ་དུས་གང་མིང་སྨོས་པ་རྒྱལ། །འབྱིན་ལ་གང་བརྗོད་ཕམ་ཞིང་ངན། །ཞེས་གསུངས་གཞན་ཡང་ལྟས་ཀྱི་རིགས། །སྣ་ཚོགས་གཞུང་ལས་གསུངས་བཞིན་བརྟགས། །དེ་ནས་དབྱངས་འཆར་བླང་དོར་བཤད། །གང་ཞིག་འཆར་རྒྱུའི་ཡི་གེ་ནི། །ཨ་ཨི་ཨུ་ཨེ་ཨོ་ལྔ་པོ། །རིང་ཐུང་དབྱེ་བས་བཅུ་རུ་བཤད། །ང་ཉ་ཎ་གསུམ་སྤང་བ་ཡི། །གསལ་བྱེད་ཀ་ནས་ཧ་ཡི་བར། །སུམ་ཅུ་ཐམ་པ་འདི་དག་གོ །གང་ལ་འཆར་བའི་ཚེས་གྲངས་ནི། །འཇིག་རྟེན་ལུགས་ཀྱི་ཧོར་ཟླ་
གཉིས་པ་དབོ་ཟླའི་བཅུ་དྲུག་ནས་བརྩམས་ཏེ། །གནམ་སྟོང་བར་ལ་ལུགས་འདིའི་དཀར་ཕྱོགས་ཟེར། །ཧོར་ཟླ་གསུམ་པ་ནག་ཟླའི་ཚེས་གཅིག་ནས་བཟུང་སྟེ། བཅོ་ལྔའི་བར་ལ་ལུགས་འདིའི་ནག་ཕྱོགས་བརྗོད། །སྤྱིར་འཇིག་རྟེན་དང་བསྟན་བཅོས་ལས་བཤད་པའི་དཀར་ནག་ཕྱོགས་རྒྱབ་འགལ་དུ་ཡོད་ལ། ཕྱོགས་གཉིས་གཅིག་ཏུ་བསྡོམས་པ་ལ། །རྒྱུད་འདིར་དཔྱིད་ཟླ་འབྲིང་པོར་བརྗོད། །དེ་ཡི་ལུགས་འདིའི་དཀར་ཕྱོགས་སུ་བཞེད་པའི་ཚེས་གཅིག་ནས། །ཞེས་འཇིག་རྟེན་ལུགས་ཀྱི་མར་ངོ་ལུགས་འདིར་སྔོན་འགྲོའི་དབང་དུ་བྱས་པ་སྟེ། དོན་ལ་དབོ་ཟླའི་ཚེས་བཅུ་དྲུག་དང་། བཅོ་ལྔའི་བར་ལ་དེའི་ནག་པའི་གནམ་གང་བར་རོ་དབྱངས་རིང་ལྔ། །ལན་གསུམ་བསྐོར་ཞིང་གསལ་བྱེད་ནི། །ཀ་ནས་དེའི་བར་བཅོ་ལྔ་འཆར། །ལུགས་འདིའི་ནག་ཕྱོགས་ཏེ་ནག་ཟླའི་ཚེས་གཅིག་ནས་བཟུང་སྟེ། སྟོང་གི་བར་ལ་དབྱངས་ཐུང་ལྔ། །ལན་གསུམ་བསྐོར་ཞིང་གསལ་བྱེད་ནི། །དྷ་ནས་ཧ་ཡི་བར་དུ་འཆར། །མདོར་ན་འཇིག་རྟེན་དང་བསྟུན་ན། །ཟླ་བ་འཕེལ་བ་ཡར་ངོ་དབྱངས་ཐུང་ལྔ་པོ་བསྐོར། །ཟླ་བ་འགྲིབ་པ་མར་ངོ་
དབྱངས་རིང་ལྔ་པོ་བསྐྱར། །ཚེས་གཅིག་ནས་ནི་བཅོ་ལྔའི་བར། །དྷ་ནས་ཧ་ཡི་བར་དུ་བཀོད། །བཅུ་དྲུག་ནས་ནི་སྟོང་གི་བར། །ཀ་ནས་ད་ཡི་བར་དུ་བཀོད། །ང་ཉ་ཎ་གསུམ་སྤང་བ་ཡིན། །རྟག་ཏུ་དེ་ལྟར་ཚེས་ལ་འཁོར། །ཨ་ལ་སོགས་པར་ལྷན་ཅིག་ཏུ། །ས་ཆུ་མེ་རླུང་ནམ་མཁའ་དང་། །དྲི་རོ་རཱུ་པ་རེག་སྒྲ་འཆར། །དེ་བཞིན་དགའ་བཟང་རྒྱལ་སྟོང་རྫོགས། །དམར་ལྷག་ཕུར་སངས་སྤེན་པར་སྦྱར། །བྱིས་གཞོན་ལང་ཚོ་རྒན་ཤི་དང་། །ཛནྨ་་སྐྱེ་བ་ཧ་ནི་གནས་ཛནྨ་་ཆེར་འཕེལ་དང་། །ཧ་ནི་གནས་ཉེ་ཨནྟ་ཀ་ཞིག་པ་ཞེས་པ། །རིམ་པ་ལྔ་རུ་ཀུན་ལ་སྦྱར། །ཡང་ན་ཛནྨ་སྐྱེ་བ་དང་རྡུལ་ཧ་ནི་གནས་པ་དང་མུན་དང་། །ཨནྟ་ཀ་ཞེས་མཐར་ཞིག་པ་དང་སྙིང་སྟོབས་གསུམ་པོ་བསྐོར། །འདི་ནི་ཚེས་ལ་འཆར་ཚུལ་ཏེ། །གཞན་ཡང་འཆར་ཚུལ་རྣམ་པ་བརྒྱད། །དོན་གཉིས་ཞག་ལ་དབྱངས་རེ་འཆར། །བཅུ་གཉིས་ཞག་ལ་གསལ་བྱེད་རེ། །བཅུ་གཉིས་ལོ་ལ་དབྱངས་རེ་འཆར། །ལོ་གཉིས་ལ་ནི་གསལ་བྱེད་རེ། །དེས་འགྲེ་ལོ་ཟླ་ཞག་
དུས་དང་། །བཅུ་གཉིས་ལོ་དང་བགྲོད་པ་དང་། །དོན་གཉིས་ཞག་དང་ཞག་ལྔར་འཆར། །རབ་བྱུང་ལ་སོགས་ལོ་རྣམས་ལ། །བཅུ་གཉིས་ལྔ་ལ་ཨ་སོགས་འཆར། །དེ་བཞིན་བགྲོད་པ་རེ་རེ་ལ། །ཨ་སོགས་ལྔ་ནི་འཆར་བར་དྲན། །དེ་ཡི་གནས་སྐབས་དག་ལ་ཡང་། །ཉི་མ་ཨ་ཨི་རྀ་ཨུ་ལྀ། །ཟླ་བར་ཧ་ཡ་ཝ་ར་ལ། །མིག་དམར་ཀ་ཁ་ག་གྷ་ང་། །རཱ་ཧུ་ཏ་ཐ་ད་དྷ་ན། །ཕུར་བུ་པ་ཕ་བ་བྷ་མ། །སྤེན་པ་ཊ་ཋ་ཌ་ཌྷ་ཎ། །གཟའ་ལྷག་ཙ་ཚ་ཛ་ཛྷ་ཉ། །ཀེ་ཏུ་ཨཱ་ཨེ་ཨཱ་ར་ཨོ་ཨལ྄། །པ་སངས་ཤ་ཥ་ས་ཧ་ཀྵ། །རགས་དང་ཕྲ་བའི་རིམ་པ་ཡིས། །གནས་སྐབས་ལ་འཆར་རྗེ་བཙུན་མ། །༧ ད་ནི་དེ་རྣམས་འབྲས་བུ་ནི། །དགའ་བའི་ཚེས་ལ་མིག་དམར་དང་། །རྒྱུ་སྐར་སྨིན་དྲུག་ཨ་ཡིག་རྣམས། །འཛོམ་ན་མིང་གི་དང་པོ་ལ། །དབྱངས་ཀྱི་ཡི་གེ་ཨ་ཡོད་པ། །ན་འཆི་རྨ་འབྱུང་འབྲས་བུ་མེད། །དེ་ཕྱིར་ལས་བརྩམ་དེ་ལ་བྱོལ། །གཟའ་སྐར་ཚེས་གསུམ་འཛོམ་པ་འདིར། །སྦྱོར་བ་གསུམ་འཛོམ་ཞེས་སུ་གྲགས། །
དེ་བཞིན་བཟང་པོར་ལྷག་མཆུ་ཨི། །ཤར་ཚེ་ཨི་ཡི་མིང་ཅན་དང་། །རྒྱལ་བར་ཕུར་སྐག་ཨུ་འཆར་ཨུ། །སྟོང་པར་པ་སངས་མོན་གྲུ་ཨེ། །རྫོགས་པར་སྤེན་པ་བྲ་ཉེ་ཨོ། །འཆར་དུས་གང་ཤར་ཡི་གེའི་མིང་། །གཡུལ་དང་བག་མ་ལ་སོགས་པའི། །མཐའ་དག་བྱ་བ་རྣམ་པར་འཛོམ། །མིང་ཡོད་ཕྱིན་མིང་གི་དང་པོར་དབྱངས་ཡོད་པར་གྲུབ་ལ། དབྱངས་ཡིན་ན་དབྱངས་བཅུ་བཞིར་ངེས་པ་ལས། ཨོ་ཨེ་རིང་ཐུང་གཅིག་ཏུ་ཨཱ་རང་ཐུང་རྣམ་བཅད་རྣམས་ཨར་རྩི། རི་ལི་ཨིར་བསྡུས་པས་དབྱངས་ལྔར་ངེས་ལ། དེ་ཡང་བོད་འདིར་དབྱངས་དངོས་བསྟན་དུ་ཡོད་པ་ཨ་དར་ཨི་ལི་ཟེར་བ་ལྟ་བུའང་གསལ་བྱེད་མིང་གི་ཡི་གེ་དང་པོའི་སྲོག་གི་དབྱངས་ཏེ། གི་གུ་སོགས་མེད་པ་ཨ། གི་གུ་ཨི། ཞབས་ཀྱུ་ཨུ། འགྲེང་བུ་ཨེ། རྣ་རུ་ཨོ་ཡིན་ནོ། །སྔར་བཤད་དབྱངས་དང་རེས་གཟའ་ནི། །འཛོམ་དུས་དབྱངས་དེའི་མིང་ཅན་ལ། །ནད་ནི་འབྱུང་བར་གྱུར་པ་ན། །ནད་ཡུན་རིང་བར་འགྱུར་ཞེས་གསུངས། །དགའ་བའི་ཉི་མར་ཨ་འཆར་དུས་ཨ་མིང་ཅན་བཞིན་ནོ། །། དབྱངས་གསལ་འཆར་ནུབ་བཤད་པ་ནི། །གང་འཆར་དེ་ནས་བརྩམས་
པ་ཡི། །བྱིས་སོགས་གནས་སྐབས་ལྔ་རུ་བགྲང་། །ལྔ་པ་ཤི་དེ་ནུབ་པ་ཡིན། །ན་ཚོད་ཀྱི་ནི་དཔེ་ཡིས་བཤད། །བཟང་གསུམ་ངན་པ་གཉིས་སུ་འདོད། །ཨ་ཡིག་འཆར་ཚེ་ཨ་བྱིས་པ། །ཨི་ཡིག་གཞོན་ནུ་ཨུ་ལང་ཚོ། །ཨེ་ཡིག་རྒས་པ་ཨོ་ནུབ་བོ། །དེ་བཞིན་ཨེ་འཆར་ཨུ་ཡིག་ནུབ། །ཨ་ནི་ལང་ཚོ་དར་ལ་བབས། །གསལ་བྱེད་ལ་ཡང་དེ་བཞིན་སྦྱར། །དཔེར་ན་ཀ་ཡིག་འཆར་བའི་དུས། །ཀ་ཡིག་བྱིས་པ་ཁ་གཞོན་ནུ། །ག་ཡིག་ལང་ཚོ་གྷ་རྒས་པ། །ཙ་ནི་ཤིའམ་ནུབ་པར་འདོད། །ཧ་ཡིག་འཆར་དུས་ཀ་གཞོན་ནུ། །གྷ་ཡིག་ནུབ་བོ་དེས་འགྲེ་སྦྱར། །ལྷག་མ་རྣམས་ནི་བཏང་སྙོམས་སོ། །རང་གི་དབྱངས་གསལ་ཡི་གེ་ནི། །བྱིས་པ་བཟང་ཞིང་དེ་ལས་ནི། །གཞོན་ནུ་བཟང་གསུངས་དེ་ལས་ཀྱང་། །ལང་ཚོར་བབས་ན་ཤིན་ཏུ་བཟང་། །རྒ་བ་ངན་ཞིང་ཁྱད་པར་དུ། །མིང་གི་དབྱངས་གསལ་ནུབ་ན་ངན། །གསལ་བྱེད་ནུབ་པས་ནད་འབྱུང་སྟེ། །དབྱངས་ནུབ་པས་ན་འཆི་བ་སྟེར། །དབྱངས་ནི་སྲོག་དང་འདྲ་བ་སྟེ། །གསལ་བྱེད་ལུས་སུ་བཤད་པ་ཡིན། །དེ་ཕྱིར་རང་གི་དབྱངས་གསལ་ནི། །དར་ཞིང་དགྲ་མིང་ནུབ་པའི་དུས། །དགྲ་ལ་རྒོལ་བར་ལྷ་ཡིས་གསུངས། །ཨ་ལ་སོགས་པ་ཤར་ལྷོ་ནུབ། །བྱང་དང་དབུས་སུ་ཨོ་འཆར་བར་གསུངས། །ཁ་ཅིག་རིང་བ་ཕྱོགས་བཞི་དང་། །དབུས་འཆར་ཐུང་བ་མཚམས་ཤར་ལྷོ་ནས་བརྩམས་བཞི་དང་། །
དབུས་སུ་རྣམ་པར་འཆར་བར་གསུངས། །འཕགས་ཡུལ་དབྱངས་ཀྱི་རིང་ཐུང་བྱེད། །བོད་དུ་བརྩེགས་པ་རིང་པོར་བྱེད། །ཡང་ན་དབྱངས་ལྔ་ཁོ་ནར་བསྡུ། །ཤར་ནས་ཨ་ཡིག་འཆར་བའི་ཚེ། །དེ་ཕྱོགས་འགྲོ་མི་རུང་བར་བཤད། །ཁྱད་པར་ཨ་མིང་འགྲོ་བ་སྤང་། །དགའ་ཚེས་ཤར་དུ་ཁ་བལྟས་ནས། །ཨ་ཡི་མིང་ཅན་གཞོམ་པ་བཟང་། །དབུས་ནི་འདིར་རང་གྲོང་གི་རྒྱང་གྲགས་ཙམ་གྱི་ཐ་གྲུའོ། ཡང་ན་རང་ཡུལ་དེ་ལའོ། །ཨ ༢ ༣ ༤ ༥ ༦ ༧ ༨ ཨཱ༡ ཨུ ཨ ཝ ཀ ཧ ཌ ཨཱུ ༩༠ ལ ལྀ གླང འཁྲིག ཀརྚ ལཱྀ མ ༡༠༢༦ ཙ ལུག ཨོ དགའ ཨཽ སེང ཊ ༡༡༢༥ ད ཉ སྟོང རྫོགས བཟང བུ་མོ པ ༡༢༢༤ ས བུམ ཨཿ རྒྱལ ཨཾ སྲང ར ༡༣༢༣ ག ཨཻ ཆུ་སྲིན གཞུ སྡིག ཨེ ཏ ༡༤༢༢ རཱྀ ཁ ཛ བྷ ཡ ན རྀ ༡༥ཨཱི ༢༡ ༢༡ ༢༠ ༡༩ ༡༨ ༡༧ ༡༦ ཨི ༈ རྐང་པ་བརྒྱ་དང་བརྒྱད་ཅུ་གཅིག །གཉིས་ཀ་འཐུས་པའི་འཁོར་ལོ་འདིར། །ཤཱ་ལ་ཀ་ལ་སོགས་པ་ཡི། །ཙཀྲ་མང་པོའི་གནད་འདུས་པའི། །ངོ་མཚར་འབྲས་མང་བྱེད་པ་ཡིན། །གཤིན་རྗེ་ལྟོ་བའི་ཙཀྲ་དང་། །ཨ་བ་ཀ་ཧ་ཞེས་པ་དང་། །གླང་ཆེན་མཆེ་བའི་ཙཀྲ་རྣམས། །འདི་ཡི་མིང་གི་རྣམ་གྲངས་ཡིན། །གྲུ་བཞི་མཉམ་པའི་ནང་དུ་ནི། །ཆ་མཉམ་རི་མོ་བརྒྱད་བསྣོལ་བས། །རེའུ་མིག་བརྒྱད་ཅུ་རྩ་གཅིག་འབྱུང་། །བྱང་ཤར་གྲྭ་ནས་གཡས་
སྐོར་དུ། །གྲ་ནས་གྲར་བཟུང་རེའུ་མིག་ལ། །དབྱངས་ཀྱི་ཡི་གེ་བཅུ་དྲུག་བགོད། །ཨཱ་རིང་ཨ་ཐུང་བར་གྱི་ནི། །ཤར་ཆ་བདུན་ལ་སྨིན་སོགས་དང་། །དེ་བཞིན་ལྷོ་སོགས་གཡས་སྐོར་དུ། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་བཀོད། །དེ་ནང་ཤར་གྱི་ལྔ་པོ་ལ། །ཨ་ཝ་ཀ་ཧ་ཌ་དེ་བཞིན། །ལྷོ་ལ་སོགས་པར་རིམ་པ་བཞིན། །མ་ཊ་པ་ར་ཏ་དང་ནི། །ན་ཡ་བྷ་ཛ་ཁ་ཞེས་དང་། །ག་ས་ད་ཙ་ལ་རྣམས་ཏེ། །གསལ་བྱེད་ཡི་གེ་ཉི་ཤུ་བཀོད། །དེ་ནང་ཤར་གྱི་གསུམ་པོ་ལ། །གླང་དང་འཁྲིག་པ་ཀརྐ་ཊ། །དེ་བཞིན་སེང་གེ་བུ་མོ་སྲང་། །སྡིག་པ་གཞུ་དང་ཆུ་སྲིན་དང་། །བུམ་པ་ཉ་དང་ལུག་ཁྱིམ་བཀོད། །དེ་ནས་ཤར་སོགས་ཕྱོགས་བཞི་དབུས། །དགའ་བཟང་རྒྱལ་སྟོང་རྫོགས་པས་བརྒྱན། །རྒྱུ་སྐར་རང་རང་ཐད་ཀ་རུ། །རང་གི་རྐང་པའི་ཡི་གེ་ནི། །སྨིན་དྲུག་ཨ་ནས་མགོ་བཟུང་སྟེ། །བྲ་ཉེ་ལོ་ཡིག་བར་དུ་ནི། །ཨ་ཝ་ལ་སོགས་ཉི་ཤུ་པོ། །ཨ་ཨི་ཨུ་ཨེ་ཨོ་དབྱངས་ལྔས། །སྤེལ་བ་རིམ་པར་བཀོད་པ་ཡི། །ཀུ་པུ་བྷུ་དུ་བཞི་ཡི་གྲལ། །གྷ་ང་ཚ་དང་ཥ་ཎ་ཋ། །དྷ་ཕ་ཌྷ་དང་
ཐ་ཛྷ་ཉ། །བྲིས་པས་བརྒྱ་དང་བཅུ་གཉིས་སོ། །སྨིན་དྲུག་ལ་སོགས་རྒྱུ་སྐར་རེའི། །རྐང་པ་རེ་རེར་ཡི་གེ་རེ། །བརྩིས་ནས་བཞི་རུ་བྲི་བ་ཡིན། །བ་དང་ཤ་ནི་ཝ་དང་ས་ལའང་མ་གཏོགས་པའི། །གསལ་བྱེད་ཡོངས་སུ་རྫོགས་པར་ཤེས། །དེ་ལྟར་གཟའ་རྣམས་བགྲོད་པའི་གཞི། །རྒྱུ་སྐར་དང་ནི་རྐང་པ་དང་། །ཚེས་ཁྱིམ་དབྱངས་གསལ་བཅས་པ་སྟེ། །ཐམས་ཅད་གཡས་སུ་བསྐོར་བས་བྲི། །དེ་རྣམས་གྲ་ནས་གྲ་རུ་ཡང་། །དམར་མཚན་མཆེ་བའི་ཐིག་བཏབ་བྱ། །དེ་ནས་འབྲས་བུ་བཤད་པ་ལ། །སྤྱིར་ནི་ཁྱིམ་གནས་དག་ཏུ་ནི། །བགྲོད་བྱ་རྒྱུ་སྐར་ཉེར་བདུན་ལ། །བགྲོད་བྱེད་གཟའ་དགུའི་འཕོ་འཇུག་ལས། །རྣམ་མང་བདེ་སྡུག་བླང་དོར་གསལ། །དེ་ལས་སྐྱེས་བུ་རང་རང་ལ། །མེད་དུ་མི་རུང་གཅེས་པའི་རྩིས། །སྐྱེས་བུ་སྐྱེས་པའི་སྐར་མ་ནི། །ཤེས་ན་མཆོག་ཏུ་གྱུར་བར་གསུངས། །དེ་མིན་མིང་སྐར་འཚོལ་དགོས་པས། །རྒྱུ་སྐར་ཡི་གེ་ཐམས་ཅད་ལས། །རང་གི་མིང་ཐོག་གང་མཐུན་པའི། །སྐར་མ་དེ་ལ་མིང་སྐར་ཟེར། །ཨ་ཡིག་རིང་ཐུང་གང་ཡིན་ཀྱང་། །
སྨིན་དྲུག་རྐང་པ་དང་པོར་རྩི། །ལོ་ཡིག་རིང་ཐུང་གང་ཡིན་ཀྱང་། །བྲ་ཉེ་རྐང་པ་ཐ་མར་རྩི། །བར་རྣམས་དེ་ཡི་རིག་པས་འགྲེ། །ཨ་བ་༢ཨོ་རས་༢ངོ་མཚར་རང་བྱུང་༥ལ་སོགས་བཞིན། དེ་ཡང་མིང་གི་ཐོག་མ་དེའི། །བརྩེགས་པའི་སྟེང་དང་འཕུལ་པ་ཡི། །སྔོན་འཇུག་འཛིན་པ་དཔེར་ན་ནི། །རྡོ་རྗེའི་ར་དང་དཔལ་གྱི་ད། །འཛིན་པ་སྔགས་ཀྱི་བཀླག་ཐབས་ལུགས། །དང་པོ་གང་ཡིན་འཛིན་པར་འདོད། །ཁ་ཅིག་མིང་གཞི་འཛིན་པ་སྟེ། །དཔལ་གྱི་པ་དང་བསོད་ནམས་ས། །ཁྲོ་བོ་ལྟ་བུའི་ཁ་དང་ཡང་། །བརྩེགས་པའི་དབུས་མ་འཛིན་པ་སྟེ། །རྒྱལ་བ་ལྟ་བུའི་ག་འཛིན་པ། །དེ་ནི་རྒྱ་བལ་ལུགས་སུ་འདོད། །མིང་སྒྲ་ཤས་ཆེ་དེ་འཛིན་བཞེད། །ཡང་ན་མིང་ཡིག་རྒྱ་སྐད་བསྒྱུར། །དེ་ལས་མིང་སྐར་འཚོལ་ཡང་ཟེར། །དབྱངས་རྣམས་རྀ་ལྀ་ཨིར་རོ། །དབྱངས་ལྔར་བསྡུས་པ་ཡིས། །ཚེགས་བར་དབྱངས་ཀྱིས་རྣམ་བཅད་པའི། །མིང་ཐོག་གསལ་བྱེད་དབྱངས་ལྡན་སྒྲ། །གང་ཡིན་དེ་ག་འཛིན་པར་སེམས། །བ་ནི་ཝ་དང་གཅིག་པར་བརྗོད། །ཤ་ནི་ས་ལ་བསྡུ་བར་བྱེད། །བོད་
ཡིག་ཅ་ཆ་ཇ་གསུམ་པོ། །ཙ་ཚ་ཛ་ལ་བསྡུ་བར་བྱ། །ཞ་ཟ་འ་གསུམ་ཤ་ས་ཨར། །ཡང་ན་ཟ་ཛར་བསྡུ་ཞེས་འདུག །འཇམ་ལྟ་བུར་མ་ལ་བསྡུ་ཟེར་བ་འདུག་ཀྱང་དཔྱད་དགོས། བསྡུས་ཏེ་མིང་གི་སྐར་མ་བཙལ། །རང་གི་སྐྱེས་མིང་སྐར་མ་དང་། །ལས་གང་རྩོམ་པའི་སྐར་སོགས་ལ། །མེ་དུ་སོལ་དང་གདོང་མཐོང་སའི། །གནོད་པ་ལྔ་པོ་བརྟགས་པར་བྱ། །མཆེ་བ་བསྣན་པས་གནོད་དྲུག་ཤེས། །ཉི་དམར་སྤེན་པ་གདོང་མཇུག་ལྔའི། །དུ་སོལ་མེ་ཡོད་གནོད་པར་ཤེས། །གཟའ་གཞན་མི་གནོད་བདེ་བ་སྟེར། །གསལ་བྱེད་དང་མཐའི་རིམ་པས་ས་ཟེར་བ་ཤ །ཝ་ཟེར་བ་ལ་བ་བྱས་པ་འཐད་དམ་སྙམ། དེ་ལྟར་ན་ཐ་མ་མཐར་གནས་སྡེ་མཚན་གཉིས་ཀྱི་ནང་གི་ཝ་དང་ས་མ་ཚང་བའོ། །དབྱངས་ཚང་ལ་ཐ་མ་གསལ་བྱེད་ཀྱི་གཉིས་མ་ཚང་ཟེར་བར་གོ་ཡང་རུང་། དཔེར་ན་སྨིན་དྲུག་རྐང་དང་པོར། །སྡིག་ཅན་གནས་ན་ཨ་ཡིག་འཁྱུད། །མདུན་གྱི་ཨི་ནི་དུ་བ་སྟེ། །བྱང་གི་ལོ་ནི་སོལ་བའོ། །ནུབ་ཀྱི་ཁོ་ནི་གདོང་ཚུགས་སོ། །རགས་པར་སྨིན་དྲུག་སྡིག་ཅན་གནས། །སྨིན་དྲུག་འཁྱུད་པ་བྲ་ཉེ་སོལ། །སྣར་མ་དུ་བ་བྱི་བཞིན་
གདོང་། །གཟའ་རྣམས་དལ་འབྱུང་མྱུར་འགྲོས་དུས། །འདི་བཞིན་བརྩི་ལ་འཁྱོགས་འགྲོས་ཚེ། །དུ་སོལ་བཟློག་སྟེ་བརྩི་བ་ནི། །དཔེར་ན་སྨིན་དྲུག་རྐང་དང་པོར། །དྲག་གཟའ་གནས་ནས་འཁྱོགས་འགྲོ་ན། །ཨ་འཁྱུད་ལོ་དུ་ཨེ་སོལ་ཡིན། །སྒྲ་གཅན་གདོང་མཇུག་གཡས་རྒྱུ་བས། །རྟག་ཏུ་འདི་ལྟར་བརྩི་བར་གསུངས། །དེ་ཡི་གོ་བའང་འདི་ལྟར་དུ། །གཟའ་གང་སྤྱོད་བཞིན་སྐར་མ་དེ། །འཁྱུད་པ་མེ་འབར་བཞིན་པ་འདྲ། །ཟོས་ཟིན་འདས་པ་སོལ་བ་སྟེ། །ད་གཟོད་ཟ་རྒྱུ་དུ་བར་བརྗོད། །དེ་ཕྱིར་མེ་དུད་སོལ་བའི་དཔེས། །དྲག་གཟས་གནོད་པ་རྣམ་པར་བརྗོད། །ཐད་ཀར་གནས་པ་གདོང་གིས་འཇོམས། །དེ་ནས་མཐོང་ས་བརྩི་བ་ནི། །ཞི་དྲག་ཀུན་ལ་བརྩི་བ་ཡིན། །ཉི་མར་རང་གནས་རྐང་པ་ནས། །གཡས་སམ་རྒྱབ་ཀྱི་བཅུ་གཉིས་པ། །མཐོང་བ་དཔེར་ན་སྨིན་དྲུག་གི ། རྐང་པ་དང་པོར་ཉི་གནས་ན། །མགོ་ཡི་རྐང་པ་ཐ་མ་ཡི། །ཡི་གེ་ཀི་མཐོང་དེ་བཞིན་དུ། །གཟའ་རྣམས་ཨ་ལ་གནས་པ་ཡི། །དཔེར་བྱས་འདི་ལྟར་
བརྩི་བ་སྟེ། །མིག་དམར་གྱི་ནི་གསུམ་པའི་ཨུ། །ཕུར་བུས་དྲུག་པའི་ཝ་མཐོང་འགྱུར། །སྤེན་པ་ཡིས་ཀྱང་བརྒྱད་པའི་ཝུ། །དེ་རྣམས་རྒྱབ་ཏུ་མཐོང་ཞེས་དེ། །གཡས་སུ་རིམ་པར་བསྐོར་བའོ། །ཟླ་བས་གཡོན་དུ་ཉེར་གཉིས་སུ། །རཱ་ཧུས་དགུ་པའི་ཙུ་མཐོང་ལ། །ལྷག་པས་བདུན་པར་ཙོ་ཡིག་མཐོང་། །པ་སངས་ཀྱིས་ནི་ལྔ་པ་ལི། །དེས་འགྲེས་ཀུན་ལ་བརྩི་བར་བྱ། །རགས་པ་མཐོང་བ་མ་བརྩི་ཟེར། །གང་གི་རྐང་པ་མཐོང་བ་ཡི། །སྐར་མའང་རགས་པར་མཐོང་སར་བརྩི། །མཐོང་སའང་འཁྱོགས་འགྲོའི་དུས་དག་ན། །གཡས་གཡོན་གོ་ལྡོག་རྩི་བ་ནི། །འོད་ཟེར་བརྒྱ་པ་དག་ལས་བཤད། །དེ་ལྟར་གནོད་པ་ལྔ་པོ་ལས། །སོལ་བས་འཆི་བར་འགྱུར་པ་སྟེ། །འཁྱུད་པས་ལུས་ལ་ནད་འབྱུང་ཞིང་། །དུ་བས་ཡིད་ལ་འདོད་པ་མེད། །གདོང་ཚུགས་རིགས་ངན་ཐ་ཤལ་འགྱུར། །ཉི་མའི་མཐོང་སས་ནོར་རྣམས་འཛད། །མིག་དམར་རཱ་ཧུ་སྤེན་པ་ཡིས། །ལུས་ཅན་རྣམས་ནི་འཆི་བར་བྱེད། །ཕུར་བུས་གཉེན་རྣམས་བརླག་ཅིང་འཆི། །པ་སངས་ལས་ཉམས་
དོན་མི་འགྲུབ། །གཟའ་ལྷག་དགྲ་འབྱུང་ཟོང་མི་ལོན། །ཟླ་བས་འཇིགས་པ་ཆེན་པོ་འབྱུང་། །བྱེ་བྲག་གདོང་ཚུགས་འབྲས་བུ་ནི། །གཙོ་ཆེར་བག་མར་བཤད་པ་ཡི། །ཤ་ལ་ཀ་ཡི་འཁོར་ལོ་ཡང་། །འཁོར་ལོ་འདི་ཡིས་ལེགས་པར་རྟོགས། །སོལ་འཁྱུད་དུ་བ་གདོང་བཞི་ལ། །སྟོབས་བཞིའི་འཁོར་ལོ་ཞེས་ཀྱང་ཟེར། །། དེ་ནས་མཆེ་བས་གནོད་ཚུལ་ནི། །དཔེར་ན་ལག་ལ་སྡིག་ཅན་གནས། །ཝ་ལྀ་ཙ་དང་ཁྲུམས་སྨད་ནི། །གཡས་པའི་མཆེ་བས་རྣམ་པར་འཛིན། །ཧ་ལཱི་ཊ་དང་མེ་བཞི་གཡོན། །ཆུ་སྟོད་གདོང་གིས་རྣམ་པར་འཇོམས། །དེ་བཞིན་ས་གར་སྡིག་གནས་ན། །གཡས་སུ་ཏ་ཡིག་སྲང་བཟང་པོ། །དགའ་གླང་ཨ་དང་སྨིན་དྲུག་འཇོམས། །གཡོན་པས་ལྷ་མཚམས་མདུན་མོན་གྲེ། །ཆུ་སྟོད་གཡས་པ་ཡ་སོགས་དང་། །གཡོན་པ་ཛ་ཨཻ་ས་ཁྲུམས་སྨད། །མདུན་དུ་ལག་ལ་གདོང་ཚུགས་འབབ། །ཐ་སྐར་ལ་གནས་གཡས་ཙ་ཉ། །ཨཿགཞུ་ཡ་དང་སྣྲོན་ཡིན་ཏེ། །གཡོན་དུ་ཨུ་དང་སྣར་མ་དང་། །གྲེ་ལ་གདོང་གིས་གནོད་
པ་ལྟར། །དབྱངས་གསལ་ཚེས་ཁྱིམ་རྒྱུ་སྐར་ལ། །མཆེ་གདོང་འབབ་པ་ཤེས་པར་བྱ། །གདོང་ནི་སྔར་ཡང་བསྟན་མོད་དེ། །འདིར་ནི་དཔེར་བརྗོད་ལྷན་དུ་བགྱིས། །ཁ་ཅིག་དབྱངས་གསལ་ཚེས་ཁྱིམ་ལ། །མཆེ་བ་བཞིན་དུ་གདོང་གནོད་ཟེར། །ལས་ལ་སྤྱོད་དམ་སྐྱེས་མིང་ལ། །མཆེ་བས་མ་རུང་བྱེད་པར་འགྱུར། །འཁོར་ལོ་གསུམ་འཛོམ་ཞེས་བྱ་བ། །གཡས་གཡོན་མཆེ་བ་གདོང་དང་བཅས། །དུས་གཅིག་འཛོམ་པའི་སྐྱེས་མིང་ཅན། །གླང་ཆེན་མྱོས་པའི་མཆེ་བ་ཡིས། །བླངས་ནས་ཟ་བར་བྱེད་དང་མཚུངས། །སྡིག་ཅན་གསུམ་གྱིས་མཆེ་གདོང་གང་རུང་གི་གནོད་པ་སྐར་མ་གཅིག་ལ་མཉམ་དུ་བབ་ན་བརླག་པར་འགྱུར། །གཅིག་གིས་དོན་ཉམས་ནོར་ཟད་བྱེད། །བསོད་ནམས་སྡིག་པས་གནོད་འདྲེས་ན། །རིམས་འབྱུང་ནོར་རྣམས་ཟད་པར་བྱེད། །དེ་ཕྱིར་སྐྱེས་མིང་སྐར་མ་ལ། །གཟའ་གནོད་བྱུང་ཚེ་རིམ་གྲོ་བསྐུལ། །ཁྱད་པར་བྱ་བྱེད་འགྲོ་འདུག་འཛེམ། །གང་ཞིག་ལས་བརྩམས་ཚེས་ཁྱིམ་དབྱངས། །གསལ་
བྱེད་རྒྱུ་སྐར་གང་ཡིན་ལ། །གཟའ་ཡིས་གནོད་པའི་དུས་སུ་བཤོལ། །མིག་དམར་རཱ་ཧུའི་གདོང་ཚུགས་ངན། །སྤེན་པ་དུས་མེའི་སོལ་འཁྱུད་ངན། །ཉི་མས་མཐོང་ས་ཁྱད་པར་ངན། །དེ་ལས་བསོད་ནམས་གཟའ་རྣམས་ལ། །དུ་སོལ་འཁྱུད་པའི་ཉེས་མེད་ཀྱང་། །པ་སངས་མཆེ་བ་ཕུར་བུའི་གདོང་། །ཞི་གཟའ་བཞི་ཀས་མཐོང་ས་ལ། །འཛེམ་པ་སྒེར་དུ་བཤད་པ་ཡིན། །། བྱེ་བྲག་ངན་པའི་གདོང་ཚུགས་ནི། །འདི་ལྟར་འཁོར་ལོ་ལས་ཤེས་བྱ། །༤༣༡༤ དམར ལྷག ཕུར སངས སྤེན་གྲོ ༢༥འདྲ་མིན། ༧ ༡༠ ༡༡༢༠ ༢༥༡༢ ༡༣ ༢༠གྲོ ༢༢༠ ༩ ༡༥༡༨ ༢༤༨ ༡༠ ༡༩༡༧ ༢༦༡༢ ༥༡༩ བྱི་མགོ་དང་ས་རི་གྲོ་བཞིན་སྣར། །ཁྲུམས་སྨད་ལྔ་པོ་ཟླ་སྐར་གྱུར། །དེ་ལ་མིག་དམར་གདོང་བཙུགས་ན། །ཆོམ་རྐུན་གྱིས་འཚེ་བཟའ་བཏུང་མེད། །སྔར་མེད་ནད་འབྱུང་ལོངས་སྤྱོད་འཛད། །དེ་བཞིན་ཟླ་སྐར་མེ་བཞི་སོགས་ལ་གཟའ་ལྷག་གདོང་བཙུགས་ན། །འཆི་སོགས་མི་དགེ་སྣ་ཚོགས་དང་། །ནོར་བུ་བུ་དང་བུ་མོ་དང་། །ལོངས་སྤྱོད་རྣམས་ནི་མ་ལུས་ཉམས། །ཕུར་བུའི་གདོང་ཚུགས་ཤར་བ་ན། །རྒྱལ་པོ་ཡུལ་དུ་མི་བཞག་ཅིང་། །བྱ་བར་མི་དགེ་གཉེན་རྣམས་འཆི། །པ་སངས་གདོང་ནི་བཙུགས་པ་ན། །བག་མ་བླངས་ན་ཁྱོ་འཆི་སྟེ། །བུ་མོ་སོང་ན་ཕྱུགས་ཀུན་བརླག །སྤེན་པས་ནད་
འབྱུང་གཉེན་གྲོགས་འཆི། །སྟོབས་བཞིའི་འཁོར་ལོ་ཞེས་པའམ། །རང་གི་བདག་པོའི་འཁོར་ལོ་སྟེ། །ལམ་དུ་ཞུགས་པའི་དུས་དག་ལ། །བྷཻ་ར་མུ་ཁའི་འཁོར་ལོའང་ཟེར། །བྱེ་བྲག་ངན་པའི་དམིགས་བསལ་གྱི། །གདོང་ཚུགས་འཁོར་ལོ་འདི་དག་གོ །ཕན་ཚུན་ཆེན་པོའི་འཁོར་ལོ་ཞེས། །ཕན་ཚུན་གདོང་ཚུགས་ཁྱད་པར་ལས། །གྲོང་ཕྱུགས་སྐྱེས་བུའི་བདེ་དོགས་བརྟགས། ༈ །མིག་ལྷག་ཕུར་སངས་སྤེན་ཉི་ཟླས། །ཕྱོགས་བཞིའི་ཐོག་མ་ནས་རིམ་དུ། རྒྱུ་སྐར་ཉེར་བརྒྱད་པོའི་སྐར་མ་རེར་དབང་བཞིར་འགྱུར་ཏེ། །སྨིན་མཆུ་ལྷ་མཚམས་མོན་གྲེ་བཞི། །མིག་དམར་གྱིས་ནི་བདག་བྱེད་ལྟར། །རང་བདག་སྐར་མའི་ཙཀྲའོ། །༡ ༢ ༣ ༤ ༥ ༦ ༠༧ ༡༤གྲོ ༠༨ ༡༥བྱི ༡༢ ༩༡༦ ༢༢༣ ༡༠༡༧ ༢༣༤ ༡༡༡༨ ༢༤༥ ༡༢༡༩ ༢༥༦ ༡༣༢༠ ༢༦ སྐར་མར་བདག་གཟའ་དེར་གནས་ཚེ། །ཞེས་པ་འདི་བླ་མ་གོང་མ་འགའ་རེས་གཟའ་ཟླ་སྐར་དེ་དག་ལ་འཕྲད་ཚེ་དེ་ལྟར་བརྩི་བར་བྱ་ཞེས་གསུངས་ཏེ། ལྀ་ཐུ་ལ་གལ་ཆེན་དུ་འབྲི་བར་མཛད་ཀྱང་། སྐྱེས་མིང་ཟླ་སྐར་སོགས་ལའང་སྦྱར་ཏེ། གཙོ་བོར་རང་རང་གི་བདག་གཟའ་དེ། སྐར་མ་དེ་སྟེང་བགྲོད་ཚུལ་རྩ་བའི་གཟའ་ལ་བྱས་ན་འཐད་སྙམ་མོ། །གནོད་ལྔ་མཆེ་བ་ལ་སོགས་པའི། །སྐྱོན་མེད་སླར་ཡང་བདེ་བ་འཐོབ། ༢༥ །བུ་དང་འདྲ་བའི་སྐར་མ་དེ། །གཟའ་དེས་སྲུང་བར་བྱེད་ཕྱིར་རོ། །གཞན་ཡང་གཟའ་རང་སྐྱེས་སྐར་མ་ལའང་། །རང་གཟའི་
གནོད་པ་འབབ་པ་མིན། །དཔེར་ན་ནབས་སོར་ཉི་མ་དང་པ་སངས་གཉིས་ཀྱི། །གནོད་ལྔ་སྤང་བ་ལྟ་བུའོ། །།གནོད་པ་དེ་ཡི་ངོ་ལོན་ནི། །སོལ་བར་འཆི་བསླུ་སྤོང་དག་བྱ། །འཁྱུད་པར་མིང་སྤོ་ལུས་བསྒྱུར་ཞིང་། །བསྙེན་གནས་དགེ་བསྙེན་སྡོམ་པ་འབོག །དུ་བར་གྲིབ་དང་མི་གཙང་འཛེམ། །ཁྲུས་དང་སྦྱིན་སྲེག་ལ་སོགས་བྱ། །གདོང་ཚུགས་གནས་སྤོ་གཉེན་རྣམས་ཀྱིས། །དཀྱིལ་འཁོར་ཀུན་ལ་སྐྱབས་སུ་འགྲོ། །མཆེ་བར་ཆུ་སྦྱིན་གཏོར་མ་བཏང་། །གཙུག་ཏོར་ཤིས་པ་བརྗོད་པའི་མདོ། །གསེར་འོད་དམ་པའི་གསུང་སྒྲོགས་བྱ། །། དེ་ནས་གནོད་པ་དྲུག་འཛིན་བརྟགས། །གང་གིས་གནོད་ན་གཟའ་ཡིས་ཏེ། །གང་ལ་གནོད་ན་རྒྱུ་སྐར་དབྱངས། །གསལ་བྱེད་ཚེས་ཁྱིམ་དག་ལའོ། །གནོད་ཚུལ་མཆེ་གདོང་མཐོང་ས་དང་། །དུ་སོལ་མེ་ཡི་ཚུལ་དུ་གནོད། །ཁྱད་པར་དམིགས་གསལ་གནས་དྲུག་འདིར། །མཆེ་སྣས་གནོད་པ་སྤང་དགོས་པས། །མིང་སྐར་རམ་ནི་སྐྱེས་སྐར་དེ། །སྐྱེས་ས་ཞེས་སུ་བརྗོད་པ་ཡིན། །དེ་ནས་གཡས་སུ་
བསྐོར་བ་ཡི། །བཅུ་པར་ལས་དང་བཅུ་དྲུག་པ། །རྣམ་འགྱེས་ཞེས་བྱ་བཅོ་བརྒྱད་པར། །རྒྱ་ཅན་ཡིན་ཏེ་དེ་བཞིན་དུ། །ཉེར་གསུམ་བི་ན་ཤ་ཀར་གྲགས། །ཉེར་ལྔ་ཡིད་ཅན་ཞེས་བྱའོ། །དཔེར་ན་སྨིན་དྲུག་སྐྱེས་ས་ཡིན། །དབོ་སྣྲོན་གྲེ་དང་ཁྲུམས་སྟོད་དང་། །ནམ་གྲུ་རིམ་བཞིན་ལས་ལ་སོགས། །བཅུ་དགུ་ཨ་དྷ་ན་ཞེས་ཏེ། །སྨིན་ལ་ཆུ་སྨད་ལྟ་བུ་འདོད། །ཐམས་ཅད་གཡས་སུ་བསྐོར་བ་ཡིན། །།འདི་ནི་སྐར་མར་མི་བརྩི་བར། །རྐང་པའི་གྲངས་ལ་སྦྱར་བ་ནི། །སྨིན་དྲུག་རྐང་པ་དང་པོ་ལ། །སྐྱེས་སམ་མིང་ཡིག་དེ་ལ་ཡོད། །ཨ་ཡིག་སྐྱེས་ས་ཝོ་ལས་སོགས། །རྣམ་པར་རྩི་བར་འདིར་ཡང་འདོད། །སྐྱེས་སར་གནོད་ཤར་ནད་འབྱུང་ཞིང་། །ནོར་ཟད་ཀུ་ཅོ་དགྲ་དང་རྩོད། །ལས་ལ་མཆེ་གནས་གྲོགས་དང་འཐབ། །བཟོ་བྱས་བླ་མེད་ལས་མི་འགྲུབ། །རྣམ་འགྱེས་གཉེན་བཤེས་རྣམས་དང་ཕྱེ། །རྒྱ་ཅན་བསམ་པའི་དོན་མི་འགྲུབ། །བི་ན་ཤ་ཀར་རིམས་ནད་འཆི། །བསོད་ནམས་ཉམས་པ་ཞེས་སུ་འདོད། །ཡིད་ཅན་
གདོང་ཚུགས་སྡུག་བསྔལ་འཐོབ། །དེ་དྲུག་སྐྱོན་བཅས་མི་དགེ་བྱེད། །ཨ་དྷ་ན་ལ་རིམས་ནད་འབྱུང་། །ལུས་ནད་འདི་ལ་བརྟགས་ཀྱང་ཟེར། །རང་གི་སྐར་མར་གནོད་དུས་དེར། །རིམ་གྲོ་བསྐུལ་ཞིང་གནོད་པ་དེ། །འབབ་དུས་ལས་གསང་དེ་དང་དེ། །རྩོམ་པར་བྱ་བ་མ་ཡིན་ནོ། །། དེ་རྣམས་ངོ་ལོན་བསྟན་པ་ནི། །སྐྱེས་སར་གནོད་ཤར་དགེ་འདུན་མཆོད། །ཕོངས་པ་སོགས་ལ་གོས་ལྷྭམ་སྦྱིན། །ལས་ལ་གནོད་ཤར་དགེ་སློང་དང་། །ཚོགས་བདག་དུར་ཁྲོད་བདག་མོ་མཆོད། །རྣམ་འགྱེས་སྡིག་ཤར་གཞོན་ནུ་མ། །མཆོད་ཅིང་བཀྲ་ཤིས་ལྷ་གསོལ་བྱ། །རྒྱ་ཅན་བྱིས་པར་སྟོན་མོ་བྱ། །བི་ན་ཤ་ཀར་གནོད་པ་བྱུང་། །སྐུ་གཟུགས་མར་མེ་བརྒྱ་རྩ་ཡིས། །དུས་གཅིག་ཉིད་དུ་མཆོད་པར་བྱ། །ཡིད་ཅན་སྐྱེ་བོར་ཆང་སྦྱིན་བྱ། །། གར་འདུག་ཡུལ་གྱི་མིང་སྐར་དང་། །སྨིན་དྲུག་བྲམ་ཟེ་རྒྱལ་རྒྱལ་རིགས། །ནམ་གྲུ་རྗེ་རིགས་མེ་བཞི་དམངས། །བོད་དུ་རུས་པའི་མིང་སྐར་རམ། །རྒྱལ་རྗེ་དམངས་རིགས་རང་རང་དང་། །བླ་མ་
སྔགས་པ་བྲམ་ཟེར་བཟུང་། །དེ་ནི་རིགས་ཀྱི་སྐར་མ་དེ། །རང་ཉིད་གོང་དུ་དཔོན་སོགས་སུ། །བཀུར་དུས་ཟླ་བའི་སྐར་མ་དང་། །མཁར་ཁང་ལྷ་ཁང་རྨང་འདིང་དུས། །ཕལ་པའང་ཁྱིམ་ཐབས་ཕོག་དུས་དང་། །ལས་གང་བྱེད་པར་མངའ་གསོལ་སོགས། །ཐོག་མར་རྩོམ་པའི་ཟླ་སྐར་ནི། །དབང་བསྐུར་སྐར་མ་དེ་ལྟར་ན། །རིགས་དང་ཡུལ་དང་དབང་བསྐུར་གསུམ། །དེ་ལ་དྲག་གཟས་གནོད་པ་ངན། །།ད་ནི་སྤྱོད་བྱེད་གཟའ་ལ་ཡང་། །རྩ་བ་ཡན་ལག་ཚེས་དང་ནི། །ཉེ་བའི་གཟའ་ཞེས་རྣམ་པ་བཞི། །རྒྱུ་སྐར་རྐང་པར་སྤྱོད་པ་ཡི། །གཟའ་དགུ་རྩ་བའི་གཟའ་རུ་བཤད། །ཐུན་ཕྱེད་དུས་སྦྱོར་བྱེད་པ་སོགས། །ཡན་ལག་གཟའ་ཡིན་ཚེས་ཀྱི་གཟའ། །ཉིན་རེ་བཞིན་རྒྱུའི་རེས་གཟའོ། །ཉེ་བའི་གཟའ་ནི་རྣམ་པ་བརྒྱད། །ཐམས་ཅད་ཉི་མའི་མདུན་དུ་འགྲོ། །ཉི་མ་གནས་པའི་རྐང་པ་ནས། །གཡས་བསྐོར་ལྔ་པར་གློག་གནས་ཏེ། །བརྒྱད་པར་ཤུ་ལ་བཅུ་བཞིར་འབྲུག །བཅོ་བརྒྱད་དུ་འཇུག་ཉི་ཤུར་བཙོ། །ཉེར་གཉིས་ཐོག་དང་
ཉེར་གསུམ་ལ། །ས་གཡོས་ཉེར་བཞིར་གཏུན་ཤིང་གནས། །དཔེར་ན་སྨིན་དྲུག་རྐང་པ་ནི། །ཐོག་མར་ཉི་མར་གནས་པའི་ཚེ། །སྣར་མའི་རྐང་པ་དང་པོར་ནི། །ཡི་གེ་ཨོ་ལ་གློག་གནས་པ། །དེ་བཞིན་རྒྱལ་གྱི་ཐ་མའི་ཌར། །གཏུན་ཤིང་གནས་པའི་བར་དུ་སྦྱར། །དེ་ལྟར་རྒྱུ་སྐར་ཀུན་ལ་འགྲེ། །། དེ་རྣམས་མིང་གི་ཡི་གེ་ལ། །གནས་དུས་གནོད་པར་ཤེས་པར་བྱ། །དེ་བཞིན་ཟླ་སྐར་སོགས་ལ་ཡང་། །སྦྱར་ཏེ་འབྲས་བུ་བཤད་པ་ནི། །གློག་ལ་གཟེར་འོང་ཤུ་ལ་ལ། །མཆིན་ནད་སྦངས་འབུར་སོགས་སུ་བཤད། །འབྲུག་ལ་ཤུ་འབྲས་གཡང་དུ་ལྷུང་། །དུ་མཇུག་ཁ་ཟས་ཡིད་མི་འོང་། །བཙོ་ལ་གསུས་པ་འཁྲོག་འགྱུར་ཏེ། །ཁོལ་བུར་ན་ཞིང་འདར་བ་ཐོབ། །ཐོག་ལ་ཐོག་འབབ་འཆི་བའང་འོང་། །ས་གཡོས་མགོ་ན་སྨྱོ་འདར་དང་། །གཏུན་ཤིང་གཡང་ལྷུང་བརྡབ་ཆག་འོང་། །དྲག་གཟའ་དང་བསྡོངས་ངན་པ་སྟེ། །ཞི་དང་བསྡོངས་ན་མི་སྐྱོན་བརྗོད། །འདིར་བསྡོངས་ཞེས་པ་ཉེ་གཟའ་དེ་ཡོད་སར་རྩ་བའི་གཟའ་གཞན་ཡོད་པ་ལ་བཤད་པའོ། །དེ་ཕྲད་ཞག་
གསུམ་འབྲས་འབྱིན་ཟེར། ༈ །འདི་ལ་སྙིང་པོ་བསྡུས་པ་ལས། །རྐང་པའི་གྲངས་ཀ་སྐར་མར་བརྩི། །དཔེར་ན་སྨིན་དྲུག་ཉི་གནས་ན། །ཁྲུམས་སྨད་གློག་སོགས་སྦྱར་ཏེ་གཡོན་སྐོར་རོ་གསུངས། །དེ་རྣམས་གནས་པའི་ཟླ་སྐར་དུས། །དགེ་ལས་སྤང་བྱ་དུག་མཚོན་བསྲེག །ལ་སོགས་མི་དགེ་འགྲུབ་ཅེས་བཤད། ༈ །མཐོང་ས་ལ་སོགས་སྐབས་འདི་རུ། །གྲོ་བཞིན་དང་ནི་བྱི་བཞིན་གཉིས། །སྐར་མ་གཅིག་གི་ཁྱོན་དུ་རྩི། །རྐང་པ་རེ་རེ་དབྱུག་རི་དང་། །ཆུ་སྲང་སུམ་ཅུ་ཐམ་པའོ། །། དྲག་པོ་གསུམ་འཛོམ་ཞེས་བྱ་བ། །ཚེས་གཟའ་རྒྱུ་སྐར་དྲག་པོ་སྟེ། །དེ་ལ་ཚེས་གྲངས་དྲག་པོ་ནི། །བིཥྚི་འཆར་བའི་དུས་བརྒྱད་དང་། །ཐུན་ཕྱེད་དུས་སྦྱོར་བྱེད་པ་སོགས། །དྲག་གཟའ་འཆར་བའི་ཚེས་ཀྱི་ཆ། །སྲེག་ཚེས་ལ་སོགས་ངན་པའི་ཉིན། །གཟའ་ནི་རེས་གཟའ་དྲག་པོ་དང་། །རྒྱུ་སྐར་རང་བཞིན་གྱིས་དྲག་པོ། །ཤར་ན་གསོད་བྱེད་ཤན་པ་ཡི། །ལག་པ་ཞེས་བྱ་ལག་དང་ནི། །ལྷོ་ན་འཇོམས་བྱེད་དབང་ཕྱུག་གི །གདེངས་
ཀ་མེ་བཞི་ཞེས་བྱ་དང་། །ནུབ་ན་ཕུང་བྱེད་ཡི་དྭགས་ཀྱི། །ཝ་བ་ཆུ་སྟོད་ཉིད་དང་ནི། །བྱང་ན་གདུག་པ་གཤེད་ཀྱི་ནི། །ལྐོག་མ་ཞེས་བྱ་ཁྲུམས་སྨད་བཞི། །ཕྱོགས་དབུས་ཀ་བ་བཞི་པོ་དང་། །གཞན་ཡང་གནས་སྐབས་དྲག་པོ་ནི། །རྩ་བའི་དྲག་གཟའ་རྣམས་དང་ནི། །ཉེ་གཟའ་སྤྱོད་པའི་སྐར་མ་ཡང་། །དྲག་པོའི་གྲས་སུ་རྣམ་པར་བཞག །དེ་རྣམས་ཟླ་སྐར་འཆར་དུས་སུ། །ཤིན་ཏུ་མི་ཤིས་ངན་པ་སྟེ། །བི་ན་ཤ་ཀ་ཞེས་བྱར་གྲགས། །དྲག་པོའི་ལས་རྩོམ་མཐུ་ལྡན་འགྱུར། ༈ །ཁ་ཅིག་སྐྱེས་སྐར་དྲག་པོའི་སྟེང་། །དྲག་གཟས་སྤྱོད་ཅིང་དྲག་པོའི་ཚེས། །འཛོམ་པ་ལ་ནི་བཤད་མོད་ཀྱང་། །རང་ལུགས་སྔ་མ་ལྟར་དུ་འདོད། །གཞུང་གི་ཚིག་སྒྲོས་ལས་ཨནྟ་ཀ་འཆར་བའི་ཚེས། ཐུན་ཕྱེད་ཀྱི་གཟའ་དྲག་པོ། །དྲག་པོ་གནས་པའི་རྒྱུ་སྐར་གསུམ་འདྲའམ་སྙམ། །ཕྱོགས་གང་ཉི་མ་གནས་པའི་ཕྱོགས། །ཨ་ཊ་མི་ཊ་ནུབ་པ་ཞེས་བྱར་གྲགས། །སྨིན་ནས་སྐག་བར་ཤར་ལྟ་བུ། །ཁྱད་པར་ཕྱོགས་ཀྱི་དབུས་གནས་ངན། །ཤར་དབུས་ལ་སོགས་དེ་ཡི་
འགྲེས། །ཕྱོགས་དེའི་ཚེས་ཁྱིམ་རྒྱུ་སྐར་དབྱངས། །གསལ་བྱེད་བཅས་པ་ནུབ་འགྱུར་ཞིང་། །བསྲེག་ཉམས་ཚད་གདུང་མྱ་ངན་འབྱུང་། །དེ་ཕྱོགས་བྱེས་སུ་བགྲོད་ན་དགེ། དཔེར་ན་ཤར་སྐར་བདུན་པོ་ནི། །གང་རུང་ཉི་མ་གནས་པའི་ཚེ། །སྨིན་ནས་སྐག་བར་སྐར་མ་དང་། །ཡེ་གེ་ཨ་པ་ཀ་ཧ་ཌ། །གླང་འཁྲིག་ཀརྚའི་དུས་སྦྱོར་ཁྱིམ། །དགའ་བའི་ཚེས་དང་དབྱངས་ཨ་ཨུ། །ལྀ་ཨོ་ཉམས་པར་འགྱུར་བའོ། །ཉི་མ་དེར་ནི་ཟླ་གསུམ་གནས། །ཉི་མ་དང་བྲལ་ཕྱོགས་གསུམ་པོར། །དགྲ་རྒྱལ་གྲོགས་འཕྲད་འདོད་དོན་འགྲུབ། །གང་དུ་བསོད་ནམས་གཟའ་འཆར་ཕྱོགས། །འཆར་བ་ཞེས་བྱ་དགེ་བར་བཤད། །བྱེ་བྲག་སྐྱེས་མིང་ལ་སོགས་ལ། །གཟའ་གནས་དེ་ལྟར་བརྟགས་པར་གསུངས། ༈ །མེ་རླུང་རེ་ཁཱས་བཅད་པ་ཡི། །ཨཱ་ཨཱི་འབྲེལ་བའི་ཐིག་རྩེ་རིང་པོར་བྱས་པས། །གང་དུ་ཟླ་བ་གནས་པའི་ཕྱོགས། །དེ་རུ་འགྲོ་བ་བཟང་བར་བཤད། །སྨིན་སོགས་གནས་ན་ཤར་དུ་བཟང་། །ཤར་ནི་བྱང་དང་འདྲ་བར་བཤད། །མདོར་
ན་བྱང་ཤར་སྐར་མ་ནི། །བཅུ་བཞི་གང་རུང་ཟླ་བ་ཡོད། །དེ་ཚེ་ཤར་དང་བྱང་བགྲོད་དགེ། ནུབ་ལྷོ་མི་ཤིས་ངན་པ་བཤད། །ལྷོ་ནུབ་བཅུ་བཞིར་ཟླ་བ་གནས། །ལྷོ་ནུབ་བཟང་ཞིང་ཤར་བྱང་ངན། །ཕྱོགས་བཞི་དུམ་བུ་གཉིས་ཕྱེ་བའི། །ཟླ་བ་གང་ཡོད་ཕྱོགས་སུ་བཟང་། །ཁྱད་པར་གཡུལ་བཤམས་འགྲོ་བ་ལ། །མཚམས་ལས་བརྒལ་ལམ་བཟློག་སྟེ་སོང་། །དཀྱིལ་འཁོར་ཐིག་སྐོར་དུས་སུའང་འདི་མི་འགོམ་པ་གལ་ཆེ། དོན་ཉམས་མི་ཤེས་སྡུག་བསྔལ་ཕོངས། །པ་རི་ཡོངས་འཇོམས་ཟེར། གྷ་ཡི་འཁོར་ལོ་གྲགས། ༈ །མཚམས་ན་གནས་པའི་སྐར་མ་བརྒྱད། །སྔ་མ་རྫོགས་པའི་ཆུ་ཚོད་ལྔ། །ཕྱི་མ་སླེབས་པའི་ཐོག་མ་ནས། །བརྩམས་པའི་དུས་ཀྱི་ཆུ་ཚོད་ལྔ། །རྫོགས་དང་ཟུག་པའི་དབྱུག་གུ་བཅུར། །འདི་སྐར་མ་གཉིས་ཀ་དབུས་སུ་སྔར་འདོད་པ་ཡོད་ཀྱང་མི་འཐད་པར་བཤད། རང་གི་ཕྱོགས་ལས་ཕྱོགས་གཞན་སྤང་། དཔེར་ན་བྲ་ཉེ་རྫོགས་ཁ་མའི་ཆུ་ཚོད་ལྔ་ལ་བྱང་མ་གཏོགས་ཕྱོགས་གཞན་གསུམ་དང་། སྨིན་དྲུག་ཏུ་སླེབས་པའི་ཆུ་ཚོད་ལྔའི་རིང་ལ་ཤར་མ་གཏོགས་གཞན་གསུམ་འགྲོ་ན་ལྷག་
པར་ངན། དེས་འགྲེའོ། །རང་གི་ཕྱག་རྒྱའི་སྦྱོར་བ་སྟེ། །ཝེ་ར་མུ་དྲའི་ཙཀྲར་གྲགས། །ཁྱད་པར་སྐར་མ་དེ་གཉིས་ཀྱི། །རྫོགས་དང་ཟུག་པའི་དབྱུག་གཅིག་ལ། །ཟླ་བ་སྤྱོད་ཚེ་འགྲུལ་བྱས་ན། །ཚུར་ལ་ཁྱིམ་དུ་མི་ལྡོག་ཅིང་། །གང་བརྩམ་མི་འགྲུབ་འདི་སྤང་དགོས། །འདི་ལ་རྒྱ་མཚོའི་འཁོར་ལོ་ཟེར། །འདི་ལྟར་ཤར་ལྷོའི་སྐག་མཆུ་དང་། །ལྷོ་ནུབ་ས་ག་ལྷ་མཚམས་དང་། །ནུབ་བྱང་བྱི་བཞིན་མོན་གྲེ་སྟེ། །དེ་བཞིན་བྱང་དང་ཤར་གྱི་ནི། །བྲ་ཉེ་སྨིན་དྲུག་ཐ་ཐོག་སྦྱར། །ཟླ་སྐར་ཡུལ་དུས་བསྒྲིགས་པས་ཤེས། །འདི་ནི་ཕྱོགས་གཉིས་སྦྱོར་བ་ལས། །རང་གི་ཕྱག་རྒྱའི་འཁོར་ལོ་སོགས། །མིང་གི་རྣམ་གྲངས་གསུམ་དུ་གྲགས། །གྲར་གནས་ཕྱི་མའི་ཨ་སོགས་བཞི། །དབུས་ཀྱི་རྫོགས་པའི་ཚེས་ལ་ནི། །མཆེ་གདོང་རྣམ་པར་སྤང་བ་ཡང་། །བསམ་གྱིས་མི་ཁྱབ་རྒྱུ་ཡི་ཕྱིར། །བརྗོད་དུ་མི་བཏུབ་གསང་སྟེ་བཞག །དཔེར་ན་གྲར་གནས་ཡི་གེ་ཇི་བཞིན་ཏེ། །ཟླ་བ་
འཕེལ་བར་མི་བྱེད་དོ། །ཉི་ཟླའི་བར་མཉམ་བཅོ་ལྔ་སྟེ། །གཅིག་གིས་གཅིག་མི་མཐོང་། ཅུང་ཟད་བསྣོལ་བས་འགྲིབ་པར་དྲན། །དཀར་ནག་མཚམས་སུ་ཟླ་བ་གང་། དེ་ནས་གང་བའི་ཚེས་ལ་ནི། །གླང་ཆེན་མཆེ་བ་རྒྱབ་ཀྱི་ཕྱོགས། །ཞེས་པ་རྒྱུད་ལས་དངོས་སུ་བསྟན། །དེ་ནས་བུམ་བཞིའི་འཁོར་ལོ་བཤད། །ཤར་ནས་ལུག་སོགས་བཞི་བཞི་རུ། །གཡས་བསྐོར་ལན་གསུམ་བྲིས་པ་ཡི། །ཁྱིམ་གང་ཉི་མ་གནས་པའི་ཕྱོགས། །སྟོང་པའི་བུམ་པ་ཞེས་པར་བརྗོད། །གཞན་གསུམ་གང་བའི་བུམ་པ་ཡིན། །གང་བའི་ཕྱོགས་དེར་འགྲོ་ན་བཟང་། །ཁྱད་པར་གྲལ་གསར་ཁའི་ལྟ་ཕྱོགས། །ལྟད་མོ་སོགས་ཀྱང་གང་ཕྱོགས་བཟང་། །སྟོང་པར་དེ་ལས་བཟློག་སྟེ་ངན། །དེ་བཞིན་ཞི་དྲག་གཟའ་གཞན་ལའང་། །དྲག་གནས་
སྟོང་སྟེ་ཞི་ཕྱོགས་གང་། །གང་བར་བསོད་ནམས་གཟའ་ཡོད་ཅིང་། །སྐྱེས་མིང་སྐར་མའང་དེར་གནས་ན། །འདྲི་བྱེད་དགྲ་ཐུལ་དོན་གྲུབ་རྙེད། །སྟོང་པར་ངལ་བ་དོན་མེད་འགྱུར། །ཡ་རྟ་སྟོན་མོ་ལྟད་མོ་སོགས་ཀྱི་མིང་དེ་ལ་འདི་གལ་ཆེའོ། ༈ །དེ་ནས་ཡང་དག་བཤད་བྱ་བ། །སྐར་མའི་སྟོབས་བརྟག་ཙཀྲ་བཤད། །བརྩི་བྱའི་སྐྱེས་མིང་སྐར་མ་ནས། །༡ ༢ ༣ ༤ ༥ ༦ ༧ ༨ ༩༠ ༡མཉམ ༢མི་མཉམ ༣ ༤ ༥ ༦ ༧ ༨༩ ༡༠ ༡༡ ༡༢ ༡༣ ༡༤ ༡༥ ༡༦ ༡༧༡༨ ༡༩ ༢༠ ༢༡ ༢༢ ༢༣ ༢༤ ༢༥ ༢༦ཁ་བྱང་རྒྱུ་སྐར། བརྩམས་ཏེ་དགུ་ཚན་གསུམ་དུ་བསྐྱར། །གཉིས་བཞི་དྲུག་བརྒྱད་མཉམ་པའི་སྐར། །དེ་རྣམས་གང་རུང་གཅིག་གི་སྟེང་། །ཉི་མིག་སྤེན་པ་དུས་མེ་བཞི། །གང་རུང་ཟླ་བ་དག་དང་འཛོམ། །ནད་པའམ་གཡུལ་དུ་ཞུགས་པ་གང་། །རྒྱལ་ཞིང་འཚོ་འགྱུར་བདེ་ལེགས་བྱེད། །གསུམ་ལྔ་བདུན་དགུ་མི་མཉམ་སྐར། །དེར་ནི་དེར་འཛོམ་ནའམ་འཆི། །༡ ༡༠ ༡༩གསུམ་ལ་དྲག་གཟའ་བཞི་པོ་གང་རུང་ཡོད་ཅིང་། ཟླ་བའང་དེར་ཡོད་ན། ༡ ཟླ་བ། ༡༩ དམར་ལྟ་བུ་རྒྱལ་ལོ། ༈ །དེ་ནས་རྩ་གསུམ་འཁོར་ལོའམ། གདེངས་ཅན་གྱི་ནི་འཁོར་ལོ་བཤད། །གདེངས་ཀའི་དབང་ཕྱུག་ཀྱང་ཟེར། སྦྲུལ་གྱི་
གཟུགས་བྲི་ཐ་སྐར་ནས། །བརྩམས་ཏེ་ཉེར་བདུན་འདི་ལྟར་བཀོད། །མཐུར་དང་གྱེན་དུ་རེས་མོས་སུ། །སྐར་མ་གསུམ་བརྩེགས་དགུ་ཚན་གཅིག །ཐ་སྐར་ལག་སོགས་དང་པོའི་རྩར། །བྲ་ཉེ་མགོ་རྒྱལ་སོགས་བར་མ། །སྨིན་དྲུག་སྐག་མཆུ་སོགས་འོག་མར། །ཡོད་པ་འདི་བཞིན་བྲིས་བྱས་ཏེ། །དཔོན་གཡོག་དཔོན་སློབ་གྲོགས་དང་ནི། །རང་གི་ལྷ་འང་མཚན། བཟའ་མི་དགོན་གཞིས་མཐུན་སོགས་བརྟགས། །དཔོན་གཡོག་ལ་སོགས་མིང་སྐར་གཉིས། །རྩ་རྒྱུད་དང་པོར་ལྷན་ཅིག་གནས། །ཞེས་པ་སྐར་མ་གཅིག་གི་སྟེང་དུ་འཛོམ་དགོས་པ་མ་ཡིན་གྱི། རྩ་རྒྱུད་གཅིག་ལ་གནས་པ་ལ་ལྷན་ཅིག་ཟེར། ནོར་རྙེད་དཔོན་གཡོག་གྲོགས་མཆེད་མཐུན། །ཡིད་ལ་བསམ་པ་ཐམས་ཅད་འགྲུབ། །བར་བའི་རྩ་ལ་ལྷན་ཅིག་སོང་། །བདེ་ཞིང་ཡུན་རིང་འགྲོགས་པར་འགྱུར། །གྲོང་དང་ཡུལ་ཁྱིམ་བདེ་བར་གསལ། །རྩ་རྒྱུད་ཐ་མར་ལྷན་ཅིག་གནས། །ཤིན་ཏུ་སྐྱིད་ཅིང་མཐུན་པ་ཡིན། །དཔོན་གཡོག་དཔོན་སློབ་གྲོགས་མཆེད་ཀྱི། །མིང་སྐར་གཉིས་པོ་རྩ་རྒྱུད་ནི། །གཅིག་ལ་
སོང་ན་དགེ་བ་ཡིན། །རང་མིང་ཡུལ་གྲོང་མིང་དེ་བཞིན། །རྩ་རྒྱུད་གཅིག་སོང་དགེ་བ་ཡིན། །ཁྱོ་ཤུག་སྐྱེས་མིང་སྐར་མ་ནི། །རྩ་རྒྱུད་གཅིག་ལ་གནས་པ་ན། །ཁྱོ་ནི་མྱུར་དུ་འཆི་བར་བཤད། །། དཔོན་གཡོག་ལ་སོགས་བརྩི་བྱ་ཡི། །མིང་གི་སྐར་མའི་རྩ་རྒྱུད་ལ།། ཉིན་ཞག་ཟླ་སྐར་ལ་དང་རིགས་དབང་བསྐུར་སོགས་ལའང་སྦྱར་རུང་ངམ་སྙམ་པ་རང་གི་རྣམ་རྟོག་གོ །མཆན དྲག་གཟའ་ཉི་མིག་སྤེན་རཱ་ཧུ། །བཞི་ཡོད་འཆི་ལ་གང་རུང་བ། །གསུམ་གྱིས་ནོར་ཉམས་གཉིས་གཉེན་བརླག །གཅིག་གིས་གཞན་དུ་ཕྱོགས་པ་དང་། །སྡུག་བསྔལ་། རིམས་ནད་འབྱུང་བར་ཤེས། །བསོད་ནམས་གཟའ་ཤར་མཆོག་ཏུ་བདེ། །ཡུལ་དང་བདག་པོའི་མིང་སྐར་ནི། །ལྷན་ཅིག་གནས་པའི་རྩ་རྒྱུད་ལ། །དྲག་གཟའ་གནས་དུས་ཡུལ་བཟུང་ན། །ཡུལ་ཐོན་བྱེས་སུ་འཁྱམས་དོགས་ཡོད། །ནད་ཀྱིས་བཏབ་བམ་རྩོད་པའི་དུས། །བརྩི་བྱའི་སྐྱེས་མིང་སྐར་མ་དང་། །ཉི་མིག་སྤེན་པ་དུས་མེ་སྟེ། །གཟའ་བཞི་གང་རུང་ཟླ་བ་བཅས། །རྩ་རྒྱུད་གཅིག་ལ་གནས་པ་ན། །ནད་པ་འཆི་ཞིང་གཡུལ་ཞུགས་ཕམ། །སྐྱེས་མིང་ཟླ་བ་ཞི་གཟར་འཛོམ། །མཆོག་ཏུ་བདེ་སྟེར་འདོད་དོན་འགྲུབ། །
དེ་ལྟར་ཀུན་ལ་ཞིབ་ཏུ་བརྩི། །། དེ་ནས་ཕྲིན་ལས་ཕྲན་ཚེགས་སྐོར། །བི་ཙྪན་རཱ་ཧུའི་སྟོབས་ཁྱད་བརྟགས། །ཤེད་རྩལ་འགྲན་སོགས་ལ་མཁོ་བ། །ཉི་ཟླ་རྣམ་པར་གནོན་པ་ཡི། །ལྟོ་འཕྱེའི་གཟུགས་ནི་བྲི་བར་བྱ། །གདོང་གི་འཁྱུད་པའི་སྐར་མ་དེ། །ཁ་ཡི་ནང་དུ་བྲི་བར་བྱ། །འདི་ཐ་སྐར་ལ་དཔེར་བྱས་པས་མཚོན་ཏེ་ཤེས་དགོས། དེ་ནས་སྤྱི་བོར་གསུམ་བཀོད་ལ། །མགྲིན་པ་བཞི་དང་རྒྱབ་ལ་གསུམ། །མཇུག་མར་གསུམ་བཀོད་སྐར་མ་ནི། །བཅུ་བཞི་ཁོ་ནར་བླང་དོར་བརྟག །སྐར་མ་༡༤འདི་ལས་ལྷག་མ་ལ་བརྩི་མི་དགོས་སོ། །དེ་ལ་རང་གི་སྐར་མ་ནི། །ཞེས་པ་སྐྱེས་མིང་ངམ་ཟླ་སྐར་ལ་ཡང་སྦྱར་རོ། །རཱ་ཧུའི་ཁ་ལ་སོང་བའི་དུས། །གནས་ལས་ཉམས་ཤིང་བུད་མེད་འཆི། །འཆིང་དང་བཅོམ་དང་ཕྱུགས་རྣམས་འཛད། །མགོ་བོར་ཁྱིམ་འཚིག་ནོར་ཉམས་འཐབ། །ལྐོག་མར་སོང་ན་ཆོས་ནོར་རྙེད། །དོན་གྲུབ་གཉེན་དང་ལྷན་ཅིག་འགྲོགས། །རཱ་ཧུའི་དངོས་གྲུབ་འབྱུང་བར་གསུངས། །རྒྱབ་སོང་ནད་དང་འཆི་བས་འཇིགས། །ཐ་ན་རང་དང་གཉེན་རྣམས་ལ། །གསུས་པ་ན་ཙམ་འབྱུང་བར་འགྱུར། །མཇུག་མར་ལྕགས་སྒྲོག་གིས་འཆིང་དང་། །འགྱེལ་ལྷུང་པུས་མོ་
སྣད་དང་འཇིགས། །གནས་འཕོ་སྙིང་ནད་འབྱུང་བ་དང་། །ཀླུ་དང་ས་བདག་ནད་ཀྱིས་འཇིགས། །དེ་ཕྱིར་རཱ་ཧུའི་ལྐོག་མ་ནས། །དངོས་གྲུབ་གཏེར་ཁ་དབྱེ་བར་མཛོད། །།དེ་ནས་ཡང་དག་བཤད་བྱ་བ། །རཱ་ཧུ་གདོང་གི་འཁོར་ལོ་མཆོག །གང་གི་རྣམ་པར་ཤེས་ཙམ་གྱིས། །རྒྱལ་ཕམ་བདེ་སྡུག་ཤེས་པར་བྱེད། །རྒྱུ་སྐར་རྐང་པར་གནས་པ་ཡི། །སྟོབས་ཀྱི་དམ་པ་རཱ་ཧུ་ནི། །དབྱངས་འཆར་རྒྱུད་ལས་བཤད་པ་བལྟ། །དེ་མེད་རཱ་ཧུས་གསོད་པར་བྱེད། །དྲག་པོའི་ཞལ་ནི་བྲིས་བྱས་ལ། །གདོང་གིས་འཁྱུད་པའི་སྐར་མ་དེ། །ཁ་ཡི་ནང་དུ་བྲི་བར་བྱ། །མཆེ་བ་ལ་གཉིས་སྣ་བུག་གཉིས། །སྣ་གང་གཉིས་དང་མིག་ལ་གཉིས། །རྣ་བ་གཡོན་བཞི་གཡས་ལ་བཞི། །དཔྲལ་བར་ལྔ་སྟེ་སྤྱི་བོར་གཅིག །ཀོས་ཀོ་ལ་གཅིག་མགྲིན་པར་བཞི། །འདྲི་བྱེད་སྐྱེས་མིང་སྐར་མ་གང་། །ཁ་ལ་སོང་བར་གྱུར་པ་ན། །སྡུག་བསྔལ་སྣ་ཚོགས་ལུས་ལ་འབྱུང་། །མཆེ་བ་ཉིན་ཞག་ཟླ་སྐར་ལ་ཡང་སྦྱར། གཉིས་ལ་ནད་འབྱུང་འགྱུར། །སྣ་བུག་གཉིས་སོང་བཙོན་དུ་འཛིན། །སྣ་སྒང་མི་མཐུན་པ་ཡང་མཛའ། །མིག་གིས་འདོད་པའི་འབྲས་བུ་འབྱུང་། །རྣ་བ་གཡོན་བཞིས་ནོར་རྣམས་འཛད། །རྣ་བ་གཡས་པས་འདོད་དོན་འཐོབ། །
དཔྲལ་བར་བུ་ཐོབ་ཡང་དག་བདེ། །སྤྱི་བོར་རང་འདོད་གནས་ནི་ཐོབ། །ཀོས་ཀོར་འབྲུ་དང་བཟའ་བཏུང་རྙེད། །མགྲིན་པར་རྩོད་དང་བརྡེག་སོགས་འབྱུང་། །འཕྲལ་དུ་དགོས་དོན་བྲི་བ་ལ། །སོ་སོར་བརྟགས་ཏེ་སྨྲ་བར་བྱ། །། དེ་ནས་བྱ་ཁྱུང་འཁོར་ལོ་བཤད། །ཡུལ་གཞིས་དོན་རྣམས་གང་ལ་ཡང་། །བྱ་ཁྱུང་གཟུགས་བྲི་ཉི་སྐར་དེ། །མཆུ་ལ་བྲིས་ཤིང་དེ་བཞིན་དུ། །རྐང་པར་བརྒྱད་དང་མིག་ལ་གཉིས། །སྤྱི་བོར་གསུམ་ནི་བཀོད་པར་བྱ། །སྙིང་ག་ལ་ལྔ་གཤོག་པར་བརྒྱད། །བྲིས་ལ་སྐྱེས་བུའི་མིང་སྐར་ནི། །མཆུ་ལ་སོང་དུས་དོན་གཉེར་ན། །འདི་དང་སྤེན་པ་གཉིས་ལ་བཀོད་ལུགས་མི་འདྲ་བ་ཡོད་ཀྱང་། འདི་ནི་རྒྱུད་ཇི་ལྟ་བ་བཞིན་དུ་བྲིས་པའོ། །ཁ་ཅིག་གིས་རྒྱུད་ལས་གབ་པ་མན་ངག་གིས་ཤེས་དགོས་པས་རྒྱུད་ལྟར་མི་བཀོད་ཀྱང་། རྒྱུད་ལས་འདི་ཐད་མ་སྦས་པར་གསུངས་པ་འདྲ་སྙམ་མོ། །ལུས་ལ་ནད་ནི་འབྱུང་བར་བཤད། །རྐང་པས་དོན་མེད་མི་དགེ་འབྱུང་། །མིག་གཉིས་ཀྱིས་ནི་དོན་རྙེད་འགྱུར། །སྤྱི་བོས་དགྲ་
རྣམས་ཆོམས་པར་འགྱུར། །སྙིང་གས་བུད་མེད་གཞན་དང་མཐུན། །གཤོག་པས་འཇིགས་པ་ཆེན་པོ་འབྱུང་། །དེ་ལྟར་བཟང་བའི་གནས་སྐབས་ལ། །ཡུལ་གྱི་དོན་རྣམས་བསྒྲུབ་པར་བྱ། །བདེན་པའི་འབྲས་བུ་འབྱིན་པར་གསུངས། ཕན་ཚུན་བདེན་རྫུན་འགྲན་སོགས་ལ། །ཟླ་བའི་སྙིགས་མ་བརྩི་བར་བྱ། །དེ་ཡང་རགས་དང་ཕྲ་བ་གཉིས། །རགས་པར་ཟླ་བ་ཁྱིམ་གང་གནས། །དེ་ཡི་འབྲས་བུ་སྨྲ་བ་སྟེ། །ལུག་ལ་གནས་ན་པྲ་བྷཱ་སི། །རབ་སྣང་། དེ་བཞིན་གླང་ལ་སོགས་པ་ལ། །རང་ཡུལ་གནས་ཞེས་བྱ་བ་དང་། །འཆི་བ་
རྒོད་པ་སྐྱེ་བ་དང་། །འབར་བ་དགའ་བ་སྤྱོད་པ་དང་། །མི་མཐུན་རྒྱལ་བ་སུ་པ་ཏ། ཉལ་བ་། འབྱོར་བ་བཅུ་གཉིས་རིམ་པར་སྦྱར། །ཕྲ་བ་དྲི་དུས་ཟླ་བ་ནི། །ཁྱིམ་རེའི་བཅུ་གཉིས་ཆ་ཤས་ལ། །གང་སྤྱོད་འབྲས་བུ་སྟོན་པ་སྟེ། །དེ་ཡི་ལག་ལེན་རྣམ་དག་ནི། །བརྩི་ཉིན་ཟླ་བའི་སྐར་མ་ལས། །དུས་ཀྱི་སྟེང་ནས་ཡུལ་བཙལ་བ། །སྲང་གནས་སྲིན་དབང་དབུགས་ཟླ་བ། །གང་རྩིའི་དུས་ཚོད་དེ་ཡན་ལ། །འདས་པའི་ཆུ་ཚོད་ཀྱིས་བསྒྱུར་ཞིང་། །དབུགས་ཀྱི་གནས་སུ་དབང་པོ་ནི། །འདས་པའི་ཆུ་སྲང་གིས་བསྒྱུར་ལ། །ཟླ་སྐར་དང་ནི་དེ་གསུམ་པོ། །གནས་མཚུངས་བསྲེས་ལ་རང་འཁོར་བསྒྲིལ། །༦༠ ༦༠ ༦དུས་དེའི་ཟླ་བའི་ཡུལ་ལོངས་འཆར། །ཞེས་ཚེས་འཁྱུད་ཟླ་སྐར་གྱི་སྟེང་དུ་བསྣན་དགོས་ལ། འདིའི་བུག་མཁའ་མིག་བུག་ཡིད་ཀྱི་ཆ་མ་བྲིས་ཀྱང་ཆོག་པས་འདི་ནང་དབུགས་ཆའི་བསྒྱུར་གཞི་མ་བྱས་ལ། འདི་གས་དོན་གྲུབ་པ་ཁོ་ན་ཡིན་ནོ། །མཆན། ༈ །དེ་ཡི་སྐར་མ་མཁའ་རོས་བསྒྱུར། །འོག་གི་ཆུ་ཚོད་སྟེང་དུ་བཅུག །མདའ་ཡོན་ཟླ་བའི་ཐོབ་པ་དེ། །
གང་བརྩིའི་དུས་དེར་ཟླ་བ་ནི། །ལུག་ནས་བགྲོད་པའི་འདས་ཁྱིམ་ཡིན། །ལྔ་ཤར་ན་ལུག་གླང་འཁྲིག་ཀར་སེང་གེ་ལྔ་འདས་ནས། ད་ལྟ་བུ་མོའི་ཁྱིམ་ལ་ཟླ་བ་ཡོད་པ་ལྟ་བུའོ།། དེ་ལྷག་མཁའ་རོས་བསྒྱུར་བ་ལ། །སྲང་བཅུག་༦༧༥དབང་རི་རོ་ཡིས་བགོ །ལྷག་མ་བྱུང་ན་ནོར་ལ་གཅིག །སྟེར་བ་རིམ་པ་བཞིན་དུ་བརྟགས། ༈ །ཡང་ན་སྲང་དེ་ཉི་མས་བགོ །ལྷག་མ་བྱུང་ན་ལྷག་མ་ལ། །སླར་ཡང་གཅིག་བྱིན་དེ་གཉིས་འདྲ། ༈ །གཅིག་ནས་པྲ་བྷ་སི་སོགས་སྦྱར། ༈ ཡང་ན་རགས་པའི་ཟླ་སྙིགས་ནས། །མགོ་དྲངས་བརྩི་བའི་ལུགས་གཉིས་པོའི། །ཕྱི་མ་ལྟར་དུ་བྱས་ན་འཐད། །འདི་ལ་ཟླ་སྐར་བརྩི་དུས་ཀྱི་དབྱུག་སྲང་དབུགས་བསྲེས་ནས་བརྩི་བ་ཡོད་ནའང་ཟླ་བའི་སྐར་མ་ནམ་ལངས་དུས་ཀྱི་ཡུལ་ལོངས་སུ་ངེས་ལ། དབྱུག་སྲང་གི་སྟེང་ནས་གདོད་ཡུལ་ལོངས་བཙལ་དགོས་ཏེ། ཟླ་སྙིགས་ཁྱིམ་གྱི་ཆ་བཅུ་གཉིས་ཀྱི་ཡུལ་ལོངས་སུ་ངེས་པའི་ཕྱིར་རོ། །ཡུས་བཙལ་ན་དུས་ལོངས་ཆུ་ཚོད་རེ་ལ་ཡུལ་ལོངས་བཏགས་པའི་ཆུ་ཚོད་རེ་ཅུང་མི་ཆོད་བས། ལུགས་དེ་ཤིན་ཏུ་ཞིབ་པ་མ་ཡིན་ནོ། །འདས་དབྱུག་ཀྱང་བྱེད་ཟེར་ནའང་། །ཡུལ་དུས་སྣེ་མི་ཉམས་པས་ན། ཡུལ་
སྟེང་ནས་དུས་མ་བཙལ་བར་དེ་གས་མི་འགྲིགས་པའི་ཕྱིར་རོ། །དེས་ན་ཁྱོད་ཀྱི་དེ་ལྟར་དངོས་བསྟན་དུ་དབང་ཕྱུག་གིས་བཤད་པ་མིན་ཏེ། རྒྱུད་ནས་ཟླ་བའི་ཆ་ཤས་ལ་གསུངས་པས་སོ། །དེ་ལྟར་ཆ་ཤས་ལའང་རགས་པ་ཁྱིམ། ཕྲ་བ་ཁྱིམ་བཅུ་གཉིས་སུ་ཕྱེ་བའི་ཆ་ཤས་སུ་གསུངས་པར་འདོད་བཞིན་དུ་དེའི་ལག་ལེན་རགས་པ་བརྩི་བ་ལ་དགོས་པ་ཆུང་བར་སྣང་སྟེ། རགས་པ་ཡིན་ཀྱང་བྱ་སླ་བའི་ཕྱིར་ཡིན་ནོ་སྙམ་དུའང་མི་སེམས་པར་རྣམ་དག་ཏུ་འཛིན་པ་ཤ་སྟག་ཏུ་འདུག་པས་སོ།། དེ་བས་ན་རི་མོ་འདི་ལྟར་བྱེད་པ་རྣམ་པར་དག་ཚུལ་དཔྱད་ན་ཤེས་སོ། །དེ་རྣམས་འབྲས་བུ་བཟང་ངན་ནི། །པྲ་བྷ་སིའམ་༡བརླག་པ་ཞེས། །དེ་ཡིས་མི་ཤིས་ངན་པར་བཤད། །རང་ཡུལ་གནས་སམ་བདེ་ལེགས་༢ཞེས། །དེ་ཕྲད་ཕུན་སུམ་ཚོགས་པར་བྱེད། །འཆི་བས་༣འཆི་བར་བྱེད་པ་ཡིན། །ཏྲིཥྞ་འམ་ནི་རྒོད་པ་༤ཞེས། །དེ་ནི་དགེ་བར་བཤད་པ་ཡིན། །སྐྱེ་བས་ནོར་རྣམས་༥འཐོབ་པར་བཤད། །འབར་བས་བདག་ཉིད་༦གཞན་གྱིས་གསོད། །དགའ་བས་དགའ་བར་༧འགྱུར་བ་ཡིན། །སྤྱོད་པ་༨ངན་སྤྱོད་ངན་པར་ཉམས་པའང་བཤད། །མི་མཐུན་སྤྱོད་
པའམ་ངེས་པ་༩ལ། །དགྲ་ནི་འབྱུང་བར་བཤད་པ་ཡིན། །རྒྱལ་བ་༡༠བདག་ཉིད་རྒྱལ་བ་སྟེ། །སུ་པ་ཏའམ་འཆི་བས་༡༡འཆི། །འབྱོར་བའམ་ལེགས་སོ་༡༢ཞེས་བྱ་ལ། །གང་བརྩམ་དགེ་བར་ལྷ་ཡིས་བཤད། །འདི་བརྩིས་དོན་རྣམས་ཐམས་ཅད་འགྲུབ། །དེ་ནས་དུས་སྦྱོར་ཕྱེད་པ་བཤད། །དུས་སྦྱོར་རང་རང་འཆར་ཚད་གང་། །མིག་བགོས་རང་རང་ཕྱེད་པའི་ཚད། །ནམ་ལངས་དུས་སྦྱོར་དང་པོ་ལ། །འཆར་ཚད་ལུས་སྲང་གང་ཡིན་པ། །ཁྱིམ་གང་ཡིན་པའི་སྲང་གི་ནི། །ཕྱེད་ལས་ལྷག་ན་སྔ་མ་ཡིན། །ཕྱེད་དམ་ཕྱེད་ནི་མ་ལངས་པ། །ཕྱི་ཕྱེད་ཡིན་ཏེ་དེ་བཞིན་དུ། །གང་ཤར་ཏཏྐ་ལ་དེ་ཡང་། །རང་སྲང་ཕྱེད་ཀྱིས་བགོས་པ་ཡིས། །ལྡང་ན་ཕྱི་ཆ་མ་ལྡང་སྔ། །དེས་འགྲེས་ཕྱེད་པ་དུ་འདས་བརྟག །ལུག་གི་སྔ་ཆར་དྲག་པོ་དང་། །ཕྱི་ཆར་བསོད་ནམས་དེ་བཞིན་དུ། །གཙིག་པ་དང་ནི་བརྟན་པ་གླང་། །འཁྲིག་པར་ཡང་བ་ཡང་བྱེད་མ། །ཀརྚར་འཆི་བ་དང་ནི་དགྲ། སེང་གེར་དགེ་བ་དང་གདུག་པ། །བུ་མོར་གཏུམ་མོ་
དང་སྨིན་དྲུག །སྲང་ལ་བདུད་རྩི་དུས་མཚན་མ། །སྡིག་པར་དྲག་བྱེད་བིཌ་མ། །སྐྲག་བྱེད་གཽ་མ་ཧཱ་ཏ་གཞུ། །གཽ་ཧསྟའང་། སྒྱུ་མའི་འོད་ཟེར་ཆེན་པོ་དང་། །སྲོག་འཕྲོག་ཅེས་པ་ཆུ་སྲིན་ཏེ། །བུམ་པ་མྱ་ངན་འཆར་བ་ལ། །ཉ་ལ་ད་ཧ་ཀུན་ཐོབ་སྟེ། །རིམ་པས་སྔ་ཕྱེད་ཕྱི་ཕྱེད་མིང་། །དྲག་པོ་དང་ནི་གཙིག་པ་ཅན། །འཆི་བ་དེ་བཞིན་དགྲ་དང་ནི། །དུས་མཚན་སྒྱུ་མ་ཆེན་པོ་དང་། །སྐྲག་བྱེད་མ་དང་སྲོག་འཕྲོག་མ། །མྱ་ངན་མ་དང་ད་ཧ་མ། །བཅུ་པོ་རྩུབ་པར་ཡོངས་སུ་གྲགས། །དེ་དག་ཀུན་ལ་དགེ་བ་ཡི། །ལས་བྱས་འཇིགས་པ་འབྱུང་ཞེས་སྨྲ། །དེ་ལྷག་བཅུ་བཞི་འཇམ་པར་བརྗོད། །སྤྱིར་ན་མིང་མཐུན་འབྲས་བུ་འབྱིན། །སྙིང་པོ་བསྡུས་པ་ལས་ཉི་མ་ཁྱིམ་གར་གནས་ཀྱི་ཕྱེད་པ་དེ་ནས་བརྩམས་ཏེ་ཉེར་བཞི་འཕོ་མེད་འཆར་བར་བཞེད། དེ་ནས་དེ་ཡི་བདག་གཟའ་ནི། །རང་ས་ནས་བགྲང་ཉིན་དྲུག་སྐོར། །མཚན་མོ་ལྔ་སྐོར་འཆར་བ་སྟེ། །ཉིན་གྱི་ཕྱེད་པ་དང་པོ་ལ། །རེས་གཟའ་ནས་བརྩམས་རིམ་པར་འཁོར། །ནམ་ལངས་ནས་ནི་ད་བར་གྱི། །འདས་
པའི་ཕྱེད་པ་ངོས་བཟུང་ལ། །ཚོགས་དེ་ཉིན་མོ་འབྱུང་བ་དང་། །མཚན་མོ་མཚོས་བསྒྱུར་རྩི་ཉིན་གྱི། །རེས་གཟའི་གྲངས་བསྣན་ཐུབ་པས་དོར། །ལྷག་མ་གང་བྱུང་ཕྱེད་བདག་གཟའ། །རེའུ་མིག་ང་དྲུག་གཟའ་ལྟར་རོ། །སྤྱིར་ན་ཞི་གཟའ་དགེ་བ་དང་། །ཁྱད་པར་ཕྱེད་བདག་ཕུར་བུའི་དུས། །བདུད་རྩི་ཐུན་མཚམས་འཆར་བ་ཡིན། །འབྲས་བུ་དྲག་ལས་མ་གཏོགས་པའི། །ལས་རྣམས་ཐམས་ཅད་འགྲུབ་པ་དང་། །སྨན་སོགས་བདུད་རྩིར་འགྱུར་བས་བཟང་། །དྲག་གཟའ་མི་དགེ་ཁྱད་པར་དུ། །ཕྱེད་བདག་སྤེན་པ་འཆར་བའི་ཚེ། །རིགས་ལྡན་གཞན་དུས་འཆར་བ་ཡིན། །དེ་སྤངས་སྤེན་པའི་ཐོག་དབུས་མཐའི། །ཆུ་སྲང་འཆར་ཚད་རེས་གཟའ་ནི། །ཉི་ཕུར་ཟླ་བ་གསུམ་པོ་ལ། །སྤེན་པའི་ལོངས་སྤྱོད་དབུས་ནས་ནི། །ཉི་མར་ཆུ་སྲང་བཅུ་དྲུག་དང་། །ཕུར་བུར་སོ་གསུམ་ཟླ་བར་བརྒྱད། །དེ་ཡི་ཡུན་ལ་རིགས་ལྡན་འཆར། །རེས་གཟའ་མིག་དམར་ལྷག་པ་ཡི། །ལོངས་སྤྱོད་ཀྱི་ནི་ཐོག་མ་ལ། །དམར་པོའི་ཆུ་སྲང་རོ་དང་ནི། །ལྷག་པའི་མིག་གི་ཡུན་དུ་
འཆར། །རེས་གཟའ་པ་སངས་སྤེན་པའི་དུས། །ཐ་མའི་ཆུ་སྲང་བཞི་རེ་ལ། །རིགས་ལྡན་དྲག་པོ་འཆར་བར་འགྱུར། ༈ །ཁ་ཅིག་ཉིན་ཚད་མཚན་ཚད་གང་། །ཉི་མས་ཐོབ་པ་ཕྱེད་པ་རེས། །ཚད་ཡིན་དེ་ག་སྲང་བསྒྱུར་བས། །འདས་དབྱུག་སྲང་ལ་བགོས་བྱས་པས། །ལྷག་ན་ནོར་ལ་གཅིག་བསྣན་པས། །ད་ལྟའི་ཕྱེད་པ་ངོས་འཛིན་ལ། །དེ་ལ་ཉིན་ལྔས་བསྒྱུར་སོགས་བྱེད། །འདི་དུས་སྦྱོར་ལ་མི་འགྲིགས་ཐུན་ཚད་ཁོ་ན་ལའོ། ༈ །གཞན་ཡང་ཕྱེད་པ་ཉེར་བཞི་ལས། །ཉི་མ་གང་ལ་གནས་པ་ཡི། །ཕྱེད་པ་དེ་ལ་འཕྲེད་བལྟས་ཟེར། །དེ་ཡི་སྔོན་མའི་ཕྱེད་པ་ནི། །གྱེན་བལྟས་ཕྱི་ཕྱེད་ཐུར་བལྟས་ཡིན། །དཔེར་ན་ལུག་གི་ཕྱེད་སྔ་མར། །ཉི་མ་གནས་པ་དེ་ཡི་ཚེ། །ལུག་གི་ཕྱེད་སྔ་འཕྲེད་བལྟས་དང་། །ཉ་ཡི་ཕྱེད་ཕྱི་གྱེན་བལྟས་ཏེ། །ལུག་གི་ཕྱེད་ཕྱི་ཐུར་བལྟས་ཟེར། །གྱེན་ཐུར་འཕྲེད་ཀྱི་རིམ་པ་ལ། །དགེ་བའི་ལས་ནི་རུང་མ་ཡིན། །དེ་རྣམས་སྤངས་པའི་ལྷག་ཉེར་གཅིག །དགེ་བའི་འབྲས་བུ་ངེས་པར་མཐོང་། །འཕྲེད་བལྟས་ཀྱིས་ནི་
ནོར་ཟད་བྱེད། །དགྲ་དང་རྨ་ནི་འོང་བར་བཤད། །གྱེན་བལྟས་རང་ཕྱོགས་དགྲ་ཡིས་འཇོམས། །ཐུར་བལྟས་རང་གི་དམག་དཔུང་ནི། །ཕ་རོལ་དགྲ་ཡིས་ཕམ་པར་བྱེད། །གྱེན་བལྟས་རང་རྒྱལ། འཕྲེད་བལྟས་གཉིས་ཀ་ཕམ། ཐུར་བལྟས་ངན་པར་གསུངས། རང་གི་དུས་སྦྱོར་བདག་པོའི་གཟའ། །ཕྱེད་པ་མཐོང་ན་ལས་ཀུན་འགྲུབ། །ཁྱིམ་དེའི་ཞིང་གཟའ་ཕྱེད་པ་འདིར་ཡོད་དམ། མཐོང་ན་ཕྱེད་པ་དེ་དགེ་སྟེ། གྱེན་ཐུར་འཕྲེད་ཀྱང་ཅུང་དགེ་བར་འགྱུར་རོ། ༈ །དེ་ནས་རིགས་ལྡན་འཆར་བར་བཤད། །ཉིན་མཚན་ཐུན་ཆེན་བཞི་བཞི་དེ། །ཕྱེད་དུ་བྱས་པའི་བཅུ་དྲུག་ལ། །ཐུན་མཚམས་གཟའ་དང་ཀླུ་རེ་འཆར། །ཉིན་ཞག་མཉམ་དུས་ཐུན་ཕྱེད་རེ། །དབྱུག་གསུམ་ཆུ་སྲང་ཞེ་ལྔའོ། །ཉིན་མོ་རིང་དུས་དབྱུག་བཞི་དང་། །ཆུ་སྲང་སུམ་ཅུ་ཐམ་པ་དང་། །མཚན་ལ་དབྱུག་གུ་གསུམ་བཞིན་དུ། །ཉིན་མཚན་ཚད་གང་བརྒྱད་བགོས་པ། །ཐུན་ཕྱེད་རེ་རེའི་ཡུན་ཚད་དོ། །དེ་ལ་ཐུན་ཕྱེད་དང་པོ་ནས། །རེས་གཟའ་ནས་བརྩམས་རིམ་པར་འཆར། །ཉི་མ་མཐའ་
ཡས་ཟླ་ནོར་རྒྱས། །མིག་དམར་འཇོག་པོ་ལྷག་སྟོབས་རྒྱུ། །ཕུར་བུ་པདྨ་སངས་པད་ཆེན། །སྤེན་པ་དུང་སྐྱོང་དེ་རྗེས་སུ། །སྒྲ་གཅན་རིགས་ལྡན་ལྷན་ཅིག་འཆར། །དེ་ལྟར་གཟའ་ཀླུ་སྦྱར་ནས་རྒྱུ། །འདི་ལ་རིགས་ལྡན་རང་དུས་ཟེར། །ད་ནི་དེ་ཡི་ལག་ལེན་ནི། །ཉིན་མཚན་ཚད་གང་བརྒྱད་བགོས་པ། །སྲང་གསལ་དེ་ཉིད་ཉི་མ་བདུན། །ཟླ་དྲུག་མིག་ལྔ་ལྷག་པ་བཞི། །ཕུར་གསུམ་སངས་གཉིས་སྤེན་པ་ལ། །གཅིག་བསྒྱུར་དབྱུག་གུར་བསྒྲིལ་བ་ཡི། །དེ་འདས་མཚམས་ནས་རིགས་ལྡན་ནི། །སྔར་གྱི་བརྒྱད་ཐོབ་ཡུན་ལ་འཆར། །མཚན་མོ་ལ་ཡང་རེས་གཟའ་ནས། །བརྩམས་ཏེ་དེ་ཡི་འགྲོས་སུ་བརྟག །འདི་དུས་སྨན་དཔྱད་གཏར་བསྲེག་ཟས། །དུག་འགྱུར་སྦྲུལ་སོས་བཏབ་དང་འདྲ། །ཁྱི་སྨྱོན་རྨུགས་དང་ནད་རྨ་སོགས། །ཅི་བྱས་ཉེས་པ་ཉིད་དུ་འགྱུར། །དུག་སྦྱོར་ལ་ནི་དགེ་བར་བསྔགས། །། དེ་ནས་ཐུན་མཚམས་རཱ་ཧུ་བཤད། །ཉིན་བཞི་མཚན་བཞི་དག་ཏུ་ཕྱེ། །དེ་ལ་རེས་
གཟའ་ཉི་མ་ལ། །བཞི་ཡི་ཉིན་ཐུན་ཐ་མའོ།། དབུས་ན་ཆུ་ཚོད་ལྔ། །ཟླ་བར་བདུན་དབུས་མཚན་ཐུན་གཉིས་ཆུ་ཚོད་བཞི། །མིག་དམར་གཉིས་ཐོག་ཆུ་ཚོད་དྲུག །ལྷག་པར་ལྔ་ཐོག་ཆུ་ཚོད་གསུམ། །ཕུར་བུ་བརྒྱད་མཚན་ཐུན་ཐ་མ་དབུས་ཆུ་ཚོད་བདུན། །པ་སངས་གསུམ་མཐའི་ཆུ་ཚོད་བཞི། །སྤེན་པར་དྲུག་མཐའི་ཆུ་ཚོད་གཅིག །སོ་སོའི་ཐུན་མཚམས་ཡུན་དེ་ལ། །རཱ་ཧུ་རྒྱུ་བས་དེ་ཡིས་དུས། །དྲག་ལས་མ་གཏོགས་སྤང་བར་བཤད། །ཁྱད་པར་ཉི་མའི་བཞི་དབུས་ཀྱི། །ལྔར་རྒྱུའི་རཱ་ཧུར་དགྲ་བརྡེག་བརྡུང་། །དེ་བཞིན་མིག་དམར་བསད་པ་དང་། །སྤེན་པའི་ཐུན་དེར་དུག་སྦྱོར་འགྲུབ། །འདི་ལ་རིགས་ལྡན་གཞན་དུས་སུ་འཆར་བ་ཟེར། །དེ་ནས་མིག་དམར་རཱ་ཧུ་ཞེས། །གོང་གི་ཐུན་ཕྱེད་བཤད་མ་ཐག་པའི་སྐབས་ལྟར་གྱིས། །རེས་གཟའ་ཉི་མའི་ཉིན་ཞག་ལ། །ཐུན་ཕྱེད་ལྔ་པའི་དུས་སུ་ནི། །ཉི་མའི་མིག་དམར་རཱ་ཧུ་འཆར། །དེ་བཞིན་ཟླ་བར་ཐུན་ཕྱེད་གཉིས། །
མིག་དམར་དྲུག་དང་ལྷག་པའི་གསུམ། །ཕུར་བུའི་བདུན་དང་པ་སངས་བཞི། །སྤེན་པའི་ཐུན་ཕྱེད་དང་པོ་ལ། །སྤེན་པའི་མིག་དམར་རཱ་ཧུ་འཆར། །བདུད་ཀྱི་ཀིང་ཀང་ནག་པོ་དང་། །དུས་མཚན་སོགས་སུའང་ངོས་འཛིན་པ། །འདི་ནི་ཤིན་ཏུ་གཉན་པ་སྟེ། །འདི་དུས་གཞན་གསོད་དུག་སྦྱོར་སོགས། །དྲག་པོའི་ལས་བརྩམ་མཐུ་དང་ལྡན། །། འདི་མན་གཞུང་གཞན་ལས་སོ། །གཞན་ཡང་སྨིན་བདུན་ལོངས་སྤྱོད་ཅེས། །ཉི་དག་འཁོར་ཕྱེད་བསྲེས་པ་ལ། །མཁའ་རོས་བསྒྱུར་ཅིང་ལོགས་སུ་ཡང་། །གང་བརྩིས་ཚེས་གྲངས་ཐུབ་པས་བསྒྱུར། །དེ་ལ་རེས་གཟའི་གྲངས་ཀྱང་བྱིན། །དེ་དག་ལྷན་བསྲེས་མཚམས་ཀྱིས་བསྒྱུར། །རི་ཡིས་ཕྱེ་བའི་ལྷག་མ་ལ། །སྨིན་བདུན་ ལོངས་སྤྱོད་རྫོགས་པར་མཐོང་། །དེ་ལྷག་རེས་གཟའ་དང་གཅིག་ན། །བསྲེག་དང་དབང་ཕྱུག་བསྒྲུབ་པ ་དང་། །བསྐྲད་པའི་ལས་ལ་མཆོག་ཏུ་ཤིས། །དེ་མིན་ཞི་ལས་འཛེམ་པ་གནད། ༈ །གཞན་ཡང་ཉིན་རེ་བཞིན་དུ་ཡང་། །
བླང་དོར་སྟོན་པའི་མན་ངག་ནི། །གོང་ལྟར་ཐུན་ཕྱེད་རྩིས་པ་ལ། །དུས་སྦྱོར་ཕྱེད་གཟའ་འམ་ཡང་ན་རིགས་ལྡན་རང་དུས་ལྟར་གྱི་ཉི་མ་སྟོབས་མྱུར་ཐུན་མཚམས་མཉམ། །ཟླ་བ་བདུད་རྩི་ཐུན་མཚམས་དགེ། མིག་དམར་ནད་ཀྱི་མཚམས་མི་དགེ། ལྷག་པ་རྙེད་པའི་ཐུན་མཚམས་དགེ། ཕུར་བུ་དགེ་བའི་ཐུན་མཚམས་ཤིས། །པ་སངས་གཡོ་བའི་ཐུན་མཚམས་མཉམ། །སྤེན་པ་དུས་ཀྱི་མཚམས་མི་དགེ། མཉམ་པ་རྣམས་ནི་འདྲེས་མའོ། །བདུད་རྩི་ཐུན་མཚམས་ཟླ་བར་བཤད། །དེ་བཞིན་རིགས་ལྡན་མི་འདྲ་བ། །གསར་འགྱུར་རྩིས་ཚུལ་དག་ལས་གསུངས། །།ཁྱིམ་གྱི་ཞིང་བདག་གཟའ་བཤད་པ། །ཀརྚ་ཟླ་བ་སེང་གེ་ཉི། །ལུག་སྡིག་མིག་དམར་གླང་སྲང་སངས། །འཁྲིག་དང་བུ་མོ་ལྷག་པ་སྟེ། །གཞུ་ཉ་ཕུར་བུ་ཆུ་སྲིན་དང་། །བུམ་པ་སྤེན་པའི་ཞིང་ཡིན་ལ། །ཁྱིམ་དེར་བདག་གཟའ་དེ་ཞུགས་དུས། །ཉི་ཟླ་གཉིས་ལ་ཞི་བའི་ལས། །མིག་དམར་དགུག་དྲག་པ་སངས་དབང་། །ལྷག་པར་རྒྱས་དང་
ཕུར་བུར་བསྐྲད། །སྤེན་པ་ལ་ནི་བསད་པ་འགྲུབ། །བུ་མོ་སྒྲ་གཅན་ཀརྐ་ཊ། །ཀེ་ཏུ་ཉིད་ཀྱི་ཞིང་ཡིན་ནོ། །ཀརྚར་མཇུག་རིང་ཞུགས་པའི་དུས། །རྨོངས་དང་རེངས་བའི་ལས་འགྲུབ་འགྱུར། །གཟའ་རྣམས་རང་རང་སྐྱེས་ཁྱིམ་ལ། །ཞུགས་པའི་དུས་ཀྱང་དེ་དང་འདྲ། །ལུག་གླང་འཁྲིག་པ་ཀརྐ་ཊ། །ཤར་ལྷོ་ནུབ་བྱང་རིམ་པ་བཞིན། །སེང་གེ་ལ་སོགས་བརྒྱད་རིམ་བཞིན། །ཁྱིམ་གྱི་ཕྱོགས་ཀྱི་སྟོབས་སུ་བརྗོད། །ཉི་མ་པ་སངས་མིག་དམར་དང་། །རཱ་ཧུ་སྤེན་ཟླ་གཟའ་ལྷག་ཕུར། །ཤར་ནས་དབང་ལྡན་མཐར་ཐུག་པར། །གཡས་བསྐོར་ལམ་གྱི་འཁོར་ལོ་སྟེ། །ཉི་མ་ཤར་དགེ་ཆུ་བདག་དང་། །དེ་བཞིན་གཞན་ཀུན་ཤེས་པར་བྱ། །དེ་ནས་གཞན་ཡང་དུས་སྦྱོར་གྱི། །དུམ་བུ་སུམ་ཅུའི་ཆ་ཤས་བཤད། །ལུག་ཏུ་ཉི་མར་ཆ་ཤས་བཅུ། །གླང་ལ་ཟླ་བ་ཆ་ཤས་གསུམ། །ཀརྚར་ཕུར་བུ་ལྔ་ཡང་དགེ། བུ་མོ་གཟའ་ལྷག་བཅོ་ལྔའོ། །སྲང་དུ་སྤེན་པ་མཁའ་མིག་དང་། །ཆུ་སྲིན་མིག་དམར་ཉི་ཤུ་བརྒྱད། །ཉ་ལ་པ་སངས་ཉི་ཤུ་བདུན། །
ཆ་ཤས་འདི་དག་ཡུན་ལ་དགེ། རཱ་ས་ནས་ནི་བགྲང་བ་ཡི། །བདུན་པ་ལ་ནི་མི་བདེ་བ། །ལུག་ཏུ་སྤེན་པ་ཉི་ཤུ་སྟེ། །ཀརྚར་མིག་དམར་ཉི་ཤུ་བརྒྱད། །བུམ་པར་གཟའ་ལྷག་བཅོ་ལྔ་སྟེ། །དོན་གྱིས་ཉལ་ཐོབ་ཟེར། བུ་མོར་པ་སངས་ཉི་ཤུ་བདུན། །སྡིག་པར་ཟླ་བ་གསུམ་ཡིན་ནོ། །ཆུ་སྲིན་ཕུར་བུ་ལྔ་ཡིན་ཏེ། །སྲང་དུ་ཉི་མ་ཆ་ཤས་བཅུ། །འདི་དག་ཆ་ཤས་ཡུན་ལ་ངན། །གཟའ་རྣམས་རང་རང་གི་མྱུར་དག་སྐར་མ་མཁའ་རོས་བསྒྱུར་དབྱུག་བཅུག་མདའ་ཡོན་ཟླས་ཐོབ་འདས་ཁྱིམ། ལྷག་མ་མཁའ་མེས་བསྒྱུར་ཏེ་ཆུ་སྲང་མིག་བགོས་ཐོབ་པ་གཞུག །མདའ་ཡོན་ཟླས་ཐོབ་ཆ་ཤས་ཡིན། ཁྱིམ་ད་ལྟ་བའི་ཆ་ཤས་དེའི་སྟོད་ནས་བྱ་བ་སྤྱི་ལ་དགེ་མི་དགེ་གོང་ལྟར་བརྟག་པར་བྱའོ། །ཏཏྐཱ་ལ་དང་གནས་གཞན་དུའང་། །རང་རང་ཞིང་བདག་གཟའ་ཞུགས་པའི། །དུས་སུ་འདྲིའམ་ལས་བརྩམ་པ། །དེ་ཡི་དགོས་པ་འགྲུབ་པར་གསུངས། །གཡོ་བརྟན་བར་མའི་དུས་སྦྱོར་ལ། །བྱ་བ་དེ་མཐུན་བསྒྲུབ་
པ་དང་། །ཚེས་གཟའ་རྒྱུ་སྐར་བྱེད་སྦྱོར་དང་། །དུས་སྦྱོར་ལ་སོགས་འབྲས་བཤད་རིགས། །ལུང་ལས་བྱུང་ལྟར་བླང་དོར་བྱ། །ཚེས་རེ་བཞིན་དུ་བྱ་བ་ལ། །དགེ་དང་མི་དགེ་བརྟགས་པ་ནི། །ཚེས་དང་རེས་གཟའ་ཟླ་སྐར་གྲངས། །བསྡོམས་ལ་གནས་གསུམ་མིག་མེ་མཚོས། །བསྒྱུར་བ་དྲུག་བདུན་བརྒྱད་ཀྱིས་བགོས། །དང་པོ་སྟོང་ན་དོན་ཉམས་ཏེ། །གཉིས་པ་སྟོང་ན་དགྲ་འོང་ལ། །གསུམ་པ་སྟོང་ན་འཆི་བར་བཤད། །ལྷག་མ་ཡོད་ན་རྣམ་པར་རྒྱལ། ལོ་ཆེན་རིན་ཆེན་བཟངཔོ་ལ། །སྤྲུལ་པའི་ཛོ་ཀི་ཞིག་གིས་ཕུལ། །འཕགས་ཡུལ་དམ་པའི་མན་ངག་གོ །གཞུང་འདིའི་གནས་སྐབས་གོང་འོག་ཏུ། །མཁོ་བ་རྒྱུ་སྐར་རྐང་པའི་ཆ། །ཁྱིམ་ལ་ཇི་ལྟར་གནས་པའི་ཚུལ། །གསལ་པར་རྟོགས་པའི་རེའུ་མིག། །།
ཐ་སྐར། | བྲ་ཉེ། | སྨིན་དྲུག | སྣར་མ། | མགོ | ལག | ནབས་སོ།། | རྒྱལ། | སྐག། | ༡༥ ༣༠ ༤༥ ༦༠ | ༡༥ ༣༠ ༤༥ ༦༠ ༡༥ | ༣༠ ༤༥ ༦༠ | ༡༥ ༣༠ ༤༥ ༦༠ | ༡༥ ༣༠ | ༤༥ ༦༠ | ༡༥ ༣༠ ༤༥ ༦༠ | ༡༥ ༣༠ ༤༥ ༦༠ | ༡༥ ༣༠ ༤༥ ༦༠ | ༡༥ ༣༠ ༤༥ ༦༠ | ཙུ ཙེ ཙོ ལ | ལི ལུ ལེ ལོ | ཨ | ཨི ཨུ ཨེ | ཨོ ཝ ཝི ཝུ | ཝེ ཝོ | ཀ ཀི | ཀུ གྷ ང ཚ | ཀེ ཀོ ཧ ཧི| ཧུ ཧེ ཧོ ཌ | ཌི ཌུ ཌེ ཌོ | ལུག | གླང་ |འཁྲིག |ཀརྚ|
མཆུ། | གྲེ། | དབོ། | མེ་བཞི། | ནག་པ། | ས་རི། | ས་ག། | ལྷ་མཚམས། | སྣྲོན། | ༡༥ ༣༠ ༤༥ ༦༠ | ༡༥ ༣༠ ༤༥ ༦༠ | ༡༥ | ༣༠ ༤༥ ༦༠ | ༡༥ ༣༠ ༤༥ ༦༠ | ༡༥ ༣༠ | ༤༥ ༦༠ | ༡༥ ༣༠ ༤༥ ༦༠ | ༡༥ ༣༠ ༤༥ ༦༠ | ༡༥ ༣༠ ༤༥ ༦༠ | ༡༥ ༣༠ ༤༥ ༦༠ | མ མི མུ མེ | མོ ཊ ཊི ཊུ | ཊེ | ཊོ བ པི | པུ ཥ ཎ ཋ | པེ པོ | ར རི | རུ རེ རོ ཏ | ཏི ཏུ ཏེ ཏོ | ན ནི ནུ ནེ | ནོ ཡ ཡི ཡུ | སེང་གེ། | བུ་མོ། | སྲང་། | སྡིག |
སྣྲུབས། | ཆུ་སྟོད། | ཆུ་སྨད། | གྲོ་བཞིན། བྱི་བྱིན། | མོན་གྲེ། | མོན་གྲུ། | ཁྲུམས་སྟོད། | ཁྲུམས་སྨད། | ནམ་གྲུ། | ༡༥ ༣༠ ༤༥ ༦༠ | ༡༥ ༣༠ ༤༥ ༦༠ | ༡༥ ༣༠ ༤༥ ༦༠ | ༡༥ ༣༠ ༤༥ ༦༠ | ༡༥ ༣༠ ༤༥ ༦༠ | ༡༥ ༣༠ ༤༥ ༦༠ | ༡༥ ༣༠ ༤༥ ༦༠ | ༡༥ ༣༠ ༤༥ ༦༠ | ༡༥ ༣༠ ༤༥ ༦༠ | ཡེ ཡོ བྷ | བྷི དྷ ཕ ཌྷ | བྷེ བྷོ ཛ ཛི | ཛུ ༧ ༣༠ ཛེ ༡༥ ༠ ཛོ ༢༢ ༣༠ ཁ ༣༠ ༠ ཁི ༣༧ ༣༠ ཁུ ༤༥ ༠ ཁེ ༥༢ ༣༠ ཁོ ༦༠ ༠ | ག གི གུ གེ | གོ ས སི སུ | སེ སོ ད དི | དུ ཐ ཛྷ ཉ | དེ དོ ཙ ཙི | གཞུ། | ཆུ་སྲིན། | བུམ་པ། | ཉའོ། | ༄༅། གང་ཞིག་དྲིས་སམ་ནམ་རྩི་དུས་འགྲིགས་པའམ་ལས་རྩོམ་པའི། ཐོག་མ་དེ་ཡི་དེ་མ་ཐག །ཐུར་གྲིབ་མ་ནོར་བརྟགས་བྱས་ཏེ། དུས་དེ་ངེས་པ་ཉིད་བྱས་ལ།
གཟའ་ལྔའི་མྱུར་བ་རྣམ་དག་དང་། །ཟླ་སྐར་ཉི་དག་སྒྲ་གཅན་གྱི། །གདོང་མཇུག་བཅས་ཏེ་གཟའ་དགུ་པོའོ། །སྐར་གནས་ཆུ་ཚོད་དང་བཅས་པ། །རེའུ་མིག་འདི་བཞིན་ཁྱིམ་གར་གནས། །བརྟག་པར་བྱའོ་ཞིབ་ཆ་འདོན། །གཟའ་ཡི་ལོངས་སྤྱོད་རྒྱུ་སྐར་གྱི་རྐང་པ་དང་པོ་ཆུ་ཚོད་བཅོ་ལྔའི་ཚད་ཤར་ཞིང་དེ་འོག་ཆུ་སྲང་སོགས་ཡོད་ན་རྐང་པ་གཉིས་བར་བརྩི་དགོས་པ་ལྟ་བུ་རྒྱུ་སྐར་གྱི་རྐང་མཚམས་དང་ཁྱིམ་གྱི་འཕོ་མཚམས་སུ་ཞིབ་ཆ་དགོས་སོ།། ཡུལ་དུས་བསྒྲིགས་ནས་རྩི་བཞིན་པའི། །དུས་དེའི་ངེས་པ་མ་འཆུགས་གཅེས། །དཔེར་ན་ཟླ་བ་གསུམ་པའི་ཚེས་གསུམ་གྱི་ཉི་དྲོས་དྲིས་ན་དེ་དུས་ཀྱི་ཐུར་གྲིབ་གཞལ་བ་ངེས་པར་བྱས་ལ། ལོ་དེའི་ཉིན་ཞག་དེ་ཉིན་གྱི་གཟའ་ལྔ་ཟླ་སྐར་ཉི་དག་སྒྲ་གཅན་བཅས་བརྟགས་ལ་དེ་སྟེང་ནས་ཡུལ་དུས་བསྒྲིགས་དགོས་པའི་ཞིབ་ཆ་བླ་མའི་ཕྱག་ལེན་བཞིན་བྱའོ།། སྨྲས་པ། ཡུལ་དུས་ཐིག་ཏུ་བྲན་པའི་མིག་མང་རིས། །མ་འདྲེས་ཚར་དུ་བགྲིགས་པའི་རྒྱུ་ལམ་ལ། །ལས་བྱས་རྡེའུ་འགྲིམ་པའི་གནད་ཤེས་ན། །ངོ་མཚར་འབྲས་བུའི་རྒྱལ་ཁ་རྣམ་པར་ཐོབ། །དེ་ཚུལ་དབང་ཕྱུག་དཔའ་བོའི་ཡེ་
ཤེས་སྤྱན། །མཁའ་མཉམ་ཆོས་ཀྱི་གཟིགས་མོར་རྟག་རོལ་པས། །མཐོང་གང་བརྩེ་བས་གཞན་ལ་འདོམས་པ་འདི། །མཁས་པའི་གཞུང་བཞིན་ཉམས་པ་མེད་པར་བཀོད། །དེ་དགེ་དྲི་མེད་རྒྱལ་བའི་ཤཱ་རི་རཾ། །ལྷག་བསམ་རྒྱ་མཚོ་ཆེ་ལ་རོལ་པ་ཡིས། །གཞན་ཕན་རིན་ཐང་བྲལ་བའི་བཻ་ཌཱུརྱ། །རྣམ་གྲོལ་དབང་གི་རྒྱལ་པོར་འགྲུབ་གྱུར་ཅིག །ཅེས་གཡུལ་ལས་རྣམ་པར་རྒྱལ་བའི་རྒྱུད་དོན་རབ་ཏུ་གསལ་བའི་ངག་གིས་བཀོད་པ་ཀུན་གཟིགས་དབྱངས་འཆར་ཆེན་མོ་ཤེལ་གྱི་མེ་ལོང་ཞེས་བྱ་བ་ལས། འབྲས་རྩིས་འདོད་འབྱུང་ནོར་བུའི་ལྗོན་པ་རྒྱས་པའི་སྐབས་ཏེ་དང་པོའོ།། །། སྤྱན་རས་གཟིགས་དབང་ཞལ་གྱི་པདྨོ་ཡི། །དཔྲལ་བའི་གེ་སར་རྒྱས་པ་ལས་བྱུང་བ། །སྐྱེ་རྒུའི་ཡིད་ལ་བདེ་བའི་རོ་ཡི་མཆོག །དབང་ཕྱུག་སྦྲང་རྩིའི་དམ་པ་རྒྱལ་གྱུར་ཅིག །ཚེགས་ཆུང་རི་མོའི་བྱ་བས་དགོས་པའི་དོན། །གཞན་གྱིས་ལན་བརྒྱར་བརྟགས་ཀྱང་ཕྱོགས་ཙམ་ཡང་། །མཐོང་མིན་
རྒྱ་ཆེའི་གནད་རྣམ་ཇི་བཞིན་དུ། །སྟོན་པའི་ངོ་མཚར་རྩིས་ཕྲན་འདི་ནའོ། །འདི་ནི་བློ་གྲོས་གཤོག་རྩལ་གཡོ་བ་ཡི། །ན་ཚོད་གསར་པའི་མྱོས་གླུ་ལེན་མཁས་པ། །བཙུན་ཆུང་བུང་བའི་མགྲོན་ལ་དགའ་བའི་དཔྱིད། །ཀུན་ནས་སྟེར་བ་མེ་ཏོག་གཞོན་ནུ་བཞིན། །དེ་ཡང་གར་སྐྱེ་བརྟག་པ་དང་། །འཐོན་བུ་ལ་སོགས་བརྟག་པ་ལས། །ཐོག་མར་གར་ཡོད་བརྟག་པ་ནི། །ཉི་མ་ཐབས་ལྡན་གཡས་ཕྱོགས་སུ། །ཟླ་བ་ཤེས་རབ་གཡོན་ཕྱོགས་ཉིད། །ལྐོག་ཏུ་གྱུར་པས་ཕྱི་རོལ་དོན། །མངོན་སུམ་ཤེས་བྱེད་ལྷ་དགའ་མ། །ཞེས་གསུངས་པ་འདི་ནི་འཆད་པ་པོ་དེ་ལ་གང་གིས་དྲིས་པའི་ཚེ་ལུས་དྲང་པོར་བསྲངས་ཏེ་གཡས་གཡོན་གྱི་རླུང་ཤས་གང་ཆེ་བར་བརྟགས་ལ། གཡས་ཉི་མའི་ཤས་ཆེན་སྐྱེས་པ་དང་ལག་པ་གཡས་སུ་ཡོད་པར་བརྟག་གོ །དེས་འགྲེའོ། །གང་རྒྱུ་བའི་ཕྱོགས་ཀྱི་ལག་པ་བྱས་པས་ཤོ་རྒྱན་འགྲུབ་བོ། །ཉིན་དང་མཚན་མོའི་དགོས་དོན་ལ། །འཇིགས་བྱེད་ལྡངས་ཚེ་ཨུ་མ་ཡི། །རྣམ་འགྱུར་སྟོན་ན་འགྲུབ་འགྱུར་ཞིང་། །
བཟའ་བཏུང་ལ་སོགས་ཐོབ་པར་དྲན། །ཁྱབ་འཇུག་རྣམ་འགྱུར་དེ་ལས་ལྡོག །ཨུ་མ་ཉལ་ན་བིཥྞུ་དང་། །ཙ་མུནྜི་ཡིས་སྔར་བཞིན་གྲགས། །ཞེས་པ་འདི་ནི་རང་ལངས་པ་དང་ཉལ་བའི་ཐོག་མར་བརྟགས་ཏེ་དེ་ཡང་ཉིན་འཇིགས་བྱེད་ཏེ་དབང་ཕྱུག་ཡབ་ཀྱི་ཆར་བྱས་ལ། མཚན་ཨུ་མ་ཡུམ་གྱི་ཆར་བཟུང་ནས། ལྡང་ཉལ་གྱི་ཐོག་མ་ཁོ་ནར་བརྟག དེ་ཡང་ལྡང་བའི་ཚེ་ཨུ་མའི་རྣམ་འགྱུར་ནི། སྒྲ་ཕྲ་བ་དང་། བུད་མེད་མཐོང་བ་བུད་མེད་ཀྱི་སྐད་ལ་སོགས་པ་མཐོང་ཐོས་ཀྱི་ཐོག་མར་བུད་མེད་ཀྱི་རྣམ་འགྱུར་བྱུང་བ་གང་ཡིན་པའོ། །དེ་བྱུང་ན་དེ་ཉིན་དེ་ལ་ཆེད་དུ་གཉེར་བའི་དོན་གང་ཡིན་པ་འགྲུབ་པར་འགྱུར་ཞིང་། བཟའ་བཏུང་སོགས་ཐོབ་པས་བཟང་ངོ་། །ཁྱབ་འཇུག་ནི་ཡབ་སྟེ་ཕོའི་རྣམ་པ་བྱུང་ན་དོན་མི་འགྲུབ། བཟའ་བཏུང་མི་རྙེད་པ་སོགས་སྔ་མ་ལས་ལྡོག་གོ །ཨུ་མ་སྟེ་ཉལ་བའི་ཐོག་མར་བིཥྞུ་ཁྱབ་འཇུག་སྟེ་ཕོ་མཚོན་བྱེད་ཡིན་པས་ཕོའི་རྣམ་འགྱུར་ནི་ཕོ་མཐོང་བ་དང་ཕོའི་སྐད། སྒྲ་ལ་སོགས་སྦོམ་ལ་དྲག་པ་ཉིད་ཡིན་པས་དེ་ཐོས་ན་དོན་འགྲུབ་པ་དང་། ཙ་མུནྜི་ནི་མོའི་མཚོན་བྱེད་དོ། །དེའི་རྣམ་འགྱུར་ནི་སྔར་བཤད་པ་ལྟར་
ཡིན་ནོ། །དེ་མཐོང་ཐོས་ཀྱི་ཐོག་མར་བྱུང་ན་དོན་མི་འགྲུབ་བོ། །དེ་ལྟར་ལྟས་ཀྱི་རྣམ་པ་ཤེས་པར་བྱའོ།། དོན་ལ་སོགས་པར་མོ་འདེབས་པར། །ཕོ་ཉས་སྨྲས་པའི་དབྱངས་གྲངས་རྣམས། །ཕྱོགས་ཀྱིས་བསྒྱུར་ལ་ཉི་མ་བསྲེ། །སླར་ཡང་འབྱུང་བས་བསྒྱུར་བ་ལ། །རང་མ་གཏོགས་པའི་དྲུང་གནས་ཀྱི། །སྐྱེས་བུ་ཇི་སྙེད་ཡོད་པ་བསྲེ། །རི་བོས་དོར་བའི་ལྷག་མར་བརྟག །དེས་ཐོབ་ཕྱོགས་བསྒྱུར་ཉི་མ་བསྲེ། །འབྱུང་བསྒྱུར་དྲུང་གི་སྐྱེ་བོ་བསྣན། །རིས་འགོས་དེས་ཐོབ་དེ་ལྟར་བྱ། །དེས་ཐོབ་པ་ཡང་དེ་བྱས་པའི། །ལྷག་རྣམས་རིམ་པར་བཀོད་བྱས་པ། །དང་པོ་ལུས་དང་གདོན་གྱི་ཕྱ། །གཉིས་པ་སྲོག་ནོར་དགྲ་ཕྱ་སྟེ། །གསུམ་པ་ལམ་དང་མགྲོན་གྱི་ཕྱ། །བཞི་པ་དོན་དང་སྲིད་ཕྱ་ཡིན། །དེ་ལ་གང་བབས་གཟའ་འབྲས་བརྟག །དང་པོ་སྔར་ལྟར་བྱས་པ་དེའི། །ཐོབ་པ་རིས་ཕུད་ཐོབ་པ་ཡང་། །རིས་ཕུད་བྱས་པ་རིམ་པར་ཡང་། །ལྷ་མི་དགྲ་འདྲེའི་ས་གསུམ་རྩི། །འབྲས་བུ་གཟའ་བདུན་མོ་ལ་དཔྱད། །འདི་ནི་ཕོ་ཉས་དྲིས་པ་དཔེར་ན་བདག་པདྨ་
རི་ལ་འགྲོ་ན་དོན་ཨེ་འགྲུབ་ཟེར་བ་ལྟ་བུ་ལ་དབྱངས་ཨ༥། ཨི་༡ ཨོ་༡ ཨེ་༡ ཨུ་༡། དབྱངས་དགུ་ཡོད་པ་བསྡོམ། སྐྱེ་བོ་ནི་རྩི་བྱེད་རང་ཉིད་མ་གཏོགས་པའི་སྦྲ་ཁྱིམ་གྱིས་བཅད་པའི་ཉེ་དྲུང་དེར་གང་ཡོད་པར་མཐོང་བའི་མི་ཕོ་མོ་རྣམས་སོ། །ཁ་ཅིག་གཞི་སྔར་ལྟར་ལ་མེས་བྲི་བ་མན་ངག་ཟེར། དབང་ཕྱུག་གི་གཞུང་ལས་དྲིས་དབྱངས་ལ་མེས་ཕྲི་རིས་བགོད་གསུངས། དྲིས་དབྱངས་ལ་མེས་ཕྲི་ནས་རིས་བགོས་ལྷག་དང་གོང་གི་དབྱངས་མོ་དོན་གཅིག་ཏུ་འཆར། ཡང་ན་མཚོ་བསྣན་ཀྱང་དོན་འདྲ། ཕྲེང་མོ་ལའང་དེ་ལྟར་རུང་ངོ་། །འདི་ལ་རྒྱ་ཕྲུག་པའི་ཕྱག་བཞེས་གཟའ་ཁྱིམ་སྦྲག་པའི་མོ་ཡང་ཡོད་དོ། །དབྱངས་མོ་དེའི་གནད་ཀྱང་ཞལ་ལས་དྲིས། ༈ །སྔ་ཕྱིའི་སྐྱེ་བ་གང་ཡིན་པ། །སོ་སྐྱེ་ཞིག་ལ་བརྟགས་པ་སྟེ། །འདྲི་བྱེད་མིང་ཡིག་ལུས་ཡན་ལག །དབྱངས་དང་བཅས་པ་གཅིག་ཏུ་བསྡོམས། །ཐུབ་པས་བགོས་པའི་རྙེད་པ་རྣམས། །ལྔས་བསྒྱུར་ལྷག་བསྲེ་སྤྱི་དྷྲཱུ་དེ། །དེ་ཀ་གནས་གཉིས་བཞག་པར་བྱ། །གཅིག་ལ་གསུམ་གྱི་བགོས་ལྷག་ལ། །ཟླ་མིག་ཐིག་ཤར་རིམ་བཞིན་དུ། །ལྷ་༡ མི་༢ ངན་༣ སོང་དག་ནས་འོང་། །སྔ་མའི་
སྐྱེ་བ་བརྟགས་པའོ། །ཕྱི་མ་གང་དུ་སྐྱེ་བརྟག་པ། །གནས་གཉིས་དྲུག་གི་བགོས་ལྷག་ལ། །གཟུགས་ལག་མེ་མཚོ་མདའ་དུས་རིམ། །ལྷ་༡དང་ལྷ་མིན་༢ མི་༣ དུད་འགྲོ༤། །ཡི་དྭགས་༥ དམྱལ་བ་༦ རྣམས་སུ་སྐྱེ། །འདི་ལ་དཔེར་ན་མི་ཕམ་རྒྱ་མཚོ་ལྟ་བུ་སྔ་མ་གང་ནས་འཕོས་པ་བརྟགས་པ་དང་། ཕྱི་མ་གང་དུ་སྐྱེ་བརྟགས་པའི་ཚེ། མིང་གི་དབྱངས་ཨ་ཨི་ཨ་ཨོ་བཞི་ལ། གསང་བའི་མཚན་མ་སྟེ། གསལ་བྱེད་ལུས་ཡན་ལག་བཅས་པ་བསྲེ་དགོས་པས། ལུས་མ་ཕམ་རག་མ་ཚ་བདུན། ཡན་ལག་ཡ་འདོགས་ཅན་བརྒྱད་བསྲེས་པས། ༡༢ དེ་ལ་རིས་བགོས་པས། ༡༥ཐོབ་པ་དང་ལྷག་འདི་ལྟ་བུ་ཐོབ་པ་ལྔས་བསྒྱུར་ལྷག་བསྲེས་པས། ༡༠ འདིའི་གཅིག་ལ། ༣ བགོས་ལྷག ༡ཤར་བས་སྔ་མ་ལྷ་ནས་འཕོས། གཅིག་ལ་དྲུག་བགོས། བཞི་ཤར་བས་ཕྱི་མ་དུད་འགྲོར་སྐྱེ་བ་ལྟ་བུའོ། །འདིར་གསང་བའི་མཚན་མ་ནི་དངོས་མིང་འབོད་རྒྱུ་དེ་ལས་གཞན་པའི་མིང་གང་ཐོབ་པ་ལ་འདོད་པ་ཡང་ཡོད། དེ་ལྟར་ན་མིང་དུ་ཡོད་ཀྱི་དབྱངས་འབའ་ཞིག་བགྲང་བ་འདྲ། འདི་རྒྱུད་ལས་བུད་མེད་སྦྲུམ་མ་ལ་སྦྱར་ཏེ་གསུངས། དེ་ལྟར་ན་དེའི་མངལ་ཞུགས་ལ་བརྟག་པ་འདྲའོ། །རི་མོ་སྔ་ཕྱི་
གཉིས་ཀ་གང་ནས་སོང་བའི་རྣམ་གྲངས་སུ་བཤད་པའང་ཡོད། དེ་ཡང་མིང་གི་དབྱངས་གསལ་བསྡོམས་གྲངས་དཔེར་ན། གུ་རུ་ལྟ་བུ་བཞི་ལས་མེད་ན་ཐུབ་པས་མི་ཐོབ་པས། དེ་ག་རང་གནས་གཉིས་སུ་བཞག་པས་འདུས་ཏེ། ཐོབ་པ་མེད་པས་ལྔས་བསྒྱུར་རྒྱུ་མེད་ལ་ལྷག་བཞི་བསྲེས་པའོ། །སྤྱིར་འདི་མཚུངས་རིགས་ཐམས་ཅད་ལ་གལ་ཆེ་ཨུ་པ་དེ་ཤ་དངོས་ནི། མི་གང་སྐྱེས་དུས་ཀྱི་མིང་དང་པོར་འདོགས་རྒྱུ་དེ་ཁོ་ན་ལས་མིང་སྐར་དང་མིང་གི་བྱེད་པ་ཐམས་ཅད་བརྟག་དགོས་ཞེས་བླ་མ་དག་གསུངས། གནས་སྐབས་སུ་གང་འབོད་པ་ལ་བརྟག་པ་རང་མཛད་མོད། དང་པོར་ཐོགས་པ་རྩ་བར་བཟུང་བ་ཨ་བུ་ལྟ་བུ་ཆུང་མིང་དེ་ལ་ཕྱིས་མང་པོ་ཡོད་པ་ཅན་གྲགས་ཆེ་བསྣན་པ་ལ་གསང་བའི་ཚད་མ་ཞེས་འདོད་པ་ཡོད་དོ། །མིང་གི་དབྱངས་ནི་བོད་སྐད་ལ་གི་གུ་ཡོད་པ་ཨི་ཞབས་ཀྱུ་ཨུ། འགྲེང་བུ་ཨེ། ན་རོ་ཨོ། དེ་བཞི་གང་ཡང་མེད་ན་ཨ་ཡིན་ཏེ་དབྱངས་ལྔ་ལས་མེད་ལ། ཨ་དར་དང་ཨོ་རྒྱན་ལྟ་བུ་ལ་དབྱངས་ཨ་ཨོ་ནི་དབྱངས་རྐྱང་པ་རང་ཉིད་གསལ་བྱེད་ཀྱི་སྲོག་ཏུ་མ་ཞུགས་པ་ཡིན་ལ། སྦྲུལ་ལྟ་བུ་གསལ་བྱེད་བཞི་ཡང་དབྱངས་ཨུ་གཅིག་གིས་བསྡུས་པ་ལྟ་བུ་དབྱངས་གཅིག་གིས་བཅིང་བ་དཀྱུས་མའི་ཚེགས་བར་རེ་དབྱངས་རེ་རེ་བརྩི། ཚེག་བར་གཅིག་ཀྱང་པདྨ་
ཟེའུ་ལྟ་བུ་འདོན་ཐང་གཉིས་བྱེད་པ་དབྱངས་གཉིས་ཏེ། མདོར་ན་གསལ་བྱེད་མང་རུང་ཉུང་རུང་སྒྲ་གདངས་གཅིག་གིས་བསྡུས་པ་འདོན་ཐང་དུ་དགོས་གྲངས་ཀྱི་དབྱངས་རེ་ཡོད་པ་ཤེས་པར་བྱའོ། །གསལ་བྱེད་ལ་ལུས་ནི་མིང་གཞི་གང་ཡིན་པ་གསལ་བྱེད་མང་དུ་ཚོགས་ཀྱང་དེ་ནང་ནས་སྒྲ་ཤུགས་ཆེ་བ་གང་ཡིན་པ་དེ་ལ་ཟེར་ཞིང་། དེ་མིན་པ་འདོགས་སུ་བརྩི་བའང་སྣང་། འདིར་སྔོན་རྗེས་མིང་གཞི་ཡང་འཇུག་ར་མགོ་སོགས་གང་ཡོད་ལུས་ལ་ཡན་ལག་གི་འགྲེང་བུ་ན་རོ་ཞབས་ཀྱུ་ཡ་རྟ་ར་རྟ་སྟེ་ཁ་སྐད་ལ་འདོགས་བུ་དྲུག་ཟེར་བ་འདི་དྲུག་ཁོ་ན་ཡན་ལག་ཏུ་བརྩི་སྟེ། བཀྲ་ཤིས་དང་། མཛེས་མ་ལ་ལུས་གསུམ། ཡན་ལག་བརྒྱད། བློ་གྲོས་ལ་ལུས་གསུམ། ཡན་ལག་གསུམ། རྒྱལ་མ་ལུས་གསུམ། ཡན་ལག་གཅིག་ལྟ་བུ་ཤེས་དགོས་སོ། ༈ ། དེ་ནས་འཐོན་བུ་བརྟག་པ་ནི། །ཕོ་མོའི་མིང་ཡིག་ལུས་ཡན་ལག །སོ་སོར་བསྲེས་ལ་ལུས་བཞི་དང་། །ཡན་ལག་མེས་བསྒྱུར་གཅིག་ཏུ་བསྡོམས། །དེ་ལ་གསུམ་གྱིས་དོར་བ་ཡིས། །གཅིག་ཐིག་བུ་སྐྱེ་གཉིས་བུ་མོ། །འདི་དཔེར་ན་ཁྱོ་ཤུག་གཉིས་ཀྱི་བུ་དང་བུ་མོ་ཐོག་མར་གང་སྐྱེ་བ་དེ་ལ་འཐོན་བུ་ཟེར་བ་དེ་བརྟགས་པ་སྟེ།
དེ་ཡང་ཕ་ཨ་འགྲུབ། མ་བཀྲ་ཤིས་སྐྱིད་གཉིས་ལ་ཐོག་མར་བུ་དང་བུ་མོ་གང་སྐྱེ་བརྟག་ན། ཕ་ལ་ལུས་བཞི། མ་ལ་ལུས་བདུན་ཡོད་པ་ལུས་གཉིས་བསྲེས་པས་བཅུ་གཅིག ཕ་ལ་ཡན་ལག་གཉིས། མ་ལ་བཞི་ཡོད་པ་བསྲེས་པས་དྲུག་སྟེ། དེ་ལྟར་ལུས་ལུས། ཡན་ལག་ཡན་ལག་ལ་སོ་སོར་བསྲེས་པས། ལུས་བཞིས་བསྒྱུར་བས་ཞེ་བཞི། ཡན་ལག་མེས་བསྒྱུར་བས་བཅོ་བརྒྱད། དེ་གཉིས་གཅིག་ཏུ་བསྲེས་པས་རེ་གཉིས། དེ་ལ་མེས་བགོས་པའི་ལྷག་གཉིས་ཤར་བས། དང་པོར་བུ་མོ་སྐྱེ་བར་ལུང་བསྟན་ནོ། །གཞུང་དུ་ཐིག་ཤར་བུ་སྐྱེ་ཡང་ཕན་མི་ཐོགས་སོ་གསུངས། འདི་ལ་ལུས་ཡན་ལག་དེ་ལྟར་བརྩི་རྒྱུ་ལས་དབྱངས་ལོགས་སུ་བརྩི་རྒྱུ་མེད་དོ། ༈ །ཡང་ན་དེ་ཡི་ཆོ་ག་ནི། །སྦྲུམ་མའི་མིང་ཡིག་དང་པོ་གསུམ། །རང་ཡན་གྲངས་བསྡོམས་མིག་གིས་བགོད། །གཅིག་བུ་སྟོང་པ་བུ་མོར་བརྗོད། །དྲིས་པའི་ཐོག་མ་ལ་ཡང་ངོ་། །འདི་ལ་རང་ཡན་བགྲང་ལུགས་གཉིས་བྱུང་སྟེ། རྒྱ་གར་གྱི་དབྱངས་གསལ་ལྟར་དང་། བོད་ཀྱི་དབྱངས་གསལ་ལྟར་བྱེད་པ་གཉིས། དེ་རེ་རེ་ལའང་ནང་གསེས་
རང་སྡེའི་རང་ཡན་དང་། ཨ་དང་ཀ་གཉིས་ནས་དབྱངས་གསལ་རང་རང་གི་མགོ་བཟུང་བའི་རང་ཡན་ཏེ་ལུགས་མི་འདྲ་བ་བཞིར་འདུག་སྟེ། དང་པོ་རྒྱ་གར་ལྟར་ན་བོད་ཀྱི་ཅ་ཆ་ཇ་ཞ་ཟ་འ་དྲུག །ཙ་ཚ་ཛ་ཤ་ས་ཨ་དྲུག་ལ་བསྡུ། རྗེས་འཇུག་གང་ཐོབ་ལ་བསྡུ་བའང་བཤད། དེའི་ལུ གས་ལྟར་ན། བཀྲ་ཤིས་སྐྱིད་ལ་བུ་དང་བུ་མོ་གང་སྐྱེ་འདྲི་ན་རང་སྡེ་ལྟར། བ་ཡན་གསུམ། ཀ་ཡན་གཅིག ར་ཡན་གཉིས་ཏེ། ཐམས་ཅད་དུ་རང་བཅས་བརྩི་མི་དགོས་པའོ། །བསྡོམས་པ་དྲུག་ལྟ་བུའམ། ཕྱི་མ་ལྟར་ན། བ་ཡན་ཉེར་གསུམ། ཀ་ཡན་གཅིག །ར་ཡན་ཉེར་བདུན་བཅས་བསྡོམས་པ་ང་གཅིག་ལྟ་བུའོ། །དེ་གཉིས་ཀྱི་དཔེའུ་རིས་འདི་ལྟར་དབྱངས་གསལ་གང་ཡོད་ལས་སྲོག་གི་དབྱངས་འདིར་མི་བརྩི་ལ། འདིར་ཨ་དར་ལྟ་བུ་ལ། ཨ་ད་ར་ལ་བགྲང་ངམ་སྙམ། ཨ༡་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ་། ཡ་ར་ལ་ཝ་། ཤ་ཥ་ས་ཧ། འདི་ཕྱི་མའི་དཔེ། སྔ་མ་རྟོགས་སླ། གཉིས་པ་བོད་སྐད་ལས་ཕྱི་མ་ལྟར་ན། བ་ཡན་བཅོ་ལྔ། ཀ་ཡན་གཅིག །ར་ཡན་ཉེར་ལྔ།
བསྡོམས་པ་ཞེ་གཅིག །དང་པོ་ལྟར་ན་བ ། ཀ ར་བསྡོམས་པ་ལྟ་བུའོ། །ཕྱི་མའི་དཔེའུ་རིས། ཨ་ཨི་ཨུ་ཨེ་ཨོ། ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ད་ན་། པ་ཕ་བ་མ། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་ཨ། ལུགས་འདིར་བསམ་ལྟ་བུའི་སྲོག་གི་ཨ་དབྱངས་དང་། ཨ་དར་ལྟ་བུའི་དངོས་བསྟན་གསལ་བྱེད་དུ་བརྩི་དགོས་པ་འདྲ། དེར་མ་ཟད་རང་ཡན་ལ་སྡེ་པ་བརྩི་བའི་ལུགས་ཡོད་པ་རྒྱ་བོད་ལ་སྦྱར་ན། དང་པོ་རྒྱ་གར་ལྟར་བ་ལྔ། ཀ་གཅིག ར་དྲུག་བསྡོམས་པ་བཅུ་གཉིས། ༢ ༣ ༤ ༥ ༦ ༧ ༨ ༩ ༡༠ ༡༡ ༡༢ ༡༣ ༡༤ ༡༥༡༦ ༡ ༢ ༣ ༤ ༥ ༦ ༧ ༨ ༩༡༠ ༡༡༡༢༡༣༡༤༡༥ ༡༦༡༧༡༨༡༩༢༠ ༢༡༢༢༢༤༢༤༢༥ ༢༦ ༢༧ ༢༨ ༢༩ ༣༠༣༡༣༢༣༣༣ ༡ ༡༡ ༢ ༣ ༤ ༥ ༡ ༢ ༣ ༤ ༥ ༦ ༧ ༨ ༩ ༡༠༡༡ ༡༢ ༡༣༡༤༡༥༡༦ ༡༧༡༨༡༩༢༠ ༢༡༢༢༢༣༢༤ ༢༥༢༦༢༧༢༨ ༢༩༣༠བོད་ལྟར་བ་བཞི། ཀ་གཅིག་ར་བདུན་བསྡོམས་པ་བཅུ་གཉིས་ལྟ་བུ་བསྣན་པས་ལུགས་དྲུག་ལྟ་བུ་ཡོད་ཀྱང་། དམིགས་སུ་བཤད་པ་ལྟར་རམ། གང་ལ་གང་བདེན་བརྟག་གསུངས་ཀྱང་འདི་ཡིན་ངེས་པ་མེད་པས་ཅུང་མི་ལེགས་པས་རང་ལུགས་རྒྱ་སྐད་ཀྱི་ཀ་ནས་བཟུང་རང་ཡན་ལ་བརྟག་གམ། གོང་གི་སྡེ་པ་རང་སྡེའི་ཡི་གེའི་གྲངས། ཚ་༦ ། ལྟ་བུ་འོག་ཏུ་སོང་། འདིར་སྤྱིར་མིང་བཀྲ་ཤིས་རྒྱ་མཚོ་ལྟ་བུ་ལ་ཡུལ་སྐད་དུ་སླ་ཐབས་བཀྲ་ལོ། །བཀྲ་རྒྱམ་སོགས་སུ་འབོད་པའང་དེ་ཀ་ལྟར་མིན་པར་མིང་དང་པོ་འདོགས་དུས་ལྟར་ཞིབ་རྒྱས་སུ་བྱས་ན་ལེགས་པ་རང་གི་རྣམ་རྟོག་གོ །༈ ཡང་ན་དེ་ཡི་ཆོ་ག་བཤད། །མིང་ཡིག་དང་པོ་སྦྲུམ་མ་ལ།
ཀ་སོགས་མི་མཉམ་བུ་ཡིན་ཏེ། །ཁ་སོགས་མཉམ་པ་བུ་མོ་ཡིན། །ང་ཉ་ཎ་ན་མ་མ་ནི། །མིང་ཡིག་དང་པོ་ནི་བརྩེགས་འཕུལ་འདོགས་སོགས་གང་སྔོན་ལ་བྲི་རྒྱུ་ལྟ་བུ་དེའོ། །མཉམ་མི་མཉམ་རང་སྡེའི་དང་པོ་ནས་བརྩིས་པའི་ཡ་ཆའོ། །གསལ་བྱེད་དང་པོ་གསུམ་ནི་དྲི་བར་ཕྱོགས་པའི་ཚིག་གི་སྔོན་མ་གསུམ་རིམ་པས་བླང་ངོ་། །ད་བཀྲ་ཤིས་སྐྱིད་ལ་བུ་དང་བུ་མོ་གང་སྐྱེ་ལྟ་བུ་ལ། ད་བ་ཀ་གསུམ། བཀྲ་ཤིས་སྐྱིད་ལ་ཅི་སྐྱེ་ལ་བ་ཀ་ར་གསུམ་ལྟ་བུ་དེས་འགྲེས་སོ། །ད་ནི་སྦྲུམ་མར་གང་སྐྱེ་བརྟག །དྲི་བའི་ཕོ་ཉ་འོང་བའི་དུས། །སྦྲུམ་མའི་མིང་སྐར་གང་ཡིན་པ། །དབྱུག་གུ་ནས་དེ་ཡན་སྐར་མའི་གྲངས་དང་ནི། །འདྲི་བའི་དུས་ཀྱི་རེས་གཟའ་དང་། །ཚེས་གྲངས་དྲི་ཚིག་དང་པོ་ཡི། །ཡིག་གྲངས་བསྲེས་ལ་བདུན་བགོས་ལྷག །གཉིས་བཞི་དྲུག་ཤར་བུ་མོ་སྐྱེ། །གཅིག་གསུམ་ལྔ་ཐིག་བུ་སྐྱེའོ། །འདི་ནི་ཚེས་བཅུ་དྲུག་གི་རེས་གཟའ་སྤེན་པའི་དུས་བུད་མེད་བཀྲ་ལོ་ལ་གང་སྐྱེ་བརྟག་པར་འོང་མི་ཕོ་ཉས། བཀྲ་ལོ་མ་ལ་ཅི་སྐྱེ་ལྟ་བུ་ལ། མིང་སྐར་ལུགས་གཉིས་དང་པོ་ལྟར་གྱི། ༣ རང་ཡན་དབྱུག་གུ་དང་བྲ་ཉེ་ནས་འཛིན་པ་གཉིས་ཀྱི་དང་པོ་ལྟར། ༤ ཚེས་གཟའ་བསྲེས་པས། ༢༧ དྲི་ཚིག་རང་ལུགས་
རྒྱ་གར་ལྟར། ༢༣ བསྲེས་པས། ༥༠ རིས་བགོས། ༡ ལྟ་བུའོ། ༈ །ཡང་ན་ལུགས་གཅིག་འདི་འདྲ་སྟེ། །འདྲི་དུས་ཚེས་གྲངས་དང་རེས་གཟའ་ཟླ་སྐར་གྲངས། །འདྲི་ཚིག་དང་པོའི་གསལ་བྱེད་རྣམས། །སྔར་ལྟར་བསྡོམས་བགོད་ལྷག་མར་བརྟག །སྔར་དང་འདྲ་བ་ལ་ཟླ་སྐར་གང་ཤར་རང་གྲངས་དབྱུག་གུ་ལ་ཉེར་བདུན་ཡིན་ནོ། །དཔེར་ན་ཚེས་གསུམ་གཟའ་ཟླ་བ་སྐར་མ་སྣར་མ་ལ་དྲི་བ་པོའི་དྲི་ཚིག་གི་ཐོག་མར་ངེད་ལྟ་བུ་བྱུང་ན་གྲངས། ༡༣ འོང་། འདི་ལ་སློབ་དཔོན་གྱི་ངག་རྒྱུན་སྔར་ཕྲུག་གུ་བུ་སྐྱེས་པའི་གྲངས་ཀྱང་བསྣན་གསུངས་སོ། ༈ །སྦྲུམ་ནས་ཟླ་བ་དུ་སོང་ནི། །དྲི་ཚིག་དང་པོའི་ཡི་གེ་གསུམ། །རིམ་བགྲང་བསྡོམས་ལ་བཅུ་ཡིས་བསྒྱུར། །དགུས་བགོས་ལྷག་མ་མ་འོངས་པ། །དེ་ཡི་ཤུགས་ལས་འདས་པའང་རྟོགས། །དེ་ལྟར་ངེས་པ་མ་མཐོང་ནས། །དྲི་ན་རྙེད་ལྷག་གཅིག་ཏུ་བསྲེ། །དགུས་བགོས་དེ་ལྷག་མ་འོངས་པ། །ཐིག་ཤར་ཟླ་བ་བཅུ་དགུ་འདྲ་ནའོ། །དེ་ཡང་མ་ངེས་ཡང་དྲི་ན། །རྗེས་མའི་རྙེད་ལྷག་སྔར་ལྟར་བྱ། དཔེར་ན་བཀྲ་ཤིས་སྐྱིད་ལ་བུ་དང་བུ་མོ་གང་སྐྱེ་འམ་སྦྲུམ་ནས་ཟླ་བ་དུ་སོང་སོགས་དྲི་ན།
རང་ལུགས་ལྟར་བ། ༢༣ ཀ ༡ ར། ༢༧ ཁྱོན། བ༡ བཅུས་བསྒྱུར། བ༡༠ དགུས་ཐོབ་ལྷག ༦ །ཟླ་བ་དྲུག་ནས་བཙའ་ཞེས་བྱ། དེར་མ་ངེས་ན། ༨ དེར་མ་ངེས་ན། ༥ ལྟ་བུའོ། །། ཁྱོ་ཤུག་སྔོན་ལ་གང་འཆི་ནི། །ཕོ་མོའི་མིང་ཡིག་དབྱངས་གསལ་བྱེད། །སོ་སོར་ཕྱེ་བའི་གྲངས་དུ་ཡོད། །གཅིག་བསྲེས་གསུམ་གྱིས་དོར་ལྷག་ལ། །གཟུགས་དང་ཐིག་ཤར་སྐྱེས་པ་སྔོན། །མིག་ཤར་བུད་མེད་སྔོན་ལ་འཆི། །འདི་ནི་བླ་མ་སྐྱབས་དང་། བཀྲ་ཤིས་སྐྱིད་ལྟ་བུ་བཟའ་མི་གཉིས་ཀའི་སུ་སྔོན་ལ་འཆི་བརྟག་ན། ཕོ་ལ་གསལ་བྱེད། ༨ དབྱངས། ༣ མོ་ལ་གསལ་བྱེད། ༧ དབྱངས། ༣ བསྲེས་པས། ༢༣ བགོས་ལྷག༢ ། མོ་སྔོན་ལ་འཆི་བའོ། །འདིར་དོན་གྱིས་མི་ཐོབ་ཀྱང་། ཡ་བཏགས་ར་བཏགས་མ་བརྩིས་པས་ཐིག་པ་སྨིན་གླིང་ལོ་ཆེན་མྱོང་རྩིས་སུ་གསུངས་པ་དེས་ཐིག་ཆེ་བར་འདུག། གཞན་ཡང་དེ་ཡི་ཆོ་ག་བཤད། གྱེན་དུ་རེ་ཁཱ་དགུ་ཐེན་ལ། །འཕྲེད་གསུམ་ཡིག་བཀོད་དཔེའུ་རིས་ལྟར། །ཨ ཀ ཙ ཊ ཏ པ ཡ ཤ མིང༨ ༥ ༦ ༤ ༩ ༡ ༣ ༢ སྒྱུར་བྱེད། མིང་གི་དབྱངས་གསལ་ཇི་སྙེད་པ། །འོག་མས་སྟེང་བསྒྱུར་དབྱངས་གསལ་བྱེད། །སོ་སོར་བསྡོམས་དབྱངས་བཞི་གསལ་བྱེད་ནི། །མིག་བསྒྱུར་གཅིག་བསྲེས་གསུམ་བགོས་ལྷག །སྔ་མ་བཞིན་དུ་རྣམ་པར་དཔྱད།
འདི་ལ་སྔ་མ་ལྟ་བུ་ལ་བ་དང་། ལ་གཉིས་ཀྱི་རང་ཡན་བསྡོམས་པ་དྲུག་དང་། ཨ་ཨ། བསྡོམས་པ། ༡ ༡༦ ༡༢ བསྡོམས་པ། ༢༩ ལྟ་བུ། ཕོ་མོའི་མིང་ཐོག་གི་དབྱངས་གསལ་ཁོ་ན་ལས་མི་དགོས་པར་འོད་བརྒྱ་ལས་གསུངས། རང་ཡན་རྐྱང་རང་འོག་བཅས་པ་བགྲང་བས་ས་ལ། ༣༣ ལྟ་བུ་གསུང་ཀྱང་རང་ལུགས་ལ། དཔེར་ན་ཀུན་དགའ་རྒྱལ་ལྟ་བུའི་བོ། །དབྱངས་ལྔ་པ་དང་གཅིག་པ་དང་གཅིག་པ་རྣམས་བརྒྱད་ཀྱིས་བསྒྱུར། དེ་བཞིན་བུད་མེད་དབྱངས་ཀྱང་བསྒྱུར། གསལ་བྱེད་ཀ་དེ་དང་པོ་ཡིན་ཕྱིར། ༡ ལྔས་བསྒྱུར་ལ། ཏ་སྡེའི་ལྔ་པ་ན་གང་དེ། བུ་གས་བསྒྱུར། དེས་འགྲེ། མིང་ཇི་སྙེད་པས་བསྒྱུར་རོ། །འདི་རྣམས་ནི་ཁྱོ་ཤུག་ཁོ་ན་ལས། ཕོ་མོ་སུ་རུང་ལ་བརྟག་རྒྱུ་མིན་ནོ། ༈ །དེ་ནས་རྐུན་མ་ངོས་འཛིན་ནི། རང་ཉིད་གང་ལ་དོགས་པ་ཡི། །སྐྱེས་བུ་ཇི་སྙེད་སྣང་གྱུར་པའི། །ནང་ནས་སུས་བརྐུས་ཡོད་བརྟག་པ། །མི་རྣམས་མིང་གི་དབྱངས་གསལ་རྣམས། །སོ་སོར་བསྡོམས་པ་གསལ་བྱེད་ཚོགས། །གཉིས་བསྒྱུར་དབྱངས་ཀྱིས་ཕྲི་ལྷག་དེར། །སྐྱེས་བུའི་གྲངས་ཀྱིས་དོར་ལྷག་ལ། །གཅིག་བྱུང་རྒན་ནས་རིམ་བཞིན་དུ། །
བགྲང་བའི་གྲངས་མཐུན་དེ་ཡིན་ནོ། །འདིར་དཔེར་ན། དོན་འགྲུབ། བཀྲ་ཤིས་དར། ལུག་གུ། གསུམ་པོ་ལོ་ཡང་ད་ལྟར་རིམ་པར་རྒན་གཞོན་ཡིན་ལ། དེ་གསུམ་ལས་གཞན་འོས་མེད་ཅིང་། དེ་གསུམ་གྱི་ནང་ནས་སུ་ཡིན་མ་གོ་ན། དང་པོ་ལ་དབྱངས་གཉིས། བར་མ་ལ་གསུམ། ཐ་མ་གཉིས། བསྡོམས་པས་བདུན། དང་པོ་ལ་གསལ་བྱེད་ལྔ། བར་མ་ལ་བདུན། ཐ་མ་ལ་གསུམ་ཁ་བསྲེས་པས་བཅོ་ལྔ། གསལ་བྱེད་གཉིས་བསྒྱུར་སུམ་ཅུ། དེ་ལ་དབྱངས་ཕྲི་བས་ཉེར་གསུམ། སྐྱེས་བུ་ཁོ་རང་གསུམ་ཡོད་པའི་དེའི་གྲངས་ཀྱིས་བགོས་པའི་ལྷག་གཉིས་ཤར་བས་ལོ་མང་ཉུང་གི་བར་མ་བཀྲ་ཤིས་དར་དང་འགྲིགས་པས་དེས་བརྐུས་པར་བརྗོད་དོ། །།དེས་ཀྱང་གཅེར་ཕོག་མ་ཤེས་ན། །སླར་ཡང་རྐུན་མ་དེ་རྣམས་ཀྱི། །མིང་གི་དབྱངས་གསལ་ཇི་སྙེད་པའི། །རང་ཡན་རིམ་བསྡོམས་དེ་དག་ལ། །སྔར་ཆོག་བྱས་པས་ཐེ་ཚོམ་མེད། འདི་ནི་མིང་གི་དབྱངས་གསལ་སོ་སོར་བོད་ཀྱི་བརྡ་ལྟར་དག་སྒྲོས་ཕུད་ནས་སྔར་ལྟར་ཕྱེས་ལ། དབྱངས་གསལ་རེ་རེ་ཞིང་རང་ཡན་བགྲང་བ། དང་པོ་ལྟ་བུ་ལ། ད་ན་འ་ག་ར་བ་རིམ་པས་རྒྱ་ཡིག་ལྟར་ཀྱི་ཕྱི་མ། ༣༥ ༡༣ ༢༣ ལྟ་བུ་དང་། དབྱངས་
ཨོ། ༡༥ ཨུ། ༥ ལྟ་བུ་གཞན་གཉིས་པོའང་དེ་ལྟར་ལ་དབྱངས་གསལ་སོ་སོར་ཚན་གཉིས་སུ་བསྲེ། གསལ་བྱེད་མིག་བསྒྱུར་དབྱངས་ཀྱིས་ཕྲི། སྐྱེས་བུས་བགོའོ། འདིར་དབྱངས་ལ་རང་ཡན་མི་བརྩི། སྔ་མ་ལྟར་ལ་གསལ་བྱེད་ཀྵ་བར་དཀྱུས་མའི་རང་ཡན་བརྩི་ཡང་ཟེར། །དེ་ཡི་གྲོགས་པོ་བརྟག་པ་ནི། །ཆོ་ག་སྔར་ལྟར་ཁོ་ན་ལ། །གསལ་བྱེད་མིག་དང་དབྱངས་ལ་མེ། །བསྲེ་བ་གྲོགས་བརྟག་ཁྱད་ཆོས་སོ། །འདི་ནི་དབྱངས་གསལ་སྡོམ་ལུགས་གཉིས་པོ་གང་བདེ་ལ། གསལ་བྱེད་བསྡོམས་པ་ལ་བཟུང་བྱིན་གཉིས་ཀྱིས་བསྒྱུར། དབྱངས་ལ་མེ་བྱིན། དེས་ཕྲི། ལྷག་མ་སྐྱེས་བུའི་གྲངས་ཀྱིས་བགོས་པའི་ད་ལན་དཀྲ་དར་གྱི་གྲོགས་ཆུང་བ་ལུ་གུ་ལྟ་བུ་ལ་ངོས་འཛིན་ནོ། ༈ །མིག་གི་གསལ་འགྲིབ་བརྟག་པ་ནི། །མིང་ཡིག་དང་པོ་གསལ་བྱེད་ལ། །ཁ་ལ་སོགས་པ་མཉམ་པ་ཡོད། །གཡོན་པ་སྔོན་ལ་མི་གསལ་ལོ། །ཀ་སོགས་མི་མཉམ་གཡས་སྔོན་འགྲིབ། །འདི་ནི་མིང་སྨྲ་དང་པོ་ལ་བརྟག་སྟེ། མིག་སྔོན་ལ་གང་འགྲིབ་དང་། གཞོག་གཡས་གཡོན་དང་རྐང་ལག་གི་སྐྱོན་ལ་སོགས་པའང་འདིས་བརྟག་གོ །མཉམ་མི་མཉམ་རང་སྡེའི་ཐོག་མ་ནས་བརྩིའོ། །
མིག་གི་བཟང་ངན་བརྟག་པ་ནི། །ཐིག་༠ མ་༤ ཚོ་༧ རི་༡ ཉི་༢ རྒྱལ་༡ བྲོ་༦ བ༦། །གཟུགས་མིག་༢༡ གྲོ་བཞིན་སྐར་མར་མིང་སྐར་སོང་། །མིག་བཟང་བྱ་བའི་ལས་ཀུན་འགྲུབ། །དྲོ་ལམ་བརྒྱ་ཡི་ཡུལ་ཡང་མཐོང་། །སྲིན་༩ མེ་༣ འདོད་༡༣ དྲག་༡༡ སྟོང་༢༠ མིག་དང་། །དེ་ཉིད་༢༥ རི་གཟུགས་༡༧ ལ་སོགས་ན། །དེ་མིག་མོ་དང་གཡོའམ་ཤེལ་བ་འབྱུང་། །ཡིད་༡༤ ཕྱོགས་༡༠ དབང་༥ སྐྱོན་༡༨ སྲིན་༡༩ གཟུགས་དང་། །མིག་ ༢༢ ཟུང་ཡུལ་༢༤ ལ་མིང་སྐར་སོགས། །མིག་ངན་ལོང་བ་སོགས་དང་བྱ་བའི་ལས་མི་འགྲུབ། །གཟུགས་༡ མིག་༢ ཀླུ་༨ ཚེས་༡༥ མེ་ཟུང་༣༣ དང་། །རོ་ཟུང་༦༢ བྱི་༢༡ བཞིན་ལ་སོང་བ། །དེ་ཡི་མིག་ནི་དམར་ཚག་འགྱུར། །འདི་ནི་མིང་སྐར་ལ་བརྟགས་ཏེ། སྐབས་འདིར་རྡོ་རྗེ་ལྟ་བུའི་ར་སངས་རྒྱས་ལྟ་བུའི་ས། དཔལ་ལྟ་བུའི་ད་བཟུང་བ་རང་ལུགས་ཡིན། མིང་སྒྲ་གང་ཆེ་མིང་གཞི་དཔལ་ལྟ་བུའི་པ་འཛིན་པའི་ལུགས་ཀྱང་ཡོད་ལ་སྤྱིར་འདི་ལེགས་སོ། །བདག་གི་མིང་ཅི་འདྲ་ཞེས་དྲི་ཚིག་དང་པོ་ལ་སྦྱར་ན་སྙམ་པ་རང་གི་རྣམ་རྟོག་གོ །མིང་སྐར་ནི་མིང་སྐར་གྱི་རེའུ་མིག་གོང་འོག་ཏུ་བཀོད་པ་ལས་ཤེས་སོ། །ཕྱོགས་གང་ལ་ནི་འཆི་བརྟག་པ། །མིང་གི་ཐོག་མར་དབྱངས་
གསལ་བྱེད། །རིང་བའི་དབྱངས་ཨཱ་ཨཱི་ཨཱུ་ཨཻ་ཨཽ་ལྔ་གསལ་བྱེད་ནི། ཀ་ནས་ཀ་ག་གྷ་ཙ་ཚ་ཛ་ཛྷ། ཊ་ཋ་ཌ་ཌྷ། ཏ་ཐ་ད་དྷའི་བར་བཅོ་ལྔ་ཡོད། །དེ་ཚེ་དཀར་བ་ཟླ་བ་འཕེལ་བའི་ཕྱོགས་ལ་འཆི། །ཐུང་བའི་དབྱངས་ལྔ་གསལ་བྱེད་ནི། །དྷ་ནས་ཧའི་བར་གང་རུང་ཡོད། །ནག་པོ་མར་ངོའི་ཕྱོགས་ལ་འཆི་བ་ཡིན། །འདི་དཀར་ཕྱོགས་ནག་ཕྱོགས་ལ་འཆར་བའི་དབྱངས་གསལ་ལོ། །འཆི་དུས་ཀྱི་དཀར་ནག་གི་ཕྱོགས་འཇིག་རྟེན་ན་ཡོངས་གྲགས་ལྟར་རོ། །འདི་ཁྱོ་ཤུག་ལས་གཞན་ལ་མིན་གསུངས། ༈ །དགྲ་ལས་རྒྱལ་ཕམ་བརྟག་པ་ནི། །བརྩི་བྱ་དང་ནི་དགྲ་ཟླ་ཡི། །མིང་གི་དབྱངས་གསལ་སོ་སོར་ཕྱེ། །གཅིག་བསྲེས་ཕན་ཚུན་ཕྲི་བ་ཡི། །གང་མང་བ་དེ་རྒྱལ་བར་བལྟ། །དཔེར་ན་བཀྲ་ཤིས་དང་ངག་དབང་ལྟ་བུ་ལ། དང་པོ་ལ་དབྱངས་གསལ་བདུན། རྗེས་མ་ལའང་བདུན་ཡོད་པས་གྲངས་མཉམ་པར་འགྲིགས་པས་སྟོབས་མཉམ་མི་འདུམ། །ཡང་ན་མིང་གི་དབྱངས་ཡིག་རྣམས། །ཐུང་རིང་ཤིན་ཏུ་རིང་པོར་དབྱེ། །རིམ་བཞིན་གཟུགས་མིག་མེས་བསྒྱུར་བསྡོམས། །ཕན་ཚུན་ཕྲི་བས་རྒྱལ་ཕམ་སྟོན། །དབྱངས་རིང་བ་ནི་འ་འདོགས་དང་མེ་ཨོ་ཡོད་པ།
ཤིན་ཏུ་རིང་པོ་ཨཻ་ཨཽ། དེ་ལྔ་གང་ཡང་མེད་པ་ཐུང་ངུ་སྟེ་མིང་གི་ཡི་གེའི་དབྱངས་ལ་གང་ཡོད་པའི་ཐུང་ངུ་། རིང་པོ། ཤིན་ཏུ་རིང་པོ་དུ་ཡོད་རང་རང་གི་སྡེ་ཚན་དུ་བསྡོམས་ལ། ཐུང་བ་གཅིག་རིང་པོ་གཉིས་སོགས་བསྒྱུར། གསུམ་པོ་གཅིག་ཏུ་བསྲེ། དཔེར་ན་སྔར་དེ་གཉིས་ལ་ཨ་ཨི། ཐུང་ངུ་གཉིས། ཨ་ཨ་ཐུང་ངུ་གཉིས་ཀྱིས་ཉིས་ལ་ཕྲི་བས་ཐིག་ལྟ་བུའོ། །གཙོ་བོའམ་དམག་དཔོན་དང་ཡུལ་སོ་སོ་ལའང་བརྟག་གོ །མིང་གི་དབྱངས་ནི་མིག་གིས་བསྟུན། །གསལ་བར་བྱེད་པ་མཚོ་ཡིས་སྤེལ། །གཉིས་ཀ་བསྡོམས་ལ་རི་ཡིས་བགོད། །དབྱངས་གསལ་གཉིས་ཀ་མཉམ་ན་འདུམ་པ་ཡིན། །མི་མཉམ་སྟོབས་ལ་བལྟས་པས་ཤེས། །འདི་ནི་གཉིས་ཀའི་དབྱངས་གསལ་སོ་སོར་བསྡོམས་པ་ལ་དེ་ལྟར་བྱ་རྒྱུ་ཡིན་ནོ། །དཔེ་འགར་གཅིག་ཉི་སོགས་ཐིག་སྤེན་པའི་བར་ལ་སྟོབས་འཕེལ་བ་དུས་སྦྱོར་སྐབས་བཤད་པ་ལྟར་བྱ་གསུངས། དབུགས་ནི་འཇུག་པར་གང་བརྗོད་རྒྱལ། །འཐོན་ལ་གང་བརྗོད་ཕམ་པའོ། །འཆད་པ་པོའི་དབུགས་འབྱུང་འཇུག་གི་ཚེ་དྲི་བ་པོས་གང་གི་མིང་བརྗོད་ཚུལ་ལས་སོ། །མིང་གཉིས་སྔོན་ལ་གང་བརྗོད་རྒྱལ། །ཕྱི་ནས་བརྗོད་པ་ཕམ་པར་སྟོན། །མིང་གི་དབྱངས་གསལ་ཕྱེ་བ་རྣམས། །ཟུང་ཕམ་ཡ་ཡིས་རྒྱལ་བར་སྣང་། །འདི་
རྩོད་པོའམ་གང་གི་མིང་གི་དབྱངས་གསལ་བསྡོམས་པ་གཉིས་ཀྱིས་བགོས་སམ་སྙམ། གཞན་ཡང་མིང་ཐོག་ཁམས་སོགས་བརྟགས། །མིང་ཡིག་གི་ཁམས་དགྲ་གྲོགས་ལྟར་ཤེས་པར་བྱའོ། ༈ །དེ་ནས་རྒྱན་གྱི་འཁོར་ལོ་བཤད། ཤོ་རྒྱན་སོགས་རྒྱལ་ཕམ་བརྟག་བྱེད་བགོར།། །༡༤ ༢༧ ༢ ༡༢ ༡༥ ༦ ༤ ༣ ༡༧ ༨ ༩ སྒྱུར་བྱེད། ཨ ཨཱ ཨི ཨཱི ཨུ ཨཱུ ཨེ ཨཻ ཨོ ཨཽ ཨཾ དབྱངས། ཀ ཁ ག གྷ ང ཙ ཚ ཛ ཛྷ ཉ ཊ གསལ། ཋ ཌ ཌྷ ཎ ཏ ཐ ད དྷ ན པ ཕབ བྷ མ ཡ ར ལ ཝ ཤ ཥ ས ༣༠ ཧ ཀྲ་དཔེའུ་ཆུང་ལྟར་དུ་བཀོད། །བརྩི་བྱའི་དབྱངས་གསལ་ཡི་གེ་རྣམས། །རང་རང་ཐད་ཀྱི་ཨང་ཀུས་བསྒྱུར། །ཐམས་ཅད་བསྡོམས་ལ་བརྒྱད་ཀྱིས་བགོད། །ལྷག་མ་གཟུགས་ནས་ཐིག་གི་བར། །རྒྱ་ལ་མཚན་༡ དུ་བ་༢ སེང་གེ་༣ ཁྱི༤། །ཁྱུ་མཆོག་༥ བོང་བུ་༦ གླང་ཆེན་༧ བྱ༨། རྣམ་པ་བརྒྱད་དུ་ཤེས་པར་བྱ། ༈ བྱ་རོག་༡ ཁྱི་༢ བོང་༤ ཁྱུ་མཆོག་༨ གླང་༡༦། །སེང་གེ་༣༢ རྒྱལ་མཚན་༦༤ དུ་བ་༡༢༨ རྣམས། །གོང་ནས་གོང་དུ་སྟོབས་འགྱུར་
རོ། །འདི་ནི་དབྱངས་གསལ་སོ་སོའམ། འོད་བརྒྱ་ལས་མིང་གི་དབྱངས་གསལ་སོ་སོར་སྔར་ལྟར་བྱེད་པ་གཅིག་ཏུ་བསྡོམས། དེ་བཞིན་དགྲ་ཆེའང་བསྡོམ། དེ་དག་མིང་ཡིག་དང་པོ་ལ་དབྱངས་རྐྱང་ངམ། གསལ་བྱེད་གང་ཡོད་པའི་སྟེང་གི་ཨང་གྲངས་ཀྱིས་བསྒྱུར། བརྒྱད་ཀྱིས་བགོད་གསུངས། ཨ་དར་ལྟ་བུ་དབྱངས་དངོས་བསྟན་ཡོད་ན་ཨའི་ཐད་ཀྱིས་བསྒྱུར་བ་ལ། སྲོག་གི་དབྱངས་ནི་སྒྱུར་བྱེད་མིང་ཐོག་ཏུ་མི་འགྲོ། དཔེར་ན་སྔ་མ་གཉིས་ཀྱི་དང་པོ་ལ་དབྱངས་གསལ་བདུན། པ་ཐད། ༡༤ བསྒྱུར། ༩༨ ཕྱི་མ། ༧ ཡོད་པ་སྔ་ཐད། ༡༥ བསྒྱུར་བས། ༡༠༨སོ་སོར། ༨ བགོད་པས་བཀྲ་ཤིས་དུ་བར་ཤར་བས་རྒྱལ་བ་ལྟ་བུའང་གསུངས། ཚོང་སོགས་ལའང་བརྟག་གོ །འདི་ལ་མོ་རུ་འདེབས་པ་ཞིག་ཀྱང་རྒྱན་མེ་སོགས་ན་སྣང་། །ད་ནི་དོན་ཕྱ་ཨེ་འགྲུབ་བརྟགས། །དྲི་ཚིག་གསལ་བྱེད་རང་ཡན་བསྡོམས། །གསུམ་བགོས་གཟུགས་ཤར་དོན་རྙེད་ལ། །མིག་ཤར་བཏང་སྙོམས་ཐིག་དོན་ཉམས། །འདིར་གཙང་དུ་འགྲོ་དོན་གྲུབ་བམ་ལྟ་བུ་ལ། །དྲི་ཚིག་གི་ཐོག་མར་གཙང་དང་། དེ་ལ་འབྲེལ་བའི་རྣམ་དབྱེ་དུ་གཉིས་པོས་དེ་མཚོན་ནུས་པས། གཙང་ད་བཞིའི་རང་ཡན་
བསྡོམས་པ་ལྟ་བུ་དང་། སྤྱིར་ཉེར་མཁོ་བུམ་བཟང་དུ་ཟོང་སོགས་རིམ་ཅན་རང་ཡན་ལ་དཔེར་བརྗོད་ནས་ལ། ༢༠ གསེར་ལ། ༣ ལྷ་སར། ༢༨ ལྟ་བུ་གསུངས་ཀྱང་རང་ལུགས་ལྟར་བྱའོ། །དེ་དག་ལ་དྲུང་གི་སྐྱེ་བོ་བསྣོན་པའི་ལུགས་ཀྱང་ཡོད་པའོ། ༈ །དྲི་ཚིག་གསལ་བྱེད་དང་པོ་གསུམ། །རིམ་བསྡོམས་མེས་བགོས་ལྷག་ལ་བརྟག །འདི་ལ་སྤྱིར་དྲི་ཚིག་གི་ཐོག་མ་ཁོ་ན་གཙང་གི་ག་ལྟ་བུ་དང་། དྲི་ཚིག་གི་ཚེག་བར་དང་པོ་གཙང་ལྟ་བུ་གཉིས་སོ། །ཕྱི་མ་འདི་ལ་ནི་ཚེག་བར་གསུམ་པ་ཡར་བཅད་ཀྱི་དཔེར། ང་སྨུག་རིང་དུ་སོང་ན་ནོར་ཨེ་ལོན་ལྟ་བུ་ལ། ང་སྨུག་རིང་ཞེས་ཚེག་བར་འདོན་ཐང་ལ། དེའི་གསལ་བྱེད་ཀྱི་རང་ཡན་རིམ་བསྡོམས་འོད་བརྒྱ་ལས་གསུངས་སོ། །རང་ཡན་ལུགས་མང་པོ་སྔར་ལྟར་གང་བདེ་ལ་རང་ལུགས་གསལ་བྱེད་དང་པོ་གསུམ་བླང་བ་རང་ཡན་བགྲང་ལུགས་གོང་ལྟར་ཏེ། ལྷ་ས་ལ། ལ་ཧ་ས་གསུམ། རྒྱ་གར་ལ་ར་ག་ཡ་གསུམ། བསྒྲོད་ལ། བ་ས་ག་ད་ར་ལྔ། ཤ་ལ་དུ་ཟེར་བ་ལ། ཤ་ལ་ད་གསུམ་ལྟ་བུའོ། ༈ །ཡང་ནི་འདྲི་བྱེད་ཡི་གེ་རྣམས། །གཅིག་བསྡོམས་རིས་བགོས་རྙེད་པ་ཡང་། །བཅུས་བསྒྱུར་ལྷག་བསྲེས་ཉི་མས་འགོད། །ནོར་ཆར་དོན་འགྲུབ་ཡར་མི་འགྲུབ། །འདི་ནི་
གསལ་བྱེད་བགྲང་ལུགས་སྔ་མ་ལྟར་མིང་གི་དང་པོའམ། འདྲི་ཚིག་ཇི་སྙེད་པའི་དབྱངས་ཐམས་ཅད་བསྡོམས་པ་དབྱངས་ཀྱི་མོ་ཡི་སྐབས་ལྟར་རམ། དབྱངས་གསལ་གཉིས་ཀའི་གྲངས་བསྡོམས་པའམ། ཡང་དབྱངས་མི་དགོས་པར་གསལ་བྱེད་ཐམས་ཅད་བསྡོམས་ནས་རང་ཡན་བརྩི་མི་དགོས་པར་རྐྱང་པ་དེ་ལ་འདི་ལྟར་བྱའམ་སྙམ། ༈ །དེ་ནས་ཟོང་གི་དཀོན་མོད་ནི། །ཟླ་བ་གང་དུ་བརྟག་གྱུར་པའི། །ཁྱིམ་འཕོས་དུས་ཀྱི་ཉི་སྐར་ལ། །ཚེས་གྲངས་བསྲེས་ལ་རེས་གཟས་བསྒྱུར། །གང་བརྟག་ཟོང་གི་མིང་ཐོག་མའི། །གསལ་བྱེད་རང་ཡན་གྲངས་ཀྱང་བསྲེ། །གང་བརྟག་ཡུལ་གྱི་མིང་ཐོག་རང་ཡན་ཀྱང་བསྲེ་བ་ཡོད། དེ་ལ་གསུམ་བགོས་ལྷག་མ་ལ། །གཟུགས་ཤར་ཟོང་དཀོན་རིན་ཐང་ཆེ། །མིག་ཤར་འབྲིང་པོ་མཉམ་པར་གྲགས། །ཐིག་ཤར་ཟོང་མོད་རིན་སླ་འགྱུར། །འདིར་དཔེར་ན་ཟླ་བ་བཅུ་གཉིས་པའི་ནང་དགུ་ཆེན་དུ་ནས་ཨི་མོད་འདྲི་ན། ཟླ་བ་དེའི་རིང་གི་ཁྱིམ་འཕོ་བ། །ཚེས་གསུམ་ལ་ཡོད་པ་ལྟ་བུ་ལ། །ཚེས་གསུམ་ནས་ཕྱི་མའི་ཚེས་གསུམ་པར་འདི་ལ་བརྟགས་ཏེ། །ཚེས་དེ་ཉིན་ཉི་ ༢༤/༡༥ དང་། གཟའ་པ་སངས་ལྟ་བུ་ལ།
ཚེས་དེའི་ཉི་སྐར་ལ་ཚེས་བསྲེས་པས། ༢༧ དེ་རེས་གཟའ་པ་སངས་ཀྱིས་བསྒྱུར། ༡༦༢ དེ་ལ་དགུ་ཆེན་གྱི་ཡན། ༣ བསྲེས། ༡༦༥ ནས་ཀྱི། ༤ བསྲེས་པས། ༡༦༩ གསུམ་གྱིས་བགོས་པས། ༡ ཤར་བས་ནས་ཤིན་ཏུ་དཀོན་ཞིང་རིན་ཐང་ཆེ་བར་ལུང་སྟོན་པ་ལྟ་བུའོ། །འདིར་ཁ་ཅིག་གར་འགྲོའི་ཡུལ་མིང་མི་བསྲེ་བ་ཡང་སྣང་། །འགའ་ཞིག་གིས་ཟོང་མིང་ཚང་མ་བསྲེ་ཡང་གསུངས། །འདི་དང་ཆར་བརྟག་སོགས་ལ་བྱེད་བསྟུན་ཉི་ཁྱིམ་འཕོ་མཚམས་ཉི་སྐར་བཅས་དག་ངེས་བྱ་བ་གལ་ཆེ། ཚུར་གང་ཉོ་རྒྱུ་དེ་ལ་ཟོང་ཟེར། ཕར་དེའི་རིན་ལ་འཇལ་རྒྱུ་ལ་རིན་ཟེར་རོ། །རེས་གཟའ་སྤེན་པ་ལ་བདུན་གྱིས་བསྒྱུར། རང་ཡན་བགྲང་ལུགས་ཀྱང་མང་བ་འདི་ལ་ཐམས་ཅད་ཕལ་ཆེར་ནས་ལ། ༢༠ ཚྭ་ལ་བདུན་ལྟ་བུ་བྱེད་མོད། གང་དགའ་གང་ཐིག་བརྟག །འདི་དང་ཆར་བརྟག་ཁྱིམ་དེ་སླེབས་ནས་ཁྱིམ་དེ་མ་རྫོགས་བར་དུའོ། །། ད་ནི་ཡུལ་སྡེ་སོ་སོ་རུ། །ཁྱིམ་ཟླ་རེ་བཞིན་ཆར་བརྟག་པ། །ཐ་སྐར་ནས་བཟུང་ཡུལ་དེ་ཡི། །མིང་སྐར་ཡན་ཆད་གཅིག་ཏུ་བསྡོམས། །ཁྱིམ་འཕོའི་ཟླ་སྐར་གྲངས་ཀྱང་བྱིན། །ཁྱིམ་འཕོའི་རེས་གཟའི་གྲངས་ཀྱི་ཕྲི། །དེ་ལ་འཁོར་ལོས་བགོས་
ལྷག་ལ། །ཐ་སྐར་ནས་བཟུང་བགྲང་བ་ཡིས། །ཆུ་སྐར་ཤར་ན་ཆར་པ་འབབ། །ས་སྐར་ཅུང་ཟད་འབབ་པར་གསུངས། །རླུང་སྐར་ལ་ནི་རླུང་འཚུབས་ཆེ། །མེ་སྐར་ལ་བབ་ཐན་པ་ཆེ། །འབྱུང་ཞེས་སྐར་རྩིས་ལུགས་ལྟར་དཔྱོད། །འདི་ནི་དཔེར་ན་ཡར་ཀླུང་ཕྱོགས་སུ་ཧོར་ཟླ་ལྔ་པར་ཆར་བརྟག་ན། ཡར་ཀླུང་མིང་སྐར་ནི་སྣྲོན། ༡༧དེ་ཐ་སྐར་ནས་བགྲང་བའི། ༡༨ ཉི་མའི་ཁྱིམ་རྩིས་བྱས་པས་ལྕགས་ཁྱི་ཧོར་ཟླ་ལྔ་པའི་ཡར་ངོའི་ཚེས་གཅིག་ལ་འཁྲིག་པས་སླེབས། དེ་ཉིན་གྱི་རེས་གཟའ་སྤེན་པ། རེས་འགྲོགས་ཟླ་སྐར་མགོ་ཡིན། སྔར་གྱི་༡༨ལ་སྐར་མ་མགོ་ཡི། ༤ བསྲེས་པས། ༢༢ དེ་ལ་གཟའ་སྤེན་པ་ཡིན་པས་བདུན་ཕྲི་བས། ༡༥དེ་ལ་འཁོར་ལོས་བགོས་ལྷག་བཅོ་ལྔ་ཤར་བས་རྒྱུ་སྐར་ས་ག་མེ་ཁམས་ཡིན་པས་ཐན་པ་ཆེ། ཁྱད་པར་ཟླ་བ་རྒྱུ་སྐར་མགོ་ཡི་སྟེང་དུ་གནས་པ་རླུང་སྐར་ཡིན་ཕྱིར་ཅུང་ཟད་འབབ་ཀྱང་རླུང་གིས་གཏོར་བ་ལྟ་བུའོ། །ལྷ་སའི་མིང་སྐར་དབྱུག་གུའོ། །འདིར་མིང་སྐར་འཛིན་པ་མིང་ཡིག་དང་པོ་དང་། སྐར་མའི་དབྱངས་གསལ་བཀོད་པ་གང་མཐུན་འཛིན་དགོས་སོ། །མི་ཕམ་ལྟ་བུའི་མིང་དེ་རྟ་ཆེན་གྱི་རྐང་པ་གཉིས་པའི་ཡི་གེ་འཛིན་ནོ། །དེ་ནས་རི་དྭགས་
ལ་སོགས་པ། །སྲོག་ཆགས་དུ་སོད་བརྟག་པ་ནི། །ཟླ་བ་དང་ནི་རི་དྭགས་པའི། །ཞེས་རྔོན་བྱེད་པ་འགྲོ་བའི་ཟླ་སྐར་དང་རི་དྭགས་གསོད་མཁན་གྱི་སྐྱེས་མིང་སྐར་མའི་དབུས་སུ་བར་དུ་སྡིག་པའི་གཟའ་རྣམས་ཀྱིས། །འཁྱུད་པའི་གྲངས་དང་མཉམ་པ་ནི། །སྲོག་ཆགས་རྣམས་ནི་སོད་པར་བཤད། །ཉི་མར་གཅིག་སོད། སྤེན་པར་བདུན། རཱ་ཧུར་བརྒྱད། ཀེཾ་ཏུར་དགུ། དམར་ཉི་བཅུ་གཉིས་སོགས་འགྲེ། སྡིག་པའི་གཟའ་ཡི་ཁ་དོག་བཞིན་དུ་སྲོག་ཆགས་ཀྱི་མདོག་བཤད། །སྡིག་གཟའ་དེ་རང་གི་ཁྱིམ་དེའི་གསུམ་ནི་ཆ་ཤས་ཁྱིམ་ལ་གནས། །དགུ་ཆ་ལ་གནས་ཉིས་འགྱུར་གནས། །འཁྱོགས་པོའི་འགྲོས་དང་མཐོན་པོ་བྱང་བགྲོད་ལ་གནས་གཟའ། །གསུམ་གྱིས་བསྒྱུར་བའི་གྲངས་བཞིན་བསྟན། །འདི་ཡི་འགྱུར་གྱིས་རི་དྭགས་སོགས་ཐམས་ཅད་ལ། །བྱེད་དོ་དཔའ་བོས་ཕྱག་བྱས་མ། །རེས་ཀྱི་གཟའ་སྐར་སྦྱོར་བ་རྩུབ་མོ་དེ་དག་གིས། །གསོ་བྱ་ལ་རྨ་རྣམས་འབྱུང་བ་བརྗོད་པར་བྱ། །རྨ་དེ་ལུས་ཀྱི་སྟོད་དང་སྨད་དང་ལོགས་དང་རྒྱབ། །གང་འབྱུང་གཟའ་སོགས་ཀྱི་དེ་དུས་ཀྱི་ལོངས་སྤྱོད་ཆ་ཡིས་དེ་བཞིན་ནོ། །སྤྱིར་སྔོན་ལས་མ་དག་པའི་རྒྱུས་
ཉིན་ཞག་གཅིག་ལ་ཡང་། །དགེ་དང་མི་དགེ་མང་པོར་འགྱུར། །སོ་སོའི་ཚངས་པའི་འཁོར་ལོའི་མི་མཐུན་ཕྱོགས་ལ་སྡུག་བསྔལ་འབྱུང་། །ངེས་འབྱིན་ཡན་ལག་རྨ་རྣམས་འབྱུང་། །སོ་སོར་བྱིན་ལ་གཡང་ལ་ལྷུང་། །སྐྱེས་པའི་མཚམས་ཀྱི་སྐར་མས་རང་ནོར་ཉམས། །ལྷག་མ་རྣམས་ཀྱི་འབྲས་བུ་ནི། །ཚོགས་ཀྱི་བདག་པོས་དགེ་བར་བརྗོད། །གང་འཁྱུད་གཟའ་གྲངས་རྔོན་དུ་ཆས་ཉིན་གྱི་ཚེས་བསྒྱུར་གཟུགས་ཀྱིས་ཕྲི། །རང་གིས་བསྒྱུར་ལ་ཕྱེད་དོར་བྱ། །འཁོར་ལོས་བགོས་ལྷག་སྲོག་ཆགས་གྲངས། །རིམ་བཞིན་རྒྱལ་པོ་སོགས་ཀྱིས་འཆིང་བར་ཏེ་ཟིན་པར་བྱེད་དེ། དེ་ལས་མང་བ་མི་ཟིན་ནོ།། ཕྱེད་ལྷག་གཅིག་གིས་འབྲོས་པར་བསྟན། །ཡང་གཅིག་ཚེས་གཟའ་ལྷན་ཅིག་པ། །གཟུགས་དམན་རང་གིས་བསྒྱུར་བྱས་ལ། །ཕྱེད་དོར་འདོད་པའི་ཆུ་ཚོད་ཀྱིས། །བགོས་ལྷག་གང་ཡོད་སྲོག་ཆགས་ཏེ། །རྔོན་བྱེད་པ་ལ་བརྗོད་པར་བྱ། །རྒྱས་པར་མ་སྤྲོས་སྔོན་མའི་ལུགས། །རྒྱུད་འདིར་མེད་མི་རུང་བ་ཡི། །མིང་སྐར་འཚོལ་བའི་དཔེའུ་
རིས། །ཨ་ཨི་ཨུ་༢ ཨེ། ཨོ་ཝ་༣ ཝི་ཝུ། ཝེ་ཝོ་ཀ་༤ ཀི། ཀུ་གྷ་༥ ང་ཚ། ཀེ་ཀོ་ཧ་༦ ཧི། ཧུ་ཧེ་༧ ཧོ་ཌ། ཌི་ཌུ་༨ ཌེ་ཌོ། མ་མི་མུ་༩ མེ། མོ་ཊ་༡༠ ཊི་ཊུ། ཊེ་ཊོ་པ་༡༡ པི། པུ་ཥ་ཎ་༡༢ ཋ། པེ་པོ་ར་༡༣ རི། རུ་རེ་རོ་ཏ་༡༤། ཏི་ཏུ་༡༥ ཏེ་ཏོ། ན་ནི་ནུ༡༦་ནེ། ནོ་ཡ༡༧་ཡི་ཡུ། ཡེ་ཡོ་བྷ ༡༨་བྷི། བྷ་བྷི༡༩་ཕ་ཌྷ། བྷེ་བྷོ་ཛ༢༠་ཛི། ཛུ་ཛེ་༢༡ཛོ་ཁ་། ཁི་ཁུ་༢༢ཁེ་ཁོ། ག་གི་གུ་༢༢གེ གོ་ས་༢༣སི་སུ། སེ་སོ་ད༢༤དི། དུ་ཐ་༢༥ཛྷ་ཉ། དེ་དོ་ཙ་༢༦ཙི། ཙུ་ཙེ་༠ ཙོ་ལ། ལི་ལུ་༡ལེ་ལོ། དགེ་བར་གྱུར་ཅིག །དབྱངས་འཆར་རྒྱུད་དོན་རིན་ཆེན་བང་མཛོད་ལས། །ཉེར་མཁོའི་རྩིས་ཕྲན་ཕྲེང་བ་ཚར་དུ་བསྒྲིགས། །དེ་ཡང་རྣམ་དཔྱོད་འབྲེལ་བའི་སོར་མོ་ཡིས། །དལ་བུར་བགྲང་བས་བྱིས་པ་རྣམས་ཡིད་དྲང་། །སླར་ཡང་རྣམ་དཔྱོད་ལུང་དང་མི་ལྡན་ན། །ཚུལ་འདི་ཅི་བཞིན་འབྲི་བ་འཕྱང་མོ་ཉུག །ཕྲ་ཡང་ཡང་དག་བྲི་བའི་གནད་མཁས་ན། །རྟོགས་བྱའི་ངོ་མཚར་སྙིང་ལ་བདུད་རྩི་བཞིན། །ཚུལ་འདིའི་ལེགས་བྱས་ལྷ་ཡི་ལྷར་གྱུར་པ། །དབང་ཕྱུག་དགེ་བའི་རོལ་མོ་ས་གསུམ་གྱི། །འདོད་
པ་ཅི་དགར་འཇོ་བའི་དཔྱིད་གྱུར་པ། །སྐྱེ་རྒུའི་སྙིང་ལ་བཅུད་དུ་རྩེན་གྱུར་ཅིག །ཅེས་དཔལ་གཡུལ་ལས་རྣམ་པར་རྒྱལ་བའི་རྒྱུད་དོན་རབ་ཏུ་གསལ་བའི་ངག་གིས་བཀོད་པ་ཀུན་གཟིགས་དབྱངས་འཆར་ཆེན་པོ་ཤེལ་གྱི་མེ་ལོང་ཞེས་བྱ་བ་ལས། །རྩིས་ཕྲན་མེ་ཏོག་གཞོན་ནུའི་ཕྲེང་བ་སྤེལ་བའི་སྐབས་ཏེ་གཉིས་པའོ།། །།དངོས་ཀུན་མཁྱེན་པའི་ཐུགས་ཀྱི་མེ་ལོང་ལ། །འགྲོ་ཀུན་སྒྱུ་མར་རོལ་པའི་བརྩེ་ཆེན་མགོན། །ཚད་མེད་ཐུགས་རྗེའི་རང་བཞིན་ཕན་བདེའི་དཔྱིད། །འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་དེ་ལ་འདུད། །གཟུང་འཛིན་གཡོ་བ་གཟའ་དགུའི་བུང་བ་རྣམས། །རྒྱུ་སྐར་མེ་ཏོག་ཚལ་དུ་རྒྱུ་བའི་ཚུལ། །བློ་གྲོས་མིག་བཟང་གསལ་བས་ལེགས་བལྟས་ན། །སྐྱེ་རྒུའི་བདེ་དོགས་རྣམ་འགྱུར་ཅི་ཡང་མཐོང་། །དེ་ཕྱིར་བདེ་འབྱུང་ཨུ་མའི་དྲིས་ལན་ཚུལ། །མཛེས་སྡུག་མེ་ཏོག་བཞད་པའི་ཞལ་སྒོ་ནས། །རབ་བཀྲམ་བདུད་རྩིའི་མཆིད་བཟང་དབྱངས་འཆར་གཞུང་། །གང་གི་སྙིང་པོ་དུམ་དྲུག་རྩིས་འདི་འཆད། །དེ་ཡང་དུས་སྦྱོར་མོ་འདི་ལ། །རྩ་བའི་ས་བཅད་
གསུམ་དུ་བསྟན། །སྦྱོར་བ་དངོས་གཞི་རྗེས་དང་གསུམ། །དང་པོ་ཡིད་འོང་གནས་དག་ཏུ། །རྟེན་གསུམ་མཆོད་པ་བཀྲམ་པའི་སར། །བལྟས་ཤེས་གཞུང་མཐོང་སློབ་དཔོན་ཉིད། །ཤིན་ཏུ་རྣལ་ལ་ཕེབས་པའི་དུས། །སྨྲ་མཁས་འདྲི་བྱེད་གང་ཡིན་པའི། །ཡོན་ཕུལ་ནས་ནི་མཉེས་པར་བྱ། །གུས་པས་ཚུལ་དང་མཐུན་པར་དྲི། །ཡིད་ཆེས་ཐེ་ཚོམ་མེད་དགའ་བས། །གསོལ་བཏབ་ལ་སོགས་བྱ་ཞིང་གདབ། །དེ་ཚེ་དགེ་དང་སྡིག་པའི་ལྟས། །ཞིབ་པར་ཡིད་ལ་མངོན་སུམ་བྱ། །གཉིས་པ་དངོས་གཞི་དག་ལ་ནི། །མཐོང་དང་འབྲས་བུ་གཉིས་ཡོད་པའི། །དང་པོ་རྒྱུ་སྐར་ཁྱིམ་གཟའི་ཚུལ། །མོ་འདེབས་དུས་ཚོད་གང་ཡིན་པའི། །གཟའ་དགུའི་ལོངས་སྤྱོད་དག་པ་དང་། །ལས་ལ་སྤྱོད་དམ་དྲི་བ་ཡི། །ཐུར་བཙལ་ཏཏྐཱལ་དུས་སྦྱོར་གྱི། །ཆ་རྣམས་རྣམ་དག་རི་མོས་བཙལ། །ཁྱིམ་གྱི་གནས་ན་གཟའ་སུ་ཞིག །ཡུལ་དུས་བསྒྲིགས་པའི་མན་ངག་གིས། །གང་ལྟར་གྱུར་པ་ངོས་བཟུང་སྟེ། །བཀོད་པའི་ཁྱིམ་ལ་ཁ་
བྱང་བཏབ། །དུམ་བུ་དྲུག་གི་ལོངས་སྤྱོད་སོགས། །མི་ནོར་མཚན་མ་གསལ་པོར་བྱ། །དེ་ཡང་བྱེད་པའི་ལྔ་བསྡུས་ཀྱི་ཉི་དག་གི །ཕུག་ལུགས་གྲུབ་པ་ལྟར་རྩི་ན་ཉི་དག་གི་དབྱུག་གུར་ཆུ་ཚོད་མཚན་བཟང་པོ་གཉིས་གྲངས་བསྣན་པ་ལ་བྱས་ན་ལེགས་ཏེ་རང་ལུགས་འདི་གཙོའོ། །སྐར་གནས་མཁའ་རོས་བསྒྱུར་བ་ལ། །འོག་གི་ཆུ་ཚོད་སྟེང་དུ་གཞུག །མདའ་ཡོན་ཟླས་ཐོབ་འདས་པའི་ཁྱིམ། །ལྷག་མ་མཁས་མེས་བསྒྱུར་བ་ལ། །ཆུ་སྲང་མིག་གིས་བགོས་ཐོབ་གཞུག །ངོ་ཐོག་ཁྱིམ་གྱི་འདས་ཞག་ཡིན། །ཁྱིམ་རྣམས་སོ་སོའི་ཉིན་ཚད་ནི། །ཉ་དང་བུ་མོར་སུམ་ཅུར་མཉམ། །ལུག་དང་སེང་གེ་སུམ་ཅུ་གཉིས། །གླང་དང་ཀརྚ་སུམ་ཅུ་བཞི། །སྲང་དང་བུམ་པ་ཉེར་བརྒྱད་ལ། །ཆུ་སྲིན་སྡིག་པ་ཉི་ཤུ་དྲུག །གཞུ་ཡི་ཉིན་མོ་ཉེར་བཞི་ལ། །འཁྲིགས་པར་སུམ་ཅུ་རྩ་དྲུག་གོ །ཉིན་མོའི་ཚད་དེས་དྲུག་ཅུ་ལ། །ཕྲི་ལྷག་རང་རང་མཚན་མོའི་ཚད། ༈ །འདས་ཞག་གནས་གཉིས་སྟེང་ཆུ་དང་། །འོག་མ་ཉི་ཤུ་རྩ་ལྔས་བསྒྱུར། །མཁའ་རོས་རྙེད་པ་སྟེང་བྱིན་
ལྷག །མཁའ་མེ་ལས་མང་སླར་གཅིག་སྦྱིན། །དེ་ཡང་མཁའ་རོས་བགོས་ཐོབ་དེས། །རང་རང་ཉིན་མོའི་ཆུ་ཚོད་ལ། །གཞུ་ལ་སོགས་པ་བྱང་བགྲོད་སྦྱིན། །འཁྲིག་སོགས་ལྷོ་བགྲོད་དྲུག་པོ་ལ། །དོར་བས་ཞག་དེའི་ཞིབ་པ་ཉིན་ཚད་འབྱུང་། ༈ །འདས་ཞག་ཁྱིམ་དེའི་སྲང་གིས་བསྒྱུར། །མཁའ་མེས་གང་ཐོབ་འདས་པའི་སྲང་། །དེ་ཡིས་ཁྱིམ་དེའི་ཆུ་སྲང་ལ། །ཕྲི་ལྷག་མ་འོངས་ཆུ་སྲང་ཡིན། །ཉིན་གཅིག་འདས་ལུས་བརྟག་པའི་ཕྱིར། །ཆ་བདུན་ཐུར་མའི་བགོ་གཞི་ནི། །ཉ་དང་བུ་མོ་མཁའ་ཚེས་ཡིན། །ལུག་སེང་རྒྱ་མཚོ་ཆུ་ཟླ་བ། །གླང་གར་དུས་འདོད་འཁྲིག་དུས་ཉི། །སྲང་བུམ་མཚོ་ཚེས་སྡིག་གཞུ་ཆུར། །སྲིན་གསུམ་ག་དུས་ཚེས་ཡིན་ནོ་དེ་དག་ལ། །ཆ་བདུན་ཐུར་མ་རང་ཆ་བདུན་དང་དེ་སྟེང་གྲིབ་བཅས་དུ་༡༥༠ ༡༤༤༡༣༦ ༡༢༦ ༡༥༤༡༥༦༡༥༠ ༡༤༤༡༣༥ ༡༢༦ ༡༥༤ ཡོད་ཀྱིས། །གང་ཐོབ་ཆུ་ཚོད་ལྷག་མ་དེ། །དྲུག་ཅུས་བསྒྱུར་ཐོབ་ཆུ་སྲང་ཡིན། །སྔ་དྲོ་འདས་པ་ཕྱི་དྲོ་ལུས། །དེ་ཡིས་ཉིན་ཚད་ལ་ཕྲིས་ན། །ཕྱི་འདས་སྔ་དྲོ་ལུས་པ་
རྟོགས། །དུས་སྦྱོར་གང་ཡིན་ངོས་འཛིན་ནོ། །འདས་པའི་དབྱུག་གུ་མཁའ་རོས་བསྒྱུར། །འོག་གི་ཆུ་སྲང་སྟེང་དུ་བསྲེ། །དེ་ལ་མ་འོངས་ཆུ་སྲང་གིས། །ཐོག་མ་བྱས་ནས་རིམ་བཞིན་ཕྲི། །གང་ཚེ་མ་ལྡང་ཏཏྐཱ་དེའི་དུས་ཟེར་ལ། །། དེ་ཡང་སོ་སོའི་སྲང་ཚད་ནི། །མཁའ་མཁའ་མིག་ནི་ཉ་བུམ་ཚད། །མཁའ་མཚོ་མིག་ནི་ལུག་ཆུ་སྲིན། །མཁའ་ཀླུ་ལག་པ་སྲང་དང་གཞུ། །མཁའ་མིག་རྩེ་མོ་འཁྲིག་དང་སྡིག །མཁའ་རོ་མེ་ནི་ཀརྚཱ་སྲང་། །མཁའ་མཁའ་རྒྱ་མཚོ་སེང་བུ་མོ། །དུམ་བུ་དྲུག་གི་དུས་སྦྱོར་གྱི། །དང་པོ་ཏཏྐཱལ་གནས་ལྔ་ནི། །གང་ཤར་ཏཏྐཱལ་མཁའ་མེས་བསྒྱུར། །གང་ཡིན་དུས་སྦྱོར་སྲང་གིས་བགོ །ཐོབ་པ་ཆ་ཤས་ལྷག་མཁའ་རོས། །བསྒྱུར་ཐོབ་ཆུ་ཚོད་ལྷག་མ་གང་། །དྲུག་ཅུས་བསྒྱུར་ཐོབ་ཆུ་སྲང་སྟེ། །ལྷག་མ་རོས་བསྒྱུར་ཐོབ་པ་དབུགས། །སྟེང་ནས་རིམ་བཞིན་ཏཏྐ་ལ། །ཆ་ཤས་ཆུ་ཚོད་ཆུ་སྲང་དབུགས། །དེ་ཡི་ཏཏྐཱ་ལ་མཁའ་མེས་བསྒྱུར། །ཆ་ཤས་
བཅུག་ལ་སླར་མཁའ་རོས། །བསྒྱུར་བྱས་ཆུ་ཚོད་སྟེང་དུ་གཞུག །ནམ་མཁའ་མཁའ་དང་ཀླུ་ག༡ཟུ༨ག༠ས༠་ཀྱིས། །ཐོབ་པས་སྔར་གྱི་ཏཏྐཱལ་འཆར། །ལྷག་མ་དུམ་ལྔའི་སྤྱི་ཌྷཱུ་ཡིན། །ཡང་ན་ཆ་ཤས་མཁའ་རོས་བསྒྱུར་ལ་ཆུ་ཚོད་བཅུག་ཀྱང་དོན་གཅིག་གོ །ཕྱེད་པ་བརྟག་ཕྱིར་བགོད་གཞི་སྤྱི་ཌྷཱུ་དེ། །མཁའ་མཁའ་༢༠༠༢༤༠ ༢༨༠ ༣༢༠༣༦༠ ༤༠༠ བུ་གས་བགོ་བར་བྱ། །རྙེད་པ་ཡོད་དམ་མེད་ཀྱང་རུང་། །འདི་མན་དུམ་ལྔ་མཐའ་དག་ལ། །ལྷག་བྱུང་ནོར་ལ་གཅིག་སྟེར་བྱ། །གཅིག་བདག་ཉི་མ་གཉིས་ཟླ་བ། །སུམ་ཆ་བརྟག་ཕྱིར་བགོ་གཞི་དེ། །མཁའ་མཁའ་རོས་ཐོབ་གང་ཡིན་པ། །གཅིག་ནི་ཏཏྐཱལ་དེ་ཉིད་དང་། །གཉིས་ནི་ཏཏྐཱལ་ནས་བགྲང་ལྔ། །གསུམ་ནི་དགུ་པའི་ཞིང་འབྲས་ཏེ། །སྤྱིར་ནི་རེ་༡དོགས་༢བར་མ་༣ཡིན། །དགུ་ཆ་བརྟག་ཕྱིར་བགོ་གཞི་དེ། །མཁའ་མཁའ་མིག་གིས་བགོ་བར་བྱ། །ལུག་སེང་གཞུ་གསུམ་ལུག་ནས་བགྲང་། །དེ་བཞིན་འཁྲིག་བུམ་སྲང་གསུམ་སྲང་། །བུ་མོ་གླང་ཆུ་ཆུ་སྲིན་དང་། །ཀར་སྡིག་ཉ་རྣམས་ཀརྚ་ནས། །ཐོབ་ནོར་གྲགས་སུ་ལུགས་
འབྱུང་བགྲང་། །གང་བབས་བདག་པོའི་འབྲས་བུ་སྟོན། །བཅུ་གཉིས་ཆ་ལ་བགོ་གཞི་དེ། །མཁའ་ཚེས་ཀྱིས་ཐོབ་ཏཏྐཱལ་ནས། །བགྲང་བས་གང་བབ་འབྲས་བུ་འབྱིན། །སུམ་ཅུ་ཆ་ལ་བགོད་གཞི་དེ། །མཁའ་རོས་ཐོབ་པ་གང་ཡིན་པ། །དམར་སྤེན་ཕུར་བུ་ལྷག་སངས་ལྔ། །དབུས་བཞག་གཡས་གཡོན་གནས་གཉིས་ལ། །ལྔ་ལྔ་བརྒྱད་བདུན་ལྔ་རྣམས་བཀོད། །ལུག་སོགས་མི་མཉམ་གཡས་ནས་མར། །གླང་སོགས་མཉམ་གཡོན་གྱེན་དུ་བགྲང་། །གྲངས་མཐུན་ཐད་ཀའི་བདག་འབྲས་འབྱུང་། །དུམ་དྲུག་བདག་པོའི་གཟའ་རྣམས་ནི། །རིམ་པ་བཞིན་དུ་བཞག་བྱས་ལ། །དགེ་དང་མི་དགེའི་འབྲས་བུ་བརྟག །གསུམ་པ་དེ་ལྟར་ཚར་བའི་རྗེས། །དེ་ཡི་འབྲས་བུ་དཔྱད་པ་ལ། །སྤྱི་དང་བྱེ་བྲག་ཐོར་བུ་གསུམ། །སྤྱིར་ནི་མོ་འདེབས་ཡུལ་དེ་ལ། །སྟོན་ནམ་ཐེབས་མིན་པྲ་བརྟག་ནི། །འདི་མོ་ཐམས་ཅད་ལ་ཡང་བརྟག་པ་གལ་ཆེ། རང་གི་རྒྱུ་བ་ཟླ་བར་གནས། །སྐྱེ་བོས་ཉི་མའི་ཕྱོགས་ནས་དྲི། །འདོད་པའི་དོན་ནི་ཉམས་པར་
འགྱུར། །ཉི་མར་རྒྱུ་ཚེ་ཟླ་བར་གནས། །སྔ་མ་བཞིན་དུ་དོན་མེད་འགྱུར། །གང་གནས་ཉི་ཟླ་རྒྱུ་བའི་ཕྱོགས། །དེ་ནས་འདྲི་བའི་སྐྱེ་བོས་ནི། །དོན་ནི་ཐེ་ཚོམ་མེད་པར་འགྲུབ། །གཉིས་ཀ་གནས་ན་ཐེ་ཚོམ་ཅན། །འགྲོ་བ་དོན་མེད་འོང་བ་བཟང་། །རང་གི་སྣ་རླུང་རྒྱུ་ཚུལ་དང་། །འདྲི་བྱེད་གཡས་གཡོན་གར་འདུག་གི །ཚུལ་ནི་དེ་ལྟར་བརྟག་པར་བྱ། །རྟེན་དང་རྟེན་པའི་རང་བཞིན་ལས། །དང་པོ་གང་ཤར་ཏཏྐཱ་ལ་ལུག་ལྟ་བུ། །ལུས་སམ་སྐྱེས་པའི་ས་རུ་འདོད། །གླང་ལྟ་བུ་སོགས་འགྲེ། གཉིས་པ་ནོར་དང་ལོངས་སྤྱོད་ས། །གསུམ་པ་སྤུན་ཟླ་ཕ་སྤུན་ས། །བཞི་པ་གཉེན་གྲོགས་ས་ཡིན་ནོ། །ལྔ་པ་བུ་ཚའི་ས་ཡིན་ཏེ། །དྲུག་པ་དགྲ་ཡི་ས་ཡིན་ནོ། །བདུན་པ་ཆུང་མ་ཁྱིམ་ཕྱའི་ས། །བརྒྱད་པ་ཕ་མེས་དུར་སའམ། །འཚོ་འཆི་བརྟག་པ་སྲོག་གི་ས། །དགུ་པ་ཆོས་ཕྱ་བླ་མའི་ས། །བཅུ་པ་ལས་སྤྱི་བྱ་བའི་ས། །བཅུ་གཅིག་སྟོར་བ་རྙེད་པའི་ས། །བཅུ་གཉིས་ཉ་ལྟ་བུ་སྟོར་བའམ་བུ་སྲིང་ས། །ཏཏྐཱལ་མཐོང་ས་བདུན་པོ་ནི། །
གསུམ་དང་བཅུ་ལ་རྐང་པ་གཅིག །བཞི་དང་བརྒྱད་ལ་རྐང་པ་གསུམ། །ལྔ་དང་དགུ་ལ་རྐང་པ་གཉིས། །བདུན་པ་ཐམས་ཅད་རྫོགས་པར་མཐོང་། །ཏཏྐཱ་ལ་དང་བཞི་པ་དང་། །བདུན་པ་དང་ནི་བཅུ་པ་རྣམས། །གནས་ཀྱི་དབང་གིས་གྲུ་བཞིར་གྲགས། །ཏཏྐཱ་ལ་དང་ལྔ་པ་དང་། །དགུ་པ་ཟུར་གསུམ་ཞེས་བྱར་གྲགས། །ལྔ་དང་བདུན་པ་གྲིབ་མར་བརྗོད། །བརྒྱད་པ་ཉིན་ངོས་ཞེས་བྱ་སྟེ། །དེ་བཞིན་བཅུ་གཉིས་མཚམས་ཞེས་བྱ། །བཞི་དང་བརྒྱད་པར་བཞི་པར་བརྗོད། །གསུམ་དྲུག་དགུ་པ་བཅུ་གཉིས་པ། །གྱེན་སྟོད་ཅེས་བྱ་གཉིས་ལྔ་བརྒྱད། །བཅུ་གཅིག་བཅུ་གཉིས་ཐུར་སྨད་དོ། །དང་པོ་གསུམ་སོགས་མི་མཉམ་པ། །ཨུ་པ་ཙ་སྟེ་རྒྱས་སམ་འཕེལ། །གཉིས་པ་བཞི་སོགས་མཉམ་པ་རྣམས། །ཨ་པ་ཙ་སྟེ་ཕྲི་འམ་འགྲིབ། །ཡང་གཅིག་གསུམ་དྲུག་བཅུ་བཅུ་གཅིག །འདི་བཞིར་ཨུ་པ་ཙ་ཞེས་བཤད། །ཡང་ནི་ལུགས་གཅིག་དམིགས་བསལ་བ། །འབྲས་བུའི་སྐབས་སུ་གཤམ་ལ་འཆད། །གླང་འཁྲིག་ཀརྚ་བུ་མོ་སྲང་། །
གཞུ་ཉ་དགེ་ཕྱིར་ཞི་བར་གྲགས། །གཞན་དྲུག་མི་དགེ་དྲག་པོའི་ཁྱིམ། །ལུག་འཁྲིག་སེང་སྲང་གཞུ་བུམ་ཕོ། །མི་མཉམ་པ་དང་དྲག་པོར་འདོད། །གླང་ཀར་བུ་མོ་སྡིག་ཆུ་སྲིན། །ཉ་རྣམས་མཉམ་པ་མོ་ཁྱིམ་ཞི། །གཟའ་མེད་ཞི་དྲག་རང་དབང་ཁྱིམ། །གཟའ་ཡིས་སླེབས་ན་བཟང་ངན་བསྒྱུར། །དྲག་ལ་ཞི་གཟའ་གནས་ན་ཞི། །ཞི་ལ་སྡིག་གནས་དྲག་པོར་མཚུངས། །དེས་འགྲེ་རྟེན་གནས་ཁྱིམ་གྱི་ཁམས། །བརྟེན་པ་གཟའ་ཡི་དབང་དུ་འགྱུར། །ལུག་ཀར་སྲང་དང་ཆུ་སྲིན་གཡོ། །གླང་སེང་སྡིག་དང་བུམ་པ་བརྟན། །འཁྲིག་པ་བུ་མོ་གཞུ་དང་ཉ། །བརྟན་གཡོ་གཉིས་ཀའི་རང་བཞིན་ནོ། །ལུག་དང་སྡིག་པ་མིག་དམར་ཞིང་། །གླང་དང་སྲང་ནི་པ་སངས་བདག །འཁྲིག་དང་བུ་མོ་ལྷག་པའི་གནས། །ཀརྚ་ཟླ་བ་སེང་གེ་ཉི། །གཞུ་དང་ཉ་ནི་ཕུར་བུའི་ཞིང་། །ཆུ་སྲིན་བུམ་པ་སྤེན་པའི་གནས། །བུ་མོ་སྒྲ་གཅན་ཀརྐ་ཊ། །ཀེ་ཞེས་པ་དུ་བ་མཇུག་རིང་ཡིན། ཏུ་ཉིད་ཀྱིས་དབང་བྱེད་དོ། །གསུམ་བཞི་ལྔ་དྲུག་བདུན་བརྒྱད་རྣམས། །
ཁྱིམ་ན་གནས་སམ་འཇུག་པར་གྲགས། །དགུ་བཅུ་བཅུ་གཅིག་བཅུ་གཉིས་དང་། །ཏཏྐཱ་ལ་དང་གཉིས་པ་རྣམས། །ཡུལ་ལམ་ཁྱིམ་ནས་འཐོན་པར་བརྗོད། །གང་ཤར་ཏཏྐཱལ་ནས་བསྲང་སྟེ། །ལུགས་འབྱུང་རིམ་པས་བགྲངས་པ་ཡིན། །དཔེར་ན་ཏཏྐཱལ་ཉ་ཤར་ཚེ། །གསུམ་པ་གླང་གི་ཁྱིམ་དུ་དྲན། །གོང་འོག་ཐམས་ཅད་ཀྱི་རྩི་ཚུལ་འདི་བཞིན་བྱེད་པ་མཆན། དེ་རྣམས་སྟོབས་ཀྱི་བྱེ་བྲག་ནི། །འཁྲིག་པ་བུ་མོ་སྲང་བུམ་པ། །ཤར་དུ་བགྲོད་སོགས་སྟོབས་དག་ལྡན། །ལུག་གླང་སེང་གེ་གཞུ་རྣམས་ལྷོ། །སྡིག་པ་གཅིག་པུ་ནུབ་ཏུ་སྟོབས། །ཀརྚ་ཆུ་སྲིན་ཉ་རྣམས་བྱང་། །ལུག་གླང་འཁྲིག་ཀར་གཞུ་ཆུ་སྲིན། །མཚན་མོའི་དུས་སུ་སྟོབས་དང་ལྡན། །འཁྲིག་པ་མ་གཏོགས་ལྔ་པོ་དེ། །རྒྱབ་ཏུ་འཆར་བར་མཁས་པས་བཤད། །སེང་གེ་བུ་མོ་སྲང་སྡིག་བཞི། །མགོ་འཆར་ཞེས་གྲགས་དེ་རྣམས་དང་། །བུམ་བཅས་ཉིན་མོ་སྟོབས་ཆེ་ལ། །ཉིན་མཚན་གཉིས་ཀར་ཉ་སྟོབས་ཆེ། །ལུག་དང་བུ་མོ་ཁ་དོག་དཀར། །སྲང་དང་ཉ་དམར་
སྡིག་བུམ་ནག །གླང་སེང་སེར་ཞིང་ཀར་འཁྲིག་སྔོ། །གཞུ་དང་ཆུ་སྲིན་ལྗང་གུ་ཡིན། །རྟེན་གནས་ཁྱིམ་གྱི་རང་བཞིན་ནོ། །ད་ནི་བརྟེན་པ་གཟའ་བཤད་པ། །ཉི་མ་དམར་སྐྱ་ཟླ་བ་དཀར། །མིག་དམར་དམར་ནག་མདོག་ཡིན་ལ། །ལྷག་པ་ལྗང་ངམ་སྔོ་བ་དེ། །ཕུར་བུ་སེར་པོ་དག་ཏུ་སྣང་། །པ་སངས་ཁྲའམ་ངེས་པ་མེད། །སྤེན་པ་ནག་པོ་སྒྲ་གཅན་ནི། །ཡང་ན་མུན་པའི་མདངས་སམ་དམར་པོར་བལྟ། །དབྱིབས་ནི་ཉི་མ་རི་མོའི་དབྱིབས། །ཟླ་བ་རིང་པོ་འཇོང་མོ་སྟེ། །མིག་དམར་རིང་པོའི་དབྱིབས་སུ་བལྟ། །ལྷག་པ་གྲུ་བཞི་དང་ཟླ་གམ། །ཕུར་སངས་གྲུ་གསུམ་དབྱིབས་སུ་ཤེས། །སྤེན་པ་རི་མོའི་དབྱིབས་སུ་བཟུང་། །སྒྲ་གཅན་ཟླུམ་རིལ་གུག་པོའོ།། ཉི་མ་མིག་དམར་གཉིས་པོ་ནི། །རིན་ཆེན་དང་རྡོ་སོགས་བཞུ་དང་མི་བཞུའི་ཁམས་ཞེས་བྱ། །ཟླ་ཕུར་པ་སངས་སྲོག་ཆགས་རིགས་དང་ཤ་རུས་སོགས།། ལྷག་སྤེན་རྩ་བ་ཞེས་བྱ་སྟེ། །རས་གོས་རྩྭ་ཤིང་འབྲུ་སོགས་སོ། །ཉི་མའི་རང་བཞིན་བརྟན་
པ་སྟེ། །ཟླ་བ་གཡོ་ཞིང་མིག་དམར་དྲག །ལྷག་པ་འདྲེས་པ་ཕུར་བུ་ཡང་། །པ་སངས་འཇམ་ལ་སྤེན་པ་རྣོ། །ཉི་མས་གདུང་བའི་ལས་བྱེད་ཅིང་། །ཟླ་བས་མཛེས་པ་རྒྱས་པར་བྱེད། །མིག་དམར་གྱིས་ནི་འཆི་བར་བྱེད། །ལྷག་པས་ནོར་དང་ལྡན་པར་བྱེད། །ཕུར་བུས་ལོངས་སྤྱོད་འཕྲོག་པར་བྱེད། །པ་ཝ་སངས་ཀྱིས་ཕོངས་པར་བྱེད། །སྤེན་པས་ལོངས་སྤྱོད་སྟེར་བར་བྱེད། །ཉི་མ་མིག་དམར་ཕུར་བུ་རྣམས། །སྐྱེས་པའི་གཟའ་རུ་བསྟན་པ་ཡིན། །པ་སངས་ཟླ་བ་བུད་མེད་གཟའ། །གཟའ་ལྷག་སྤེན་པ་མ་ནིང་གཟའ། །ཉི་མ་མིག་དམར་རྒྱལ་པོའི་རིགས། །ཕུར་བུ་པ་སངས་བྲམ་ཟེའི་རིགས། །ཟླ་བ་རྗེ་རིགས་ལྷག་དམངས་རིགས། །བྲམ་ཟེ་དམངས་འདྲེས་སྤེན་པ་སྟེ། །སྒྲ་གཅན་གདོལ་པའི་རིགས་སུ་བརྗོད། །ཉི་མ་ཟླ་བ་རྒྱལ་པོའི་གཟའ། །ཕུར་བུ་པ་སངས་བློན་པོའི་གཟའ། །མིག་དམར་དམག་དཔོན་སྤེན་པ་བྲན། །གཟའ་ལྷག་རྒྱལ་པོའི་བུ་ཞེས་གྲགས། །ཉི་ཟླ་ཞི་བ་གཟའ་ལྷག་རྒྱས། །
པ་སངས་དབང་ལ་ལུས་དམར་དགུག །ཕུར་བསྐྲད་སྒྲ་སྤེན་བསད་ལ་དབང་། །ཉི་མིག་སྤེན་པ་དུས་མེ་རྣམས། །དྲག་པོའི་གཟའ་རུ་ཤེས་པར་བྱ། །ཕུར་བུ་ཞི་དྲག་འདྲེས་པ་སྟེ། །ཟླ་ལྷག་སངས་སྒྲ་ཞི་བར་བརྗོད། །ཟླ་ལྷག་པ་སངས་ཕུར་བུ་བཞི། །བསོད་ནམས་གཟའ་ཡིན་ཉི་མིག་དང་། །སྒྲ་གཅན་དུས་མེ་སྤེན་པ་ལྔ། །དྲག་པོའི་གཟའ་འམ་སྡིག་པའོ། །སྒྲ་གཅན་བསོད་ནམས་ལྡན་ཀྱང་གསུངས། །ཉི་མ་བླ་མ་མཐོ་རིས་ན། །ཟླ་བ་པ་སངས་དབུས་ན་གནས། །ས་འོག་སྤེན་པ་དང་ས་སྐྱེས། །མིག་དམར། རཱ་ཧུ་གཟའ་ལྷག་ནམ་མཁར་བྱེད། །མི་དང་དུད་འགྲོའི་དབྱེ་བ་ནི། །རྐང་གཉིས་བླ་མ་ཉི་མ་ལ། །ཟླ་བ་པ་སངས་རྐང་བཞི་པ། །གཟའ་ལག་སྒྲ་གཅན་རྐང་གཉིས་པ། །རྐང་མང་སྤེན་པ་མིག་དམར་རོ། །ཉི་ཟླ་མིག་དམར་བྱིས་པ་ལ། །ལྷག་པ་ཕུར་བུ་དར་མ་སྟེ། །སྒྲ་གཅན་སྤེན་པ་རྒན་པོར་བརྟག །ལོ་ཡི་བྱེད་པ་བརྗོད་པའོ། །ཉི་མ་དང་ནི་ཕུར་བུ་ལ། །རྭ་ཅན་རྣམས་སམ་མཆེ་སྡེར་ཅན། །ཟླ་བ་མཐོང་ན་སེང་གེར་ཤེས། །མཆེ་
སྡེར་ལྡན་པ། མིག་སྤེན་རྐང་བཞི་ཁྲི་དག་ཤེས། །ཟླ་བ་དང་ནི་སྒྲ་གཅན་གྱིས། །སེན་མོ་ཅན་ནི་རྣམ་པར་ཤེས། །ཉི་མ་ཤར་དུ་རྣམ་པར་གནས། །དེ་བཞིན་ཟླ་མིག་ལྷག་ཕུར་སངས། །སྤེན་སྒྲ་མེ་ནས་དབང་ལྡན་པར། །གཡས་སུ་བསྐོར་བས་ཕྱོགས་བརྟགས་པའོ། །ཉི་མ་ལ་ནི་རྫས་གཅིག་སོགས། །བརྒྱད་པ་རཱ་ཧུའི་བར་དུ་བརྟག །ཉི་མ་མགོ་བོ་ཟླ་བ་གདོང་། །མིག་དམར་མགྲིན་པ་ལྷག་གསུས་པ། །ཕུར་བུ་རྒྱུ་ཞབས་དཔྱི་མགོའོ། །པ་སངས་ཚང་རའི་ཚིགས་པ་ཡིན། །སྤེན་པ་བརླ་གཉིས་སྒྲ་གཅན་རྐང་། །དུ་མཇུག་རྐང་པའི་འོག་ཏུ་བརྟག །གཟའ་རྣམས་ལུས་ལ་བཀོད་པ་དེ། །གང་གིས་གནོད་པའི་ཕྱོགས་དེ་རུ། །ནད་སོགས་འབྲས་བུ་སྟོན་པར་བྱེད། །། ཨ་ཨི་རྀ་ཨུ་ལྀ་ཉི་མ། །ཧ་ཡ་ཝ་ར་ལ་ཟླ་བ། །ཀ་ཁ་ག་གྷ་ང་མིག་དམར། །ཙ་ཚ་ཛ་ཛྷ་ཉ་ལྷག་པ། །པ་ཕ་བ་བྷ་མ་ཕུར་བུ། །ཤ་ཥ་ས་ཧ་ཀྵ་པ་སངས། །ཊ་ཋ་ཌ་ཌྷ་ཎ་སྤེན་པ། །ཏ་ཐ་ད་དྷ་ན་རཱ་ཧུ། །ཨཱར྄་ཨཱེ་ཨར྄་ཨོ་ཨལ྄་ཀེ་ཏུ། །ཡི་གེའི་རབ་ཏུ་བྱེད་
པའོ། ༈ །ནག་རྩིས་རྒྱ་ཡི་ལུགས་ལྟར་དུ། །མིག་དམར་མེ་ཡི་ཡོན་ཏན་གྱི། །རྒྱལ་པོ་ལྷོ་ཕྱོགས་མེ་ཡི་གཟའ། །ཕུར་བུ་ཤིང་གི་ཡོན་ཏན་གྱི། །རྒྱལ་པོ་ཤར་ཕྱོགས་ཤིང་གི་གཟའ། །ལྷག་པ་ཆུ་ཡི་ཡོན་ཏན་རྒྱལ། །བྱང་ཕྱོགས་ཆུ་ལ་དབང་བའི་གཟའ། །པ་སངས་ལྕགས་ཀྱི་ཡོན་ཏན་ཏེ། །ནུབ་ཕྱོགས་ལྕགས་ལ་དབང་བའི་རྒྱལ། །སྤེན་པ་ས་ཡི་ཡོན་ཏན་ཏེ། །མཚམས་བཞི་ས་ཡི་རྒྱལ་པོའོ། །གཟའ་ཀུན་རྒྱལ་པོ་རཱ་ཧུ་ལ། །མཁའ་བཅུད་དབུ་མའི་ཁམས་ཡིན་ཏེ། །འབར་བ་དྲོད་ཀྱི་ཉི་མའི་རྒྱལ། །མེ་རླུང་བཅུད་འདུས་དབང་དྲག་སྲེག །རོ་མའི་དབང་གིས་རྩུབ་ལ་ཕྲི། །གནས་པ་བསིལ་གྱི་ཟླ་བའི་རྒྱལ། །ས་ཆུའི་བཅུད་འདུས་ཞི་རྒྱས་བསིལ། །རྐྱང་མའི་དབང་གིས་འཇམ་ལ་འཕེལ། །དེ་ཡིས་འགྲེས་སྦྱར་བློ་གྲོས་ཀྱི། །དོན་སྣོ༥ད་དབང་༥པོ་ཤ་ཁྲ༥ག་སོགས། །ཡུ༥ལ་དང་རོ་དྲུག་ཕྱི་སྣོ༥ད་དང་། །མདོར་ན་གང་ཤར་དངོས་པོའི་ཁམས། །ཉེར་བཅིངས་སྤྲོས་པས་ཁྱབ་པ་ནི། །དཔེར་ན་དབྱངས་གསལ་
ཕྲེང་བ་ཡིས། །ཆོས་ཁམས་རྒྱ་མཚོ་མཚོན་ལྟར་སྦྱར། །སྐར་རྩིས་ལུགས་སུ་ཉི་མིག་མེ། །ཟླ་ལྷག་ཆུ་ལ་ཕུར་བུ་ཤིང་། །པ་སངས་སྤེན་པ་ས་ཡི་ཁམས། །སྒྲ་གཅན་རླུང་གམ་ནམ་མཁའ་འདོད། །རླུང་ངམ་ཤིང་གཅིག་པ་མཆན། དེ་ནས་སྟོབས་ཀྱི་བྱེ་བྲག་ནི། །ཉི་སངས་དམར་པོ་རཱ་ཧུ་སྤེན། །ཟླ་ལྷག་ཕུར་བུ་རིམ་པ་བཞིན། །ཤར་ནས་དབང་ལྡན་མཐར་ཐུག་པར། །བཀོད་པ་རང་ཕྱོགས་སྟོབས་ལྡན་འགྱུར། །ཉི་ཕུར་པ་སངས་ཉིན་མོ་སྟོབས། །དམར་སྤེན་རཱ་ཧུ་ཟླ་བ་མཚན། །གཟའ་ལྷག་ཉིན་མཚན་གཉིས་ཀར་སྟོབས། །ཕུར་བུ་པ་སངས་དཀར་པོའི་ཕྱོགས། །ཉི་མ་སྤེན་པ་ནག་པོའི་ཕྱོགས། །ཟླ་མིག་གཟའ་ལྷག་གཉིས་ཀར་སྟོབས། །ཟླ་སངས་གླང་སོགས་མོ་ཁྱིམ་ལ། །ལྷག་རྣམས་ཕོ་ཁྱིམ་ལ་སྟོབས་ཆེ། །ཉི་ཟླ་བྱང་དུ་བགྲོད་ཚེ་སྟོབས། །གཟའ་གཞན་ལྷོ་རུ་བགྲོད་ཚེའོ། །ལྷག་ཕུར་མྱུར་བའི་འགྲོས་ལ་སྟོབས། །མིག་དམར་ཁ་ནུབ་ཕྱོགས་འགྲོས་ལ། །སངས་སྤེན་དལ་འགྲོས་ལྷོ་ཡི་ཕྱོགས། །སྤེན་
དམར་ལྷག་ཕུར་སངས་ཟླ་ཉི། །སྒྲ་གཅན་བཅས་པ་རིམ་པར་དུ། །གཅིག་ནས་བརྒྱད་པར་སྟོབས་ཆེ་བ། །གཟའ་རྣམས་རྩ་བའི་སྟོབས་ཞེས་གྲགས། །དེ་རྣམས་དགྲ་གྲོགས་ཁྱད་པར་ནི། །ཉི་མའི་གྲོགས་པོ་ཕུར་བུ་སྟེ། །ཟླ་གྲོགས་ཕུར་བུ་ལྷག་པའོ། །མིག་དམར་གྲོགས་པོ་ལྷག་སངས་གཉིས། །ལྷག་གྲོགས་ཟླ་མིག་ཕུར་སངས་སྤེན། །ཕུར་གྲོགས་ཉི་ཟླ་པ་སངས་སྤེན། །འདིར་དགྲ་གྲོགས་གཉིས་ཁོ་ནའི་དབང་དུ་བྱས་པ་དེ། དགྲ་གྲོགས་བཏང་སྙོམས་གསུམ་དུ་དབྱེ་བའང་འདུག་པས་གང་བདེར་སྦྱར་ཤེས་པར་བྱའོ།། སངས་གྲོགས་མིག་ལྷག་ཕུར་སྤེན་ནོ། །སྤེན་པའི་གྲོགས་པོ་ཕུར་ལྷག་སངས། །ཉི་དགྲ་ཟླ་མིག་ལྷག་སངས་སྤེན། །ཟླ་དགྲ་མིག་སངས་སྤེན་པའོ། །དམར་དགྲ་ཉི་ཟླ་ཕུར་སྤེན་ནོ། །ལྷག་པའི་དགྲ་བོ་ཉི་མ་སྟེ། །ཕུར་པའི་དགྲ་བོ་མིག་ལྷག་གཉིས། །དཀར་པོའི་དགྲ་ནི་ཉི་མ་ཟླ། །སྤེན་དགྲ་ཉི་མ་མིག་དམར་རོ། །རང་རང་ཞིང་ལ་བདག་པོ་ཞུགས། །དུས་དེར་གཟའ་བདུན་རང་རང་ལ། །ཇི་སྐད་དགུག་སོགས་ཀྱི་ལས་བཤད་པ་
མངོན་སུམ་དུ། །འབྲས་བུ་ཇི་བཞིན་མཐོང་བ་ཡིན། །གང་ཤར་ཁྱིམ་ན་རང་བདག་གི །གྲོགས་པོ་ཡོད་བཟང་དགྲ་ཡོད་ངན། །དེ་ཡི་མཐོང་བའི་ས་རྣམས་ལ། །དགྲ་དང་གྲོགས་གཟའ་ཡོད་ཚུལ་བརྟག། །ད་ནི་གཟའ་འབྲས་བཟང་ངན་ནི། །ཉི་མ་ཤར་ན་ནོར་རྣམས་ཉམས། །དམར་ངོ་ཁྲག་ངོ་ཡམས་ཀྱིས་འཚེ། །འབར་བའི་མེ་ལྕེ་གདུག་པ་ཡིས། །བསྲེག་ཉམས་ཚད་པས་ཀུན་ཏུ་གདུང་། །ལུས་ལ་ནད་ཀྱིས་འཚེ་བར་འགྱུར། །ཟླ་བ་དགྲ་ཤི་རང་ཉིད་རྒྱལ། །རྒྱ་མཚོའི་ནང་ནས་ནོར་བུ་འབྱུང་། །དགོས་འདོད་བསམ་པ་ཐམས་ཅད་འགྲུབ། །ཡིད་ལ་སྨོན་པ་མྱུར་འགྲུབ་བཟང་། །མིག་དམར་ཤར་བར་གྱུར་པ་ན། །སྡུག་བསྔལ་དགྲ་གྱོད་མེ་ལྕེ་མཆེད། །ནད་དང་ཁ་སྨྲས་དམར་ངོ་འབྱུང་། །མཛའ་བོ་དགྲར་ལྡང་ངན་སྦྱོར་བྱེད། །བསམ་པའི་དོན་ལ་བར་ཆད་འོང་། །ལྷག་པ་ཤར་ན་ཅི་བསམ་ཀུན། །བར་ཆད་མེད་འགྲུབ་རྙེད་པ་འོང་། །ཆུ་ཞིག་ཡོད་པ་མར་ཁུར་སོང་། །སྐལ་བཟང་
ནོར་འབྱོར་ཕུན་སུམ་ཚོགས། །ཕུར་བུ་ཞི་དྲག་འདྲེས་མ་སྟེ། །ཚེ་དཔལ་བསམ་པའི་བར་ཆད་ལྡང་། །རང་ངམ་གཞན་གྱི་སྲུང་མ་ལྡོག །ཡང་ན་རིག་སྔགས་ཡོན་ཏན་རྒྱས། །བན་བཙུན་སྔགས་པའི་ཕྱ་ལ་བཟང་། །ཙནྡན་ལྗོན་པ་ལོ་འདབ་རྒྱས། །པ་ཝ་སངས་ལ་ལུས་སེམས་བདེ། །འབྲུ་གོས་ནོར་རྙེད་བུ་འཁོར་རྒྱས། །ཁྱད་པར་བུད་མེད་དགའ་བས་དགའ། །སྙིང་ལ་དབང་གི་དྲི་བསུང་ལྡང་། །སྤེན་པ་ལ་ནི་བབ་པ་ན། །ཡམས་རིམས་ཀླུ་ནད་གཞོག་ཕྱེད་ན། །ཡུལ་གཞན་ཕོ་དང་བྱེ་བྲལ་འོང་། །གོང་མས་མནར་ཞིང་སྡོམ་པ་འཆོར། །ངམ་རྡོ་སྒོ་ལ་བབ་པ་ཡིན། །སྒྲ་གཅན་ཤར་ན་དགྲ་བོ་ཕམ། །རང་ཉིད་རྒྱལ་འགྱུར་ཚེ་སྲིད་རྙེད། །ལྷུན་པོར་དར་ཆེན་ཕྱར་བ་ཡིན། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། །གེགས་སུ་སོང་ན་འཇིགས་པ་ཆེ། །དུས་མེ་ཤར་ན་བྱ་བ་ཀུན། །འགྲུབ་འགྲུབ་འདྲ་ལ་འགྲུབ་རྒྱུ་མེད། །དོན་མེད་སྡུག་བསྔལ་དྲག་པོས་གཟིར། །མི་བདེ་སྙིང་གི་ཚེར་མ་ཡིན། །གཉིས་
པ་བྱེ་བྲག་ཏུ་བརྟག་པར། །གཟའ་ཁྱིམ་སྦྲགས་པའི་འབྲས་བུ་ནི། །སྤྱི་དང་བྱེ་བྲག་དམིགས་བསལ་གསུམ། །ཐོར་བུའང་དང་པོ་གནས་མལ་བཅུ་གཉིས་ནི། །དང་པོའི་སྟེང་དུ་ཉི་མ་ཤར། །ལྷོ་ཙནྡན་ནགས་ཀྱི་དཀྱིལ་རུམ་དུ། །མོན་ཆུ་ཤིང་སྡོང་པོ་གཞུང་ནས་སྐམ། །གློ་བུར་ཡེ་འདྲོག་འབྱུང་ཉེན་ཡོད། །ནོར་དང་བོར་སྟོར་གོད་ཁ་འོང་། །ལྷ་ཁང་མཆོད་རྟེན་བརྒྱ་རྩ་ལ། །དཀར་མེ་ལྷ་བཤོས་དར་ལྕོགས་ཕུལ། །མི་མཁས་པ་བཞི་ལ་སྟོན་མོ་བྱ། །ལྷ་རྒྱལ་ལྷ་གསོལ་མང་དུ་བྱ། །བྲག་བཙན་དང་བྲག་བདུད་མཆོད་ན་ལེགས། །ཏཏྐཱལ་སྟེང་དུ་ཟླ་བ་ཤར། །དབུས་ཀྱི་གྭའུ་གསེར་ལྗོངས་ལ། །ཁྲི་གདུགས་ཉི་མའི་འོད་དང་ལྡན། །ཟས་གོས་སྟན་དང་ལོངས་སྤྱོད་རྙེད། །མདོ་སྡེ་སྐལ་བཟང་ཚར་གསུམ་སྒྲོགས། །ཏཏྐཱལ་སྟེང་དུ་མིག་དམར་ཤར། །དོན་མེད་འཕྲོག་བཅོམ་བྱེད་པ་དང་། །དོན་མི་འགྲུབ་དགྲ་ཡི་གཡབ་མོ་གཡབ། །སྔ་ན་མེད་པའི་སྡུག་བསྔལ་འབྱུང་། །མི་ཆེན་ལ་ལོག་ཕོག་འབྱུང་དོགས་འདུག །སྐྱེས་དར་མ་གྲི་
རུ་འཆི་ཉེན་ཆེན། །ནད་དང་རྨ་དང་རྒྱལ་པོས་འཇིགས། །རྒྱས་པ་འབུམ་ལ་འུར་འདོན་གྱིས། །གྲི་བཅོས་རྒྱས་འབྲིང་སྐབས་དང་སྦྱར། །ཏཏྐཱལ་སྟེང་དུ་ལྷག་པ་ཤར། །ཁ་བ་ཉིན་མཚན་དགུར་བབས་ཀྱང་། །ཅོ་གའི་འགྱུར་སྐད་དགུང་ལ་འཐེན། །གོང་མའི་གནས་སུ་འགྲོ་ན་བཟང་། །ཚེ་མཐུ་ལོངས་སྤྱོད་རྒྱས་པ་ཡིན། །ཏཏྐཱལ་སྟེང་དུ་ཕུར་བུ་ཤར། །ཤིང་ཙནྡན་སྡོང་པོའི་ཡལ་ག་ལ། །ནད་བཞི་བརྒྱ་འཇོམས་པའི་གཉེན་པོ་སྐྱེས། །བདུད་ནག་པོའི་རིགས་ལ་དུག་ཏུ་འགྱུར། །བདུད་རྔམས་ཆེན་འདུལ་བའི་སྨན་མཆོག་ཡིན། །དགྲ་ཕུར་བུས་ཐེབས་པས་བཟང་བ་ཡིན། །ཁྱིམ་དང་དགྲ་གཤེད་ཐུག་པས་ན། །ནོར་རམ་གནས་ལ་འཕོ་འཕྱུགས་དོགས། །ཆོས་སྐྱོང་སྲུང་མའི་བསྐང་གསོལ་གྱིས། །མཆོད་རྟེན་སྐུ་དཀར་དར་ལྕོགས་ཕུལ། །ཏཏྐཱལ་སྟེང་དུ་པ་སངས་ཤར། །ལྷ་ཆེན་ཚངས་པ་གདོང་བཞི་དེས། །སྒོ་ཡི་ལྡེའུ་མིག་ཕྱག་ན་བསྣམས། །རིན་ཆེན་སྣ་ལྔའི་བང་མཛོད་འབྱེད། །འབྲུ་དྲུག་ཐང་ལ་སྨིན་པ་ཡིན། །དབུལ་ཕོངས་
དགྲ་བོ་ཆོམ་ལ་འབེབ། །གོང་མའི་གནས་སུ་བགྲོད་པ་བཟང་། །དགའ་བའི་ཡིད་དང་གོས་བཟང་ཐོབ། །ཏཏྐཱལ་སྟེང་དུ་སྤེན་པ་ཤར། །དགུང་སྔོན་ཁང་དུ་བབས་པ་ལ། །སྤྲིན་དམར་བཙའ་ཡིས་གཡོགས་པ་ཡིན། །སྐྱེས་པའི་ཚེ་ལ་བར་ཆད་འབྱུང་། །འབུམ་དང་རྒྱལ་པོ་གཡུ་ཕྲེང་བཅོས། །གནས་ལས་ཉམས་ཤིང་ཉེ་འཁོར་འབྲལ། །ལྷ་ཁང་དཀར་མེ་དར་ལྕོགས་ཕུལ། །ཏཏྐཱལ་སྟེང་དུ་སྡིག་ཅན་ཤར། །ལྷ་ཀོང་ཚེ་འཕྲུལ་གྱི་གདན་ཁྲི་ལ། །བདུད་ཀྱི་སྲོག་མདའ་ཟུག་པ་ཡིན། །གློ་བུར་ནད་རྐྱེན་དྲག་པོའམ། །ཡང་ན་གོང་མའི་ལོག་ཕོག་འོང་། །བཀའ་རྒྱས་འབྲིང་བསྡུས་གསུམ་འུར་འདོན་གྱིས། །བདུད་ཀྱི་བཅོས་ཀ་སྐབས་དང་སྦྱར། །བླ་བསླུ་ཚེ་སྒྲུབ་ཚེ་ཆོག་བྱ། །བསོད་ནམས་གཟའ་ཤར་དེ་ལས་ལྡོག །གཉིས་པའི་སྟེང་དུ་ཉི་མ་ཤར། །ཟུན་འཕར་བ་ནག་པོའི་ཚང་སྒོ་རུ། །གཡང་མོ་ལུག་ལ་ཐོག་རྒྱུག་བྱུང་། །དམར་ཆགས་ཕྱུགས་ལ་གོད་ངོ་ཡོད། །རྦབ་འདྲིལ་གཡང་ལྷུང་གྱོང་ཀའི་ངོ་། །ཕྱིར་འགྲོ་ཡོད་ན་
དེ་ཡིས་ཐུབ། །ཉི་ཁྲི་གསེར་འོད་བསིལ་གཏོར་ཐོངས། །ཀླུ་བཙན་རྒྱལ་པོ་མཆོད་ན་བཟང་། །གཉིས་པར་ཟླ་བ་ཤར་བ་ན། །རྟ་མདོ་བ་གཅིག་གི་སྲབ་མདའ་ལ། །ཕོ་རྟ་བརྒྱ་ཡིས་མཐུར་མདའ་ཟིན། །ནོར་གཅིག་བཞག་གཉིས་སུ་འཕེལ་བས་བཟང་། །རྙེད་པ་ཆུང་ཞིང་བགེགས་འཚེ་དོགས། །བར་ཆད་བསལ་བའི་ཆོས་ཚན་སྒྲོགས། །གཉིས་པར་མིག་དམར་ཤར་བ་ན། །ལྷོ་ཙནྡན་ནགས་ཀྱི་དཀྱིལ་རུམ་ན། །མོན་ཁ་འདུས་ཇག་པ་རྐྱ་བདུན་གྱིས། །ཉམ་ཆུང་གི་མགྲོན་པོ་བཅོམ་པ་ཡིན། །ནོར་ལ་གང་སྟོངས་འོང་བས་གཟབ། །ཉེ་བ་མཐུན་ཉེན་གློ་བུར་གོད། །གླེགས་བམ་གཡང་སྒྲུབ་གོད་སྲི་མནན། །གཉིས་པའི་སྟེང་དུ་ལྷག་པ་ཤར། །གཡང་ཅན་ནོར་གྱི་བང་མཛོད་དེར། །གནོད་སྦྱིན་ཚོགས་ཀྱིས་དངོས་གྲུབ་བབས། །བང་མཛོད་གང་བའི་འབྲས་བུས་འཚིང་། །ནོར་ནི་མང་དུ་ཐོབ་པ་ཡིན། །
ནོར་ལ་གང་སྟོངས་འོང་། །རྟ་དང་བོང་བུའི་ས་རུ་ངན། །གཡང་སྒྲུབ་གླེགས་བམ་རྡུལ་སྤྲུགས་བྱ། །གོད་འདྲེ་མནན་ཅིང་གཡང་རྟེན་བཅའ། །དགྲ་བྲུབས་བྱད་བཟློག་བྱས་ན་བཟང་། །གཉིས་པར་པ་སངས་ཤར་བ་ན། །རིན་ཆེན་གསེར་གྱི་བང་མཛོད་དུ། །དགོས་འདོད་འབྲས་བུ་སྨིན་པ་ཡིན། །སྟོང་པ་བཅུད་ཀྱིས་གང་བས་བཟང་། །ལོངས་སྤྱོད་འབྲས་བུ་ཀུན་ནས་འཐོབ། །གཉིས་པར་སྤེན་པ་ཤར་བ་ན། །གསེར་ཉ་བྱེ་མའི་གསེབ་ལ་ཤོར། །ནོར་གཡང་ཅན་དགྲ་དང་བགེགས་ཀྱིས་འཇོམས། །ནོར་ལ་གང་སྟོངས་འོང་བས་གཟབ། །གཡང་སྒྲུབ་ལྟག་སྤྲོད་ཚེ་སྒྲུབ་བྱ། །བློ་ཉམས་ཡིད་མི་བདེ་བ་འོང་། །འཕགས་པ་གསེར་འོད་དམ་པ་སྒྲོགས། །གཉིས་པ་འདི་ལ་སྡིག་ཅན་ཤར། །མེ་སྟག་ཕྲ་མོ་ཁབ་ཙམ་དེས། །རི་རབ་བསྲེགས་པའི་རྩ་བ་བྱས། །ནོར་ལ་གང་སྟོངས་བོར་རལ་འོང་། །འདུན་མ་ལོངས་སྤྱོད་ནོར་ལ་གཟབ། །གླེགས་བམ་གཡང་སྒྲུབ་གསེར་འོད་འདོན། །རྣམ་སྲས་གནོད་སྦྱིན་གཏོར་སྒྲུབ་བྱེད། ༈ །
གསུམ་པར་ཉི་མ་ཤར་བ་ན། །གློ་ཕུག་བདུད་ལ་གཏོད་པ་དང་། །ས་ཕུག་བྲག་ལ་ཐུག་པ་ཡིན། །ཕ་སྤུན་ཕྱོགས་སུ་གྱོད་འཛེར་འོང་། །འབྲུག་ལོ་པ་ལ་ཤིན་ཏུ་ངན། །བདུད་བཟློག་སྡོང་བརྒྱན་ཆུ་བཟློག་བྱ། །འབྱུང་བཞིའི་སཱཙྪ་མང་དུ་ཐོབ། །གསུམ་པར་ཟླ་བ་ཤར་བ་ན། །སྟག་དམར་ཡག་གྲ་འཛུམ་སྒང་ལ་རྒྱས། །ཕ་སྤུན་གྱི་རུ་དར་ཕྱར་བས་བཟང་། །བདེ་བ་ཐོབ་ཅིང་རྣམ་པར་རྒྱལ། །གསུམ་པའི་གནས་སུ་མིག་དམར་ཤར། །ཁྱིམ་དུ་ཟས་ཟོས་ཆང་འཐུང་ནས། །ཐེམ་པར་ཐོན་ནས་འཕྱར་ཀ་བྱེད། །ཕ་སྤུན་ནང་དུ་རལ་ཁ་སྤྲོད། །འཁྲུགས་འདྲེ་ནག་མོའི་བྱོལ་ཟོར་གྱིས། །ཡང་གཅིག་འདི་ལ་དྲག་གཟའ་ཡང་། །ནོར་གྱི་ངོ་རུ་བཤད་པ་སྲིད། །གསུམ་པར་ལྷག་པ་ཤར་བ་ན། །སྟག་དམར་ཡག་གྲ་ལ་འཇའ་རིས་ཐོན། །ཕ་སྤུན་གྱི་གྲལ་སོ་ཚུགས་པ་དང་། །འཇིགས་འཕྲང་ལས་གྲོགས་ཀྱིས་བཏོན་པ་ཡིན། །གསུམ་པར་ཕུར་བུ་ཤར་བ་ན། །ཕ་དང་མེས་པོའི་གྲལ་ས་དེར། །བན་ཆོས་སྐྱོང་སྲུང་མའི་བཀའ་ཆད་
ཕོག །ཕ་སྤུན་དམེ་ཁྲག་ཕོག་དོགས་ཡོད། །ཆོས་སྐྱོང་སྨུག་མོ་ཡང་ཡང་མཆོད། །འགྱོད་ཚངས་པ་བཤགས་པ་མང་དུ་ཕུལ། །གསུམ་པར་པ་སངས་ཤར་བ་ན། །རྟ་རྒོད་མ་གཅིག་གི་མཐུར་མདའ་ལ། །རྟ་ཕོ་བརྒྱ་ཡི་སྲབ་མདའ་ཟིན། །ཕ་སྤུན་གྲལ་སོ་དར་བ་ཡིན། །གསུམ་པར་སྤེན་པ་ཤར་བ་ན། །སྟག་དར་མའི་གྲ་འཛུམ་རྔོ་ཡིས་ཁྱེར། །ནང་ཆ་བུ་དགུ་རུལ་བ་ཡིན། །རྒྱལ་པོའི་བཅོས་ཀ་བསིལ་གཏོར་ཐོངས། །གསུམ་པར་སྡིག་ཅན་ཤར་བ་ན། །དོགས་མོ་ས་ཡི་མཆིན་པ་གས། །ཕ་སྤུན་མཚེར་ས་བདུད་ཀྱིས་འཕྲོག །དེ་ལ་ཕལ་ཆེན་གསུང་སྒྲོགས་བྱ། །དགྲ་བླའི་ཐང་ཀ་བཅུ་གསུམ་སོགས། །ངན་སློང་གསུམ་ལ་སྦྱིན་པ་ཐོངས། །། བཞི་པར་ཉི་མ་ཤར་བ་ན། །ཤིང་ཕྲན་སཏྭ་རེས་བཅད་པ་དང་། །ལྷ་ཕྲུག་ཐང་ལ་ཡར་བ་ཡིན། །སྙིང་དེ་གློ་བར་འགྲོ་ཉེན་ཡོད། །དེ་ལ་ཁ་མཆུ་ནག་པོ་སོགས། །སྡེ་ལྔ་མང་དུ་སྒྲོགས་པ་བཟང་། །ལྷ་བསང་ལྷ་ཁྲུས་ལམ་འཕྲང་བསལ། །
བཞི་པར་ཟླ་བ་ཤར་བ་ན། །དམའ་སྤང་རིའི་མགོ་ལ་ཉི་མ་ཤར། །ལྷ་བྱ་གཅིག་གིས་ཡར་ཤོག་ཟེར། །གྲོགས་ཀྱི་རྫི་བོ་མ་སྟོང་བཟང་། །གསུས་ནད་འཇིགས་པ་འབྱུང་ཡང་ཐང་། །བཞི་པར་མིག་དམར་ཤར་བ་ན། །གཙོ་བོ་གྲོས་ཀྱི་རྒྱ་མཚོ་དེ། །འདྲེ་མུན་པ་ནག་པོས་དཀྲུགས་པ་ཡིན། །མི་སྙིང་དང་འདྲ་བས་བསླུ་བ་འོང་། །ཡང་ན་རིམས་འཇིགས་མེ་ཐན་འོང་། །བོན་གྱི་ཁམས་ཆེན་ཚར་གསུམ་སྒྲོགས། །ཕལ་ཆེན་གསུང་སྒྲོགས་རྡུལ་སྤྲུགས་བྱ། །བཞི་བར་ལྷག་པ་ཤར་བ་ན། །བློ་ཆུང་བཅོས་བུའི་རང་མགོ་ཐོན། །ལྷ་ཀོང་རྩེ་འཕྲུལ་རྒྱལ་དངོས་གྲུབ་བབས། །གྲོགས་ཀྱི་རྒྱ་མཚོ་མ་སྐམ་བཟང་། །ལྗོན་ཤིང་རླན་དང་འཕྲད་པ་ཡིན། །རོ་ཙ་རྩོམ་པའི་དུས་སྦྱོར་བཟང་། །རྩ་མིག་བདུད་རྩིས་གང་བ་ཡིན། །བཞི་པར་ཕུར་བུ་ཤར་བ་ན། །འབྱུང་བ་ཤིང་གི་ཕ་ཁང་ན། །ཕུར་བུ་ཤིང་གི་ལོ་འབྲས་རྒྱས། །གཙོ་བོ་གྲོས་ཀྱི་རྒྱ་མཚོ་ཁེངས། །གྲོགས་ཀྱི་རྫིང་བུ་མ་སྟོང་བཟང་། །
རླུང་དང་གློ་ནད་ཡོད་ན་ཐང་། །བཞི་པར་པ་སངས་ཤར་བ་ན། །མི་བློ་ལྷ་ཡིས་བསྐུལ་བ་ཡིན། །ལྷ་མཁར་རྩེ་ལ་ཉི་མ་ཤར། །ལྷ་བྱ་གཅིག་གིས་གནམ་འཕངས་བཅད། །ཁྱུང་ཆེན་ནམ་མཁར་འགྱིང་བ་ཡིན། །དགྲ་འདྲེའི་དམག་དཔུང་རྡུལ་དུ་རློག །བཟང་མདོ་མདོ་སྡེ་བསྐལ་བཟང་དང་། །ཡུམ་གྱི་དབུ་དུམ་སྒྲོགས་པར་བྱ། །དེ་བྱས་བདེ་སྐྱིད་འབྱོར་བ་ཐོབ། །བཞི་པར་སྤེན་པ་ཤར་བ་ན། །སེང་གེའི་ཁོག་པ་འབུ་ཡིས་གང་། །ཞག་ཉ་མིག་ཙས་ཞིག་ཕྱི་ལ་འབོ། །གཞན་གྱིས་སྡང་ཞིང་གཉེན་ནོར་ཉམས། །ཡིག་བརྒྱ་དོན་ཞགས་གཟུངས་བསྒྲུབ་བྱ། །བཞི་པར་སྡིག་ཅན་ཤར་བ་ན། །དབུས་ཀྱི་གྭའུ་གསེར་ལྗོང་ལ། །ལྷ་འདྲེའི་དམག་ཚོགས་འདུས་པ་ཡིན། །གཙོ་བོ་གྲོས་ཀྱི་རྒྱ་མཚོ་སྐམ། །ཆོས་སྐྱོང་གཏོར་སྒྲུབ་མང་དུ་བྱ། །འགག་པ་སེལ་ཞིང་ལྷ་བསང་གཏོང་། །ལྔ་པར་ཉི་མ་ཤར་བ་ན། །ལྷ་ཕྲུག་ཐང་ལ་ཡར་བ་ཡིན། །ཐབ་གཞོབ་མི་གཙང་འཁོན་ལ་གཟབ། །ལྷ་བསང་ལྷ་ཁྲུས་
ཉི་ཁྲི་སྒྲོགས། །བྱ་སྟོན་བྱིས་སྟོན་ཐབ་འདོན་བྱ། །ཆུང་གླུད་མདོ་མང་སྣང་བརྒྱད་སྒྲོགས། །ཆུང་གི་བཅོས་ཀ་སྣ་ཚོགས་བྱ། །འགག་པ་སེལ་ཞིང་ལ་རྫས་གསོ། །ལྔ་པ་ཟླ་བ་ཤར་བ་ན། །གསེར་མིག་གཡུ་ཡིས་སྤྲས་པ་དང་། །མཚོ་མཐའ་ངང་པས་བསྐོར་བ་ཡིན། །དཔལ་གྱི་མེ་ཏོག་རྒྱས་པ་སྟེ། །བཟང་མདོ་གཟུངས་འདུས་མང་དུ་སྒྲོགས། །ལྔ་པར་མིག་དམར་ཤར་བ་ན། །ཐེའུ་རང་བདུད་ཀྱི་སྤྲུལ་པ་དེས། །ཆུང་གསུམ་རྩེ་རར་རྒྱུག་ལམ་བྱས། །རིམས་དང་གློ་བུར་ནད་ལ་གཟབ། །བསིལ་གཏོར་གླུད་གཏོར་མང་དུ་ཐོངས། །ངན་སློང་གསུམ་ལ་སྦྱིན་པ་བྱ། །ལྔ་པར་ལྷག་པ་ཤར་བ་ན། །ལྷ་ཕྲུག་རྩེད་འཇོའི་ལྡུམ་ར་དེར། །དཔལ་གྱི་མེ་ཏོག་རྒྱས་པ་ལ། །བདེ་སྐྱིད་གཡུ་སྦྲང་འཁོར་བ་ཡིན། །བཀྲ་ཤིས་བུ་ཆུང་ས་རུ་བཟང་། །ལྔ་པར་ཕུར་བུ་ཤར་བ་ན། །ས་བདུད་ཤིང་གིས་ཕུག་པ་ཡིན། །འབྱུང་བ་བདུད་དུ་འཁྲུགས་པ་ཡིས། །རིམས་དང་འབྲུམ་ཤུ་སྐྲངས་འབུར་འོང་། །བྱིས་
སྟོན་བྱིས་པའི་ཆུང་གླུད་བྱ། །འབྱུང་བཞིའི་སཱཙྪ་ལམ་འཕྲང་བཅོས། །བནྡེ་བུ་ཆུང་ས་རུ་བཟང་། །ལྔ་པར་པ་སངས་ཤར་བ་ན། །འདྲེ་དེ་མི་ཡུལ་འཁྱར་བ་ཡིན། །ལྷ་དེས་རང་ཡུལ་ཟིན་པ་ཡིན། །ལྷ་དཀར་སྨུག་གསོལ་མཆོད་བྱས་ན་བཟང་། །ལྔ་པར་སྤེན་པ་ཤར་བ་ན། །འདྲེ་དེ་མི་ཡུལ་སླེབས་པ་ཡིན། །ཆུང་སྲིད་གྲལ་སོ་སྟོང་བ་ཡིན། །རིམས་དང་དལ་ཡམས་འབྱུང་དོགས་ཡོད། །གཙུག་ཏོར་སྡེ་ལྔ་རིམས་སྲུང་འདོན། །བསིལ་གཏོར་ཆ་གསུམ་ཆུང་གླུད་ཐོངས། །ལྔ་པའི་སྟེང་དུ་སྡིག་ཅན་ཤར། །གླིང་བཞི་བསྐོར་བའི་ཉི་ཟླ་གཉིས། །ཁྱབ་འཇུག་གཟའ་ཡིས་ཟིན་པ་ཡིན། །ཆུང་གསུམ་གྱི་རྩེ་ར་སྟོང་ཉེན་ཡོད། །གློ་བུར་ནད་རྐྱེན་དྲག་པོ་འོང་། །བསིལ་གཏོར་ན་རག་དོང་སྤྲུགས་བྱ། །ཆུང་གླུད་ཡས་ཀྱིས་སྲི་སྒོ་གཅོད། །ཆུང་ལ་དགོས་པ་ཅི་འགྲུབ་བྱ། །དྲུག་པར་ཉི་མ་ཤར་བ་ན། །བན་བཙུན་པའི་དགྲ་ངོ་ལངས་པ་ཡིན། །དམར་ཆགས་ནོར་ལ་ཁ་སྨྲས་འོང་། །ལྷ་ཁང་
དཀར་མེ་དར་ལྕོགས་འཛུགས། །ཟ་འདྲེ་གནོད་བྱེད་ཁ་བསྒྱུར་བྱ། །དྲུག་པར་ཟླ་བ་ཤར་བ་ན། །དོན་མེད་འཕྲོག་བཅོམ་དག་དང་ནི། །སྔར་མེད་སྡུག་བསྔལ་གསར་དུ་འབྱུང་། །དགྲ་ཟློག་དགྲ་བྲུབས་དགྲ་སྲི་མནན། །དྲུག་པར་མི་དམར་ཤར་བ་ན། །སྡང་བའི་དགྲ་བོ་བཙོན་དུ་བཟུང་། །འཕར་བ་ནག་པོ་གཡང་དུ་ལྷུང་། །དགྲ་མི་ཐུབ་མ་ཡིན་ཐུབ་པས་བཟང་། །དྲུག་པར་ལྷག་པ་ཤར་བ་ན། །ཤིང་གྲ་མའི་མེ་དེ་འབར་འདོད་ཡིན། །དགྲ་ཁ་གཡེལ་ཅན་དེ་ལབ་འདོད་ཡིན། །དར་ཟབ་ལ་བརྟེན་པའི་རྩོད་ངོ་ཡོད། །དགྲ་བྲུབས་ལྷ་བསང་སྡོང་བརྒྱན་དང་། །ཁ་མཆུ་ནག་པོ་ཚར་གསུམ་སྒྲོགས། །དྲུག་པར་ཕུར་བུ་ཤར་བ་ན། །ཙནྡན་ནགས་ཀྱི་དཀྱིལ་རུམ་དུ། །སྟག་ངར་མའི་གྲ་སྡེབས་ཚོགས་འདུ་དེས། །ཉེས་ཅན་འགྲོན་པོ་བཅོམ་པ་ཡིན། །དགྲ་འགྲན་འདོད་ཆོམ་ལ་ཕབ་པ་ཡིན། །དྲུག་པར་པ་སངས་ཤར་བ་ན། །བདུད་ཤོར་བ་གཞོན་ནུ་ཐང་ལ་ལངས། །དོན་མེད་རྐུ་འཕྲོག་འབྱུང་བ་དང་། །
སྔ་ན་མེད་པའི་དགྲ་བོ་འབྱུང་། །དགྲ་བཟློག་དགྲ་བྲུབས་འབད་པར་བྱ། །དྲུག་པར་སྤེན་པ་ཤར་བ་ན། །རི་དེ་ཡི་ཤ་བ་གཉའ་ནས་ཆག །ཁྱི་སྤྱང་མོ་གཉིས་ཀ་མནན་པ་ཡིན། །དགྲ་དོང་རུལ་ཡིན་པས་མཆོག་ཏུ་བཟང་། །དགའ་བས་རོལ་ཞིང་གོས་རྒྱན་རྙེད། །སེམས་ཟུག་རྔུའི་ཚེར་མ་བྲག་གིས་མནན། །དྲུག་པར་སྡིག་ཅན་ཤར་བ་ན། །དགྲ་མགོ་རེ་བས་ཕུར་བ་ཡིན། །དགྲ་ཕ་བརྒྱ་ཤི་ལ་བུ་བརྒྱ་རུལ། །དགྲ་བོ་ཆོམ་ལ་ཕབ་པས་བཟང་། །། བདུན་པར་ཉི་མ་ཤར་བ་ན། །ཤིང་གྲ་མའི་མེ་ཆེན་དབུས་ནས་འབར། །སྨན་སྦྲུམ་མའི་ལུས་སྲོག་བདུད་ལ་ཤོར། །ཚེ་མདོ་ཚེ་སྒྲུབ་སྒྲོལ་གསོལ་བྱ། །ལྷ་ཆེན་བསྐང་གསོལ་ཉི་ཁྲི་སྒྲོགས། །བདུད་བཟློག་སྲིད་སློང་གཏོ་ལ་འབད། །བདུན་པར་ཟླ་བ་ཤར་བ་ན། །ལྷ་ཀོང་རྩེ་འཕྲུལ་གྱི་རྒྱལ་པོ་དེས། །དར་དཀར་འཐུ་བ་གདན་དུ་བཏིང་། །མི་གཅིག་གིས་པང་པར་བུ་གསུམ་འཛིན། །ཟས་གོས་མལ་སྟན་བུ་མོ་རྙེད། །བདུན་པར་མིག་དམར་ཤར་བ་ན། །དགུང་སྔོན་ཁད་དུ་འགྲིགས་
པ་ལ། །ཞྭ་རྨོག་ཕོར་ཙམ་ཞིག་གུད་ལ་བུད། །མྱ་ངན་བྱེ་བྲལ་འོང་པའམ། །བུ་མོ་མང་ཞིང་གྲོགས་ལ་གཟབ། །ཚེ་སྒྲུབ་ཚེ་དབང་ཚེ་ཆོག་བྱ། །ནག་པོ་བཅུ་གསུམ་བཟློག་པ་བྱ། །བདུན་པར་ལྷག་པ་ཤར་བ་ན། །སྟོད་ཀྱི་གངས་རིའི་སྲས་མོ་དེས། །བདུད་རྩིའི་ཆུ་བོ་རྒྱ་མཚོར་བསྐྱིལ། །སྲིད་ཀྱི་པདྨོ་སྟོང་ལྡན་འཁྲུངས། །མི་ནོར་འབར་བའི་དུས་སྦྱོར་བཟང་། །འདོད་པའི་ལྗོན་ཤིང་འབྲས་བུ་སྨིན། །བདུན་པར་ཕུར་བུ་ཤར་བ་ན། །ཀླུ་ཚང་རྒྱ་མཚོའི་གཏིང་ན་རྒྱས། །འབྱུང་བ་ཤིང་གསོས་བཅུད་སྐྱེས་འཕྲོད། །སྨན་བུད་མེད་ལུས་ལ་འཚེ་བའམ། །སྲིད་ཞུགས་སྐྲན་གྱི་ངོ་ཡིན་པས། །རྒྱལ་པོ་མདོ་ལྔ་ཆོས་སྲུང་མཆོད། །མཆོད་རྟེན་སྐུ་དཀར་བསྙེན་སྒྲུབ་ཞུ། །མདུན་ངོ་མེད་པས་བཟང་བར་བཤད། །བདུན་པ་ལ་ནི་པ་སངས་ཤར། །སྲིད་ཀྱི་ལྷ་མོ་རྣམས་ལྔ་དེས། །དར་དཀར་འཐུ་བ་གདན་དུ་བཏིང་། །སྨན་གཅིག་གི་པང་ན་བུ་ལྔ་འཛིན། །གཞི་མི་འགྱུར་བརྟན་པའི་རྫིའུ་ཡིན། །བྱེ་བྲལ་མདུན་བབས་མེད་པས་བཟང་། །
བདུན་པར་སྤེན་པ་ཤར་བ་ན། །སྨན་ཨ་ཕྱི་རྒན་དང་བུ་མོ་གཞོན། །འདྲེ་མུན་པ་ནག་པོས་རྡུལ་སྤྲུགས་བྱས། །བུད་མེད་ཀྱི་སྲི་སྒབ་ཆད་ཉེན་ཡོད། །འོད་ཅན་ལ་སྟོར་གོད་འོང་བས་གཟབ། །གསེར་འོད་ཆགས་པ་དགུ་སྐོར་བྱ། །མི་ཁ་དྲག་པོ་ཡང་ཡང་བརྡེག །བདུན་པར་སྡིག་ཅན་ཤར་བས་ན། །སྨན་མཛངས་མའི་སྲི་སྒབ་བདུད་ཀྱིས་བཅད། །བདུད་ཀྱི་ཞྭ་ནག་གྱོན་པ་ཡིན། །ཁྱིམ་ནག་ཁོལ་དུ་རྡིབ་ཉེན་ཆེ། །མི་རབས་ཆུ་རྒྱུན་ཆད་པ་འོང་། །ཏོག་གཟུངས་འབུམ་གྱི་འུར་འདོན་བྱ། །བདུད་བཅོས་གཤིན་རྗེའི་བཟློག་པ་དང་། །རྒྱལ་མོ་སྲིད་སློང་གཏོ་ལ་འབད། །། བརྒྱད་པར་ཉི་མ་ཤར་བ་ན། །ཤིང་སྡོང་ཡལ་ག་བཀོག་པ་ཡིན། །ཕ་མེས་དུར་ས་འགྲམས་པ་ཡིན། །གསུར་དང་ཟས་ནོར་མང་པོས་མཆོད། །དུར་ལྷ་གསོལ་ཞིང་དུར་སྲི་མནན། །བརྒྱད་པར་ཟླ་བ་ཤར་བ་ན། །ཡང་མྱེས་གསེར་གྱི་རི་བོ་ལ། །ཚ་ཡུག་མི་གྲང་རྒྱས་པས་བཟང་། །བརྒྱད་པར་མིག་དམར་ཤར་བ་ན། །ཡབ་མེས་བཀྲ་
རྒན་མི་བོ་དེས། །དུར་སྒོ་འཐོར་བའི་ཁྲམ་ཤིང་ཐོགས། །གཤིན་མིག་གསོན་ལ་བལྟས་པས་གཟབ། །བརྒྱད་པར་ལྷག་པ་ཤར་བ་ན། །ཕ་མེས་དུར་གྲལ་མ་འཁྲུགས་ཤིང་། །གཤིན་མིག་གསོན་ལ་མི་གནོད་པ། །ནོར་དང་བདེ་བ་རྒྱས་དཔལ་ཐོབ། །བརྒྱད་པར་ཕུར་བུ་ཤར་བ་ན། །ཕ་མེས་དུར་སྒོ་འཁྲུགས་པ་དང་། །དུར་འགྲམས་ཡིན་པས་དུར་ལྷ་གསོལ། །གསུར་དང་བསིལ་གཏོར་གོད་སྲི་མནན། །བོན་བཙུན་སྔགས་པའི་སྲོག་ཕྱར་བཟང་། །བརྒྱད་པར་པ་སངས་ཤར་བ་ན། །རི་ན་བུན་ཅན་ལ་ཤ་རྐྱང་འཁོར། །ཆུ་རྒྱ་མཚོ་ཅན་ལ་ཉ་སྲམ་འཁོར། །ཕ་མེས་དུར་ལ་ཚ་ཕྱུགས་འཁོར། །ཡང་མྱེས་དར་བ་དེ་བས་བཟང་། །བརྒྱད་པར་སྤེན་པ་ཤར་བ་ན། །གཤིན་རྗེའི་དུར་སྒོ་བདུད་ཀྱིས་ཕྱེ། །གཤིན་མིག་གསོན་ལ་བལྟ་བ་ཡིན། །དུར་ལྷ་གསོལ་ཞིང་དུར་སྲི་མནན། །དུར་ཁ་ཚེ་ཡི་བཟློག་པ་བྱ། །བརྒྱད་པར་སྡིག་ཅན་ཤར་བ་ན། །མ་ཚུན་གྱི་དུར་ས་བདུད་ཀྱིས་
འཕྲོག །གསོན་ལ་ནད་རྐྱེན་འོང་བ་དང་། །ནོར་གྱི་ཟས་བཅུད་ཤོར་བ་ཡིན། །དུར་ལྷ་གསོལ་ཞིང་དུར་མདོས་དང་། །དུར་ཁ་རྒྱས་འདེབས་བསིལ་གཏོར་འབད། །། དགུ་པར་ཉི་མ་ཤར་བ་ན། །བདུད་ཁྱབ་པའི་ལག་པ་བརྐྱང་དུས་ཡིན། །དཀོན་མཆོག་བརྩེགས་པ་འུར་འདོན་བྱ། །བདུད་ཀྱི་བཟློག་པ་མང་དུ་གྱིས། །དགུ་པར་ཟླ་བ་ཤར་བ་ན། །ན་མོ་ཆེ་ཡི་དཀྱིལ་སྟོད་དུ། །རྣམ་པར་རྒྱལ་བའི་ཁང་བཟང་བཞེངས། །ཡང་དག་རྫོགས་པའི་སངས་རྒྱས་འབྱུང་། །བསྐལ་པ་གཅིག་གི་བསྟན་པ་དར། །དགུ་པར་མིག་དམར་ཤར་བ་ན། །གསེར་གྱི་རྡོ་རྗེ་རྐེད་ནས་ཆག །བན་ཆོས་པའི་ཚེ་ཚད་རྫོགས་པ་ཡིན། །བཀའ་འགྱུར་རྡུལ་སྤྲུགས་ཀློག་སོགས་བྱ། །དགུ་པར་ལྷག་པ་ཤར་བ་ན། །འདབ་ཆགས་རྒོད་ཀྱི་དང་སྒྲོ་དེ། །རྣོ་ངར་མཚོན་གྱི་ངར་གཅོད་ཡིན། །བདུད་ཀྱི་དམག་དཔུང་བཟློག་པས་བཟང་། །རབ་བྱུང་མཐའ་རུ་ཕྱིན་པ་ཡིས། །བདུད་ཆེན་འཇིགས་པའི་ཡིད་ཀྱིས་དུ། །དགུ་པར་
ཕུར་བུ་ཤར་བ་ན། །ཤིང་ཙནྡན་དཀར་པོའི་གདན་ཁྲིའི་སྟེང་། །བན་སྔགས་ལྡན་གསེར་གྱི་ཕུར་བུ་བསྒྲིལ། །ཆོས་བྱེད་ཀྱི་བསྟན་པ་རྒྱས་པ་ཡིན། །བྱ་ལོ་པ་ཡི་ལུས་སྲོག་རྒྱས། །ཡིག་ཚང་སྙན་པའི་གྲགས་པ་ཐོབ། །ནུས་ལྡན་སྔགས་ཀྱི་དངོས་གྲུབ་འགྲུབ། །དགུ་པར་པ་སངས་ཤར་བ་ན། །གྲ་མ་བརྒྱ་ཡི་མགོ་བོ་དེ། །ལྕུག་གུ་གཅིག་གིས་བཅིང་བ་ཡིན། །ཆོས་ཀྱི་ཆོས་ར་ཚུགས་པ་དང་། །སློབ་དཔོན་སྐུ་ཚེ་བརྟན་པས་བཟང་། །དམ་ཆོས་པདྨ་བཟང་པོའི་དྲིས། །སྐྱེ་རྒུའི་བུང་བ་རིང་ནས་འགུགས། །དགུ་པར་སྤེན་པ་ཤར་བ་ན། །དམ་པ་ཆོས་ཀྱི་སྒོམ་ཁང་དུ། །འདྲེ་སྟོང་པ་ཁ་དགུས་ཚགས་རག་རྒྱུག །བན་ཆོས་བྱེད་བདུད་ཀྱིས་བསླུ་བས་ཟིན། །བཀའ་འགྱུར་སྒྲོགས་ཤིང་ཡུམ་སྒྲུབ་བྱེད། །མང་ཇ་བསྐོལ་ཞིང་འགྱེད་ཆེན་བཏང་། །དགུ་པར་སྡིག་ཅན་ཤར་བ་ན། །གསེར་གྱི་རྡོ་རྗེ་རྐེད་ནས་ཆག །བན་ཆོས་པའི་བླ་སྲོག་བདུད་ཀྱིས་བརྐུས། །ཆོས་སྐྱོང་གཏོར་སྒྲུབ་མང་དུ་བྱེད། །
ཡུམ་སྒྲུབ་ཚེ་སྒྲུབ་སྤོམ་ཐག་ཐོང་། །རང་གི་ཡི་དམ་སྒྲུབ་ལ་འབད། །། བཅུ་པར་ཉི་མ་ཤར་བ་ན། །དཔལ་མི་དམངས་སྨོན་པའི་ཕ་མཁར་དུ། །ཉི་མ་མེ་ཡི་ཁྲམ་ཟེར་ཕོག །གྲོགས་ཁ་ན་ཡོད་པ་ལྕེ་ཡིས་འཕུལ། །ལག་ན་ཡོད་པ་ཐང་ལ་ཤོར། །བན་བཙུན་ཐོག་བཤིགས་བྱས་ཉེས་ཡོད། །འོད་ཟེར་ཅན་མའི་རྗེས་གནང་ཞུ། །ཕྱོགས་བཅུའི་མུན་སེལ་མང་དུ་སྒྲོགས། །འགག་པ་སེལ་ལ་ལ་བཙས་གསོ། །བཅུ་པར་ཟླ་བ་ཤར་བ་ན། །དོག་མོ་ས་ཡི་ལྟེ་བ་རུ། །ལྷ་ཀོང་ཚེ་འཕྲུལ་རྒྱལ་མཁར་གཅིག་བརྩིགས། །མཁར་ལ་བ་གམ་ཐོགས་པ་ཡིན། །ཡུལ་གཞིས་འཛིན་པའི་དུས་སྦྱོར་བཟང་། །བཅུ་པར་མིག་དམར་ཤར་བ་ན། །བཙན་དུ་རི་བའི་བྲག་སྦུག་ཏུ། །ཁྲོ་ཆུའི་རླབས་ཀྱིས་བུག་པ་ཕུག །ཡུལ་གཞིས་རྩོད་པའི་ཁ་སྨྲས་འོང་། །བྱ་བར་བར་ཆད་མྱ་ངན་འོང་། །འབུམ་འདོན་རྒྱལ་པོ་གཡུ་ཕྲེང་བཅོས། །བཟློག་པའི་རིགས་ལ་འབད་པར་བྱ། །བཅུ་པར་ལྷག་པ་ཤར་བ་ན། །ཕ་དང་ཡང་མེས་དམངས་འདྲ་སྟེ། །རང་
ཉིད་རྒྱལ་པོ་ཆེན་པོ་འདྲ། །གྲྭ་མ་བརྒྱ་ཡི་མགོ་བོ་དེ། །བལ་འདབ་གཅིག་གིས་བཅིང་བ་ཡིན། །ཕར་རྩོད་དང་གོང་སར་བགྲོད་པ་བཟང་། །བཅུ་པར་ཕུར་བུ་ཤར་བ་ན། །ཞི་དྲག་འདྲེས་པས་རང་དོན་འགྲུབ། །འོན་ཀྱང་འགགས་ཉེན་ཆེ་བས་ན། །འགགས་སེལ་འགགས་པ་གཅོད་པ་དང་། །ཆུ་ཕྲན་ཟམ་པ་བཙུགས་ན་བཟང་། །བཅུ་པར་པ་སངས་ཤར་བ་ན། །སྲིད་པའི་གཞི་མ་མཐའ་ནས་ཆགས། །བསྐལ་པའི་འབྲས་བུ་དུས་སུ་སྨིན། །གང་འདོད་སྨོན་པ་ཙམ་གྱིས་འགྲུབ། །ཆེ་བཙན་གྱི་བསྟན་པ་དར་བས་བཟང་། །བཅུ་པར་སྤེན་པ་ཤར་བ་ན། །ཡར་ཆབ་གཙང་པོ་གཞུང་ནས་སྐམ། །སེམས་ཅན་ཉ་མོ་སྐམ་ལ་ཐོན། །གྱོད་དང་ཁ་ཡོག་རྒྱུན་དུ་འོང་། །རྒྱས་པ་བཅུ་གསུམ་བཟློག་པ་བྱ། །ལས་བྱས་དྲན་པ་ལམ་འགྲོས་ཉམས། །ཆོས་སྐྱོང་གཏོར་སྒྲུབ་གཏོར་བཟློག་བྱ། །བཅུ་པར་སྡིག་ཅན་ཤར་བ་ན། །ལྷ་དུང་སྐྱོང་དཀར་མོའི་གདན་ཁྲི་ལ། །འདྲེ་གདོང་པ་ཁ་དགུ་བཅར་བ་ཡིན། །བྱ་བའི་
ལས་ལ་འགྱོད་པ་དང་། །དོན་མེད་ཁ་སྨྲ་འབྱུང་དོགས་ཡོད། །དགྲ་བཟློག་དགྲ་བྲུབས་དགྲ་སྲི་མནན། །དཀོན་བརྩེགས་བཀྲ་ཤིས་བརྩེགས་མདོ་འདོན། །ལྷ་བཙན་ཀླུ་བཙན་དགུ་སྐོར་བྱ།། །བཅུ་གཅིག་ཉི་མ་ཤར་བ་ན། །རྣོ་མཚོན་ངར་གྱིས་བརྒྱན་པ་དེས། །ཤ་ཡི་རི་བོ་བཤིག་པ་ཡིན། །གཏུམ་པའི་བགས་ཀྱིས་གྲོགས་དོན་འགྲུབ། །དེ་ཡང་ཕྱུགས་ལ་གོད་འདྲེས་འཚེ། །བསིལ་གཏོར་ནོར་ལྷ་ནོར་རྒྱུན་སྒྲོགས། །ཁང་པའི་ཀླུ་ཆེན་མཆོད་ན་བཟང་། །བཅུ་གཅིག་ཟླ་བ་ཤར་བ་ན། །ཕྱི་ནས་ཚེ་ཚེ་ར་རྙེད་པས། །ནང་དུ་ས་ལེ་སྦྲམ་དུ་སོང་། །ནོར་ལ་གང་སྟོང་མི་ཡོང་བཟང་། །བཅུ་གཅིག་སྟེང་དུ་མིག་དམར་ཤར། །བྱང་གྱིམ་ཤིང་ནོར་གྱི་རྒྱལ་ཁབ་དེ། །མོན་པ་སྤུན་བདུན་གྱིས་བཅོམ་པ་ཡིན། །དགྲ་ངོ་ཡོད་པས་དགྲ་བཟློག་བྱ། །དགྲ་བྲུབས་མང་དུ་བྱས་ན་བཟང་། །བཅུ་གཅིག་སྟེང་དུ་ལྷག་པ་ཤར། །སྟོང་པ་བཅུད་ཀྱིས་ཁེངས་པ་ཡིན། །རུ་སྡེ་ནག་པོའི་དུས་སྦྱོར་ཡིན། །ནོར་གཅིག་བཞག་གཉིས་སུ་འཕེལ་བས་བཟང་། །
ཆུང་མ་ནོར་དང་གྲོགས་པོ་རྙེད། །བཅུ་གཅིག་སྟེང་དུ་ཕུར་བུ་ཤར། །ཤིང་ཕྲན་ཟོར་བས་བརྔས་པ་ཡིན། །ནོར་ལ་གང་སྟོངས་འོང་ཉེན་ཡོད། །གླེགས་བམ་ནོར་ལྷ་ནོར་རྒྱུན་སྒྲོགས། །བཙུན་པའི་ལག་ནས་རྙེད་འབྱུང་སྲིད། །བཅུ་གཅིག་སྟེང་དུ་པ་སངས་ཤར། །ལྷུ་དྲུག་པགས་ནང་ཚང་བ་ཡིན། །དུས་སྦྱོར་འགྱུར་མེད་ཚང་བ་ཡིན། །དུས་དྲུག་འགྱུར་མེད་བརྟན་པ་སྟེ། །འབྲུ་དྲུག་ཐང་ལ་སྨིན་པས་བཟང་། །བུ་ནོར་བཟའ་བཏུང་ལོངས་སྤྱོད་རྙེད། །བཅུ་གཅིག་སྟེང་དུ་སྤེན་པ་ཤར། །ནོར་འོད་ཅན་འདྲེ་རུ་ལངས་པ་དང་། །དགྲ་སྟོང་པ་ནོར་ལ་ཆགས་པ་ཡིན། །འདྲེ་གདོན་ཡུལ་ནས་བུད་པ་ཡིན། །ལན་ཆགས་གཏོར་མ་མང་དུ་ཐོངས། །ནོར་ཐོབ་དགྲ་བོ་ཉམས་ཡང་གསུངས། །བཅུ་གཅིག་སྡིག་ཅན་ཤར་བ་ན། །ནོར་གྱི་གཡང་ཁ་རལ་པ་དང་། །མ་སྲུའི་ནོར་ལ་འདྲེ་གདོན་ཆགས། །ལན་ཆགས་གཏོར་མ་མང་དུ་བྱ། །ནོར་ལྷ་ནོར་རྒྱུན་གཡང་སྒྲུབ་བྱ། །ལ་བཙས་དགུ་སྐོར་སྐུ་དཀར་གསོལ། ༈ །བཅུ་གཉིས་
སྟེང་དུ་ཉི་མ་ཤར། །དམའ་སྟེ་ཆུ་དོར་ལྟུང་ངོ་ཡིན། །གློ་བུར་ཡེ་འདྲོག་འབྱུང་ཉེན་ཡོད། །སྔར་བྱས་ལས་ལ་འགྱོད་པ་སྐྱེ། །ཀླུ་བདུད་ཀླུ་བཙན་མཆོད་པ་དང་། །གཏོར་བཟློག་དྲག་པོའི་ལས་ལ་འབད། །ཁ་མཆུ་ནག་པོ་ནག་སྨུག་མཆོད། །རྟ་ལོ་ཡོད་ན་ངན་ནོ་གྱིས། །བཅུ་གཉིས་སྟེང་དུ་ཟླ་བ་ཤར། །དགྲ་རུ་བཟུང་བ་གཉེན་དུ་སོང་། །སྤང་ཕྱིར་བྱས་ཀྱང་གསེར་ཕྱེར་སོང་། །སེམས་ལ་ཅི་བསམ་འགྲུབ་པས་བཟང་། །བཅུ་གཉིས་སྟེང་དུ་མིག་དམར་ཤར། །གསེར་ཉ་བྱེ་མའི་རྡིབ་ལ་ཤོར། །དོན་མི་འགྲུབ་དགྲ་ཡི་གཡབ་མོ་ཡིན། །བཅུ་གཉིས་སྟེང་དུ་ལྷག་པ་ཤར། །ས་ཡས་སྣ་ཆད་པའི་མས་སྣ་རུ། །ས་གསེར་གྱི་སྙིང་པོ་ཆགས་པ་ཡིན། །མི་འཕེན་པོའི་ཁྱིམ་ནང་གྲོས་ཀྱིས་གང་། །དུས་སྦྱོར་གནས་མལ་ཚུགས་པས་བཟང་། །བཅུ་གཉིས་སྟེང་དུ་ཕུར་བུ་ཤར། །འབྲོང་གི་རུ་སྒོག་སྐམ་པོ་ལ། །ཁྱི་སྤྱང་རྒོད་གསུམ་རྩོད་པ་ཤོར། །ལེ་ལན་ལེ་དེད་འོང་བའི་ངོ་། །ཤེར་སྙིང་བདུད་བཟློག་སྨུག་མོ་མཆོད། །བཅུ་
གཉིས་སྟེང་དུ་པ་སངས་ཤར། །རི་དུང་རིའི་རྩེ་ལ་ཉི་མ་ཤར། །མཁར་ལ་བ་གམ་ཐོགས་པ་ཡིན། །སྟོར་བ་རྙེད་ལ་ཤོར་བ་ཐོབ། །ས་ཞིང་གནམ་སའི་དུས་སྦྱོར་ཡིན། །བཅུ་གཉིས་སྟེང་དུ་སྤེན་པ་ཤར། །རྡོ་ཆེན་རླུང་གིས་བསྒུལ་བ་ཡིན། །ས་སྲིན་ཨ་ཐང་ཆད་པ་ཡིན། །སྣང་བརྒྱད་གཟུངས་ཕྲན་མང་དུ་འདོན། །བཅུ་གཉིས་སྟེང་དུ་སྡིག་ཅན་ཤར། །ཟོམ་སྟོང་ཁ་ཡི་ཁ་ཆར་ཡིན། །ཡོད་ཡོད་འདྲ་སྟེ་མེད་པ་ཡིན། །ཁ་གྲོགས་ཆེ་ལ་གཏིང་གྲོགས་ཆུང་། །ཁ་འགྱོད་ཕྱི་དལ་གཉིས་སུ་ཡོད། །རྒྱལ་པོའི་བཅོས་ཀ་མང་དུ་བྱ། །བདུད་ཀྱི་བཅོས་ཀ་མང་དུ་འདོན། ༈ །ཡང་གཅིག་དུས་སྦྱོར་བཅུ་གཉིས་ལ། །ཨ་པ་ཙ་དང་ཨུ་པ་ཙ། །ཀ་བ་བཞི་དང་འབྲས་བུ་བཞི། །དེ་ཡི་འབྲས་བུ་བཟང་ངན་སྟོན། །ཐིག་རེའི་སྒོ་ནས་བཟང་ངན་དབྱེ། །འདི་ལ་འགྱུར་མེད་ཀ་བཞི་ནི། །ཏཏྐཱལ་བཞི་བདུན་བཅུ་པ་ཡི། །སྟེང་དུ་སྡིག་ཅན་ཤར་བ་དང་། །དྲག་པོ་དགུང་གཅིག་འཁྱུད་པའི་འབྲས། །ལྷོ་ཕྱོགས་ཏཏྐལ་སྨྱུག་མ་བུ་ཁུར་
དེ། །ལྷོ་ཕྱོགས་མེ་ཡི་ཀ་བ་ཡིན། །དེ་ལ་སྡིག་ཅན་ཤར་བ་ན། །མི་མང་སྨོན་པའི་ཕ་ཁང་དེ། །ཆུ་བདུད་ནག་པོས་བཤལ་བ་ཡིན། །ལྷོ་ཕྱོགས་རྒྱལ་པོ་དམངས་སུ་འབབ། །སྐྱེས་དར་མ་གྲི་རུ་འཆི་བའམ། །མི་ཆེན་ལོག་ཕོག་འབྱུང་ཉེན་ཡོད། །ནག་པོ་བདུད་ཀྱི་བར་ཆད་འོང་། །བཀའ་འགྱུར་འབུམ་གྱི་འུར་དོན་བྱ། །འཆི་ངེས་ཀྱི་སྲོག་བསླུ་གང་མང་འབད། །དེ་ལ་དྲག་གཟའ་གསུམ་འཁྱུད་ན། །འོང་དོན་མེད་པའི་འཁྲུགས་པ་དང་། །སྔར་མེད་དམར་ངོ་སྟོར་ངོ་ཡོད། །གྲི་ཁ་བསྒྱུར་ཞིང་དགྲ་བྲུབས་བྱེད། །སྦྲུལ་ལོ་ཡིན་ན་ཁྱད་པར་འཛེར། །དེ་ལ་བསོད་ནམས་གཟའ་ཤར་ན། །ཡར་ལ་གནམ་གྱི་འཇུ་ཐག་ཟིན། །ཕོ་དཔའ་བོའི་གྲལ་སོ་ལྷ་ཡིས་བཙུགས། །ལྷ་སྲུང་མ་གསོལ་མཆོད་བྱས་ན་བཟང་། །ཤར་རྩེ་དངུལ་གྱི་༤རྡོ་རིང་དེ། །ཤར་ཕྱོགས་ཤིང་གི་ཀ་བ་ཡིན། །དེ་ལ་སྡིག་ཅན་ཤར་བ་ན། །རིན་ཆེན་ཤིང་གི་སྡོང་པོ་དེ། །གནམ་ལྕགས་སྟ་རེས་བཅད་པ་ཡིན། །ཤར་གྱི་རྒྱལ་པོ་ཐོག་གིས་བརླག །སྟག་ལོ་པ་ཡི་བླ་སྲོག་གུད། །
གཉན་གྱི་ནེའུར་རྒྱས་གསུམ་དང་། །མ་མོའི་བྱད་བཟློག་མང་དུ་བྱ། །དེ་ལ་དྲག་གཟའ་གསུམ་འཁྱུད་ན། །ཤིང་ཕྲན་ཟོར་བས་བརྔས་པ་ཡིན། །སྐྲངས་འབུར་ལྷོག་པ་ཞྭ་གྲུམ་འོང་། །གཉན་གྱི་གཞུང་རྒྱབ་ཆབ་ཀླུ་གཏོར། །དེ་ལ་བསོད་ནམས་གཟའ་ཤར་ན། །ཙནྡན་སྡོང་པོའི་ཡལ་ག་རྒྱས། །འབྲས་བུས་སྐྱེ་འགྲོ་གསོ་བས་བཟང་། །མུ་མེན་༧གཡུ་ཡི་སྡོང་པོ་དེ། །བྱང་ཕྱོགས་ཆུ་ཡི་ཀ་བ་ཡིན། །དེ་ལ་སྡིག་ཅན་ཤར་བ་ན། །བྱང་ཕྱོགས་གཡུ་ཡི་ཆུ་ཕྲན་དེ། །མེ་ཤེལ་ཉི་མས་སྐམ་པ་ཡིན། །བྱང་ཕྱོགས་རྒྱལ་པོ་ནོར་གྱིས་བྲེལ། །མི་མང་ཕ་ཁང་བདུད་ཀྱིས་བཅོམ། །ཕག་ལོ་པ་ལ་ངན་ནོ་གྱིས། །འབུམ་ཆེན་སྡེ་ལྔ་མང་དུ་སྒྲོགས། །གཟུངས་འདུས་གཟུངས་ཕྲན་མང་དུ་འདོན། །མཆོད་རྟེན་བརྒྱ་རྩར་སྐུ་དཀར་དང་། །དར་ལྕོགས་ལམ་འཕྲང་མང་དུ་བཅོས། །དེ་ལ་དྲག་གཟའ་གསུམ་འཁྱུད་ན། །དོན་མེད་ཁ་སྨྲ་འོང་དོགས་ཡོད། །མི་ལ་རྒྱལ་དང་གསོན་སྟོང་འཇལ། །དགྲ་བཟློག་དགྲ་བྲུབས་མང་དུ་བྱ། །གཙུག་ཏོར་བཟློག་པ་མང་དུ་
བྱ། །མཆུ་སྡེ་ལྔ་ཡང་མང་དུ་སྒྲོགས། །དེ་ལ་བསོད་ནམས་གཟའ་ཤར་ན། །ཆུ་ཕྲན་བསགས་པ་རྒྱ་མཚོར་འཁྱིལ། །འགྱུར་ཉ་གསེར་མིག་རྒྱས་པས་བཟང་།། མགྲོན་བུ་༡༠དུང་གི་རྡོ་རིང་དེ། །ནུབ་ཕྱོགས་ལྕགས་ཀྱི་ཀ་བ་ཟེར། །དེ་ལ་སྡིག་ཅན་ཤར་བ་ན། །འབྱུང་བ་མེ་ཡི་ཁྲོམ་ཟེར་གྱིས། །གནམ་ལྕགས་ཁྲོ་ཆུའི་ཕ་ཝོང་བཤིག །རྒྱལ་ས་འབངས་ཀྱིས་འཕྲོག་པ་ཡིན། །ནུབ་ཕྱོགས་རྒྱལ་པོ་གྱོད་ལ་ཐོགས། །སྤྲེའུ་ལོ་པའི་ལུས་ཁམས་གུད། །དཀོན་མཆོག་བརྩེགས་པ་མང་དུ་སྒྲོགས། །བསྙེན་སྒྲུབ་སྒོར་ཞུགས་གཏོར་སྒྲུབ་བྱ། །དེ་ལ་དྲག་གཟའ་གསུམ་འཁྱུད་ན། །གློ་བུར་ཐོག་དང་གཡང་ལྷུང་འོང་། །གཟའ་བཟློག་གཟའ་ཡུམ་མང་དུ་སྒྲོགས། །ཁྲོ་བོ་བཅུ་ཡི་བཟློག་པ་བྱ། །དེ་ལ་བསོད་ནམས་གཟའ་ཤར་ན། །ཀུན་ལ་ཕན་པའི་ཁྲི་གདུགས་དེའི། །འོད་ཟེར་ཤར་བས་གླིང་བཞི་བདེ། །ནང་མིའི་མི་ནོར་གཡང་ར་ཚུགས། །ཨ་པ་ཙ་ཞེས་བྱ་བ་དེ། །གཉིས་ལྔ་བརྒྱད་དང་བཅུ་གཅིག་ཡིན། །ཨ་པ་༢དང་པོར་སྡིག་ཅན་ཤར། །ཤིང་གྲ་མ་སྨུག་མོའི་
མེ་ལྕེ་དེ། །ཡེལ་གྱིས་འབར་བ་ཐུམ་གྱིས་ཤི། །བུད་མེད་སྦྲུམ་མ་གྱོད་ལ་ཐོགས། །གཏོར་སྒྲུབ་སྨུག་མོའི་སྐོང་བ་བྱ། །དེ་ལ་དྲག་གཟའ་འཁྱུད་པ་ན། །རང་གི་ཕ་དང་མེས་པོ་ཡིས། །དང་པོ་རང་གི་ལུགས་སྟོན་དཔེ། །བྱས་པའི་ཡིག་ཚང་མེ་ལ་ཤོར། །སྲོག་བཞི་འབྱུང་བའི་སཱཙྪ་འདེབས། །འབྲུག་ལོ་པ་ལ་ངན་ནོ་གྱིས། །དེ་ལ་བསོད་ནམས་གཟའ་ཤར་ན། །ཁ་གང་ཟས་ཟ་མིག་གང་བལྟ། །གར་ཕྱིན་འདོད་དགུ་གཅིག་དང་འཕྲད། །ཨ་པ་༥གཉིས་པར་སྡིག་ཅན་ཤར། །དོག་མོ་ས་ཡི་མཆིན་པ་གས། །ཕ་སྤད་བདུན་གྱི་རྐང་པ་ཆག །གླེགས་བམ་ཕལ་ཆེན་མང་དུ་སྒྲོགས། །དེ་ལ་དྲག་གཟའ་འཁྱུད་པ་ན། །ས་བདུད་ཤིང་གིས་ཕུག་པ་ཡིན། །གློ་བུར་གཟེར་ནད་འབྱུང་དོགས་ཡོད། །འཕགས་པ་སྒོ་དྲུག་ལུང་བསྟན་སྒྲོགས། །གླང་ལོ་ཡིན་ན་ངན་པར་བཤད། །མཆོད་རྟེན་སྐུ་དཀར་དར་ལྕོགས་འབུལ། །དེ་ལ་བསོད་ནམས་གཟའ་ཤར་ན། །གསེར་སྦལ་སེར་པོས་ས་གཞི་ཁེབས། །འདི་མན་གཞན་དཔེ་བཙལ། ལྷ་མིའི་གྲལ་ས་མ་སྟོང་བཟང་། །
ཨ་པ་༨གསུམ་པར་སྡིག་ཅན་ཤར། །སྲིད་པའི་བྱ་ཁྱུང་ཆེན་པོ་དེ། །བདུད་རླུང་ནག་པོས་བསྐྱོད་པ་ཡིན། །གཤིན་གྱི་དུར་སྒོ་ལངས་པ་ཡིན། །གསོན་པོ་ན་རྐྱེན་དུར་སྒོ་ཡིན། །དུར་ཁ་ཚེ་བཟློག་མང་དུ་བྱ། །གསེར་འོད་སྡེ་ལྔ་མང་དུ་སྒྲོགས། །དེ་ལ་དྲག་གཟའ་འཁྱུད་པ་ན། །མ་མྱེས་མཚུན་ས་བསེ་རག་བཟུང་། །གཤིན་མིག་གསོན་ལ་བལྟས་དོགས་འདུག །བཞོན་དང་སྒོས་ལོ་ཉེས་དོགས་འདུག །གཡང་སྒྲུབ་གཏོར་སྒྲུབ་བྱས་ན་བཟང་། །དེ་ལ་བསོད་ནམས་གཟའ་ཤར་ན། །ཕ་མྱེས་གསེར་གྱི་འོད་ཟེར་དེས། །ལྷ་མིའི་གྲལ་ས་མ་སྟོང་བཟང་། །ཨ་པ་༡༡བཞི་པར་སྡིག་ཅན་ཤར། །ནུབ་ཡར་ཆབ་གཙང་པོའི་ཆུ་འགྲམ་དུ། །ཧོར་ཡག་འདུས་ཇག་པ་རྐྱ་བདུན་དེས། །ཉམ་ཆུང་མགྲོན་པོ་བཅོམ་པ་ཡིན། །འཆི་ངེས་སྲོག་བསླུ་ཉེའུ་འདོན་བྱ། །དེ་ལ་དྲག་གཟའ་འཁྱུད་པ་ན། །བརྒྱ་བྱིན་ལྷ་ཡི་ཚོགས་རྣམས་ལ། །འདྲེ་ཡིས་བར་ཆད་བརྩམས་པ་ཡིན། །ལུག་ལོ་བ་གཅིག་གྱོད་ལ་ཐོགས། །ནོར་ལྷ་ནོར་རྒྱུན་མང་དུ་སྒྲོགས། །བླ་མ་མཆོད་པ་ལྷ་ཁྲུས་
བྱ། །དེ་ལ་བསོད་ནམས་གཟའ་ཤར་ན། །ཆུ་ཆེ་བ་གསུམ་གྱི་ཆུ་འགོ་རུ། །དམ་པ་ཆོས་ཀྱི་གཙང་ཁང་བཞེངས། །དཔལ་གྱི་ཆུ་བོ་རྒྱས་པས་བཟང་། །ཨུ་པ་ཙ་ཞེས་བྱ་བ་ནི། །གསུམ་དྲུག་དགུ་དང་བཅུ་གཉིས་ཡིན། །ཨུ་པ་༣དང་པོར་སྡིག་ཅན་ཤར། །ཤིང་ཕྲན་རྩ་བ་སཏྭ་རེས་བཅད། །ཕ་མཚུན་གྱི་དམོད་པ་ཟུག་པ་ཡིན། །གཤིན་རྗེ་འཆར་ཁའི་གཏོར་བཟློག་བྱ། །དེ་ལ་དྲག་གཟའ་འཁྱུད་པ་ན། །སྟག་དམར་ཡག་གྲ་འཛུམ་རྔོ་ཡིས་ཁྱེར། །ཡོས་ལོ་པ་ལ་ངན་ནོ་གྱིས། །ཕ་ཚན་དམེ་ཁྲག་དྲག་པོའི་ངོ་། །ཁྲོ་རོལ་གཏོར་བཟློག་མང་དུ་བྱ། །དེ་ལ་བསོད་ནམས་གཟའ་ཤར་ན། །ཁྱུང་གྱི་ར་ཚང་གཡས་པ་ཡིན། །ཕ་ཚན་ས་རུ་བཟང་བ་ཡིན། །ཨུ་པ་གཉིས་༦པར་སྡིག་ཅན་ཤར། །ཕོ་དཔའ་བོའི་གྲ་འཛུམ་གདོང་ནས་ཡལ། །སྨན་མཛངས་མའི་བླ་གཡུ་བདུད་ལ་ཤོར། །ནག་པོ་བཅུ་གསུམ་བཟློག་པ་བྱ། །ཡུལ་ས་གཉིས་སུ་འཛིན་པར་བྱ། །དེ་ལ་དྲག་གཟའ་འཁྱུད་པ་ན། །དགའ་རབ་དབང་ཕྱུག་མི་ཡུལ་སླེབས། །ཤ་བ་རུ་རྒྱས་
བདུད་བཟློག་བྱ། །བྱི་ལོ་ཡིན་ན་ཤིན་ཏུ་འཛེར། །དེ་ལ་བསོད་ནམས་གཟའ་ཤར་ན། །སྨོན་པས་རང་ཡུལ་འཛིན་པ་དང་། །རང་མཁར་བདུད་ལ་མ་ཤོར་བཟང་། །ཨུ་པ་༩གསུམ་པར་སྡིག་ཅན་ཤར། །རྡོ་རྗེའི་རྩེ་མོ་ཐོག་གིས་བཤིག །བདུད་ངོམས་ཆེན་ཐང་ལ་ལྷགས་པ་ཡིན། །ནག་ཕྱོགས་བདུད་ཀྱི་གཙོ་བོ་རྒྱལ། །ཡུམ་དང་དྲུག་བཅུའི་བཟློག་པ་བྱ། །རྣམ་རྒྱལ་ཚེ་སྒྲུབ་ཚེ་ཆོག་བྱ། །དེ་ལ་དྲག་གཟའ་འཁྱུད་པ་ན། །དམ་པ་ཆོས་ཀྱི་དབེན་ནས་སུ། །བདུད་ཀྱིས་རྡུལ་སྤྲུགས་བྱས་པ་ཡིན། །ཆོས་བྱེད་བླ་མའི་ཕྱོགས་སུ་ངན། །ཕ་རོལ་ཤེར་ཕྱིན་མདོ་མང་སྒྲོགས། །གདན་བཞུགས་ཉི་ཁྲི་མང་དུ་འདོན། །ཏོག་གཟུངས་བདུད་བཟློག་རིགས་ལ་འབད། །ཁྱད་པར་བྱ་ལོ་པ་ལ་ངན། །དེ་ལ་བསོད་ནམས་གཟའ་ཤར་ན། །ཤེལ་གྱི་རང་བྱུང་མཆོད་རྟེན་དེ། །བསླབ་གསུམ་གྱི་རང་འོད་ཁྱབ་པ་དང་། །བདུད་ཀྱི་གཡུལ་ངོ་རང་སར་བཟློག །བུ་སློབ་བསྟན་པ་དར་བས་བཟང་། །ཨུ་པ་༡༢བཞི་པར་སྡིག་ཅན་ཤར། །
དགུང་སྔོན་ཁང་དུ་འགྲིགས་པ་ལས། །ཞྭ་རྟ་མིག་ཙམ་ཞིག་ཁོལ་དུ་བུད། །སྐྱེས་དར་མ་གྲི་རུ་འཆི་བའམ། །གློ་བུར་ནད་རྐྱེན་དྲག་པོ་འབྱུང་། །ཡང་ན་ནོར་ལ་དགྲ་ངོ་ཡོད། །རྒྱས་པ་འབུམ་ལ་འུར་འདོན་བྱེད། །དམར་ཆེན་གཏོར་བཟློག་རིགས་ལ་འབད། །རྟ་ལོ་ཡིན་ན་གྱོད་གཅིག་འོང་། །དེ་ལ་དྲག་གཟའ་འཁྱུད་པ་ན། །ཐེའུ་རང་སྤྲུལ་པས་སྟོང་ཁམས་ཁྱབ། །གླིང་བཞིར་འགོང་བོའི་སྣ་འདྲེན་བྱེད། །འགོང་མདོས་ཕྱོགས་བཞིར་འཕང་ན་བཟང་། །དེ་ལ་བསོད་ནམས་གཟའ་ཤར་ན། །ངན་པ་བྱས་ཀྱང་བཟང་པོར་འགྲོ། ཕམ་ཁ་བྱས་ཀྱང་རྒྱལ་བར་འགྲོ། །ནམ་མཁའི་སྐར་ཚོགས་ཤར་འདྲ་བཟང་། ༈ ། ཡང་གཅིག་དུས་སྦྱོར་བཅུ་གཉིས་ལ། །སྟོད་ན་ཁྱུང་ཚང་སྤུན་གསུམ་ཡོད། །བར་ན་རྒོད་ཚང་སྤུན་གཉིས་ཡོད། །སྨད་ན་ཉ་ཚང་སྤུན་གསུམ་ཡོད། །ཁང་ཞིང་དུར་གསུམ་འདི་ལ་ཚང་། །ལྷ་ས་མི་ས་གདོན་ས་གསུམ། །དུས་སྦྱོར་འདི་ལ་ཚང་བ་ཡིན། །ལྡེབས་བཞི་ཟུར་བཞི་འདི་ལ་ཚང་། །
འཇུ་ཐག་རྟེན་ཕུར་འདི་ལ་ཚང་། །སྟོད་ཀྱི་ཁྱུང་ཚང་སྤུན་གསུམ་ནི། །ཏཏྐཱལ་༡གཉིས་༢དང་བཅུ་གཉིས་༡༢ཡིན། །ཏཏྐཱལ་༡སྡིག་ཅན་ཤར་བ་དང་། །དྲག་གཟའ་གང་རུང་འཁྱུད་པ་ན། །ཁྱུང་ཚང་ཐོག་གིས་བཤིག་པ་ཡིན། །སྐྱེས་དར་མ་གྲི་རུ་ཤི་དོགས་ཡོད། །དཔོན་གྱི་ལོག་ཐོག་འབྱུང་དོགས་ཡོད། །ནོར་གྱི་འགྲོས་སྒོ་འོང་བར་ངེས། །རྒྱས་པ་འབུམ་གྱི་བྱིན་རླབས་ཞུ། །དབྱུག་གུ་དྲུག་ཅུའི་བཟློག་པ་དང་། །མ་མོ་ནག་མོའི་བྱོལ་བཟློག་བྱེད། །དེ་ལ་བསོད་ནམས་གཟའ་ཤར་ན། །དབུས་ཀྱི་གྭའུ་གསེར་ལྗོངས་ལ། །ཀོང་ཚེ་འཕྲུལ་གྱི་བླ་མཁར་བཞེངས། །གསས་མཁར་རྩེ་ལ་བ་གམ་ཐོགས། །གཉིས་པར་དྲག་གཟའ་ཤར་བ་ན། །ཁྱུང་གི་རྭ་རྩེ་གཡས་པ་ཆག །ཕ་སྤུན་ཕ་ཚན་ས་རུ་འཛེར། །གླེགས་བམ་གཡང་སྒྲུབ་གཏོར་བཟློག་བྱ། །བསོད་ནམས་གཟའ་ཤར་རྭ་མ་ཆག །བཅུ་གཉིས་སྟེང་དུ་སྡིག་ཅན་ཤར། །ཁྱུང་གི་རྭ་རྩེ་གཡོན་པ་ཆག །མ་ཚན་བུ་སྲིང་ས་རུ་གཟབ། །བསྡུས་པ་བརྒྱ་ཚར་སྨུག་མོ་མཆོད། །དཀར་
ཆོས་བཟློག་པའི་རིགས་ལ་འབད། །བསོད་ནམས་གཟའ་ཤར་མཆོག་ཏུ་དགེ། བཞི་དང་བཅུ་ལ་རྒོད་ཚང་ཟེར། །བཞི་ལ་སྡིག་ཅན་ཤར་བའམ། །དྲག་གཟའ་གང་རུང་འཁྱུད་པ་ན། །རྒོད་ཚང་རླུང་གིས་གཏོར་བ་ཡིན། །གཙོ་བོ་གྲོས་ཀྱི་རྒྱ་མཚོ་སྐམ། །གྲོགས་སྙིང་དང་འདྲ་བའི་ཕྱོགས་སུ་ངན། །བཅུ་པར་སྡིག་ཅན་ཤར་བའམ། །དྲག་གཟའ་གང་རུང་འཁྱུད་པ་ན། །རྒོད་ཚང་རླུང་གིས་གཏོར་བ་ཡིན། །ནོར་ལ་གློ་བུར་དགྲ་ངོ་ཡོད། །ཡང་ན་བྱས་པའི་དོན་མི་འགྲུབ། །གཏོར་བཟློག་དྲག་པོའི་རིགས་ལ་འབད། །གཡང་སྒྲུབ་དགྲ་བྲུབས་དགྲ་བཟློག་བྱ། །བསོད་ནམས་གཟའ་ཤར་བཟང་བར་བཤད། །དྲུག་བདུན་བརྒྱད་ལ་ཉ་ཚང་ཟེར། །བདུན་པར་སྡིག་ཅན་ཤར་བ་ན། །ཉ་ཚང་སྲམ་གྱིས་བཏོན་པ་ཡིན། །བུད་མེད་ཁྱིམ་སོ་མཐར་ཕྱིན་དཀའ། །བཟའ་མི་བྱེ་བྲལ་ཡོང་བས་གཟབ། །རྣམ་སྲས་མངའ་གསོལ་གཏོར་སྒྲུབ་བྱ། །བྱེ་བྲལ་སྐྱས་འདེབས་མང་དུ་བྱ། །བསོད་ནམས་གཟའ་ཤར་བཟང་བར་བཤད། །དྲུག་པར་
སྡིག་དྲག་ཤར་བ་ན། །འདྲེ་ཡི་རྟེན་མཁར་ལྷ་ཡིས་བཤིག །དགྲ་བོ་མེད་པའི་གཏན་ཚིགས་ཡིན། །བསོད་ནམས་གཟའ་ཤར་དགྲ་བཟློག་བྱ། །བརྒྱད་པར་སྡིག་ཅན་ཤར་བ་ན། །གཤིན་གྱི་དུར་ས་བདུད་ཀྱིས་བཤིག །རིགས་བརྒྱུད་ས་རུ་འཛེར་བ་ཡིན། །དུར་ཁ་ཚེ་བཟློག་དུར་ལྷ་གསོལ། །བསོད་ནམས་གཟའ་ཤར་མཆོག་ཏུ་བཤད། །གཡོན་གསུམ་དགུ་བཅུ་བཅུ་གཅིག་སྟེ། །དུར་ཞིང་ཁང་ས་གསུམ་དུ་བརྩི། །དགུ་པར་སྡིག་ཅན་ཤར་བ་ན། །ཡབ་མྱེའི་དུར་སྒོ་ལངས་པ་ཡིན། །མང་ཇ་བསྐོལ་ལ་འགྱེད་ཆེན་གཏོང་། །བཅུ་པར་སྡིག་ཅན་གཟའ་ཤར་ན། །ཞིང་གི་ཀླུ་གཉན་ས་བདག་གདོན། །ཀླུ་མཆོད་ཀླུ་འབུམ་མང་དུ་བྱ། །བཅུ་གཅིག་སྟེང་དུ་སྡིག་དྲག་ཤར། །ལོ་བརྒྱར་སྡོད་པའི་གནས་ཁང་དེ། །ཞག་གཅིག་མགྲོན་པོའི་སྟེང་དུ་རྡིབ། །ཁང་པའི་ས་དགྲ་གཏོ་ཡིས་བཅོས། །གཡས་གསུམ་ལྷ་མི་གདོན་ས་གསུམ། །གསུམ་དང་བཞི་དང་ལྔ་རུ་བརྩི། །གསུམ་ལ་སྡིག་གཟའ་ཤར་བ་ན། །ལྷ་ཁང་བདུད་
ཀྱིས་བཤིག་པ་ཡིན། །ལྷ་ངོ་དམའ་ཞིང་ལྷ་ནད་འབབ། །ལྷ་རྒྱལ་ལྷ་མཆོད་ལྷ་བཤགས་བྱ། །ཉི་ཁྲི་སྤང་སྐོང་ལྷ་སེལ་བྱ། །ཞི་གཟའ་ཤར་ན་མཆོག་ཏུ་བཟང་། །བཞི་ལ་སྡིག་དྲག་ཤར་བ་ན། །བླ་ལ་འཆི་བདག་བདུད་ཀྱིས་འཇབ། །བདུད་ཤ་རུ་རྒྱས་བླ་བསླུ་བྱ། །ཞི་གཟའ་ཤར་ན་དགེ་ལེགས་སྟེར། །ལྔ་པར་སྡིག་ཅན་གཟའ་ཤར་ན། །འདྲེ་དེ་མི་ཡུལ་འཁྱར་བ་དང་། །གདོན་དེ་ཕྱི་ལ་བུད་པས་བཟང་། །།གསུམ་དྲུག་དགུ་དང་བཅུ་གཉིས་ལ། །དྲག་གཟའ་ཤར་བས་ལྡེབས་བཞི་འགས། །གཉིས་ལྔ་བརྒྱད་དང་བཅུ་གཅིག་ལ། །དྲག་གཟའ་ཤར་ན་ཟུར་བཞི་འཁྱམས། །དཀར་ཆོས་དགེ་ལེགས་མང་དུ་གྱིས། །གནམ་གྱི་འཇུ་ཐག་ས་ཡི་རྟེན། །སྲིད་པའི་རུས་སྦལ་མགོ་དང་མཇུག །ཏཏྐཱལ་ལ་དང་བདུན་པར་བརྩི། །འདི་གཉིས་སྡིག་ཅན་དྲག་གཟའ་ཤར། །ཡར་ལ་གནམ་གྱི་འཇུ་ཐག་ཆད། །མར་ལ་ས་ཡི་རྟེན་ཕུར་བུད། །ཚེ་ཆོག་ཚེ་སྒྲུབ་མང་དུ་བྱ། །
གཉིས་ཀར་བསོད་ནམས་གཟའ་ཤར་ན། །ཚེ་ཡི་ཤིང་རྟ་འཁོར་ལོའི་དབུས། །ཁྱོད་གནས་ཕུན་ཚོགས་ཁ་ལོ་བས། །བདེ་སྐྱིད་གླིང་དུ་བཞག་པ་ཡིན། །ཏཏྐཱལ་དང་འདྲ་བ་ཡི། །བདུན་པ་ལ་ནི་གང་ཤར་འབྲས་འདི་རང་རང་སྐྱེས་དུས་ཀྱི་ཏཏྐཱལ་ལ་གཙོ་བོར་སྦྱར་བའོ།། ཉི་མ་ཡོད་ན་ནད་ཀྱིས་ཐེབས། །ཟླ་བར་རང་ཉིད་.༣ ༢ ཏ༡ཏྐཱལ ༡༢ གནས་༡༡ ༤མ༡ལ༢ ༡༠༥ ༦ ༧ ༨ ༩ རྒྱས་པར་འགྱུར། །མིག་དམར་ཡོད་ན་རྨ་འབྱུང་ལ། །ལྷག་པ་ཡོད་ན་གཡུལ་ལས་རྒྱལ། །ཕུར་བུ་ལ་ནི་བཏང་སྙོམས་ཏེ། །སྔགས་རྣམས་སྒྲུབ་ན་འགྲུབ་པར་སྟོན། །པ་སངས་བུད་མེད་ནོར་ཐོབ་འགྱུར། །སྤེན་པ་ལ་ནི་ནོར་རྣམས་ཉམས། །སྒྲ་གཅན་ཡོད་ན་དགྲ་བོ་ཉམས། །དུས་མེར་དགེ་བར་དོན་གཉེར་འཆི། །དུ་མཇུག་ལ་ནི་དོན་རྣམས་ཉམས། །འདི་སོགས་ཤར་བའི་གཟའ་ཞེས་པ། །རྒྱུ་སྐར་དུས་སྦྱོར་ཁྱིམ་གང་ལ། །ལོངས་སྤྱོད་གཟའ་དགུའི་མྱུར་བས་སོ། །བྱེ་བྲག་གསུམ་བཅུར་སྤེན་པ་གནས། །ལྔ་དགུར་ཕུར་བུ་བཞི་བརྒྱད་དམར། །བདུན་པར་ཉི་ཟླ་ལྷག་སྒྲ་གནས། །
རང་རང་ཁྱད་པར་གནས་དབང་གིས། །བཟང་ངན་འབྲས་བུ་རྫོགས་པར་མཐོང་། །ཏཏྐཱལ་ཞིང་བདག་ལ་བརྟགས་ནས། །འདི་རྣམས་འབྲས་བུ་འབྱུང་བའོ། །ཁྱད་པར་དུས་སྦྱོར་གནས་དབང་གིས། །ཏཏྐཱལ་དང་བདུན་པ་ཡི། །ནད་འཆིས་འཇིགས་དང་མི་འཇིགས་སྟོན། །ནོར་དང་རྙེད་པ་ཐོབ་མི་ཐོབ། །གཉིས་དང་བརྒྱད་ལ་བལྟས་པས་ཤེས། །རིག་པ་ཆོས་སྤྱོད་འཕེལ་མི་འཕེལ། །གསུམ་པ་དགུ་པར་བརྟག་པ་ཡིན། །དོན་དང་ལས་ཀུན་འགྲུབ་མི་འགྲུབ། །བཞི་པ་དང་ནི་བཅུ་པར་བརྩི། །མྱ་ངན་སྡུག་བསྔལ་འབྱུང་མི་འབྱུང་། །ལྔ་པའི་གནས་དང་བཅུ་གཅིག་པ། །དགྲ་དང་གྱོད་ཁ་འོང་མི་འོང་། །དྲུག་དང་བཅུ་གཉིས་ས་རུ་བལྟ། །དེ་དག་རྣམས་ལ་ཞི་དྲག་དང་། །གནས་ཀྱི་དགྲ་གྲོགས་ཁྱད་པར་གྱིས། །འབྲས་བུ་ལུང་དུ་སྟོན་པ་ཡིན། །འཕྲལ་དུ་ལེགས་ཉེས་ཕྲའུའི་ལྟས། །ཟླ་བ་རང་ནས་རིམ་པར་ནི། །རབ་གན༡ས་ཉ༢མས་དང་འཆི་བ་༣དང་། །རྒྱ ༤ལ་དང་༥དགོད་དང་ད༦གའ་བ་
དང་། །རྩེ༧ད་དང་ཉ༨ལ་དང་ཟ་༩བ་དང་། །རིམ༡ ༠ས་ནད་འད ༡ ༡ར་དང་ལེགས་ག༡ ༢ནས་ཞེས། །ཟླ་བ་ཁྱིམ་གནས་འབྲས་བུའོ། །གསུམ་པ་ཐོར་བུའི་དམིགས་བསལ་ལ། །གཞི་བྱེས་དོན་སོགས་བདུན་ལས་ནི། །དང་པོ་གཞི་ཕྱའི་ལེགས་ཉེས་སམ། །བདེ་སྡུག་ཚེ་རྩིས་བསྟན་པ་ནི། །ཏཏྐཱལ་དུས་སྦྱོར་བདག་པོའམ། །གྲོགས་ཡོད་འདྲི་བྱེད་བདེ་བར་འགྱུར། །བཞི་པ་ལ་ཡང་དེ་བཞིན་ནོ། །བཞི་བརྒྱད་བཅུ་གཅིག་སྡིག་ཅན་གནས། །འདྲི་བྱེད་སྡུག་བསྔལ་འབྱུང་བར་ཤེས། །ཏཏྐཱལ་ཕུར་བུ་བཞི་བདུན་ཟླ། །བཅུ་པར་ཉི་མ་སྣང་གྱུར་ན། །སྨྲས་མ་ཐག་ཏུ་དོན་རྣམས་འགྲུབ། །དང་པོ་གཉིས་བཅུ་བཅུ་གཅིག་ལ། །བསོད་ནམས་ཤར་ན་དེ་དང་འདྲ། །གཡོ་བའི་དུས་སྦྱོར་སྡིག་ཅན་གནས། །དོན་རྣམས་སྡུག་བསྔལ་འབྱུང་བར་ཤེས། །ཏཏྐཱལ་གཉིས་བཞི་བདུན་བརྒྱད་བཅུར། །བསོད་ནམས་གཟའ་ཤར་འདི་སོགས་གནས་ཀུན་ལའང་རེ་རེར་ཡོད་ཀྱང་དེ་ལྟར་རྟོགས་པར་བྱ་བ། མཆན། ཚེ་རིང་འགྱུར། །གྲུ་
བཞི་དྲུག་ཀྱང་ལ་ཡང་དེ་བཞིན་ནོ། །དང་པོ་བཞི་པ་བརྒྱད་པ་རུ། །སྡིག་གནས་འདྲི་བྱེད་ཚེ་ཐུང་ཞིང་། །དགྲས་འཚེ་དོན་ནི་ཉམས་པར་འགྱུར། །དང་པོ་བཞི་གྲུ་བཞི་ཚང་བར་བདུན་བཅུ་པ་ལ། །བསོད་ནམས་གཟའ་ཤར་སྙན་གྲགས་འབྱུང་། །གཅིག་བརྒྱད་སྡིག་གནས་ཁ་སྨྲས་འབྱུང་། །ཟུར་གསུམ་གྲུ་བཞིར་བསོད་ནམས་ཤར། །ཨུ་པ་ཙ་ལ་གསུམ་དྲུག་སྡིག་ཅན་གནས། །འདྲི་བྱེད་རྙེད་པ་འབྱུང་ཞེས་བསྟན། །དེ་ལས་ལྡོག་ན་རྙེད་པ་མེད། །གཅིག་ལྔ་བདུན་བརྒྱད་བསོད་ནམས་ཤར། །གསུམ་དྲུག་བཅུ་དང་བཅུ་གཅིག་ལ། །ཟླ་གནས་ནད་ཅན་མྱུར་དུ་གྲོལ། །འདི་ལ་ཏཏྐཱལ་ཞི་གཟའ། གསུམ་པར་ཟླ་གནས་སོགས་གོ་རིམ་སྦྱར་ནས་དེ་ལྟར་བྱུང་ན་སྨན་སོགས་སྦྱར་བས་ནད་གྲོལ་ཞེས་འདོད་པ་ཡོད། གཅིག་ལྔ་བདུན་བརྒྱད་སྡིག་ཅན་དང་། །ཟླ་བ་འཛོམ་ན་ནད་འབྱུང་སྟེ། །ནད་ཅན་ཡིན་ན་འཆི་བར་སྟོན། །གཅིག་ལྔ་བརྒྱད་བདུན་སྡིག་གཟའ་དང་། །གཅིག་གཉིས་བཞི་ལྔ་བདུན་དང་བརྒྱད། །བཅུ་གཉིས་གང་
རུང་ལ་ཟླ་གནས་དེ་བཞིན་ནོ། །གསུམ་སོགས་འཇུག་ལ་ཞི་བའི་གཟའ། །ཚང་བར་ཡོད་ན་འདྲི་བྱེད་རྒྱལ། །སྡིག་གཟའ་ཚང་ན་འདྲི་བྱེད་ཕམ། །འཐོན་ལ་སྡིག་ཚང་ཕ་རོལ་ཕམ། །ཞི་གཟའ་ཚང་ན་ཕ་རོལ་རྒྱལ། །འཇུག་ལ་སྡིག་བསོད་ཀུན་ཚང་ན། །དང་པོར་རྒྱལ་ཞིག་དེ་ནས་ཕམ། །འཐོན་ལ་སྡིག་བསོད་གཉིས་ཀ་ཚང་། །དང་པོ་ཕམ་ཞིང་དེ་ནས་རྒྱལ། །འཇུག་ལ་ཞི་ཚང་སྡིག་མེད་ན། །ཤིན་ཏུ་དགེ་སྟེ་རྒྱལ་བ་ཡིན། །དེ་བཟློག་ཤིན་ཏུ་ཕམ་སྟེ་ངན། །ཞི་དྲག་གཉིས་ཀ་ཕྱེད་མར་གནས། །ཕན་ཚུན་འཁྲུགས་པ་འདུམ་པར་བརྗོད། །འཁྲུགས་ཤོམ་སྔ་ཕྱིར་ཕམ་རྒྱལ་མིང་། །བཏགས་དེ་འཐོན་འཇུག་སྦྱར་ཕྱིར་རོ། །གསུམ་དྲུག་བརྒྱད་དང་བཅུ་བཅུ་གཉིས། །དེ་དྲུག་གང་རུང་རཱ་ཧུ་ཡོད། །ནོར་རྙེད་གནས་ཐོབ་རྣམ་པར་རྒྱལ། །དེ་ལྷག་དྲུག་ལ་རཱ་ཧུ་གནས། །ནོར་ཉམས་ནད་འབྱུང་འཆིའམ་དགྲ། །བྱེས་འགྱོད་འཐབ་རྩོད་འབྱུང་བ་ཡིན། །འདི་ཐད་མ་རྟོགས་བཤད་
མང་མཐོང་། །གཅིག་བདུན་བསོད་ནམས་གསུམ་དྲུག་བཅུ། །བཅུ་གཅིག་སྡིག་གནས་འདྲི་བྱེད་རྒྱལ། །བཅུ་པར་ལྷག་ཕུར་སངས་འཛོམ་མམ། །རེ་རེར་ཤར་ཡང་རྒྱལ་ཏེ་བཟང་དེར་དྲག་གཟའ་མེད་ན་ངེས་སོ། །ལུག་སེང་གཞུ་ཡི་དུས་སྦྱོར་ལ། །སྡིག་གནས་དགྲ་བོས་བདག་ཉིད་འཆིང་། །བཞི་པ་ལ་ཡང་དེ་དང་འདྲ། །ལྔ་དགུར་སྡིག་གནས་ཆོམ་རྐུན་སོགས། །བདག་གིས་ཕམ་པར་བྱས་ཏེ་སོང་། །བཞི་པར་ཉི་མིག་སྤེན་པ་འཛོམ། །དགྲ་བོ་ལམ་ཞུགས་ཟེར་ཀྱང་ག་ལ་འོང་། །བཞི་པར་ལྷག་ཕུར་སངས་འཛོམ་ན། །དོགས་པ་མེད་ཀྱང་དགྲ་འོང་འཇོམས། །གཡོ་བའི་ཏཏྐཱལ་ཉི་ཕུར་ཤར། །དགྲ་བོ་ལམ་དུ་ཞུགས་ཀྱང་ལྡོག །དུས་སྦྱོར་བརྟན་པར་ཉི་ཕུར་འཛོམ། །དགྲ་བོ་ལམ་དུ་མི་འཇུག་དགེ། ཉི་ལྷག་ཕུར་སངས་ཏཏྐཱལ། །གཡོ་བར་འཛོམ་མམ་རེ་རེས་ཀྱང་། །འདྲི་བ་དོན་རྙེད་དགྲ་ལས་རྒྱལ། །དུས་སྦྱོར་བརྟན་པར་ཕུར་སྤེན་གནས། །དགྲ་འབྱུང་མི་འོང་པ་ཡང་སྲིད་ཐེ་ཚོམ་ཅན་ནོ།། གཉིས་ཕུར་
གསུམ་པར་པ་སངས་ཤར། །དགྲ་འོང་རང་ཉིད་ཕམ་པར་འགྱུར། །ཏཏྐཱལ་སྡིག་གནས་ལུས་ནད་འབྱུང་། །བཞི་ལ་གནས་ན་གྲོགས་བཤེས་འཁྲུགས། །བདུན་པར་ཆུང་མ་འཆིའམ་ནད། །བཅུ་པར་སྡིག་གནས་དགེ་ལས་མེད། །བསོད་ནམས་སྣང་ན་དེ་ལ་ལྡོག །ཅེས་པ་གྲུ་བཞིའི་སྒེར་འབྲས་སོ། །། སྤྱི་ཁོག་དུས་སྦྱོར་བབ་ཀྱི་འགྲོས། །དུམ་དྲུག་བདག་པོའི་གཟའ་རྣམས་ནི། །ཞི་བར་འགྱུར་བཟང་སྡིག་པ་ངན། །བསོད་ནམས་གཟའ་དང་རང་གྲོགས་གཟའ། ༡༣༤༥༧༨༩༡༠ ། ཏཏྐཱལ་མཐོང་ས་བརྒྱད་དུ་དགེ། སྡིག་པའི་གཟའ་དང་དགྲ་ཡི་གཟའ། །མི་༢མཐོང་ག༦ནས་བ༡ ༡ཞིར ༡ ༢་སོང་ན་ལེགས། །དེ་ལས་ལྡོག་ན་མི་དགེར་བལྟ། །གཟའ་དགུ་རང་ཁྱིམ་ཞུགས་པ་དང་། །གྲོགས་སུ་ཤར་བ་བཟང་བ་སྟེ། །དགྲ་རུ་ཞུགས་པ་ངན་པར་བརྩི། །འདྲེས་ན་མང་ཉུང་སྟོབས་ཀྱིས་ཤེས། །ར༡བ་ཏུ་༤གཅེ༧ས་པ་ཀ་བ༡ ༠་བཞི་། །འབྲི༣ང་པོ་དེ་༨ལྷ༥ག་༩ མཐོང་ས་བཞི། །ཐ་༢མ་མི་༦མཐོང་ག༡ ༡ན༡ ༢ས་བཞི་ལ། །སྡིག་བསོད་གཟའ་ཡིས་འཁྱུད་འབྲས་བལྟ། །ཁྱད་པར་
རང་རང་སྐབས་ལྟར་དཔྱད། །།བྱེ་བྲག་སྐྱེས་བུའི་བདེ་སྡུག་འབྲས། །གང་ཤར་དུས་སྦྱོར་ཏརྐཱ་ལར། །ཉི་མ་ཤར་ན་མཁྲིས་ནད་འབྱུང་། །རྒྱལ་པོ་ལས་ནི་རྙེད་པ་འབྱུང་། །གཉེན་རྣམས་འབྲལ་ཞིང་ནོར་ཟད་ཉེས། །ཟླ་བས་གཉིད་ཆེ་བུད་མེད་རྙེད། །རང་ཕྱོགས་དགྲར་འགྱུར་བུ་མོ་སྐྱེ། །གོས་དང་རྒྱན་ལ་སོགས་པ་རྙེད། །མིག་དམར་དགྲ་འབྱུང་གཉེན་རྣམས་འཁྲུགས། །ཁྲག་དང་མཁྲིས་པའི་ནད་འབྱུང་སྟེ། །གཞན་གྱི་བུད་མེད་རྣམས་དང་འགྲོགས། །གཟའ་ལྷག་གཉེན་མཐུན་ཆོས་དང་སྦྱར། །ཤེས་རབ་འཕེལ་ཞིང་ལུས་ནད་སྦྱོར། །རླུང་ནད་ཆམ་པ་ཁྲག་ནད་འབྱུང་། །ཕུར་བུར་བུ་ཐོབ་གཞན་གྱིས་ཁུར། །ཆོས་དང་ནོར་དང་གོས་འཕེལ་ཞིང་། །སྦྱིན་སྲེག་སེམས་དང་རིག་པ་འཕེལ། །པ་སངས་ཆོས་དང་བུ་མེད་རྙེད། །དོན་དང་ལས་འགྲུབ་དགེ་བ་འཕེལ། །ནོར་ཐོབ་གྲགས་པ་འཕེལ་བར་འགྱུར། །སྤེན་པ་ཆུང་མ་བུ་རྣམས་འཁྲུགས། །ནད་འབྱུང་བློ་དམན་ལེ་ལོ་རྨུགས། །བྱེས་སུ་འཁྱམས་ཤིང་ཡུལ་ངན་བསྐོར། །
སྒྲ་གཅན་གཞན་དུ་འགྲོ་དགོས་མྱོས། །ནོར་ཟད་སྐྱེ་བོས་ལྕེ་ཟུག་ཆུང་མ་འཆི། །གཉེན་བརླག་དོན་ཉམས་སེམས་ནད་འབྱུང་། །ཀེ་ཏུ་བུད་མེད་མ་རུངས་རྩོད། །ནོར་ཟད་སྤུན་ཟླ་སྲིང་མོ་འཆི། །དགྲ་དང་འཕྲད་ཅིང་རྒྱལ་པོས་འཇོམས། །ཁྱད་པར་འདྲི་བྱེད་སྲོག་ཕྱྭ་ནི། །དུས་སྦྱོར་གྱི་ནི་བརྒྱད་པ་༨ལ། །ཉི་ཤར་ཉེས་ཆེ་ཚེ་སྲོག་གི །ཤིང་སྡོང་གྲི་ཡིས་བཅད་པས་ངན། །ཟླ་བར་ཉི་མ་སྤྲིན་བྲལ་ལམ། །བཙོན་བུ་ལྕགས་ལས་གྲོལ་བ་ལྟར། །ཀུན་དང་ཁྱད་པར་མི་ཆེན་བཟང་། །མིག་དམར་ཚེ་སྲོག་སྡོང་པོ་ལ། །འཆི་བདག་བདུད་ཀྱིས་འཚེ་བ་བྲལ། །འོན་ཀྱང་ཚེ་སྒྲུབ་འཆི་བསླུ་དགོས། །ལྷག་པ་སྐྱོན་མེད་ཁག་ཁུར་ཆོག །ཁྲུས་བྱས་ཉ་མོ་ཆུ་ལ་འཕྱོ། །རྒོད་པོ་སྲ་བརྟན་བྲག་ལ་འཕྱོ། །མ་པང་བུ་བདེ་སྲོག་ཕྱྭ་བདེ། །ཕུར་བུར་སྲོག་ལ་བར་ཆད་འོང་། །བན་བོན་ཡིན་ན་བཟང་བར་བཤད། །ཞག་བདུན་ཚེ་ཡི་སྒྲུབ་པ་གྱིས། །མི་འཆི་ཁག་ཁུར་བྱེད་པས་ཆོག །པ་སངས་གཞོན་ནུ་བུད་མེད་བཟང་། །ནད་འོག་འདི་ལས་
མི་འཆིའོ། །ཉི་མ་ཤར་བའི་པདྨ་བཞིན། །ལུས་སྟོབས་རྒྱས་ཤིང་བསམ་པ་འགྲུབ། །ཕུ་རུ་དགྲ་བླའི་མདུང་དར་ཕྱར། །མདའ་རུ་ཞིང་ལྷའི་སྲོག་མཁར་ཚུགས། །བར་དུ་ཡུལ་བདག་དགའ་གླུ་ལེན། །མི་བུ་རིན་ཆེན་ལྷ་ཡིས་བསྐྱབས། །བླ་ཤིང་བདུད་ཀྱིས་མ་བཅད་བཟང་། །འོན་ཀྱང་བླ་ལུག་འཁུན་སྒྲ་འབྱིན། །ན་ངོ་ཡིན་ནམ་གོད་ངོ་ཡིན། །ཡང་ན་ཁ་སྨྲ་གླེང་གཞིའི་ངོ་། །སྤེ༷ན་པར་རིམ་གྲོ་མ་འབད་ན། །གཞན་རྩུབ་རིགས་ངན་བཟང་ཟེར་ཀྱང་། །ཆུ་ཟད་ཉ་མོ་ཆུ་དང་འཕྲད། །ཚེ་ཟད་ནད་པ་སྨན་དང་འཕྲད། །ནོར་མེད་དབུལ་པོས་ནོར་བུ་རྙེད། །ཅི་བསམ་དོན་འགྲུབ་སྲོག་མི་ཉེས། །ཉི་ཟླ་སྤྲིན་བྲལ་ལུས་ནད་གྲོལ། །སྒྲ་གཅན་ལ་ནི་ཐེ་ཚོམ་ཆེ། །ཡང་ན་སྲོག་བཅུད་རིག་འཛིན་འགྲུབ། །ཡང་ན་སྒྲ་གཅན་རླུང་འཁྲུགས་ནས། །འཇིག་རྟེན་འདི་ནས་ཕ་རོལ་འགྲོ། །མྱུར་དུ་མ་ཤི་འགྱང་ན་བཟང་། །དུས་མེ་ལ་ནི་ཤིན་ཏུ་འཚུབས། །སྲོག་གི་མེ་ལོང་ཐབ་ཏུ་ཤོར། །ཁྱིམ་ཕྱྭའམ་གཞི་ཕྱྭ་ཏཏྐཱལ་དང་ནི། །བདུན་པར་ཉི་མ་ཤར་
བ་ན། །སྔོན་དུ་ངོ་འཕང་དཀར་ན་ཡང་། །ཁ་སྨྲས་ཁ་མཆུ་བྱེ་བྲལ་འོང་། །ཁྱིམ་དུ་ཡན་ལག་ནའམ་ཉམས། །མིག་ནད་ཅན་དང་རིམས་ནད་ཅན། །ཡོད་ན་དེས་ཐུབ་མེད་ན་འོང་། །རྣམ་འཇོམས་སྒྲུབ་མཆོད་ཤེར་སྙིང་འདོན། །བདུད་བཞི་བཟློག་པའི་ཆོ་ག་བྱ། །ཟླ་བར་ཕོ་མཆིན་ཞ་གྲུམ་ནད། །དེ་སྔ་ཡོད་སྲིད་མེད་ན་འོང་། །འབུམ་འདོན་སཱ་ཙྪ་ཆུ་གཏོར་གྱིས། །དེ་བྱས་སྐྱོན་མེད་བདེ་བར་ཤར། །མིག་དམར་དམར་ཁྲག་གོད་ཀའི་ངོ་། །ལྷ་ལ་ཐབ་གཞོབ་དམར་གྱིས་ཕོག །མི་གཙང་གྲིབ་དང་ལྷ་འཁོན་བསྲུང་། །ཡམས་འོང་སཱཙྪ་ལམ་བསལ་དང་། །མདོ་གཟུངས་བྱད་བཟློག་གྲི་མཚོན་བསྒྱུར། །ལྷག་པར་ལོངས་སྤྱོད་རྒྱ་མཚོ་ལ། །འདོད་པའི་དོན་འགྲུབ་ནོར་བུ་འཛིན། །ཁྱིམ་བདག་ཡིན་ན་ནོར་ཕྱུགས་མང་། །བུད་མེད་རྒན་གཞོན་ཁྱོད་ལ་ནི། །ཅུང་ཟད་རྩུབ་པས་བདུད་ཞལ་བསྒྱུར། །དགྲ་བཟློག་ཀླུ་མཆོད་བུམ་གཏེར་བཞག །དེ་རྣམས་བྱས་ན་བཀྲ་ཤིས་སོ། །ཕུར་བུ་འབྲིང་སྟེ་དམར་ཐབ་ངོ་། །
སྤུ་རྟགས་ཅན་གྱི་ནོར་ལ་ངན། །མི་ཁྱོད་སྤྲོ་ཐུང་བསམ་པ་དཀར། །ཡས་བྱམས་མས་སྡང་ཕྱེད་མའི་ངོ་། །གང་ལ་ཡང་ནི་འབྲིང་ཙམ་སྟེ། །ཐམས་ཅད་ཕྱེད་མར་འགྲུབ་པའི་ངོ་། །ཁྱིམ་ལ་འབྲས་སོགས་སྐྲངས་འབུར་ཅན། །ནད་པ་ཡོད་དམ་མེད་ན་འབྱུང་། །རིམ་གྲོ་འབུམ་འདོན་འཁྲུགས་པ་བཅོས། །སཱཙྪ་ཆུ་གཏོར་བསང་འབུམ་ཁྱོགས། །རྣམ་དག་སྟོང་འབུལ་གྱིས་དང་བཟང་། །པ་སངས་མཆོག་ཏུ་བཟང་ན་ཡང་། །ཡར་བསྟོད་མར་སྨད་མི་ཁ་ཆེ། །ཆོས་པ་ཡོད་ན་མཚམས་བསྡམས་ལ། །འཇིག་རྟེན་ཡིན་ན་དགེ་རྩ་བཏང་། །འདི་ཙམ་མ་གཏོགས་མོ་ཁོག་བཟང་། །སྤེ༷ན་པ་ངན་ཏེ་བྱེ་བྲལ་འོང་། །ཕ་ཁུ་ཡིན་ཀྱང་མཁོན་ངེས་སོ། །ལུང་པ་རེ་ན་མི་རེ་འདུག །བྱ་བྱེད་རང་རང་ལུགས་སུ་བྱེད། །གཅིག་འོག་གཅིག་མི་འདུག་པ་ཡིན། །ཕ་མེས་དགྲ་ཟེར་རང་སོང་ཟེར། །འབུམ་དང་གཙུག་ཏོར་སྟོང་བཟློག་བྱ། །རྣམ་རྒྱལ་རྣམ་འཇོམས་གཟུངས་སྒྲུབ་དང་། །སྔགས་བོན་
སྲུང་བཟློག་བྱས་ན་ཐུབ། །སྒྲ་གཅན་ལ་ནི་སྤྱིར་བཟང་སྟེ། །ལྷུན་པོར་དར་ཆེན་ཕྱར་བ་འདྲ། །དུས་མེར་སྡུག་བསྔལ་གོད་འོང་ཞིང་། །བློ་སྟོར་བསམ་པ་མི་འགྲུབ་པས། །མདོ་རྣམས་གདུགས་དཀར་འཁོར་འབར་འདོན། །ཁྱིམ་ལས་སྐྱེ་བའི་སྲིད་བརྟག་པ། །དུས་སྦྱོར་ཕྱེད་ཆའི་བདག་གཟའ་ནི། །ཉི་མར་བུ་སྐྱེས་ཟླ་བར་མོ། །བཙས་ནས་སྲིད་ཀྱི་ལེགས་ཉེས་ནི། །དུས་སྦྱོར་གྱི་ནི་ལྔ་པ་ལ། །ཉི་ཤར་བུ་ཕོ་སྐྱེ་འགྱུར་བ། །རབ་ཏུ་བྱུང་ན་དགེ་ལེགས་འགྱུར། །ནམ་ཕུག་བདེ་སྐྱིད་འབྱུང་ངོ་ཡིན། །ཆུང་ཡས་བྱིན་རླབས་སྒྲིབ་ཤིང་འདོགས། །ཟླ་བར་བུ་སྐྱེས་དྲིན་ལན་ལྡོན། །རྒྱུ་སྐར་དབུས་ན་ཟླ་བ་ཤར། །ཆུ་ཤེལ་བདུད་རྩི་ལྷ་བྲན་གསོལ། །འོན་ཀྱང་ཕྱི་དལ་ཡོད་པར་བཤད། །མིག་དམར་སྲིད་ལ་ཤིན་ཏུ་ངན། །བུ་གཅིག་སྐྱེས་པ་བཙན་གྱི་བུ། །རྒོད་ལ་འཚུབས་ཏེ་མི་ལ་གཟན། །ཉལ་བའི་ཁྱིམ་དུ་བརླག་འགོང་འོང་། །བླ་མ་དྲག་པོའི་དབང་ཡང་ཞུ། །ཡུལ་ལྷ་ལྷ་ཁང་དགེ་སློང་མཆོད། །ལྷག་པར་ཁྱེའུ་བུ་མོ་ནི། །
དུ་མ་སྐྱེ་འགྱུར་མཚོ་སྟེང་དུ། །དར་ཆགས་མི་ལམ་ལྷ་ཡིས་ཕྱེས། །ཕྱི་དལ་ཆེ་བས་རིམ་གྲོ་འབད། །ཕུར་བུ་མཆོག་ཏུ་དགེ་ན་ཡང་། །སྨོད་ཁ་ཟུག་ལ་སྲིད་མི་ཆགས། །ཀླུ་ལ་གཏད་ཁྲམ་བཙུད་པར་གདའ། །དེ་བཟློག་རིགས་དང་གཟུངས་གྲྭ་ལྔ། །དབང་ཞུ་དཔལ་ཆེན་མ་ཀློགས་བཟང་། །པ་སངས་ལུང་སྐམ་ཆུ་བརྡོལ་བཟང་། །ཤིང་སྐམ་ལོ་རྒྱས་བུ་སྐྱེ་འགྱུར། །ཅུང་ཟད་འཛེར་བར་བཤད་པའང་སྣང་། །སྤེ༷ན་པར་སྲིད་ངན་མི་འབྱུང་བའམ། །བྱུང་ཡང་མི་སྡུག་བཞིན་ཅན་འབྱུང་། །བུ་མོ་སྐྱེ་འགྱུར་ཕུགས་སུ་བཟང་། །རིམ་གྲོ་སྣ་ཚོགས་བརྩམ་པར་བྱ། །སྒྲ་གཅན་ལ་ནི་བཟང་བར་བཤད། །ཟླ་བའི་དཀྱིལ་འཁོར་རྒྱས་པ་འདྲ། །དུས་མེར་རིམས་གནོད་ཆུང་སྲིས་འཚེ། །སྲིད་བརླག་སྔར་བྱུང་ད་ཡང་འབྱུང་། །དེ་ལ་ཕུར་སྒྲུབ་ཚད་ལྡན་གྱིས། །བྱིས་པ་སྐྱེ་བའི་རྩིས་བཤད་པ། །ལུག་གླང་ཀར་གཞུ་ཆུ་སྲིན་གྱི། །དུས་སྦྱོར་ལ་སྐྱེས་ཁ་འོག་ལྟ། །ཞེས་པ་ལུག་སོགས་འདི་རྣམས་གང་རུང་གི་དུས་སྦྱོར་ལ་བྱིས་པ་
སྐྱེས་ན་སྐྱེ་དུས་ཁ་འོག་ཏུ་བལྟས་ནས་བཙའོ། །ཉ་ལ་འཕྲེད་དུ་ཁ་བལྟས་སྐྱེ། །དེ་ལྷག་དྲུག་ལ་ཁ་གྱེན་བལྟ། །སྟེང་འོག་བར་དུ་ཁ་བལྟས་དེ། །འཚོ་སླ་འཚོ་དཀའ་བར་མ་ཟེར། །བུ་མོ་འཁྲིག་བུམ་སྲང་མདོག་བཟང་། །གཞན་རྣམས་ལ་སྐྱེས་མདོག་ངན་བཤད། །གཞན་ཡང་རིན་ཆེན་རྒྱ་མཚོ་ལས། །ལུག་དུས་མེ་སྒྲོན་དང་བཅས་སྐྱེ། །གླང་དུས་འབྲུ་ཕྱེས་སྣོད་གང་དུས། །འཁྲིག་པར་འབྲུ་མང་ཡོད་དུས་སྐྱེ། །ཀརྚར་ཆུ་ཡིས་སྣོད་གང་དུས།། སེང་གེར་ཆུ་སྣོད་ཕྱེད་ཙམ་དུས། །བུ་མོར་འབྲུ་སྣོད་ཕྱེད་གང་དུས། །སྲང་ལ་ཟས་རྣམས་ཟ་འཕྲོར་སྐྱེ། །སྡིག་པར་མེ་སྒྲོན་ཡལ་བའམ། །ཐབ་ཀྱི་མེ་ནི་བསྙལ་བའི་དུས། །གཞུ་ལ་དགེ་སྦྱོང་སྔགས་པ་དག །ཁྱིམ་ནང་ཡོད་པའི་དུས་སུ་སྐྱེ། །ཆུ་སྲིན་སྐྱེ་བོ་ནང་ཡོད་དུས། །བུམ་པར་ཕལ་པ་ནང་ཡོད་པ། །ཕྱི་རོལ་ཐོན་མ་ཐག་ཏུ་སྐྱེ། །ཉ་ལ་དགེ་སྦྱོང་བྲམ་ཟེ་དང་། །སྔགས་པས་བྱིན་རླབས་བྱེད་དུས་སུའོ། །དེ་དག་སྣོད་ཀྱི་ཁྱད་པར་ཀྱང་། །ལུག་ལ་མགོ་བོ་ཤར་
དུ་གཏད། །ཀར་ལྷོ་སྲང་ནུབ་ཆུ་སྲིན་བྱང་། །སྤྱིར་བཏང་དུས་སྦྱོར་མི་མཉམ་བུ། །མཉམ་པར་བུ་མོ་སྐྱེ་བར་བཤད། །བྱེ་བྲག་མི་མཉམ་ཕྱེད་སྔ་བུ། །ཕྱི་མ་བུ་མོ་མཉམ་པ་ཡི། །ཕྱེད་སྔ་བུ་མོ་ཕྱི་མར་བུ། །ལུག་དམར་གླང་དཀར་ཀར་འཁྲིག་ལྗང་། །བུ་མོ་སེང་སྔོ་སྲང་སྔོ་སྐྱ། །སྡིག་པ་གསེར་མདོག་གཞུ་སྣ་ཚོགས། །ཆུ་སྲིན་སེར་ནག་བུམ་དམར་སྐྱ། །ཉ་དམར་འདི་དུས་སྐྱེས་པ་རྣམས། །ཁ་དོག་དེ་ལྟར་སྣང་ཞེས་བཤད། །གཞན་ཡང་ཟས་གོས་འཕྲོད་ཚུལ་དང་། །ཚེ་ཚད་དག་ཀྱང་བཤད་པར་སྣང་། །དེ་དག་ཁྱིམ་ཕྱྭའི་འབྲས་བུའོ། །གཉིས་པ་བྱེས་ཀྱི་ལེགས་ཉེས་བརྟག །དེ་ལ་འགྲོན་པོའི་བདེ་སྡུག་ནི། །བྱེས་སོང་མི་ཡི་དོན་དུ་ནི། །གང་ཚེ་འཇུག་གམ་དྲི་བའི་དུས། །བཅུ་གཉིས་ཆ་ཡི་ཞིང་བདག་གམ། །དེ་ལ་གསར་ཤར་གཟའ་ཡི་འབྲས། །ཉི་མར་འགྲོན་པོ་དགྲ་ཡིས་བཅོམ། །ཟས་ནོར་ཚོང་རྫས་ཁྱེར་བའི་ངོ་། །ཡང་ན་ད་རུང་འབྱུང་ངོ་ཡོད། །དགྲ་
ལྷ་བསྟོད་ཅིང་དགྲ་སྲི་མནན། །ཟླ་བར་བསམ་པ་མ་ལུས་འགྲུབ། །ལམ་དུ་ཞུགས་ཤིང་མགྱོགས་པར་སླེབས། །དམར་ངོ་ཅུང་ཟད་ཡོད་འདུག་ཀྱང་། །ཁ་པོ་བསྒྲགས་ཤིང་ཡོང་བའི་ངོ་། །མིག་དམར་འགྲོན་དེ་སྣང་ཞེས་སོང་། །ལོ་འཁོར་ཐག་རིང་འགྲོན་ཡིན་ན། །ཟླ་ཕྱེད་ཚུན་ཆོད་དེ་མིན་ན། །དགྲ་གྱོད་ངོ་ཆེ་དུས་མི་སླེབས། །མཚན་བརྗོད་ནོར་གཟུངས་ནོར་སྒྲུབ་འབད། །ལྷག་པར་དོན་འགྲུབ་ཚོང་ལེགས་ཤིང་། །མྱུར་དུ་ལམ་ཆོད་སླེབས་འོང་སྟེ། །སྒྲ་གཅན་ལས་ཐར་ཉི་ཟླ་ཟུང་། །འཛམ་གླིང་མུན་སེལ་མཛོད་ཅེས་ཟེར། །ཕུར་བུ་ཚོང་ལེགས་དོན་འགྲུབ་ཀྱང་། །ཁ་མཆུ་ཁ་སྨྲ་ལམ་འགོར་ཆེ། །ཞག་གཉིས་མི་སླེབས་ངོ་ཡིན་འདུག །པ་སངས་ལ་ནི་ཚོང་དོན་འགྲུབ། །ལམ་ལ་འགོར་གཞི་མེད་ན་ཡང་། །ནོར་གྱི་རྗེས་ལ་གདོན་ཆེན་འབྲང་། །གཞི་ལ་དགྲ་གྱོད་ནད་ངོ་ཆེ། །ནུས་ཅན་གཏོར་བཟློག་ཆ་གསུམ་བཏང་། །།འགྲོན་གདོང་བགེགས་བསྐྲད་ཐུན་སྔགས་བྲབས། །ཚོང་ཕུང་སྦྱིན་པ་བཏང་ན་
བཟང་། །སྤེན་པར་འགྲོན་ངན་ནོར་ཐོབ་ཀྱང་། །མི་དང་བྲལ་བས་ཚེ་སྒྲུབ་དང་། །འཆི་ངེས་སྲོག་བསླུ་ཇི་མང་གྱིས། །སྒྲ་གཅན་ཅུང་ཟད་རྩུབ་ན་ཡང་། །ཕུགས་སུ་གྲོགས་ཆེན་བཅས་ཏེ་སླེབས། །དུས་མེར་ལུས་སེམས་ངལ་བས་དུབ། །ཤིན་ཏུ་ཚེགས་ཆེ་བློ་སྟོང་འགྱུར། །འདི་དག་བྱེས་སོང་ཀུན་ལ་དང་། །ཚོང་པ་ལ་ནི་བརྩི་བའོ། །དེ་དག་ཅི་ཙམ་ན་སླེབས་ཚང་། །ཏཏྐཱ་ལ་ཡི་ཆ་ཤས་ཀྱི། །གྲངས་ལ་ངོས་བཟུང་ཞལ་ལས་ཤེས། །ཏཏྐཱལ་བདག་པོའི་གཟའ་འབྲས་དང་། །དུས་སྦྱོར་གཡོ་འོང་བརྟན་མི་འོང་ཁམས་བར་མའོ་ལའང་བརྟག །དེ་དག་ལམ་གྱི་བདེ་སྡུག་ནི། །ཏཏྐཱལ་དང་པོའི་གནས་དག་ཏུ། །གང་ཤར་གཟའ་དགུའི་ལོངས་སྤྱོད་འབྲས། །ཉི་མར་ཁ་ཆར་བུ་ཡུག་འབྱུང་། །དེ་ལྟར་ན་ནི་བཤོལ་བར་འཐད། །ལམ་ཞུགས་མི་བདེ་སྡུག་བསྔལ་མང་། །དེ་ཕྱིར་ཅུང་ཟད་འཐེན་ན་ལེགས། །ཟླ་བར་ཕྱིར་བཤོལ་ཅུང་ཡོད་དེ། །འཛེམ་ན་ཉེས་སྐྱོན་གང་ཡང་མེད། །ཁྱད་པར་ནུབ་དང་
བྱང་ངོས་སུ། །འགྲོ་ཕྱོགས་ཡིན་ན་ལྷག་པར་བཟང་། །མིག་དམར་ཐེའུ་འགོང་སྣ་ཁྲིད་བྱས། །ལེགས་པ་གཅིག་ལ་ཉེས་པ་བརྒྱ། །དྲག་པོའི་དམག་སོགས་བགྲོད་པར་བཟང་བར་བཤད། །ལྷག་པ་མི་འཛོམ་ཕྱི་དལ་ངོ་། །འགྲོ་འཛོམ་གྱུར་ན་སྐྱོན་མེད་དོ། །གར་བསམ་ས་རུ་ཕྱིན་པ་ཡིན། །ཕུར་བུ་བན་བོན་ཡིན་ན་བཟང་། །དེ་མིན་གཞན་དག་ཐམས་ཅད་ལ། །མི་བཟང་ངན་པ་ཤུགས་ཆེའོ། །པ་སངས་གཞན་ལ་འབྲིང་ཙམ་སྟེ། །བུད་མེད་དག་ལ་ཤིན་ཏུ་བཟང་། །སྤེན་པ་དམངས་རིགས་དག་ལ་བཟང་། །གཞན་པ་ལ་ནི་ངན་པར་བཤད། །སྒྲ་གཅན་ལམ་འགགས་ལམ་ལྡོག་སྲིད། །དེ་མིན་བཟང་བར་བཤད་ཀྱང་ཡོད། །དུས་མེས་གོད་ཁ་ཅུང་ཟད་ཡོང་། །ཤིན་ཏུ་ཉོན་མོངས་ཐང་ཆད་འགྱུར། །བྱེས་སོང་བའམ་གཞི་ལ་ཡང་། །གྲོགས་དང་ནོར་ཕྱྭ་བརྟག་པ་ནི། །ཏཏྐཱལ་གྱི་ནི་གཉིས་པ་དང་། །བཅུ་གཅིག་པ་ལ་གསར་ཤར་གཟའ། །ཉི་མས་སྔར་ཡོད་ཅུང་ཟད་ཐོན། །ཕྱིས་སུ་ཨེ་འོང་རེ་བ་མེད། །ཁྱད་པར་སྤུ་རྟགས་
ཅན་གྱི་ནོར། །འོད་ཅན་ནོར་རྫས་སྟོར་ཉེན་གདའ། །དེ་ཕྱིར་ནོར་སྒྲུབ་ཕྱོགས་ལ་བརྩོན། །ཟླ་བར་སྔར་ཡོད་གང་སྟོངས་མེད། །ཕྱིས་ནི་དགོས་འདོད་འབྱུང་སྟེ་བཟང་། །འོན་ཏེ་ཐེ་ཚོམ་མི་ཁ་ཆེ། །མི་ཁ་ཁྲམ་བསྒྱུར་བྱས་ན་བཟང་། །མིག་དམར་སྐམ་ནོར་འཕེལ་འབྲི་མེད། །ཕྱུགས་ལ་གོད་ངོ་མཚོན་ངོ་ཆེ། །རྨོས་ཞིང་ཕྱུགས་རྣམས་དགྲ་ཡིས་ཁྱེར། །ཕྱི་ནས་མི་རྙེད་རྙེད་ན་ཡང་། །ཁྱི་ཕྱུགས་སྤུ་རྟགས་ཅན་བྱུང་ན། །གདོན་དང་བསྡོངས་ནས་ཡོང་བའི་ངོ་། །གསང་སྔགས་རྒྱུད་འབུམ་གཟུངས་འདུས་འདོན། །རྣམ་རྒྱལ་བསྒྲུབས་ཤིང་འགོང་པོ་བཀར། །གཟའ་མདོས་ཀླུ་མདོས་སྦྱིན་པ་གཏོང་། །ལྷག་པར་ཕྱི་བཤོལ་མེད་ན་ནི། །འཁོར་ལོས་སྒྱུར་རྒྱལ་བསོད་ནམས་ལས། །ཐག་རིང་གླིང་བཞིའི་གཡང་འདུས་སོ། །སྔར་ཡོད་གྲོགས་ནི་ཕྱིར་མ་ཤོར། །ད་ཡང་སྐམ་ཕྱུགས་གཉིས་གྲོགས་འདུ། །ཟླ་བ་ཡར་གྱི་ངོ་ལྟར་འཕེལ། །སྤུ་རྟགས་ཅན་ཞིག་ངེས་པར་རྙེད། །ཕུར་བུ་སྐམ་ནོར་ཟང་ཟིང་དང་། །ཕྱུགས་
ལ་ཇག་ངོ་དུམ་ཙམ་འདུག །མོ་ཉེར་རྐུན་ངོ་ཅུང་ཟད་ཡོད། །གསེར་འོད་ནོར་བུ་འོད་འབར་དང་། །ནོར་རྒྱུན་གཡང་ལེན་གཡང་འགུགས་བྱ། །ཕུགས་སུ་ནོར་ལ་གོད་མེད་བཟང་། །པ་སངས་སྐམ་ནོར་སྔར་གོད་མེད། །ཕྱིས་ཀྱང་མིང་ཅན་ནོར་དང་བཅས། །ཕྱུགས་རྣམས་དར་ཞིང་འཕེལ་ཆེ་ཟེར། །སྟོར་བརླག་རྐུན་ངོ་ཅུང་འདུག་པས། །ནོར་གཟུངས་དགྲ་བྲུབས་མཆོད་སྦྱིན་བྱ། །སྤེན་པར་གྲོགས་ནོར་ངན་བཤད་ཀྱང་། །ནོར་གྱི་བླ་གཟའ་ལ་བབས་ཏེ། །རྣམ་ཐོས་བང་མཛོད་སྒོ་ཕྱེ་ནས། །ཨ་ཡོད་ཅན་ལ་ནོར་སྦྱིན་ཐོངས། །འཕྲལ་ཕུགས་དགོས་འདོད་རེ་བ་འགྲུབ། །མངོན་ཤེས་ཅན་ལ་གཏན་ཚིགས་ཡོད། །ཟེར་བས་བཟང་བར་སྐབས་དབྱེ་དགོས། །སྒྲ་གཅན་ལ་ནི་གྲོགས་དང་ནོར། །ལོངས་སྤྱོད་རྒྱ་མཚོ་ལྟ་བུར་འགྲུབ། །དུས་མེས་གྲོགས་ནོར་ལོངས་སྤྱོད་རྣམས། །རྩྭ་སྦུར་མེ་བཞིན་ཉམས་པར་འགྱུར། །གསུམ་པ་བློ་ཕྱྭ་བརྟག་པ་ནི། །ཏཏྐཱལ་གྱི་ནི་བཅུ་པ་དང་། །མཐོང་ས་རྣམས་ཁྱད་པར་འདུན་པ་གལ་ཆེ།
ན་གནས་པའི་གཟའ། །དགྲ་དང་གྲོགས་སུ་འགྱུར་བ་སྟེ། །ཉི་མར་དབང་དྲག་གྲོགས་སུ་གྱུར་ན། ནུས་པ་ཆེ། །མི་ཆེན་བློ་དང་འདོད་པ་འགྲུབ། །དགྲར་གྱུར་ན་བསྲེག་ཉམས་ངལ་བའི་ཡིད་བརྟེན་ཅིང་། །སྡུག་བསྔལ་མང་པོའི་རྒྱུ་རུ་འགྱུར། །ཟླ་བར་བུད་མེད་དཀར་པོའི་རིགས། །ཞི་འཇམ་ལས་སོགས་བློ་འགྲུབ་ཅིང་། །གྲོགས་དང་དགྲར་འགྱུར་འོག་མ་ཀུན་ལ་ཤེས་པར་བྱ། སྨྲ་བརྗོད་བུད་མེད་ཀྱིས་མནར་བ། །འགྲུབ་ཏུ་མི་སྟེར་དམན་མོས་རྩོད། །མིག་དམར་དམག་ཇག་རྒོལ་བའི་ལས། །དྲག་མཐུ་རྩུབ་པའི་བློ་ཡོད་འགྲུབ། །དགྲས་མནར་བློ་སྟོང་གོད་ཀས་འཚེ། །མི་ཆེན་དགྲ་ཟླས་གཉའ་ནས་རྩོད། །ལྷག་པར་ནོར་སྤེལ་སྤོགས་པ་དང་། །དཀར་ཕྱོགས་ཞི་རྒྱས་བསོད་ནམས་འགྲུབ། །འཇམ་རྩུབ་འདྲེས་པའི་ལྕགས་ཐག་གིས། །འགྱོད་ཆེན་སྡུག་བསྔལ་མང་པོ་འབྱུང་། །ཕུར་བུར་རིག་པ་ཆོས་སྤྱོད་སོགས། །བློ་རྒྱས་བཞིན་མདངས་རྒྱས་པར་འགྱུར། །དབང་པོ་སྟོབས་དང་ཁ་དོག་དང་། །བསམ་པའི་དོན་
ལ་བར་ཆད་ངོ་། །པ་སངས་དགུག་པ་རྩེད་འཇོའི་ལས། །འདོད་ལ་ཆགས་པའི་བློ་རབ་འགྲུབ། །ཕ་རོལ་དབང་དུ་མི་འགྱུར་ཞིང་། །བུད་མེད་དབང་གྱུར་ཉམས་པར་འགྱུར། །སྤེན་པར་ས་ཞིང་ནོར་སྒྲུབ་དང་། །བརྟན་པའི་བློ་ནི་རྟག་ཏུ་འགྲུབ། །དམངས་ཉམས་མི་ཁ་བྲ་མཆུས་མནར། །བྱ་བ་བཤོལ་ཅིང་ཡིད་ཆད་འབྱུང་། །སྒྲ་གཅན་བདག་ཉིད་རྒྱལ་ཐབས་དང་། །གྲགས་པ་སྤེལ་བའི་བློ་ཡོད་འགྲུབ། །རྐྱེན་གྱིས་འཆི་འམ་མཐོན་པོས་རྩོད། །ངེས་པར་སྒྲུབ་ཏུ་མི་སྟེར་རོ། །དུས་མེར་དུག་སྦྱོར་བསྲེག་དབྱེ་རྨོངས། །གཞན་ལ་སྡུག་བསྔལ་སྦྱོར་བ་འགྲུབ། །མི་བདེ་རིམས་དང་དགྲ་གྱོད་དང་། །ཡུན་རིང་སྡུག་བསྔལ་རྨོངས་པའི་རྒྱུ། །འདི་དག་ཞིང་གི་བདག་པོ་ཡི། །དགྲ་གྲོགས་འགྱུར་བའི་ཁྱད་པར་ནི། །བརྟགས་ལ་བཟང་ངན་གོང་བཞིན་བཤད། །བློ་ཡི་ཁྱད་པར་དོན་བརྟག་པ། །སུམ་ཆའི་གནས་ན་འདུག་པའི་གཟའ། །ཉི་མར་གང་ཡང་ཐེ་ཚོམ་རྒྱུ། །ཚིག་གི་ལོ་མ་མང་བརྗོད་ཀྱང་། །དོན་གྱི་འབྲས་བུ་འབྱུང་
བར་དཀའ། །གལ་ཏེ་འགྲུབ་ནའང་ཕན་མི་ཐོགས། །ནོར་གཟུངས་གང་མང་བསྒྲུབ་ན་ཕན། །ཟླ་བར་དྲག་ལས་ཕྱི་དལ་ཆེ། །གཞན་པ་ཞི་ལས་གང་ཡིན་བཟང་། །ཆུ་ཟད་ཉ་མོ་མ་སྨད་ལ། །ཆུ་བྲན་རྒྱ་མཚོར་འཁྱིལ་བས་བཟང་། །མྱུ་གུ་རླན་དང་འཕྲད་པ་ལྟར། །བསམ་པའི་དོན་དེ་འགྲུབ་ངོ་ཡིན། །འོན་ཀྱང་ཉི་མ་བྱང་ཕྱོགས་ནས། །བཙུན་ནམ་བུད་མེད་ལོག་ཚིག་སྨྲ། །སྨྲས་ཀྱང་རང་དོན་མི་ཤོར་བཟང་། །མིག་དམར་སྦྲང་བུ་མེར་མཆོངས་ལྟར། །བྱ་སྤུ་རླུང་གིས་ཁྱེར་དང་མཚུངས། །མི་འདོད་དགྲ་གྱོད་ནོར་གོད་འབྱུང་། །ལྷོའམ་ནུབ་ནས་དོན་མེད་རྩོད། །ལྷོ་ནས་ལྷོ་བྲོས་ཙམ་འགྲུབ་ངོ་། །ལྷག་པར་ཅི་བསམ་ལས་རྣམས་འགྲུབ། །ཤོར་གོད་ཅུང་ཟད་འབྱུང་ཡང་ནི། །བསྒྲུབ་པའི་འབྲས་བུ་ཆུད་མི་ཟ། །གསེར་འོད་གཡང་སྐྱབས་གྱིས་དང་བཟང་། །ཕུར་བུར་བྱ་སྤུ་རླུང་ཁྱེར་འདྲ། །ད་ལྟ་མཐོང་ཀྱང་ད་ལྟ་མེད། །ཁ་གྲོགས་ཆེ་ཡང་གཏིང་གྲོགས་ཆུང་། །དགྲ་གྱོད་ཡང་ན་ནད་ཀྱི་ངོ་། །
ད་ལན་དོན་འདི་འཐེན་ན་ལེགས། །འབད་པས་བསྒྲུབ་ན་དཀའ་བས་འགྲུབ། །པ་སངས་ནོར་བུ་ཡོད་པ་བཞིན། །གང་དུ་ཕྱིན་ཀྱང་དོན་འགྲུབ་ངོ་། །འཕྲལ་འགྲུབ་སླ་ཞིང་ཕུགས་སུ་དགེ། དེ་མ་ཐག་ཏུ་བརྩམས་པས་འགྲུབ། །ཅུང་ཟད་འགྱངས་ན་གྲོགས་ཤོར་ངོ་། །སྤེན་པར་ཕར་ཚུར་ས་མཚམས་ན། །རྡོ་བ་ཕ་ཝོང་མི་སྐད་འདོན། །མི་ཕོ་ཁྱོད་ལ་མི་ཟེར་རམ། །དགྲ་གྱོད་ཁ་མཆུ་མྱ་ངན་ངོ་། །རང་བྱས་མེད་ཀྱང་གཞན་གྱིས་གནོད། །རེ་ཞིག་འགྲུབ་ཀྱང་ཕྱིས་མི་བརྟན། །གཞན་གྱི་དོན་དེ་སྒྲུབ་མི་སྟེར། །ཤིན་ཏུ་ཕྱི་དལ་འཛེར་བ་སྟེ། །རབ་ཏུ་གསང་སྟེ་བསྒྲུབ་པ་གཅེས། །རཱ་ཧུས་དོན་དེ་ངང་གིས་འགྲུབ། །རྒྱལ་ཐབས་ཆེན་པོའི་བྱ་བར་བཟང་། །དུས་མེས་སྡུག་བསྔལ་དགྲ་གྱོད་དང་། །མི་བདེ་བློ་སྟོང་དོན་མི་འགྲུབ། །དོན་དེ་ནམ་ཞིག་འགྲུབ་བརྟག་པ། །སུམ་ཆའི་ཐོབ་ནོར་བསྒྱུར་བ་སོགས། །བདག་གཟའི་ཚུལ་ལ་བརྟགས་དེ་སྨྲ། །བློ་ཡི་ཁྱད་པར་ཆོས་བརྟག་པ། །ཏཏྐཱལ་གསུམ་དང་དགུ་པ་རུ། །ཉི་མར་བསྲེག་
ཉམས་ཚད་པས་གདུང་། །མི་ཆེན་ལས་ཀྱི་ལྕགས་ཀྱུ་ཡིས། །ཆོས་བྱེད་གསེར་མིག་སྐམ་ལ་བཏོན། །འབུམ་དང་སྡོང་བརྒྱན་གཙུག་ཏོར་སྒྲོགས། །ཟླ་བར་ངང་ཚུལ་ཞི་ཞིང་བཟང་། །ཡིད་འོང་དཔལ་དང་སྙན་པ་ཐོབ། །ཆོས་བྱེད་བསྟན་པ་དར་བ་ཡིན། །མིག་དམར་བདུད་ཀྱི་རྒྱ་ལ་ནི། །ཆོས་བྱེད་རི་དྭགས་ཆུད་པ་ཡིན། །ཡང་ན་ཚེ་ལ་བར་ཆད་ངོ་། །ཚེ་ཆོས་བདེ་བའི་བར་ཆད་འབྱུང་། །དྲག་པོའི་སྦྱིན་སྲེག་སིདྡྷི་སྒྲོགས། །ལྷག་པར་རབ་བྱུང་མཐའ་རུ་ཕྱིན། །བློ་རྒྱས་ཚངས་པའི་གཎྚི་ལས། །གྲགས་སྙན་སྒྲ་དབྱངས་ཕྱོགས་བཅུར་ཁྱབ། །བདུད་ཆེན་འཇིགས་པའི་ཡིད་ཀྱིས་ངུ་། །ཕུར་བུ་སྔགས་ཀྱི་ནུས་པ་རྒྱས། །སྙན་པའི་བ་དན་ཕྱོགས་བཅུར་གཡོ། །ཙནྡན་ལྗོན་པ་དྲི་བསུང་ལྡན། །ཡིད་འཕྲོག་དཔལ་གྱི་མེ་ཏོག་འཁྲུངས། །པ་སངས་དབང་གི་འོད་ཟེར་འབར། །འཕགས་མའི་སྤྲུལ་པ་འགྲོ་ལ་བཀྱེ། །ཡིད་འཕྲོག་སྨན་གྱི་ནགས་ཚལ་ལ། །གཡུ་ཡི་ཁུ་བྱུག་གསུང་སྙན་སྒྲོགས། །སྒྲ་དེས་
སྐྱེ་རྒུའི་རྣ་བ་བདེ། །སྤེན་པར་ཉི་མ་གཟས་ཟིན་ལྟར། །རབ་བྱུང་ཆོས་པའི་སྡོམ་པ་འཆོར། །བདུད་ཀྱི་བསླུ་བ་ཡོང་ངེས་ཡིན། །བདུད་བཟློག་ཡི་དམ་བསྙེན་པར་འབད། །སྒྲ་གཅན་རླུང་སྔགས་རྣལ་འབྱོར་གྱིས། །ལས་རླུང་དྷཱུ་ཏིའི་བུམ་པར་བསྐྱིལ། །འཆི་མེད་ཐིག་ལེའི་རྣལ་འབྱོར་པ། །འབྲེལ་ཚད་དོན་དང་ལྡན་པ་འགྲུབ། །དུས་མེར་སྡུག་བསྔལ་འགྲོ་མང་བསླུ། །དུག་གི་མེ་ཏོག་དཀར་པོ་དེས། །གསེར་བུམ་ཁ་རྒྱན་བྱས་པ་འདྲ། །སྙིང་པོ་གྲངས་མང་བཟླ་བར་བྱ། །ལས་དང་བྱ་བ་གང་ལ་ཡང་། །གྲུ་དང་མི་གྲུ་དཔྱད་པ་ནི། །དུས་སྦྱོར་ཏཏྐཱ་ལ་དང་ནི། །རང་རང་གི་ནི་དཔྱད་མལ་དུ། །ཁྱིམ་གྱི་གཡོ་བརྟན་ཁྱད་པར་དང་། །ལས་དང་གཟའ་ཡི་མཚུངས་འབྲས་དང་། །ཞིང་བདག་དང་ནི་དེ་དག་ལ། །ཞུགས་སམ་མཐོང་བའི་གཟའ་འབྲས་སོགས། །དཔྱད་དེ་ཁ་དམར་གདགས་པར་བྱ། །དེ་ལ་ཕྱི་ནང་གསང་གསུམ་ཚུལ། །སྤྱིར་བཏང་གནས་མལ་འབྲས་བུ་དང་། །བྱེ་བྲག་དམིགས་བསལ་བཤད་པ་ཡི། །
གནས་དེར་གཟའ་མེད་ཞིང་བདག་འབྲས། །གཟའ་ཡོད་དེ་ཡི་འབྲས་བུ་སྟེ། །དེ་ཡང་རང་བདག་འབྲས་བུ་ནི། །རང་རང་བཤད་པ་དེ་ལྟར་བདེན། །གྲོགས་དང་བཟང་འབྲས་མཚུངས་པ་དང་། །དགྲ་དང་ངན་འབྲས་མཚུངས་ན་བདེན། །མི་མཚུངས་འབྲས་བུ་ཆུང་བའམ། །ཡང་ན་དེ་ཡི་ཚུལ་ལ་བརྟག །གཞན་ཡང་གནས་དེ་མཐོང་བའི་གཟའ། །དགྲ་གྲོགས་གྱུར་པའི་ཁྱད་པར་གྱི། །གཟའ་འབྲས་རྣམ་པར་བརྟགས་ཏེ་སྨྲ། །གྲོགས་དང་ཆུང་མ་ལ་སོགས་པ། །རང་གནས་མཐོང་ངམ་ཞུགས་པའི་གཟའ། །ལེགས་པར་བལྟས་ལ་མཐུན་སོགས་བརྟག །ཆུ་བརྒྱ་ཟམ་འོག་འདྲིལ་བ་བཞིན། །གོང་འོག་བཤད་པ་ཀུན་བསྡེབས་ནས། །དགོས་དོན་གཅིག་ལ་སྡུད་པའི་ཚུལ། །ཤེས་ན་ཡེ་མཁྱེན་མཁས་པ་ཡིན། །རྒྱུད་ཀྱི་རྩིས་གཞན་ཁོག་ཕུབ་ནས། །སྙིང་པོ་དུས་སྦྱོར་འདི་བཟུང་ན། །ལུས་བཟང་རྫོགས་ལ་མིག་མཆོག་བཞིན། །བླང་དོར་ཆོས་ཀུན་སྒྲིབ་མེད་མཐོང་། །བཞི་པ་ནད་པར་བརྟག་
པ་ནི། །བཅུ་གཉིས་ཆ་ཡི་ཞིང་བདག་ནི། །གང་ཡིན་གྱུར་པའི་གཟའ་ཡི་འབྲས། །ཐོག་མར་ནད་ཀྱི་ཁམས་བསྟན་པ། །ཉི་མར་ཤིན་ཏུ་ཚ་ཞིང་བསྲེག །ཁྲག་མཁྲིས་མགོ་ནད་ཚ་བ་གསར། །རིམས་ནད་རྩ་ཆུ་ན་ལུགས་ཚ། །ཟླ་བར་གྲང་རྙོགས་ལུས་ཁམས་གྲང་། །གྲང་བ་གསར་བ་མ་ཞུའི་ནད། །མིག་དམར་རྨས་ཁྲག་ཚད་རྙིང་ཞེན། །རིམས་རྙིང་ཤུ་ཐོར་མེས་ཚིག་ནད། །ལྷག་པར་གྲང་བ་རྙིང་ཞིང་རྒྱས། །གཅོང་རིགས་ཆུ་སེར་ཤ་རྩི་འབྱར། །ཕུར་བུ་ལུས་འདར་རླུང་གིས་གཡེངས། །གྲངས་ཤུམ་རུས་པ་རྩ་རྒྱུད་ཁོལ། །པ་སངས་འབྲས་དང་སྐྲན་དུ་འདྲིལ། །ཆུ་འགགས་རུས་པའི་སྲིན་གྱི་རིགས། །སྤེན་པ་དུག་མཛེ་བད་སྨུག་ནད། །ཤ་རྒྱས་ལུས་ལྕི་ཤིན་ཏུ་སྤྲིད། །སྒྲ་གཅན་སེམས་འཕྱོ་དྲན་པ་ཡེར། །གདོན་གྱིས་སྙིང་ལ་བཟུང་བའི་ནད། །དུས་མེར་ན་ཚ་སྣ་ཚོགས་ཟིང་། །དྲན་པ་མི་བདེ་བ་སྤུ་གཡོ། །ནད་པའི་ཕྱ་ལ་བཅུ་གཉིས་ཆའི། །ཞིང་ལ་ཞུགས་སམ་མཐོང་བའི་གཟའ། །ཉི་མར་
གློ་བུར་ཡེ་འདྲོག་འོང་། །བྱ་སྒྲོ་མེ་ཡིས་ཚིག་པ་ལྟར། །སྨན་གྱིས་ཕན་མེད་ནད་པ་འཆོར། །རིམ་གྲོ་བསྐྱེད་ན་འཚོ་ཡང་སྲིད། །ཟླ་བར་ལྗོན་པ་མ་འགྱེལ་ཏེ། །ལོ་འདབ་སད་ཀྱིས་ཁྱེར་བ་ཡིན། །སྲོག་སྐྱོན་མེད་ཀྱང་ནད་གཞི་ཆེ། །སྨན་པས་བཅོས་ན་ཕན་ངོ་ཆེ། །རྨ་སྐྲན་གཉན་སྲིན་ཆུ་སེར་འོང་། །མིག་དམར་གློ་སྙིང་ཁྲག་འཁྲུགས་གཟའ། །སྟོད་མཆིན་མིག་ནད་ནད་གཞི་ཆུང་། །ནད་ཀྱི་ཟུག་གཟེར་ཤིན་ཏུ་ཆེ། །ལྷག་པར་ཆུ་ནད་འཁལ་རྐེད་ནད། །ཡན་ལག་ན་བ་སྐྲངས་འབུར་འོང་། །ལྔ་དྲུག་ཞག་ལ་སོས་པར་བཤད། །ཕུར་བུར་སྐྲངས་ལྷོག་ཆམ་པ་སྟེ། །ཉི་ཟླ་གཟས་ཟིན་སྒྲོན་མེ་ནི། །རླུང་བསྐྱོད་བླ་ཚེ་བདུད་ལ་ཤོར། །དཔྱད་ལོག་ཟས་སྨན་ལོག་པས་ངན། །པ་སངས་སྟོད་གཟེར་ཕོ་མཆིན་ནད། །ནད་ཚབས་ཆུང་ཡང་ནད་གཞི་ཆེ། །སྨན་པ་བོན་པོས་ཁ་པོ་སྒྲོགས། །སྤེན་པར་ཡན་ལག་ཀླུ་ནད་དེ། །བཅུ་བདུན་ཞག་ཚུན་འཛེར་ཆ་ཆེ། །སྒྲ་གཅན་ཕལ་ཆེར་སྲོག་ཕྱྭར་བཟང་། །དུས་
མེར་རིམ་གྲོ་མ་འབད་ན། །ཉེས་ཆེ་མི་བདེ་མྱ་ངན་འོང་། །ནད་འབྱུང་ཉེན་གྱི་ཁྱད་པར་ནི། །བཅུ་གཉིས་ཆ་ཉི་ཆ་དགྲ་གཟའ་སུས་མཐོང་བ། །ཉི་མར་ཕོ་ལྷ་ཡུལ་བཙན་གནོད། །དམར་ཐབ་རི་ལ་མེ་བཏང་ལན། །ཟླ་བར་ཀླུ་གཉན་མི་གཙང་གནོད། །འགོ་བའི་ཀླུ་ལ་གྲིབ་ཕོག་ངོ་། །ཕོ་ལྷ་གནམ་དུ་ཡལ་བ་ཡིན། །མིག་དམར་ཡུལ་བཙན་དགྲ་བླ་འགྲས། །དྲག་ལས་རྩོད་པ་ཁང་རྒན་བཤིག །དམར་གྲིབ་ཡོད་པའི་ཕྱོགས་སུ་ཕྱིན། །ལྷག་པར་དཀར་ཐབ་བཙུན་ནོར་བླངས། །ཞིང་ལྷ་མནོལ་བས་ཞིང་འདྲེ་ལང་། །ཡང་ན་ཕྱོགས་ངན་ཕྱོགས་སུ་ཕྱིན། །ཕུར་བུ་ལེའུར་འགལ་བའམ། །ཤིང་བཅད་བནྡེན་དག་དང་འགྲས། །མཆོད་ཆ་ལ་སོགས་བླང་བས་ལེན། །པ་སངས་ལུས་ལྷ་མནོལ་བའམ། །བྲག་ཆུ་འཐབ་པར་མཚན་འགྲོས་སམ། །ལུང་སྟོང་དོན་གཉེར་འདུས་པས་ལན། །སྤེན་པར་ཡུལ་ལྷ་ས་བདག་འགྲས། །ས་བརྐོས་ཐབ་གཞོབ་གཉིད་ལོག་ཉེན། །སྒྲ་གཅན་སྲོག་གི་ལྷ་དང་ཕྱེས། །ཆོ་ག་ལོག་
པར་བསྒོམ་པ་དང་། །ཕ་རོལ་ཕྱོགས་སུ་སོང་བས་ལན། །དུས་མེར་ཞང་ལྷ་དག་དང་འགྲས། །ཕ་རོལ་བྱད་དང་རྦོད་གཏོང་ལན། །ལྔ་པ་གདོན་ཕྱྭ་བསྟན་པ་ནི། །ལུས་ལ་སོགས་པ་བཅུ་གཉིས་པོ། །རང་རང་ཞིང་ལ་དགྲ་ཞུགས་པ། །ལུས་རྒྱན་ལོངས་སྤྱོད་སྤུན་ཟླའི་རྫས། །སྦྱར་ལ་འབྲས་བུ་འཆད་པ་ནི། །ཉི་མ་ལྷོ་ནས་ཕོ་འདྲེ་རྒྱལ། །འགོང་བདུད་བཙན་རྣམས་དམར་ཆགས་དང་། །མི་ཆེན་ལག་ནས་རིན་ཆེན་བླངས། །རྫས་གཅིག་རི་མོའི་དབྱིབས་ཅན་གདོན། །ཟླ་བར་གྲེ་མོ་བྱང་ནས་ནི། །དཀར་ཆགས་གོས་སྟན་བུད་མེད་རྫས། །ཟུང་ཡོད་རིང་པོའི་དབྱིབས་ཅན་གདོན། །མིག་དམར་གྲི་བཙན་དམེ་པོའི་སར། །གོ་མཚོན་དང་ནི་དམར་ཆགས་ཁམས། །རྩུབ་བྱེད་གདུག་པའི་ཡོ་བྱད་གདོན། །ལྷག་པར་རས་གོས་ཆུ་བྱུང་རྫས། །སྔོ་ལྗང་དང་ནི་གྲུ་བཞི་སྟེ། །དབུལ་འདྲེ་འཁྲི་བའི་རྫས་གདོན་ཡོད། །ཕུར་བུར་སྔགས་བཙུན་ཤི་བའི་འདྲེ། །མཆོད་ཆ་ཤིང་ཆ་སེར་པོའི་རྫས། །གྲུ་
གསུམ་རྗེས་སུ་འབྲང་བས་གདོན། །པ་སངས་གྲོགས་ཀྱི་འགོས་འདྲེ་གནོད། །ལྕགས་ཆ་འམ་ནི་ཁྲ་བོའི་རྫས། །དཀོར་བདག་འཁྲི་བའི་རྫས་གདོན་ཡོད། །སྤེན་པར་ཡུལ་འདྲེ་དམངས་ཤིའི་འདྲེ། །ནག་རིགས་ཟས་སམ་སྲོག་ཆགས་རིགས། །ཁང་སྤྲ་ལ་སོགས་གདོན་པ་ཡིན། །སྒྲ་གཅན་བྱད་ཕུར་ལྷ་བདུད་བབ། །དུས་མེར་ཉེ་དུའི་ཤི་འདྲེ་འམ། །ཕུང་འདྲེ་དམ་སྲི་རྫས་ལ་གབ། །ཡིད་ལ་སོམ་ཉི་ཡོད་ལ་བརྗོད། །དྲུག་པ་དགྲ་ཕྱ་བསྟན་པ་ལ། །ཐོག་མར་དགྲ་བོ་བརྟག་པ་ནི། །ཏཏྐཱལ་མཐོང་སར་དགྲ་ཡོད་པ། །དེ་མཚུངས་དགྲ་བོ་ཡོད་པར་བཤད། །ཏཏྐཱལ་གྱི་ནི་དྲུག་པ་ལ། །དྲག་གཟའ་ཕོག་པས་དགྲ་མེད་ཅིང་། །དྲུག་པའི་ཞིང་གཟའི་དགྲ་ཡོད་ན། །དགྲ་ལ་མི་བདེ་འབྱུང་བར་བཤད། །དྲུག་པར་རང་ཞིང་བདག་པོ་ཞུགས། །དེ་ལ་གྲོགས་ཀྱིས་མཐོང་གྱུར་ན། །དགྲ་ཡི་སྟོབས་ནི་རྒྱས་པར་འགྱུར། །དགྲ་བོ་འབྱུང་ངམ་མི་འབྱུང་ནི། །བཞི་པར་ཉི་དམར་སྤེན་པ་ཤར། །དོགས་པ་མེད་
ཀྱང་དགྲ་བོ་འོང་། །དེ་ལ་ཟླ་ལྷག་ཕུར་སངས་ཤར། །ལམ་དུ་ཞུགས་པའི་གཏམ་ཐོས་ཀྱང་། །དགྲ་བོ་འོང་བར་ག་ལ་འགྱུར། །ཏཏྐཱ་ལ་དང་བདུན་ཅུ་པ། །གཞི་དང་རྩོད་པ་ལས་ཀྱི་སར། །ཉི་ཤར་ལྷ་མིན་ལྷར་འཐབ་ལྷར། །ཕར་ལ་མི་ཐུབ་ཚུར་ལ་རྒོལ། །སྡུག་བསྔལ་ཉེས་འགྱོད་འོང་བའི་ངོ་། །ཕོ་ལྷ་དགྲ་བླ་གསོལ་བ་དང་། །རྩོད་བཟློག་བྱས་ན་རྒྱལ་བར་བཤད། །ཟླ་བར་དགྲ་ཡི་གནོད་པ་ཆེ། །ཕར་ལ་རྒོལ་བས་མི་ཐུབ་བོ། །དགྲ་བྲུབས་གཏོར་བཟློག་དགྲ་བླ་གསོལ། །དེ་ལྟར་བྱས་ན་རྒོལ་ཐུབ་ངོ་། །ཚུར་རྒོལ་དགྲ་ལ་སྐྲགས་མི་དགོས། །མིག་དམར་དགྲ་རྐུན་ངོ་ཡོད་ངན། །དམར་ཁྲག་ངོ་ཡོད་ཕར་རྒོལ་ན། །དམག་དཔོན་དྲག་པོའི་གཟའ་ཡིན་བཟང་། །ལྷག་པར་ཚུར་རྒོལ་མེད་ན་ཡང་། །ཕར་རྒོལ་བློ་ཉེས་བསླུ་བའི་ངོ་། །རང་སྟོབས་ཆུང་བས་བཟང་མ་བཤད། །རིམ་གྲོ་ལ་འབད་ཉེན་ཆེ་མེད། །ཕུར་བུར་ཕར་རྒོལ་ཚུར་རྒོལ་དག །གང་ཡང་ལྷ་དབང་
དཔུང་གིས་ནི། །ལྷ་མིན་བཅོམ་པའི་དཔའ་རྟགས་ལྟར། །གཏམ་དང་བཅས་ཏེ་འཚེངས་པའི་ངོ་། །པ་སངས་རང་དོན་ཆུང་ཟེར་ཀྱང་། །མི་རྟ་གོས་དཀར་དར་དཀར་ཅན། །དེ་ཡིས་སྣ་དྲངས་དགྲ་ཐུལ་ཀྱང་། །མི་ཁྱོད་སེམས་ལ་ཐེ་ཚོམ་མཆིས། །སྤེན་པར་དགྲ་ཕྲད་དགྲ་གྱོད་ཆེ། །ཚུར་རྒོལ་མ་ཐུབ་བློ་བདེ་ཚར། །ནགས་ཚལ་བྱ་སྟོང་འོང་ངོ་ཡིན། །སྒྲ་གཅན་དགྲ་ལས་རྣམ་རྒྱལ་བའི། །རྒྱལ་མཚན་བ་དན་དཀར་པོ་གཡོ། །དུས་མེ་ལུས་སེམས་སྡུག་བསྔལ་རྒྱུ། །མི་ཁ་དགྲ་གྱོད་ཁ་སྨྲས་མང་། །གདུགས་དཀར་བཟློག་བསྒྱུར་དྲག་ལས་འབད། །བྱེ་བྲག་ཤོ་རྒྱན་རྩོད་པའི་མོ། །བཅུ་པའི་གནས་ལ་ཤར་བའི་གཟའ། །རྩེད་མོ་ལམ་དུ་འགྲོ་མི་འགྲོ། དགའ་སྟོན་གནས་མལ་ཚུད་མི་ཚུད། །གཟའ་འབྲས་དག་ལ་ལུང་བཞིན་བརྟག །ཕར་ལ་མངོན་སྤྱོད་རྩོམ་པ་ན། །དྲུག་པ་དགྲ་རུ་བརྩིས་པ་ལ། །དེ་དགྲས་མཐོང་བར་གྱུར་པ་ན། །དེ་འབྲས་དགྲ་ལ་འོང་བར་བཤད། །ཅི་ཙམ་མཐོང་བའི་གནད་ཀྱིས་ཤེས། །
དཔེར་ན་དགྲ་ལ་དགྲ་ཉིས་ཉི་མས་མཐོང་། །དེ་ལ་རིམས་ཡམས་རྒྱལ་པོའི་ཁྲིམས། །ལ་སོགས་ཉི་མའི་ངན་འབྲས་བརྗོད། །གང་ལ་གྲོགས་མཐོང་དེ་ག་ལ། །དེ་ལྷས་སྐྱབས་སུ་བྱས་པས་ན། །ལྷ་དེ་བསྐྲད་ཅིང་དྲག་ཐུན་རྒྱོབ། །ཟབ་གསང་མན་ངག་འདི་སྦྱར་ན། །དགྲ་ལ་མངོན་སྤྱོད་འབྲས་བུ་མཐོང་། །བདུན་པ་བོར་སྟོར་བརྟག་པ་ལ། །ཐོག་མར་རྙེད་དམ་མི་རྙེད་ནི། །དྲི་དུས་སུ་ཏཏྐཱལ་དང་ནི་གཉིས་གསུམ་བཞི། །དྲུག་བདུན་བཅུ་དང་བཅུ་གཅིག་གང་རུང་ལ། །བསོད་ནམས་གཟའ་རྙེད་ལྡོག་ན་མིན། །གཞི་དང་རྒྱང་ཐག་ལ་སོགས་སྦྱར། །ཟླ་བ་ཉ་སོགས་དཀར་ཆའི་དུས། །ལུག་གླང་ཀར་སྲང་ཆུ་སྲིན་ཁྱིམ། །ཟླ་བ་ཡོད་དང་ཏཏྐཱ་ལར། །ཟླ་ལྷག་ཕུར་སངས་ཡོད་ན་རྙེད། །དགུ་ཆའི་གསལ་བའི་བུ་མོ་ནི། །ཐ་སྐར་བྲ་ཉེར་མི་རྙེད་རྨོངས། །སྨིན་དྲུག་ནབས་སོ་མགོ་ལ་རྙེད། །མཆུ་གྲེ་དབོ་དང་མེ་བཞི་ལ། །སྟོར་བ་ཆུ་ཚོད་གྲངས་ཀྱིས་རྙེད། །ནག་པ་ས་རི་གཉིས་ལ་ནི། །ཡུན་རིང་བཙལ་ཀྱང་རྙེད་མི་འགྱུར། །ལྷ་མཚམས་སྣྲོན་སྣྲུབས་
གསུམ་པོ་ལ། །ལྷོ་ནས་ཡུན་རིང་ལོན་ནས་རྙེད། །དེ་ཡང་ཤིན་ཏུ་ཉོན་མོངས་འགྱུར། །མོན་གྲེ་ལ་སོགས་ལྷག་མ་རྣམས། །ཐེ་ཚོམ་ཅན་དུ་ངེས་པ་ཡིན། ༈ །ཕུགས་སུ་རྙེད་དམ་མི་རྙེད་ནི། །བཅུ་གཉིས་སྟོར་བའི་ས་མལ་ལ། །གཟའ་གང་ཤར་རམ་མ་ཤར་ཀྱང་། །ཞིང་བདག་གཟའ་ཡི་འབྲས་བུ་ནི། །གནས་མལ་སྐབས་སུ་བཀོད་ལྟར་དཔྱད། །བཙལ་བའི་ཕྱོགས་སམ་སུས་ཁྱེར་མི། །ཏཏྐཱལ་སྟེང་ན་གནས་པའི་གཟའ། །ཉི་མར་རྐུན་པོ་སྲིན་ཕྱོགས་གནས། །མི་བཞི་སྒོ་ཁྱི་དཀར་པོ་ཅན། །ཞག་གསུམ་བར་དུ་ཐག་རིང་དུ། །འགྲོ་བར་མི་འགྱུར་ཞག་ལྔ་དང་། །བཅུ་ཡི་གྲངས་ལ་ཁུངས་རྙེད་དོ། །ཟླ་བའི་དུས་སུ་སྟོར་རམ་འདྲི། །རྫས་དང་རྐུན་མ་གཉིས་ཀ་ཡང་། །ཕྱི་རོལ་ཡིན་ཏེ་སླར་ལོག་ནས། །སུམ་ཅུ་ལོན་ཅིང་གཤིས་ངན་པ། །ཁྱི་དཀར་ཅན་གྱི་ཞིང་ལ་སྦས། །ཞག་བཅུའི་ནང་དུ་རྙེད་པར་འགྱུར། །དེ་ལ་མ་རྙེད་ཕྱིས་རྙེད་དཀའ། །མིག་དམར་རྐུན་པོ་ནུབ་ཀྱི་ཕྱོགས། །དེ་ནི་མི་རྙེད་དྲག་པོའི་གཟའ། །ཞག་ལྔས་
རྙེད་ཀྱང་ཁ་སྨྲས་ཕམ། །ལྷག་དུས་ནུབ་ཕྱོགས་མི་གསུམ་ཁྱེར། །ཞག་བདུན་གྱི་ནི་ཁུངས་འབྱིན་འགྱུར། །ཕུར་བུར་བྱང་གནས་བྱང་དུ་ཁྱེར། །ཐག་རིང་སོང་བར་མ་གྱུར་ཏེ། །བུད་མེད་གཅིག་གིས་ནང་ཡན་བྱས། །བཅོ་བརྒྱད་སུམ་ཅུ་གང་རུང་ལོ། །བུ་མོ་གཅིག་གིས་ཁྱེར་ཏེ་རྙེད། །པ་སངས་ནུབ་ཕྱོགས་སྐྲ་སེར་གྱིས། །ནོར་དེ་ཆུ་ཡི་ནང་དུ་སྦས། །འཁར་བ་ཐོགས་པས་འཆད་པར་འགྱུར། །སྤེན་པའི་དུས་སུ་འདྲི་བ་ན། །མི་སེར་བཞི་ཡི་མཚམས་སུ་སྦས། །སར་སྦས་ཞག་བཞིའི་ཉིན་པར་ནི། །བྱིས་པ་གཅིག་གིས་འཆད་པར་འགྱུར། །སྒྲ་གཅན་དུས་སུ་མ་ནིང་ངམ། །བན་བཙུན་གཅིག་གིས་མི་གཙང་བའི། །གསེབ་ཏུ་སྦས་པ་རིག་པར་བྱ། །དེ་ནི་རྙེད་ཀྱང་ཁ་སྨྲས་ཕམ། །ཀེ༷་ཏུ་སྤེན་པ་དག་དང་མཚུངས། །ཏཏྐཱལ་དགུ་ཆའི་གནས་ཀྱང་ངོ་། །སྒྲ་གཅན་ཀེ་ཏུ་བུ་མོ་བུམ། །ཡང་ན་རང་རང་འཆར་ཏཏྐཱལ། ༈ །ཏཏྐཱལ་བདག་པོ་ཉི་མའི་ཚེ། །རྐུན་མ་རལ་པ་ཅན་ཡིན་ལ། །མིག་དམར་གཟུགས་
ཐུང་ཟླ་བ་ཅན། །ཕུར་བུ་ཁ་སྤུ་ལྷག་ཤ་སྐེམས། །པ་སངས་མགོ་རེག་སྤེན་རྒྱལ་པོ། །སྒྲ་གཅན་སྒུར་པོ་ཅན་ཡིན་ནོ། ༈ །ཏཏྐཱལ་རྐུན་མ་ངོས་བཟུང་ནི། །ལུག་དུས་ཤར་ཕྱོགས་མི་གསུམ་ནི། །གོས་དམར་ཅན་ཁྱེར་ནོར་དེ་ཁང་འགྲམ་སྦས། །གླང་དུས་བུད་མེད་གཉིས་བསྡོངས་པས། །གོས་དཀར་ཅན་གྱི་མི་བཞི་ཡིས། །བྱང་ཤར་ནས་འོང་ནོར་རྣམས་ནི། །མཆོད་རྟེན་ཡོད་པའི་ས་རུ་སྦས། །འཁྲིག་དུས་གཟུགས་ཐུང་སྐྱེས་བུ་ཡིས། །བྱང་ཤར་ནས་འོང་ནུབ་ཕྱོགས་སུ། །ནོར་དེ་བརླག་པར་བྱས་པར་གྱུར། །ཀརྚར་གོས་དཀར་གྱོན་པ་བཞིས། །ཆར་པའི་གསེབ་ཏུ་བྱང་ཤར་ནས། །འོང་སྟེ་ཆུ་ཡི་ནང་དུ་སྦས། །སེང་གེར་གཟུགས་ཐུང་མི་གསུམ་ནི། །ནུབ་མོར་མེ་སྒྲོན་བཅས་ཏེ་བརླག །བུ་མོར་ནོར་དེ་མི་གཉིས་ཀྱིས། །ཐེམ་པའི་ཕྱིར་ཁྱེར་དེ་ལས་གཞན། །བསྐྱལ་བར་མ་ནུས་མྱུར་བརྡོལ་འགྱུར། །སྲང་དུས་བུད་མེད་གཉིས་ཀྱིས་ནི། །རྐུན་བྱས་སྐྱེས་པའི་ཕྱིར་ཤོར་རོ། །སྡིག་དུས་མི་དམར་གསུམ་གྱིས་ནི། །ཤ་སོགས་
རྫས་ཏེ་བརླག་པར་བྱས། །གཞུ་དུས་བན་སྐྱེ་སྔགས་པ་རྣམས། །འདྲེས་པས་ལྷ་ཁང་ནང་དུ་ཁྱེར། །དེ་ཁུངས་མྱུར་དུ་དབྱུང་བར་གྱིས། །ཆུ་སྲིན་དུས་སུ་སེར་སྐྱ་གསུམ། །ནུབ་འོང་བྱང་གི་ཞིང་ལ་སྦས། །བུམ་པའི་དུས་སྦྱོར་ཆུ་སྲིན་མཚུངས། །ཉ་ལ་བརྐུས་པའི་སྲོག་ཆགས་དེ། །གྲོག་སྟོང་ཆེན་པོར་སྦས་ཡོད་ལོངས། ༈ །རྐུན་མའི་རིགས་དང་ཁ་དོག་དང་། །ལས་དང་ནུས་པ་ལ་སོགས་པ། །དུས་སྦྱོར་བདག་པོའི་གཟའ་ཡིས་ཤེས། །ཁ་ཅིག་དགུ་ཆའི་བདག་པོར་འདོད། །རིགས་ནི་རྒྱལ་རིགས་ལ་སོགས་ཡིན། །ཁ་དོག་ཉི་མར་དམར་སྐྱ་སོགས། །རྒྱས་ལ་གཟའ་ལྷག་དབང་ལ་སངས། །མིག་དགུག་ཕུར་བསྐྲད་སྤེན་པ་བསད། །ལས་དེར་དགའ་བའམ་དེ་འགྲུབ་པས། །ཉིན་མཚན་གང་འགྲུབ་སྟོབས་ལས་ཤེས། །བྱ་བ་དུས་དེར་འགྲུབ་པའོ། ༈ །ཅི་ཙམ་ན་རྙེད་ཡུན་ཚོད་ནི། །འདི་ནི་ཏཏྐཱལ་གནས་ལྔ་མའི་ཆ་ཤས་ལ་བརྟག་ཅེས་གསུངས། སྔར་ཡོད་སྔར་སོང་དེ་ལྷག་མ་འོངས་ཞེས་བཤད། ཆ་ཕྲན་སུམ་བཅུ་ཞེས་སུམ་ཆ་དང་བསྒྲིགས་པ་ཡོད།
དགུ་ཆའི་ལོངས་སྤྱོད་བརྩིས་པ་ཡིས། །ཐོབ་པ་བོར་ནས་སྔར་སོང་གྲངས། །ལྷག་མས་མ་འོངས་རྙེད་དུས་ཤེས། །དགུ་ཆའི་བདག་པོའི་གཟའ་ལ་འདྲི། །ཟླ་བ་ཆུ་ཚོད་ལ་བརྩི་སྟེ། །དེ་ཡི་གྲངས་ཀྱིས་རྙེད་པ་ཡིན། །མིག་དམར་ཞག་གྲངས་ཀྱིས་འཛིན་པའི། །དགུ་ཆའི་བཅོ་ལྔ་ཟླ་ཕྱེད་ལ། །སུམ་ཅུ་ཟླ་བ་གཅིག་ན་རྙེད། །གཟའ་ལྷག་ཟླ་བ་གཉིས་ལ་བརྩི། །སུམ་ཅུ་ཟླ་གཉིས་བཅོ་ལྔ་ཟླ། །མདོར་ན་རེ་རེ་ཞག་གཉིས་བརྩི། །དེ་བཞིན་ཉི་མ་ཟླ་བ་དྲུག །རེ་རེ་དྲུག་གི་ཞག་ཏུ་བརྩི། །ཕུར་བུ་ཟླ་དགུ་རེ་རེའང་དགུ། །པ་སངས་ཟླ་ཕྱེད་རེ་རེ་ཡང་། །ཞག་ཕྱེད་དུ་ནི་བརྩི་བ་ཡིན། །སྤེན་པ་ལོ་ཡི་བདག་ཉིད་དེ། །རེ་རེ་བཅུ་གཉིས་ཞག་ཏུ་བརྩི། ༈ །རྐུན་མའི་མིང་ལ་བརྟགས་པ་ནི། །དགུ་ཆའི་འམ་སྙམ། དུས་སྦྱོར་གང་ཡིན་དེ་དག་གི །རྐང་དགུའི་ཡི་གེ་གང་རུང་ཞིག །མིང་གི་ཐོག་མར་ཡོད་པས་བརྐུས། །། རྐུན་མ་ཕྱི་ནང་གང་ཡིན་ནི། །ཏཏྐཱལ་དགུ་ཆའི་ཁྱིམ་གཉིས་ཀ །བརྟན་པར་གྱུར་ན་ནང་མི་ཡིན། །གཡོ་བ་
ཕྱི་ཡི་མི་ཡིན་ཏེ། །བར་པ་ཕྱི་ནང་གཉིས་གཏོགས་སོ། ༈ །ས་གནས་གང་དུ་ཚོལ་བརྟག་པ། །བཅུ་གཅིག་རྙེད་པའི་ས་མལ་ལ། །ཞིང་གི་བདག་པོ་གང་ཡིན་པ། །ཉི་ཤར་མིག་དམར་ཤར་ལྷོ་སོགས། །དེ་ལ་རང་གིས་མཐོང་བ་ན། །ཕྱོགས་དེ་ནས་ནི་རྙེད་པར་སྨྲ། །གྲོགས་མཐོང་མཛའ་བས་རྙེད་ནས་སྟེར། །དགྲ་མཐོང་མི་རྙེད་དགྲ་ཡིས་ཁྱེར། །སྟོར་བའི་ཞིང་བདག་གང་ཡིན་པ། །དེ་ཡི་རང་བཞིན་སྟོར་བའོ། །དེ་ལ་གང་ཤར་གཟའ་ཡོད་པ། །ཉི་མ་གད་དམར་ས་དམར་དང་། །ཟླ་བ་ས་དཀར་མཚོ་རྫིང་དོགས། །མིག་དམར་བྲག་རི་ཚེར་མ་ཅན། །ལྷག་པ་ཆུ་འགྲམ་ནེའུ་གསིང་། །ཕུར་བུ་ནགས་འདབ་སྤང་མེ་ཏོག །པ་སངས་བྲག་དཀར་ཟམ་པའི་རྩར། །སྤེན་པ་སྤང་ཁང་ནགས་ཧྲལ་ཁྲོད། །སྒྲ་གཅན་རི་རྩེ་རྡོ་བརྩིགས་པ། །དུས་མེ་ལམ་མང་ཕྲད་པའི་ས། །ཕན་ཚུན་འཕྲད་ནའང་དེ་ལྟར་དཔྱད། །ཏཏྐཱལ་དང་ནི་དགུ་ཆ་དང་། །དེ་གཉིས་བདུན་པ་བཞི་པོ་ཡི། །བདག་གཟའ་དང་ནི་ནོར་རྫས་མཐུན། །
བོར་བའི་ཞིང་གཟའ་སུས་མཐོང་བའི། །གསར་ཤར་གཟའ་དེའི་རིགས་སོགས་དང་། །རང་ངམ་དགྲ་གྲོགས་གང་ཡིན་པ། །དེར་གནས་རྒྱུ་སྐར་རྐང་པ་ཡི། །ཡི་གེ་དེ་ལ་བརྟེན་ནས་སུ། །དྲི་བཙལ་དོགས་པ་འཇུག་པར་འགྱུར། ༈ །ད་ནི་ལེགས་ལྡན་གཟའ་བདུན་པོ། །ཡིད་རྟོག་རླུང་གི་འདུ་འཕྲོ་ལས། །བརྟན་གཡོའི་རྟེན་འབྱུང་གཞིར་གྱུར་པ། །ཁམས་མང་རྟེན་འབྲེལ་འདུ་འཕྲོད་ཀྱིས། །གེགས་དང་བཅུད་དུ་གྱུར་པའི་ཚུལ། །བརྟག་པར་བྱ་བའི་ཏཏྐཱལ། །རང་ངམ་དཔྱད་གཞིར་བཟུང་བ་ལ། །གཟའ་གཞན་བགྲོད་པ་གསར་ཤར་ནི། །དགྲ་ཡིས་མཐོང་ན་གེགས་སུ་གྱུར། །གྲོགས་མཐོང་ཡོན་ཏན་བཅུད་དུ་གྱུར། །དེ་ཡི་ཁྱད་པར་བརྟགས་པ་ནི། །ཉི་མ་གེགས་སུ་གྱུར་པ་ན། །མི་ཆེན་བཀའ་ཕོག་རིམས་ཚད་གཟིར། །ཁམས་རིགས་དམར་ཆགས་རྫས་བྱུང་བའི། །ཡིད་ལ་སྡུག་བསྔལ་རྣམ་པར་གཡོ། །ཚད་གདུང་ཆེ་རྩུབ་ཞི་ལས་ཉམས། །ཤར་དུ་འགྲོ་བ་དོན་མེད་འགྱུར། །རྒྱལ་རིགས་དང་
ནི་སྐྱེས་པ་རྣམས། །གཉེན་ཡང་འགྱུར་རམ་དགྲ་རུ་ལྡང་། །ཕ་རོལ་སྟོབས་ཀྱིས་ཟིལ་མནན་ནས། །བསྒྲུབ་ཏུ་མི་སྟེར་ཤ་ཐང་ཆད། །ཉི་མ་བཅུད་དུ་གྱུར་པ་ན། །འདོད་ཡོན་རྩུབ་མོའི་ལས་ལ་དབང་། །དཔེར་ན་གཡུལ་གྱི་རྒྱལ་ཁ་སོགས། །རང་སྟོབས་རྒྱས་པས་གཞན་ཟིལ་གནོན། །ཡ་རབས་གྲོགས་རྙེད་གོ་ས་འཐོབ། །གོང་ལས་ལྡོག་པའི་བཟང་འབྲས་བརྗོད། །ཟླ་བ་གེགས་སུ་གྱུར་པ་ན། །རྗེའུ་རིགས་བུད་མེད་དགྲ་རུ་ལྡང་། །མ་ཞུ་གསུས་ནད་ལུས་ཉམས་དམའ། །སྲོག་ཆགས་སམ་ནི་དཀར་མདོག་རྫས། །གཡོ་བའི་རང་བཞིན་མྱ་ངན་འབྱུང་། །མཛེས་ཉམས་ཤར་ལྷོར་དོན་མི་འགྲུབ། །རང་སྟོབས་ཤིན་ཏུ་ཉམ་ཆུང་བ། །འདོད་ཡོན་རྣམས་ཀྱིས་ལྷོད་པར་འགྱུར། །ཟླ་བ་ཡོན་ཏན་དུ་གྱུར་ན། །ཁམས་རྒྱས་འདོད་ཡོན་འཇམ་བུར་སྤྱོད། །དོན་འབྲས་རྩོལ་མེད་ངང་གིས་འདུ། །གོང་ལས་ལྡོག་པའི་བཟང་འབྲས་བརྗོད། །མིག་དམར་གེགས་སུ་གྱུར་པ་ན། །དགྲ་འཚེ་འཇིགས་སྐྲག་བློ་སེམས་རྩུབ། །
ཡིད་སྐྱོ་མི་དྲག་དམག་སོགས་སྡིག །གཞན་ཡིད་མི་འོང་རྫས་ལ་རྩོད། །ལམ་རོང་དོགས་པོར་ཞུགས་པ་འདྲ། །ལྷོ་རུ་ངན་ཅིང་དགུག་པ་འབྱེར། །གང་ཡང་རྩུབ་ལ་གཟུགས་ལས་ནི། །བྱུང་བའི་སྡུག་བསྔལ་གཡོ་བར་འགྱུར། །དེ་ནི་མི་སྡུག་ཡུལ་སོགས་ཡིན། །མིག་དམར་ཡོན་ཏན་གྱུར་པ་ན། །རང་རྒྱུད་སྙིང་སྟོབས་མེ་རུ་འབར། །གཞན་སྡེར་འཇིགས་པའི་ཟུག་རྔུ་གཏོང་། །མཐོང་བའི་ཡུལ་སྐྱིད་དྲག་ལ་རྣོ། །དམར་ཆགས་རིགས་སོགས་དབང་དུ་འདུ། །གོང་ལས་ལྡོག་པ་དགའ་བའི་འབྲས། །ལྷག་པ་གེགས་སུ་གྱུར་པ་ན། །རྒྱལ་བུ་བློན་དང་བཏང་སྙོམས་མི། །རང་གར་སྡང་ལ་བློ་ནོར་འཁོར། །སྟོབས་མེད་འཕེལ་རྒྱས་མི་འབྱུང་ཞིང་། །ལྷོ་ནུབ་དོན་ཉམས་ཟས་ལ་སོགས། །མྱོང་བའི་ཚིམ་པ་མི་སྐྱེས་སྟེ། །རྒུན་ཁུ་བཙིར་བའི་སྙིགས་ཞབས་འདྲ། །མི་ཕྱུགས་བཅུད་ཉམས་འདོད་ཡོན་ཉམས། །མ་ནིང་བཞིན་དུ་ངོ་འཕང་དམའ། །རྩ་བ་ལ་སོགས་ལོངས་སྤྱོད་ཉམས། །བཀྲེས་སྐོམ་དག་གིས་གདུང་བར་བྱེད། །ལྷག་
པ་བཅུད་དུ་གྱུར་པ་ན། །བཟའ་བཏུང་མོད་ལ་བཅུད་གཡང་འཕེལ། །སྐོམ་པ་ཆུ་ལ་འཕྲད་པ་ལྟར། །ཡིད་ཀྱང་སིམ་ལ་འཁོར་ནོར་རྒྱས། །བག་ཕེབས་འདོད་རྒུའི་སྒྱུ་རྩལ་གཡོ། །གོང་ལས་ལྡོག་པའི་བཟང་འབྲས་བརྗོད། །འདོད་དོན་འཕེལ་ཞིང་ཆེས་ཆེར་རྒྱས། །ཕུར་བུ་གེགས་སུ་གྱུར་པ་ན། །བྲམ་ཟེ་བན་བཙུན་རིག་བྱེད་པས། །དགྲ་བྱེད་བློ་མཐུ་རླུང་རྟ་ཉམས། །ནོར་དབུལ་ནུབ་ཏུ་ལྷག་པར་ངན། །དགྲ་འདུ་བསྐྲད་པ་མི་འགྲུབ་ཅིང་། །རེག་བྱ་ལས་བྱུང་སྡུག་བསྔལ་གཟིར། །སྲོག་ཆགས་ལ་སོགས་ལོངས་སྤྱོད་ཉམས། །སྐད་ཅིག་དོན་འགྱུར་ཤེས་པ་འཕྱོ། །བ་བཅོལ་བརྩམ་པ་མང་བར་འགྱུར། །དོན་མེད་བྱ་སྤུ་རླུང་ཁྱེར་འདྲ། །ཐེ་ཚོམ་ཞེ་གཅོད་མྱ་ངན་ཆེ། །ཕུར་བུ་བཅུད་དུ་གྱུར་པ་ན། །འདོད་དོན་འགྱང་མེད་མྱུར་དུ་འགྲུབ། །ཡུལ་འཁོར་བན་བཙུན་གྲོགས་བཟང་རྙེད། །བློ་ལ་རིག་པའི་ཉི་མ་འཆར། །ལུས་ཡང་འགྲོ་མགྱོགས་རིག་པ་བདེ། །བྱ་བ་ལུས་པ་མེད་པར་འགྲུབ། །གོང་ལས་བཟློག་སྟེ་བཟང་པོར་
བརྗོད། །པ་སངས་གེགས་སུ་གྱུར་པ་ན། །བུད་མེད་བློན་དང་མཛེས་མ་དང་། །སྙིང་ལ་འཇུག་པ་གཞན་དུ་འབྱེར། །ནུབ་བྱང་དུ་ངན་མི་སྙན་ཐོས། །འདོད་པའི་གནས་ལ་མི་དབང་ཞིང་། །ནོར་ཕུང་གཉེན་གྱི་བྱ་བར་ངན། །པ་སངས་བཅུད་དུ་གྱུར་པ། །གང་བསམ་དབང་འདུ་རོ་ཙར་བྱེད། །སྙན་པའི་གཏམ་དང་དགའ་བ་འཕེལ། །གོང་ལས་རྒྱབ་བསྣོལ་དགེ་བར་བརྗོད། །སྤེ༷ན་པ་གེགས་སུ་གྱུར་པ་ན། །དམངས་གདོལ་མ་རབས་དགྲ་རུ་ལྡང་། །སྒྱིག་སྐྱུར་རྨོངས་བག་ལས་བྱས་འགྱང་། །བྱང་དུ་དོན་ཉམས་བྲན་ནོར་དབུལ། །སྣ་དྲི་ཤིན་ཏུ་ངན་པ་ཚོར། །བསད་པ་མི་འགྲུབ་མི་ཁ་མང་། །ལྟག་པར་མཆོད་རྟེན་བརྩིགས་པ་འདྲ། །བྱ་བ་གང་བྱས་བརྩམས་ནས་ལུས། །སྤེན་པ་བཅུད་དུ་གྱུར་པ་ན། །ཡུལ་ཞིང་འཁོར་ནོར་ཚེ་དཔལ་བརྟན། །བརྩམས་པའི་བྱ་བ་འགྱུར་ལྡོག་མེད། །ས་དཔལ་རྒྱས་པ་འབྲུ་འཕེལ་ཞིང་། །དོགས་མོ་རི་རྒྱལ་བཞིན་དུ་བརླིང་། །དགྲ་མེད་དོགས་པ་ག་ལ་ཡོད། །མདོ་མི་འཆོར་བའི་
གཏིང་རྡོ་ཡིན། །གོང་ལས་བྱོལ་བརྩམ་བཟང་འབྲས་སྨྲ། །སྒྲ་གཅན་བཅུད་དུ་གྱུར་པ་ནི། །ཨ་ཧཾ་སྲོག་གི་ཀ་བ་ཚུགས། །རྒྱལ་སྲིད་འབྲུ་ནོར་སྙན་གྲགས་འབྱུང་། །རྣལ་འབྱོར་གྲུབ་པ་མཐའ་རུ་ཕྱིན། །གེགས་གྱུར་ཚེ་མཐུ་དཔལ་ཐམས་ཅད། །རྩྭ་སྐམ་མེ་ལ་བཏབ་པ་འདྲ། །དུས་མེ་གེགས་གྱུར་སྡུག་བསྔལ་མང་། །མི་བདེ་བློ་འཁྲུགས་ལུས་ནད་དང་། །སེམས་སྡུག་བསམ་པའི་བར་ཆད་འོང་། །བཅུད་གྱུར་བསད་བསྐྲད་དུག་སྦྱོར་ལས། །ངན་བྱེད་མཐའ་དག་བསམ་བཞིན་འགྲུབ། །འདི་གཉིས་དགྲ་གྲོགས་མེད་ན་ཡང་། །ཉི་ཟླའི་ཚུལ་དང་མཚུངས་པར་སྦྱར། །འདི་ཙམ་རིག་པའི་ས་བོན་ཏེ། །དེ་ལས་རྣམ་མང་སྤྲོས་པའི་ཚོགས། །འཕྲུལ་ཏེ་འདོད་དོན་མཐའ་དག་ནི། །ལག་མཐིལ་དག་ཏུ་བལྟ་བ་བཞིན། །གསལ་བར་གྱུར་ལ་གོམས་པར་མཛོད། །ད་ནི་བྱེ་བྲག་ཏུ་བརྟག་པ། །ངོ་མཚར་རྣོ་ཐིག་ཕྲན་བུའི་སྐོར། །ཅུང་ཟད་འདི་རུ་སྤེལ་བ་ནི། །ཐོག་མར་འདྲི་བྱེད་མ་འཕྲད་ཀྱང་། །བློ་ལ་ཅི་སེམས་
ཅི་འདྲི་ན། །ཏཏྐཱལ་དུས་སྦྱོར་ཉི་མ་ཡོད་གསར་ཤར་རམ་ཞིང་བདག ནོར་ནི་ཡིད་ལ་སེམས་པ་དང་། །ནད་དང་འཚོ་འཆིའི་གཏམ་འདྲི་བྱེད། །ཟླ་བར་བུད་མེད་ཡིད་ལ་སེམས། །བྱེས་སུ་བགྲོད་པའི་གཏམ་འདྲི་བྱེད། །མིག་དམར་ཡོད་ན་སྡིག་སྤྱོད་སེམས། །དམག་དང་ཇག་པའི་གཏམ་ཡང་འདྲི། །ལྷག་ཡོད་འཇིགས་པའི་སེམས་ཡོད་ཅིང་། །འཇིགས་པ་འབྱུང་ངམ་མི་འབྱུང་འདྲི། །ཕུར་བུ་གནས་ན་ཆོས་ལ་སེམས། །ཡོན་ཏན་རིག་པའི་གཏམ་ཕྱོགས་འདྲི། །པ་སངས་འདོད་པ་ཡོད་པ་སེམས། །བུད་མེད་རྫས་ཀྱི་རྙེད་པ་འདྲི། །སྤེན་པ་སེམས་ཅན་གནོད་འཚེ་སེམས། །འཐབ་དང་རྩོད་པ་ལ་སོགས་འདྲི། །སྒྲ་གཅན་དགྲ་འོང་མི་འོང་སེམས། །བསད་བཅད་འཁྲུགས་པའི་བྱ་བ་འདྲི། །དུས་མེར་སྡུག་བསྔལ་ཡིད་ལ་སེམས། །རིམ་གྲོ་ཅི་བྱ་ཅི་བྱེད་འདྲི། །དེ་ནས་འདྲི་བྱེད་རང་ཚུལ་ནི། །ཏཏྐཱལ་ཉི་མ་ཡོད་གྱུར་ན། །ཞིང་བདག་ལའོ། །འདྲི་བྱེད་མི་ནི་འདི་ལྟ་སྟེ། །ཤ་མདོག་དམར་སྐྱ་མདོག་ངན་པོ། །སྤྲོ་ཐུང་སེམས་རྒོད་ཕྲག་དོག་
ཆེ། །མཐོ་ལ་བྱམས་ཤིང་དམའ་ལ་སྡང་། །ཡེངས་ལ་དགའ་ཞིང་རྩེ་དད་ཆེ། །རྐྱང་ཆུང་ལྟ་བུར་མགོ་འཕང་མཐོ། །ཟླ་བར་ཤ་སྔོ་ངོ་འཛུམ་ཅན། །སྤྲོ་རིང་ངག་འཇམ་རིག་པ་རྣོ། །གྲང་བའི་ན་ཚ་བག་ཙམ་ཡོད། །ཀུན་ལ་མཁས་ཤིང་ཁ་མཆུར་རྩི། །བྱ་མ་ས་ཁར་བཞག་པ་འདྲ། །མིག་དམར་ཤ་མདོག་དམར་ནག་ལ། །ཕུང་ཆེ་སྡིག་རྔམས་ལུས་རྩལ་མྱུར། །མདའ་མཚོན་དགའ་ཞིང་ཁྲོ་གཏུམ་ཆེ། །ལྷག་པར་ཤ་སྐེམས་ཚུལ་འཆོས་ཅན། །ཤ་རྩ་སྔོ་ཞིང་ཡོན་ཏན་ཅན། །སེར་ཆགས་ཡིན་ན་ཚོགས་ལ་དགའ། །སྨྲ་མཁས་བདེ་ཞིང་ཅལ་ཅོལ་མང་། །ནེ་ཙོ་ཁྱུ་ཡི་མཁས་པ་འདྲ། །ཕུར་བུ་ཤ་མདོག་སེར་རམ་ནག །གཟུགས་ཐུང་སྦོམ་ལ་སྐད་དྲག་ཆེ། །ཁ་སྟོབས་ཆེ་ལ་ཐོ་ཅོ་སྨྲ། །བན་བོན་ཡིན་པ་འདྲ་བ་ཞིག །ངོ་འཛུམ་ནག་ལ་ངང་རྒྱུད་རིང་། །སྦལ་པ་གཤེར་ལ་གནས་པ་འདྲ། །པ་སངས་མདོག་དཀར་གཟུགས་མཛེས་པ། །དབང་པོ་རྣོ་ཞིང་ཤེས་རབ་ཆེ། །ཅུང་ཟད་ཆོས་ལ་དཀར་བ་ཡིན། །གདོང་ལ་སྨེ་བ་གཉིས་
གསུམ་ཡོད། །སྲོད་ལ་སྐར་ཆེན་ཤར་བ་འདྲ། །སྤེ༷ན་པ་མདོག་ངན་བཞིན་མི་སྡུག །ཤ་སོགས་སྔོ་ལ་མཐུ་བོ་ཆུང་། །སྒྲ་ངན་ཕལ་ཆེར་སྦྱིན་ལ་སྤྲོ། །དགོས་མེད་ཅལ་ཅོལ་སྨྲ་ལ་དགའ། །བྱིའུ་ཤིང་ཁར་འཚོ་བ་འདྲ། །དེ་དག་ཏཏྐཱལ་གཅིག་པས་བརྟག། །ཐབས་ཤེས་མཚན་མ་བརྟག་པ་ནི། །དུས་སྦྱོར་ཕྱེད་པའི་ཆ་ལས་ནི། །ཉི་མའི་ཆ་རུ་གྱུར་པ་ན། །སྲིད་བུ་ཕོ་དང་གཡས་ན་ཡོད། །གཟུགས་སྒྲ་དྲི་རོ་ཆེ་བ་དང་། །རེག་བྱ་རྩུབ་ལ་དབང་དྲག་སྟོབས། །ཟླ་བར་དེ་ལས་གོ་བཟློག་སྨྲ། །དེ་དག་དུམ་བུ་གཉིས་པས་སོ། །དུམ་བུ་རང་རང་གི་འབྲས་བུ་ནམ་སྨིན་རང་རང་གི་ལོངས་སྤྱོད་བརྩིས་པའི་འདས་མ་འོངས་བོར་བའི་སྐབས་ལྟར་གཟའ་ལ་བརྟགས་ནས་དཔྱད། །ལས་དོན་ཅི་འདྲ་ཡིན་བརྟག་པ། །སུམ་ཆའི་ཞིང་བདག་ཉི་མ་ལ། །རྒྱལ་ཁྲིམས་ལ་སོགས་གསེར་གྱི་དོན། །ཟླ་བར་བུད་མེད་འཇམ་པའི་དོན། །མིག་དམར་དམག་ཇག་དྲག་པོའི་དོན། །ལྷག་པར་འབྲུ་ནོར་སྤོགས་པའི་དོན། །ཕུར་བུར་རིག་པ་ཆོས་སྤྱོད་དོན། །པ་སངས་མཛའ་
གྲོགས་ནོར་གྱི་དོན། །སྤེན་པར་ཡུལ་འཁོར་ལ་སོགས་དོན། །སྒྲ་གཅན་ཚེ་གཡང་འགུགས་པའི་དོན། །དུས་མེར་དུག་སྦྱོར་བསྒྲུབ་པའི་དོན། །གཅིག་པ་ཤར་ན་ཡིད་ལ་རེ། །གཉིས་པ་ཤར་ན་དོགས་པས་དྲི། །གསུམ་ལ་བཏང་སྙོམས་ཕལ་བའི་དོན། །མཚུངས་ན་འབྲས་བུ་གསལ་བར་ཡོད། །མི་མཚུངས་ཐ་མ་དེར་འགྱུར་རམ། །དེ་དང་མཐུན་པ་ཅི་ཡོད་བརྟག །དེ་ལ་གྲོགས་དགྲས་མཐོང་ལུགས་ཀྱི། །འབྲས་བུའི་དབྱེ་བ་བྱ་བར་འོས། །དེ་དག་དུམ་བུ་གསུམ་པས་སོ། །སྦས་པའི་རྫས་ཀྱི་ཁྱད་པར་ནི། །དགུ་ཆའི་དུས་སྦྱོར་ལ་བརྩི་སྟེ། །ལུག་སེང་སྡིག་པའི་དུས་སྦྱོར་ལ། །བདུན་པར་མཐོང་ཡང་ཉི་མིག་འཛོམ་པའམ། །རེ་རེ་ཤར་ཀྱང་རྫས་དེ་ནི། །བཞུ་དང་མི་བཞུའི་ཁམས་ཡིན་ནོ། །བུ་མོ་ཆུ་སྲིན་འཁྲིག་བུམ་པ། །ཤར་ནས་དེ་བགྲང་བདུན་པ་ལ། །ལྷག་སྤེན་འཛོམ་མམ་རེ་རེ་ཤར། །རྩ་བ་ཞེས་བྱ་གོས་སོགས་ཡིན། །སྲང་གཞུ་ཉ་གླང་ཏཏྐཱལ་ཤར། །བདུན་པར་ཟླ་ཕུར་སངས་འཛོམ་མམ། །རེ་རེ་ཤར་ཀྱང་
རྫས་དེ་ནི། །སྲོགས་ཆགས་དག་གི་རིགས་སུ་བརྗོད། །མདོག་དབྱིབས་ཏཏྐཱལ་ཞིང་བདག་གི །གཟའ་ལ་དྲིས་པས་གསལ་བར་འགྱུར། །ནོར་རྫས་སུ་ཡིས་བརྐུས་བརྟག་ན། །དགུ་ཆའི་ཞིང་གི་བདག་པོ་ལ། །རང་གཟའ་ཞུགས་སམ་རང་གཟས་མཐོང་། །ཉི་མ་ཡིན་པར་གྱུར་པ་ན། །བནྡེ་བོན་པོ་ཉེ་དྲུང་རྒྱུ། །རྐུན་མ་བཞི་ཡོད་སྒོ་ཁྱི་དཀར། །སྒོ་ཡང་ཕལ་ཆེར་ལྷོ་རུ་བསྟན། །རྐུན་མ་ནོར་བཅས་ལྷོ་རུ་སོང་། །འཕྲལ་དུ་མི་རྙེད་ཚོལ་དཀའ་ཡང་། །བཅོ་ལྔའི་ཞག་ཚུན་རྙེད་སྲིད་གཟོབ། །ཟླ་བར་རྐུན་མ་མི་གཉིས་ཤ་མདོག་སྔོ། །ལོ་ནི་སུམ་ཅུ་སྐོར་ཙམ་སྟེ། །གདོང་ལ་སྨེ་བ་ནག་པོ་ཡོད། །སྒོ་ནི་བྱང་ངམ་ལྷོ་ནུབ་བསྟན། །ཁང་པའང་བྱང་ངམ་ལྷོ་ནུབ་ཡོད། །ད་ལྟ་ཁོ་ཡང་ཁྱིམ་ན་འདུག །ཕྱུགས་དང་སྒོ་ཁྱི་དཀར་ཤས་ཆེ། །རྐུན་མ་འདི་ཡིན་བཤད་མི་དགོས། །ནོར་དེ་ཞིང་ངམ་ས་ལ་སྦས། །སྲོག་ཆགས་ཡིན་ན་མྱུར་དུ་རྙེད། །ཞག་བཅུར་རྙེད་ངོ་ཕྱིས་ན་དཀའ། །མིག་དམར་རྐུན་མ་མཐོན་པོའི་རིགས། །མི་ངོ་གཉིས་
གསུམ་སྒོ་ལྷོ་ནུབ། །ནུབ་ཏུ་ཡོད་ཅིང་གཞན་གྱིས་འཆད། །རྟ་དང་སྒོ་ཁྱི་དམར་རམ་དཀར། །ཞག་ལྔས་རྐུན་མ་ནོར་བཅས་ཁུག །དེ་ལ་མ་རྙེད་ངན་ཤས་ཆེ། །ལྷག་པར་སྐྱ་སེར་འདྲེས་པ་ཡི། །ནུབ་བམ་བྱང་ན་མི་གསུམ་ཅན། །སྒོ་ནི་བྱང་བསྟན་སྒོ་ཁྱི་ནག །ཁྱིམ་མཚེས་བུད་མེད་བྱིས་པ་ཅན། །དངོས་པོ་གཞན་ཡིན་ཆ་ཙམ་རྙེད། །སྲོག་ཆགས་ཡིན་ན་རྙེད་པར་དཀའ། །རྐུན་མའི་ཕྱོགས་ནས་གཏམ་བཤད་འོང་། །ཕུར་བུ་བྱང་འོང་ཤར་དུ་ཁྱེར། །ནང་ཡན་བུད་མེད་གཅིག་གིས་བྱས། །རྐུན་མ་སྔགས་རྒྱུད་གཙུག་ལག་ཤེས། །ཡང་ན་གོས་སེར་གྱོན་པ་ཞིག །སྤུན་གསུམ་ཡོད་ལ་ལོ་གྲངས་ནི། །བཅོ་བརྒྱད་ནས་ནི་སུམ་ཅུའི་བར། །ཡང་ན་དེ་འདྲའི་བུ་ཡོད་པ། །ད་ལྟ་རིང་པོར་མ་སོང་སྟེ། །ཞག་བདུན་ཚུན་ལ་མ་འབད་ན། །ཕྱིས་ནས་རྙེད་པར་ཤིན་ཏུ་དཀའ། །པ་སངས་ནུབ་འོང་ཤར་དུ་སོང་། །མི་ལོ་ཉི་ཤུ་ཙམ་ལོན་པ། །གཅིག་གཉིས་གསུམ་ལ་རྒན་པ་གཅིག །ནང་ཚང་གཅིག་ཡིན་སྒོ་ཁྱི་སྔོ་ཁྲའང་
དཀར། །རྟ་ཕྱུགས་ཁ་དོག་སེར་ཤས་ཆེ། །ཁམ་པ། རྐྱང་ངུ་། རིགས་བརྒྱུད་བཟང་ཞིང་ཕྱིས་སུ་གུད། །སྒོ་ནི་ལྷོའམ་བྱང་དང་ཤར། །དེ་འདྲའི་སར་ཡོད་ནོར་དེ་རྙེད། །ཆུའམ་ས་ཡི་དཀྱིལ་དུ་སྦས། །ཕར་བཙལ་མི་དགོས་གཏམ་སྙན་ངོ་། །རྒན་བྱིས་ཚུར་ལ་གཏམ་ངོ་ཡིན། །སྤེ༷ན་པ་བྱ་སྤུ་རླུང་ཁྱེར་བཞིན། །ནོར་དང་བཅས་ཏེ་རིང་པོར་སོང་། །ཕྱོགས་ནི་ལྷོ་ནུབ་ཕལ་ཆེར་ལྷོ། །བྱིས་པ་ཡིན་ན་མི་གཉིས་ཡོད། །སྲོག་ཆགས་ཡིན་ན་རྙེད་ངོ་སྟེ། །སྤྱད་ཆ་གཞན་ཡིན་རྙེད་མི་འགྱུར། །དེ་ནས་རྨི་ལམ་བརྟག་པ་ལ། །གང་གིས་ཅི་རྨིས་བརྟག་པ་ནི། །ཏརྐཱ་ལའམ་དགུ་ཆའི་བདག །ཉི་མར་རྒྱལ་པོ་མེ་དང་ཁྲག །ཉི་ཤར་མེ་ཏོག་གོས་སོགས་དམར་རིགས་རྨི། །ཟླ་བར་བུ་མོ་མེ་ཏོག་དང་། །རིན་ཆེན་དང་ནི་དཀར་མཚན་རིགས། །ས་ལེ་སྦྲམ་སོགས་རྨི་བ་ཡིན། །མིག་དམར་བྱེ་རུ་ཁྲག་སོགས་དམར། །མཁའ་ལ་འཕུར་བ་ལ་སོགས་སོ། །ལྷག་པར་ཆོས་བཤད་ཉན་པ་དང་། །རིག་པ་བཟོ་ཡི་རྣམ་པ་རྨི། །བླ་མར་རི་མོ་འབྲི་བ་དང་། །
ཀློག་དང་རིག་པ་སྣ་ཚོགས་དང་། །བྱིས་པ་རྩེ་དང་རྟ་གཉེན་མཐོང་། །ལྷ་མཐོང་པུ་སྟི་ལ་སོགས་རྨི། །དཀར་པོས་ཆུ་བརྒལ་གར་རྩེད་འཁྲིག །གླུ་ལ་སོགས་པ་རྨིས་པ་ཡིན། །དལ་འགྲོས་ཁང་ཞིང་ས་ཡི་ལས། །ནང་གི་བྱ་བ་ཐམས་ཅད་དང་། །རིག་པ་བྱིང་འཐིབ་རྨོངས་པའི་བློ། །མི་ངན་འགྲོགས་དང་རི་བྲག་འཛེགས། །ནག་པོའི་རིགས་རྣམས་རྨི་བ་ཡིན། །བདག་མིན་གཟའ་ཞུགས་འདྲེས་པའམ། །ཡང་ན་རྨི་ལམ་མི་གསལ་ལོ། །ཁྱིམ་ལ་དགྲ་ཞུགས་ངན་པ་མཐོང་། །ཉི་བདུན་ཟླ་བའམ་ཟླ་བདུན་ཉི། །དེ་ལས་གཞན་དུ་རྨི་ལམ་མེད། །འདི་ལ་ཁྱིམ་བདུན་ནས་བདུན་པའི་བར་དུ་འདོད་པ་གཉིས་སྔ་མ་ལྟར་ན་རྨི་ལམ་ཉུང་། ཕྱི་མ་ལྟར་ན་མང་། འདི་ཏཏྐཱལ་དགུ་ཆ་གཉིས་མཐུན་ན་བདེན་ལ། མ་མཐུན་ན་ཏཏྐཱལ་གཙོ་ཆེ་ཟེར་བའང་འདུག །ནམ་རྨིས་ཏཏྐཱའི་ཆ་ཤས་ནི། །བཅུ་ལ་ནམ་སྟོད་བཅོ་ལྔ་གུང་། །སུམ་ཅུ་ཐོ་རེངས་ཁ་རུ་བརྩི། །དེ་རྣམས་དུམ་བུ་བཞི་པས་དགུ་ཆས་སོ། ༈ །ནད་ཀྱི་རྒྱུ་ཁྱད་བརྟག་པ་ནི། །བཅུ་གཉིས་ཆ་ཡི་ཞིང་བདག་གཟའ། །རང་ལ་ཞུགས་སམ་མཐོང་བ་ན། །
ཉི་མ་མཁྲིས་པ་ཚད་རིམས་ནད། །ཟླ་བར་མ་ཞུ་གྲང་གཅོང་ཆུང་། །མིག་དམར་ཁྲག་འཁྲུགས་ཚད་རྙིང་རྨ། །ལྷག་པར་གྲང་གཅོང་ཆུ་སེར་ནད། །ཕུར་བུར་རླུང་ནད་སྨྱོ་འདར་འཕྱོ། །པ་སངས་སྐྲན་དང་རུས་ནད་སྲིན། །སྤེན་པ་འཐིབ་མྱོས་བད་ཀན་ནད། །སྒྲ་གཅན་སྨྱོ་ལབ་གདོན་གྱི་ནད། །དུས་མེར་དུག་ནད་ཟུག་རྔུ་འོང་། །གང་ལ་འགྲོགས་པའི་དོན་སོགས་ལ། །བཅུ་གཉིས་ཆ་ཡི་ཐོབ་ནོར་དེ། །ཉིན་དབང་མཚན་མཚོས་བསྒྱུར་བྱས་ནས། །ཞིང་བདག་གཟའ་གྲངས་བསྣན་པ་ལ། །ཐུབ་དོར་ལྷག་མའི་གཟའ་བདུན་པོ། །ཉི་མར་རྒྱལ་རིགས་མི་ཆེན་དང་། །ཟླ་བར་རྗེའུ་བུད་མེད་དང་། །མིག་དམར་དཔའ་བོ་གཏུམ་དྲག་རིགས། །ལྷག་པར་རྒྱལ་བུ་གཞོན་ནུ་དང་། །ཕུར་བུ་བཙུན་པ་རིག་བྱེད་མཁན། །པ་སངས་བུད་མེད་བློན་མཛེས་མ། །སྤེན་པ་བྲན་དང་གདོལ་པ་སོགས། །སྒྲ་གཅན་རྣལ་འབྱོར་རིག་སྔགས་པ། །དུས་མེར་དུག་སྦྱོར་ལས་བྱེད་མི། །རང་རང་ལས་མཐུན་འབྲས་བུ་དགེ། དེ་དག་དབང་འདུ་མཛའ་ཡང་བརྟན། །དེ་ཡི་ལག་ནས་
དོན་ཡང་འབྱུང་། །མི་མཚུངས་དགྲ་ཡི་གཟའ་ཤར་ན། །མི་དགེ་ལས་དང་མ་མཚུངས་ན། །ངན་ཅིང་ལྡོག་ན་ཤིན་ཏུ་ངན། །དཔེར་ན་སློབ་དཔོན་ཨེ་འཕྲད་ལ། །སྤེན་དང་བུད་མེད་ཕྱིར་འགྲོ་བ། །མིག་དམར་ཤར་བ་ལྟ་བུའོ། །ཕྱོགས་མཐུན་བཟང་ལ་ངེས་མཐུན་ན། །བཟང་འབྲས་ཐེ་ཚོམ་ག་ལ་དགོས། །འདི་གཉིས་དུམ་བུ་ལྔ་པས་བརྟག། །འདྲི་བྱེད་གནས་སྐབས་དར་གུད་ནི། །དམར་ཤར་དགྲ་གྱོད་སྡུག་བསྔལ་མང་། །ནད་ཚབས་ཤི་ཆད་རྒོད་པ་ཡིན། །ཤིན་ཏུ་གུད་དེ་ངན་པ་ཡིན། །སྤེན་པ་གཞན་གྱིས་མ་མནན་ཡང་། །རང་གི་ནུས་པ་ཤིན་ཏུ་ཞན། །འབྱོར་ནོར་མཐུ་དཔལ་བཅས་ཏེ་གུད། །ཕུར་བུ་ཞི་དྲག་དར་གུད་ཕྱེད། །རེས་བཟང་རེས་ངན་སྣ་ཚོགས་པ། །ལྷག་པ་ཚེ་དཔལ་ལོངས་སྤྱོད་རྒྱས། །དར་ཁ་དྲགས་ཏེ་དར་ཡུན་རིང་། །པ་སངས་ཤིན་ཏུ་དར་ཞིང་བཙན། །ཁམས་གསུམ་དབང་ཕྱུག་རྒྱལ་པོ་འདྲ། །འདི་དག་དུམ་བུ་དྲུག་པས་སོ། །དེ་ཡང་ཞི་དྲག་སྐབས་ཕྱེད་ཅིང་། །དམར་དྲག་ལྷག་རྒྱས་པ་སངས་དབང་། །སྤེ༷ན་པ་
བསད་པ་ཕུར་བུ་ལ། །སྣ་ཚོགས་བྱ་བ་བསྒྲུབ་པར་བཟང་། །ལྷག་སངས་ཞི་བ་མཆོག་ཏུ་བཟང་། །དམར་སྤེན་དྲག་པོ་ཕུར་བུ་འདྲེས། །སྐབས་མིན་བྱུང་ན་གུད་པར་བརྟག །རང་རང་སྐབས་སུ་རང་རང་བཟང་། །ཨ་ཡིག་གཅིག་པུ་ལས་སྐྱེས་པའི། །དབྱངས་གསལ་གཉིས་ཀྱིས་ཆོས་ཀུན་མཚོན། །དེ་བཞིན་བློ་གྲོས་མིག་ཡོད་ན། །དུས་སྦྱོར་བླང་དོར་གཟུགས་མི་འཛད། །། དེ་ནས་དུས་སྦྱོར་དེ་དག་གི །ངན་འབྲས་བཟློག་ཅིང་བཟང་འབྲས་བླང་། །ངོ་ལོན་ཆོ་ག་བཤད་པར་བྱ། །ཉི་མའི་གནོད་པ་ཤར་བའམ། །ཉི་མ་ལས་བྱུང་སྐྱོན་རིགས་ལ། །འབུམ་དང་སྡོང་བརྒྱན་རྡོར་གཅོད་འདོན། །སིདྡྷིའི་དར་ལྕོགས་སཱཙྪ་གདབ། །དགེ་སློང་ལ་ནི་དར་དམར་དང་། །འོ་ཐུག་ཡོན་དུ་སྦྱིན་པར་བྱ། །རྒྱལ་བདུད་མདོས་དང་གཏོར་མ་ཐོང་། །ལམ་འཕྲང་བསལ་དང་གཙུག་ཏོར་སྒྲོགས། །ནད་སོགས་གནོད་པ་འབྱུང་བ་ལ། །འཇིམ་པའི་ས་ལ་ཁྱིམ་བཅུ་གཉིས། །སྒོ་བཅས་མཛེས་པ་དེ་དག་ལ། །ཁ་དོག་མི་གཅིག་དར་སྣ་དག །བ་དན་བཙུགས་ཤིང་ཤིང་རྟ་ཡི། །འཕང་ལོའི་
དབྱིབས་འདྲ་ཟླུམ་པོ་བཅུ་གཉིས་པ། །ཀ་ར་སྦྲང་རྩིས་བྱུགས་པ་ནི། །ཁྱིམ་རེའི་ནང་བཙུགས་ཉི་མ་ཡི། །དུས་སྦྱོར་ཇི་ལྟར་འཆར་བའི་ཚུལ། །ཁང་སྟེང་གནོད་འགྲོལ་བར་དུ་བཞག །ཟངས་དང་གྲོ་དང་ཙནྡན་དམར། །ཞོ་ནི་མཆོད་ཅིང་སྦྱིན་པར་ཤིས། །ཉི་མ་ཞིང་གཟའི་དགྲ་ཤར་ན། །རས་སམ་དར་གྱི་བ་དན་ནི། །ཁ་དོག་སྣ་ཚོགས་བཅུ་གཉིས་པ། །ཁང་པའི་ཕྱོགས་དང་མཚམས་སུ་བཙུགས། །ལྕགས་སོགས་རིན་ཆེན་སྣོད་ནི་སྣ་ཚོགས་པ། །བ་དན་དེ་ཡི་རྩ་བར་ཆུ་བཀང་བཅུ་གཉིས་ཀྱང་ནི་འགྲེམ། །རེས་གཟའ་ཉི་མར་འཁྲུགས་པས་རང་ཕམ་ན། །ཕག་པའི་ཚིལ་གྱིས་བདུག་པར་བྱ། །ཆབ་གཏོར་དང་ནི་རྣམ་འཇོམས་ཁྲུས། །སྒྲོལ་མའི་མཎྜལ་བཞི་ཆོག་བྱ། །ཟླ་བ་དུང་གོས་འབྲས་དཀར་དང་། །ཙན་དམར་ཞོ་ཡིས་བུད་མེད་དང་། །བྱིས་པ་ལ་ནི་འགྱེད་བྱ་ཞིང་། །ཆུ་གཏོར་ཆུ་སྦྱིན་ཀླུ་འབུམ་དང་། །ལྕགས་མཆུ་མདོ་སྡེ་མདོ་མང་སྒྲོགས། །ཡོན་དུ་མུ་ཏིག་སྦྱིན་པར་བྱ། །ཞིང་གཟའི་དགྲ་རུ་ཟླ་བ་ཤར། །ཕྱོགས་དང་མཚམས་སུ་སརྫ་ཡི་སྤོས་དཀར་ཡིན་ནམ། །རཱ་ཛའི་བདུག་པ་དགེ་འདུན་ལ། །ཁུར་བ་སོགས་ཟས་ཀྱི་
རྙེད་བཀུར་སྦྱར་བར་བྱ། །མིག་དམར་དམག་དཔོན་དམག་སྡེ་ལ། །ཤ་ཁྲག་སྟོན་མོ་སྲན་ཟན་སྦྱིན། །ལམ་བསལ་ཚེ་དབང་སྲོག་བསླུ་བྱེད། །གཙུག་ཏོར་བཀའ་ཐང་ལོ་གྲངས་སྒྲོགས། །ཆུ་སྦྱིན་མང་དུ་བྱས་ན་བཟང་། །གླང་དང་གོས་དམར་བུ་རམ་དང་། །ཟན་སོགས་གོང་བུ་མཆོད་སྦྱིན་དགེ། གཟའ་གཟུངས་གྲྭ་ལྔ་མདོ་སྒྲོག་ཅིང་། །ཁྱབ་འཇུག་ཚོགས་བདག་མཆོད་བཙན་བཅོས། །གཟུངས་མང་སྣ་ཚོགས་གཏོར་ཆོག་བྱ། །སེང་ལྡེང་ཀ་པེད་སྦྱར་བ་ཡི། །གྲུ་གཟུགས་ཆེན་པོར་ཟས་གོས་སྣ། །རིན་ཆེན་སྣ་ཚོགས་དར་དཀར་གྱི། །བ་དན་བཅས་པ་ཆུ་བོར་དོར། །གཡུལ་ཕམ་མ་ཧེ་ར་སྐྱེས་ཤས། །དམག་ཚོགས་བདུག་ལ་ཞིང་གི་གཟའི། །དགྲར་ཤར་རས་དམར་ཁ་ཚར་མ་ཉམས་པ་ཉེར་བཞི། །དགེ་འདུན་ནམ་བྲམ་ཟེར་སྦྱིན་པར་བྱ་བའོ། །ལྷག་པར་དགེ་སློང་བྲམ་ཟེ་ལ། །མར་ཁུའི་སྦྱིན་པ་སྦྱིན་སྲེག་བྱ། །སཱཙྪ་གདབ་ཅིང་མདོ་མང་བཀླག །ཕྱོགས་སྐྱོང་གཏོར་མ་བདུད་བཤོས་བཏང་། །མ་མོ་མཁའ་འགྲོའི་ཚོགས་སྟོང་དང་། །བདེ་གཤེགས་ཁྱབ་འཇུག་ཀུན་དགའ་རའི་དབང་ཕྱུག །
ལྷ་མཆོད་དཔང་སྐོང་ཕྱག་རྒྱ་འདོན། །ག་བུར་ཆུ་དང་སྲན་སྡེའུ། །གོས་ལྗང་རིན་ཆེན་ལྗང་གུ་སྦྱིན། །རྒྱན་ཡང་སྦྱིན་ལ་ཆོས་ཆོག་བྱ། །ཞིང་གཟའི་དགྲ་རུ་ལྷག་པ་ཤར། །བདེ་གཤེགས་སྐུ་དང་དགེ་སྦྱོང་དང་། །བྲམ་ཟེར་རྒུན་ཁུའི་བསྙེན་བཀུར་བྱ། །ཕུར་བུ་བནྡེ་སྔགས་པ་ལ། །འོ་ཞོ་འབྲས་ཐུག་ཤིང་ཐོག་སྦྱིན། །དབུ་དུམ་བཞི་དང་སྟོང་ཆེན་དང་། །འཇམ་དཔལ་མཚན་བརྗོད་འདོན་པར་བྱ། །དགེ་སློང་བཞི་སྡེ་མཆོད་པར་བྱ། །ཡོན་དུ་ཡུང་བ་ཙ་ན་ཀ །གོས་སེར་ཡུངས་ཀར་མཆོད་ཅིང་སྦྱིན། །རྦོད་གཏོང་བྱད་ཕུར་བཟློག་པ་ཞུ། །པེ་ཧར་མདོས་བསྐང་རིག་བྱེད་བཞི་བཀླག །གསེར་ཕྱེ་སྦྱིན་ཅིང་ལྷག་ལྷ་དང་། །ནག་པོ་ཆེན་པོ་མཆོད་པར་བྱ། །ལྕགས་སྣ་ལས་བྱས་སྐུ་བླུགས་ཤིང་། །བསམ་གཏན་མཉམ་འཇོག་བཀའ་ཐང་བཀླག །ཞིང་དགྲར་ཤར་ན་རིག་བྱེད་པར། །འོ་ཞོ་འབྲས་དང་སྦྲང་རྩིས་བཀུར། །རྫས་ལ་རས་ཡུག་ཆེ་བ་བཀོན། །རྒྱལ་བ་དང་ནི་ཚེ་སྤེལ་གཞུག །པ་སངས་ཁྱེའུ་བཅུ་གསུམ་ལ། །སྦྲང་བུར་ཡོན་སྦྱིན་དགྲ་བླ་དང་། །ཡུལ་ལྷར་ཕུད་གཏོར་ཕྱེ་མར་
མཆོད། །གཞོན་ནུ་མ་དང་མ་མོ་མཆོད། །དཀོན་བརྩེགས་ཆུ་ཆོག་མར་མེ་སྦར། །ལ་དུ་རྟ་དཀར་འབྲུ་དཀར་སྦྱིན། །ཞིང་གཟའི་དགྲར་ཤར་གཞོན་ནུ་མ། །གྲོང་ཆོས་མ་གོས་བཅུ་གཉིས་ཀྱིས། །བཀལ་བའི་རས་སྐུད་ཁྲུ་ཉེར་ལྔས། །བདག་གི་ལུས་ནི་བཅིང་བར་བྱ། །སྤེན་པར་བུད་མེད་བྱ་རོག་ལ། །ཤ་དང་སྲན་མའི་སྦྱིན་པ་བཏང་། །ནད་བདག་མ་མོའི་མདོས་ཀྱིས་བསྐང་། །དྲི་ཟ་གསུར་གྱིས་མཆོད་པར་བྱ། །ལམ་མདོའི་ལྷ་དང་མ་མོ་དང་། །དབང་ཕྱུག་དང་ནི་གཤིན་རྗེ་མཆོད། །དབང་བསྐུར་ལུང་བཞི་གཟུངས་འདུས་དང་། །གཙུག་ཏོར་བསྐང་གསོལ་བརྒྱ་བཞི་བྱ། །ཇོ་དར་མང་ཇ་དུང་གྲགས་ཞུ། །ཉ་ཤ་ཁུར་བ་ཏིལ་འབའ་ཆ། །ལྕགས་མཆོག་སྣུམ་དང་བ་ནག་མོའི། །མཆོད་སྦྱིན་དག་ནི་བྱས་ན་བཟང་། །བཤན་པའི་ལག་ནས་བླང་བའི་ལྕགས། །ནག་པའི་ཉི་མ་ཁ་དྲོས་བར། །མགར་བས་རལ་གྲི་ཚར་བྱས་ནས། །བཅུ་གཉིས་སོར་ཚད་འཆང་ན་དགེ། གཡུལ་ཕམ་སྐྲ་སེན་ཆུ་བོར་དོར། །ཞིང་གཟའི་དགྲ་ཤར་ལྷོ་ངོས་སུ། །ཟངས་སྣོད་
ཆུས་བཀང་ཤ་ཁྲག་ནི། །སྣ་ཚོགས་ཆུ་སྦྱར་གཟའ་ལ་སྦྱིན། ༈ །སྒྲ་གཅན་ཤ་ཁྲག་ཏིལ་དང་ནི། །བུ་རམ་ཆང་སྦྱར་གདོལ་བར་སྦྱིན། །དུར་ཁྲོད་དུ་ནི་ཚོགས་བདག་དང་། །བདུད་རྣམས་མཆོད་དང་རབ་གནས་བྱ། །འདུལ་བ་སྡེ་བཞི་འདོན་པ་དང་། །མ་ཉམས་གོས་དར་ཤ་ཆང་སྦྱིན། །ར་དང་མ་ཧེ་སྲན་ཁྲེའུ། །ཏིལ་དང་ཡུངས་ཀར་ཡུངས་ནག་སྦྱིན། །སེང་ལྡེང་ཏྲི་ཤུལ་རྩེ་གསུམ་པ། །བཞི་མདོའི་ལམ་དུ་ཚེར་མ་ཡི། །མེ་དང་བཅས་པ་འབུད་པའོ། །གཡུལ་ཕམ་པ་ལ་སྨྱོན་མ་ཡི། །ཤ་ཡི་སྦྱིན་སྲེག་བྱ་བ་ནི། །ཞིང་དགྲར་བྲམ་ཟེ་རྣམ་དག་གི །ཡང་ན་བླ་མ་དགེ་སློང་། གོས་བླངས་འཇིགས་པ་མ་ཡལ་བར། །དེ་སྲིད་བདག་གིས་བགོ་བར་བྱ། །ལྷུན་པོར་སིདྡྷིའི་དར་ཆེན་ཕྱར་སིདྡྷི་ཟེར་བ་རྣམས་བླ་མའི་སྔགས་བཛྲ་གུ་རུ་ཡིན་འདུག །གཞུང་ཆུར་མ་ཎིའི་གསེར་ཟམ་ཚུགས། །འདི་བྱས་བཀྲ་ཤིས་ལྷུན་གྱིས་གྲུབ། ༈ །དུས་མེར་ཏིལ་དམར་ཁྲག་གིས་ནི། །སྤགས་པ་བྱ་རོག་མང་པོར་སྦྱིན། །མཆོད་རྟེན་མཆོད་དང་དྲང་སྲོང་གིས། །ཆོ་ག་བྱ་ཞིང་རྗེ་བཙུན་བཞེངས། །
སིདྡྷི་འུར་འདོན་ཆུ་ཀླུང་མདོ། །རིག་བྱེད་རིམ་གྲོ་རྣམ་འཇོམས་བྱ། །གདུགས་དཀར་འདོན་ཅིང་རིན་པོ་ཆེ། །སྣ་ཚོགས་ལུས་གོས་ར་དང་ལུག །སྣ་ཚོགས་ཟས་སྦྱིན་གཡུལ་ཕམ་ན། །ཛཱ་ཏིའི་མེ་ཏོག་བདུན་མགོར་གདགས། །ཞིང་གི་དགྲ་རུ་ཤར་བ་ན། །ཁྱོར་ཆུ་བཅུ་གསུམ་བུམ་པར་བླུགས། །དེ་ཉིད་ས་ཡི་འོག་ཏུ་སྦ། །འདི་རྣམས་བསྒྲུབས་པས་ཕ་རོལ་དགྲའི། །དཔུང་གི་ཚོགས་ལས་རྣམ་པར་རྒྱལ། །ནད་གདོན་བར་ཆད་བཀྲ་མི་ཤིས། །རབ་ཞི་འདོད་དོན་རྫོགས་པར་ནི། །གཟའ་མཆོག་རྒྱལ་པོ་རྣམས་ཀྱིས་སྟེར། །བཀྲ་ཤིས་ཐོག་མཐའ་བར་དུ་དགེ། སྤྱི་ལ་གཟའ་ཡུམ་གཟུངས་འདུས་དང་། །བཀའ་སྒྲོགས་མཆོད་སྦྱིན་རྒྱ་ཆེར་བྱ། །གཞན་ཡང་སྲོག་ཕྱྭ་ངན་པ་ལ། །ཚེ་གཟུངས་ཚེ་ཐར་ལྟ་བུའི་མཚོན། །གང་གང་ཡུལ་ལུགས་འཚམས་པས་བཅོས། །ཕན་བྱེད་བརྒྱ་པ་བཞིན་དུའོ། །རྒྱུད་དོན་སྤྲིན་གྱི་བླ་རེ་ཡངས་པ་ལ། །བླ་མའི་ཞལ་ལུང་དབྱར་གྱི་རྔ་གསང་སྒྲོགས། །རིག་རྩལ་གློག་ཕྲེང་འབུམ་གྱི་ཟློས་གར་རྩེན། །སྐལ་བཟང་དཔྱིད་ཀྱི་དུས་བཟང་ཉེ་བར་མཚོན། །
འདིར་ནི་གསལ་པོར་ཕྱེ་བ་འདི་ལྟ་བུ། །དེ་སྔ་གངས་ཅན་ལྗོངས་སུ་གྲགས་པ་མེད། །འདི་བཞིན་དཔྱོད་དང་ལྐོག་གྱུར་དངོས་པོ་བརྒྱ། །མཐོང་བའི་ངོ་མཚར་རང་ལ་མངོན་སུམ་འགྱུར། །གླང་ཆེན་སེང་གེས་གཏམས་པའི་ནགས་ཁྲོད་དུ། །ལོང་བས་ལོང་བ་ཁྲིད་ནས་འཇུག་པ་ལྟའི། །བླང་དོར་བབ་བབ་རྩོམ་པའི་སྐྱེ་ཚོགས་ལ། །ཕན་བདེའི་ལམ་བཟང་གསལ་བའི་མིག་མཆོག་འདི། །འཕགས་པས་རྗེས་བསྟན་མཁས་པས་རབ་བསྔགས་ཤིང་། །སྐལ་བཟང་རྣམས་ཀྱི་འཇུག་ངོགས་མཆོག་ཡིན་ཕྱིར། །ཕན་པའི་སེམས་ཀྱིས་ལེགས་པར་ཕྱེ་བ་ཡི། །དགེ་བས་མངོན་ཤེས་དྲི་མེད་རྙེད་གྱུར་ཅིག །ཅེས་དཔལ་གཡུལ་ལས་རྣམ་པར་རྒྱལ་བའི་རྒྱུད་དོན་རབ་ཏུ་གསལ་བའི་ངག་གིས་བཀོད་པ་ཀུན་གཟིགས་དབྱངས་འཆར་ཆེན་པོ་ཤེལ་གྱི་མེ་ལོང་ཞེས་བྱ་བ་ལས། རྩིས་ཚུལ་གྱི་སྙིང་པོ་དུས་སྦྱོར་བརྟགས་པ་བླང་དོར་གསལ་བའི་མིག་བཟང་མཛེས་པའི་སྐབས་ཏེ་གསུམ་པའོ།། །།རང་རིག་བདེ་ཆེན་དཔའ་བོ་ཐབས་ཀྱི་སྐུ། །སྟོང་ཉིད་དབྱིངས་ཀྱི་བཙུན་མོར་རོལ་པ་ཡིས། །
ཀུན་རྟོག་བདུད་བཞི་འཇོམས་པའི་དཔལ་ཆེན་པོ། །ཁྱབ་བདག་རྡོ་རྗེ་འཛིན་པ་དེ་ལ་འདུད། །དཔལ་ལྡན་གཡུལ་ལས་རྣམ་པར་རྒྱལ་བ་ཡི། །དབྱངས་འཆར་ཞེས་གྲགས་གཙུག་ལག་རྒྱལ་པོ་ལས། །གང་གིས་རྟོགས་ན་ཕ་རོལ་གཡུལ་འཇོམས་པའི། །དགྲ་ལས་རྣམ་པར་རྒྱལ་བའི་ཆོ་ག་བཤད། །རྟེན་འབྱུང་བསླུ་མེད་སྒྱུ་མའི་འཁྲུལ་འཁོར་ལ། །རྣམ་དཔྱོད་མིག་སྟོང་གཡོ་བའི་དབང་པོ་དེས། །རྩིས་རིག་འབར་བའི་རྡོ་རྗེ་འདི་འཛིན་ན། །རྒོལ་ངན་ལྷ་མིན་གཡུལ་ལས་རྣམ་པར་རྒྱལ། །དེ་ཡང་དགྲ་འོང་མི་འོང་ནི། །གང་གིས་དྲི་བའི་དུས་སྦྱོར་གྱི། །གསུམ་ལྔ་དྲུག་པའི་གནས་ཉིད་དུ། །ཉི་སྤེན་འཛོམ་མམ་རེ་རེ་ཤར། །དེ་ཚེ་དགྲ་བོ་འོང་བར་འགྱུར། །ཟླ་བ་མར་ངོའི་ལྷན་ཅིག་གྱུར་ན་ནི། །ངེས་པ་ཉིད་དུ་འབྱུང་ཞེས་གྲགས། །དེ་རྣམས་གང་རུང་ཟླ་བ་གནས། །དགྲ་བོ་ཡང་ཡང་བསྣན་ནས་འོང་། །བཞི་པར་ཉི་སྤེན་མིག་དམར་ཤར། །དགྲ་བོ་ལམ་ནས་སྟོང་བར་ལོག །ཟླ་བ་བྱུང་ནའང་དགྲ་མི་འོང་། །བཞི་པར་ཕུར་ལྷག་སངས་གནས་ན། །དགྲ་བོ་དག་ནི་འབྱུང་བར་ཤེས། །ཟླ་བ་གཡོ་བར་གནས་ན་འོང་། །
བརྟན་པར་གནས་ན་མི་འོང་ངོ་། །གཉིས་ཀར་དགྲ་ནི་ཡུལ་དུ་འོང་། །དྲི་བའི་དུས་སུ་གྱུར་ནའོ། །གལ་ཏེ་འོང་བར་ཤར་བ་ན། །དེ་ལ་སྡིག་བསོད་གཟས་མཐོང་བ། །དེ་བཞིན་དགྲ་ལ་ལེགས་ཉེས་འོང་། །ཉ་སྡིག་བུམ་ཀར་བཞི་པར་འགྱུར། །དགྲ་ཡི་དཔུང་གི་བཞི་ཆ་འབྲོས། །གལ་ཏེ་དགྲ་བོ་འོང་བ་ན། །དྲིས་པའི་ཁྱིམ་གནས་གཟའ་དུ་ཡོད། །མི་གྲངས་བསྡོམས་པར་བྱས་ནས་ནི། །གཡོ་གཅིག་བརྟན་གཉིས་བར་གསུམ་བསྒྱུར། །དྲིས་པའི་དུས་དང་ཟླ་བ་ནི། །ཁྱིམ་གང་ཡིན་པར་སླེབས་པའི་ཚད། །དེ་ནི་ཉི་མའི་གྲངས་སུ་ཤེས། །འོང་ནས་རྒྱལ་ཕམ་རིམ་པའམ། །ཡང་ན་ཕར་ལ་རྒོལ་ཀྱང་རུང་། །འདི་ལྟར་སྟོབས་གསུམ་ཤེས་བྱ་སྟེ། །དེ་ལ་རྩོད་པའི་མིང་གི་སྟོབས། །ཕན་གནོད་དམིགས་སུ་བསལ་བའི་སྟོབས། །འཁྲུགས་ཚེ་དུས་ལྷའི་ཕྱོགས་ཀྱི་སྟོབས། །འདི་ལྡན་ངེས་པར་རྒྱལ་འགྱུར་བ། །དབྱངས་འཆར་རྒྱུད་ཀྱི་དགོངས་པ་ཡིན། །སྟོབས་གསུམ་བརྩི་བའི་གཞུང་ཡོད་ན། །གཡུལ་ལས་རྒྱལ་བའི་གཙུག་ལག་ཟེར། །། དེ་ལ་ཐོག་མར་རྩད་པ་ན། །
གང་གང་རྩོད་པ་གཉིས་པོ་ཡི། །མིང་ཡིག་ལ་བརྟགས་དེ་ཡང་ནི། །དམག་ལ་སོགས་པར་གཙོ་བོ་དང་། །དམག་དཔོན་གཉིས་ཀའི་མིང་ལ་བརྟག །མིང་གི་དབྱངས་གསལ་སོ་སོར་ཕྱེ། །གཅིག་བསྡོམས་ཕན་ཚུན་འཕྲི་བ་ཡིས། །གང་མང་བ་དེ་རྒྱལ་བར་བལྟ། ༈ །ཡང་ན་མིང་གི་དབྱངས་ཡིག་རྣམས། །ཐུང་རིང་ཤིན་ཏུ་རིང་པོར་ཕྱེ། །རིམ་བཞིན་གཟུགས་མེ་མེས་བསྒྱུར་བསྡོམས། །ཕན་ཚུན་འཕྲི་བས་གང་མང་རྒྱལ། ༈ །མིང་གི་དབྱངས་ནི་མིག་གིས་བསྣུན། །གསལ་བྱེད་མཚོས་སྤེལ་གཉིས་ཀ་བསྡོམས། །རིས་འགོད་གཉིས་ཀ་མཉམ་ན་འདུམ་མཚོ་ཟེར་བ་སྣང་། མི་མཉམ་སྟོབས་ལ་བལྟས་པས་ཤེས། ༈ །དབུགས་ནི་འཇུག་པར་གང་བརྗོད་རྒྱལ། །འཐོན་ལ་གང་བརྗོད་ཕམ་པའོ། ༈ །མིང་གཉིས་སྔོན་ལ་གང་བརྗོད་རྒྱལ། །ཕྱི་ནས་བརྗོད་པ་ཕམ་པར་སྟོན། ༈ །མིང་གི་དབྱངས་གསལ་ཕྱེ་བ་རྣམས། །ཟུང་ཕམ་ཡ་ནི་རྒྱལ་བར་གསུངས། །དབྱངས་ལ་གསལ་བྱེད་ཆ་སོགས་མུ་བཞི་ཡོད། གཞན་ཡང་མིང་ཐོག་དགྲ་གྲོགས་བརྟག །འདི་རྣམས་དང་ནི་རྒྱན་འཁོར་ལོ། །རྩིས་ཕྲན་ནང་དུ་ལེགས་པར་བཀྲོལ། །རྩིས་
རིག་དེ་རྣམས་སོ་སོ་ལ། །རྒྱལ་ཕམ་གྲངས་ཀྱི་རྡེའུ་བོར། །བཟང་ངན་མང་ཕྱོགས་ཁ་དམར་གདགས། །མིང་སྟོབས་ཁོ་ནར་ཕན་ཚུན་གཉིས། །སོ་སོར་རྡེའུ་བཅུ་རུ་ཡོད། །རྒྱལ་དཀར་ཕམ་ན་ནག་པོ་བཞག །གཉིས་ཀ་མཉམ་ན་བཏང་སྙོམས་སོ། ༈ །མིང་གི་རྒྱུ་སྐར་འཁོར་ལོ་ནི། །མིང་སྐར་རྐང་བརྒྱའི་སྐབས་ལྟར་བཙལ། །འདི་ལྟར་དཔེའུ་རིས་ཇི་བཞིན་ལས། །གང་རྒྱལ་གཉེན་པོའི་ངེས་པ་རྙེད། །སྟེང་འོག་ཕན་ཚུན་དགྲ་གཤེད་ཡིན། །སྟེང་མ་འཇོམས་བྱེད་འོག་འཇོམས་བྱ། །སྟེང་འོག་མིན་ན་བཏང་སྙོམས་ཕྱིར། །རང་གི་དམག་དཔོན་མིང་སྐར་ནི། །སྟེང་མ་ཕ་རོལ་འོག་ཏུ་བྱ། །དཔེར་ན་ཕ་རོལ་མིང་སྐར་ནི། །སྨིན་རྒྱལ་ཡིན་ན་ལུག་ཡིན་པས། །དེ་ལ་གཉེན་པོ་རང་ཕྱོགས་ཀྱི། །དམག་དཔོན་ལག་སྣུབ་མིང་སྐར་ཅན། །དེ་ནི་སྤྱང་ཀི་ཡིན་པས་བསྐོ། །དེ་བཞིན་བསྒྲིགས་ན་རྒྱལ་ཞེས་གྲགས། ༈ །དེ་ནས་དུད་འགྲོའི་འཁོར་ལོ་བཤད། །ཕ་རོལ་དགྲ་གཤེད་གཉེན་པོ་ནི། །འགྱུར་ཚུལ་དུད་འགྲོའི་དཔེས་
མཚོན་པ། །འདི་ལྟར་ཙཀྲ་དག་ལས་ཤེས། །ཏ་སྡེའི་མིང་ཅན་སྦྲུལ་ཡིན་ཏེ། །དེ་འདོམས་ཨ་སོགས་དབྱངས་མིང་ཅན། །བྱ་ཁྱུང་ཡིན་པ་དེ་བཞིན་དུ། །གཞན་པ་རྣམས་ཀྱང་ཤེས་པར་བྱ། །ཕ་རོལ་གཤེད་དུ་གྱུར་པ་ཡིན། །རང་ཕྱོགས་མིང་གི་རྟེན་འབྲེལ་བྱ། །དགྲ་གཤེད་མིན་ན་བཏང་སྙོམས་སོ། །འདི་སྐབས་ལུག་དང་སྤྱང་ཀི། བྱི་ལ་བྱི་བ་བརྗེ་བ་མན་ངག་ཡིན་ཟེར་བའང་ཡོད།། དེ་ནས་སྡེ་བརྒྱད་འཁོར་ལོ་ཞེས། །འདི་ལྟར་དཔེའུ་རིས་ཇི་བཞིན་དུ། །༡ ༢ ༤ ༨ ༡༦ ༣༢ ༡༢༨ ༦༤ལྷ་མིན་ཀླུ་དྲི་ཟ་གནོད་སྦྱིན་སྲིན་པོ་ཤ་ཟ་མི་ལྷ་ཀ ཙ ཊ ཏ པ ཡ ཤ ཨ་མིང་གང་སྡེ་པ་གང་ཡིན་པའི། །གོས་ཐོག་མས་མཚོན་ཏེ་རང་སྟེང་གི །སྡེ་བརྒྱད་གང་ཡིན་འདི་ཕྱོགས་བརྒྱད་དུ་བཀོད་ན་དུད་འགྲོའི་འཁོར་ལོ་དང་འདྲའོ། །ངེས་པར་བྱ་མིང་གི་ཐོག་མ་ཁོ་ནར་བརྟག དེ་ཡི་སྟོབས་ཀྱི་ཆེ་ཆུང་ཡང་། །ལྷ་མིན་ནས་ནི་མི་ཡི་བར། །ལྡབས་འགྱུར་སྟེང་གི་ཨང་གྲངས་བཞིན། །སྟོབས་ཆེ་བས་ན་ལྷ་མིན་ནོ། །ཀླུས་འཇོམས་ཀླུ་ནི་དྲི་ཟ་དང་། །ཤ་ཟ་ལྷ་དང་ལྷ་མིས་འཇོམས། །མི་ནི་ཤིན་ཏུ་སྟོབས་ཆེ་ཡང་། །དེ་ཉིད་སྲིན་པོས་འཇོམས་པས་ན། །
རང་ཕྱོགས་ཕ་རོལ་གཉེན་པོར་བྱ། །དཔེར་ན་ཕ་རོལ་ལྷ་མིན་མིང་། །རང་ཕྱོགས་ཀླུ་མིང་དམག་དཔོན་གྱིས། །སྦྲུལ་ཐོད་ཀླུའི་ཆས་བྱས་ཏེ་འཐབ། །རྒྱལ་བར་འགྱུར་བའི་རྟེན་འབྲེལ་ཡིན། །དེ་ཡང་གོང་མ་དུད་འགྲོའི་འཁོར་ལོ་ནི་དབང་ཕྱུག་ཆེན་པོས་རྒྱུད་འདིར་བསྟན་པ་ཡིན་ལ། །དེ་ཡང་ཨ་དང་བྱ་ཁྱུང་སོགས་རིམ་བཞིན་ཤར་ནས་གཡས་སྐོར་དུ་འགོད་པར་གསུངས། འོག་མ་སྡེ་བརྒྱད་ཀྱི་འཁོར་ལོ་དེ་ལྷ་ཚངས་པས་བསྟན་པ་ཡིན། འདི་གཉིས་མིང་གི་ཐོག་མར་གང་ཡོད་པའི་དབྱངས་སམ་གསལ་བྱེད་གཅིག་པོ་དེ་ལ་བརྟག་པ་ཡིན། དབྱངས་གང་ཡོད་ཨ་སྡེ། ཀ་ཁ་ག་གྷ་ང་ཀ་སྡེ་ཡིན་པ་སོགས། ཡ་སྡེ་ཡ་ར་ལ་ཝ་གསུམ་བཅས་དང་། ཤ་ཥ་ས་ཧ་ཤ་སྡེའོ། །འཁོར་ལོ་སྔ་མ་ལྟར་ན་ཊ་སྡེ་སྤྱང་ཀི་ཡིན་པས། ཤ་སྡེ་ལུག་ལས་སྟོབས་ཆེ་ལ། ཕྱི་མ་སྡེ་བརྒྱད་འཁོར་ལོ་ལྟར་ན་ཊ་སྡེ་ལས་ཤ་སྡེ་སྟོབས་ཆེ་བས་དེ་བཞིན་ཀ་སྡེ་པ་སྡེ་སྔ་ཕྱིར་བཤད་པ་འགལ་བར་སྣང་ཡང་ལུགས་སོ་སོ་ཡིན་ལ། ཆ་འགའ་ཞིག་ནས་བཟང་ལ་འགའ་ཞིག་ལས་ངན་པ་ལྟ་བུ། །འཁོར་ལོ་མང་པོ་བརྩིས་ན་སྤྱིར་འོང་མོད་ཀྱང་ཆ་ཆེ་ཆུང་དཔྱད་དུ་ཡོད་དོ། །དུས་ཀྱི་འཁོར་ལོའི་རྒྱུད་ལས། འདུ་བ་ཁ་དོག་དབྱངས་ལ་སོགས་པ་མཉམ་དང་མི་མཉམ་གྱུར་པ་རྣམས་ཀྱིས་འབྲས་མེད་སྟོན་པ་ཉིད། ཅེས་རྒྱལ་མཚན་དུ་བ་
སོགས་བརྒྱད་ཀྱི་འདུ་བ་བརྟག་པ་དང་། གཟའ་སོགས་ཀྱི་ཁ་དོག་དང་རིགས་དང་དབྱངས་སོགས་ཕན་ཚུན་མཉམ་མི་མཉམ་དང་། གསལ་བྱེད་མིག་དང་དབྱངས་བཞིས་བསྒྱུར་ཏེ་རིས་བགོས་ལྷག་ལ་བརྟགས་ནས་རྒྱལ་ཕམ་བརྟག་པ་ནི་དབང་ཕྱུག་པ་རྣམས་ཀྱིས་སེམས་ཅན་རྣམས་ཀྱི་བདེ་སྡུག་གཟས་བྱེད་པར་བསམས་ནས། དེ་ལྟར་དབང་ཕྱུག་གིས་གསུངས་སོ་ཞེས་རྫུན་གྱིས་འཇིག་རྟེན་སླུ་བར་བྱེད་པ་ནི་འབྲས་བུ་མེད་པར་སྟོན་པ་ཡིན་གྱི། སེམས་ཅན་རྣམས་ཀྱི་བདེ་སྡུག་རང་རང་གི་སྔོན་ལས་ཀྱིས་བྱེད་པ་ཡིན་གྱི། གཟའ་སོགས་བདེ་སྡུག་བྱེད་པོ་གཞན་མེད་ཅེས་གསུངས་ཏེ། དེ་བཞིན་འགྲེལ་ཆེན་དྲི་མེད་འོད་དུ་ཡང་འདིའི་ཐད་དང་། མཆོག་མི་འགྱུར་བའི་ལེའུར་གསུངས་པ་ལྟར་ཤེས་དགོས་ཏེ། སེམས་ཅན་རང་རང་གི་སྔོན་ལས་ཀྱི་བདེ་སྡུག་ཏུ་བྱེད་པའི་རྐྱེན་སྨན་དང་དུག་སོགས་ལ་འཕྲད་པ་ལྟར། ལས་བཟང་བ་རྣམས་གཟའ་སྐར་དུས་སྦྱོར་བཟང་པོ་འཕྲད་ནས་ལས་གྲུབ་པ་སོགས་གཟའ་སྐར་རྣམས་རྐྱེན་ཙམ་དང་ལ་ཉེ་སྟོན་པ་ཡིན་གྱི། སྐྱེ་རྒུའི་བདེ་སྡུག་གི་བྱེད་པ་པོ་མ་ཡིན་པར་ཤེས་དགོས་སོ། །དེས་ན་འདི་འདྲའི་ཚིག་བྱུང་བའི་གཞུང་རྣམས་དང་། དབྱངས་འཆར་ནི་བསྟན་བཅོས་ངན་པ་དྲུག་གི་ནང་ནས་ངན་གཡོའི་བསྟན་བཅོས་ཡིན་ནོ། །ཞེས་སོགས་ཟེར་བའི་ཚིག་ཙམ་ལ་བརྟེན་ནས་གཞུང་འདི་སུན་འབྱིན་པ་མི་རུང་སྟེ། བླང་དོར་གསལ་བའི་བསྟན་བཅོས་ཁྱད་པར་ཅན་ཡིན་ནོ། །
དེས་ན་དུས་འཁོར་འགྲེལ་ཆེན་ལས། དབང་ཕྱུག་པ་རྣམས་ཀྱིས་དབྱངས་འཆར་བཀོད་དེ། དབང་ཕྱུག་གིས་གསུངས་སོ་ཞེས་རྫུན་གྱིས་བསླུ་བ་སྟེ། ཞེས་གསུངས་པའི་དགོངས་པ་གོང་བཤད་ལྟར་དང་། གལ་ཏེ་འདུ་བ་སོགས་ཀྱི་ཐད་ནས་དེ་རྣམས་བྲམ་ཟེ་རྣམས་ཀྱིས་དབྱངས་འཆར་དུ་བཀོད་དེ་ཞེས་པར་གོ་དགོས་ཀྱི། དབྱངས་འཆར་གྱི་རྒྱུད་མཐའ་དག་དྲང་སྲོང་གདུག་པས་དབང་ཕྱུག་ལ་ཁ་གཡར་ཏེ་བརྩོམ་མོ་ཞེས་པའི་དོན་མིན་པ་ངེས་པར་གསལ་ཏེ། རྒྱུད་ལས་ཀྱང་འདི་ཐད་ཁོ་ནར་གསུངས་པ་དང་། འགྲེལ་བས་ཀྱང་གཟའ་སོགས་བདེ་སྡུག་གི་བྱེད་པ་པོ་ཡིན་པར་འདོད་པ་སྔ་ཕྱིར་བཀག་ལ་སྤྱིར་མ་བཀག་ཅིང་། དབྱངས་འཆར་དུས་འཁོར་གྱི་དགོངས་དོན་ཕལ་ཆེར་མཚུངས་པ་ཡང་བྱུང་བའི་ཕྱིར་དབྱངས་འཆར་གྱི་རྒྱུད་དོན་ཕལ་ཆེར་དུས་འཁོར་འབྲས་རྩིས་ཀྱི་ཆ་ལག་ལྟ་བུ་ཡིན་ནོ། ༈ །དེ་ནས་འདབ་ཆགས་འཁོར་ལོ་ཞེས། །མེ་མཚམས། འདབ་ཆགས་བརྒྱད་ཀྱི་དཔེས་མཚོན་པའི། །ཡུལ་དུས་སྟོབས་ཀྱི་བྱེ་བྲག་བརྟག །དེ་ཡང་འདི་ལྟར་དཔེའུ་རིས་ལ། །བལྟས་པས་ཤེས་པ་ཁོ་ན་ཡིན། །དབྱངས་གསལ་ཡི་གེ་སྡེ་བརྒྱད་པོའི། །སོ་སོའི་མིང་གི་འདབ་ཆགས་མིང་། །དེ་འོག་མཚལ་ཟླུམ་ར་བ་ན། །སོ་སོའི་རྩ་བའི་སྟོབས་
ཁྱད་ནི། །ནེ་ཙོ་ལས་ནི་བྱ་རྒོད་བར། །སྟོབས་འཕེལ་དབྱང་འཆར་རྒྱུད་ལས་གསུངས། །འཆི་མེད་བདེ་བས་དེ་དང་ནི། །མི་འདྲ་བཤད་པའི་ལུགས་གཉིས་འདུག །འདིར་ནི་རྒྱུད་དོན་ཇི་བཞིན་བྲིས། །དེ་སྟེང་མཚལ་གྱི་ཨངྐི་ནི། །རེས་གཟའི་གྲངས་ཡིན་སྲིན་བྱའི་སྟེང་། །བརྒྱད་པ་སྒྲ་གཅན་ཡིན་མོད་ཀྱི། །དེ་ནི་རེས་གཟར་མི་འོང་ཀྱང་། །ཐུན་ཕྱེད་སྐབས་བཤད་ཇི་བཞིན་དུ། །རཱ་ཧུ་སྤེན་པའི་རེས་གཟར་སྡུད། །ཐུན་ཕྱེད་འཆར་བ་འདིར་ཡང་དྲན། །དུས་བཞི་དང་ནི་ཞག་གཅིག་གི །ཐོ་རེངས་ལ་སོགས་ཡི་གེར་བཀོད། །འོག་མའི་སྣང་ཨང་གཉིས་ཡོད་པ། །དཀར་ཕྱོགས་ཀྱི་ནི་ཚེས་ཡིན་ཏེ། །དེ་བཞིན་ནག་ཕྱོགས་ཚེས་ལའང་སྦྱར། །བྱ་རྒོད་ཤར་དུ་རྒྱབ་བརྟེན་དེ། །
ནུབ་ཏུ་བཟང་སོགས་ཕྱོགས་བརྒྱད་ཕྱེ། །ཟླ་ཞག་དུས་ནི་དེ་དང་དེར། །རང་རང་སོ་སོའི་སྟོབས་དར་བའི། །དུས་དེར་ལས་བརྩམ་རྒྱལ་ཞེས་གསུངས། ༈ །དཔེར་ན་ཨ་ཡི་མིང་ཐོག་ཅན། །ཟླ་བ་ཀུན་ལ་ཁྱད་མེད་པར། །སྟོབས་ཆེ་དཀར་ནག་ཕྱོགས་ཀྱི་ཚེས། །གཅིག་དགུ་གང་རུང་ཉིན་གྱི་དུས། །རེས་གཟའ་ཐུན་ཕྱེད་ཉི་མར་བབས། །དེ་དུས་སྟོབས་མཆོག་མཐར་སོན་པས། །ཤར་དུ་རྒྱབ་བརྟེན་ནུབ་ཁ་གྱུ། །ནུབ་གནས་དགྲ་བོ་ཏ་མིང་ལ། །ཁྲུང་ཁྲུང་རྒྱལ་མཚན་འཛིན་པ་ཡིས། །སྣ་དྲངས་དམག་འདྲེན་བྱས་ན་ཐུབ། །མདོར་ན་རང་སྟོབས་དར་བ་དང་། །དགྲ་བོ་གུད་དུས་ཕྲིན་ལས་བརྩམ། །འདབ་ཆགས་རང་རང་ཕྱོགས་སུ་ནི། །འཁྲུགས་ན་ཕམ་པར་འགྱུར་ཞེས་ཟེར། །དཔེར་ན་བྱ་རྒོད་ཤར་ཕྱོགས་སུ། །ཉི་མའི་རེས་ལ་འཁྲུགས་ན་ཕམ། །དེ་ཕྱིར་དེ་གཞོམ་འདོད་པ་ན། །ཤར་གནས་དགྲ་བོ་ཨ་མིང་ཅན། །ཉི་མའི་རེས་ལ་བྱ་རྒོད་ཀྱི། །རྒྱལ་མཚན་འཛིན་པས་ནུབ་ནས་ནི། །ཨ་ཡི་མིང་ཅན་མ་ཡིན་པས། །དམག་དྲངས་རང་གཤེད་དབབ་སྟེ་འཇོམས། །དེས་
འགྲེས་རིག་པས་སྦྱར་ཏེ་དཔྱོད། །ཤོ་རྒྱན་རྩོད་སོགས་ཀུན་ཀྱང་འདིས། །བརྟགས་ན་འབྲས་བུ་འབྱིན་པར་གསུངས། ༈ །བྱེ་བྲག་ཕན་གནོད་དམིགས་བསལ་རྣམས། །འདི་ལྟར་འཁྲུགས་པ་ཆེ་ཆུང་ནི། །ཏྲི་ཤུལ་གསུམ་གཤིབ་ཙ་ཀྲས་བརྟག །ཏྲི་ཤུལ་ཙཀྲ་དཔེའུ་རིས་ལྟར། །རྒྱུ་སྐར་བཀོད་ལུགས་ཐ་སྐར་ནས། །བཀོད་པ་འདི་ལྟར་ཉི་སྐར་ནས། །བརྩམས་ཏེ་བཀོད་པར་བྱ་བ་ཡིན། ༈ །དབུས་མ་འཁྲུགས་པའི་ཏྲི་ཤུལ། །འདི་ལ་བརྟགས་པ་གཙོ་ཆེ་སྟེ། །དྲི་དུས་ཟླ་སྐར་གཙོ་ཆེ་བས། །འདྲི་བའི་དུས་ཀྱི་ཟླ་སྐར་རམ། །རང་དགྲའི་མིང་སྐར་གང་རུང་ནི། །དབུས་མའི་ཡུལ་བའི་སྐར་མ་ནི། །འོག་མ་གཉིས་སོང་རྩོད་པ་ཆུང་། །དཔེར་ན་དཔེའུ་རིས་ལྟར་ན། ༡༥༢༣གཉིས་ལྟ་བུའོ།། བར་མ་གཉིས་ལ༡ ༦་འབྲིང་པོར་འགྱུ༢༢ར། །སྟེང་མ༡ ༧་གཉིས་ལ༢ ༡་འཐབ་རྩོད་ཆེ། །རྩེ་༡༨མོ་གསུམ་ལ༡ ༩་ཤིན་ཏུ༢ ༠་ཆེ། །དེ་ལས་ཀྱང་ནི་དབུས ༡ ༩་རྩེ་རྩུབ། །ཁྱད་པར་སྐྱེས་མིང་རྩེ་མོར་སོང་། །དེ་ལ་ཟླ་སྐར་བཅས་པ་ཅན། །ངེས་པར་ཤིན་ཏུ་རྩུབ་པར་བཤད། །
དེས་ན་དབུས་མའི་རྩེ་མོ་ལ། །རང་དང་དགྲ་བོ་གང་ཡིན་པའི། །མིང་སྐར་ཡོད་པ་ཕམ་པར་འགྱུར། ༈ །དབུས་མ་འཁྲུགས་པའི་ཏྲི་ཤུ་ལ། །གཡས་པ་ནང་དུ་འཇུག་པ་སྟེ། །ཏྲི་ཤུལ་གཡོན་པ་ཕྱིར་འཐོན་ནོ། །དགྲ་བོའི་སྐྱེས་མིང་སྐར་མ་ནི། །ཕྱིར་འཐོན་ལ་བྱུང་ཕྱིར་ལྡོག་འགྱུར། །ནང་འཇུག་རང་གི་ཡུལ་དུ་འོང་། །འཐོན་ལ་རྩོད་ཆུང་འཇུག་ལ་ཆེ། །དེ་ཡང་དྲག་པོའི་གཟའ་དང་ནི། །ཁྱད་པར་མིག་དམར་རཱ་ཧུ་གཉིས། །དབུས་མའི་རྩེར་སོང་ཤིན་ཏུ་འཐབ། །ཞི་གཟའ་གནས་ན་བསད་སྨས་འབྱུང་། །ཕྱིར་འཐོན་རྩེ་མོར་དྲག་གཟའ་གནས། །རང་ཉིད་རྒྱལ་བར་འགྱུར་བ་ཡིན། །ནང་འཇུག་རྩེ་མོར་དྲག་གཟའ་ཡོད། །དགྲ་བོ་རྒྱལ་བར་འགྱུར་བ་ཡིན། །ཞི་གཟའ་དེ་ལས་བཟློག་སྟེ་སྨྲ། །འདྲེས་མ་གནས་ན་འདུམ་པར་བྱེད། །
འཐོན་ལ་ཞི་གནས་སྔོན་དུ་ཕམ་ནས་ཕྱིས་སུ་རྒྱལ། །འཇུག་ལ་དྲག་གནས་རང་ཉིད་རྒྱལ་ནས་ཕམ། །མདོར་ན་ཕྱིར་ཐོན་ཟླ་སྐར་དང་། །ཕ་རོལ་སྐྱེས་མིང་སྐར་མ་གནས། །རྩོད་པ་ཆུང་བ་ཤེས་པར་བྱ། །ནང་འཇུག་གནས་ན་འབྲིང་ཡིན་ཏེ། །དབུས་རྩེར་གནས་ན་ཆེ་བར་བརྗོད། །དེ་ལྟར་རྩིས་ན་རྒྱལ་ཕམ་ཤེས། །འཁྲུག་གམ་མི་འཁྲུག་འདི་ལ་བརྟག །ཤིན་ཏུ་བདེན་ཅིང་ངེས་པ་ཡིན། ༈ ། བྱེ་བྲག་དམག་མིའི་ནང་ནས་ཀྱང་། །སྐྱེས་བུའི་བདེ་དོགས་བརྟག་པ་ནི། །ཏྲི་ཤུལ་ཞབས་བསྡུས་་འཁོར་ལོས་བརྟག །སྐྱེས་བུ་གཡུལ་དུ་བདེ་སྡུག་ནི། །ཙཀྲ་ལྟར་བྲིས་དཔེའུ་རིས། །ཉི་མས་འཁྱུད་པའི་སྐར་མ་ནི། །དབྱུག་གུའི་གནས་ནས་རིམ་པར་བཀོད། །སྐྱེས་བུའི་སྐར་མ་ཉི་སྐར་དང་། །ལྷན་ཅིག་སོང་དེར་ནད་འབྱུང་ངོ་། །མདུང་རྩེ་དབུས་གསུམ་སྐྱེས་བུ་ཡི། །སྐྱེས་
མིང་སྐར་སོང་ནོར་ཉམས་བྱེད། །ཉི་མ་མེད་པའི་གཡས་གཡོན་རྩེར། །སྐྱེས་མིང་སྐར་སོང་འཐབ་རྩོད་ཆེ། །མདོར་ན་རྩེ་ཡི་རྒྱུ་སྐར་དགུར། །གང་མིང་སོང་བའི་སྐྱེས་བུ་དེའི། །དོན་ཉམས་ཕྱུགས་བརླག་གཉེན་བཤེས་ཉམས། །ཡུལ་གཞན་འཕོ་ཞིང་རྒྱལ་པོས་འཇིགས། །རླུང་ནས་སྲིན་བར་སྐར་མ་དྲུག །དེར་སོང་སྐྱེས་བུ་བདེ་ལེགས་བྱེད། །གཡས་གཡོན་སྐར་མ་བཅུ་གཉིས་པོར། །སོང་ན་ཕུན་ཚོགས་སྐལ་བཟང་ཐོབ། །གཞན་ཡང་གཡུལ་དུས་ཟླ་སྐར་ཀྱང་། །རྩེར་སོང་ནད་དང་སྡུག་བསྔལ་འབྱུང་། །ཏྲི་ཤུལ་གྱི་འཁོར་ལོ་གཉིས་པོ་འདིར་འོད་བརྒྱ་ལས་འདི་ལས་བཟློག་སྟེ་གཡས་སྐོར་དུ་བཀོད་འདུག་ཀྱང་འདི་སྨིན་གླིང་པས་བཞེད་པ་རྒྱུད་དགོངས་མ་ནོར་བའོ། ༈ །འཁྲུགས་པའི་རྒྱལ་ཕམ་གསལ་བ་ནི། །ཉི་མའི་འཁོར་ལོ་ཞེས་བྱ་བ། །སྐྱེས་བུའི་ལུས་བཀོད་དཔེའུ་རིས་ལྟར། །མགོ་དགུ་རྣ་གཉིས་ལག་པར་དྲུག །རྒྱབ་བརྒྱད་རྐང་པར་གཉིས་བཀོད་དེ། །ཉི་དག་ནས་བརྩམས་རིམ་པར་བཀོད། །ད་ལྟ་དབྱུག་གུའི་དཔེ་ལྟར་བྱ། །
འདྲི་བྱེད་སྐྱེས་མིང་སྐར་མ་ནི། །མགོ་དང་རྐང་སོང་འཆི་བའམ། །མ་ཤི་འཁྲུགས་པ་ཤིན་ཏུ་ཕམ། །ལག་པར་སོང་ན་རྒྱལ་བར་འགྱུར། །རྒྱབ་སོང་རྒྱལ་ཕམ་མེད་པར་འགྱུར། །རྣ་བར་སོང་ན་ཅུང་ཟད་ཕམ། །དེས་ན་དགྲ་ཡི་སྐྱེས་མིང་སྐར། །མགོ་དང་རྐང་པར་གནས་པ་དང་། །རང་གི་སྐར་མ་ལག་པར་སོང་། །དེ་དུས་གཡུལ་གྱི་ལས་ལ་འཇུག །འདྲི་དུས་ཟླ་བའི་སྐར་མ་ཡང་། །མགོ་རྐང་སོང་ན་ཕམ་པར་བལྟ། །གང་ཕམ་གང་རྒྱལ་བརྟག་པའོ། །།ད་ནི་བྱེ་བྲག་གཡུལ་ཞུགས་པའི། །རལ་གྲི་ཐོགས་པ་རྣམས་ལ་ནི། །རལ་གྲིའི་འཁོར་ལོ་བརྟག་དགོས་ཏེ། །རལ་ཐོགས་སྐྱེས་བུའི་སྐྱེས་མིང་ནས། །བརྩམས་ཏེ་རྩེར་ལྔ་ཁ་ལ་གཉིས། །རྐེད་པར་བཅུ་དང་ཡུ་བར་བཅུ། །བཀོད་ལ་དེ་དེར་གཟའ་ཡོད་བརྟག །ཁ་དང་རྐེད་པར་སྡིག་ཅན་ཡོད། །རང་ཉིད་དགེ་བར་ཤེས་པར་བྱ། །བསོད་གནས་བདག་ཉིད་མི་དགེར་ཤེས། །རྩེ་མོར་སྡིག་གནས་བདག་ཉིད་ཕམ། །བསོད་ནམས་གནས་ན་བདག་རྒྱལ་ཞིང་། །ནོར་གྱི་རྙེད་པ་ཐོབ་ཅེས་སྨྲ། །
ཡུ་བར་ཞི་གནས་བདེ་ཞིང་སྐྱིད། །དྲག་གཟའ་ཅུང་ཟད་མི་དགེའོ། །ཁ་སྐེད་ཞི་དྲག་སྤེལ་མར་གནས། །དགེ་དང་མི་དགེ་འདྲེས་མར་འབྱུང་། །རྩེ་མོར་ཞི་དྲག་སྤེལ་མར་གནས། །དེ་ལ་འཐབ་རྩོད་འབྱུང་མི་འགྱུར། །རྐེད་པར་སྡིག་བསོད་འདྲེས་ན་འདུམ། །འདྲེས་པར་སྟོབས་ཁྱད་བརྟགས་པས་ཤེས། །རང་ཞིང་ཞུགས་པའི་གཟའ་སྟོབས་ཆེ། །འཁྲུགས་པ་འདུམ་མམ་མི་འདུམ་ཡང་། །སྨིན་དྲུག་ནས་བརྩམས་སྔར་བཞིན་བཀོད། །འབྲས་བུ་ཡང་ནི་རལ་འཁོར་འདྲ། ༈ །གང་གིས་རྣམ་པར་ཤེས་ཙམ་གྱིས། །དགྲ་བོ་གསོད་པར་ནུས་པ་ཡི། །རལ་གྲི་བཞི་ཡི་འཁོར་ལོ་ནི། །རལ་གྲི་བཞི་ནི་བྲི་བྱས་ལ། །ཉི་མས་འཁྱུད་པའི་སྐར་མ་ནི། །རལ་གྲི་གཡས་པའི་རྩེ་མོ་ནས། །འདི་ལྟར་བཀོད་པར་བྱས་ལ་བརྟག །འདིར་ཐ་སྐར་ལ་དཔེ་བྱས་པ་ལྟར་ཉི་སྐར་ནས་འགོད་པར་བྱའོ། །བརྩི་བྱའི་སྐྱེས་མིང་
སྐར་མ་གང་། །ཡུ་བ་ལ་སོང་མཆོག་ཏུ་དགེ། ཁ་དང་རྐེད་པས་བཏང་སྙོམས་བྱེད། །རྩེར་སོང་ཐེ་ཚོམ་མེད་པར་གསོད། །དེ་ཕྱིར་རང་གི་མིང་སྐར་ནི། །རྩེ་མོར་སོང་དུས་ཤིན་ཏུ་འཛེམ། །དགྲ་མིང་རལ་གྲིའི་རྩེར་སོང་ཞིང་། །རང་མིང་ཡུ་བར་སོང་བའི་ཚེ། །དགྲ་བོ་བརྒྱ་བྱིན་ཡིན་གྱུར་ཀྱང་། །སོད་པར་འགྱུར་བར་ཐེ་ཚོམ་མེད། །མཛེས་མ་འདི་འདྲའི་འཁོར་ལོ་ནི། །ཁམས་གསུམ་དག་ན་ཤིན་ཏུ་དཀོན། །འདི་ལ་གནད་ཆེན་ཡོད་པའི་ཕྱིར། །རྒྱུད་གཞུང་དཔེ་ཆ་ཕལ་ལས་སྦས། །གཞན་ཡང་རལ་གྲི་བཞི་འཁོར་ནི། །ཕྱོགས་བཞིར་རལ་གྲི་བཞི་བཀོད་ལ། །ཉིན་ཞག་ཟླ་སྐར་ནས་བརྩམས་ཏེ། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་པོ། །རལ་གྲི་ལ་ནི་བདུན་རེ་བཀོད། །དང་པོ་ཤར་ཕྱོགས་རལ་གྲི་ཡི། །རྩེ་མོར་གཅིག་བྲི་ཁ་ལ་གཉིས། །སྐེད་པར་གཉིས་དང་ཡུ་བར་གཉིས། །དེ་འཕྲོས་ལྷོ་ནས་བྱང་གི་བར། །རིམ་བཞིན་བདུན་བདུན་གོང་ལྟར་བཀོད། །རྩེ་མོར་གང་གི་མིང་སྐར་གནས། །དེ་ལ་སྡིག་ཅན་གཟའ་འཛོམ་ན། །དེ་ཉིད་
ངེས་པར་གསོད་པར་འགྱུར། །མིང་སྐར་རྩེ་ལ་གནས་པ་དེའི། །རྒྱབ་ཀྱི་རལ་གྲིའི་རྩེ་མོ་ལ། ཞེས་ཤར་གྱི་རལ་གྲིའི་རྩེ་མོར་མིང་སྐར་ཡོད་ཅིང་ནུབ་ཀྱི་རལ་གྲིའི་རྩེ་མོར་སྡིག་ཅན་ཡོད་ནའང་། སྡིག་ཅན་ཡོད་ན་དེ་དང་འདྲ། །ཁྱད་པར་ཤར་ནུབ་ཕྱོགས་སུ་ངན། །ལྷོ་བྱང་ལ་ནི་ཉེས་པ་མེད། །སྡིག་གཟའ་རལ་གྲིའི་ཁ་ལ་ཡོད། །ལུས་ལ་རྨ་ནི་འབྱུང་བ་དང་། །སྐེད་པར་སྨྲ་བརྗོད་ལ་སོགས་འབྱུང་། །ཡུ་བར་ཡོད་ཀྱང་གནོད་པར་འགྱུར། །དེ་ཕྱིར་རང་མིང་གར་གནས་པའི། །རལ་གྲི་དེ་ལ་སྡིག་ཅན་གཟའ། །གནས་པའི་དུས་སུ་ཅི་ནས་འཛེམ། །རང་མིང་རལ་གྲིའི་ཡུ་བར་གནས། །དེ་ཉིད་དུའམ་རལ་གྲི་དེར། །སྡིག་ཅན་གཟའ་མེད་ཞི་གནས་ཤིང་། །ཐད་ཀར་དྲག་གཟའ་མི་གནས་ན། །ཞེས་པ་མིང་སྐར་ཡོད་པ་ནས་བགྲང་བའི་ཁྱིམ་བདུན་པ་དང་། ཁྱད་པར་དུ་མིང་སྐར་ནས་རྩིས་པའི་སྐར་མ་བཅུ་བཞི་པ་ལ་དྲག་གཟའ་གནས་པའོ། །གཡུལ་དུ་འཆི་བའི་དོགས་པ་མེད། །དེ་ལྟར་བརྟགས་ནས་ཤེས་པར་བྱ། ༈ །མདུང་ཐོགས་གཡུལ་དུ་ཆས་པ་ན། །སྔར་བཤད་ཏྲི་ཤུལ་འཁོར་ལོས་བརྟག །
མདའ་གཞུ་ཐོགས་པ་ཆས་པ་ན། །ཉི་སྐར་ནས་བརྩམས་ཙཀྲ་ལྟར། །མདའ་ལྟོང་སྐེད་པ་མདེའུ་དང་། །གཞུ་མཆོག་གཡས་པ་ཆད་པ་དང་། །མཆོག་གཡོན་དེ་བཞིན་གཞུ་རྒྱུད་ནི། །གཡོན་དང་དབུས་དང་གཡས་རྣམས་སུ། །གསུམ་གསུམ་རིམ་པས་བྲི་བར་བྱ། །འདྲི་བྱེད་སྐར་མ་ལྟོང་སོང་འཆི། །སྐེད་པར་ནད་འབྱུང་མདེའུར་རྒྱལ། །གཞུ་རྒྱུད་དབུས་མས་དོན་ཉམས་ཤིང་། །ཆད་པ་ལ་སོང་ནོར་རྣམས་ཟད། །གཞུ་མཆོག་གཡས་པས་དགྲ་ལས་རྒྱལ། །གཞུ་རྒྱུད་གཡས་པས་རྙེད་པ་འབྱུང་། །གཞུ་མཆོག་གཡོན་པས་རང་ལ་རྩོད་ཅིང་འཆི་འོང་ངན། །གཞུ་རྒྱུད་གཡོན་པས་འཆི་ཉེན་ཆེ། །གནས་དེ་རྣམས་ན་སྐྱེས་མིང་སར། །ཞི་གཟས་དགེ་ལ་དྲག་གཟས་ངན། ༈ །དེ་ལྟར་མདའ་མདུང་རལ་གྲི་ཡི། །འཁོར་ལོའི་ངན་པར་བསྟན་པ་རྣམས། །སྨིན་སོགས་བདུན་ནི་ཤར་ཡིན་ལ། །མཆུ་སོགས་ལྷོ་དང་ལྷ་མཚམས་སོགས། །ནུབ་དང་མོན་གྲེ་སོགས་བདུན་
བྱང་། །ངན་པའི་སྐབས་བབས་དེ་ཕྱོགས་སྤང་། །མ་སྤང་ཕྱིན་ནས་འཁྲུགས་ན་འཆི། །ཕྱོགས་ཀྱི་ངན་པ་བརྟགས་པའོ། ༈ །ད་ནི་རང་ཕྱོགས་རྫོང་བསྲུང་བ། །བྱིས་པ་སྐྱོང་གི་འཁོར་ལོ་ནི། །དཔེའུ་རིས་ལྟར་དུ་བྲིས་པ་ལ། །རྫོང་དང་རྫོང་གི་བདག་པོ་དང་། །དམག་དཔོན་སྐྱེས་མིང་སྐར་མ་ནི། །ཕྱི་མ་ཀཱ་ལར་གནས་ན་འཆི། །བར་མ་ཨ་བར་གནས་ན་ནི། །སྟོབས་ནི་ཅུང་ཟད་ཆུང་འགྱུར་ཏེ། །རཱུ་དྲར་གནས་ན་རྫོང་སྲུང་ནུས། །རཱུ་དྲ་ར་བ་ནང་མ་ནི། །རྫོང་བདག་རྣམས་ཀྱི་སྲོག་ཡིན་ཏེ། །ཨ་བ་ཕན་ཚུན་གཉིས་ཀའི་ས། །ཀཱ་ལ་ཕྱི་ཡི་དམག་གི་སྟོབས། །དེ་ཕྱིར་ནང་གི་ཀ་བ་བཞིར། །དྲག་གཟའ་ཉི་མིག་སྤེན་སྒྲ་བཞི་ཡོད་ན་ཀ་བ་རུལ། །ལག་གནས་ཤར་ཕྱོགས་བསྲུངས་ཀྱང་
འཆོར། །ཤར་སྒོ་ཕྱེ་སོགས་གཞན་ལའང་སྦྱར། །ཕྱི་རོལ་དམག་གིས་དོན་འགྲུབ་འགྱུར། །དེ་ལ་ཟླ་ལྷག་ཕུར་སངས་བཞི་བསོད་ནམས་ཤར་ན་བཟང་། །རཱུ་དྲ་ཡང་ནི་དེ་བཞིན་ཏེ། །བར་མ་ཨ་བར་དྲག་གཟའ་གནས། །ཕན་ཚུན་འཁྲུགས་འགྱུར་རིང་ནས་ཐོབ། །ཡང་ན་སྨྲ་བརྗོད་ནོར་ཐོང་ཟེར། །བར་མར་ཞི་གནས་ཕྱི་རོལ་ཕམ། །དྲག་པོའི་གཟའ་རྣམས་ཕྱི་ལ་གནས། །ཕྱི་རོལ་དམག་ཚོགས་དོན་མེད་དེ། །རྫོང་ནི་འཆོར་བར་མི་འགྱུར་རོ། །ཕྱི་རོལ་ཞི་གནས་ཕྱི་རོལ་རྒྱལ། །ནང་མ་བཞི་ལ་བསོད་ནམས་ཤར། །དྲག་པོའི་གཟའ་རྣམས་ཕྱི་ལ་སོང་། །འཇིག་རྟེན་གསུམ་གྱི་དམག་ཚོགས་ཏེ། །དམག་དཔོན་དབང་ཕྱུག་ལྷས་བྱས་ཀྱང་། །རྫོང་ནི་མི་ཐོབ་ཕྱིར་ལ་ལྡོག །ཀ་བ་བཞི་ལ་དམར་སྤེན་ཉི། །རཱ་ཧུ་སོང་ཞིང་ཞི་བའི་གཟའ། །གང་ཚེ་ཕྱི་རོལ་ན་ཡོད་པར། །བརྒྱ་བྱིན་དཔུང་གིས་བསྲུངས་ཀྱང་འཆོར། །མཚམས་བཞི་ནང་དུ་འཇུག་པ་སྟེ། །དེ་ལ་དྲག་གནས་ཕྱིར་མི་དགེ། ཕྱོགས་བཞི་ཕྱི་རུ་འཐོན་པར་བརྗོད། །དེ་ལ་དྲག་གནས་ནང་མི་དགེ། དྲག་པོ་ཕྱི་དང་ནང་དུ་སོང་། །ཕན་ཚུན་
འདུམ་པར་ཡོངས་སུ་གྲགས། །རང་དང་དགྲ་དང་རྫོང་གསུམ་གྱི། །སྐྱེས་མིང་སྐར་མར་དྲག་གཟའ་ཡི། །གནོད་པ་ལྔ་སོགས་བརྟག་པར་བྱ། །རཱ་ཧུ་གང་ཡོད་ཕམ་པས་ན། །ཕྱི་ནང་བར་དུ་སྔར་ལྟར་བརྟག །སྡིག་གཟའ་མྱུར་འགྲོས་ཕྱི་སར་དགེ། འཁྱོགས་འགྲོས་ཡོད་ན་ཕྱི་སར་ངན། །ཕུར་མིག་པ་སངས་ལྷག་པ་བཞི། །གང་གང་འཁྱོགས་འགྲོས་རིམ་པ་བཞིན། །ཤར་ལྷོ་ནུབ་བྱང་འཚངས་པ་ཡི། །ཕྱི་དཔུང་རྨས་མ་ཆེན་པོ་འབྱུང་། །སྤེན་པ་འཁྱོགས་འགྲོས་མཚམས་ལ་ངན། །གཞན་ཡང་ཉི་མིག་སྤེན་པ་གསུམ། །ཕྱོགས་གང་རྫོང་གི་སྐར་མར་གནས། །དེ་ཕྱོགས་བསྲུང་འཇོམས་བྱེད་ལ་ངན། ༈ །དེ་ནས་གཞན་ཕྱོགས་འཇོམས་པ་ཡི། །སྦྲང་རྩི་སྲིན་པོའི་རྫོང་འཛོམ་ནི། །དཔེའུ་རིས་ལྟར་དུ་བྲིས་པ་ལ། །ར་བ་ཕྱི་མ་དཔུང་གི་སྲོག །ནང་མ་བདག་པོའི་དཔུང་ཡིན་ཏེ། །བར་མ་མཉམ་པར་བསྟན་པ་ཡིན། །དེ་ལ་རྒྱལ་པོ་རཱ་ཧུ་སྟེ། །ལྷག་མའི་གཟའ་གཞན་བློན་པོར་གྲགས། །ནང་གི་ལག་སོགས་ཕྱོགས་བཞིར་
རཱ་ཧུ་སོང་། །རྫོང་ནི་བླངས་པས་ཆོག་པ་ཡིན། །ར་བ་ཕྱི་མར་རཱ་ཧུ་གནས། །རྫོང་བདག་ཉལ་བས་དོན་ཀུན་འགྲུབ། །བར་མར་རཱ་ཧུ་ཕྱི་ནང་མཉམ། །སྒྲ་གཅན་གནས་པའི་ར་བ་དེར། །ཕུར་སྤེན་འཛོམ་ན་གང་གནས་སར། །ཤིན་ཏུ་མི་དགེ་བྱེད་པར་འགྱུར། །ནང་གི་ཕྱོགས་བཞིར་བསོད་ནམས་ཡོད། །བཞིའམ་གསུམ་མམ་གཅིག་གནས་ཀྱང་། །རྫོང་དེ་མི་ཕེབ་དམག་དཔུང་བཟློག །ཉི་མིག་སྤེན་པ་རཱ་ཧུ་ནི། །སྙིང་པོར་ཆུད་ན་རྫོང་དེ་ཕྱི་མི་རྣམས་ཀྱིས་ཐོབ། །ཁྱད་པར་ཞལ་གདམས་རྫོང་དང་ནི། །རྫོང་བདག་མིང་གི་དབྱངས་གསལ་ནི། །དབུ་མ་ནི་དབུས་ཀྱི་སྐར་མ་དྲག་པོ་ལག་སོགས་བཞི་སྟེ་ཀ་བ་བཞི་ཡང་ཟེར་རོ། །དབུ་མར་སོང་བ་རཱ་ཧུས་ཟིན། །རྫོང་བདག་ལ་ངན་རྫོང་ཡང་ཐོབ། །རཱ་ཧུས་ཟིན་པར་མ་གྱུར་ན། །ཡོང་ཡོང་འདྲ་ཡང་གདམས་པས་བསླུ། །མིང་གི་དབྱངས་གསལ་གནས་པའི་སར། །དམར་སྤེན་རཱ་ཧུས་ཟིན་པ་ན། །དཔའ་བོའི་སྲོག་རྩ་ཆད་དང་མཚུངས། །
དམར་སྤེན་རཱ་ཧུ་གསུམ་མམ་གཅིག །སྙིང་པོའི་ཀ་བ་གནས་གྱུར་ཅིང་། །ཕྱོགས་དེར་གལ་ཏེ་ཟླ་བ་གནས། །དེར་ཕྱོགས་ནས་ནི་འཚངས་པ་ན། །རྫོང་དེ་ཐེ་ཚོམ་མེད་པར་འཇོམས། །གཞན་ཡང་གྲོང་དང་ལྗོངས་ལ་ནི། །ཉི་མ་ཡོད་ཕྱོགས་མི་འགྲོ་སྟེ། །ཁྱད་པར་ཉི་ཕུར་སྤེན་པ་གསུམ། །འཛོམ་པའི་ཕྱོགས་དེར་འཚངས་པ་ན། །མི་རུང་ཤིན་ཏུ་ངན་པས་སྤངས། །ལག་ལ་སོགས་པའི་ཀ་བ་བཞིར། །རྫོང་དང་རྫོང་བདག་སྐྱེས་མིང་གནས། །ནང་ཕྱོགས་དགེ་ཞིང་ཕྱི་སར་ངན། །འཇུག་སྐར་སོང་ན་ཕྱི་སར་དགེ། འཐོན་སོང་ནང་དགེ་ཕྱི་སར་ངན། །འཇུག་དང་ཀ་བར་མིག་དམར་སོང་། །ཕྱི་རོལ་དོན་གྲུབ་རྒྱལ་བར་འགྱུར། །ལུག་དང་སྡིག་ཁྱིམ་མིག་དམར་སོང་། །སྡིག་ཅན་གཉིས་འཛོམ་ནང་འཇུག་གནས། །ཕྱི་རོལ་དམག་གིས་རྫོང་ཐོབ་འགྱུར། །ལག་སོགས་ཕྱོགས་ནི་ཕྱིར་ལ་འཐོན། །སྨིན་སོགས་མཚམས་ནི་ནང་འཇུག་གོ །གཟའ་རྣམས་འཁྱོགས་འགྲོས་མི་དགེ་བས། །གང་ཕྱོགས་འཚངས་པ་མི་རུང་སོགས། །སྔར་བཤད་འབྲས་བུ་འདིར་ཡང་དྲན། །འཁོར་ལོ་འདི་གཉིས་ཀའང་རྫོང་སྲུང་འཇོམས་ལ་མཁོ་མོད། འགའ་ཞིག་སྔ་མ་རྫོང་འདེབས་དང་ཕྱི་མ་རྫོང་སྲུང་ཞེས་བཞེད་པ་གང་ལྟར་ཡང་
འགལ་བ་མེད་ལ། གཙོ་ཆེར་འདིར་བཤད་པ་ལྟར་བདེའོ། །རིགས་ངན་གཟའ་རྣམས་སྙིང་པོར་སོང་། །ཕྱི་རོལ་རྣམ་པར་རྒྱལ་བར་གྲགས། །རིགས་བཟང་གཟའ་རྣམས་སྙིང་པོར་གནས། །རྫོང་བདག་རྒྱལ་བར་བདག་གིས་དྲན། །གལ་ཏེ་འདྲེས་མར་གནས་པ་ན། །ཕན་ཚུན་འཁྲུགས་པ་འདུམ་པ་ཡིན། །ཟླ་ལྷག་ཕུར་སངས་རིགས་བཟང་དང་། །དམར་སྤེན་ཉི་སྒྲ་རིགས་ངན་ནོ། །ཉི་ཟླ་ཕུར་སྤེན་རིགས་སྐྱེས་བཟང་། །དམར་ལྷག་སངས་སྒྲ་རིགས་མིན་སྐྱེས། །ནག་པ་ས་ག་སྣྲོན་དང་ནི། །ཆུ་སྟོད་གྲོ་བཞིན་སྨིན་དྲུག་མགོ །ཐ་སྐར་མཆུ་རྣམས་རིགས་བཟང་ཡིན། །བྲ་ཉེ་སྣར་མ་ནབས་སོ་སྐག །ས་རི་ལྷ་མཚམས་ཆུ་སྨད་དབོ། །ཆུ་སྨད་ནམ་གྲུ་མེ་བཞི་རྣམས། །རིགས་ནི་ངན་པར་སྟོན་པ་ཡིན། །ལག་དང་སྣྲུབས་དང་མོན་གྲེ་དང་། །བྱི་བཞིན་རྣམས་ནི་འདྲེས་མར་དྲན། ༈ །རྫོང་ལ་ཉེ་བར་མཁོ་བ་ཡི། །ཁྲོན་པ་བྲུ་བའི་རིམ་པ་ནི། །བུམ་པ་བརྒྱད་ཀྱི་འཁོར་ལོས་བརྟག །འདྲི་བའི་
མིང་དང་དུས་གཟའ་སྐར། །འདྲི་ཚིག་ཆུར་གྱུར་ཆུ་མང་རྙེད། །མེ་རུ་ཤར་ན་མི་རྙེད་དོ། །ཕྱོགས་ལ་ཕྱོགས་མིང་འདུག་ན་མོད། །ཕྱོགས་ལ་མཚམས་མིང་དཀོན་པར་ཤེས། །མཚམས་ལ་ཕྱོགས་གནས་ཤིན་ཏུ་དཀོན། །མདོར་ན་གནས་འཆོལ་ཉུང་བར་བརྟག །དེ་ཡང་སྡེ་ཚན་འདོམ་གྱི་གྲངས། །སྡེ་པའི་ནང་ཚན་ཡི་གེ་གསལ་བྱེད་ཁྲུ། །སྲོག་གི་དབྱངས་ནི་སོར་གྲངས་ཏེ། །སྡེ་ཚན་གྲངས་ནི་ནང་གསེས་ཀྱི། །ཡིག་གྲངས་ཀྱིས་བསྒྱུར་སྡེ་ཚན་གྱི། །གྲངས་འཕྲི་དེ་སྟེང་ཡིག་གྲངས་འབྲུ་དེ་ནི་འདོམ་པ་ཡིན། །དབྱངས་ཀྱི་ཚད་ནི་བསྣན་པ་ཡིས། །ཚད་ལ་ངེས་པ་རྙེད་པར་བྱེད། །འབྲུ་བའི་ས་ཡི་མིང་ལ་བརྟག །མིང་མེད་གསར་དུ་བཏགས་ལ་བརྟག །དཔེར་ན་འབྲུ་སར་པ་མིང་ན། །འདོམ་པ་བཅུ་དྲུག་ཁྲུ་གསུམ་དང་། །སོར་གཅིག་ས་རུ་བརྟག་ལྟར་རོ། །དེ་ནས་འཁྲུགས་པར་ཞུགས་པའི་མིའི། །ལུས་ལ་རྨ་འབྱུང་བརྟགས་པ་ནི། །ཉི་སྐར་ནས་བརྩམས་མགོ་བོར་གསུམ། །ཁ་གསུམ་སྙིང་ལྔ་
ལག་པར་བརྒྱད། །རྐང་པར་བརྒྱད་བཀོད་དཔེའུ་རིས་ལྟར། ༈ །མདོར་ན་མགོ་ཁ་སྙིང་ལག་པ། །རྐང་པ་ལུས་གནས་ལྔ་པོ་རུ། །གང་དུ་རྨ་འབྱུང་བརྟགས་པར་བྱ། །། ཐོག་མར་རྨ་འབྱུང་མི་འབྱུང་ནི། །སྐྱེས་བུ་གཡུལ་དུ་ཞུགས་དུས་དེར། །སྐྱེས་སྐར་རམ་ནི་མིང་སྐར་གྱི། །ཁྱིམ་ལ་ཏཏྐཱལ་བྱས་པ་ཡི། །མཐོང་ས་བདུན་པོ་གང་རུང་ས། །སྡིག་ཅན་གཟའ་ཤར་རྨ་ཡོད་དེ། །ཁྱད་པར་མིག་དམར་ཤར་ན་ངན། །ལྷག་པར་བདུན་པའི་གནས་ལ་བལྟ། །ཆེ་ཆུང་གཟའ་ཡི་སྟོབས་ལས་སོ། །དེ་ལྟར་རྨ་ནི་འབྱུང་ཤེས་ནས། ༈ །ལུས་གནས་གང་དུ་འབྱུང་བརྟག་པ། །འདྲི་དུས་ཟླ་སྐར་གནས་ལྔ་པོའི། །གང་དུ་ཡོད་པའི་ཆ་དེར་འོང་། །གཡས་གཡོན་གང་དུ་འབྱུང་ཞེ་ན། །ཁྱིམ་དེར་ཟླ་བ་སླེབས་པ་ཡི། །ཁྱིམ་ཞག་བརྩིས་པའི་བཅོ་ལྔ་ཡན། །ལུས་ཀྱི་གཡས་ཡིན་བཅུ་དྲུག་མན། །གཡོན་གྱི་ཆ་རུ་བརྩི་བ་ཡིན། །མཐོང་གཟའི་ཁྱིམ་རྩིས་བྱེད་ཀྱང་ཟེར། །གནས་དེའི་མཐོ་དམན་ཞིབ་པ་ནི། །ཟླ་ཆ་རང་རང་ཐོག་མ་ནས། །གང་འདས་གྲངས་ཀྱི་སོར་མོ་ནི། །གནས་དེ་བཅོ་ལྔའི་ཆར་ཕྱེ་བའི། །སྟེང་ནས་རིམ་པས་གཞལ་སར་རོ། །
ཟླ་བའི་ཆ་བཅོ་བརྒྱད་ཟླ་སྐར་སྐྱེསབུའི་རྐང་པར་གནས་པ་ལྟ་བུ་ལ། བརླ་གཡོན་ནས་སོར་གསུམ་མམ། བཅོ་ལྔའི་ཆ་ལས་གསུམ་འདས་མཚམས་དང་། ཟླ་ཆ་བཅུ་བཞི་ཟླ་བ་སྙིང་གར་གནས་ན། སྙིང་གའི་གཡས་མགྲིན་པ་ནས་སོར་བཅུ་བཞིའམ་དེའི་བཅོ་ལྔའི་ཆ་ལས་བཅུ་བཞི་འདས་མཚམས་ལྟ་བུའོ། །རྨ་ཡི་ཆེ་ཆུང་ལྟ་བ་ནི། །དྲི་དུས་དགུ་ཆའི་དུམ་བུའམ། །ཁ་ཅིག་ཟླ་ཁྱིམ་དགུ་ཆའང་ཟེར། །དེ་ཡི་གྲངས་ཀྱི་སོར་རྨ་ཡོད། །རྨ་ཆེ་མཐར་སོར་དགུའོ། །དེ་ལ་ཟླ་བའི་ཁྱིམ་ཞག་སོགས་ནི་རང་རང་གི་དལ་དག་སྐ༦ར༠་མ་བསྒྱུར། ཆུ་ཚོད་བཅུ་དྲུ༡ག༣་བ༥གོས་པ་འདས་ཁྱིམ། ལྷ༣ག༠་བསྒྱུར། ཆུ་སྲང་མིག་བགོས་སྟེར་བ་འདས་ཞག་ཏུ་བརྩི་བའམ། ཟླ་བ་ལ་འདིར་ཡུལ་དུས་བསྒྲིགས་པའི་གནད་ཞིབ་པ་ཞིག་དགོས་ངེས་འདྲ། ཟླ་ཁྱིམ་དགུ་ཆ་ནི། ཁྱིམ་རེའི་ཆུ་ཚོད་མདའ་ཡོན་ཟླ་བར་དགུས་བགོས་པས་བཅོ་ལྔ་ཐོབ་པ་དེའི་ཕྱིར་ཟླ་བས་ཁྱིམ་དེའི་ཡུལ་ལོངས་སུ་འདས་གྲངས་ལ་བཅོ་ལྔས་བགོས་པའི་ཐོབ་ནོར་གྱིས་ཤེས་སོ། །དེ་ཡང་མཐོང་སར་གནས་པའི་གཟའ། །ཉི་མར་རྨ་ལོག་རཱ་ཧུར་ནི། །རྨ་གཟེར་ཐེབས་པར་འགྱུར་བ་ཡིན། །སྤེན་པར་རྨ་ལ་ཁྲག་མེད་ཅིང་། །མིག་དམར་ཁྲག་འབབ་འཆི་ཡང་སྲིད། ༈ །དེ་ནས་སྡིག་ཅན་རྔོན་པའམ། །གསོད་པའི་འཁྲུལ་འཁོར་ལ་གཙོ་བ། །
དམར་པོའི་མདོག་ཅན་དྲག་པོའི་གཟའ། །དམག་དཔོན་རིག་འཛིན་མཐུ་སྟོབས་གཟའ། །མིག་དམར་མ་རུངས་དབང་གྱུར་པའི། །དམར་པོའི་འཁོར་ལོ་བཤད་ཀྱིས་ཉོན། །ཉི་ཤུ་རྩ་བདུན་དཔག་ཚད་གྲངས། །ས་ཁྱོན་དེ་བས་ཆེ་བ་ལ། །བརྩི་བར་བྱ་བ་མ་ཡིན་ཏེ། །རྐང་པ་གཅིག་ལ་ཚུད་པ་མིན། །དེ་ལྟར་ཆེ་ཆུང་གང་ལ་ཡང་། །ལྟོ་འགྲོའི་ཚུལ་གྱིས་འཁོར་བར་བཀོད། །དམར་པོ་གནས་པའི་སྐར་མ་ནི། །ལྟོ་འགྲོའི་ཁ་ལ་བྲི་བར་བྱ། །དེ་ནས་བརྩམས་པའི་ཉི་ཤུ་བདུན། །མཇུག་མའི་བར་དུ་གནས་པ་ཡིས། །མགོ་བོ་ལུང་པའི་གནས་ཡིན་ལ། །མཇུག་མ་གཡོན་ནོ་ལྷས་མཆོད་མ། །ས་ཚིགས་ཉི་ཤུ་བདུན་བྱས་ལ། །རྒྱུ་སྐར་རྣམས་ནི་རིམ་བཞིན་བཀོད། །རཱ་ཧུ་མཇུག་མ་ལ་གནས་ཤིང་། །སྐེད་པར་ཉི་མ་གནས་གྱུར་ན། །དེ་ཡི་ནང་ན་མི་ལ་སོགས། །སེམས་ཅན་ཇི་སྙེད་ཡོད་པ་རྣམས། །ལོང་བ་གཅིག་གིས་ཐམས་ཅད་སོད། །སྐེད་པར་སྤེན་པ་ཡོད་པ་ན། །དེ་ནང་སེམས་ཅན་མེད་པས་ན། །དཔའ་བོ་སྟོང་ལོག་བྱས་པ་ཡིན། །ཕུར་བུ་
མཇུག་གནས་ལྷག་པ་སྐེད། །སྨས་མ་སྟོང་གི་ཁྱུར་ལོངས་ཀྱང་། །དཔའ་བོ་སྟོང་གིས་མི་ཐུབ་པས། །དེ་ལ་མི་སྐོར་རེ་ཐག་ཆོད། །ཕུར་བུ་དལ་འགྲོས་མགོ་ལ་གནས། །གཞན་གྱིས་གསོད་དུ་མི་འཇུག་པའི། །དཔའ་བོ་ལ་ནི་གསོད་དབང་བྲལ། །དཀར་པོ་མགོར་གནས་དལ་འགྲོས་བྱེད། །བུད་མེད་ཀྱི་ནི་རྒྱུ་བྱས་ཏེ། །མྱུར་དུ་ཤ་ཁྲག་མཐོང་བ་ཡིན། །ལྷག་པ་མཇུག་གནས་དལ་འགྲོས་བྱེད། །པ་སངས་སྐེད་པར་གནས་གྱུར་ན། །རི་དྭགས་མྱུར་དུ་སོད་གྱུར་ཀྱང་། །རྔོན་པ་ལ་ནི་རྨས་མ་འབྱུང་། །སྤེན་པ་མཇུག་གནས་ཟླ་བ་སྐེད། །ཉིན་པར་སོད་པར་མ་གྱུར་ཀྱང་། །མཚན་མོ་སོད་པར་ཐེ་ཚོམ་མེད། །མི་ལ་སོགས་ཏེ་གྲོག་མའི་མཐར། །སེམས་ཅན་སོ་སོའི་མིང་སྐར་ལ། །ཉི་མ་ཡོད་ན་སྨས་ཏེ་འགྲོ། དེ་དང་ལྷན་ཅིག་ཟླ་བ་ཡོད་ན་དེ་ཉིད་དུ། །སྲོག་དང་འབྲལ་བར་ཐེ་ཚོམ་མེད། །མིག་དམར་ཁྲག་འབབ་དེ་ནས་འཆི། །གཟའ་ལྷག་ཡོད་ན་སོད་མི་འགྱུར། །ཕུར་བུས་བྲེད་སྔངས་དག་ཀྱང་སྐྱོབས། །པ་སངས་དག་ལ་སོད་མི་འགྱུར། །སྤེན་ཡོད་རི་དྭགས་
རྙེད་མི་འགྱུར། །རཱ་ཧུ་ཡོད་ན་མྱུར་དུ་སོད། །དུས་མེ་ཡོད་ན་མ་བསད་ཀྱང་། །ནད་ཀྱིས་འཆི་བར་འགྱུར་བ་ཡིན། །མགོ་དང་སྐེད་པ་མཇུག་མ་སྟེ། །དགུ་ཚན་གསུམ་ནི་ནུས་པ་འབྱུང་བ་གསུམ་ཞེས་བྱ། །དཔའ་བོ་མངོན་པར་ཆས་པའི་ཚེ། །ཉི་མ་རྒྱབ་ལ་མིག་དམར་གཡས། །ཟླ་བ་མདུན་དུ་བྱས་ལ་འགྲོ། །ཐུན་ཕྱེད་སྒྲ་གཅན་དང་བསྡོངས་ན། །མཚོན་ལ་དར་གྱིས་བརྒྱན་པ་འདྲ། །རྔོན་དཔོན་སྤྱང་ཀིར་གྱུར་བ་དང་། །རི་དྭགས་ལུག་ཏུ་གྱུར་པ་ན། །དེ་མ་ཐག་ཏུ་སོད་པར་འགྱུར། །དེ་ལས་ལྡོག་ན་ག་ལ་སོད། །སེམས་ཅན་མིང་ལ་ཞི་གཟའ་གནས། །དེ་གསོད་མིང་ལ་དུས་མེ་ཤར། །སེམས་ཅན་མི་གསོད་ལྷག་པ་ཆོག །གལ་ཏེ་མོན་གྲུར་ཟླ་བ་གནས། །དེ་ཚེ་ཤ་བ་ཁོ་ན་འདེད། །དེ་ཡིས་ཀུན་ལ་ཤེས་པར་བྱ། །དེ་ཡིས་དོན་གྲུབ་ཁོ་ན་ཡིན། །འདི་ཡི་འཁོར་ལོ་མི་ཤེས་པར། །རྔོན་པས་རི་དྭགས་ཇི་ལྟར་གཤོར། །གཡུལ་དུ་འཇུག་ཀྱང་རྒྱལ་བ་མིན། །འདི་ནི་དམར་པོའི་འཁོར་ལོ་སྟེ། །གཞན་དུ་མ་བཤད་རི་སྲས་མོ། །ཞེས་གསུངས་པ་ནི་རྒྱུད་ཚིག་འདི་ཉིད་ཀྱིས་ཆོག་པར་གདའ་སྟེ་དོན་གསལ་ལོ། །སྔ་རབས་བའི་ཡིག་ཆ་དག་ན། དཀར་པོའི་འཁོར་
ལོས་མཛེས་མ་དབང་སྡུད་དང་། །དམར་པོའི་འཁོར་ལོས་རི་དྭགས་གཤོར་བ་དང་། །ནག་པོའི་འཁོར་ལོས་རྫས་སྔགས་རྫོང་སྲུང་རྣམས། །བཀའ་རྒྱ་དམ་པས་གསལ་བར་མ་བྱས་སོ། །ཞེས་གསུངས་་པའི་ནང་ཚན་དམར་འཁོར་འདི་དཔེ་འགར་ལོགས་སུ་གབ་ནས་སྦས་པ་ཡིན་ལ། འདིར་བཀོད་པ་འདི་ཡོད་ན་དོན་གསལ་བར་སྟོན་ཅིང་། གསོད་པའི་ལས་རྩོམ་པ་ལ་ཤིན་ཏུ་ཟབ་པའི་གནད་གཅིག་ཡིན་ནོ། ༈ །ད་ནི་གཡུལ་དུ་འཇུག་པ་ལ། །ཕྱོགས་ཀྱི་དུས་ལྷ་བརྩི་བའི་གནད། །དེ་ཡང་བིཥྚིའི་འཁོར་ལོ་ནི། །རེའུ་མིག་དཔེའུ་རིས་འདི་ལྟར་ལ། །ནང་མ་་བིཥྚིའི་མིང་དང་ནི། །རང་རང་ཚེས་ལ་ཕྱོགས་འཆར་ཚུལ། །བཅོ་བརྒྱད་དག་གི་ཚེས་ལ་ནི། །བིཥྚི་ཀ་རཱ་ལ་ཞེས་པ། །ཤར་ནས་ནུབ་ཏུ་འཆར་བས་འགྲེ། །ཕྱི་ཁྱིམ་
དབྱངས་གསལ་བཀོད་པའི་དོན། །བལ་པོའི་མན་ངག་ལས་བྱུང་བ། །གསལ་བྱེད་ཚེས་གྲངས་མཚོན་པ་སྟེ། །དབྱངས་ནི་ཐུན་ཕྱེད་གྲངས་སུ་བརྩི། །ཚེས་གྲངས་ཐུན་མཚམ་དག་ཆའོ། །ནུབ་ཀྱི་གྷཱུ་ཡི་ཨུ་ཕྲལ་ན། གསལ་བྱེད་བཞི་པས་ཚེས་ཞི་མཚོན། །དེ་ཕྱིར་ཨངྐི་དེ་དག་ཡིན། །ཨུ་ནི་དབྱངས་ཀྱི་ལྔ་པ་སྟེ། །ཁྱད་པར་ཚེས་བཞིའི་ཐུན་ལྔའོ། །དཔེར་ན་ཨཱ་ཛཱའི་མིང་ཐོག་ཅན། །ཚེས་བརྒྱད་ཐུན་གཉིས་འཆར་བའི་ཚེས། །མེ་ནས་རླུང་དུ་གཡུལ་བཤམ་བཟང་། །ཁྱད་པར་ཨེ་ཉེའི་མིང་ཅན་འཇོམས། །རྒྱུད་ལྟར་ན་གྷཱུ་ཤར་དུ་བཀོད་ཛཱ་སྲིན་པོར་བཀོད་མེ་ནས་རླུང་དུ་འགྲོ་བའི་ཚེ། །བརྡེག་བརྡུང་མེ་སྦར་ལས་རྣམས་བྱ། །ཀ་རཱ་ལ་ནི་སྣ་ཚོགས་མཚོན། །རིངས་པའི་ལས་དགེ་ནུབ་ཏུ་ཁ་གཏད་ན་དགེ། ཀ་རཱ་ལ་སོགས་ཕྱོགས་དེའི་བིཥྚི་དེ་དག་གི་མིང་ཡིན། མ་ཧཱ་གྷོ་རས་རྨོངས་དང་སྲིན། །གནོད་པའི་ལས་རྣམས་བསྒྲུབ་པར་བྱ། །བཀྲ་ཤིས་དགྲ་དང་འཐབ་པ་དང་ཁ་ཅིག་གིས་དཀྲིས་པར་འབོད། དགྲ་ཡུལ་བགྲོད་པའི་ལས་བསྒྲུབ་བྱ། །མ་ཧཱ་ཛི་ཀར་དུག་སྦྱོར་དང་། །སྣ་ཚོགས་
མཐུ་ནི་བསྒྲུབ་པར་བྱ། །བྷཱི་ར་ལ་ནི་སྔགས་དང་དབང་། །གསོད་པའི་ལས་བསྒྲུབ་ཤར་དུ་དགེ་ཁ་ལྟ་ཕྱོགས་ཡིན། དགྲ་ཆེན་མ་ལ་འཁྲུལ་འཁོར་དང་། མ་ཧཱ་མཱ་རི་ཡིན། །སྒྱོགས་ཀྱི་ལས་རྣམས་བསྒྲུབ་པར་བྱ། །དུས་ཀྱི་ལྕེ་ལ་གཞན་སྡུད་བྱ། །སེམས་ཅན་ཐམས་ཅད་བསད་ལས་བསྒྲུབ། །ཅི་ལ་བབས་ཀྱང་བདག་གིས་ནི། །བིཥྚིའི་གདོང་ནི་སྤང་བར་བྱ། །བིཥྚིའི་ཆུ་ཚོད་སུམ་ཅུ་སྟེ། །གདོང་ལ་དབྱུག་གུ་ལྔ་ཡིན་ཏེ། །བར་གྱི་ཆ་ལ་བཅུ་བཞིར་བརྗོད། །ཐ་མ་ལ་ནི་བརྒྱད་ཡིན་ནོ། །མཇུག་མ་ལ་ཡང་གསུམ་དུ་དྲན། །མཚན་མོ་གདོང་དགེ་མཇུག་མ་ངན། །ཉིན་མོ་མཇུག་དགེ་གདོང་པ་རྩུབ། །བར་གྱི་ཆ་ལ་ནོར་ཉམས་ཤིང་། །ཐ་མ་ལ་ནི་སྲོག་འཕྲོག་བྱེད། །དེ་ལྟར་བརྩིས་ན་གཡུལ་ལས་རྒྱལ། །རྩ་བ་ཐུན་ཕྱེད་ཡུད་ཙམ་གསུམ། །བིཥྚི་དང་བཅས་ཕྱོགས་གཅིག་ཏུ། །འཛོམ་པའི་ཕྱོགས་དེར་ཁ་གྱུ་ན། །བསྟན་དགྲ་ཐམས་ཅད་བརླག་པར་འགྱུར། །བིཥྚི་རྣལ་འབྱོར་མ་འདི་རྣམས་ཚེས་ཞག་ལ་རྒྱུ་བའི་དག་ཆའི་རི་མོ་དགོས། འདི་དུས་འཁོར་དང་གཏེར་རྩིས་སོགས་དང་མི་མཐུན་ནའང་། དབྱངས་
འཆར་རང་ལུགས་ལ་འདི་ཁོ་ན་ལྟར་བརྩི་དགོས་ཤིང་། སོ་སོའི་ལས་སྒྲུབ་པ་བཅས་མན་ངག་ལྕེ་མདུང་དུ་ཡོད་དོ། །སྔ་འགྱུར་བཤད་རྒྱུད་འགར་འདི་དང་རྒྱུ་ཚུལ་ཁྱད་མེད་བཤད་པ་ཡོད་ལ། དེ་དང་མི་མཐུན་པ་གཞན་ཡང་ཡོད་དོ། ༈ །གཡུལ་དུ་ཉེ་བར་མཁོ་བ་ཡི། །མཁའ་འགྲོ་མ་བརྒྱད་དྲག་ལས་བཤད། །རེའུ་མིག་ལྟར་དུ་འཆར་བ་ལས། །མིང་ཡིག་དབྱངས་གསལ་གང་འདུག་གི །ཚེས་དང་ཕྱོགས་དེར་བསྡད་ནས་ནི། །དེ་ཡི་ཐད་ཀར་ཁ་བལྟས་ན། །དམག་དཔོན་དེ་ཡི་འདོད་དོན་འགྲུབ། །དཔེར་ན་དམག་དཔོན་དཔལ་མིང་ཅན། །མིང་ཡིག་དང་པོ་པ་དེ་ནི། །ཡར་ངོའི་ཚེས་དྲུག་བཅུ་བཞི་དང་། །མར་ངོའི་ཉེར་གཅིག་ཉེར་དགུ་ལ། །ནུབ་བྱང་མཚམས་ནས་སྔ་དྲོ་འཆར། །དེར་བསྡད་ཤར་ལྷོ་ཁ་བལྟས་ནས། །བྱ་བ་བརྩམས་ན་འགྲུབ་པ་ཡིན། །ཁྱད་པར་ཀ་སྡེའི་མིང་ཅན་འཇོམས། ༈ །འཆར་
བའི་ཕྱོགས་སུ་ཁ་བལྟས་ནས། །དྲག་ལས་བྱེད་པ་མི་དགེ་སྟེ། །སྒེག་མོ་ཁྱབ་འཇུག་རྒྱུ་བའི་མདུན། །དམག་དང་ཟོར་ལས་དྲག་ལས་བྱས། །སྔགས་པ་བདག་ཉིད་འཆི་བར་བྱེད། །ཚངས་མ་ཕག་མོ་འཆར་གདོང་དུ། །ཟོར་འཕང་སྔགས་པ་བརླག་པར་འགྱུར། །གཞོན་ནུ་དབང་མོ་འཆར་མདུན་དུ། །སྦྱིན་སྲེག་བྱས་ན་སྔགས་པ་ཡི། །བུད་མེད་འཆི་བར་འགྱུར་བ་ཡིན། །དབང་ཕྱུག་རྒན་བྱེད་མདུན་དུ་ནི། །དྲག་ཟོར་འཕངས་ན་སྔགས་པ་ཡི། །ཡོན་བདག་བུ་ཚ་འཆི་བར་འགྱུར། །དེ་ཕྱིར་རྣལ་འབྱོར་མ་བརྒྱད་ལ། །གདོང་ཐུག་མི་བྱ་རྒྱབ་བརྟེན་བྱ། ༈ །མདོར་ན་འཁྲུགས་པ་འབྱུང་མི་འབྱུང་། །ཏྲི་ཤུ་ལ་ལ་སོགས་པས་བརྟག། སྲུང་འཇོམས་ལ་སོགས་གོང་ལྟར་ལ། །འཁྲུགས་པར་མིང་དང་ས་སྟོབས་གཉིས། །མིང་གཉིས་དབྱངས་ཀྱིས་འཕྲི་བ་དང་། །སྡེ་བརྒྱད་འཁོར་ལོ་སོགས་བཞིར་བརྟག །ས་སྟོབས་བིཥྚི་རྣལ་འབྱོར་མ། །གཙོར་བཟུང་གཞན་ཡང་དྲག་པོ་དང་། །དུས་མཚན་ལ་སོགས་གཞན་ན་གསལ། །གང་ཞིག་གཞན་དང་རྩོད་པའི་དུས། །སྒྲ་གཅན་རང་གི་རྒྱབ་བརྟེན་
བྱ། །གཞན་ཡང་ཉི་མིག་དུ་མཇུག་སྤེན། །དྲག་པོའི་གཟའ་རྣམས་རྒྱབ་ཏུ་བཞག །དེ་ལྟར་མིན་ནའང་གཡས་སུ་བཞག །ཟླ་ལྷག་ཕུར་སངས་ཞི་བའི་གཟའ། །མདུན་ནམ་གཡོན་ཕྱོགས་ཡོད་པར་བྱ། །ཁྱད་པར་མགོན་པོ་ཟླ་བ་ནི། །མདུན་དུ་ཡོད་ན་ལྷག་པར་བཟང་། །གཞན་ལས་གུད་སྦས་ངེས་ཟབ་གནད། །རཱ་ཧུ་རྣམ་བརྒྱད་ཕལ་ཆེ་བ། །འགྲིགས་ན་རབ་ཡིན་མ་འགྲིགས་ཀྱང་། །རྩ་བ་ཐུན་ཕྱེད་ཡུད་ཙམ་མམ། །རྩ་བ་ཐུན་ཕྱེད་གཙོར་བལྟ་ཞིང་། །ཐམས་ཅད་འགྲིགས་མིན་གྱུར་པ་ན། །རྩ་བའི་སྒྲ་གཅན་ཁོ་ན་བཟུང་། །མན་ངག་དམ་པའི་མཚོན་བསྐུར་ན། །གཡུལ་ལས་རབ་ཏུ་རྣམ་པར་རྒྱལ། ༈ །དེ་ཡང་དྲག་པོའི་ལས་ལ་མཆོག་བསྔགས་པ། །རཱ་ཧུ་རྣམ་པ་བརྒྱད་ཀྱི་ཙཀྲ་ནི། །རྩ་བའི་སྒྲ་གཅན་སྲིད་གསུམ་འཇིགས་པའི་གཟུགས། །དྲག་པོ་ཉི་ཟླ་ཟ་བ་གོ་ལའི་ཕྱེད། །ཁྱབ་ཅིང་རླུང་འགྲོས་ཉིན་ཞག་ལ་འཁོར་བ། །གཟའ་དང་རྒྱུ་སྐར་སྲིད་པའི་རྒྱལ་པོ་སྟེ། །གདོང་མཇུག་སྐར་མ་གང་ལ་གནས་པ་ཡི། །ཕྱེད་དང་བཅུ་གསུམ་དྲག་པོའི་ལུས་ཀྱིས་གནོན། །ཕྱེད་དང་བཅུ་གསུམ་
རང་གར་གནས་དེ་ཡང་། །གདོང་མཇུག་འཁྱུད་པའི་ས་ནས་མདུན་ཕྱོགས་སུ། །གསུམ་རེ་བོར་བའི་ལྷག་མ་བདུན་པོ་ལ། །སྒྲ་གཅན་ལྟ་བ་ཞེས་བྱ་གདོང་མཇུག་སྐར། །རྒྱབ༢་ཁྱོན་དྲུག མ༣དུན་མཐོང་བ་དང་བཅས་བཅུ་བཞིའོ། །ལྟོ་བར་སྐར་མ་དྲུག་ཏུ་འགྱུར་བ་ཡིན། །དེ་ལྟར་ལྟོ་བ་མཐོང་བ་ལྟ་བ་ལས། །ལྟོ་བར་རྒྱབ་གཏད་གདོང་པ་གཡོན་དུ་བཞག །མཇུག་གཡས་ལྟ་བར་ཁ་བལྟས་གཡུལ་བཤམ་ན། །ཕ་རོལ་ཁྱབ་འཇུག་སྟོབས་དང་ལྡན་ན་ཡང་། །ཐལ་བར་ཡང་ནི་རློག་པར་བྱེད་པས་ན། །དུས་ལྷ་ཀུན་བཏང་འདི་ཉིད་གཅིག་པུ་བཟུང་། །དེ་དག་ཞིབ་གསལ་གོ་བ་ཟུར་དུ་ཤེས། །སྲིད་གསུམ་རྣམ་པར་རྒྱལ་བའི་དུས་སྦྱོར་གནད། །ཁྱད་པར་ཅན་གྱི་མན་ངག་ལ་མཁས་ན། །ལས་བཞི་གང་བརྩམ་ཐོགས་མེད་འགྲུབ་ངེས་པས། །ཡིད་བཞིན་ནོར་བུ་ལས་ཀྱང་འདི་ཉིད་གཅེས། །མན་ངག་ལག་ཏུ་བླང་བའི་རིམ་པ་ནི། །མུ་ཁྱུད་གཉིས་ལྡན་ལྟེ་བ་དང་བཅས་པ། །རིམ་བརྩེགས་རང་རང་དབུས་ཀྱི་ཚད་མཉམ་མཛེས། །ཕྱི་ནས་རིམ་པ་བཅུ་གཉིས་ཉེར་བདུན་ཆ། །ཐིག་གིས་བཙལ་ལ་
ལོ་འགྲོས་རྒྱུ་སྐར་བཀོད། །ནང་མ་ཕྱེད་བགོས་སྒྲ་གཅན་ལུས་བྲི་ཞིང་། །ཕྱེད་ལ་མདའ་གཞུ་འགེངས་པའི་མཚན་མ་ཅན། །མདེའུ་དཀྱིལ་དུ་མི་འཆུགས་ཐིག་གིས་བཙལ། །ཆ་ཚད་རྣམ་གཞག་ཞིབ་པ་ལག་ཏུ་བླང་། །ཕྱི་ལོ་རེ་རེ་ལྔ་ཆར་བགོ་བའི་ཐིག །དྲུག་ཅུའི་གྲངས་སུ་བྱ་བ་ལ་སོགས་པ། །ཞིབ་ཅིང་རྒྱས་པའི་རྣམ་གཞག་བྱས་ཀྱང་རུང་། །དུས་ནི་གུང་གཉིས་བྱི་རྟ་འཆུགས་མེད་བྱས་ལ་ཉིན་མཚན་རིང་ཐུང་དབང་གིས་དུས་ཆ་འབྱེད་ལུག་་ཞིབ་ཆ་བླ་མའི་ཞལ་ཤེས་ལྟར་བྱ་དགོས་སོ། །གདོང་མཇུག་སྐར་མ་གང་གནས་ཐོག་ཏུ་བཞག། ཉི་སྐར་དུས་ཚོད་བཙལ་ལ་དུས་སྟེང་སྤྲད། །མདེའུའི་རྩེ་ཐད་ཐེབས་ཕྱོགས་འཁྲུལ་པ་མེད། །རྩ་བའི་སྒྲ་གཅན་ཟབ་བོ་ས་མ་ཡ། ༈ །གཉིས་པ་ཐུན་ཕྱེད་སྒྲ་གཅན་འཆར་བ་ནི། །འཁོར་ལོ་ཇི་ལྟར་ཕྱོགས་གཟའ་བརྒྱད་བཀོད་པ། །གང་ནས་བརྩམས་ཏེ་ཉིན་མོ་གཡས་སུ་བསྐོར། །དཔེར་ན་ཉི་མའི་རེས་ལ་ཤར་ནས་བཟུང་། །
སྲིན་བྱང་དབང་ལྡན་མེ་ཆུ་དབང་ལྷོ་རླུང་དབང་པོ། །ད་ལྟར་རྒྱུ་བ་རིམ་པས་འཕོ་བ་སྟེ། །མཚན་མོ་གཡོན་སྐོར་ཤར་རླུང་ལྷོ་བྱང་ཤར། །དེ་བཞིན་འཕོ་བ་ཚེས་གཅིག་ནས་བཟུང་སྟེ། །རྒྱུད་ལས་ཀྱང་ཕྱོགས་འདི་ལྟར་གསུངས་པ་འཇིག་རྟེན་དང་མཐུན་པར་བཞེད་དོ། །དཀར་ཕྱོགས་ལའོ་བཅུ་དྲུག་སྟོང་གི་བར། །ཉིན་མོ་གཡོན་སྐོར་མཚན་མོ་གཡས་སྐོར་ཡིན། །ཉིན་བརྒྱད་མཚན་བརྒྱད་རྒྱུ་བས་ཉིན་མཚན་ཚད། །བརྒྱད་ཀྱིས་བགོས་ཐོབ་ཐུན་ཕྱེད་རེ་རེའི་ཚད། །རེས་གཟའ་གང་ཡིན་ནས་ནི་ཐོག་མ་བཟུང་། །རིམ་པར་ཉི་མའི་རཱ་ཧུ་སོགས་སུ་གྲགས། །དབང་ལྡན་ནས་འཆར་རཱ་ཧུའི་རཱ་ཧུའོ། །རྩ་བའི་སྒྲ་གཅན་ཉིད་ནི་མ་གཏོགས་པའི། །ལྷག་མ་བདུན་ལས་ཐུན་ཕྱེད་རཱ་ཧུ་འདི་ཉིད་བཙན་པར་བཞེད། །གང་དུ་རྒྱུ་ཕྱོགས་དེར་བསྟུན་དྲག་ལས་བརྩམ། །ཕ་རོལ་དཔུང་ལས་རྒྱལ་བར་ཐེ་ཚོམ་མེད། །སྒྲ་གཅན་རེས་གཟའ་མིན་པའི་བྱང་ཤར་ནས་དང་པོ་རྩམ་པ་མེད་རུང་། གཟའ་བདུན་གྱི་རེས་ལ་བྱང་ཤར་ནས་སྒྲ་གཅན་གྱི་ཐུན་ཕྱེད་འཆར་བ་ཡོད་པས་ཆོག །ཁ་ཅིག་སྤེན་པའི་ཕྱེད་སྔ་མ་སྤེན་པ་དང་ཕྱི་མ་སྒྲ་གཅན་སྐལ་བར་བཞེད། དེ་ལྟར་ན་སྤེན་པའི་རྒྱུ་ཚུལ་འཕྲོ་བཅད་ནས་རྒྱུ་དགོས། །
གསུམ་པ་ཡུད་ཙམ་རཱ་ཧུ་འཆར་ཚུལ་ནི། །ཉིན་མོ་གཡས་བསྐོར་མཚན་མོ་གཡོན་སྐོར་ཡིན། །ཉིན་གྱི་དང་པོ་བྱང་ཤར་དྲ༡ག་པོ་ནས། །རིམ་པར་༢ཙྪེ་ད་དང་ནི་མི་༣ ཏྲ་དང་། །ས་རོ་བྷ་༤ཏྲ་ས་བི་༥ཏྲ་དང་ནི། །རྣམ་པར་སྣང་མཛད་༦རྒྱལ་བ་བྱི་༧བཞི༨ན་དང་། །རཱ་མ་ཎ༩་དང་བ་ལ༡ ༠་རྣམ་རྒྱལ༡ ༡་དང་། །དགའ་བ༡ ༢་གཤིན་རྗེ་ཆུ༡ ༣་ལྷ༡ ༤་སྐལ་ཅན ༡ ༥་རྣམས། །བྱང་ཤར་ནས་བརྩམས་ནུབ་ཀྱི་བར་དུ་འཁོར། ༈ །མཚན་གྱི་ཡུད་ཙམ་ནུབ་ཕྱོགས་ནས་བརྩམས་ཏེ། །དྲག་པོ་དང་ནི་ཙྪེ་ད་མི་ཏྲ་དང་། །ས་རོ་བྷ་སོགས་བཅོ་ལྔ་གཡོན་དུ་བསྐོར། །ཉིན་གུང་མཚན་གུང་ཐུར་མའི་ཁང་གྲིབ་ཐིམ་པའི་ཚེ། །བྱི་བཞིན་འཆར་འགྱུར་
རྟག་ཏུ་རིམ་པ་གཅིག །གུང་གཉིས་ཐུར་གྲིབ་ཐིམ་དུས་ཐིག་དེ་ནས་རིམ་པར་ཕྱི་དྲོ། ༢༣༥ ༦ ༡༢ ༦༠ ༩༦ རྣམས་ཡུད་ཙམ་རེའི་ཚད་དང་། སྔ་དྲོ། ༩ ༦ ༦༠ ༡༢ སོགས་བྱི་བཞིན་ཐིག་གི་བར་དུ་སྦྱར་ཏེ་བཀོད་པ་འདུག་ཀྱང་མ་བཀོད་ཀྱང་ཆོག །ཡུད་ཙམ་ཐུར་གྲིབ་དང་སྦྱར་ཚུལ་དེ་རྒྱུད་ལས་གསུངས་སོ། །ནམ་ལངས་ནས་བརྩམས་ཆུ་ཚོད་གཉིས་རེ་ནི། །ཡུད་ཙམ་རེ་ཡིན་རེའུ་མིག་ཇི་བཞིན་དུ། །ཆུ་ཚོད་འདསབཙལ་སོ་སོར་རྟོགས་པར་བྱ། །ས་བི་ཏྲ་དང་རྣམ་པར་སྣང་མཛད་དང་། །རྒྱལ་བ་རྣམ་རྒྱལ་དགའ་བ་ཆུ་ལྷ་རྣམས། །ཞི་བ་ཡིན་ཏེ་ལྷག་མ་དགུ་པོ་རྩུབ། །ཡུད་ཙམ་རཱ་ཧུ་འཆར་ཕྱོགས་དང་མཐུན་པར། །འཐབ་རྩོད་དམག་ཟོར་ཤག་འགྱེད་རྒྱལ་བར་འགྱུར། །གདོང་དུ་ཁ་བལྟས་གང་ཡིན་བརླག་པར་འགྱུར། །དྲག་པོ་ཙྪེ་ད་བྱི་བཞིན་རཱ་མ་ཎ། །ས་རོ་བྷ་ཏྲ་གང་བྱུང་འཆར་བའི་ཕྱོགས། །ཉི་མིག་སྤེན་པ་འཛོམ་ན་སྟོབས་ཆེ་སྟེ། །ཁྱད་པར་འཕོ་མཚམས་དུས་སུ་ཤིན་ཏུ་རྩུབ། །རེས་གཟའ་དང་ནི་གཟའ་དེའི་ཐུན་མཚམས་ལའོ། །ཡུད་ཙམ་རྩ་བའི་སྒྲ་གཅན་འཛོམ་པའི་གདོང་། །བརྒྱ་བྱིན་གྱིས་ཀྱང་ཚུགས་པར་ག་ལ་འགྱུར། །ཡུད་ཙམ་རཱ་ཧུ་འདི་ཤིན་ཏུ་སྟོབས་ཆེ་ཞིང་། །འདི་དང་བསྟུན་ན་ལས་ཀྱི་འབྲས་བུ་ཆེན་པོ་འབྱིན་ཅེས་སྦ་རོ་ད་ཡའི་
རྒྱུད་འདི་ཉིད་དུ་བསྔགས་པ་ཆེའོ། །རྩ་བའི་སྒྲ་གཅན་རྒྱལ་པོ་ཇི་བཞིན་ལ། །ཐུན་ཕྱེད་རཱ་ཧུ་དམག་དཔོན་དཔའ་བོ་བཞིན། །ཡུད་ཙམ་རཱ་ཧུ་མཚོན་ཆ་རྣོན་པོར་མཚུངས། །དེ་གསུམ་ཕྱོགས་གཅིག་རྒྱུ་བའི་ཐེབས་བསྟུན་ན། །ཕས་རྒོལ་གཞོམ་ལ་དཀའ་བ་ཅུང་ཟད་མེད། །རཱ་ཧུ་ལྷག་མ་ལྔ་དང་དྲག་པོའི་གཟའ། །དུས་ལྷག་དྲག་པོ་རྣམས་ཀྱང་ཅི་ཙམ་དུ། །དེ་ཕྱོགས་ཐེབས་ན་རང་སྟོབས་ཆེར་འཕེལ་འགྱུར། །དཔེར་ན་དཔའ་བོའི་རྒྱབ་ཀྱི་དམག་དཔུང་མཚུངས། །དྲག་པོའི་གཟའ་དང་དུས་ཀྱི་ལྷ་དྲག་པོ། །རང་གི་རྒྱབ་དང་གཡས་ཀྱི་ཕྱོགས་ཡོད་བཟང་། །མདུན་དང་གཡོན་དུ་ཡོད་ན་མི་དགེར་བཤད། །ཞི་བའི་གཟའ་རྣམས་མདུན་དང་གཡོན་དུ་བཟང་། །། བཞི་པ་ཚེས་ལ་འཆར་བའི་རཱ་ཧུ་ནི། །ཙཀྲ་ལ་བལྟས་མེ་ལོང་བཞིན་དུ་གསལ། །དཔེར་ན་བཅུ་དྲུག་ཉིན་པར་་ནུབ་ཕྱོགས་སུ། །ཀ་ཡི་སྟེང་ཤར་དུ་ཁ་བལྟས་ནས། །རཱ་ཧུ་འཆར་བས་ཀ་ཡི་མིང་ཐོག་ཅན། །ཤར་དུ་ཁ་བལྟས་དགྲ་ཡི་དཔུང་ལས་རྒྱལ། །ཁྱད་པར་མ་ཡི་མིང་ཅན་འཇོམས་པར་བསྔགས། །མ་ཡི་མིང་ཅན་ནུབ་ཏུ་འགྲོ་མི་རུང་། །ལྷག་པར་ནུབ་ཆ་
བདུན་བགོས་བྱང་ཤར་དང་། །ཉེ་བ་ཐ་མའི་ཆ་རུ་འགྲོ་མི་རུང་། །ཕྱོགས་མཚམས་ཕན་ཚུན་ཐད་ཀར་འཇོམས་བྱེད་པའོ། །འདི་ལ་མཚམས་བཞིའི་རེ་ཁཱ་ཡོད་པའི་ཕྱིར། །པ་རི་གྷ་ཡོད་ཚེས་ཀྱི་རཱ་ཧུ་ཟེར། །པ་རི་གྷ་མེད་ཚེས་ཀྱི་རཱ་ཧུ་ནི། །གྱེན་བདུན་འཕྲེད་ལ་བརྒྱད་བྲིས་དེའི་རྩེ་མོར། །ནུབ་ཀྱི་ཀ་ནས་བྱང་གི་ཧ་ཡི་བར། །འགོད་ཚུལ་ཕྱོགས་སྟོབས་སྔ་མ་ཇི་བཞིན་ནོ། །ཀ་ལ་ཚེས་ཀྱི་རཱ་ཧུ་ཤར་བ་ན། །དེ་སྟེང་མགོ་ཡོད་ཤར་གྱི་ན་ལ་ནུབ། །ཤར་གྱི་ཁར་གནས་ནུབ་ཀྱི་ཚ་ལ་ནུབ། །དེ་བཞིན་ཡ་ལ་གནས་ན་ཛྷ་ལ་ནུབ། །མདོར་ན་རང་ས་ནས་བགྲང་བཅོ་ལྔར་ནུབ། །ཚེས་འཁོར་ཕྱེད་ཁྱབ་རྒྱུ་སྐར་འཁོར་ཕྱེད་འདྲ། །འདི་ལ་ཤར་ནུབ་གཉིས་སུ་བདུན་བདུན་དང་། །ལྷོ་བྱང་གཉིས་སུ་བརྒྱད་བརྒྱད་གནས་པ་ཡིན། །ཤར་དུ་གནས་ན་ཤར་གནས་སྟོབས་ཆེ་སྟེ། །ཤར་ནས་ནུབ་ཏུ་ཁ་བལྟས་ལས་བརྩམ་བཟང་། །
ནུབ་ངན་ལྷོ་བྱང་གཉིས་ལ་བཏང་སྙོམས་སོ། །གོང་བཞིན་མཚམས་གནས་ཕྱོགས་ཀྱང་དེ་བཞིན་ནོ། །། ལྔ་པ་ཁྱིམ་གྱི་རཱ་ཧུ་འཆར་བ་ནི། །འདི་ལ་བརྟེན་ཏེ་མཐོང་ས་བཟང་ངན་བརྟག །ཙཀྲ་དག་ལ་བཀོད་པའི་དཔེའུ་རིས་ལྟར། །ཁྱིམ་གང་རཱ་ཧུ་གནས་པར་གྱུར་པ་དེར། །ཉི་མིག་སྤེན་པ་གང་རུང་འཛོམ་པ་དེའི། །མདུན་གྱི་ཁྱིམ་ནི་འཇོམས་པར་འགྱུར་བས་ན། །ཕྱོགས་དེར་རྒྱུག་པ་རྣམ་པར་རྒྱལ་བར་འགྱུར། །མདུན་གྱི་བདུན་པའི་ཁྱིམ་ན་དགྲ་ཡི་མིང་། །ཡོད་ན་དེ་དག་གཞོམ་པར་རབ་ཏུ་བསྔགས། །གདོང་དུ་བལྟས་ན་རྒྱལ་ཡང་ཕྱི་ནས་ཕམ། །འདི་ལྟར་བརྩིས་ན་གཡུལ་ལས་རྣམ་པར་རྒྱལ། །དགྲ་ཡི་མིང་ཐོག་གི་ཕྱོགས་སུ་ཚེས་ཁྱིམ་ཟླ་བའི་རཱ་ཧུ་གསུམ་ཐེབས་པ་དང་བསྟུན་ཏེ་ཕ་རོལ་གྱི་གཉེན་པོར་གྱུར་པའི་མིང་ཅན་གྱིས་གཞོམ་པའི་རྟེན་འབྲེལ་བྱས་ན་གཞན་དག་གནད་ལ་འབེབས་ཏེ་ཞིབ་ཆ་ཞལ་ལས་བླང་ངོ་། ༈ །དྲུག་པ་ཕྱོགས་མཚམས་གཟའ་བརྒྱད་རཱ་ཧུ་ནི། །ཚེས་གྲངས་འདི་རྣམས་སྟེང་ནས་གཟའ་བརྒྱད་པོའི། །རང་རང་རཱ་ཧུ་འཆར་བར་འགྱུར་བ་
སྟེ། །གདོང་ཐུག་མི་བྱ་དེ་ཡི་འགྲོས་་དང་བསྟུན། །འདི་ནི་སྤྱིར་བིཥྚི་དང་འདྲ་ཡང་་གཟའ་བརྒྱད་ཀྱི་ཁྱད་པར་བཀོད་པ་འདི་ལ་ལས་སྣ་་ཚོགས་སྦྱར་དུ་ཡོད་དོ། །རྒྱུད་ལས་དཀར་ཕྱོགས་ནག་ཕྱོགས་ཀྱི་མིང་གསུངས་པ་འཇིག་རྟེན་ལྟར་ན་དབྱངས་འཆར་མཁན་པོ་སྔ་མའི་ལུགས་སོ་བསྟན་བཅོས་ལྟར་སྦྱར་ན་ཕྱོགས་གཞན་དུ་འགྱུར་རོ། ༈ །བདུན་པ་ཟླ་ཕྱེད་རཱ་ཧུའི་མཚན་ཉིད་ནི། །དཀར་ནག་ཕྱོགས་ལ་འཆར་བ་ཙཀྲ་ལྟར། །ཤར་བྱང་གནས་ཚེ་ལྷོ་དང་ནུབ་བཟང་བ། །དེ་བཞིན་རེ་ཁཱས་བཅད་པ་གང་གི་ཕྱོགས། །ཉེ་བར་གནས་ལ་རྒྱབ་བརྟེན་འདོད་དོན་བསྒྲུབ། ༈ །བདུན་པ་ཟླ་བའི་རཱ་ཧུ་འཆར་བ་ནི། །ཁྱིམ་གང་རཱ་ཧུ་ཉི་མར་ལྷན་གཅིག་གནས། །ཉི་མའི་རཱ་ཧུར་གྲགས་ཤིང་དེ་བཞིན་དུ། །མིག་དམར་སྤེན་པའང་དེ་དེའི་རྭ་ཧུར་གྲགས། །གང་དུ་སྒྲ་གཅན་
དྲག་པོ་གཟའ་འཛོམས་པའི། །རྐང་པ་དེ་ཡི་གཡས་གཡོན་བཞི་བཞི་མཐོང་། །དཔེར་ན་སྒྲ་གཅན་ཐ་སྐར་རྐང་ཐོག་གནས། །ཙི་ཙ་དོ་དེ་ལི་ལ་ཙེ་ཙོ་མཐོང་། །སྨིན་དྲུག་རྐང་པ་དང་པོར་སྤེན་པ་གནས། །ལི་ལུ་ལེ་ལོ་ཨི་ཨུ་ཨེ་ཨོ་མཐོང་། །ཁྱིམ་གཅིག་ཕྱིར་ན་སྤེན་པའི་རཱ་ཧུར་གྲགས། །མཐོང་བའི་ཡི་གེའི་མིང་ཅན་འཇོམས་པར་བྱེད། །མདུང་རྩེ་ལྷན་ཅིག་གནས་པའི་སྔོན་མ་བཞི། །མི་ཐུབ་ཅེས་གྲགས་དེར་གནས་པ་ལ་བཟང་། །དཔེར་ན་ལུག་གི་ཁྱིམ་གྱིས་མི་ཐུབ་པ། །འཁྲིག་བུམ་གཞུ་སེང་སྡིག་པས་མི་ཐུབ་པ། །བུ་མོ་གླང་ཉ་ཆུ་སྲིན་ལྟ་བུའོ། །དྲག་གཟའ་འཁྱོགས་འགྲོས་བསོད་ནམས་འགྲོས་གཞན་ལ། །སྟོབས་ཆེ་འདི་ནི་གཡུལ་སོགས་མངོན་སྤྱོད་ལ། །རྣམ་པར་བརྩིས་ན་ཕྱོགས་ལས་རྒྱལ་བར་འགྱུར། །འདིར་རཱ་ཧུ་དྲག་གཟའ་དང་ལྷན་ཅིག་གང་དུ་གནས་པའི་ཁྱིམ་རང་རང་གི་ཐད་ཀའི་ཁྱིམ་བདུན་པ་དེ་ཕྱོགས་འཛོམས་ཏེ་དེར་ཕ་རོལ་གྱི་སྐྱེས་མིང་སྐར་མ་དང་མིང་ཡིག་ཡོད་པ་དང་རང་གི་ཕར་དེ་ཕྱོགས་རྒོལ་ན་ཆེས་ཟབ་བོ། །ལྷག་པར་དེ་ཕྱོགས་སུ་ཟླ་བ་གནས་ན་ཐེ་ཚོམ་མེད་དོ་ཟབ་པའི་མན་ངག་གོ །བྱེ་བྲག་
མཁར་ལས་ཁྱིམ་གྱི་རཱ་ཧུ་གཙོ། །དྲག་ལས་ལ་ནི་རྩ་བའི་རཱ་ཧུ་གཙོ། །གཏད་པ་ལ་ནི་ཡུད་ཙམ་རཱ་ཧུ་གཙོ། །རིམ་གྲོ་ལ་ནི་ཚེས་ཀྱི་རཱ་ཧུ་གཙོ། །ས་བོན་ཕྱོགས་ལ་ཟླ་ཕྱེད་རཱ་ཧུ་གཙོ། །བག་མར་ཕྱོགས་གཟའ་བརྒྱད་ཀྱི་རཱ་ཧུ་གཙོ། །ཐུན་ཕྱེད་ཀུན་ལ་གཅེས་ཏེ་རྣོ་མཚོན་ལ། །ངར་གྱིས་བརྒྱན་པ་ལྟ་བུར་རབ་ཏུ་གསུངས། །སྐྱེ་རྒུའི་བདེ་དོགས་གཡོ་བའི་བ་དན་ནི། །རྟེན་འབྱུང་དྲི་ཡི་བཞོན་པའི་རྗེས་སུ་འབྲང་། །ཕྱི་ནང་རྟེན་འབྲེལ་འཇུག་པའི་མན་ངག་ནི། །དབང་ཕྱུག་ཐུགས་ལ་གབ་པ་མངོན་ཕྱུངས་པའི། །ཚུལ་འདི་རྣམས་ལས་ལོག་པར་གྱུར་པ་གང་། །འཇིག་རྟེན་ཕམ་པར་སྒྲོགས་པའི་རླུང་ལྡང་ཚེ། །ཚུལ་བཞིན་སྤྱོད་རྣམས་སྙིང་སྟོབས་དགའ་སྤྲོའི་མེ། །ཆེས་ཆེར་སྦར་བའི་སྒྲ་དབྱངས་ཀུན་ཏུ་གྲགས། །དེ་ཚུལ་ལེགས་པར་བཤད་པའི་དགེ་བ་གང་། །དྲི་བྲལ་ཟླ་བའི་དཀྱིལ་འཁོར་དྭངས་པ་ལ། །ལྷག་བསམ་འོད་བཟང་འབུམ་གྱིས་དཀྲིགས་གྱུར་པས། །འགྲོ་ལ་བླང་དོར་ལམ་བཟང་གསལ་གྱུར་ཅིག །དཔལ་གཡུལ་ལས་རྣམ་པར་རྒྱལ་བའི་རྒྱུད་དོན་རབ་ཏུ་གསལ་བའི་ངག་གིས་བཀོད་པ་ཀུན་གཟིགས་དབྱངས་འཆར་
ཆེན་པོ་ཤེལ་གྱི་མེ་ལོང་ཞེས་བྱ་བ་ལས། ཕ་རོལ་གྱི་གཡུལ་འཇོམས་པའི་རྩིས་རིག་འབར་བའི་རྡོ་རྗེ་རྔམས་པའི་སྐབས་ཏེ་བཞི་པའོ།། །།རྒྱལ་ཀུན་ཐུགས་བརྩེའི་ཆུ་གཏེར་ལས་འཁྲུངས་ཤིང་། །ཚད་མེད་སྙིང་རྗེའི་ཆ་རྫོགས་རི་བོང་འཛིན། །ཕན་བདེའི་འོད་བཟང་འབུམ་གྱིས་མངོན་དགའ་བ། །རྗེ་བཙུན་ཐུགས་རྗེའི་མངའ་བདག་དེ་ལ་འདུད། །བརྩེ་མཆོག་བརྩེ་བའི་ཐུགས་ཀྱིས་བསྐྱོད་པ་ཡི། །སྒྱུ་འཕྲུལ་སྒྱུ་མའི་གར་མཛད་ལྷ་ཆེན་པོས། །ལེགས་གསུངས་ལེགས་ཉེས་སྟོན་པའི་རྒྱུད་དོན་ལས། །བདེ་སྡུག་བདེ་བླག་རྟོགས་པའི་རྩིས་ཚུལ་བཤད། །ཕྱོགས་དང་དུས་ཀྱི་སྣང་ཚུལ་སྣ་ཚོགས་པ། །བློ་ཡི་མིག་དང་ལྡན་ལ་ལེགས་སྟོན་པ། །གཞུང་བཟང་རིན་པོ་ཆེ་ཡི་སྒྲོན་མ་གང་། །ལེགས་པར་བཀྲམ་ལ་སྐལ་བཟང་མགུ་བ་སྐྱེད། ༈ །དེ་ཡང་དུས་ཀྱི་གནས་སྐབས་སུ། །བདེ་དང་སྡུག་བསྔལ་སྣ་ཚོགས་པ། །ལས་མཐུན་སྤྱི་ཡི་སྣང་ངོ་ལ། །ཇི་ལྟར་འབྱུང་བའི་ཚུལ་ཤེས་པར། །འདོད་པས་ལོ་དང་ལོ་བདག་གཟའ། །རྒྱལ་བློན་ཀར་མྱོང་ཆར་རྩིས་དང་། །གཟའ་ལྔ་ཁྱིམ་ལ་སྤྱོད་ཚུལ་འབྲས། །འཕྲལ་བྱུང་གཟའ་
འཛིན་ས་གཡོ་སོགས། །ལྟས་མང་བརྟག་པའི་རིམ་པ་ནི། །གཞན་གཞུང་དག་ལས་ཤེས་པར་བྱ། ༈ །དབང་ཕྱུག་ཞལ་སྤྲོད་ཅེས་གྲགས་པ། །ལོ་བདག་གཟའ་ཡི་ལོངས་སྤྱོད་དང་། །ཉ་ནས་ལུག་ཏུ་འཕོ་བའི་ཉིན། །རེས་གཟའི་ལོངས་སྤྱོད་གཉིས་པོ་དག །ཕན་ཚུན་མང་ཉུང་བརྟག་པར་བྱ། །འདི་ལ་རེས་གཟའི་ལོངས་སྤྱོད་ཁོ་ན་ལས་གཟའ་གནས་ལ་བརྟག་རྒྱུ་མིན་གསུངས། འོད་བརྒྱའི་ཚིག་ལ་བལྟས་ན་གཟའ་དབྱུག་གཉིས་པོ་གང་མང་ལ་ཉུང་གིས་འཕྲིའམ་སྙམ། གལ་ཏེ་མཉམ་པར་གྱུར་པ་ན། །གཟིམ་མཇལ་ཞེས་བྱ་རྐུན་མ་དང་། །ས་གཡོ་ཐོག་རླུང་འཁྲུགས་པ་འོང་། །ཚེས་ཀྱི་གཟའ་མང་བཞེངས་ཏེ་མཇལ། །ཆར་བབས་ཡུལ་བདེ་ཕུན་སུམ་ཚོགས། །ཁྱིམ་གཟའི་མང་ན་བཞུགས་ཏེ་མཇལ། །དགྲ་གཉེན་འགྱུར་ཞིང་ནད་འཁྲུགས་མང་། །སྡུག་བསྔལ་མི་བདེ་འཇིགས་པ་འོང་། །ཁྱིམ་གང་འཕོ་ཉིན་རེས་གཟའ་ལ། །ཉི་མའི་ལྷ་ནི་དྲག་མོ་སོགས། །སྦྱར་བའི་འཇམ་རྩུབ་ཤེས་པར་བྱ། །ཁྱིམ་འཕོའི་གཟའ་ཀུན་དྲག་པོར་རྩུབ། །ཞི་འཇམ་འདྲེས་མས་འདྲེས་མར་སྟོན། ༈ །རྒྱལ་པོ་བློན་འབངས་
ལ་སྡེ་དང་། །དབང་བསྐུར་རིགས་སོགས་སྐར་མ་ལ། །དྲག་པོའི་གཟའ་ཡིས་དུད་སོལ་འཁྱུད། །མཆེ་གདོང་གནོད་པ་བརྟག་པར་བྱ། །གནོད་པ་བབ་དུས་མི་དགེ་ཞིང་། །གནོད་མེད་ཞི་གཟའ་གནས་པའི་དུས། །བདེ་བར་འགྱུར་བ་རིག་པར་གྱིས། ༈ །ཡུལ་སྡེ་སོ་སོའི་བཟང་ངན་ནི། །ཕན་ཚུན་ཆེན་པོའི་འཁོར་ལོས་བརྟག །སྐར་མ་བཞི་རེར་དབང་བྱེད་པའི། །གཟའ་རྣམས་ཕན་ཚུན་འཕྲེད་བལྟས་པའི། །དུས་སུ་གྲོང་དང་གང་ཟག་གི །མིང་ཐོགས་ཅན་ངན་དཔེར་ན་ནི། །སྨིན་སོགས་གང་རུང་ཉི་གནས་ནས། །སྣུབས་སོགས་གང་རུང་མིག་དམར་གནས། །ཨ་ཡ་ལ་སོགས་ཡི་གེ་ནི། །སུམ་ཅུ་གཉིས་ཀྱི་གྲངས་ལྡན་པའི། །མིང་ཐོགས་ཅན་ལ་ངེས་པར་ངན། །ཉི་མིག་དང་ཟླ་ལྷག ཕུར་སྤེན། རཱ་ཧུ་པ་སངས་ཕན་ཚུན་འཕྲེད་ལྟས་སོ། །འཁྲུམས་སྨད་སོགས་བཞིར་སྤེན་རཱ་གཉིས་ཀ་དབང་ངོ་། །དེ་ནས་རུས་སྦལ་འཁོར་ལོས་ནི། །ཡུལ་སྡེ་སྤྱི་ཡི་བཟང་
ཡུ་ངན་བརྟག །འདི་ལྟར་དཔེའུ་ཆུང་ལྟར་ལ། །འཛམ་གླིང་སྤྱི་ལ་སྨན་ནས་བཀོད། །རང་རང་ཡུལ་གྱི་མིང་སྐར་དེ། །དབུས་བཞག་བཀོད་པ་མན་ངག་ལུགས། །དེ་ཡི་ཕྱོགས་ཆར་གནས་པ་ལ། །ནང་གསེས་བདེ་དོགས་འབྱུང་བ་ནི། །ཉི་མ་གང་དུ་གནས་པའི་ཕྱོགས། །ཆར་མེད་ཐན་པས་བསྲེག་པར་འགྱུར། །སྤེན་པ་གང་གནས་མུ་གེ་ཆེ། །དུས་མེ་གནས་པར་རིམས་ནད་འཕེལ། །མིག་དམར་རཱ་ཧུས་འཐབ་རྩོད་འབྱུང་། །གཟའ་ལྷག་གནས་ན་ལོ་ཏོག་བཟང་། །པ་སངས་ཕུར་བུས་རྒྱལ་པོའམ། །ཡུལ་དེ་བདེ་བར་བྱེད་པ་ཡིན། །ཟླ་བས་ཆར་པ་རན་པར་འབེབས། །གཟའ་མི་གནས་ན་བཏང་སྙོམས་སོ། །འདྲེས་མས་འབྲས་བུའང་འདྲེས་མ་
སྟེ། །སྟོབས་ཀྱི་ཆེ་ཆུང་བརྟག་པར་བྱ། ༈ །ཡང་ནི་གདུགས་ཀྱི་འཁོར་ལོའམ། །སེང་གེ་གདན་རབ་གྲགས་པ་ཡི། །ཙ ཀྲས་ཡུལ་གྱི་བདེ་དོགས་བརྟག །འཛམ་གླིང་སྤྱི་ཡི་དབང་བྱས་ན། །རྡོར་གདན་དབུས་བྱས་བརྩིར་གསུངས་ཤིང་། །རང་གནས་ཡུལ་གྱི་རྒྱལ་པོ་ནི། དབུས་སུ་བྱས་ཏེ་བརྩི་བའང་ཡོད། །ཉི་མིག་སྤེན་སྒྲ་བཞི་གང་རུང་། །ཕུར་བཅས་མགོ་ལ་གནས་གྱུར་ན། །སེང་གདན་གྱི་སྐར་མ་ཡིན་ཀྱང་གདུགས་འཁོར་ལྟར་ན། ཤར་གྱི་རྒྱལ་པོ་སྲོག་དང་འབྲལ། །འདིར་གདུགས་འཁོར་ལྟར་ན་སྦྲུལ་གཟུགས་རྩ་བཞི་འཁྱོགས་གསུམ་པའི་སྟེང་གི་ཁུག་མགོ་གསུམ་ལ་གདུགས་རེ་བཙུགས། སྦྲུལ་གྱི་མགོ་ཕྱོགས་རྩ་འོག་མ་ནས་གྱེན་དུ་ཐ་སྐར་སོགས་བཞི་དང་། སྟེང་གི་གདུགས་ཀྱི་ཡུ་བར་སྐར་མ་མགོ་བཀོད། དེ་ནས་དེ་འོག་སྦྲུལ་གྱི་རྩ་རྒྱུད་ལ་མར་བཞི་བཀོད། དེ་ནས་བར་ཁུག་ལ་ཡར་བཞི་བཀོད་ཅིང་ནག་པ་སྟེང་གི་གདུགས་དབུས་མིའི་ཡུ་བར་བཀོད། དེ་འོག་རྩ་རྒྱུད་ལ་མར་བཞི། དེ་ནས་བར་ཁུག་ལ་ཡར་བཞི། མོན་གྲེ་གདུགས་གསུམ་པའི་ཡུ་བར་དང་། དེ་འོག་བཞི་འོག་གི་རྩ་ལ་བཀོད་པ་ཡིན་ལ། དེར་མགོ་ལ་དྲག་གཟའ་བཞི་ཕུར་བུ་བཅས་ཡོད་ན་ཤར་གྱི་རྒྱལ་པོ་སྲོག་དང་འབྲལ་བ་སོགས་གསུངས་
པ་སྔ་མ་ཐམས་ཅད་ཀྱི་མགོ་ཁོ་ནའི་སྟེང་དུ་གཟའ་ལྔ་ཚང་དགོས་པར་འཆད་ཀྱང་། མགོ་དང་དེའི་འོག་ཏུ་རྩ་རྒྱུད་ལ་གནས་པའི་ལག་སོགས་བཞི་སྟེ་སྐར་མ་ལྔ་ལ་གོ་དགོས་པ་འདྲ་སྟེ་དེ་ལྟར་མིན་ན་སྦྲུལ་གྱི་ལུས་ལ་སྐར་མ་གཞན་བཀོད་པ་ལ་དགོས་པ་མེད་ཅིང་། མགོ་ལ་གཟའ་ལྔ་པོ་དེ་གནས་པས་ཤར་གྱི་རྒྱལ་པོ་སྲོག་དང་བྲལ་བ་དང་། མགོ་ལ་སྤེན་པ་གཅིག་པུ་གནས་པས་དབུས་ཕྱོགས་རྒྱལ་པོ་སྲོག་དང་བྲལ་བ་སོགས་གཉིས་མི་འགྲིགས་པ་སོགས་དཔྱད་དཀའ་བས་ན། སྐབས་འདིར་འཁོར་ལོ་གོང་འོག་འདི་གཉིས་ཕན་ཚུན་བསྡེབས་ནས་ཤེས་པར་བྱ་བ་ཡིན་ལ། དེ་ཡང་ཤར་ནུབ་དབུས་གསུམ་དུ་བྱེད་སྐབས་ཕྱོགས་གསུམ་པོ་དེའི་ཁོངས་སུ་ཕྱོགས་གཞན་བསྡུས་ཏེ་དཔྱད་དགོས་ཀྱི་ཕྱོགས་བཞིར་མི་འབྱེད་དོ། །དེའི་རྗེས་སུ་སེང་གདན་སྐབས་ལྷོ་བྱང་དབུས་གསུམ་གྱི་ཆར་བྱེད་ཀྱི་ཤར་ནུབ་མི་དཔྱད། ལྷོ་བྱང་དབུས་གསུམ་གྱི་ཆ་དེར་གཙོ་བོར་སྤེན་པ་གང་གནས་ཀྱི་རྒྱལ་པོ་དང་། རྟ་སོགས་ཟོང་ལ་གནོད་ཅིང་དྲག་གཟའ་གཞན་གྱི་འབྲས་བུའང་བསྟན་པ་འདི་ཁོ་ན་ལྟར་དཔྱད་ལ། གོང་གི་གདུགས་འཁོར་གྱི་སྐབས་དེ་ལ་ཡང་དྲག་གཟའ་གང་གནས་ཕྱོགས་སུ་མི་དགེ་བ་སྦྲུལ་གྱི་ལུས་ལ་བཀོད་པའི་སྐར་མར་བརྟགས་ནས་ཤེས་པར་བྱ་བའང་ཡིན་ནོ། །ཕུར་མེད་རྒྱལ་པོ་ནད་ཀྱིས་ཐེབས། །ནག་པར་ལྷག་བཅས་དྲག་གཟའ་བཞི་་རུ་ངག་དང་དབུས་དེ་བཞིན། །དྲག་བཞི་དང་མོན་གྲེ་ཟླར་བཅས་
ནུབ་ཕྱོགས་ཀྱི། །རྒྱལ་པོ་དེ་ལྟར་བརྟག་པར་བྱའོ། །བསོད་ནམས་བཞིའམ་གསུམ་གཉིས་གཅིག །དེ་གསུམ་གང་གནས་རྒྱལ་པོ་ཡི། །ཡུལ་འཁོར་བདེ་བར་རྒྱུད་ལས་བཤད། །སྤེན་པ་སེང་གདན། མགོར་གནས་དབུས་ཕྱོགས་དང་། །ནག་པར་ལྷོ་དང་མོན་གྲེ་བྱང་། །དེར་གནས་རྒྱལ་པོ་སྲོག་དང་འབྲལ། །རྒྱལ་པོའི་མཚན་མ་གདུགས་དང་རྔ་མ་གང་གནས་པའི། །དེ་ཕྱོགས་རྒྱལ་པོ་ནད་ཀྱིས་འཛིན། །རྟ་གླང་ལ་གནས་ཕྱོགས་དེ་ཡི། །རྟ་གླང་དེ་དག་ནད་ཀྱིས་མནར་ནས་འཆི། །ནོར་བུ་གསེར་ཆོས་པུ་སྟིར་ནི། །སྤེན་གནས་ཡུལ་དེར་ཟོང་དེ་དཀོན། །གཟའ་གཞན་སེང་གདན་སོང་བ་ན། །མིག་དམར་གནས་ན་རྒྱལ་ཕྲན་རྩོད། །རཱ་ཧུ་ཡོད་ན་དུས་འཁྲུགས་འབྱུང་། །དུས་མེ་ཡོད་ན་རིམས་ནད་འབྱུང་། །ཉི་མ་ཡོད་ན་མུ་གེ་འཕེལ། །ཟླ་ལྷག་གནས་ན་མངའ་ཐང་འཕེལ། །ཕུར་བུ་ཆོས་དང་རིག་བྱེད་འཕེལ། །དཀར་པོ་བུད་མེད་དབང་དུ་འདུ། །འདྲེས་མས་འབྲས་བུའང་འདྲེས་མ་འབྱུང་། །འབྱུང་བཞིའི་འཁོར་ལོ་ལ་བརྟེན་ནས། །ལོ་དེར་ཆར་པ་འབབ་མི་འབབ། །དབྱར་རའི་དུས་སུ་བརྟགས་པར་
གསུངས། །སྐར་མ་བདུན་རེ་ཁམས་གཅིག་ཏུ། །འབྱེད་ཚུལ་སྐར་རྩིས་གཞུང་ལྟར་ལ། །མར་ངོའི་ཚེ་ན་ཞི་གཟའ་རྣམས། །ཟླ་བ་དང་ནི་འཛོམ་པའམ། །ཟླ་བ་ཆུ་སྐར་ནང་དུ་ཞུགས། །གཟའ་རྣམས་ཕལ་ཆེར་ཆུ་སྐར་སྤྱོད། །དུས་དེར་ཆར་པ་འབབ་པར་འགྱུར། །ཉི་མིག་སྤེན་གསུམ་ཆུ་སྐར་འཛོམ། །ཡུལ་དེར་སེར་བ་འབབ་ཉེན་ཆེ། །ས་རླུང་སྐར་མ་རླུང་ཆེན་ལྡང་། །མེ་སྐར་སྟེང་འཛོམ་ཐན་པ་ཆེ། །ཟླ་ཕུར་སངས་གསུམ་ཆུ་སྐར་དུ། །འཛོམ་ན་ཆར་པ་ཆེན་པོ་འབབ། །ས་སྐར་སྟེང་འཛོམ་ལོ་ལེགས་ཤིང་། །མེ་རླུང་སྟེང་འཛོམ་ནམ་འཁོར་ཙམ། །ལྷག་མ་གང་གི་སྟེང་ཡོད་ཀྱང་། །ཕན་གནོད་ནུས་པ་ཆེར་མི་མངོན། །འོན་ཀྱང་ས་ཆུར་ཡུལ་ངན་དང་། །མེ་རླུང་སྐར་མར་རླུང་འཚུབས་ལྡང་། །མདོར་ན་གཟའ་དགུ་རྒྱུ་སྐར་ནི། །ཁམས་བཞི་གང་ལ་མང་ཤས་ཆེ། །དེ་ལ་འདི་ལྟར་བརྟག་པར་བྱ། །ཆུ་ལ་ཆར་བ་ཆེན་པོ་འབབ། །ས་ལ་སྤྲིན་མཐུག་ཆར་མི་འབབ། །མེ་ལ་ཆར་མེད་ཐན་པ་ཆེ། །རླུང་ལ་རླུང་འཚུབས་ཆེན་པོ་ལྡང་། །དྲག་འཇམ་ཞི་དྲག་གཟའ་ཡིས་བསྒྱུར། །
གཟའ་གང་སྒྲ་གཅན་ལྷན་ཅིག་པ། །ཆར་རམ་རླུང་འཚུབས་ཤིན་ཏུ་ཆེ། །ཞི་གཟའ་ཆུ་སྐར་སྟེང་ཡོད་པར། །དྲག་གཟའ་གང་རུང་སླེབས་མ་ཐག །ཆར་པ་འབེབ་པར་འགྱུར་ཞེས་གསུངས། །ནུས་པ་སྔ་ཕྱི་འབྱིན་ཚུལ་ནི། །ཉི་མིག་གཉིས་པོ་སླེབས་མ་ཐག །ལྷག་སངས་ཕུར་གསུམ་སྐར་དཀྱིལ་དུ། །སྤེན་ཟླ་ཆུ་སྐར་འཕོ་ཁ་རུ། །རང་འབྲས་ཇི་ལྟར་བཤད་པ་འབྱིན། །མདོར་ན་ཆུ་སྐར་གཅིག་གི་སྟེང་དུ་གཟའ་འདོམ་པའམ་ཞི་དྲག་འཛོམ་ན་ནུས་པ་འབྱིན་ལ་གང་སྔ་བའི་དུས་སུ་ཆར་འབབ་བོ། །ལོ་གཅིག་གི་འབྲས་བཤད་ཀྱི་གཟའ་རང་རང་ནམ་འཕོས་ཀྱི་དུས་དང་བསྟུན་དགོས་ཀྱང་། ལོ་རིལ་པོ་ལ་བརྟགས་ན་ཉི་མ་ལུག་གི་ཁྱིམ་དུ་སླེབས་པའི་དུས་དེའི་གཟའ་དགུ་ཀར་གནས་ཀྱིས་སོ། །འདི་དག་ཟླ་བ་རེ་བཞིན་ཡང་། །ཆར་གྱི་ཆེ་ཆུང་ནམ་བབ་དུས། །བརྟགས་པ་མན་ངག་དམ་པའི་ལུགས། ༈ །ཁྱད་པར་གང་འདོད་ཡུལ་སྡེ་དེར། །ཆར་པ་འབབ་མིན་བརྟག་པ་ནི ། ཐ་སྐར་ནས་བགྲང་ཡུལ་སྡེ་དེའི། །མིང་སྐར་ཡན་ཆད་གཅིག་ཏུ་བསྡོམས། །ལྷ་ས་ཞེས་པའི་མིང་སྐར་དབྱུག་གུ་ལ་གྲངས་གཅིག །ཨ་མདོར་གསུམ་ལྟ་བུའོ། །ཁྱིམ་འཕོའི་ཟླ་སྐར་
གྲངས་ཀྱང་བྱིན། །གང་བརྟགས་པའི་དུས་དེའི་ཁྱིམ་དེ་ཐོག་མར་སླེབས་མཚམས་ཀྱི་དུས་དེ་ག་རང་དུ་ཟླ་བ་སྐར་མ་གང་ལ་སྤྱོད་པའི་གྲངས་ནི། བྲ་ཉེ་གཅིག་སྨིན་དྲུག་གཉིས་སྣར་མ་གསུམ་སོགས་སོ། །ཁྱིམ་འཕོའི་ཉིན་དེའི་རེས་གཟའི་གྲངས་ཀྱིས་འཕྲི། །འཕྲི་ལྷག་འཁོར་ལོས་བགོས་ལྷག་ལ། །ཆུ་སྐར་ཤར་ན་ཆར་པ་འབབ། །ལྷག་མེད་ན་ཐ་སྐར། ༡བྲ་ཉེ་སོགས། ༢༦ནམ་གྲུའོ། །ས་སྐར་ཤར་ན་ཅུང་ཟད་འབབ། །མེ་སྐར་ཤར་ན་ཐན་པ་ཆེ། །རླུང་གི་སྐར་མ་རླུང་འཚུབས་ལྡང་། །ཁམས་ནི་སྐར་རྩིས་ཇི་བཞིན་དེ། །ཁྱིམ་དེར་སླེབས་ནས་འཕོ་བའི་སར། །ཟླ་བ་རེ་རེ་བཞིན་དུ་བརྟག །ཁྱིམ་སླེབས་སྐར་གཟའི་ཞིབ་ཆ་གཅེས། །བྱེད་པའི་ཉི་དག་ལ་བརྟེན་པ་དང་། བྱེད་པའི་ཟླ་སྐར་གྲུབ་པའི་གཟའ་བྱས་ན་བདེ། སྤེན་པར་བདུན་ཕྲི། ལུགས་གཅིག་ལ་དབྱུག་གུར། ༡བྲ་ཉེར་༢བྱས་འདུག་ཀྱང་རང་ལུགས་དང་པོ་ལྟར་བྱ། ཁྱིམ་སླེབས་ལ་ཡང་ཅུང་ཟད་དཔྱད་བྱར་སྣང་ཡང་གོང་ལྟར་རོ། །འདིར་རྩིས་ཕྲན་དུ་བྲིས་ནའང་དོན་གྱི་དབང་གིས་འདིར་ཡང་བཀོད་པ་ཡིན་ནོ། །དེ་འདྲ་གཞན་རེ་ཟུང་ཡང་ཡོད་དོ། ༈ །དེ་ནས་ཆར་པ་བརྟག་པ་ཡི། །སྣར་མའི་འཁོར་ལོ་ཞེས་བྱ་བཤད། །ཇི་ལྟར་དཔེའུ་ཆུང་ལྟར་
ལ། །ལོ་དེའི་ལུག་འཕོའི་ཟླ་སྐར་་སོགས། །རིམ་པས་སྐྱེས་ཟླ་རྒྱ་མཚོ་ངོགས། །རི་བོ་མཚམས་སྦྱོར་ཞེས་བྱ་བར། །གཅིག་གཅིག་གཉིས་བཞི་གཉིས་བཞི་རུ། །ལན་གཉིས་བལྡབ་པའི་ཙཀྲ་ལས། །སྣར་མ་གང་དུ་བྱུང་བ་བརྟག །སྐྱེས་པར་ཆར་ཆེ་ཟླ་བར་དགའ། །རྒྱ་མཚོར་ཆར་པ་ཤིན་ཏུ་ཆེ། །ངོགས་ལ་ཆར་ལེགས་རི་བོར་ཉུང་། །མཚམས་སྦྱོར་ཆར་པ་དུམ་བུར་འགྱུར། །འདི་དབྱངས་འཆར་རྒྱུད་ན་མེད་ཀྱང་དྲང་སྲོང་གར་གས་བཤད་པ་རྩིས་གཞན་ལས་སོ། ༈ །དེ་ནས་བྱེ་བྲག་བརྟག་བྱ་བ། །གཞན་ཡང་ཟླ་བདག་ལྔ་སྤྱོད་འབྲས། །ལྟས་དང་གཟའ་སྐར་འབྲས་མང་པོ། །གཞུང་གཞན་ཇི་བཞིན་རྣམ་པར་དཔྱད། །སྐྱེས་བུའི་ཚེ་ཚད་བཤད་པར་བྱ། །སྐྱེས་དུས་སྐར་སོགས་ལེགས་བརྟགས་ནས། །ནམ་ལངས་པ་ནས་བཙས་བར་གྱི། །འདས་པའི་ཆུ་ཚོད་གང་ཡོད་པ། །གཉིས་བཀོད་
གཅིག་ལ་མིག་གིས་བསྒྱུར། །མཁའ་རོས་བགོས་ཐོབ་དེས་འདས་པའི་ཆུ་ཚོད་དང་། །ལྷག་མས་སྲང་ལ་འཕྲི་ནས་དེ། །རེས་འགྲོགས་སྐར་མའི་དབྱུག་གུར་སྟེར། །འཁོར་ལོ་ལོངས་ནས་ཡར་བསྒྲིལ་བས། །སྐྱེས་སྐར་དང་བཅས་དེས་རྟོགས་སོ། །དེ་ནས་ཆ་ཤས་བཞིར་དབྱེ་བ། །སྐྱེས་སྐར་དེའི་དབྱུག་གུ་ལ་ཚེས༡ ༥་བགོས་ཐོབ་རིམ་པ་བཞིན། །ཐིག་ཤར་དང་པོ་གཟུགས་ནི་གཉིས། །ཐུང་ལ་གསུམ་པ་མེ་བཞིའོ། ༈ །དེ་ཡང་ཆ་ཤས་དང་པོ་ལ། །བལྟམས་པའི་སྐྱེས་བུ་ཚེ་ལོ་བརྒྱ། །གཉིས་པ་བརྒྱད་ཅུ་གསུམ་དྲུག་ཅུ། །བཞི་པར་བཞི་བཅུའི་ཚེ་ཚད་ཡིན། །འདིར་དབྱངས་འཆར་གཞུང་གསུང་དུས་ཚེ་ལོ་རིང་མཐའ་བརྒྱ་ཉི་ཤུ་ལ་དེ་ནས་རིམ་འཕྲི། ད་ལྟ་མཆོག་ལོ་གོ་ལྔ་དང་དྲུག་ཅུ་སོགས་སུ་བཞེད་ན་ཡང་ལོ་བརྒྱ་ཐུབ་པ་དག་ནི་ཡོད་སྲིད་ཙམ་པས། འདི་ལྟར་རམ། ཡང་ན་དེང་དུས་གོ་ལྔ་ནི་དོན་དུ་གནས་ལ། དེ་ལྟར་ན་འོག་ཏུ་སྒྱུར་བྱེད་སོགས་རིག་པས་སྤར་འཕྲི་དགོས་པ་ཤེས་པར་བྱའོ། །ཞིབ་པར་བྱ་ཕྱིར་སྐར་དབྱུག་ཉིད། །མཁའ་རོས་བསྒྱུར་ནས་སྲང་ཡར་བསྲེ། །སླར་ཡང་མཚམས་ཀྱིས་བསྒྱུར་དབུགས་བཅུག །མཁའ་སྐ༢ ༧༠ར་གྱིས་བགོས་ཐོབ་པ་ལོ། །
ཁྱིམ་གྱིས་བསྒྱུར་ ༢ ༧༠ཐོབ་ཟླ་བ་དང་། །མཁའ་མེས་བ༢ ༧༠སྒྱུར་ཐོབ་ཞག་གི་གྲངས། །མཁའ་རོས་བསྒྱུར་༢ ༧༠ཐོབ་ཆུ་ཚོད་དེ། །གནས་གཉིས་གཅིག་གིས་བརྒྱ་ལ་སྦྱངས། །ལྷག་མ་སྐྱེས་བུའི་ཚེ་ལོ་ཡིན། །ཅིག་ཤོས་མདས་ཐོབ་འཆི་བསླུའི་ལོ། །འཆར་རོ་དེ་ནས་ལུས་ཅན་ཚེ། །སྐྱེས་སྐར་བདག་པོའི་གཟའ་ནས་བརྩམས། །གཟའ་དགུ་སོ་སོར་དབང་བ་སྟེ། །རེའུ་མིག་དགུ་པ་བཞི་རིམ་བྲི། །སྐར་མ་བདག་གཟའ་དེ་ཡིས་གསལ། །། སྐྱེས་བུའི་ཚེ་ལོ་མཁའ་ཉིས་བགོ །མ་ཐོབ་ནོར་སྐལ་ཐིག་བྲིས་ཏེ། །ཁྱིམ་གྱིས་བསྒྱུར་ནས་རང་ཆ་བཅུག །བགོས་ཐོབ་ཟླ་བ་ལྷག་མཁའ་མེས། །བསྒྱུར་ནས་ཆ་བཅུག་ཐོབ་པ་ཞག །ལྷག་མ་མཁའ་རོས་བསྒྱུར་དབྱུག་བཅུག །ཐོབ་པ་ཆུ་ཚོད་ལྷག་མཁའ་རོས། །བསྒྱུར་སྲང་བཅུག་བགོས་ཆུ༡ ༢༠་སྲང་ངོ་། །དེ་ཉིད་ཚར་དགུ༧་བཀོད༡ ༠་དེ་སྐྱེས་སྐར༡ ༨་གྱི་བདག༡ ༦་པོའི་གཟའ་ནས་ཐོག་མར་བརྩམ་ཞིང་དེས་རིམ་པར་བསྒྱུར་རོ། །གཟའ་དགུའི་མི་ནོར་
མཚན་མ་བཏབ། །སྒྱུར་བྱེད་ནི་ཉི་དྲུག་༡༢༠ཟླ་ཕྱོག༡ ༠ས་མིག་དམར་རི༧། །རཱ་ཧུ་སྐྱོན་དང༡ ༨་ཕུར་མི་བད༡ ༦ག །སྤེན་པ་རྩ་གཟུགས་༡ ༩ལྷག་རི་ཟླ༡ ༧། །ཀེ་ཏུ་བདུན་དང་༧སངས་མཁའ་༢ ༠མིག །རྣམས་ཀྱིས་གནས་ཀུན་བསྒྱུར་བྱས་ཏེ། །སང་དབྱུག་ཞག་ཟླས་མས་རིམ་བསྒྲིལ། །སྐྱེས་བུའི་ཚེ་ཡི་གནས་སྐབས་སུ། །གཟའ་དགུ་ཅི་ཙམ་སྤྱོད་པའི་ཚད། །དེ་དག་བསྡོམས་པས་ཚེ་ལོ་འཆར། །། དེ་ནས་ཕྲ་མོར་བྱ་བའི་ཕྱིར། །ཉི་མའི་ཉི་སོགས་དགུ་ཚན་དགུ། །སྤེལ་བའང་རང་རང་ལོ་སྐལ་ལ། །མཁའ་ཉིས་བགོ་སོགས་གོང་བཞིན་ནོ། །ཉི་སོགས་རང་དང་རེ་རེའི་ཚད། །མཁའ་ཉིས་བགོའོ་མ་ལྡང་ན། །ལོ་ཟླ་ཞག་དབྱུག་སྲང་གི་བར། །གསིལ་ལ་བགོས་ཐོབ་རིམ་པར་བརྩེགས། །རང་གཟའ་ཐོག་མ་བྱས་ནས་སུ། །གཟའ་དགུའི་མཚན་མ་རིམ་པར་བཏབ། །ཉི་མར་དྲུག་སོགས་རང་ལོས་བསྒྱུར། །དག་ན་ཀུན་སྡོམ་རྩ་བ་ཡི། །གཟའ་ལོ་གང་ཡིན་དེ་དག་འགྲུབ། །དེར་ནི་ཉི་མའི་ཉི་མ་དང་། །ཉི་མའི་ཟླ་སོགས་ནང་གསེས་ཀྱི། །དགུ་ཚན་དགུ་རུ་ཕྱེ་བ་ཡིས། །ཕྲ་བ་གྱ་གཅིག་གཟའ་འབྲས་ཤེས། །མཆན། དེ་དག་སྐྱེས་མ་ཐག་པ་ནས། །ཚེ་ཡི་འཕེན་པ་མ་
རྫོགས་པར། །སྐྱེས་སྐར་བདག་པོའི་གཟའ་ནས་བརྩམ། །རིམ་བཞིན་གཟའ་དགུའི་དབང་ཚད་དེ། །ལོ་ཟླ་ཞག་ཡུན་གཏོང་ལེན་མཚམས། །ཕྲ་རགས་མཐའ་དག་ལེགས་བསྣན་ནས། །དེ་དེའི་དུས་ཀྱི་སྐྱོན་ཡོན་རྣམས། །དབྱངས་འཆར་གཞུང་ལས་ཆུབ་པར་བྱ། །འདི་ལྟ་བུའི་རི་མོ་བྱེད་འདུན་ཡོད་པ་ལ་མཚུར་ཕུའི་བཙུན་པ་ཆོས་བཟང་བྱ་བས་འདི་མཛད་འདུག་པ་རྙེད་བྱུང་བས། འདི་ལས་གསལ་ཟབ་བྱ་རྒྱུ་མེད་ཅིང་། ལག་ལེན་ཤིན་ཏུ་བདེ་བས་དེ་ག་ལྟར་བྲིས་ནས། ཕྲ་བའི་གཟའི་ལོངས་སྤྱོད་དམར་མཆན་གོ་བདེར་བྲིས་པའོ། །ཕྲ་རགས་ཀྱི་གཟའི་གནས་སྐབས་ཀྱི་འབྲས་བུ་འོད་བརྒྱ་ལས་གསལ་ལོ། །འདིར་སྐྱེས་སྐར་མ་ཤེས་ན་མིང་སྐར་རྐང་པ་གང་དུ་འདུག་བལྟས་ལ་ཉིན་དེའི་ཕྱེད་ཡས་མན་གྱི་ཆུ་ཚོད་དུ་སོང་བསྣན་པ་དང་། དངོས་སུ་བྲི་དུས་ཀྱི་ཟླ་སྐར་ལ་ལག་ལེན་སྔ་མ་ལྟར་སྦྱང་དགོས་པ་མན་ངག་ལུགས་སུ་སྣང་། དེ་ནས་ཛཱ་ཏིའི་ཙཀྲ་བཤད། །མི་ཡི་གཟུགས་བྲི་སྤྱི་བོ་དང་། །ཁ་དང་དཔུང་མགོ་མཁྲིག་མ་དང་། །ལག་པ་སྙིང་ག་ལྟེ་བ་དང་། །གསང་བ་པུས་མོ་རྐང་པ་རུ། །ཉི་སྐར་ནས་བརྩམས་རིམ་བཞིན་བཀོད། །རིམ་པ་གཅིག་གསུམ་གཉིས་གཉིས་གཉིས། །ལྔ་
གཅིག་གཅིག་གཉིས་བརྒྱད་དུ་བཀོད། །སྐྱེས་བུའི་སྐར་མ་གང་ཡོད་བརྟག །རྐང་པར་ཚེ་ཐུང་པུས་མོ་ལ། །བྱིས་འཁྱམས་གསང་བར་འཁྲིག་པས་བརླག །ལྟེ་བར་དབུལ་ཞིང་སྙིང་ག་ལ། །འབྱོར་ལྡན་ལག་པ་རྐུན་པོར་འགྱུར། །མཁྲིག་མར་སྡུག་བསྔལ་དཔུང་པ་ལ། །གཞན་གྱི་ཁུར་པོ་བ་རུ་འགྱུར། །ཁ་ལ་ཆོས་ལྡན་སྤྱི་བོ་ལ། །རྒྱལ་པོ་ཉིད་དུ་འགྱུར་ཞེས་གསུངས། །། འདྲི་བྱེད་གནས་སྐབས་བདེ་སྡུག་ནི། །ཚངས་པའི་འཁོར་ལོས་བརྟག་པར་བྱ། །འདི་ལྟར་བཀོད་པའི་ཙཀྲ་ལས། །སྐྱེས་སྐར་ནས་བརྩམས་ཡང་ན་མིང་རིམ་པར་བཀོད། །ལས་དང་བྱ་བ་གང་ལ་ཡང་། །སྐྱེས་སའི་སྐར་གསུམ་ལ་བརྩམ་ན། །བྱ་བ་ཐམས་ཅད་བཀྲ་ཤིས་བྱེད། །ཕུན་ཚོགས་ནོར་རྣམས་ཕུན་སུམ་ཚོགས། །ཟད་པའི་སྐར་གསུམ་ནོར་ཟད་འགྱུར། །སོ་སོའི་སྐར་གསུམ་དོན་
ཉམས་ཤིང་། །གཉེན་བཤེས་རྣམས་ནི་ཕྱེ་བར་འགྱུར། །བསྒྲུབ་བྱའི་སྐར་གསུམ་ཅི་ཡང་འགྲུབ། །ངེས་འབྱིན་ཉེས་འབྱིན་ཡང་ཟེར། སྐར་གསུམ་ནད་རྣམས་འབྱུང་། །བྱམས་སྐར་གསུམ་ལ་གཉེན་བཤེས་བྱམས། །ཕ་རོལ་བྱམས་པ་གསུམ་པོ་ལ། །གཞན་གྱིས་བཀུར་བའི་གནས་ཐོབ་བོ། །ཀུན་འཇུག་སྐར་གསུམ་ཀུན་དང་མཐུན། །སྐྱེས་མིང་སྐར་མ་གསུམ་པོ་ལ། །དྲག་གཟའ་བཞི་ཡི་གདོང་བཙུགས་ན། །འཆིའམ་སྡུག་བསྔལ་དྲག་པོ་འབྱུང་། །སྟེང་འོག་གཉིས་ཀྱིས་འཆི་བར་བྱེད། །འདི་ནི་ཚངས་འཁོར་འདི་ཁོ་ནའི་དབང་དུ་བྱས་པ་སྟེ། སྟེང་འོག་གཉིས་ཀྱི་གནོད་པ་འདོམས་པ་ནི། བར་མ་ཁོ་ན་ལའོ། །སྟེང་ལ་འོག་གི་གནོད་པ་དང་། འོག་ལ་སྟེང་གིས་སོ། །དཔེར་ན་མེ་བཞི་མིང་སྐར་ཡིན་ན། སྣར་མར་དྲག་གནས་སྟེང་གནོད། གྲོ་བཞིན་འོག །གཉིས་ཀར་སྟེང་འོག་གཉིས། སྨིན་དྲུག་ཆུ་སྨད་དྲག་གནས་གཡོན་མཆེ། མགོ་མོན་གྲེ་དྲག་གནས་གཡས་གནོད། སྐྱེས་སྐར་མགོ་ལྟ་བུ་ལ། ནག་པ་བྱ་གཞུག་གང་རུང་ལ་དྲག་གནས་འོག་གནོད་རྫོགས་དེ་བཟློག་མགོར་དྲག་གནས་དེ་གཉིས་ལ་སྟེང་གནོད། སྨིན་དབོ་ཆུ་སྨད་ལ་གཡས་མཆེ་ལས་གཡོན་གནོད་མེད་པ་སོགས་རྟོགས་དགོས་སོ། །གཡས་གཡོན་
སྡུག་བསྔལ་ནོར་ཉམས་འགྱུར། །ཞི་གཟའ་རྣམས་ཀྱིས་དགེ་བར་བྱེད། །འདྲེས་མས་འབྲས་བུ་འདྲེས་མ་འབྱུང་། །དེ་བཞིན་ཕུན་ཚོགས་སོགས་ལ་སྐབས་སྦྱར་ནས་གང་ལ་རྩུབ་ཤེས་པ་དང་། དབང་བསྐུར་རིགས་སྐར་སོགས་ལའང་བརྟག་ཚུལ་སོགས་རྐང་བརྒྱའི་འཁོར་ལོ་ལྟར་བརྟག་གོ །དེ་ནས་དུས་ཀྱི་འཁོར་ལོ་བཤད། །སྐྱེས་བུ་འཆི་དུས་བརྟག་པ་ལ། །རླུང་ལ་བརྟེན་པའི་ཙཀྲ་ནི། །དབྱངས་འཆར་རྒྱུད་ལས་བཤད་པ་ཡི། །ཟབ་མོའི་གནད་བཀྲོལ་མན་ངག་འདི། །མི་ཕམ་པ་བློ་གྲོས་དྲི་མ་མེད་པས་སྤེལ། །དེ་ཡང་རྒྱས་སྤྲོས་བཤད་པ་དོར། །ལག་ཏུ་བླང་བྱའི་རིམ་པ་ནི། །རེའུ་མིག་བཅུ་དགུའི་གྲངས་ལྡན་ལ། །ཅི་ཙམ་རྒྱུ་གྲངས་བསྟན་པའི་ཡུན། །ཆུ་ཚོད་ཞག་གི་བྱ་ར་ནི། །ཐོག་མར་ཆུ་ཚོད་བཅོ་ལྔ་ནས། །གཉིས་པར་སུམ་ཅུ་གསུམ་ཞག་གཅིག །དེ་ནས་ཞག་གཉིས་གསུམ་དང་བཞི། །ལྔ་བཅུ་བཅོ་ལྔ་ཉི་ཤུ་དང་། །ཉེར་ལྔ་དེ་ནས་ཉེར་དྲུག་ནས། །སུམ་ཅུ་རྩ་གསུམ་བར་དུ་བཀོད། །དེ་ནས་སོ་སོར་འཚོ་བའི་ཡུན། །ཞག་གི་གྲངས་ཀ་བཀོད་བྱ་སྟེ། །དང་པོར་མཁའ་༥ ༠མཚོ་མཁའ༤ ༠་དབང་དང་། །
གཉིས་པར་མཁའ་༤ ༣༢༠ མིག་མེ་མཚོ་དང་། །གསུམ་པར་༣ ༦༠མཁའ་མཁའ་དུས་དང་མེ། །བཞི་པར་མཁའ་༢ ༨་༨ཀླུ་༠ བཀྲ་ཤིས་མིག །ལྔ་པ་མཁའ་རོ་གཟུ༢ ༡གས་ད༦ ༠ང་མིག །དྲུག་པ་མཁའ་༡༤༤ ༠ མཚོ་ཡིད་ཅེས་བྱ། །བདུན་པར་མཁའ༡ ༠་ཀླུ༨ ༠་ཕྱོགས་དང་ནི། །བརྒྱད་པར་༧ ༢༠མཁའ་མིག་རི་དགུ་པར། །མཁའ་དུས་མེ་དང༣ ༦༠་བཅུ་པ་ལ། །མཁའ་སྐྱོན་༡ ༨༠བཅུ་གཅིག་མཁའ་བུག༩༡་གོ །བཅུ་གཉིས་ནས་ནི་བཅུ་དགུའི་བར། །རིམ་བཞིན་༦ ༠མཁའ་རོ་དང་མཁའ༣ ༠་མེ། །ཚེས༡ ༥་དང་ཕྱོགས༡ ༠་དང་མདའ༥་དང་ནི། །མེ་༣དང་མིག༢་དང་ཟླ༡་བའོ། །དེ་འོག་རེའུ་མིག་དང་པོ་ལ། །ཆུ་ཚོད་སྒྱུར་བྱེད་སྔ་མ་དང་། །ཕྱི་མ་གཉིས་ལས་དང་པོ་ནི། །ཐོག་མར་མཁའ༩ ༦༠་རོ་བུ་ག་བཀོད། །གཉིས་པར་མཁའ་ཀླུ༤ ༨༠་རྒྱ་མཚོ་སྟེ། །གསུམ་བཞི་ལྔ་པར་མཁའ༢ ༤༠་མཚོ་མིག །དྲུག་པར་མཁའ༡ ༢༠་ཉི་བདུན་བརྒྱད༢ ༤་ལ། །རྒྱལ༢ ༤་བའོ་དགུ་པར་ཉི་མ༡ ༢་དང་། །བཅུ་པར་བཟང་པོ་༦བཅུ་གཅིག༣ ༠་དང་། །བཅུ་གཉིས་པ་ལ་མཁའ༣ ༡་མེ་སྟེ། །བཅུ་གསུམ་ཚེས༡ ༥་དང་བཅུ་བཞི་ད༥ང་།། བཅོ་ལྔ་གཉིས་ཀར་དབང་པོ་༥དང་། །བཅུ་དྲུག་པ་ལ་མིག༢་ཡིན་
ཏེ། །ལྷག་མ་༡གསུམ་༡ལ་༡ཟླ་བའོ། །ཆུ་ཚོད་སྒྱུར་བྱེད་གཉིས་པ་ནི། །ཐོག་མར་བཅུ་དྲུག༡ ༦་བཀོད་པར་བྱ། །དེ་ནས་རིམ་བཞིན་བརྒྱད༨་བཞི་༤བཞི༤།།བཞི་༤དང་རྒྱལ༢ ༤་བ་རྒྱལ༢ ༤་ཉི་མ ༡ ༢། །དྲུག ༦་དང་དེ་མིན་ཐིག་ལེའོ། །དེ་འོག་རེའུ་མིག་རྣམས་ལ་ནི། །ཚིག་རྐང་རེ་རེ་བཀོད་བྱ་སྟེ། །ཆུ་ཚོད་བཅོ་ལྔར་ལོ་བཅུ་བཞི། །སུམ་ཅུར་རྒྱུ་ན་ལོ་བཅུ་གཉིས། །ཞག་གཅིག་རྒྱུ་ན་ལོ་བཅུའོ། །ཞག་གཉིས་རྒྱུ་ན་ལོ་བརྒྱད་དེ། །ཞག་གསུམ་རྒྱུ་ན་ལོ་དྲུག་གོ །ཞག་བཞིར་རྒྱུ་ན་ལོ་བཞིར་གསུངས། །ཞག་ལྔ་ལ་ནི་ལོ་གསུམ་མོ། །ཞག་བཅུར་རྒྱུ་ན་ལོ་གཉིས་འཚོ། །བཅོ་ལྔའི་ཞག་རྒྱུར་བགྲང་བྱ་གཅིག །ཉི་ཤུར་རྒྱུ་ན་ཟླ་བ་དྲུག །ཉེར་ལྔར་རྒྱུ་ན་ཟླ་བ་གསུམ། །ཉེར་དྲུག་པ་ལ་ཟླ་བ་གཉིས། །ཉེར་བདུན་པ་ལ་ཟླ་བ་གཅིག །ཉེར་བརྒྱད་པ་ལ་ཟླ་བ་ཕྱེད། །ཉེར་དགུར་རྒྱུ་ན་ཞག་མ་བཅུ། །སུམ་ཅུར་རྒྱུ་ན་ཞག་ལྔར་འཚོ། །སོ་གཅིག་རྒྱུ་ན་ཞག་གསུམ་སྟེ། །སོ་གཉིས་རྒྱུ་ན་ཉིན་ཞག་གཉིས། །སོ་གསུམ་རྒྱུ་ན་ཞག་གཅིག་གོ །གོང་གི་རི་མོས་
རྟོགས་པའི་ཕྱིར། །འདི་དག་མེད་ཀྱང་ཆོག་མོད་ཀྱི། །རྒྱུད་ལས་གསུངས་པ་ཤེས་ཕྱིར་དང་། །རགས་པ་བདེ་བླག་རྟོགས་ཕྱིར་བཀོད། །དྲུག་པ་ལ་སོགས་ཞག་བཅུ་དྲུག །སྦས་དང་བར་གྱི་ཚད་རྣམས་ཀུན། །འདིར་ནི་རི་མོས་གསལ་བར་རྟོགས། །འདས་གྲངས་༡ ༢ ༣ ༤ ༥བྱ་ར་བ། ཆུ་ཚོད་བཅོ་ལྔ་ནས། སུམ་ཅུ་ནས། ཞག་གཅིག་ཞག་གཉིས་ཞག་གསུམ་འཚོ་ཡུན། ༥༠༤༠ ༤༣༢༠ ༣༦༠༠ ༢༨༨༠ ༢༡༦༠སྒྱུར་བྱེད་དང་པོ། ༩༦༠ ༤༨༠ ༢༤༠ ༢༤༠ ༢༤༠སྒྱུར་བྱེད་གཉིས་པ། ༡༦ ༨ ༤ ༤ ༤རྒྱུ་ཡུན་དང་འཚོ་ཡུན་སྦྱར་བ། ཆུ་ཚོད་བཅོ་ལྔར་ལོ་བཅུ་བཞི། ཆུ་ཚོད་སུམ་ཅུར་ལོ་བཅུ་གཉིས། ཞག་གཅིག་རྒྱུ་ན་ལོ་བཅུའོ།། ཞག་གཉིས་རྒྱུ་ན་ལོ་བརྒྱད་ཡིན། ཞག་གསུམ་རྒྱུ་ན་ལོ་དྲུག་སྟེ།
༦ ༧ ༨ ༩ ༡༠ཞག་བཞི་ཞག་ལྔ་ནས་ཞག་བཅུ་ཞག་བཅོ་ལྔ་ཞག་ཉི་ཤུ་༡༤༤༠ ༡༠༨༠ ༧༢༠ ༣༦༠ ༡༨༠༡༢༠ ༢༤ ༢༤ ༡༢ ༦༢ ༢༤ ༢༤ ༡༢ ༦ཞག་བཞིར་རྒྱུ་ན་ལོ་བཞིར་གསུངས། ཞག་ལྔ་ལ་ནི་ལོ་གསུམ་མོ། །ཞག་བཅུར་རྒྱུ་ན་ལོ་གཉིས་འཚོ། བཅོ་ལྔའི་ཞག་རྒྱུ་ལོ་གཅིག་གོ །ཉི་ཤུར་རྒྱུ་ན་ཟླ་བ་དྲུག༡༡ ༡༢ ༡༣ ༡༤ ༡༥ཞག་ཉེར་ལྔ་ཞག་ཉེར་དྲུག ཞག་ཉེར་བདུན་ཞག་ཉེར་བརྒྱད་ཉེར་དགུ༩༠ ༦༠ ༣༠ ༡༥ ༡༠༣༠ ༣༠ ༡༥ ༥ ༥༠ ༠ ༠ ༠ ༠ཉེར་ལྔ་རྒྱུ་ཟླ་བ་གསུམ། ཉེར་དྲུག་རྒྱུ་ན་ཟླ་བ་གཉིས། ཉེར་བདུན་རྒྱུ་ན་ཟླ་བ་གཅིག་ཉེར་བརྒྱད་རྒྱུ་ན་ཟླ་བ་ཕྱེད། ཉེར་དགུ་རྒྱུ་ན་ཞག་པོ་བཅུ། ༡༦ ༡༧ ༡༨ ༡༩ཞག་སུམ་ཅུ་ཞག་སོ་གཅིག་ཞག་སོ་གཉིས་ཞག་སོ་གསུམ། ༥ ༣ ༢ ༡༢ ༡ ༡ ༡༠ ༠ ༠ ༠སུམ་ཅུར་རྒྱུ་ན་ཞག་ལྔའོ།། སོ་གཅིག་རྒྱུ་ན་ཞག་གསུམ་སྟེ། སོ་གཉིས་རྒྱུ་ན་ཞག་གཉིས་ལ། སོ་གསུམ་རྒྱུ་ན་ཞག་གཅིག་གོ།
ད་ནི་དེ་ཡི་ལག་ལེན་བཤད། །རྒྱལ་ཟླ་དེ་ཡང་ཡོངས་གྲགས་ཧོར་ཟླ་བཅུ་གཉིས་པ་ཆུ་སྲིན་འཕོ་བ་ཡི། །འཇིག་རྟེན་ན་ཡོངས་གྲགས་ལྟར་གྱི་མར་ངོའི་ཚེས་པ་བཅུ་དྲུག་གི །ཐོག་མར་ལག་རིས་གསལ་བའི་ཚེ། །མལ་ནས་ལུས་བསྲངས་ཁོད་སྙོམས་ལ། །ཉི་མ་འཆར་ཀའི་བར་དུ་སྣ་བུག་གཡས་གཡོན་གང་རྒྱུ་བརྟག །བསྟན་བཅོས་ལྟར་ཟླ་བ་འགྲིབ་པ་ལ་དཀར་ཕྱོགས་བྱས་པའི་ཚེས་གཅིག་པ་བཅུ་དྲུག་ནས་བརྩམས་ཏེ། །ཞག༡ ༦་༡ ༧གསུམ༡ ༨་ཐོག་མར་གཡས་ནས་དུས་སྦྱོར་གཅིག་གི་ཡུན་དུ་རྒྱུ། །དེ་རྗེས་ཞག་གསུམ༡ ༩་ཐོག༢ ༠་མར༢ ༡་གཡོན་ནས་རྒྱུ། །དེ་ལྟར་ཞག་གསུམ་སྤེལ་ནས་བརྗེ། །ལུགས་འདིའི་ཕྱོགས་ཚེས་གཅིག་ནས་བརྩམས་ཏེ། །
ཞག་གསུམ་དང་པོར༡ ༢ ༣གཡོན་ནས་རྒྱུ། །དེ་རྗེས་གཡས་༤༥ནས་༦རྒྱུ་བ་སོགས། །དེ་ལྟར་རེས་མོས་རྒྱུ་བ་ཡིན། །དེ་ལྟར་མ་རྒྱུས་གོ་ལོག་ན། །རྩོད་པ་ལ་སོགས་མི་དགེ་འབྱུང་། །ཞག་ལྔར་ལོག་ན་རྩོད་སོགས་འབྱུང་། །ཟླ་ཕྱེད་གོ་ལོག་ནད་འབྱུང་འགྱུར། །ཟླ་བ་གཅིག་གིས་གཉེན་བརླག་འགྱུར། །ཟླ་བ་ཕྱེད་གསུམ་བར་དུ་ནི། །གོ་ལོག་རྒྱུ་ན་འཆི་བར་བཤད། །དེ་ནས་འཆི་ལྟས་རླུང་དངོས་ནི། །སྣ་བུག་གཡས་གཡོན་གང་རུང་ནས། །ཆུ་ཚོད་ལྔ་རེར་རྒྱུ་ཞིང་འཕོ། །དུས་སྦྱོར་ལམ་བཞིན་རྣལ་མ་ཡིན། །དེ་ལས་མང་ན་ཡོན་པོ་སྟེ། །མི་དགེའི་ལྟས་ཡིན་དེ་ཡང་འདིར། །ཆུ་ཚོད་བཅོ་ལྔ་ནས་བརྩམས་ཏེ། །ཉིན་ཞག་སུམ་ཅུ་རྩ་གསུམ་བར། །ལམ་གཅིག་དག་ནས་མི་འཕོ་བར། །ཅི་ཙམ་རྒྱུ་བ་ངོས་བཟུང་སྟེ། །དབྱུག་དང་ཞག་གྲངས་རེའུ་མིག་བཟུང་། །དེའང་རེའུ་མིག་སོ་སོར་དབྱུག་བཅོ་ལྔ། ཞག་གཅིག་སོགས་ཁ་བྱང་བཀོད་པ་ལྟར་དངོས་དང་། ཆུ་ཚོད་བཅུ་དྲུག་ནས་ཉེར་དགུ་བར་རེའུ་མིག་དང་པོའི་ཁོངས་དང་། ཞག་གཅིག་དང་ཆུ་ཚོད་གཅིག་ནས་ང་དགུའི་བར་རེའུ་མིག་གསུམ་པའི་ཁོངས་ཡིན་པ་ལྟར་ཀུན་ལ་ཤེས་
པར་བྱ། དངོས་བསྟན་རྣམས་ལ་ཐད་ཀའི་ཞག །མཁའ་མེ་ཉིས་དྲིལ་༡༣ ༢༠ཚེ་ཚད་ཡིན། །དེ་ཡི་ཁོངས་གཏོགས་ལྷག་མ་ཡིན། །ཆུ་ཚོད་ཇི་ཙམ་བྱུང་བ་རྣམས། །གནས་གཉིས་བཀོད་པའི་ཕྱོགས་གཅིག་ཉིད། །རང་ཐད་སྒྱུར་བྱེད་དང་པོས་བསྒྱུར། །དཔེར་ན་ཆུ་ཚོད་བཅུ་དྲུག་བར་མི་འཕོ་བར་རྒྱུ་ན། དང་པོར་སྨྲས་པའི་ཆུ་ཚོད་བཅོ་ལྔས་འཕྲི་ལྷག་གཅིག་དེ་མཁའ་རོ་བུ་གས་བསྒྱུར། ཆུ་ཚོད་རེ་གཅིག་ཏུ་མི་འཕོ་བར་རྒྱུ་ན། ཞག་གཅིག་སོང་ཟིན་པས་དྲུག་ཅུས་འཕྲི་ལྷག་ཆུ་ཚོད་གཅིག་པོ་དེ་ཉིད་མཁའ་མཚོ་མིག་གིས་བསྒྱུར་དགོས་པ་དེ་བཞིན་གཞན་ལ་འགྲེ། མཁའ་རོས་དྲིལ་བའི་ཐོབ་པ་ཡིས། །རེའུ་མིག་སོ་སོར་བཀོད་པའི་ཞག་གི་གྲངས་ལ་འཕྲི་བར་བྱ། །ཕྱོགས་གཅིག་སྒྱུར་བྱེད་གཉིས་པ་ཡིས། །བསྒྱུར་བྱ་ཡིན་ལ་དེ་ཡང་ནི། །རེའུ་མིག་དང་པོའི་ཁོངས་ཡིན་ན། །བཅོ་ལྔས་འཕྲི་ལྷག་ཆུ་ཚོད་རྣམས། །མེ་ཡིས་བགོས་པའི་ལྷག་མེད་ན། །དེ་དེའི་ཐོབ་ནོར་དག་གིས་བསྒྱུར། །དཔེར་ན་ཆུ་ཚོད་བཅོ་བརྒྱད་བྱུང་ན་བཅོ་ལྔས་འཕྲི་ལྷག་གསུམ། དེ་གསུམ་བགོས་ལྷག་མེད་ཅིང་ཐོབ་པ་གཅིག་གིས་བཅུ་དྲུག་བསྒྱུར། དེ་བཞིན་༢༡ ༢༤༢༧རྣམས་མེས་
བགོས་ལྷག་མེད་ལ། ཐོབ་ནོར་རིམ་བཞིན་༢ ༣ ༤འོང་བས་བསྒྱུར། དེ་ཡི་ཞག་གནས་འཕྲི་བྱས་ལ། །གཉིས་ཀས་འཕྲི་ཟིན་ཞག་དེ་ཉིད། །མཁའ་མེས་བགོས་ཐོབ་ཟླ་བ་ཡིན། །དེ་ཉིད་ཉིས་བགོས་ཐོབ་པ་ལོ། །ལྷག་མ་སོ་སོའི་ཆ་ཡིན་ལ། །གལ་ཏེ་ཆུ་ཚོད་ལྷག་ཡོད་ན། །ཞག་ནས་གཅིག་ཕབ་དྲུག་ཅུ་ལ། །འཕྲི་བའི་ལྷག་མ་ཆུ་ཚོད་ཡིན། །ལོ་ཟླ་ཞག་དབྱུག་དེ་ཙམ་ཞིག །སྐྱེས་བུ་འཚོ་བའི་ཡུན་དུ་ཤེས། །དེ་བཞིན་རེའུ་མིག་གཉིས་པའི་ཁོངས། །ཡིན་ན་སུམ་ཅུས་འཕྲི་ལྷག་དེ། །དྲུག་གིས་བགོས་པས་ལྷག་མེད་ན། །ཐོབ་པས་བརྒྱད་བསྒྱུར་ལ་སོགས་ཡིན། །༣༦ ༤༢ ༤༨ ༥༤ བཞི་ལ་སུམ་ཅུས་འཕྲི་ལྷག་དྲུག་གིས་བགོས་པས་ལྷག་མེད་ཅིང་། ཐོབ་པས་བརྒྱད་བསྒྱུར། ཞག་གཉིས་གསུམ་བཞིའི་རེའུ་མིག་ལ། །བཅུ་གཉིས་བགོས་ཐོབ་དེ་བཞིན་ཏེ། །ཞག་གཅིག་དང་ཆུ་ཚོད་བཅུ་གཉིས། །ཞག་གཅིག་དང་ཆུ་ཚོད་ཉེར་བཞི། དེ་བཞིན་སོ་དྲུག །ཞེ་བརྒྱད་རྣམས་ལ་ཞག་གཅིག་གི་ཆུ་ཚོད་དྲུག་ཅུས་འཕྲི་ལྷག་ཉི་མས་བགོས་ལྷག་མེད་ལ། ཐོབ་ནོར་གཅིག་སོགས་རིམ་བཞིན་ཏེ། དེས་བཞི་བསྒྱུར། ཞག་གསུམ་པ་ལ་ཡང་ཞག་གསུམ་
དང་ཆུ་ཚོད་བཅུ་གཉིས་ནས་ཞེ་བརྒྱད་བར་དུ་སྟེ། ཞག་གཉིས་སོང་ཟིན་པས་བརྩི་མི་དགོས་ཆུ་ཚོད་ཁ་ལྷག་རྣམས་བཅུ་གཉིས་ཀྱིས་བགོས་པས་ལྷག་མེད་ཤར་བ་རྣམས་ལ་ཐོབ་པས་བཞི་བསྒྱུར་བས་ཀྱང་སོ་སོའི་ཞག་གནས་ལ་འཕྲི། ཞག་བཞི་པར་དེ་བཞིན་ལ་ཐོབ་པས་གཉིས་བསྒྱུར་བར་བྱའོ། །རེའུ་མིག་བདུན་བརྒྱད་དགུ་བཅུ་རྣམས། །ཞག་ལྔ་ལ་སོགས་དངོས་བསྟན་དེའི། །ཞག་ལས་ཞག་པོ་དུ་ལྷག་པའི། །གྲངས་ཀྱིས་ཉེར་བཞི་ལ་སོགས་པ། །སོ་སོའི་ཞག་གྲངས་བཀོད་པ་བསྒྱུར། །དཔེར་ན་ཞག་དྲུག་པ་ནི་རེའུ་མིག་བདུན་པ་ཞག་ལྔ་པའི་ཁོངས་ཡིན་ཅིང་། ཞག་ལྔའི་རྗེས་སུ་ཆུ་ཚོད་དྲུག་ཅུ་ལོངས་ནས་ཉིན་ཞག་གཅིག་ཏུ་རྒྱུ་ན། གཅིག་གིས་ཉེར་བཞི་བསྒྱུར་བས་འཕྲི། དེ་བཞིན་ཞག་བདུན་པར་གཉིས་དང་། བརྒྱད་པར་གསུམ། དགུ་པར་བཞིས་ཉེར་བཞི་བསྒྱུར་བ་སོགས་གཞན་ལ་འགྲེ་སྟེ། རེའུ་མིག་བརྒྱད་པར་ཞག་བཅུ་གཅིག །བཅུ་གཉིས། བཅུ་གསུམ། བཅུ་བཞི། དགུ་པར། ༡༦ ༡༧ ༡༨ ༡༩ བཅུ་པར། ༢༡༢༢ ༢༣ ༢༤ རྣམས་ཏེ་ཞག་འདི་རྣམས་བར་དུ་བཞག་སྟེ་ཕྱི་མར་མཆོངས་པས་རྒྱུད་ལས་གབ་པའི་ཞག་བཅུ་དྲུག་ཅེས་བྱའོ། །གཞན་ཡང་རེའུ་མིག་བདུན་པ་བརྒྱད་པར་བསྒྱུར་བྱ་ཉེར་བཞི། དགུ་པར་བཅུ་གཉིས། བཅུ་པར་དྲུག་ཡིན་ནོ། །
དེ་མན་ཆད་ཞག་གྲངས་རིམ་བཞིན་བཀོད་ཅིང་མ་སྦས་པས་སྒྱུར་བྱེད་མེད་དེ་ཐིག་བཀོད་པ་ཡིན་ལ། སྒྱུར་བྱེད་སྟོང་ན་བསྒྱུར་བྱ་དབྱི། ཞེས་པའི་རིགས་པས་ཆུ་ཚོད་གནས་གཅིག་དབྱི་བར་བྱའོ། །དེའང་དབྱངས་འཆར་བའི་རྒྱུད་ཉིད་དུ། ཉིན་ཕྱེད་ནས་ནི་ཉེར་ལྔའི་བར། ལྷ་ཡིས་ཤེས་ཀྱི་གཞན་གྱིས་མིན། །ཞེས་རེ་ཞིག་མ་གསུངས་པ་ཉིན་ཕྱེད་སོགས་དང་སྦས་ཞག་བཅུ་དྲུག་པོའི་འཚོ་ཚད་བལ་པོའི་མན་ངག་དང་། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པའི་འཆི་བདག་བསླུ་བའི་རྟོགས་པ་རྣམས་ནས་ཅི་རིགས་བསྟན། དེ་ཡང་སྦས་ཞག་ལ་འཕྲི་བྱེད་ཕྱི་མ་མི་དགོས་པར་སྔ་མ་ཁོ་ནས་ཆོག་པར་བྱས་ན་འཆི་བསླུ་ལས་གསུངས་པ་དང་འགྲིགས་ཀྱང་འཕོ་མཚམས་སུ་མང་ལ་གཞན་ཉུང་ཞད་ཆེ་འདུག །དེ་ནི་རྩ་བའི་འཚོ་ཚད་དང་པོ་འབའ་ཞིག་ལ་འཕྲི་བའི་དབང་དུ་མཛད། བལ་པོའི་མན་ངག་ལས། སྡེ་ཚན་དེ་དག་ཕྱི་མ་ཕྱི་མས། རང་རང་གི་སྔ་མ་སྔ་མས་འཕྲི་བའི་དབང་དུ་མཛད་འདུག་པ་འདི་ཤིན་ཏུ་འཚམས་པར་སྣང་བས་འཕྲི་བྱེད་ཕྱི་མ་འདི་བྱས་པ་ཡིན་ལ། བལ་པོའི་མན་ངག་གི་གྲངས་ལའང་ཡིག་ནོར་དུ་མ་སྣང་ངོ་། །དུས་འཁོར་རྒྱུད་ལས་དུས་སུ་འཆི་བ་རྣམས་ལ་ཐོག་མར་གཡས་གཡོན་གྱི་འཕོ་བ་ལས་དབུགས་གཅིག་ལོག་པར་རྒྱུ། དེ་ལྟར་བར་དུ་གཞན་བཞག་ནས་གཡས་གཡོན་སྤེལ་མའི་འཆི་ལྟས་ཀྱི་རླུང་བསགས་པས་དབུགས་དྲུག་
ལངས་ནས་ཆུ་སྲང་གི་འཆི་ལྟས་དང་། དེ་བསགས་པས་དྲུག་ཅུར་ལོངས་ནས་ཆུ་ཚོད་ཀྱི་འཆི་ལྟས་ཀྱི་རླུང་རྒྱུ་ལ། དེ་དྲུག་ཅུར་ལོངས་ནས་ཞག་གི་འཆི་ལྟས་འབའ་ཞིག་ཏུ་རྒྱུ་བ་ཡིན་ཅིང་། དེ་དག་རྣམས་ཀྱང་མུ་མཐུད་དུ་རྒྱུ་བ་མ་ཡིན་ཏེ། སོ་སོའི་བར་དུ་དུས་གཞན་ཅི་རིགས་བཞག་ནས་རྒྱུ་ལ། ཞག་གི་འཆི་ལྟས་ཀྱི་རླུང་རྒྱུ་བས་ལྟེ་བའི་རྩ་འདབ་དུས་སྦྱོར། འཕོ་བ་བཅུ་གཉིས་པོ་རིམ་པས་འདོར་བ་དང་། གློ་བུར་དུས་མིན་གྱི་འཆི་ལྟས་ལ་ཉི་མ་དང་ཟླ་བའི་ལམ་གཉིས་པོ་གང་རུང་གི་འཆི་ལྟས་ཀྱི་རླུང་རྒྱུ་ཚུལ་ལ་མང་ཉུང་སོགས་མི་འདྲ་བ་ཡོད་པའི་ཚུལ་ཞིབ་པར་རྒྱུད་དེ་ལས་ཤེས་པར་བྱའོ།། །། འདིར་ནི་དུས་སུ་འཆི་བ་དང་དུས་མིན་དུའང་རླུང་ལོག་པ་འཆི་ལྟས་སུ་གྱུར་བའི་ཚུལ་ཉིན་ཕྱེད་ནས་ཞག་སོ་གསུམ་བར་དུ་མུ་མཐུད་དེ་རྒྱུ་ཚུལ་གསུངས་ལ། དེའི་བར་ཆ་རྣམས་ཀྱང་རིགས་པས་ཤེས་ཕྱིར་འདི་ལྟར་བཀོད་པ་འདིས་བྱ་སླ་ཞིང་དོན་བདེ་བླག་ཏུ་རྟོགས་ནུས་པ་ཡིན་ནོ། །འདི་ཐད་གསལ་པོར་འཆད་པ་ཉུང་བས་ན་ཤིན་ཏུ་གསལ་པོ་ཞིབ་མོ་བཤད་པ་ཡིན་ནོ། །འདི་ནི་སྣ་བུག་གང་རུང་ནས། །ལས་རླུང་རྒྱུ་ཚུལ་འཆི་ལྟས་ཏེ། །མཉམ་པར་རྒྱུ་བ་ཡེ་ཤེས་རླུང་། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་བར། །རྒྱུས་ནས་ནངས་པར་སྐྱེས་བུ་འཆི། །གཡས་གཡོན་དབུས་
རྒྱུའི་འཆི་ལྟས་ཅན། །རིམ་བཞིན་ཉིན་དང་མཚན་དང་དབུས་སུ་ཞེས་ཉིན་ཕྱེད་མཚན་ཕྱེད་དུ་འཆི། །དབྱུག་གུ་ལྔ་ལའང་མི་སྡོད་པར། །ཆུ་ཚོད་གཉིས་ཀྱི་བར་དུ་ཡང་། །གཡས་གཡོན་ཡང་ཡང་འཕོ་དྲགས་ན། །ཡིད་བདེའི་རླུང་ཡིན་བཟང་བར་བཤད། །གལ་ཏེ་ཡོན་པོར་རྒྱུ་རླུང་གི །འཆི་ལྟས་བྱུང་ན་བསླུ་བའི་ཐབས། །ཡིད་ནི་བདག་མེད་ལམ་དུ་སྦྱངས། །རྐང་པ་སྐྱིལ་ཀྲུང་བྱ། མཆན་ཁུང་གཉིས་ཀྱི་འཕར་རྩ་བསྡམ། །བ་སྤུའི་མཐར་ཐུག་རླུང་གིས་བཀང་། །གྱེན་རྒྱུ་ཐུར་སེལ་དབང་བསྡུས་ཏེ། །བུམ་ཅན་འབད་པས་འཆི་མེད་འགྲུབ། །གཞན་ཡང་འཆི་ལྟས་བསླུ་ཐབས་བཅས། །བཀའ་དང་བསྟན་བཅོས་གཞུང་རྣམས་དང་། །ངག་གི་དབང་ཕྱུག་གྲགས་པ་ཡི། །འཆི་བདག་བསླུ་བའི་རྟོགས་པ་སོགས། །ཚད་ལྡན་གཞུང་ལས་བཤད་པ་ལྟར། །ཉམས་སུ་ལེན་པར་བྱས་པ་ན། །འཆི་བདག་བདུད་ཀྱི་གཡུལ་ལས་རྒྱལ། ༈ །གཞན་ཡང་གཟའ་དགུའི་ནང་ཚན་ལས། །གདུག་པས་གདུག་པར་གཏད་མཚམས་དང་། །བྱི་བཞིན་ཐ་མ་ཆུ་ཚོད་ལྔ། །མོན་གྲེའི་ཐོག་
ན་ཆུ་ཚོད་ལྔ། །བཅུ་པོ་བར་མ་ཆད་དུ་འདོད་དོ། །དེ་བཅུར་དབང་བྱེད་བྱི་བཞིན་ཞེས། །མིང་དུ་ཐོག་ལ་དེ་དུས་བཙས་སམ་རང་རང་གི །མིང་སྐྱེས་སྐར་ནས་བརྩམས་བགྲང་བ་ཡི། །སྐར་མ་བཅུ་བཞི་གང་ཡིན་པ། །ཆུ་ཚོད་བཅུ་པོ་དེར་ཐུག་ན། །བྱི་བཞིན་དབུས་སུ་སོང་ཞེས་པ། །མི་དེ་ཚེ་ཐུང་སྡུག་བསྔལ་མང་ཁ་ཅིག་སྐྱེས་སྐར་དང་མིང་སྐར་གཉིས་ཀྱི་བར་གྱི་དབུས་དྲང་པོར་བྱི་བཞིན་སོང་བ་ལ་བཞེད། གདུག་གཟས་གདུག་པར་གཏད་མཚམས་དང་། །དེ་ཉིན་ཟླ་སྐར་བྱི་བཞིན་གྱི། །ཆུ་ཚོད་བཅུ་ལ་སོང་བ་འཛོམ། །དེ་ཉིན་མི་དེ་འཆིའམ་རྩུབ། །རང་སྐྱེས་ཟླ་ཚེས་གཟའ་སྐར་ཁྱིམ། །བྱེད་སྦྱོར་བདུན་པོ་འཛོམ་ཉིན་དང་། །རང་སྐྱེས་ཁྱིམ་གྱི་སྐར་མ་ལ། །ཟླ་གནས་དེ་མདུན་ཁྱིམ་བདུན་པར། །ཐད་ཀའི་སྐར་མར་ཉི་མ་གནས། །འདི་དག་རྒྱས་པའི་དུས་ཞེས་བྱ། །དེ་དུས་གཉན་ཅིང་ཁྱད་པར་དུ། །འཆི་ལྟས་རླུང་བྱུང་འཆི་བར་བཤད། །བདུན་པར་སྡིག་མེད་ཞི་གནས་ཚེ། །སུ་ཡང་རུང་སྟེ་དགེ་བར་འགྱུར། །ཞིབ་ཏུ་བརྟགས་ལ་ཁ་དམར་གདགས། །། དེ་ནས་བྱེ་བྲག་ཏུ་བརྟག་
པར། །གང་ཟག་ལམ་དུ་ཞུགས་པ་ཡི། །བདེ་དོགས་རྣམ་པར་གསལ་བྱེད་པ། །སྦྲུལ་གྱི་ཙཀྲ་བཤད་པར་བྱ། །འདི་ལྟར་འཁྱོགས་འགྲོའི་ལུས་ལ་ནི། །ཐ་སྐར་ནས་བརྩམས་རིམ་པར་བཀོད། །སྐྱེས་བུ་འགྲོ་ཉིན་ཟླ་སྐར་དེ། །གང་ཡོད་རྩ་རྒྱུད་སྐར་མ་དགུར། །གཟའ་དགུ་གང་ཡོད་འབྲས་བུ་བརྟག །སྐྱེས་བུའི་འགྲོ་ལམ་དཔག་ཚད་ལ། །རྐང་པ་མདའ་འཕེན་ཇི་ཡོད་ཙམ། །གནས་ཀུན་རྩ་རྒྱུད་གནས་པའི་གཟས། །བསྒྱུར་ལ་དང་པོ་དགུ་ཡིས་བགོད། །ལྷག་མ་བཞིས་བསྒྱུར་རྐང་པ་བཅུག །དགུས་བགོས་ལྷག་མ་མཁའ་རོས་བསྒྱུར། །མདའ་འཕེན་བཅུག་ལ་དགུས་བགོས་ཐོབ། །དེ་གྲངས་ཟད་མཚམས་གཟའ་སོ་སོའི། །བཟང་ངན་འབྲས་བུ་འབྱུང་བར་འགྱུར། །ཁ་ཅིག་བགོད་བྱེད་ཉེར་བདུན་བཤད། །ཕར་འགྲོ་ཚུར་འགྲོའི་ཁྱད་པར་ནི། །རྩ་རྒྱུད་གཟའ་གང་སྦྲུལ་གྱི་ནི། །མཇུག་ཕྱོགས་གནས་ན་ཕར་འགྲོ་དང་། །མགོ་བོར་ཚུར་འོང་བརྩི་ཡང་ཟེར། །ཁ་ཅིག་འགྲོ་དུས་ཉི་དག་
གི །འདས་ཞག་གཟུགས་ནས་ཚེས་ཀྱི་བར། །ཁ་ཅིག་རང་རང་སོ་སོའི་འདས་ཞག་གི་ཆ་ཤས་ལའང་འདི་ལྟར་བརྩིས་པ་མྱོང་གྲུབ་ཡིན་ཟེར། ཁ་ཅིག་སྔ་རྐང་པར། ཕར་འགྲོ་བཅུ་དྲུག་སུམ་ཅུའི་བར། །ཕྱི་རྐང་ཚུར་ཟེར། ཚུར་འོང་པ་ལ་བརྩི་ཞེས་གྲགས། །གཟའ་དེ་རྒྱུ་སྐར་རྐང་པ་ནི། །དང་པོ་གཉིས་པར་ཕར་འགྲོ་ལ། །གསུམ་བཞིར་གནས་ན་ཚུར་འོང་ཡིན། ༈ ། ཁ་ཅིག་འགྲོ་སར་ཉིན་ལམ་གྲངས། །དུ་ཡོད་གཟས་བསྒྱུར་ཐོབ་པ་དང་། །ལྷག་མ་བཅུས་བསྒྱུར་ཐོབ་པ་དེ། །ཉིན་དང་ཐུན་ཕྱེད་གྲངས་སུ་བརྟག །གཟའ་ནི་ཉི་གཅིག་ཟླ་གཉིས་ནས། །སྤེན་བདུན་རཱ་ཧུ་བརྒྱད་དང་ནི། །ཀེ་ཏུར་དགུ་ཡིས་བསྒྱུར་བ་ཡིན། །ཁ་ཅིག་དཔག་ཚད་དགུ་ལས་མང་བ་ལ་བརྩི་བར་མི་བྱ་ཞེས་ཟེར། དེ་བཞིན་དམར་པོའི་ཙཀྲ་ལའང་དཔག་ཚད་ཉེར་བདུན་མུ་ཁྱུད་དུ་བསྐོར་བའི་ས་ལས་འདས་ཏེ་མི་བརྩི། དཔེར་ན་རྒྱལ་ལ་ཟླ་བ། མཆུ་ལ་དམག་དཔོན། ནག་པར་ལྷག་པ། མགོ་ལ་ཉི་མ། བྲ་ཉེར་པ་སངས་གནས་པ་ལྟ་བུ་དང་། འགྲོ་ལམ་དཔག་ཚད་གཅིག་ལྟ་བུ་ལ། ཟླ་བར་མིག་བསྒྱུར་དགུས་ཐོབ་དཔག་ཚད། དེ་ལྷག་མཚམས་བསྒྱུར་དགུས་
ཐོབ་རྐང་པ། དེ་ལྷག་དྲུག་ཅུས་བགོས་པ་མདའ་འཕེན་ཏེ། དེ་བཞིན་མིག་དམར་ལྷག་པ་འདི་རྣམས་ཕར་འགྲོའི་དུས་ཡིན། དེ་ནས་ཉི་མ་པ་སངས། འདི་གཉིས་ཚུར་འོང་ལྟ་བུར་བརྩི་ཡང་གསུངས། གོམ་པ་བརྒྱ་ལ་མདའ་འཕེན་གཅིག །དེ་དྲུག་ཅུ་ལ་རྐང་པ་གཅིག །དེ་བཞི་ལ་དཔག་ཚད་གཅིག་ཏུ་བཞེད། མདོར་ན་འགྲོ་ཉིན་ཟླ་སྐར་དེ། །གང་ཡོད་རྩ་རྒྱུད་དེ་དག་ལ། །ཞི་དྲག་གཟའ་ནི་གང་ཡོད་པའི། །འབྲས་བུ་འབྱུང་བ་ཁོ་ན་ཡིན། །ཉི་མས་འཇིགས་བསྔངས་ཕུགས་མི་སྐྱོན། །ཟླ་བས་བདེ་འབྱུང་བུད་མེད་རྙེད། །མིག་དམར་དགྲ་འོང་གཞན་གྱིས་གསོད། །ལྷག་པས་བཟའ་བཏུང་ཕུན་ཚོགས་རྙེད། །ཕུར་བུས་རིག་གནས་ཆོས་དང་སྦྱོར། །དཀར་པོས་ངལ་སོས་གཞན་གྱིས་མཆོད། །སྤེན་པས་འཆིའམ་བཙོན་དུ་འཛིན། །རཱ་ཧུས་ལམ་བགེགས་སླར་ལྡོག་སྲིད། །ཀེ་ཏུས་གོད་ཁ་ཅུང་ཟད་ཡོད། །ཟླ་གནས་རྩ་རྒྱུད་གཟའ་གཞན་མེད། །ཟླ་བ་རང་གི་ནུས་འབྱིན་པས། །ལམ་དེ་ཤིན་ཏུ་བདེ་བར་འགྱུར། །ཟླ་གནས་རྩ་རྒྱུད་སྐར་མ་ནི། །དགུ་པོ་ཁོ་ན་མ་གཏོགས་པའི། །རྩ་རྒྱུད་གཞན་ལ་བརྩི་མི་དགོས། ༈ །
བྱེས་སོང་སྐྱེས་བུའི་བདེ་སྡུག་ནི། །པདྨའི་འཁོར་ལོས་རྣམ་པར་བརྟག །འདྲི་ཉིན་ཟླ་སྐར་ནས་བརྩམས་ཏེ། །ཤར་འདབ་རྩེ་ནས་ནང་འཇུག་བཞི། །དེ་ནས་ཤར་ལྷོ་འཐོན་པ་གསུམ། །དེ་ལྟར་རྒྱུ་སྐར་ཉེར་བརྒྱད་བཀོད། །གོང་གིས་དྲི་བའི་ཉིན་དེ་ཡི། །ཟླ་སྐར་ནས་བརྩམས་ལྔ་ཚན་ལྔ། །ལྷག་མ་གསུམ་གྱི་རྣམ་་པར་ཕྱེ། །བྱེས་སོང་མིང་སྐར་གང་གནས་བལྟ། །ཁ་ཅིག་དྲིས་སམ་ལམ་ཞུགས་ཀྱི། །ཏ་རྐཱལ་དགུ་ཆའི་རྐང་པ་དང་། །རྗེས་མཚུངས་སྐར་མ་ནས་བརྩམས་ཏེ། །རིམ་པར་བཀོད་ལ་བརྟགས་ཞེས་ཟེར། །ལྔ་ཚན་དང་པོར་གནས༠༡༢་པ༣་ན༤། །ཤར་བཞི་ཤར་ལྷོ་གཅིག་དང་ལྔའོ། །བྱེས་ཡུལ་དེ་ན་རྟག་པར་གནས། །གཉིས་པ་ཚུར་ལ་འོང་བ་ཡི། །ལམ་དུ་ཆས་པ་ཙམ་ཞིག་ཡིན། །གསུམ་པ་ལམ་ཞུགས་བཞིར་ལམ་ཕྱེད། །ལྔ་པར་ཕྱེད་འདས་ལྷག་གསུམ་ལ། །སླེབས་ལ་ཁད་དུ་ཤེས་པར་གྱིས། །དང་པོས་ནོར་ཉམས། གཉིས་པས་ནད་ཐེབ། གསུམ་པས་སླེབས་ཀྱང་ཤི་དོགས་ཡོད། ནང་འཇུག་
རྣམས་གནས་བདེ་ཞིང་དགེ། ཕྱིར་འཐོན་ལ་ནི་བཏང་སྙོམས་སོ། །བྱེས་ཕྱིན་དོན་དེ་འགྲུབ་མི་འགྲུབ། །ཤར་ནས་བརྩི་བྱེས་མིང་འདབ་མ་དང་པོར་གནས། །ལས་ཀུན་འགྲུབ་པར་ཤེས་པར་བྱ། །གཉིས་པ་ནོར་དང་རྙེད་པ་ཐོབ། །གསུམ་གནས་ནད་འབྱུང་རྙེད་པ་མེད། །བཞི་པ་ཤིའམ་ནོར་རྙེད་ཤོར། །ལྔ་པ་ནོར་རྙེད་སྐྱིད་པ་ཡིན། །དྲུག་པ་ལན་གཅིག་ཚུར་འོང་ཀྱང་། །ཕྱིར་ལོག་སྐྱིད་ཙམ་མ་གཏོགས་པ། །དོན་ནི་ཇི་བཞིན་མེད་པ་ཡིན། །བདུན་གནས་ནོར་མེད་སྡུག་བསྔལ་ཆེ། །བརྒྱད་གནས་ནོར་ཉམས་ནད་འོང་འཆི། །བྱེས་སོང་དེ་ལ་དགྲ་དང་ནད། །ཡོང་ངམ་མི་ཡོང་བརྟག་པ་ནི། །བྱེས་མིང་ཟེའུ་འབྲུའི་སྐར་བཞིར་སོང་། །དགྲ་མེད་ནད་གཞི་བརྒྱུད་མར་ལྡང་། །ཕྱོགས་འདབ་རྩ་བ་བཞི་ལ་སོང་། །དགྲ་དང་ནད་ནི་གང་ཡང་མེད། །ཕྱོགས་བཞིའི་སྐར་དཀྱིལ་ལ་སོང་ན། །དགྲས་འཇོམས་ནོར་མེད་སྤྲང་པོར་འགྱུར། །ཕྱོགས་རྩེ་བཞི་ལ་སོང་བ་ན། །བྱེས་དགྲ་འོང་ཞིང་ན་ཚ་འཇུག །མཚམས་རྩའི་སྐར་བཞིར་སོང་བ་ན། །དགྲ་ཇག་ནད་ཀྱི་འཇིགས་པ་འོང་། །མཚམས་དཀྱིལ་བཞིར་སོང་དགྲ་འོང་ཞིང་། །
ནད་ཡོད་ནད་ལས་གྲོལ་བར་གསུངས། །མཚམས་རྩེའི་སྐར་བཞིར་དགྲ་ནད་དང་། །ལྟོགས་ཤིང་སྡུག་བསྔལ་བྱུང་དེ་འཆི། །དེ་ལྟར་སླེབས་ཚད་དོན་དང་ནི། །དགྲ་དང་ནད་ལ་སོགས་པ་བརྟག །དེ་ནས་ཡུལ་གཞིས་འཛིན་སོགས་ལ། །སྤེན་པའི་ཙཀྲ་འདི་ལྟར་བརྟག །སྤེན་པའི་རཱུ་པ་བྲི་བྱས་ལ། །སྤེན་པས་འཁྱུད་པའི་སྐར་མ་ནས། །བརྩམས་ཏེ་དེ་ཡི་ཁ་ལ་གཅིག །གསང་བར་གཉིས་དང་མགོ་བོར་གསུམ། །མིག་ལ་གཉིས་དང་སྙིང་ལ་ལྔ། །ལག་གཡོན་བཞི་དང་རྐང་གཡོན་གསུམ། །རྐང་གཡས་གསུམ་དང་ལག་གཡས་བཞི། །བཀོད་ལ་འབྲས་བུ་རྣམ་པར་བརྟག །འདི་ནི་རྒྱུད་ཀྱི་དགོངས་པ་ཡིན། །དབྱངས་འཆར་མན་ངག་ལས་ཀྱང་འདི་ལྟར་བྱུང་བས་ཡིད་ཆེས་ཀྱི་གནས་སོ། །ཁ་ཅིག་སྙིང་གའི་རྗེས་སུ་ནི། །ལག་གཡས་བཞི་དང་གཡོན་ལ་བཞི། །རྐང་པ་གཉིས་ལ་དྲུག་བཀོད་ཟེར། །རྒྱུད་ལས་ཁ་ལ་སྐར་མ་གཅིག །ལག་པར་གཡས་བཞི་
རྐང་པར་དྲུག །ལག་གཡོན་བཞི་ལ་སྙིང་གར་ལྔ། །མགོ་གསུམ་མིག་གཉིས་གསང་བར་གཉིས། །གསུངས་པ་སྤྱིར་བཏང་གྲངས་ཙམ་ཞིག་བསྟན་ལ། །འོག་ཏུ་ཁ་ནས་གསང་བ་སོགས། །བཀོད་རིམ་བསྟན་པ་ཡིན་ནོ། །མཆན། །འདྲི་བྱེད་སྐར་མ་ཁ་ལ་སོང་། །དེ་དུས་འགྲོའམ་ཡུལ་གསར་བཟུང་། །སྡུག་བསྔལ་སྣ་ཚོགས་དག་གིས་འཚེ། །གསང་བར་ཡུལ་ཐོན་འཇིགས་ཆེན་དང་། །བུད་མེད་གྲགས་འགྱུར་འཐབ་རྩོད་འབྱུང་། །མགོ་བོར་སོང་དུས་ཡུལ་བཟུང་ན། །ཤིན་ཏུ་བདེ་ཞིང་དགྲ་ཡང་མེད། །མིག་གཉིས་ནོར་དང་མཛའ་བོ་རྙེད་མི་མཐུན་པ་ཡང་མཛའ། །སྙིང་གས་ཆོས་ནི་སྡུད་པ་དང་། །བུད་མེད་ཐོབ་ཅིང་རྣམ་པར་རྒྱལ། །རྒྱལ་ས་རྙེད་ཀྱང་ལག་གཡོན་རྒྱལ་ས་འཆོར་བ་དང་། །ནོར་སྟོར་རང་གི་མཛའ་བོས་གསོད། །ལག་གཡས་རྒྱལ་ས་རྙེད་པ་དང་། །མི་མཐུན་རྣམས་དང་མཛའ་བར་འགྱུར། །རྐང་པར་ནས་འཕོ་ནད་འབྱུང་བུ་འཆི། །སྤེན་པའི་དབང་ལས་འབྲས་བུ་གསལ། །དེ་ནས་ནད་པར་གཅེས་པ་ཡི། །ཀླུ་ཡི་འཁོར་ལོ་ཞེས་པ་བཤད། །འདྲི་དུས་ཟླ་སྐར་ནས་བརྩམས་ཏེ། །སྦྲུལ་གྱི་ཁ་དང་
བདུན་དང་གསུས། །དཔྱི་དང་མཇུག་མ་མགུལ་པ་དང་། །དཔུང་པ་ལྟེ་བ་གསང་གནས་སུ། །རིམ་བཞིན་སྐར་མ་གསུམ་རེ་བཀོད། །ནད་པའི་སྐྱེས་མིང་སྐར་མ་གང་། །ཁ་དང་ལྟེ་བར་སོང་ན་ནི། །ནོར་རྙེད་ནད་ནི་ཞི་བར་འགྱུར། །དཔུང་པར་གནས་ན་རྣམ་པར་རྒྱལ། །མགུལ་པས་འཆི་བར་འགྱུར་བ་སྟེ། །གསུས་པར་ཡུན་རིང་ནད་ཀྱིས་མནར། །མཇུག་མདུན་མནར་ནས་འཆི་བར་འགྱུར། །གསང་བར་དོན་ནི་ཉམས་པར་འགྱུར། །དཔྱི་ལ་ཡུན་རིང་མི་བདེར་བཤད། ༈ །དེ་ནས་སེ་བའི་ཙཀྲ་བཤད། །གཡོག་པོས་དཔོན་ནམ་སློབ་མས་ནི། །བླ་མར་བསྟེན་འོས་བཀུར་བྱ་གང་། །བསྟེན་ན་འཕྲོད་དམ་མི་འཕྲོད་ཚུལ། །མི་ཡི་གཟུགས་ནི་བྲི་བྱས་ལ། །བླ་དཔོན་བསྟེན་བྱའི་མིང་སྐར་ནས། །མགོ་བརྩམས་སྤྱི་བོ་རྒྱབ་སྙིང་ག །རྐང་པ་རྣམས་སུ་བདུན་བདུན་བཀོད། །སྟེན་བྱེད་ཞུ་པོའི་མིང་སྐར་དེ། །མགོ་བོར་སོང་བར་གྱུར་པ་ན། །བསྟེན་བྱས་རང་ལ་ཕན་ཐོགས་ཤིང་། །ལེགས་སྟེར་རྗེས་སུ་འཛིན་པར་གསུངས། །
ཁྱད་པར་མིང་སྐར་གཅིག་ན་དགེ། རྒྱབ་སོང་བསམ་པའི་བཅུ་ཆ་རྙེད། །སྙིང་སོང་དཔོན་དེའི་དབང་དུ་འགྱུར། །ཅི་གསུང་བསྒྲུབ་དགོས་དལ་བརྒྱ་མཐོང་། །རྐང་པར་ཕན་མེད་རེ་ཐག་ཆད། །གང་མཐུན་བཀུར་བྱར་རྟེན་འབྲེལ་འདི། །བསྒྲིགས་ནས་བསྟེན་ན་ཕན་ཐོགས་འབྱུང་། །། དེ་ནས་བག་མར་གཅེས་པ་ཡི། །ཤ་ལ་ཀ་ཡི་ཙཀྲ་བཤད། །ཐུར་མ་བདུན་བདུན་ཕྱོགས་བཞི་རུ། །བསྣོལ་བའི་རྩེ་མོ་ཤར་ཐོག་ནས། །གཡས་བསྐོར་སྨིན་དྲུག་ལ་་སོགས་བཀོད། །བག་མ་འགྲོ་བའི་ཉིན་ཞག་གི །ཟླ་སྐར་དེ་ཡི་མདུན་གྱི་ནི། །སྐར་མ་གང་ཡིན་དེ་དག་ལ། །ཞི་གཟའ་ཡོད་ན་མདུང་ཆུང་ངམ། །ཟུག་རྔུ་ཆུང་ངུར་གྲགས་པ་ཡིན། །དྲག་གཟའ་ཡོད་ན་མདུང་ཆེན་ནམ། །ཟུག་རྔུ་ཆེན་པོ་ཞེས་སུ་བཤད། །ཞི་དྲག་གཉིས་ཡོད་ཟུག་རྔུ་ནི། །ཆེ་ཆུང་འདྲེས་སམ་ཡང་ན་ནི། །མདུང་དང་མདུང་ཆེན་སྦྱོར་བར་གྲགས། །དེ་ལ་བུ་སྐྱེས་འཆི་བ་སྟེ། །བྱེས་ཕྱིན་ཟླ་བ་གཉིས་
ན་འགུམ། །བག་མ་བླངས་ན་ཁྱོ་དེ་འཆི། །གཉེན་འབྲལ་དོན་གང་འགྲུབ་མི་འགྱུར། ༈ ། ཟླ་སྐར་ཐད་ཀའི་སྐར་མ་ལ། །གཟའ་གནས་ཚུར་ལ་གདོང་ཟུག་གང་། །ཉི་མའི་ཐད་དུ་ཡོད་པ་ན། །དེ་ཚེ་བག་བྱས་ཁྱོ་བོ་འཆི། །མིག་དམར་གྱིས་ནི་བུ་དང་འབྲལ། །ལྷག་པས་བཟའ་བཏུང་མེད་པར་བྱེད། །ཕུར་བུས་ནོར་ཉམས་སྡུག་བསྔལ་འབྱུང་། །པ་སངས་ཁྱོ་ནི་སྤངས་ནས་སུ། །བཙུན་མ་ལ་སོགས་མགོ་རེག་བྱེད། །སྤེན་པར་སྨད་ཚོང་ཉིད་དུ་འགྲོ། མདོར་ན་ཟླ་སྐར་ཐད་ཀ་རུ། །གཟའ་གནས་བག་མའི་འབྲས་བུ་བརླག། །དེ་ནས་བུ་མོ་གཞོན་ནུ་མར། །བརྩེ་དང་བག་མ་བླངས་པ་ལ། །གཅེས་པ་དཀར་པོའི་འཁོར་ལོ་བཤད། །མཛེས་གཟུགས་ཐལ་སྦྱར་བྲི་བྱས་ལ། །སྤྱི་བོ་མིག་དང་ཁ་མགྲིན་པ། །ལག་གཉིས་ཐལ་མོ་དེ་བཞིན་རྐང་། །གསང་བར་དེ་བཞིན་སྙིང་གར་ནི། །དཀར་པོའི་འཁྱུད་བརྩམས་གསུམ་གསུམ་བཀོད། །འོད་བརྒྱ་སོགས་ལས་འདི་དང་བཀོད་ལུགས་ཡེ་མི་འདྲ་བ་འདུག་ཀྱང་། འདི་ནི་རྒྱུད་ཀྱི་དངོས་བསྟན་ཇི་ལྟ་བ་བཞིན་དུ་བྲིས་པ་སྟེ་བཀའ་རྒྱའི་དབང་གིས་ཚིག་ཀྱང་མ་བཅོས་མོད། མཆན་གྱིས་གནད་ཅུང་ཟད་བཀྲོལ་བས་ན་ཐམས་ཅད་དཔྱད་པས་རྟོགས་ནུས་སོ། །
སྤྱི་བོའི་དུས་ལ་གང་དབང་དུ་བྱ་འདོད་པ། །བྲམ་ཟེ་དང་བུད་མེད་དང་བློན་པོ་རྣམས། །རིམ་བཞིན་བྲམ་ཟེ་དབང་དུ་བྱ་ན་རིག་བྱེད་དེས་རང་ལ་ཆོས་ཀྱིས་བཀུར། །བུད་མེད་བསྟེན་ནས་ཆུང་མར་བྱེད། །བློན་པོས་ནོར་སྟེར་ཕུན་སུམ་ཚོགས། །གནས་དགུ་པོ་དེ་དང་དེར་བདག་པོ་རང་གི་སྐྱེས་མིང་སྐར་མ་སོང་ཚུལ་ལ་བརྟག་སྟེ་མིག་གིས་བྲན་དང་བུད་མེད་འདུ། །རང་ལ་སྡུག་ཅིང་ཉེ་བ་དང་། །ཆུང་མ་ནོར་དང་བཀྲ་ཤིས་བྱེད། །ཁ་ལ་རྒྱལ་རིགས་མ་ནིང་གིས། །མགོ་སྐོར་བྱེད་དང་སྨྲ་དགོས་དང་། །ལུས་ལ་ཚད་པ་འབབ་པ་ཡིན། །མགྲིན་པར་རྗེའུ་རྒྱལ་རྣམས་དང་། །བུད་མེད་ལ་དགའ་གཏམ་སྨྲས་ན་ནོར་རྣམས་དང་། །བུད་མེད་ཐམས་ཅད་འདུ་བ་ཡིན། །ལག་གཉིས་སྐར་མ་ལ་གཞན་ལ་མཛའ་བའི་ངག་སྨྲས་པ། །རྒྱལ་དང་དམག་དཔོན་སྐྱེས་པ་ལ་བྱས་ན། །རང་ལ་ལྟས་ངན་འབབ་པ་དང་། །ཡུལ་དང་ནོར་དང་སྐྱེ་བོ་སྡང་། །ཐལ་མོ་ལ་ནི་གང་དབང་བ། །ཕལ་པ་དང་ནི་མ་ནིང་ལ། །ལྷ་དང་བླ་མས་མཆོད་བྱེད་ཅིང་། །ཆོས་དང་སྦྱིན་དང་རྒྱལ་རྣམས་འགྲུབ། །རྐང་པས་བདག་པོ་བྲམ་ཟེ་བློན། །སྐྱེས་པ་རྣམས་ལ་རིམ་པ་
བཞིན། །ནོར་ཟད་ཆུང་མ་སྤང་བ་དང་། །དགྲ་ཡི་དབང་དུ་སོང་བས་འཇིགས། །གསང་བའི་དུས་ལ་རྣལ་འབྱོར་པས། །དབང་བྱ་བྲན་དང་བུད་མེད་དང་། །ཡོན་ཏན་ཅན་མཁོན་ཆུང་མས་འབོར། །སྙིང་གའི་དུས་ན་དབང་བྱ་ནི། །བྲམ་ཟེ་དག་དང་མ་ནིང་ལ། །དབང་དུ་བྱེད་ན་གཉེན་གྲོགས་སྤོང་། །ནོར་དང་བྲམ་ཟེ་བུད་མེད་རྙེད། །འདི་ལས་ལ་སྤྱོད་དམ་དྲི་དུས་ཀྱི་ཉིན་ཞག་ཟླ་སྐར་གྱིས་མིང་གི་དོད་བྱས་ཏེ་བརྟག་ཀྱང་རུང་ངོ་། །རྣལ་འབྱོར་པས་སྤྱི་སྙིང་གསང་བར་བབ་ཚེ་དབང་དུ་བྱ་བ་མན་ངག་གོ །དགུ་ཆའི་དུམ་བུའི་མཚན་ཉིད་དེ། །སྤྱི་བོ་སོགས་གནས་དགུའི་བོའི་འབྲས་བུ་དེ་གའོ། །ཇི་སྲིད་ན་འཐོབ་ཡུན་ཚད་ནི། །ཁ་ལ་ཆུ་ཚོད་ཡུན་ཡིན་ཏེ། །སྐྱེས་མིང་ཕར་སོང་ན་ཁ་ཡི་འབྲས་བུ་ནི་ཆུ་ཚོད་དུ་བརྩི། དེ་བཞིན་དུ་ལག་པ་ཞག་ཏུ་བརྗོད་པར་བྱ། །གཞན་རྣམས་ཟླ་བ་སྤྱི་མགྲིན་ཐལ་མོ་རྐང་པ་གསང་བ་སྙིང་ག་མིག་ལ་ལོ། །དེ་ཡི་ངེས་པ་སྔར་འདས་ཀྱིས། །དུས་ཀྱིའང་དྲུག་ཅུའི་ཕྱེད་ལྷག་གང་ཡིན་པ། །སྤྱི་བོར་ཕྱེད་བརྩི་སྤྱི་བོའི་སྐར་མ་ལ་དྲི་དུས་ཀྱི་ཟླ་སྐར་ཆུ་ཚོད་དྲུག་ལྟ་བུ་བྱུང་ན་ཕྱེད་དུ་༣བརྩི། དེས་འགྲེས་ཀྱིས་མིག་ལ་གཅིག །མགྲིན་ལག་དྲང་པོ་དང་ནི་ཟེར་བ་འདུག །རང་ས་བཞག་པ་སྙིང་ག་ཕྱེད། །ཐལ་མོ་གཉིས་ཡིན་ཁ་ལ་དྲུག །རྐང་པར་
དགུ་ཡིན་གསང་གནས་དྲུག །ཉིན་ཞག་དཀྱིལ་འཁོར་མཉམ་དུས་ན། །ཇི་སྲིད་གཞན་ལ་མ་འཕོས་པར། །དེ་ཡི་འབྲས་བུ་མཉམ་པར་མཐོང་། །འདིར་ཁ་ཅིག་རེས་གཟའི་གྲངས་ལྟར་ཉི་མ་གཅིག་ནས་སྤེན་པ་བདུན་གྱི་བར་དུའང་ཟེར་རོ། །གཞན་ཡང་དཀར་འཁོར་ལུགས་གཅིག་ནི། །བུད་མེད་གཟུགས་བྲིས་དཀར་པོ་ཡིས། །འཁྱུད་པའི་སྐར་མ་ཁ་ལ་བྲི། །སྤྱི་བོར་གསུམ་དང་དཔྲལ་བར་གཅིག༤ །མིག་གཡས་གཉིས་ལ༥༦གཡོན་དུའང་གཉིས༧༨། །དེ་བཞིན་སྣ་ལ་གཅིག༩་བཀོད་དེ། །རྣ་བ་གཡས་གཅིག །༡ ༠་གཡོན་དུ་གཅིག ༡ ༡ །སྙིང་གར་ལྔ་དང་ལག་པར་གཉིས། །རྒྱབ་ལ་བཞི་དང་གསང་བར་གསུམ། །རྐང་པར་གཉིས་བཀོད་དེ་ཡང་ནི། །སྐྱེས་བུའི་ཁྱོ་བོའི་མིང་སྐར་ཁ་ལ་སོང་། །དེ་དུས་མི་ཁ་འབྱུང་བར་བཤད། །སྤྱི་བོར་སོང་ན་ཀུན་གྱིས་ཁུར། །ཁྱད་པར་རིན་ཆེན་གསེར་སོགས་རྙེད། །དཔྲལ་བར་ལུས་གུས་ངག་སྙན་སྨྲ། །མིག་གཡས་རང་མིག་ཚག་པ་དང་། །བུད་མེད་དག་གི་ལྕེ་འབབ་འགྱུར། །ཆུང་མས་མིག་གིས་མི་མཐོང་བཤད། །མིག་གཡོན་ཆུང་མ་སྤོང་ལེན་མང་། །སྣ་ཡིས་བུད་མེད་ངན་པ་རྙེད། །རྣ་བ་
གཡས་ཀྱིས་སྔ་མ་ཡི། །ཆུང་མས་རང་ལ་ལོག་པར་བལྟ། །རྣ་བ་གཡོན་གྱིས་གླེང་གཞི་མང་། །བུད་མེད་ཕྱི་མས་རང་སྲོག་གཅོད། །སྙིང་གའི་ལྔ་ལ་སོང་བ་ན། །བུད་མེད་ཀུན་གྱི་ཡིད་ལ་ཞུགས། །དབང་དུ་འདུས་ཤིང་བདེ་སྐྱིད་ཐོབ། །ལག་པ་གཉིས་ཀྱི་བུད་མེད་ནི། །བདག་ལ་དགའ་ཡང་ཁ་སྨྲ་འོང་། །ནད་ཀྱིས་རང་ཉིད་འདེབས་པར་འགྱུར། །རྒྱབ་ཀྱི་སྐར་མ་ལ་སོང་ན། །ཡོད་འཆི་ཞིང་ཕྱིས་མི་རྙེད། །ལོ་གསུམ་བསྒྲུབས་ཀྱང་ཁུག་མི་འགྱུར། །གསང་བའི་སྐར་མ་ལ་སོང་ན། །རང་དབང་མེད་པར་དབང་དུ་འདུ། །ཁ་སྨྲས་མི་འབྱུང་མི་དགུ་སྐྱེ། །རྐང་གཡས་སོང་ན་བུད་མེད་དེ། །གཞན་གྱིས་འཕྲོག་ཅིང་བཙོན་རར་འཇུག །རྐང་པ་གཡོན་གྱིས་གཞན་དང་འགྲོགས། །ཁྱད་པར་པ་སངས་ནབས་སོར་འཁྱུད། །མིང་སྐར་སྙིང་གར་སོང་འཛོམ་ན། །རྒྱལ་ཁམས་མི་རིགས་ཀུན་གྱིས་ཁུར། །འདི་ནི་མིང་སྐར་ཁོ་ནར་བརྟག །དེ་མིང་སངས་ཀྱིས་འཁྱུད་པ་དང་། །བདག་
ཉིད་སྙིང་ལ་ཞུགས་པའི་དུས། །དབང་དུ་བྱེད་སོགས་མན་ངག་གོ །ཡང་ནི་བག་མའི་རྩིས་བཤད་པ། །ཁྱོ་ཤུགས་གཟུགས་བྲི་བག་མ་དེ། །འགྲོ་ཉིན་ཉི་སྐར་ནས་བརྩམས་ཏེ། །ཁྱོ་ཡི་མགོ་དང་བུད་མེད་སྙིང་། །ཁྱོ་ཡི་སྙིང་དང་བུད་མེད་མགོ །རིམ་བཞིན་སྐར་མ་གསུམ་གསུམ་བཀོད། །དེ་ནས་སྐྱེས་པའི་ལག་པར་གཉིས། །དེ་བཞིན་བུད་མེད་ལག་པར་གཉིས། །ཁྱོ་ཡི་གསང་བར་སྐར་མ་གསུམ། །བུད་མེད་གསང་བར་ཡང་གསུམ་སྟེ། །ཁྱོ་ཡི་རྐང་པར་གསུམ་དེ་བཞིན། །བུད་མེད་རྐང་པར་གསུམ་བཀོད་དོ། །བུད་མེད་སྐྱེས་མིང་ཁྱོ་ཡི་ནི། །སྙིང་སོང་ཚེ་རིང་ཡིད་གཅུགས་འགྲོགས། །ཁྱོ་ཡི་སྐྱེས་མིང་བུད་མེད་ཀྱི། །སྙིང་གར་སོང་ནའང་དེ་དང་འདྲ། །པ་སངས་ཁྱོ་ཡི་སྙིང་ལ་གནས། །ཕྱོགས་ཀུན་རྣམ་པར་རྒྱལ་གྱུར་སྐྱིད། །གཟའ་ལྷག་བུད་མེད་སྙིང་ལ་སོང་། །བཞོན་མ་ནོར་འཕེལ་བུ་ལྔ་སྐྱེ། །
བུད་མེད་མིང་སྐར་སྐྱེས་པ་ཡི། །གསང་སོང་རྩོད་དང་དགྲ་མི་འབྱུང་། །ཁྱོ་མིང་བུད་མེད་གསང་བར་སོང་། །བུ་དགུ་སྐྱེ་ཞིང་བདེ་སྐྱིད་དང་། །གྲགས་པ་ཐོབ་པར་རབ་ཏུ་བཤད། །བག་མ་དབང་ཆེ་དབུལ་ཞིང་ནི། །བུ་ཚ་མང་བའི་ཙཀྲ་བཤད། །མཚམས་བཞིར་དམག་དཔོན་རེ་རེ་བྲི། །བག་མ་འགྲོ་ཉིན་ལྷག་པ་ནི། །གནས་པའི་སྐར་མ་ནས་བརྩམས་ཏེ། །བྱང་ཤར་ནས་བཟུང་བདུན་བདུན་བཀོད། །ཐམས་ཅད་གཡས་སུ་བསྐོར་བར་བྱ། །ཕུར་བུ་ཟླ་བ་ལྷག་སངས་བཞི། །མཚམས་་བཞིའི་དམག་དཔོན་རེ་རེར་སོང་། །སྐྱེས་པ་དབང་ཆེ་བུ་ཚ་མང་། །གཉིས་ཀ་དབུལ་པོར་འགྱུར་ཞེས་བྱ། ༈ ། ཡུགས་ས་འབྱུང་ངམ་མི་འབྱུང་གི །ཙཀྲ་ཡང་ནི་འདི་བཞིན་ཏེ། །བུད་མེད་གཟུགས་དང་ཅེ་སྤྱང་འབྲི། །བག་མ་འགྲོ་ཉིན་ཟླ་སྐར་ནས། །བརྩམས་ཏེ་རིམ་པ་བཞིན་དུ་ནི། །བུད་མེད་སྙིང་དང་ཅེ་སྤྱང་ཁ། །བུད་མེད་ལུས་དང་ཅེ་སྤྱང་ལུས། །
བདུན་བདུན་ལེགས་པར་བཀོད་བྱས་པས། །ཁྱོ་ཡི་སྐྱེས་མིང་ཅེ་སྤྱང་གི །ཁ་ཡི་༧༨༩ཕུགས་ཀྱི་སྐར་གསུམ་ལ། །སོང་ན་ཟླ་བ་གསུམ་ནས་འཆི།། དབུས་ཀྱི་ལོ་གཅིག༡ ༠་དག་ནས་འཆི། །མཐའ༡ ༡༡ ༢༡ ༣་གསུམ་སོང་ན་ལོ་གསུམ་ན། །སྐྱེས་པ་འཆི་ཞེས་བཤད་པར་བྱ། །ཅེ་སྤྱང་ལུས་སོང་ཡུན་རིང་ན། །དེ་ནས་འཆི་བར་ཚངས་པས་བཤད། །བུད་མེད་ལུས་ལ་སོང་ན་བཟང་། ༈ ། བག་མར་ནད་འབྱུང་མི་འབྱུང་ནི། །བུད་མེད་ལུས་ལ་སྦྲུལ་འཁྱུད་བྲི། །བག་མ་འགྲོ་ཉིན་པ་སངས་ནི། །གནས་པ་གཅིག་པོ་བུད་མེད་ཀྱི། །སྙིང་ལ་བྲི་ཞིང་དེ་ཡི་འཕྲོ། །བཅུ་དགུའི་བར་ནི་སྦྲུལ་དག་གི ། ཁ་ནས་མཇུག་མའི་བར་དུ་བྲི། །བུད་མེད་རྐང་པར་སྐར་མ་གཉིས། །ལག་པར་གཉིས་དང་གསང་བར་གཅིག །ཁར་གཅིག་དཔྲལ་བ་ལ་ཡང་གཅིག །སྐར་མ་ཐ་མ་སྤྱི་བོར་བཀོད། །སྡིག་གཟའ་བཞི་པོ་སྦྲུལ་ལ་ནི། །གནས་ནས་བུད་མེད་ལུས་འཁྱུད་པས། །བུད་མེད་སྡུག་བསྔལ་
ནད་འབྱུང་འགྱུར། །གཅིག་གཉིས་གནས་པས་ཅུང་ཟད་ན། །བཞི་འཛོམ་ཐ་མ་རླག་པར་བྱེད། །བསོད་ནམས་གཟའ་གནས་བུད་མེད་བདེ། །དྲག་གཟའ་སྦྲུལ་གྱི་མཇུག་མར་སོང་། །ཅུང་ཟད་ན་བར་འགྱུར་ན་ཡང་། །ཕྱིས་ནས་ནད་འབྲལ་བདེ་ལེགས་ཐོབ། །དབྱངས་འཆར་མཁན་པོ་འགའ་ཞིག་གིས། །འདྲི་བྱེད་ནམ་བྱུང་སྐར་མ་ནས། །མགོ་བཟུང་འབྲི་བའི་ལུགས་ཀྱང་མཛད། །རྩིས་མགོ་ལྔ་པོ་འདི་རྣམས་རིན་ཆེན་རྒྱ་མཚོར་བཤད་ཀྱི་དབྱངས་འཆར་རྒྱུད་ན་མེད་དོ། ༈ །གཞན་ཡང་བག་མར་བཤད་པ་ཡི། །ཟུར་བརྒྱད་དར་གྱི་འཁོར་ལོ་ནི། །ཉི་སྐར་ནས་བརྩམས་དབུས་སུ་གསུམ། །ཤར་ནས་རིམ་བཞིན་འདབ་མ་ལ། །སྐར་མ་གསུམ་གསུམ་རྣམ་པར་བཀོད། །དབུས་ལོགས་གཉིས་ཀྱིས་རྣམ་པར་འཇོམས།། ཤར་གྱིས་དཔལ་དང་འབྲུ་ནོར་འཕེལ། །མེ་ཡིས་འཆི་ཞིང་རིགས་ཉམས་བྱེད། །ལྷོ་རུ་སྐལ་ངན་དབུལ་དང་འཆི། །བདེན་བྲལ་བུ་རྙེད་སྐལ་པ་བཟང་། །ནུབ་ཏུ་ཁྱོ་དང་འབྲལ་བར་འགྱུར། །རླུང་ཕྱོགས་སྤྱོད་འཁྲུལ་བྱང་ཕྱོགས་སུ། །ནོར་དང་
འབྲུ་ལྡན་དབང་ལྡན་དུ། །བུ་མོ་བདེ་ཞིང་ཕུན་སུམ་ཚོགས། །བག་མའི་བྱ་བ་ཐམས་ཅད་ལ། །དངོས་གྲུབ་འདོད་པ་ཀུན་སྦྱིན་པའི། །དར་གྱི་འཁོར་ལོ་ཞེས་པ་འདི། །དྲང་སྲོང་ཆེན་པོ་ག་རྒ་ཡིས། །ཕན་པར་འདོད་པས་བཤད་པའོ། །། ཁྱོ་ཤུག་གཉེན་གྲོགས་ཡུལ་དཔོན་སོགས། །ཕན་ཚུན་མཐུན་ནམ་མི་མཐུན་ནི། །རིགས་གསུམ་འཁོར་ལོ་འདི་ཡིས་བརྟག །སྐར་མ་དགུ་རེ་རིགས་གཅིག་ཏུ། །བརྩི་བའི་ཙཀྲ་བལྟས་པས་ཤེས། །རང་རང་རིགས་ནང་མཉམ་པ་མཐུན། །ལྷ་དང་མི་གཉིས་འབྲིང་པོ་སྟེ། །ལྷ་དང་སྲིན་པོ་དེ་བཞིན་ནོ། །མི་སྲིན་མི་མཐུན་ཁྱོ་ཕོ་མི། །བུད་མེད་སྲིན་གྱུར་སྐྱེས་པ་འཆི། །མཐུན་པར་བསྡེབས་ཏེ་གྲོགས་དག་ནི། །མཛའ་དང་ཆུང་མ་ལ་སོགས་བརྟེན། །འདི་ནི་མིང་གི་སྐར་མས་སོ། །གཞན་ཡང་གཞུང་གཞན་ལས་བཤད་པའི། །སོ་ནམ་གོས་དང་སྨན་དཔྱད་དང་། །སྲང་གི་འཁོར་ལོ་ལ་སོགས་པ། །རྣམ་མང་གཞན་ཡང་ཤེས་པར་བྱ། །
དེ་ནས་སྦྲུམ་མར་གསུངས་པ་ཡི། །བྲེ་ཡི་ཙཀྲ་ཞེས་པ་ནི། །དཔེའུ་རིས་འདི་ལྟར་རབ་ཏུ་ནི། །དགེ་འདུན་བྲེ་ཡི་རྒྱབ་ལ་བྲི། །ཐ་མ་གང་རུང་བྲེ་ཡིས་ཆོག །འཕྲེད་ཐུར་བསེག་ཕྱོགས་བཞི་འགྲིགས་ལ། །གང་ནས་བརྩིས་ཀྱང་ཨངྐིའི་གྲངས། །ཚོ་བཞི་ཁོ་ནར་ངེས་པ་ཡིན། །གུར་གུམ་གི་ཝཾ་སྦྱར་བ་ཡིས། །ཛཱ་ཏི་མཱ་ལིའི་ཁ་ཅིག་སྣ་མའི་མེ་ཏོག་ལ་ངོས་འཛིན་ཀྱང་། སྨྱུ་གུས་བྲི། །དེང་སང་རྒྱ་བལ་ལག་ལེན་ལ། །ཙནྡན་དཀར་པོའི་སྨྱུ་གུས་བྲི། །མ་རྙེད་དྲི་བཟང་སྨྱུ་གུས་རུང་། །བྲེ་ཡི་རྒྱབ་ལ་རེའུ་མིག་བཅུ་དྲུག་པ་འདི་བྲིས་ནས་རྟེན་སྙིང་བཟླ། ཆ་གསུམ་གཏོར་མ་བཏང་། གཞན་ཡང་འཁོར་ལོའི་ཟུར་དུ་བདེ་བར་བཙའ་ཕྱིར་གཡུང་དྲུང་གཡས་འཁྱིལ་ཡང་བྲི་བར་གསུངས། ཁ་ཅིག་ཨངྐི་གཅིག་པ་ནས་ཨ་སོགས་དབྱངས་བཅུ་དྲུག་དང་སྦྱར་ཏེ་བྲི། རྟེན་སྙིང་ཚན་གཉིས་བྱས་ཏེ་གཡས་གཡོན་དུ་མར་བྲི། སྟེང་དུ་འབྲུ་གསུམ་བྲི་བ་སོགས་བྱེད་པའང་ཡོད། བྱིས་པ་བཙའ་ངེས་ཉི་མ་དེར། །རེའུ་མིག་དེ་ལ་སྦྲུམ་མ་མོ་རང་གིས་གཞན་གང་རུང་གིས་བཞག་ཟེར་བའང་སྣང་། གར་འདོད་མེ་ཏོག་འཇོག་ཏུ་བཅུག །གལ་ཏེ་གཅིག་ལ་ཕོག་པ་ན། །
ཉིན་ཞག་གཅིག་གི་བཅུ་དྲུག་ཆ། ༣༥༤ །ཆུ་ཚོད་ཕྱེད་བཞི་ལྷག་སོང་དུས། །བྱིས་པ་བཙའ་བར་འགྱུར་བ་ལྟར། །གཉིས་ལ་སོགས་ཀྱང་དེ་བཞིན་དུ། །ཉིན་ཞག་གི་ནི་ཆ་རུ་བརྩི། །དེ་བཞིན་ལྔ་ལ་དབྱུག་གུ་ནི། །བཅོ་བརྒྱད་སྲང་ནི་ཞེ་ལྔའི་དུས། །མདོར་ན་དབྱུག་མེ་སྲང་དབང་ཆུ། །གང་ཕོག་ཨངྐིས་བསྒྱུར་བ་ཡིས། །དབྱུག་སྲང་དེ་དེའི་དུས་ཀྱི་ཚེ། །བྱིས་པ་བཙའ་བར་དབང་ཕྱུག་གསུངས། །ཉིན་གྱི་ཐོག་མ་ནས་སོ། །མི་དང་དུད་འགྲོ་གང་ཡིན་ཀྱང་། །བུ་དང་ཤ་མ་མ་ཐོན་ན། །འཁོར་ལོ་མགོ་མཇུག་བཟློག་བྱས་ལ་ཁ་ཅིག་མགོ་གྱེན་དུ་མདོམས་ལ་བསྟན་གསུངས། སྦྲུམ་མ་དེ་ཡི་གསང་བར་བསྟན། །བུ་དང་ཤ་མ་ཐོན་པར་འགྱུར། །ཐོན་མ་ཐག་ཏུ་འཁོར་ལོ་ནི། །མ་བླང་བུ་སྣོད་ལུག་ཉེན་ཆེ། །རྒྱུད་གཞན་དག་ལས་ཙཀྲ་འདིར། །ཕན་གནོད་ལས་ཚོགས་མང་ཞིག་གསུངས། །ཞེས་དཔལ་གཡུལ་ལས་རྣམ་པར་རྒྱལ་བའི་རྒྱུད་དོན་རབ་ཏུ་གསལ་བའི་ངག་གིས་བཀོད་པ་ཀུན་གཟིགས་དབྱངས་འཆར་ཆེན་པོ་ཤེལ་གྱི་མེ་ལོང་ཞེས་བྱ་བ་ལས། ཡུལ་དུས་སྤྱི་དང་བྱེ་བྲག་གི་སྐྱེ་རྒུའི་བདེ་དོགས་ལུང་སྟོན་པ་རིན་ཆེན་
སྒྲོན་མེ་གསལ་བའི་སྐབས་ཏེ་ལྔ་པའོ།། །། དབྱངས་འཆར་རྒྱུད་ལས་འདི་ལྟར་གསུངས། །སྔོན་ཚེ་ལྷ་དང་ལྷ་མིན་དག །བ་སྤུ་ལྡང་བའི་གཡུལ་འགྱེད་ཚེ། །ལྷ་ཡི་དབང་པོས་བདག་ལ་དྲིས། །འདི་བཤད་ལྷ་མིན་ཕམ་པར་བྱས། །བསྟན་བཅོས་གསང་བ་ཆེན་པོའི་རྒྱུད། །གཡུལ་ལས་རྣམ་པར་རྒྱལ་བར་གྲགས། །ཞེས་དང་། རྒྱུད་རྣམས་ཀུན་ཏུ་སྦས་པ་སྟེ། །གསང་བ་བས་ཀྱང་ཆེས་གསང་བ། །གང་གིས་དབྱངས་འཆར་མི་ཤེས་པར། །གཡུལ་ལས་རྒྱལ་བར་འདོད་པ་ནི། །མཁའ་ལ་ཁུ་ཚུར་བསྣུན་འདོད་དང་། །སྨིག་རྒྱུའི་ཆུ་ནི་བསྙེགས་པ་བཞིན། །མཛེས་མ་ཇི་ལྟར་འཇིག་རྟེན་དུ། །དུས་ཀྱི་ལྷ་རྣམས་འཆར་བ་ལས། །བརྟག་དཔྱད་མེད་པར་འཇུག་པ་ནི། །བླུན་པོར་ངེས་སོ་རྫོང་ལྷ་མོ། །དུས་ཀྱི་བདག་པོ་རྣམས་འབྱུང་བས། །བརྟགས་ཤིང་དཔྱད་ནས་འཇུག་པར་བྱ། །ཤིས་དང་མི་ཤིས་ཐམས་ཅད་ཀྱི། །མཚན་ཉིད་རྣམས་ནི་སྟོན་པར་བྱེད། །གཅིག་ཏུ་ཡིད་ནི་དག་པ་ལ། །མི་རྟོག་ཕྱིར་ན་འདི་མི་དགོས། །ཞེས་དང་། ལྷ་མོ་དབྱངས་འཆར་
ཞེས་བྱ་བ། །དགོས་དོན་མ་ཚང་མེད་པ་ཡི། །རྒྱུད་འདི་བླ་མའི་མན་ངག་ལས། །ཐེ་ཚོམ་མེད་པར་ཤེས་པར་འགྱུར། །ཐམས་ཅད་མཁྱེན་པའི་སྐྱེ་བོས་ཀྱང་། །དོན་འདོད་དགའ་བས་འདིར་ཞུགས་ན། །བཤད་པའི་འཁོར་ལོ་འདྲི་བྱེད་ལ། །འབྲས་བུ་འཕྲལ་དུ་མཐོང་བ་ཡིན། །ཞེས་དང་། རྗེས་སུ་བསྔགས་པ་སྟོང་ཕྲག་གཅིག །འདི་ཡི་ཚད་བརྗོད་ལྷས་མཆོད་མ། །ཐེ་ཚོམ་མེད་ཅིང་འཇིགས་མེད་པར། །གཡུལ་ལས་རྒྱལ་བ་སེང་གེ་འདྲ། །ཞེས་དང་། ཐེ་ཚོམ་ཐམས་ཅད་གཅོད་པའི་རྒྱུད། །ལྷ་མོ་གསང་བ་ལས་ཀྱང་གསང་། །མཆོག་ཏུ་གསང་བ་རྣ་བཞི་པ། །ཞེས་པ་འཆད་པོ་དང་ཉན་པོའི་རྣ་བ་བཞི་ལས་གཞན་ལ་གསང་བའི་དོན་ནོ། །ཤིན་ཏུ་སྦས་འགྲུབ་ལྷ་མོ་ཀྱེ། །སྡིག་པ་ལ་བརྩོན་གཡོ་སྒྱུ་ཅན། །ཁྲོ་ཞིང་མ་རུངས་ལས་ལ་དགའ། །མེད་པ་བ་དང་རྒྱུད་འཚོང་བ། །གུས་མེད་རྣམས་ལ་སྦྱིན་མི་བྱ། །བླ་མ་ལ་གུས་སེམས་ཞི་བ། །བདེན་སྨྲ་རྟག་ཏུ་དགེ་ལ་བརྩོན། །བསྟན་བཅོས་དམ་པ་རྙེད་དཀའ་བ། །འདི་ལ་སྦྱིན་བྱ་ལྷས་མཆོད་མ། །ཞེས་གསུངས་སོ། །དེ་ལྟར་བླང་དོར་
གསལ་བའི་གཙུག་ལག་ནི། །ཀུན་གཟིགས་དབྱངས་འཆར་ཤེལ་གྱི་མེ་ལོང་ཞེས། །ཕུན་ཚོགས་ལྔ་ཡི་གྲངས་དང་ཉེར་ལྡན་པའི། །གཞུང་བཟང་ཉི་མ་བརྒྱ་པའི་སྣང་བ་འབར། །ཉིན་ཚོའི་མཐོང་བ་དག་ལས་རིང་བརྒལ་བའི། །མཁས་མཆོག་རྣམས་ཀྱི་མཁྱེན་པའི་མེ་ལོང་ལ། །རྣམ་མང་ཤེས་བྱའི་གཟུགས་བརྙན་སྒྲིབ་མེད་དུ། །འཆར་བའི་སྐལ་བཟང་འདི་ལ་སུ་ཡིས་འགོག །དེ་ཕྱིར་སྟོན་པས་འདུལ་བ་ལུང་ལས་ཀྱང་། །གཞན་ལ་ལེགས་པར་གོ་བར་བྱེད་ནུས་ཤིང་། །རྒྱལ་བའི་བཀའ་ལ་བརྩོན་པ་མི་གཏོང་ན། །ཕྱི་རོལ་བསྟན་བཅོས་དག་ཀྱང་གཟུང་གསུངས་ན། །ཕྱི་དང་ནང་གི་རྟེན་འབྲེལ་ཟབ་མོའི་ཚུལ། །ཇི་སྐད་བརྗོད་ལ་དུས་ཀྱི་འཁོར་ལོ་སོགས། །ཐེག་མཆོག་རྒྱུད་སྡེ་ཆེན་པོ་རྣམས་དང་ཡང་། །དགོངས་པ་གཅིག་དང་དབྱངས་གཅིག་ཉིད་གྱུར་པ། །སྤྱན་རས་གཟིགས་དབང་སྒྲོལ་མས་ཐུན་མོང་ངོར། །ལྷ་མཆོག་བདེ་འབྱུང་ཡབ་ཡུམ་རྣམ་རོལ་པས། །སྐྱེ་རྒུའི་མིག་བཟང་གྱུར་པ་བླང་དོར་རྩིས། །འདི་འདྲ་འདོམས་པར་མཛད་ལ་སུ་མི་གུས། །གཟུང་འཛིན་སྣང་བ་མཐུག་པའི་ནགས་ཁྲོད་དུ། །རེ་དོགས་གོམ་པ་འདོར་བའི་
གཡོ་བག་གང་། །ཐོགས་མེད་རྗེས་སུ་ཞུགས་པའི་ཡིད་ཅན་རྣམས། །བབ་ཅོལ་རྩོམ་པས་ཉམ་ངའི་གཡང་སར་ལྷུང་། །ཆོས་ཀུན་ལྟ་བ་ཤེས་རབ་སྤྱན་བྱེད་ཅིང་། །གནས་སྐབས་རྟེན་འབྲེལ་ཟབ་མོའི་རྒྱུ་སྲང་ལ། །འགྲིམས་ཤིང་ཆོས་ཀུན་རྟེན་ཅིང་འབྲེལ་བའི་གནད། །མཐོང་བ་གང་དེ་བདེ་ནས་བདེ་བར་འགྲོ། །སྣ་ཚོགས་འབྲས་བུའི་རྩིས་ཚུལ་ནོར་བུའི་ལྗོན་པ་རྒྱས་པའི་གྲིབ་བསིལ་དུ། །དུས་སྦྱོར་གསལ་བའི་མིག་བཟང་བགྲད་ཅིང་གཡུལ་ལས་རྒྱལ་བའི་རྡོ་རྗེ་ཅན། །རྩིས་ཕྲན་མེ་ཏོག་ཕྲེང་བས་ཉེར་མཛེས་བླང་དོར་ཀུན་གསལ་སྒྲོན་མེའི་འོད། །མདུན་ན་བསྟར་བའི་བློ་ལྡན་ལྷ་འདྲི་ཕུན་ཚོགས་དངོས་པོ་བརྒྱ་ཡིས་རྩེན། འདི་འདྲའི་སྒྱུ་ཐབས་གྲུབ་པའི་ཟུར་མིག་གིས། །རྒྱལ་སྲིད་ཆེན་པོའི་དཔལ་ཀྱང་བདེ་བླག་ཏུ། །འགུགས་པར་བགྱིད་པ་ནོར་བུའི་མཆོག་ཡིན་ཀྱང་། །ཁྭ་ཡི་ཚོགས་འདྲ་བླུན་པོའི་དཔལ་མ་ཡིན། །གང་ཞིག་ཕས་ཀྱང་བུ་ལ་མི་སྦྱིན་ཞིང་། །ཕོངས་ཀྱང་རིན་ཆེན་གསེར་ལ་མི་བཙོང་བ། །གསང་བའི་གདམས་པ་གཡུལ་ལས་རྒྱལ་བའི་རྒྱུད། །བལྟས་པ་ཙམ་གྱིས་བདེ་བླག་རྟོགས་བྱེད་འདི། །དད་
བརྩོན་བློ་གྲོས་ལྡན་པའི་གང་ཟག་ལ། །ཤེས་སུ་གཞུགས་པར་འདོད་པའི་བརྩེ་བ་དང་། །བླ་མའི་གསུང་ལ་གུས་པས་བརྩོན་པ་ཡི། །མི་ཕམ་རྣམ་པར་རྒྱལ་བ་བདག་གིས་བྲིས། །རྒྱུད་དོན་རྒྱ་མཚོ་བརྒལ་བའི་རྣམ་དཔྱོད་ནི། །དྲི་མེད་བཻཌཱུའི་གླིང་ལྟར་མངོན་དགའ་བ། །དེ་ལས་བྱུང་བའི་རྩིས་རིག་རིན་ཆེན་ཚོགས། །སྐལ་བཟང་སྐྱེ་བོ་དགའ་བའི་རྒྱན་དུ་མཛོད། །བརྩེ་བ་དང་བྲལ་རང་འདོད་ཆོས་བརྒྱད་མཁན། །སྡང་ཆགས་བློ་ཡི་ཚུལ་འདི་མངོན་འདོད་པ། །གཡོ་སྒྱུའི་འཛུམ་བག་སྟོན་པའི་ལག་ཏུ་ནི། །དཔེ་འདི་འཇུག་པ་དུས་ལྷའི་ཚོགས་ཀྱིས་བཤོལ། །གཟའ་དང་རྒྱུ་སྐར་དུས་ཀྱི་ལྷ་མོ་སོགས། །ཕྱི་དང་ནང་གི་རྟེན་འབྲེལ་གསང་འཛིན་ལྷ། །དགྱེས་པའི་ཞལ་རས་ཟླ་བ་ལྟ་བུ་ཡིས། །ཚུལ་བཞིན་འདི་འཛིན་རྣམས་ལ་ཤིས་པ་སྩོལ། །དེ་ལྟར་བརྩམས་པའི་ལེགས་བྱས་དགེ་བ་ཡིས། །གནས་སྐབས་བླང་དོར་ལམ་བཟང་གསལ་བ་དང་། །མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པ་ཡི། །ཡེ་ཤེས་སྤྱན་བཟང་འགྲོ་བས་རྙེད་གྱུར་ཅིག །མཁའ་དང་བར་སྣང་ས་ལ་གནས་པ་ཡི། །ལྷ་དང་དྲི་ཟ་གྲུབ་པའི་རིག་
འཛིན་ཚོགས། །ཀུན་གྱི་གཙུག་གིས་ཕྱག་རྒྱས་བདེ་འབྱུང་ཚེའི། །གཞུང་འདི་འཛིན་འཆང་སྤེལ་ལ་དགེ་ལེགས་མཛོད། །ཆོས་རྗེ་བླ་མའི་ཞབས་པད་བསྐལ་བརྒྱར་བརྟན། །ཆོས་སྐྱོང་རྒྱལ་པོའི་རྒྱལ་སྲིད་ཕྱོགས་ལས་རྒྱལ། །ཆོས་འཛིན་དགེ་འདུན་སྡེ་དང་བཤད་སྒྲུབ་འཕེལ། །ཆོས་ལྡན་སྦྱིན་བདག་འབྱོར་པ་རྒྱས་གྱུར་ཅིག །ཕྱོགས་དང་དུས་ལ་རྒྱུ་བའི་མཐུ་བོ་ཆེ། །སྲིད་པའི་བདག་པོ་རྣམས་ཀྱི་དགྱེས་པའི་ཞལ། །པདྨ་བཞད་པའི་རྣམ་འགྱུར་རྗེས་འགྲོ་བས། །སྐྱེ་རྒུའི་དགེ་མཚན་སྣང་བ་སྤེལ་གྱུར་ཅིག །ཅེས་དཔལ་གཡུལ་ལས་རྣམ་པར་རྒྱལ་བའི་རྒྱུད་དོན་རབ་ཏུ་གསལ་བའི་ངག་གིས་བཀོད་པ་ཀུན་གཟིགས་དབྱངས་འཆར་ཆེན་པོ་ཤེལ་གྱི་མེ་ལོང་ཞེས་བྱ་བ་སྐབས་ལྔ་པའི་བདག་ཉིད་ཅན་འདི་ནི་ཆུང་ངུའི་དུས་ནས་གཞུང་འདི་ལ་ཤིན་ཏུ་དགའ་བས་ཅུང་ཟད་སྦྱངས་ཤིང་། རང་ལོ་བཅུ་དགུ་པར་དབུས་གཙང་ཕྱོགས་སུ་གནས་བསྐོར་ལ་ཕྱིན་ཚེ་རྨི་ལམ་དུ་ཀུན་གཟིགས་དབྱངས་འཆར་ཆེན་མོ་ཤེལ་གྱི་མེ་ལོང་ཞེས་བྱ་བའི་པོ་ཏི་ཞིག་རྙེད་ནས་ཀློག་པར་རྨིས་པ་སོགས་རྟེན་འབྱུང་དགེ་
བར་བསམ་ཞིང་། དེ་སྐོར་གཞུང་དེའི་རིགས་ཀྱི་དཔེ་ཆ་རྒྱ་གཞུང་རྣམས་དང་། མཆོག་དགའ། འོད་བརྒྱ། རྒྱན་མེ་སོགས་ཅི་རིགས་དང་། བླ་མའི་ཞལ་ཤེས་དང་རང་གི་རྣམ་པར་དཔྱད་པ་ལ་རྟེན་ནས་རྩིས་རིག་སོ་སོའི་སྐབས་ཁོལ་བུར་བྲིས་ཟིན་ཐོགས། ངེས་པ་དོན་གྱི་ཐམས་ཅད་མཁྱེན་གཟིགས་ཆེན་པོ་བདག་གི་འདྲེན་མཆོག་མཚུངས་མེད་འཇམ་མགོན་ཟུར་ཕུད་ལྔ་པ་སུམ་ལྡན་རྡོ་རྗེ་འཛིན་པའི་རྣམ་པར་རོལ་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་གཙུག་ལག་སྨྲ་བའི་ཉི་མ་ཞེས་འཇིག་རྟེན་གསུམ་ན་སྙན་པར་གྲགས་པ་གང་གི་ཞལ་སྔ་ནས་དབྱངས་འཆར་གྱི་ལག་ལེན་རྣམས་ཕྱོགས་གཅིག་ཏུ་བྲིས་ཤིག་ཅེས་བཀའ་སྩལ་ནོར་བུའི་ཅོད་པན་གཙུག་ཏུ་བཅིངས་ཤིང་། བཀྲ་ཤིས་པའི་ལྷ་གོས་དང་། རིན་ཆེན་གཉིས་པའི་གནང་སྦྱིན་གྱ་ནོམ་པ་བསྩལ་བ་ལ་བརྟེན། རྗེ་ཉིད་ཀྱི་ཆོས་ཀྱི་གྲལ་མཐར་སྐྱེས་པ་བཙུན་ཆུང་མི་ཕམ་རྒྱ་མཚོའམ། མིང་གཞན་འཇམ་དཔལ་དགྱེས་པའི་རང་མདངས་མཚོ་བྱུང་བཞད་པའི་གེ་སར་ཞེས་བྱ་བས་དཔལ་ལྡན་ངོར་པའི་བཤད་སྒྲུབ་ཀྱི་ཆོས་སྡེ་ཆེན་པོ་རྫོང་གསར་བཀྲ་ཤིས་ལྷ་རྩེར་རབ་ཚེས་དབང་ཕྱུག་ལོའི་ཁྲུམས་
ཟླའི་ཚེས་གྲངས་དགེ་བར་མཚམས་སྦྱོར་ཕྲན་བུས་བརྒྱན་ཏེ་གཞུང་གཅིག་ཏུ་གྲུབ་པར་བགྱིས་པ་ལ་སླར་ཡང་རབ་ཚེས་ས་སྤྲེལ་གྱི་ལོར་ཆབ་མདོ་རྫོང་མགོ་རི་ཁྲོད་དུ་བསྐྱར་བསྣན་དང་ཞུ་དག་ལེགས་པར་བྱས་པ་འདིས་ཕྱོགས་དུས་ཀུན་ཏུ་བཀྲ་ཤིས་ཀྱི་སྣང་བ་རྟག་ཁྱབ་ཏུ་འབར་བར་གྱུར་ཅིག །སརྦ་མངྒ་ལཾ།། །། ཨོཾ་སྭཱ་སྟི། དཔལ་ལྡན་གཡུལ་ལས་རྣམ་པར་རྒྱལ་བ་ཡི། །རྒྱུད་ཀྱི་རྡོ་རྗེའི་སྦས་པ་མངོན་དུ་ཕྱུངས། །མན་ངག་དོན་རྣམ་རབ་ཏུ་གསལ་བ་ཡི། །ཡེ་ཤེས་མེ་ལོང་འཇམ་དབྱངས་བླ་མས་བྱིན། ༡ །སྲིད་གསུམ་དགྲ་ལས་མི་ཕམ་རྣམ་པར་རྒྱལ། །སྙན་གྲགས་རྒྱ་མཚོའི་ཕ་མཐར་ཁྱབ་པ་ཡི། །བསྟན་བཅོས་ལྷ་དབང་ལྷ་ཡི་རྔ་སྒྲ་འདི། །བསྟན་པ་བསྲུང་བའི་མདེལ་ཁ་རྣོན་པོ་ཡིན། ༢ །འདི་ཉིད་སྤར་དུ་བཞེངས་པའི་ལེགས་བྱས་མཐུས། །ཀུན་མཁྱེན་བླ་མའི་དགོངས་པ་རྫོགས་པ་དང་། །བྱང་ཕྱོགས་ཀཱ་ལ་ཙཀྲའི་ཕོ་བྲང་དུ། །དྲག་པོ་འཁོར་ལོ་ཅན་དང་དབྱེར་མེད་ཤོག ༣ །ཅེས་པའང་དགོས་པའི་གནད་དོན་ཁྱད་པར་ཅན་དུ་མཐོང་ནས་པདྨ་འོད་གསལ་མདོ་སྔགས་གླིང་པའི་གསང་གསུམ་འཛད་པ་མེད་པའི་ཕྲིན་ལས་ལ་ཡི་དམ་དུ་བཅའ་བ་འཇམ་དབྱངས་བློ་གྲོས་རྒྱ་མཚོ་རང་ཉིད་ཀྱིས་སྤར་དུ་བཞེངས་སྐབས་སྨོན་ཚིག་ཏུ་བྲིས་པ་ཤུ་བྷཾ། །མངྒ་ལཾ།