གསོ་བ་རིག་པའི་མན་ངག་གཅེས་བཏུས་དང་ལག་ལེན་དམར་ཁྲིད་ཀྱི་སྐོར་ཕན་བདེའི་བང་མཛོད།
གསོ་བ་རིག་པའི་མན་ངག་གཅེས་བཏུས་དང་ལག་ལེན་དམར་ཁྲིད་ཀྱི་སྐོར་ཕན་བདེའི་བང་མཛོད་བཞུགས་སོ། །
ཨོཾ་སྭ་སྟི། འགྲོ་བའི་དུག་གསུམ་ནད་རྣམས་སེལ། །ཕན་བདེའི་དབུགས་དབྱུང་སྟེར་བའི་མགོན། །དོན་གཉིས་ལྷུན་གྲུབ་སྨན་པའི་རྒྱལ། །བཅོམ་ལྡན་འདས་ལ་གུས་ཕྱག་འཚལ། །བླ་མ་སྨན་པའི་རྒྱལ་པོ་མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེའི་གསུངས་གསོ་བ་རིག་པའི་སྐོར་གྱི་ཡིག་སྣ་ཐོར་བུ་ཕྱོགས་གཅིག་བསྒྲིགས་པ་ལ། ཐོག་མར། མཚོགས་གསང་ད་ཆེན་འཕར་རྩ་ཡིན། སྣ་རྩེ་ཐོང་རྩ་གསུམ། །དཔྲལ་གདོང་ཁུག་མིག་སོ་འགྲམ་འཕར་རྩ། རྣ་མུར་ནང་རྫོན། གོང་འཕར་རྩ། བཅུ། །ལྟག་རལ་འཕར་རྩ། ལྟག་རྩ་ཤ་རྩ། ལྕེ་རྩ་ཞབས། དྲུག རྩེའུ་ཆུང་དཔུང་རྩ་དཔུང་མཇུག་གྲུ་ཁུག་གི་དེ་ཡིན། དྲུག་མགོ་དང་། །གློ་རྩ་སྒང་རྩ། སྣོད་ཀ་གྲུ་ཁུག་སྙིང་རྩ་ཨ་སོ་ལི་ཀ་ རུ་ཐུང་དང་། །མཛུབ་མོའི། སྐྱོར་གོང་རྒྱབ་རྩ་ཆེ་བ། དྲུག་འདུས་སྲིན་ལག་རྒྱབ་རྩ། ཕྲན་བུ་རྣམས། །རེ་རེར་གཡས་གཡོན། གཉིས་གཉིས་བཅོ་བརྒྱད་དོ། །ཕྲན་རྩའི་བར་རྩ་བཞི་བཞི་བརྒྱད། །མཁྲིས་པ་བད་ཀ ན་གློ་སྙིང་མཆིན་མཁྲིས་རུ་ཐུང་སྒང་དང་། གླང་རྩ་འདོམ། གློ་མཆིན་འདོམ་རྩ། གཤའ་རེངས་བཞི་ལ་འདོམ་རྩ་དྲུག ཕོ་བའི་ར་གཡས་གཡོན་གཉིས། དང་ཕོ་མཚན། འགྲམ་རྩ་དང་། །རྩ་བརླ་ནང་ཆེན་སྒ བ་སྒྱིད་ཁུག རྩ་རྟ་ངར་གདོང་འཕྲེད་ཡོད། མཐུར་དང་། །བྱིན་གཞུག་བྱིན་ཉྭ་ཞབས་དང་། སྐྱོག་དེའི་འཁྱོགས་མཚམས། གདོང་རྩ་ངར་གདོང་། དང་། ལོང་རྩ་དེའི་སྣེ་ཡོབ་གོང་རྒྱུ་རྩ་རྐང་ཞབས་བཅས། །ཉེར་གཉིས་བསྡོམས་ན་དོན་བདུན་ཡིན། །དཔྲལ་རྩ་གསེར་མདུང་དངུལ་མདུང་གཉིས། །དབུས་མ་མཚོགས་གསང་ལས་གཞན་མིན། །ཆུ་སེར་གཤའ་རེངས་དངོས་བསྟན་མིན། །གཞན་དུ་བརྩི་ཚུལ་གྲངས་མང་ཡང་། །ཕྱི་རྒྱུད་གཏར་ལེར་
འགྲིགས་དཀའ་བས། །འདི་ཙམ་རྒྱུད་ཀྱི་དངོས་བསྟན་ཡིན། །དེ་སྐད་རང་སློབ་ཨ་ཚང་དོར། །དྲང་སྲོང་ཨ་ཛི་ཏ་ཡིས་བྲིས། །མན་ངག་འཛམ་གླིང་ནོར་དགའ་ཨི་ཐི་རྒྱཿ ནི་པུཥྤ་ནི་ལའི་མདངས་ཅན་ཟེར་བྲིས་འདུག ཨཱ། ཨ་ལཀྟ་སྤུ་ཅན། གཞན་རྣམས་ཀྱི་དྲུག་ཆ་ཙམ་འདེབས། འདི་གཉིས་ཁོ་ནའོ། །འབོལ་བདུན་བོང་དཀར་བཅུ་པ་ཚ་ལའོ། །གྲང་བར་ཨ་བྷི་དྲུག་པ། ད་ལི་བཅུ་དྲུག་གཞི་བྱས། འཆི་མེད་རིལ་དཀར་ཀྱང་ངོ་། །དེས་ཚ་ན་ཞག་བདུན། གྲང་ན་དགུས་ཟླ་གཅིག་པས་སོ། །ཨེ་མ་ཨེ་མ་ཧོཿ སྨན་ནི་མདོང་གང་ངམ་དོ་རེས་སོས། ཉིན་རེ་ཅི་མང་དུ་བསྟུད། ཐུན་ཀྱང་ཆེ་ངེས་བྱ། ཚ་བ་སླ་སྟེ་སླར་མི་ལྡོག་ཆུ་དཀར་སྦུ་བ་མཆིལ་འདྲ་གྲང་། དམར་སོགས་དེ་བཟློག་ཚ་བར་བཤད་དེ་སྟག་བླའི་འཆི་བདག་ཞག་གཅོད་ཀྱིས་སྤྱི་ཁོག་བཟུང་ལ་མན་ངག་ཉི་ཟླ་གཉིས་ཀྱི་རྣ་ཆ་འདི་ཁོ་ནའོ། །འདི་པས་བཞེད་པའི་ཨ་ལཀྟ་ནི་རྐྱལ་པ། ༦ ༠ ༥ཟེར་ཏེ་ལོ་མ་གསུམ་ཙམ་ས་ལ་བཀྲད་པོར་སྐྱེ་བ། ལོ་མའི་ཕྱི་ནང་ཀུན་སྤུ་ཆུང་གིས་སྐྱ་ཐིབས་སེ་ན་ལྟོང་ཁེ་མེད་ཀྱང་། མེ་ཏོག་གཅིག་གཉིས་ཙམ་སྔོ་སྐྱ༡། མེ་ཏོག་གཉིས་བསྣོལ་འདྲ་དཔྱད ། འབྲས་བུ་སྒྲོ་ཆུང་ཟླུམ་དཀར་ནར་མོ་སོར་རེ་ལྷག་༩ ཙམ། འདི་འདྲའི་ནང་འབྲས་བུ་ལེབ་ཆུང་ཅན་དེས་ཐམས་ཅད་དུ་མི་སྐྱེ་ས་མེད་དངོས་སུ་མཐོང་། འདི་ལས་ནི་ལ་ནི་སྔ་མ་ཕྱོགས་འདྲ་བ་ལས་ཁྱད་པར་སྤུ་ཆུང་མེད་མདོག་ལྗང་ནག་ལྟ་བུ། ལོ་མའི་རྩེ་མོ་ལྟོགས་ཁེ་ཅན། ལོ་མའི་རྐང་པ་དམར། མེ་ཏོག་སྔོ་ནག་དམར་མདངས་༢མནོ་ཞད་ཆེ། སྒྲོ་བ་སྔ་མ་འདྲ་གསུངས། ཚད་ནི་གོང་བཞིན་ངོས་ལ། གྱར་དགོན་དུ་རྒྱ་སྐྱེག་ནི་ལ་ཤར་བལྟས་ཞིང་མུར་སྐྱེ། སྔོན་པོ་ཨ་ལཀྟ་བྱང་བལྟས་
རི་སུལ་སྐྱེ་བ་དེས་ཕན་འདུག་གསུངས། དང་པོ་གསང་སྨན་གཉིས་སྔོར་རློན་དུས་ཆོལ་བརྡུང་གྲིབ་བསྐམ་བྱ་ལོགས་སུ་བཞག དགོས་དུས་སྨན་གཞན་དུམ་གཉིས་བཅད་པའི་ཕྱེད་དེ་ཡང་ཆ་གསུམ་བགོས་ནས་ཆ་གཅིག་ཕྱིར་དོར་དེ་ཚབ། ༣༨༤ སྨན་བླུགས། ཁྱིམ་བུས་བསྲེས་ནས་སྦྱིན་གསུངས། འདི་འཛམ་གླིང་གི་ནོར་སྣ་གཅིག་ལས་དགའ་གསུངས་པ་ཆེས་གདགས་གུ་ཧྱ་རྒྱ་ཞེས་གདམས། བཏུ་དུས་མེ་ཏོག་ཤར་ནས་སྒྲོ་བ་སྐྱེས་པའི་བར་ཁྱད་མེད་འདྲ་གསུངས། ༧༦༨༠༤༡༦བ་མོ་ཉལ་སློང་སྣོད་བཟེད་ཟ་ཡཱ་སིཌྵ། སྣོད་བསླངས་འདུས་ཏེ་ཁཎྚ་བྱས་པ་དེ་ཀུན་ལ་བཟང་། སྒ་ཏིག་ནི་ཡོངས་གྲགས་ཤེས་རྒྱུ་དེ་ཡིན་ལ་སྲིབ་ཐད་ནས་བཏུ་སྲོལ་འདུག སྒ་ཏིག་གི་ཁཎྚ་བྱ། བསྒ་སོ་སོ་ནས་རིལ་བུ་བྲ་རིལ་ཙམ་རེ་མཉམ་མམ་སོ་སོར་བཏང་བས། ༦ །འབྱིན་མཐོང་གསུངས། འདི་ནི་རྡོ་རྗེའི་མཆེད་པོ་གུ་ཎས་རང་ལ་ཆེད་དུ་གསང་བ་སྤྲོས་ཏེ་གནང་བ། འཛམ་གླིང་ཕྱེད་ལས་དགའ་ངེས་སོ། །འཆི་བདག་ཞགས་པ་འདྲ་བ་ཡི། ཚ་གྲང་དམུ་ཆུས། ༦༨སཾ༤༡༦ཆུ་སྦྱོང་དལ་༡༠༦ ༦༨༠ ཟིན་པ་ལ། འཛམ་གླིང་ཕྱེད་ཀྱིས་མི་བསླུ་སྟེ། །སྨན་འདིས་དངོས་སུ་བསླུ་བར་མཐོང་། །ས་མ་ཡཿ སྐད་དོད་དང་བསྟུན། རྒྱ་སྐྱེགས་དང་སྔོན་པོ་གཉིས་བསྣོལ་འདུག་ཀྱང་། མིང་སྐད་དོད་མཐུན་པར་བཏགས་ལ་ཚད་ཉམས་མྱོང་གིས་གྲུབ་པའི་ཞལ་ཤེས་བཞིན་བྱས་ན་ལེགས་སོ། །ཚད་ཀྱང་བསྣོལ་ནས་ནད་མངོན་སུམ་གྱིས་གཏན་ལ་ཕབ་པར་བྱའོ། །ཞེས་པ་སྔར་གསུངས་གདམས་ངག་བརྗེད་དོགས་རྩ་ཐོ་རྣམས་དགེ་བྱེད་ཆུ་སྟག་ཟླ་བ་བཅུ་གཉིས་ཚེས་ཉེར་གཉིས་ལ་རྫོགས་ཆེན་རི་ཁྲོད་དུ་སྨན་པ་དྷཱིས་བཀོད་པ་དགེའོ། །ཆུ་ཐུབ་༦ ༠ ༥ ཆུ་ཐུབ་༣༨༤གསང་༦ ཆུ་བདག་གིས་འབད་དེ་བརྟགས་པས་ནི་ལ་ཟེར་ཀྱང་མེ་ཏོག་མོན་ཁ་དེ་མཐོང་བ་འདྲ། མདོར་ན་ལོ་མ་ལ་སྤུ་ཆུང་ཡོད་མེད་དང་། མདོག་རྒྱ་སྐྱེགས་དང་སྔོན་པོ་ཁྱད་ཕྱེ་དགོས་འདྲ། ལོ་མ་ལྟོང་
ཁེ་ཡོད་མེད་ཀྱང་དཔྱོད། པུཥྤ་ནི་ལ་མདངས་མེད། །དགེ ༄༅། །གཅེས་བཏུས་བཞུགས་སོ། །པུཥྤ་མཱ་ལ། ན་མོ་གུ་རུ་པདྨ་མཉྫུ་ཤྲཱི་ཡེ། ཟུག་རྔུ་འབྱིན་པ་བླ་ན་མེད། །སྨན་པ་ཆེ་མཆོག་གཙོ་བོར་འདུད། །སྨན་རྣམས་མ་ལུས་ལྗོན་པའི་ཤིང་། །དེ་ལས་ཉེར་མཁོའི་མེ་ཏོག་བཏུ། །ག་བུར་ཉེར་༡ལྔ། གཙོ་བརྒྱད་༢། ཁྲག་འཁྲུགས་ཀུན་སེལ། སེལ་མྱུག༡༣་སྤྲུ་ནག་ཉེར་དགུ རྒྱལ་བློན་བཅུ་བདུན། བདུན་ཐང་། ཐང་ཆེན་ཉེར་ལྔ། སྤང་རྒྱན་བཅོ་ལྔ། ཅུ་གང་ཉེར་ལྔ་བཅས། དཔལ་ལྡན་ཕྱི་མའི་རྒྱུད་ལས་ག་བུར་ཉིད། །རྒྱལ་བུ་ལྟ་བུར་ཚོགས་སུ་འདོན་པ་ཞེས། །ག་བུར་གཏོང་མི་བོད་རིགས་ལ་ག་བུར་ཚ་བ་སྟོང་ཟིལ་གཡའ་ཀྱི་ཆ་མཉམ་བྱེད་པ་ཨུ་བ་དེ་ཤའོ། །ག་བུར་བཟང་པོ་དྲུག་དང་ཨ་ག་རུ། །ཙན་དན་དཀར་དམར་ཨུད་པལ་གེ་སར་གཉིས། །རུ་རྟ་ཟི་ར་དཀར་པོ་པ་ལེ་ཀ །ཤིང་ཚ་ཆུ་སྲིན་སྡེར་མོ་པུ་ཤེལ་ཙེ། །སྤང་སྤོས་རྡོ་དྲེག་དམར་པོ་འབུ་སུ་ཧང་། །ཚ་གྲང་འབྲས་བུ་གསུམ་དང་ཚ་བ་གསུམ། །ཁ་བསྒྱུར་ཀ་ར་དཀར་པོ་དྲུག་འགྱུར་སྦྱར། །དོན་སྣོད་ཤ་ལྤགས་རྩ་རྒྱུས་ཚད་པ་དང་། །འགྲམས་འཁྲུགས་རིམས་དུག་ཚ་བ་གསར་རྙིང་དང་། །དྲེག་གྲུམ་མེ་དབལ་བྱང་ཁོག་ཐིག་ཟག་རྣག །ལུས་ལ་གནས་པའི་ཚ་བ་མ་ལུས་འཇོམས། །ཁྱད་པར་ཚད་རྙིང་བྱེར་བ་གཏིང་ནས་འདོན། །ཚད་རྙིང་གཏིང་ཞེན་ནད་ལ་འདི་ཀ་བཏང་། །རྒྱས་ཚད་གཙོ་བོ་བརྒྱད་པའི་སྦྱོར་བ་ནི། །བསིལ་གྱི་གཙོ་བོ་གི་ཝཾ་ཙན་དན་དཀར། །རྩི་ཡི་གཙོ་བོ་ཅུ་གང་གུར་གུམ་གཉིས། །ཐང་གི་གཙོ་བོ་ཏིག་ཏ་བ་ཤ་ཀ །སྔོ་ཡི་གཙོ་བོ་ཧོང་ལེན་བོང་ང་དཀར། །ཀ་ར་དཀར་པོ་བཞི་འགྱུར་རྟ་ལ་བསྐྱོན། །དོན་སྣོད་གློ་མཆིན་ཁྲག་མཁྲིས་འཁྲུགས་རིམས་ཀྱི། །ཚད་པ་གསར་རྙིང་མ་ལུས་འཇོམས་པར་
བྱེད། །ཚད་སྟོབས་ཆེ་ན་དེ་སྟེང་ག་བུར་བསྣན། །རྒྱས་ཚད་གཏན་ནས་འཇོམས་པར་འདི་ག་བསྔགས། །ཁྲག་འཁྲུགས་ཀུན་སེལ་ཞེས་བྱའི་སྨན་མཆོག་ནི། །ཅོང་ཞི་འབྲི་མོག་མ་ནུ་བ་ཤ་ཀ །གི་ཝཾ་སྐྱུ་རུ་ཅུ་གང་ཤིང་མངར་སྦྱར། །གཏར་དགོས་གཏར་མི་དགོས་པའི་བདུད་རྩི་ཡིན། །ཙན་དན་དཀར་དམར་གཉིས་དང་འབྲས་བུ་གསུམ། །བྲག་ཞུན་སྤོས་དཀར་སོ་མ་ར་ཛ་དང་། །ཅུ་གུར་ལི་གསུམ་པི་ལིང་དངུལ་ཆུ་སྦྱར། །སེང་ལྡེང་ཁུ་བས་འཕུལ་བས་ཆུ་སེར་སྐེམ། །དེ་ལ་སེལ་བའི་མྱུ་གུ་བཅུ་གསུམ་ཟེར། །རྙོགས་ཚད་མ་ལུས་འཇོམས་པ་འདི་ག་བསྔགས། །སྤྲུ་ནག་སྨན་ཆེན་འཛིན་པ་བདུད་རྩི་ལོ། །གར་ནག་ཕུར་ཁན་ནིམ་པ་སུ་ཅུ་ཏིག །ཙན་དན་གི་ཝཾ་ཅུ་གང་གུར་གུམ་དང་། །ག་དུར་དེ་བ་བྲག་ཞུན་པརྦ་ཏ། །བོང་དཀར་གླ་རྩི་གུ་གུལ་སྟག་ཤ་ནག །ཨ་གར་གྲི་ཤ་ཤུ་དག་མུ་ཟི་སེར། །ཨ་བྱག་ཚེར་སྔོན་མིང་ཅན་ནག་པོ་དང་། །ལི་ཤི་གསེར་མེ་སྤྲུ་ནག་ཉེར་དགུའམ། །ཆིག་བརྒྱུད་དང་ལྡན་སུམ་ཅུ་རྩ་གཉིས་པ། །མིང་ཅན་སེར་པོ། སྤང་རྩི། རེ་ལྕག་མེ་ཏོག་གོ། ཡང་རི་དྭགས་གཉན་གྱི་ཤ་བསྣན་པ་གསང་སྨན། འཆི་བདག་གཡུལ་ལས་རྒྱལ་བའི་ཕ་ལམ་སྟེ། །སླེ་ཏྲེས་ཐང་ངམ་ཆུ་ཚན་ཚ་མོས་དབུལ། །སྦྱོར་ཚད་རང་རང་ནད་ཀྱི་ཁ་སྒྱུར་སོགས། །ཟབ་མོ་ཆིག་བརྒྱུད་ལྡན་པའི་ངག་ལས་ཉོན། །བལ་ནད་རྒྱུ་གཟེར་གག་ལྷོག་འབྲུམ་ནག་དང་། །མཁྲིས་པ་རྩར་རྒྱུག་གཟེར་ཐུང་སུམ་འདྲིལ་སོགས། །དུས་ངན་གཉན་རིམས་པཪྤ་ཏ་ཞེས་པ། །བཅོས་དཀའ་འགྲོ་སྲོག་མྱུར་དུ་ལེན་བྱེད་པའི། །གཉན་ཚད་རླུང་གསུམ་འཐབ་པའི་ནད་ཀྱི་རིགས། །མི་བྱེར་བསྡུ་གསོད་
མ་ལུས་བྱེད་པའི་མཆོག །བྱིས་པ་རྒན་པོ་ཟུངས་ཟད་མ་གཏོགས་པ། །སྨན་བཏང་ལོག་པའི་ཉེས་པ་འདིར་མི་འབྱུང་། །དེ་ཕྱིར་ནད་བརྒྱ་སྨན་གཅིག་གཅེས་པར་ཟུང་། །ཌཱ་ཀིའི་ཁ་རླངས་དྲོད་བྱིན་ཐུ་ལེ་བ། །གཏེར་སྨན་ལགས་སོ། །ངོ་མཚར་ཁྱད་འཕགས་གདམས་པའི་སྙིང་པོའོ། ༧ །ཁོང་ལྷོག་འཇོམས་པ་རྒྱལ་བློན་བཅུ་བདུན་ནི། །རིལ་བུ་གསང་སྨན་ནུས་ལྡན་བསྲེག་བྱ་སྟེ། །ཐང་ཕྲོམ་དཀར་པོའི་རྩ་འབྲས་གང་རིགས། ༡ ༠ ༠ རྒྱལ་པོ་ཡིན་ནོ་བློན་པོ་མ་གི་ཏ ༠ ༥ ༠ ཞལ་ཁ་བསྒྱུར། །དམག་མི་ས་བཅུད་ཕོ་མོ་དངུལ་ཆུ་མུ་ཟི་དུལ་མ་དྭ་བ་དང་། །རྣོ་མཚོན་རྒྱ་ཚྭ་གཏུམ་པོ་སྨན་ཆེན། ཐང་ཕྲོམ་ལང་ཐང་ཙེ། །ཤུ་དག་འཛིན་པ་གུ་གུལ་སྤྲུ་མ་ནག །བྱི་ཏང་མ་རུ་ཙེ་དང་སྒོག་སྐྱ་དང་། །ཤིང་ཀུན་གཡེར་མ་གྲེས་མའི་འབྲས་བུ་གསུམ། །གཙོ་བོ་ཆ་གཅིག་གཞན་རྣམས་ཆ་མཉམ་དེ། །ཞིབ་བཏགས་རིལ་བུ་མར་དྲིལ་ཕུར་ཐང་དབུལ། །ཞལ་ཤེས་ཁྱི་ཕག་སྤྱང་གསུམ་བྲུན་བསྣན་ནོ།། ཐུན་ཚད་ནད་སྟོབས་སྦྱར་བས་གཉན་སྲིན་གསོད། །ས་སྟེང་འདི་ཡི་གཉན་ནད་ཐམས་ཅད་ཀུན། །སྦྱོར་བ་འདི་ཡིས་མི་འཇོམས་ཡོད་མི་སྲིད། །འདི་མེད་ཁོང་ལྷོག་གསོ་འདོད་སྨན་པ་རྣམས། །དཔའ་བོ་མཚོན་མེད་གཡུལ་ངོར་འཇུག་པ་འདྲ། །དེས་ན་འདི་ནི་ཤིན་ཏུ་གཅེས་པར་ཟུང་། །གཉན་རིམས་སྲོག་མྱུར་འཕྲོག་ལ་འདི་རང་ཟབ། །འབྲས་གསུམ་མ་ནུ་བཞི་ཐང་མ་ནུ་སླེ་ཏྲེས་སྒ་དང་ཀནྜ་ཀ་རིའོ། །བསྲེས་པ་ནི། །ནོར་བུ་བདུན་ཐང་ཞེས་གྲགས་གདུས་ཐང་དབུལ། །རླུང་ཁྲག་འཁྲུགས་དང་མ་སྨིན་ཚ་བ་སོགས། །ནད་ཟུངས་ཁམས་འདྲེས་སྡུག་བསྔལ་རྙོགས་པའི་རྒྱུན། །ཆུ་དྭངས་ནོར་བུ་
ཆུ་སྟེང་བཞག་པ་བཞིན། །དེ་རྣམས་མ་ལུས་རང་བཞིན་དྭངས་པར་འགྱུར། །ཐང་ཆེན་ཉི་ཤུ་རྩ་ལྔའི་སྦྱོར་བ་ནི། །ཁ་ཆེ་གུར་གུམ་ཐང་གི་གཙོ་བོ་ལ། །ཨ་བར་སྐྱུར་གསུམ་མ་ནུ་པ་ཏྲ་དང་། །པུས་ཀར་མུ་ལ་རྒྱ་ཏིག་ཧོང་ལེན་དང་། །ཀྱི་ལྕེ་བོང་དཀར་འུ་སུ་པཪྤ་ཏ། རྒྱལ་བའི་སྤྱན་ཅན་མིང་ཅན་ནག་པོ་འཁྲི་ཤིང་དབྱི་མོངས་པ་ཏོ་ལ། །འོམ་བུ་འམ་གསེར་མེ། ལྡུམ་བུ་རེ་རལ་ཕག་ཁྲག་གང་ག་ཆུང་། །ཨུད་པལ་བ་ཤ་ཀ་དང་པྲི་ཡདྐུ། །བྲག་ཞུན་སེ་འབྲུ་སུག་སྨེལ་བསེ་ཡབ་རྣམས། །སྦྱར་བ་ཐང་ཆེན་ཉི་ཤུ་རྩ་ལྔ་པས། །དུག་དང་སྨུག་པོ་ཚད་རྙིང་བྱེར་བ་སྡུད། །ཚ་གྲང་འདུ་བ་ཆ་སྙོམས་དང་ག་འབྱེད། །རླུང་མི་སྐྱེ་ཞིང་པད་མཁྲིས་གཉིས་ཀ་སེལ། །དེས་ན་སྦྱོར་བ་ཀུན་གྱི་རྒྱལ་པོར་བཤད། ༈ །སྤང་རྒྱན་ཨར་ནག་སྙིང་ཞོ་ཤ་དང་ནི། །ཙན་དན་ཛཱ་ཏི་ཅུ་གང་སྲོ་ལོ་དཀར། །རུ་རྟ་འབྲས་གསུམ་སླེ་ཏྲེས་བ་ཤ་ཀ །ལི་ཤི་ཤིང་མངར་སྤང་རྒྱན་བཅོ་ལྔ་ཁྱུང་པོའི་ཤོག་དྲིལ་ལུགས། འདིས། །ཆམ་ཚད་གྲེ་བར་བབས་པས་དབུགས་མི་བདེ། །བད་རླུང་སྟོད་དུ་འཁྱིམ་དང་གཟེར་ཆེན་དང་། །ཁྱད་པར་བད་ཚད་སེལ་ལ་འདི་རང་བསྔགས། །མགྲིན་པའི་ནད་སེལ་དབྱངས་སྙན་སྐྱེད་པར་བྱེད། །གཡུ་ཐོག་ཟབ་བཅུད་ཅུ་གང་ཉེར་ལྔ་ནི། །ཅུ་གང་ལ་སོགས་བཟང་དྲུག་གི་ཝཾ་དང་། །ཤིང་མངར་རྒུན་འབྲུམ་སྲོ་ལོ་ཨ་ཀྲོང་དང་། །སྟར་བུ་རུ་རྟ་ག་དུར་བ་ལེ་ཀ །ཧོང་ལེན་ཙན་དན་གཉིས་དང་འབྲས་བུ་གསུམ། །པ་ཡག་རྩ་བ་ཨ་ཀྲོང་དཀར་པོ་དང་། །ནག་ཚང་། ཚར་བོང་རྩ་བ་ཟི་ར་དཀར་པོ་རྣམས། །ཞིབ་བཏགས་ཀ་ར་དཀར་པོའི་རྟ་ལ་བསྐྱོན། །ཞུ་མཁན་ཚོས་བཙོད་བའོ་དག་ལ་སྤང་། །དེ་ཡི་ཁུ་བ་བཞུར་བའི་དྭངས་
མ་དེས། །གོང་གི་སྨན་འཕུལ་གུང་གཉིས་ཚད་དུས་ལ། །འཇུ་བར་བྱེད་པ་དྲང་སྲོང་ཞལ་གདམས་ཡིན། །གློ་ནད་གློ་གཟེར་ཁྲག་ཏུ་འདུ་བ་དང་། །གྱེན་ལ་མི་ཕེར་གློ་བརྒྱལ་ཆེ་བ་དང་། །རོ་སྟོད་ཚ་ཁ་ཆམས་རྒན་རུས་ཞེན་དང་། །གློ་བར་ཚད་པ་ཞུགས་པའི་ནད་རིགས་སོགས། །མདོར་ན་བྱང་ཁོག་སྟོད་ཀྱི་ཚ་བ་སེལ། །རེག་པས་བདེ་སྟེར་ལྷ་ཡི་བདུད་རྩི་ཡིན། །ཁྲག་བཤིག ཤིང་ཀུན་ཉེར་ལྔ། གྱད་རིགས་ཉེར་གཅིག་ཨ་གར་སོ་ལྔ། ཅོང་ཞི་ཉེར་གཅིག ཟླ་ཤེལ་མྱུ་གུ། བསམ་འཕེལ་ནོར་བུ། མང་སྦྱོར་ཆེན་མོ། ཀླུ་བདུད་བཅོ་བརྒྱད། སར་ཁྱུང་། སེ་འབྲུ་བདེ་སྙོམས་བཅས། ཁྲག་བཤིག་ཆུ་ཡི་འཁོར་ལོ་ཞེས་པ་ནི། །ཙན་དན་དམར་པོ་ཞོ་ལྔ་གཞིར་བཞག་ལ། །མཛོ་མོ་ཤིང་དང་སྟར་བུ་ཧོང་ལེན་དང་། །གི་ཝཾ་གསེར་གྱི་མེ་ཏོག་རྣམས་ཞོ་དོ། །ལི་ཤི་དང་ནི་ཁ་ཆེ་གུར་གུམ་དང་། །བལ་གུར་པྲི་ཡངྐུ་དང་ཨུད་པལ་སྔོ། །བ་ཤ་བ་ལེ་ནིམ་པ་མཚལ་འུ་སུ། །གུར་ཏིག་སུམ་ཅུ་ཏིག་དང་བཙོད་དང་ཚོས། །འབྲི་མོག་སེང་ཕྲོམ་མ་ནུ་སླེ་ཏྲེས་དང་། །སྐྱུ་རུ་ཀཎྚ་ཀ་རི་པཪྤ་ཏ། །སྤང་རྩི་རུ་རྟ་རེ་སྐོན་བྲག་ཞུན་དང་། །གཡའ་དུག་སོག་ལེ་ཁ་དང་སྲོ་ལོ་དམར། །བྲ་བོ་ཅོང་ཞི་དམར་པོ་དེ་རྣམས་ནི། །ཞོ་རེ་ཀ་ར་དཀར་པོ་སྲང་དོ་སྦྱར། །བྲ་པོའི་ཐང་འཕུལ་ཁྲག་མཁྲིས་ཚད་རྒྱས་དང་། སྨུག་པོ་སྟོད་སྨད་ཁྲག་རྒྱས་རྟས་བརྡབ་དང་། །གཡང་ལྷུང་རྡོ་དབྱུག་བརྡུངས་དང་ཕོ་བརྡབ་དང་། །ཁྲག་རྒན་ངན་ཁྲག་རྒྱས་པ་ལ་སོགས་པ། །གཏར་དགོས་གཏར་མི་ཕོད་པའི་ནད་རིགས་ལ། །གཏར་མི་དགོས་པར་གཏར་གྱི་ཡོན་ཏན་དང་། །ངེས་པར་མཚུངས་པ་དྲང་སྲོང་ཞལ་གྱི་ལུང་། །ཤིང་ཀུན་ཤ་ཆེན་
ལི་ཤི་ཛཱ་ཏི་དང་། །ཤིང་ཚ་སྒ་པི་ཕོ་དང་གུ་གུལ་གཉིས། །སེ་འབྲུ་སྒོག་ཐལ་སུག་སྨེལ་ཨ་རུའི་མཇུག །བི་ཥ་གོ་སྙོད་ཨར་ནག་ཚིལ་ཆེན་དང་། །རུ་རྟ་མ་ནུ་སླེ་ཏྲེས་རྒྱ་སྐྱེགས་དང་། །དྲི་ཆེན་ཤུ་དག་རྒྱམ་ཚྭ་བཅས་པ་རྣམས། །ཤིང་ཀུན་གཙོར་བསྐྱེད་ཉེར་ལྔས་ཕྱི་རླུང་སེལ། །ཤ་ཆེན་གཙོར་བསྐྱེད་ཉེར་ལྔས་ནང་རླུང་སེལ། །ལི་ཤི་གཙོར་བསྐྱེད་ཉེར་ལྔས་གསང་རླུང་སེལ། །འདོན་བཞིའི་རྟར་བསྐྱོན་དགོང་དང་ཐོ་རེངས་བཏང་། །ཤ་པགས་རྩ་རྒྱུས་ཞུགས་པ་ཕྱི་ཡི་རླུང་། །དོན་ལྔ་སྣོད་དྲུག་ཞུགས་པ་ནང་གི་རླུང་། །སྲོག་འཛིན་ལ་སོགས་རྣམ་ལྔ་གསང་བའི་རླུང་། །སྟོད་སྨད་བར་གསུམ་ཞུགས་པའི་རླུང་ལ་སོགས། །རླུང་རིགས་སྨན་སྦྱོར་གཅིག་གིས་འཇོམས་སོ་ཞེས། །སྨན་བླ་གཉིས་པ་ཡོན་ཏན་མགོན་པོས་གསུངས། ༈ །གྱད་རིགས་ཉེར་གཅིག་ཞེས་བྱའི་སྨན་མཆོག་ནི། །སྤོས་དཀར་རུ་རྟ་སྒོག་བསྲེགས་ཐལ་བ་དང་། །ཤིང་ཀུན་ཏང་ཀུན་ཁ་རུ་ཚྭ་དང་གསུམ། །བིཥ་དར་མའི་གྲི་སྙིང་ཚེར་སྔོན་དང་། །དབང་པོ་ལག་པ་ཤུག་ཚེར་ཀོ་བྱི་ལ། །པི་ལིང་ཕོ་བ་རིས་དང་བཅའ་སྒ་དང་། གོ་སྙོད་ཀ་ར་སྦྲང་རྩི་གསུམ་པ་དང་། །གསང་ཡུགས་སའི་མངལ་ཁྲག་ནལ་བུའི་ཤ་སྨན་གཉིས་དང་དཀར་པོ་ཆིག་ཐུབ་སྟེ། །དེ་ལྟར་གྱད་རིགས་ཉི་ཤུ་རྩ་གཅིག་པོ། །སྲོག་རླུང་ནད་ལ་ཐེང་ཆོ་ག་བྱང་སྨན་ལུགས། །རླུང་ཚད་སྙིང་རླུང་རླུང་གཟེར་སྟོད་འཚང་རླུང་། །གྲང་རླུང་སྨན་ནུས་རྩར་འཁྲིད་སྨྱོ་འབོག་གཉན། །གཉེན་པོར་གྲུབ་པར་རིམ་ཤེས་འདི་ཡིས་ནི། །ཚ་གྲང་རླུང་གིས་ལུས་ཁམས་གདུང་བ་ཡིན། །ནད་རིགས་མཐའ་དག་འཐུང་བའི་མོད་ཉིད་ལ། །གཞིལ་བའི་
ཕུལ་ཕྱིན་ནུས་རྫོགས་སྨན་གྱི་བཅུད། །རྣོ་མྱུར་ཟབ་ཁྱད་ལག་ཏུ་ལོངས་དང་ཤེས། ༈ །ལྕི་སྣུམ་བསིལ་བ་ཨ་ག ར་རིགས་གསུམ་དང་། །ཁྱད་པར་བསིལ་ལ་རྟུལ་བ་ཙན་དན་གཉིས། །འདུ་བ་ཆ་སྙོམས་བཟང་དྲུག་འབྲས་བུ་གསུམ། །སྦྱོར་བ་འདི་ལ་རབ་ཏུ་གཅེས་པའི་གཙོ། །བློན་འབངས་འཁོར་དུ་བཀོད་པ་ཉི་ཤུ་གཅིག །མ་ནུ་ཀཎྚ་ཀ་རི་སླེ་ཏྲེས་དང་། ཏིག་ཏ་ཧོང་ལེན་སྒ་སྐྱ་བ་ཤ་ཀ །གུ་གུལ་དཀར་ནག་གླ་རྩི་ཀོ་བྱི་ལ། །ཤ་ཆེན་འཛིན་པ་ཚེར་སྔོན་སྙིང་ཞོ་ཤ །ནཱ་ག་གེ་སར་རུ་རྟ་ཨ་བྱག་གཉིས། །གཟེར་འཇོམས་མིང་ཅན་ནག་པོ། སེ་འབྲུ་སྲོ་ལོ་དཀར་པོ་ཀ་ར་སྦྱར། །སྦྱོར་བ་འདི་མིང་ཨ་གར་སུམ་ཅུ་ལྔ། །ཚངས་ཤིང་མ་ཟློས་ཚད་དུ་སྦྱར་བའི་ཕྱེ། །ཚངས་པ་ཆེན་པོའི་ཚེ་ཡི་རིག་བྱེད་ལས། །རིགས་ལྡན་དྲང་སྲོང་ཞལ་ནས་སྙན་དུ་བརྒྱུད། །གོང་སྨན་བླ་མའི་ཞལ་ལུང་བདུད་རྩིའི་བཅུད། །མ་བརྗེད་སྙིང་ལ་སིམ་པའི་འཚོ་ཐབས་ཏེ། །གོ་བདེ་མགྲིན་ངོས་ལས་འོངས་གདམས་པ་འདི། །རླུང་མཁྲིས་བད་ཀན་འདུ་བ་འཁྲུགས་པའི་ནད། །སྟོད་གཟེར་དབུགས་འགྲིལ་གཉན་ཚད་རླུང་གསུམ་འཐབས། །གློ་སྐོམ་ཐང་ལུ་གྲུམ་བུ་པཪྤ་དང་། །སྟོད་ཚ་སྨད་གྲང་ལ་སོགས་གོ་ལོག་དང་། །བླ་གཉན་ཐོར་ནད་གཉེན་པོའི་བཅོས་མི་ལེན། །གང་ལ་གང་འཚམས་རྟ་ཡིས་བསྒྱུར་ཤེས་ན། །ཕན་ཡོན་གང་བཤད་ནད་ལ་ཐེངས་ཆོག་ཡིན། །སྨན་གཏོང་ལོག་པའི་ཉེས་པ་འདིར་མི་འབྱུང་། །ཞི་བྱེད་ཀུན་གྱི་རྒྱལ་པོ་སྲོག་སྟེར་འདི། །རྒྱལ་ཁམས་ཀུན་ལ་དཀོན་ཏེ་གཅེས་པར་ཟུང་། །དམ་མེད་རྒྱ་ཡིས་བཏབ་པོ་ས་མཱ་ཡ། །
སྟོད་ལུགས་ཅོང་ཞི་ཉེར་གཅིག་ཅེས་གྲགས་པ། །ཅོང་ཞི་སེ་འབྲུ་སུག་སྨེལ་པི་པི་ལིང་། །མ་ནུ་འུ་སུ་ཨུཏྤལ་པྲི་ཡངྐུ། །བསེ་ཡབ་སྟར་བུ་སྐྱུ་རུ་བ་ཤ་ཀ །ཨ་རུ་གསེར་མེ་དུག་ཉུང་བོང་ང་དཀར། །གི་ཝཾ་ཏིག་ཏ་རུ་རྟ་ཙན་དན་དམར། །བྲག་ཞུན་ལ་སོགས་སྦྱར་ཐབས་མཐོང་བརྒྱུད་དམ། །ཞལ་ཤེས་བཞིན་དུ་མ་ནོར་བསྟེན་གྱུར་ན། །བྲང་ཚ་ཆུ་སྐྱུར་མཁྲིས་པ་རྒྱ་བཤལ་སྐྱུག །ཕོ་མཆིན་རོ་རྒྱབ་བསྒྲགས་ཤིང་ཚིགས་པ་ན། །ཁྲག་མཁྲིས་ཕོ་བར་ལྷུང་ངམ་སྟོད་དུ་གཟེར། །སྨུག་པོ་རྒྱས་དང་གབ་དང་འཁྲུགས་པ་དང་། །རང་གཞན་གནས་སུ་ཞེན་ཅིང་རྙིང་པ་སོགས། །འདུས་ནད་སྨུག་པོའི་རིགས་ཀྱི་སྨན་གཅིག་ཡིན། །འབྱུང་བ་ལུས་འཁྲུགས་འདུས་ནད་གསོ་བ་ལ། །ཅོང་ཞི་མཛོ་འོར་འདམ་བཏགས་གྲིབ་བསྐམ་བྱ། །གི་ཝཾ་བཟང་དྲུག་ཨུད་པལ་ཙན་དན་གཉིས། །གླ་རྩི་གསེར་གྱི་མེ་ཏོག་དུག་མོ་ཉུང་། །ཏིག་ཏ་བོང་ང་ཨ་རུ་བ་ཤ་ཀ །རུ་རྟ་སྐྱུ་རུ་སེ་འབྲུ་པི་པི་ལིང་། །བྲག་ཞུན་དམ་མཁྲིས་ལྕགས་ཕྱེ་པྲི་ཡངྐུ། །གངས་ཐིག་གུ་གུལ་རྩ་གཉིས་ཁུར་རྩ་ཆུ་རྩ་མི་སོག་ཐལ། །དངུལ་ཆུ་མུ་ཟི་དྲི་ཆེན་ཀོ་བྱི་ལ། །ཧོང་ལེན་མ་ནུ་ལུག་རུ་སྨུག་པོ་སྟེ། །ཀ་ར་བཞི་འགྱུར་རང་རང་སྨན་རྟས་ཕུལ། །དུག་དང་སྨུག་པོ་ཁྲག་ཏུ་འཁྲུ་སྐྱུག་དང་། །གབ་ཚད་ཚད་རྙིང་འགྲམ་འཁྲུགས་འཐབ་པ་དང་། །མ་ཞུ་གླང་ཐབས་སྲིན་དང་ཆུ་སེར་སྐྲན། །ལྡན་འདུས་ནད་རྣམས་འཇོམས་པའི་རྡོ་རྗེ་སྟེ། །ནད་འགྱིང་ཞོ་ལྟར་ཆགས་པ་ཐུར་དུ་སྦྱོངས། །ཟླ་ཤེལ་མྱུ་གུའི་སྦྱོར་བ་ཞེས་བྱ་བ། །དྲང་སྲོང་རྒྱུན་ཤེས་དྷརྨ་སྭ་མིས་སྦྱར། །དགེ་བས་རྒྱུ་འབྲས་ནད་ལས་གྲོལ་བར་ཤོག །
བྲང་ཏེའི་སྨན་དཀར་སྨན་ས་འཛིན་ཉེར་ལྔ། ལྕམ་པ་མ་གཏོགས་བསམ་འཕེལ་དུ་ཚང་། །མུ་ཏིག་བསེ་རུ་ཤིང་མངར་མེད། །ས་འཛིན་ཉེར་ལྔ་དེ་དང་གཅིག བདུད་རྩི་ཉེར་ལྔ་བསམ་འཕེལ་འདྲ་ལ། དོམ་མཁྲིས་ཡོད། ལྕམ་པ་ཡོད། རི་ཟུང་ཅུང་མི་འདྲའོ། །ཨ་རུ་ཉེར་ལྔ་ཡང་དེ་འདྲ། རྒྱ་སྐག་ཡོད། དེ་ཡང་རྩ་དཀར་སྨན་རེད། ཐམས་ཅད་བསམ་འཕེལ་ནོར་བུར་འདུས། རྩ་དཀར་སྨན་སུག་སྨེལ་ཉེར་ལྔ་དེ་དང་འདྲ། བསམ་འཕེལ་ནོར་བུ་ཞེས་པའི་སྨན་མཆོག་ནི། །འདུ་བ་ཆ་སྙོམས་སྨན་རྒྱལ་བཟང་པོ་དྲུག །ཤིང་གི་རྒྱལ་པོ་དྲི་ལྡན་ཙན་དན་དཀར་དམར་ཨ་ག་རུ་རྣམ་པ་གསུམ། །རྩི་ཡི་རྒྱལ་པོ་སྲོག་ཆགས་ལས་བྱུང་གཉིས། །གི་ཝཾ་གླ་རྩི། ཆུ་དང་གངས་ཀྱི་རུས་པ་མུ་ཏིག བསེ་རུ་འབྲས་མཆོག་གསུམ། །ཨ་བར་སྐྱུར། སྤོད་ཀྱི་རྒྱལ་པོ་པི་ལིང་ཤིང་ཚ་ཟི་ར་དཀར་ནག རྩ་ཚད་སེལ། གཉིས་གཉིས་བཞི། །ཆུ་སྨན་སྤོས་ཐ་སོ་གསུམ་དང་རུ་རྟ་མ་ནུ་རུ་རྟ་རྣམ་པ་གཉིས། །ཤིང་བཅུད་ཤིང་མངར་ས་འཛིན་འབྲི་ཏས་འཛིན་བྱེ་མ་གསེར་བྱེ་ཀ་ཀ་རུ། །སྡིག་སྲིན། སྦྱར་བ་ཆུ་སྐོལ་ཕུལ་ལ་གུང་གཉིས་བཏང་། །རྩ་ཆད་མཐུད་རྒྱུས་པ་མཉེན་རིམས་འཁྲུགས་ཚ་བ་རྩར་བྱེར་རྙིང་པ་དང་། །དྲེག་གྲུམ་མཛེ་དང་རེངས་འཁུམ་མཁལ་རྩ་བསྣད། །འགྲམ་འཁྲུགས་རྩ་ལ་ཞེན་ཅིང་བྱེར་བ་དང་། །བཅོས་མང་བརྡུག་པའི་ནད་གཞི་ཀུན་ལ་བསྔགས། །ཁྱད་པར་རྩ་དཀར་ནད་ཀྱི་གཉེན་པོ་ཡིན། །སུར་ཡ་གཟའ་ནད་རྩ་ཡི་ནད་རིགས་ལ། །མཆོག་ཏུ་ཕན་པ་རྒྱུན་ཤེས་བུ་ཡིས་སྦྱར། །དུག་གི་ནད་ལ་མང་སྦྱོར་ཆེན་པོ་ནི། །ཨ་རུ་བྲག་ཞུན་གསེར་མེ་ཁྱུང་སྡེར་དང་། །དཔའ་བོ་སེར་པོ་རུ་རྟ་བྱ་འཕུར་ལེབ། །བོང་ང་དཀར་སེར་དམར་པོ་དུག་མོ་ཉུང་། །ཧོང་ལེན་གཡའ་ཀྱི་རེ་རལ་གང་ག་ཆུང་། །
བྲག་སྤོས་འོམ་བུ་པྲི་ཡང་ཀུ་བ་ཤ་ཀ །གླ་རྩི་གི་ཝཾ་ཏིག་ཏ་གངས་ཐིག་མཚལ། །ཟི་ར་བསེ་རུ་ཙན་དན་གཉིས་གེ་སར་གསུམ། །ཆུ་སེར་སྨན་གསུམ་བཟང་དྲུག་ཕྱ་ཚན་གསུམ། །མུ་མེན་བྱེ་རུ་གཡུ་དང་མུ་ཏིག་དང་། །སེ་འབྲུ་བ་ལེ་ཀ་དང་ཀ་ར་སྦྱར། །དངུལ་ཆུ་གྲང་འདུལ་དང་ཆར་ཉུང་བསྣན་པ་ཞལ་ཤེས་སོ།། སྦྱར་དུག་གྱུར་དུག་རང་བཞིན་དངོས་ཀྱི་དུག །མཐོང་རེག་ཉི་ཟེར་ཁ་རླངས་ལ་སོགས་པའི། །ས་སྟེང་དུག་གི་ནད་རིགས་ཡོད་དོ་ཅོག །མ་ལུས་དྲུངས་འབྱིན་སྨན་གྱི་རྒྱལ་པོ་སྟེ། །གབ་ཚད་ཚད་རྙིང་གཏིང་འདོན་མན་ངག་མཆོག །ཤིན་ཏུ་བཅོས་རྡུག་ནད་ཀྱི་རྩ་བ་འབྱིན། །རིན་ཆེན་མང་སྦྱོར་ཞེས་བྱ་བླ་ན་མེད། །དངུལ་ཆུ་ཤུ་དག་གུ། གུལ་ཤིང་ཀུན་ཞོ་རེ་དང་། །བི་ཥ་ཞོ་བཞི་རྒྱ་ཚ་གླ་རྩི་དང་། །སྡིག་སྲིན་ལྡུམ་སྟག་ཀོ་བྱི་ལ། སྟག་ཤ་ཐུན་རེ་དང་། །བཟང་དྲུག་ལྷད་མེད་དམར་ཁྲ་ཉི་ཤུ་གཅིག །གསང་སྨན་འདི་ཡི་གཉེན་པོ་ངོ་མཚར་ཅན། །སྐྱེས་བུ་ཀླུ་བདུད་རྡོ་རྗེ་ཞེས་བྱ་བ། །དྲི་ཡི་ངད་ཀྱི་སྟོང་གསུམ་ཀླུ་གདོན་འཇོམས། །མེ་ཏོག་མཐིང་ག་དྲིལ་གཟུགས་པདྨ་ཁ། །འདི་དག་སོ་སོར་ཐུན་གསུམ་རྩི་བཞིན་བཏགས། །ཞིབ་ནས་ཨེ་ཀྲོས་འདམ་བཏགས་བྲ་རིལ་ཙམ། །རྡོ་རྗེ་གྱི་ལིང་སྦྱོར་བ་ནད་སྟོབས་སྦྱར། །རིམ་བསྐྱེད་འབམ་ནད་གདུག་པའི་ནད་དོ་ཅོག །མོ་ནད་མཁལ་འགྲམ་ཆུ་སེར་མཛེ་ཀླུ་གདོན། །དྲེག་གྲུམ་ཁྲག་ངན་འཕྱུར་བའི་ནད་ཀྱི་དཔུང་། །སྐད་ཅིག་ཉིད་ལ་བརླག་པའི་ནུས་མཆོག་གི། ཡོན་ཏན་རབ་འབར་ལག་ཏུ་ལོངས་དང་ཤེས། ༈ །ཁྱུང་ལྔ་བྱེ་རུ་མུ་ཏིག་ལི་ཤི་དང་། །ཛཱ་ཏི་ཨ་གར་སིནྡྷཱུར་ཁབ་ལེན་དང་། །ཤིང་མངར་བཅས་ལ་མཚལ་
གྱི་ན་བཟའ་གསོལ། །ཚ་གྲང་སྦྱོར་སྡེ་གནད་དང་ལྡན་པ་དང་། །ཚ་ན་ཆུ་སྐོལ་རླུང་ལྡན་མྱོས་ཁུས་དབུལ། །སྨན་ནད་ཐོན་པར་ལན་འགའ་བཏང་བ་ཡིས། །ཕྱི་ནང་རྩ་དཀར་ནད་རིགས་ཀུན་ལ་བསྔགས། །གཟའ་དང་ཀླུ་གདོན་བཅོས་རྡུག་གཉེན་པོ་མཆོག །སྔོན་མེད་ས་རའི་བློ་མཚོ་ལས་བྱུང་བ། །སར་ཁྱུང་ཞེས་གྲགས་ཞི་བྱེད་དམ་པ་ཡིན། །སེ་འབྲུ་བདེ་བྱེད་སྙོམས་ལྡན་ཞེས་བྱ་བ། །སེ་འབྲུ་བཟང་དྲུག་ཨ་རུ་གཉེན་པོ་མ་ནུ་འུ་སུ་སྟར་བུ་གསུམ། །ཤིང་ཚ་ད་ལི་གངས་ཐིག་ཚ་བ་གསུམ། །ཚྭ་ལ་ལ་ཕུག་མ་ནུ་པ་ཏྲ་དང་། །ཅོང་ཞི་རྣམས་ནི་ཞིབ་པར་བཏགས་པའི་ཕྱེ། །མགོ་བསྡུས་ཙམ་དུ་ཀ་ར་བཞི་འགྱུར་སྦྱར། །ཐོ་རེངས་བྱ་འཚེར་གསར་པ་སིང་འཇམ་ཕུལ། །ཤ་གསར་ཆང་འཇམ་བཏང་ཞིང་གོས་མལ་དྲོ། །སྨན་ཡུན་བསྲིང་ནས་བཏང་བའི་ཕན་ཡོན་ནི། །བད་ཀན་སྐྱ་སྨུག་ལ་སོགས་བད་ཀན་རིགས། །ཀྵ་ཡ་མིག་སེར་ལ་སོགས་མཁྲིས་པའི་རིགས། །ལྷན་སྐྲན་ལྕགས་དྲེག་ལ་སོགས་མ་ཞུ་བ། །དུག་ལ་སོགས་པ་ཕོ་བ་མཆིན་པའི་ནད། །གབ་འགྱིང་འདྲིལ་བ་ལ་སོགས་སྨུག་པོའི་རིགས། །ཟ་འཕྲུག་ལ་སོགས་ཆུ་སེར་ལྤགས་ནད་རིགས། །ཕྱི་ཡི་ནད་རྣམས་སྦྲུལ་ལྤགས་ལྟ་བུར་འབྱིན། །ནང་ནད་བ་མོར་ཉི་མས་ཕོག་བཞིན་འཇོམས། །ཚྭ་བསྲེག མན་ངག་བསིལ་སྦྱོར། དྭགས་པོའི་སྨན་ནག མཁྲིས་པའི་མང་སྦྱོར། ཀྵ་ཡའི་སྨན། གར་ནག་བཅུ་པ། ལྕགས་རིལ། གཙོ་བརྒྱད་གཡུ་རལ། སྤང་རྩི་བཅུ་གཉིས། སྒ་ལོའི་སྨན་དམར། བདུད་རྩི་སུམ་སྦྱོར། བོད་ཀྱི་ལན་ཚྭ་བཟང་པོས་གཞི་མ་བྱས། །འབྲས་གསུམ་སྒ་པི་རྒྱ་རྒྱམ་ཁ་རུ་ཚ། །
ཟེ་ཚྭ་ར་ལུག་གླང་ར་སེང་ལྡེང་དང་། །ཤིང་ཚ་དེ་བ་ད་རུ་སྤོས་དཀར་དང་། །སོ་ར་ཐལ་རྡོར་བྱི་ཏང་མ་རུ་ཙེ། །དེ་རྣམས་སྦྱོར་བ་འདི་ཡི་གཙོ་ཡིན་ལ། །གཞན་ཡང་མཛེ་ཚྭ་ཐལ་ཚྭ་རྭ་ཚྭ་དང་། །རྩ་བ་རུ་ཚྭ་དང་དྭ་ཚྭ་ཝ་ཚྭ་དང་། །ལྕེ་མྱང་ཚྭ་དང་དབྱི་མོངས་ཙི་ཏྲ་ཀ །དན་རོག་དུར་བྱིད་ཐར་ནུ་དོང་ག་དང་། ཤྲཱི་ཁནྜ་ར་དུག་རེ་ལྕག་རྣམས། །ཞིབ་བཏགས་ཆང་གིས་ཟན་དྲོན་ཙམ་དུ་བསྲོ། །དེ་ནས་རྫར་བླུགས་དུ་བ་མ་ཤོར་བར། །ཞག་གཅིག་བོང་མེས་བསྲེགས་པའི་ཐལ་བ་དེ། །གྲང་ནས་ཁ་ཕྱེ་ཞིབ་བཏགས་གར་ཆང་ངམ། །ཆུ་སྐོལ་གྱིས་དབུལ་ཐུན་ཚད་ནད་སྟོབས་སྦྱར། །གྲང་བའི་དམུ་ཆུང་བུར་དཀར་དང་སྦྱར་བསྲེག །གྲང་སྐྲན་མ་ལུས་རྩད་ནས་བཤིག་པ་དང་། །མ་ཞུ་མེ་ཉམས་སྲིན་དང་གླང་ཐབས་དང་། །བད་ཀན་སྐྱ་བོ་འབྲས་ཀྱི་ཕྲེང་བ་དང་། །ཁོང་འབྲས་དང་ནི་གྲང་སྐྲན་ཕོ་བར་འདྲིལ། །ཐུར་སེར་ལོག་དང་གྲང་བ་གཏིང་ནས་འཁར། །གྲང་ནད་མ་ལུས་ཐལ་བར་རློག་བྱེད་པ། །སྲེག་བྱེད་མེ་འདྲའི་སྦྱོར་བ་ས་མ་ཡ། །དེ་ལ་ཅོང་ཞི་བྱ་རྡོ་གོ་ཐལ་ཐལ་བ་གསུམ་དང་སྟར་བུ་དང་། །པི་ལིང་སྦྲུལ་ཤས་ཁ་ཚར་བརྒྱན་པ་ནི། །ཚ་ཟེར་བྱེ་བའི་དཀྱིལ་འཁོར་རྒྱས་པ་ཡིས། །ཡུན་རིང་བཅོས་རྡུག་གྲང་ཆུའི་རྒྱ་མཚོ་ཡང་། །མེ་འཕེལ་གནས་སུ་སྐེམ་བྱེད་རྒོད་མའི་མེ། །སྣོད་ལྡན་དམ་ཚིག་ལྡན་ལ་སྦྱིན་བྱ་ཞིང་། །དམ་མེད་རྒྱ་ཡིས་བཏབ་པོ་ས་མ་ཡ། །མན་ངག་བསིལ་སྦྱོར་ཞེས་བྱའི་སྨན་མཆོག་ནི། །ཙན་དན་དཀར་དམར་ཨ་གར་བཟང་པོ་དྲུག །གི་ཝཾ་ཨུཏྤལ་རུ་རྟ་གསེར་མེ་ཏོག །ཨ་རུ་བ་ཤ་ཀ་དང་པི་པི་ལིང་། །
ཏིག་ཏ་དུག་ཉུང་བོང་ང་དཀར་པོ་དང་། །སེ་འབྲུ་སྐྱུ་རུ་གླ་རྩི་དྲི་ཐོན་ཙམ། །གཅོང་ནད་ཀུན་ཞི་ཅོང་ཞི་སྨན་གྱི་རྒྱལ། །རྩི་བཞིན་བཏགས་ཏེ་གསེར་འོད་འབར་བས་བསྒྱུར། །ཆང་གི་གཅུང་པོ་དག་གིས་འཕུལ་ལ་བཏང་། །སྨན་མཆོག་རྒྱལ་པོ་མན་ངག་བསིལ་སྦྱོར་འདིས། །དུག་སྨུག་མཁྲིས་པ་མཆིན་པར་ཞེན་པ་དང་། །གབ་ཚད་ཚད་རྙིང་རྩི་ལྟར་ཞེན་པ་དང་། །འཁྲུགས་དང་ཁྲག་རླུང་སྟོད་དུ་འཚང་བ་དང་། །མདོར་ན་མཆིན་མཚེར་ཡན་གྱི་བད་ཁྲག་སོགས། །འདི་ནི་སྟོད་ནད་ཀུན་ལ་ཐེང་ཆོག་ཡིན། །གནད་ཀྱི་གདམས་པ་བླ་མའི་ཞལ་ལས་ཞུས། །ཅོང་ཞི་ཆ་གསུམ་འཇིབ་རྩི་གཉིས། །མ་ནུ་ཆ་གཅིག་སྦྱར་བ་ནི། །བདུད་རྩི་སུམ་སྦྱོར་ཞེས་བྱ་སྟེ། །སྟོད་དུ་བད་ཁྲག་རྒྱས་པ་དང་། །སྨད་དུ་མཆིན་ཁྲག་ལྷུང་བ་དང་། །བྲང་ཚ་ཆུ་སྐྱུར་སྐྱུག་པ་དང་། །མགོ་དང་ཡན་ལག་རུས་ཆག་འཛུད། །བད་མཁྲིས་ཐ་ཁུ་གཅོད་པར་བྱེད། །ཞིབ་བཏགས་གར་ཆང་གི་རྟ་བྱས་ཏེ་དབུལ་ལོ། ༈ །དྭགས་སྨན་དྲག་པོ་བཅོ་ལྔའི་སྦྱོར་བ་ནི། །ཅོང་ཞི་ལན་ཚྭ་ཕུལ་ལུ་གང་གང་རེ། །སླ་ངར་བརྔོས་ཚད་འབྲུ་གསུམ་ནས་དང་སྦྱར། །སུར་དཀར་ཆང་དོ་དབྱི་མོངས་སྤར་བ་གང་། །ནུས་བསྲེག་ཆང་ཕྲུ་བཏབ་ལ་རླངས་པ་བཀབ། །དཔའ་བོ་དཀར་པོ་ར་ཡི་རིལ་མ་ཙམ། །རྒྱ་ཚྭ་རྒྱམ་ཚྭ་ཁ་རུ་ཚྭ་དང་ནི། །ལན་ཚྭ་ཟེ་ཚྭ་མ་ནུ་འུ་སུ་དང་། །ཛཱ་ཏི་ཚ་བ་གསུམ་དང་བོང་དཀར་སྦྱར། །བཅུ་གསུམ་པོ་དེ་དུ་བ་མ་ཤོར་བསྲེགས། །རྒྱལ་བློན་འབངས་གསུམ་ཐལ་བའི་སྨན་མཆོག་འདིས། །ཕོ་གཅོང་བད་སྨུག་རྒྱུ་ནད་རྟག་འཁྲུ་དང་། །སྒྲེགས་མང་ཟས་མི་འཇུ་
ཞིང་སྟོང་སྒྲེགས་བྱེད། །ཕོ་བའི་སྤུ་འཁྱིལ་ཕོ་སུལ་ལྕགས་དྲེག་ཆགས། །དུག་ཐབས་མཆིན་ནད་མཆིན་ཆུ་སྦོ་འཁྲོག་སྒང་། །མདོར་ན་ཕོ་མཆིན་རྒྱུ་མའི་གྲང་ནད་སྟོང་། །མྱུར་དུ་གཞིག་པའི་རྣོ་ནུས་ཁྱད་འཕགས་པ། །དྭགས་པོའི་མ་ཞུ་སྤྱི་འཇོམས་ཞེས་བྱ་འདི། །མན་ངག་ཐུགས་ལ་གབ་པའི་སྙིང་པོའོ། །ཏིག་ཏ་གསེར་གྱི་མེ་ཏོག་དུག་མོ་ཉུང་། །བོང་དཀར་རྩ་མཁྲིས་གཡའ་ཀྱི་ཀྱི་ལྕེ་དང་། །སྐྱེར་པ་མི་རྒོད་དོམ་ཉ་འཕྱི་རྩངས་མཁྲིས། །ག་བུར་ཅུ་གང་གུར་གུམ་ཙན་དན་གཉིས། །ག་དུར་སྤང་རྒྱན་ཤིང་མངར་བ་ཤ་ཀ །ཞལ་ཤེས་གི་ཝཾ་བྲག་ཞུན་བསྣན་པ་ཡི། །ས་སྟེང་ཚ་མཁྲིས་ནད་རིགས་ཡོད་དོ་ཅོག །འབར་བའི་མེ་ལ་བདུད་རྩིའི་ཆར་བ་ལྟར། །མོད་ལ་ཞི་བ་རེག་བདེའི་བདུད་རྩི་སྟེ། །མཁྲིས་སྨན་མང་སྦྱོར་ཆེན་མོ་ཞེས་གྲགས་པ། །ངོ་མཚར་བླ་མེད་ཕན་པའི་བདུད་རྩིའོ། །མཁྲིས་པའི་ནད་རིགས་བཅོས་ཀྱིས་མ་ནོན་པ། །ཀུན་ཀྱང་ཡུན་རིང་སྨིན་ནས་ཀྵ་ཡར་འགྱུར། །ནད་འདི་འཚོ་བར་མ་གསུང་བཅོས་མེད་ཀྱང་། །འབད་པས་བཅོས་ན་འཚོ་ཡང་སྲིད་པའི་ཕྱིར། །གུར་གུམ་གི་ཝཾ་ཙན་དན་དཀར་པོ་དང་། །དོམ་མཁྲིས་གསེར་གྱི་མེ་ཏོག་ཏིག་ཏ་གསུམ། །གཡའ་ཀྱི་ཆུ་སེར་སྨན་གསུམ་བོང་ང་དཀར། །བྲག་ཞུན་བ་ཤ་ཀ་དང་པྲི་ཡངྐུ། །སེ་འབྲུ་དུག་ཉུང་སྐྱེར་ཤུན་འབྲས་བུ་གསུམ། །ཆ་སྙོམ་ཕྱེད་ཚད་ག་བུར་ནག་པོ་བསྣན། །གུང་གཉིས་ཆུ་སྐོལ་ངད་ཡལ་འཕུལ་ལ་བཏང་། །ཚད་རྟགས་ཆེ་ན་དེ་སྟེང་འཛིམ་དཀར་བསྣན། །གྲང་རླུང་རྟགས་
ཆེ་ཨ་རུ་བ་རུ་དང་། །ལྕགས་ཕྱེ་གཙོ་ཡིན་ཐུན་བསྐྱེད་སླེ་ཏྲེས་དང་། །སུམ་ཏིག་པི་ལིང་འུ་སུ་བྱི་ཏང་ཀ །ཚད་དུ་སྦྱར་བ་གར་ཆང་ཕུལ་ལ་བཏང་། །དེ་ཡིས་མཁྲིས་པ་ཀྵ་ཡའི་ནད་ལས་རྒྱལ། །ཤ་སེར་མིག་སེར་ཀྵ་ཡ་གསུམ་ཀ་ལ། །གོང་བཤད་སྤྱི་བཅོས་སྐབས་ཀྱི་བཤལ་བསྟེན་ཞིང་། །བ་ཆུའི་ལྕག་གིས་བསྐུལ་ལ་དག་པར་སྦྱངས། །བསིལ་དྲོད་སྙོམས་པའི་ཟས་ཀྱིས་ཕྱི་རྗེས་སྐྱོང་། །རྗེས་སུ་བཅུ་གསུམ་བཅུ་དགུ་བསྲེག་པར་བྱ། །དེ་བཞིན་མཁྲིས་པའི་མང་སྦྱོར་བསྟེན་པར་བྱ། །ཞེས་ལྷན་ཐབས་སོ། །སེ་འབྲུ་ཤིང་ཚ་སུག་སྨེལ་པི་པི་ལིང་། །ཨ་རུ་རྒྱམ་ཚྭ་གསེར་མེ་དུག་མོ་ཉུང་། །དོམ་མཁྲིས་ཕག་རིལ་ནུས་ལྡན་བསྲེགས་པའི་ཐལ། །གཙོ་བསྐྱེད་གར་ནག་བཅུ་པ་ཞེས་བྱ་བ། །རླུང་དང་མ་ཞུ་བད་སྐྲན་ལ་སོགས་པ། །གཞན་དབང་ལྡན་པའི་མཁྲིས་ཀུན་འདི་ཡིས་སེལ། །མ་ཞུ་མཁྲིས་ལྡན་ནད་ལ་ཤིན་ཏུ་བསྔགས། །ཁྱད་པར་གྲང་མཁྲིས་འཇོམས་པའི་སྨན་མཆོག་ཡིན། །ཞལ་ཤེས་སེ་པའི་མེ་ཏོག་བྲག་ཞུན་བསྣན། །ས་སྟེང་གྲང་མཁྲིས་སེལ་བའི་སྨན་མཆོག་ཡིན། །ལྕགས་བཟང་གསེག་བརྡར་གྱིས་བརྡར་ཕྱེ་མ་ནི། །འོམ་བུའི་ལོ་མར་བཙོས་ལ་ཆུས་བཀྲུས་བསྐམ། །དེ་ཡིས་དུག་ཐོན་དེ་རྗེས་ཚྭ་ཆུའི་ནང་། །བཅུག་ལ་གཏུན་གྱིས་བསྣུར་བས་དཀར་པོར་འགྲོ། དེ་མཉམ་གསེར་མདོག་རུས་དོར་ཤའི་ཕྱེ་མ། །ཆུར་བཏབ་ཅུང་ཟད་བསྐོལ་བ་དར་བ་ཡི། །གར་སླ་ཙམ་དྲོས་ལྕགས་ཕྱེ་བཏབ་བྱས་ནས། །འདྲེས་དཀྲུགས་རྫ་རྡོ་ལྕགས་སམ་དཀར་ཡོལ་སྣོད། །གང་རུང་ནང་དུ་དྲོད་ལ་བསྒོར་ཏེ་
བསྙལ། །ཡང་ན་གཏུན་དུ་ཚོན་ལྟར་བསྣུར་བས་འདུལ། །ལྕགས་ཀྱི་སིག་མེད་ནམ་མཁའི་མདོག་ལྟ་བུ། །མ་ཞུ་བར་དུ་དྲོས་དཀྲུག་སླར་ཡང་བསྙལ། །ཞུ་ནས་ན་ནམ་སྐམ་པའི་ཕྱེ་མ་དེ། །མིག་དང་མཆིན་ནད་སོགས་ལ་བདུད་རྩི་ཡིན། །དེ་ལྟར་བཏུལ་བའི་ཕྱེ་མ་ཞོ་གང་ལ། །དེ་ཕྱེད་དོམ་མཁྲིས་བྲག་ཞུན་པྲི་ཡངྐུ། །ཅོང་ཞི་དང་ནི་གངས་ཐིག་རིལ་མ་ཙམ། །ཙན་དན་དཀར་དམར་གཉིས་དང་བ་ལེ་ཀ །ཨུཏྤལ་བ་ཤ་ཀ་དང་པཪྤ་ཏ། །གི་ཝཾ་བཟང་དྲུག་ཏིག་ཏ་སྐྱུ་རུ་ར། །བོང་ང་རེ་རྐོན་ཨ་བ་གངྒ་ཆུང་། །རུ་རྟ་པི་པི་ལིང་དང་ཨ་རུ་ར། །ཀོ་བྱིལ་ཆུ་སེར་སྨན་གསུམ་པ་རུ་ར་། །གླ་རྩི་ཧོང་ལེན་སེ་འབྲུ་གེ་སར་དང་། །གུ་གུལ་ཀ་ར་དཀར་པོ་དྲུག་འགྱུར་སྦྱར། །ལྕགས་རིལ་ཆེན་མོ་ཞེས་བྱའི་སྨན་མཆོག་འདིས། །དུག་དང་སྨུག་པོ་གབ་ཚད་ཚད་རྙིང་དང་། །ཁྱད་པར་ཕོ་མཆིན་མཁལ་ཚད་སྐྲན་ནད་དང་། །བཅོས་རྡུག་མཆིན་པའི་ནད་ཁམས་ཁྲག་རླངས་འཁྱིལ། །དེར་བརྟེན་ཁྲག་མཁྲིས་གདུང་བས་མིག་གཙེས་པ། །ལ་སོགས་ནད་རིགས་རྣམས་ལ་སླེབ་ཆོག་གི། །སྨན་གྱི་ལྗོན་བཟང་དགའ་བདེའི་གཏེར་ཡིན་ཏེ། །གྲང་འདུལ་དངུལ་ཆུ་བསྣོན་པའང་ཞལ་གྱི་ལུང་། །རྣོ་ནུས་ཕན་པ་སྙིང་ལ་དཔྱིད་དུ་གྱུར། །གཙོ་བོ་བརྒྱད་པ་གཡུ་རལ་སྦྱོར་བ་ནི། །གཙོ་བརྒྱད་སྟེང་དུ་ཨ་རུ་བ་ལེ་ཀ །གུ་གུལ་སྨན་ཆེན་དངུལ་ཆུར་བཅས་པ་ཡི། །ཚ་བ་ཁྲག་མཁྲིས་འགྲམས་འཁྲུག་རིམས་ནད་དང་། །ས་གསུམ་ནད་གདོན་ཞེ་སྡང་འབྱུང་པོའི་ཚོགས། །སྐད་ཅིག་ཉིད་ལ་འཇོམས་པའི་དཔའ་བོ་འདི། །རིག་བྱེད་རྒྱལ་པོ་གཞན་ལ་ཡོད་
མིན་པ། །རིན་ཆེན་སྲོག་སྦྱིན་ཡིན་གྱི་སྙིང་ལ་ཆོངས། ༈ །སྤང་རྩི་བོང་དཀར་སྟག་ཤ་པཪྤ་ཏ། །བདུད་རྩི་ལོ་མ་རྣམས་ནི་ཆ་མཉམ་ལ། །ཅུ་གང་གུར་གུམ་གི་ཝཾ་ཙན་དན་དཀར། །བྲག་ཞུན་གླ་རྩི་གུ་གུལ་ནག་པོ་ལ། །སྟོད་ལུགས་སྤང་རྩི་བཅུ་གཉིས་ཞེས་བྱ་འདིས། །གཉན་ཚད་རིམས་ནད་སྟོབས་ཆེན་ཐམས་ཅད་འཇོམས། །རྒ་ལོ་པ་ཡི་སྨན་དམར་ནི། །འབྲི་མོག་སུམ་གཉིས་ཅོང་ཞི་གཅིག །ཁྲག་གི་ནད་ལ་བ་ཤ་ཀ །གཟེར་ལ་མ་ནུ་རུ་རྟ་བསྡེབ། །བད་ཁྲག་ནད་ལ་མཆོག་ཏུ་བསྔགས། །ཞེས་སོ། །བྲག་སྐྱ་ཧ་བོ་ཨ་རུ་གསེར་མདོག་ལྡན། །རྒྱ་ཚྭ་ཞད་ཙམ་ཁ་ཚར་བཏབ་པ་ཡིས། །སྦྱོར་ངན་བོང་ངའི་དུག་སོགས་ཕྲལ་དུ་སེལ། །ཕན་པ་ཀུན་ལྡན། གླང་ཆེན་བཅོ་བརྒྱད། དངུལ་ཆུ་བཅོ་བརྒྱད། གསེར་ཐལ་མཛེ་སྨན། ཚྭ་སྦྱོར་ཆེན་མོ། ཞི་དྲུག རྩ་རྩི་རྡོ་སྦྱོར། སེམས་ཀྱི་བདེ་སྐྱིད། བྱུག་སྨན་བརྡ་ཅན་རྒྱུད། གསལ་བྱེད་སོ་གསུམ། མདུང་རྩེ་ཉེར་ལྔ་བཅས། ༈ །ཐང་ཁྲོམ་དཀར་པོ་རྩ་བ་གཏོང་ན་རིལ་མ་ཙམ་འབྲས་བུ་ཉེར་གཅིག་གང་རིགས་ལ། །སེ་འབྲུ་སུག་སྨེལ་རྒྱ་ཚྭ་གླ་རྩི་དང་། །ཤིང་ཀུན་བྱི་ཏང་ག་དང་གཡའ་ཀྱི་མ། །མ་ནུ་ཁ་ཆེ་གུར་གུམ་རུ་རྟ་དང་། །ཕོ་རིལ་སྡིག་སྲིན་རྒྱམ་ཚྭ་ཨ་རུ་ར། །བོང་ང་ཐར་ནུ་དུར་བྱིད་སྦྱོར་སྣོན་བཅས།། བྱིང་བྱིང་ཐུ་ལུ། ཏྲིས་མའི་གེ་སར། མ་རུ་རྩེ་ལྐོག་དོར། བསེ་སྦུར་བཞིའོ། །ཞིབ་བཏགས་བུར་དཀར་རིལ་བུ་བྲ་རིལ་ཙམ། །བདུན་དགུ་བཅུ་གཅིག་ལ་སོགས་ནད་སྟོབས་སྦྱར། །དོན་གླང་སྣོད་གླང་གཉན་དང་སྲིན་གླང་དང་། །ཕྱི་ནང་རྩ་ཡི་གླང་ཐབས་ཚ་གྲང་རིགས། །ཀུན་ལ་ལྟོ་རུ་སླེབ་པ་ཙམ་
གྱིས་ནི། །ཟུག་གཟེར་ཆོག་པ་མྱོང་གྲུབ་མན་ངག་གནད། །ཆེས་འཕགས་སྨན་གྱི་ཡང་སྙིང་ཨེ་མ་མཚར། །ཕན་པ་ཀུན་ལྡན་ཞེས་བྱའི་སྨན་མཆོག་ཟབ། །སྨན་ནད་ལངས་ན་མར་གསར་རྡོར་ཐུག་བཏང་། ༈ །གི་ཝཾ་ཅུ་གུང་ཙན་དན་དཀར་དམར་གཉིས། །ཏིག་ཏ་རེ་སྐོན་བ་ཤ་ཨ་ག་རུ། །མ་ནུ་འུ་སུ་བྲི་ཡང་སྐྱུ་རུ་ར། །ཨུད་པལ་གསེར་མེ་རུ་རྟ་བྲག་ཞུན་དང་། །བ་ལེ་ཀ་སྦྱར་གླང་ཆེན་བཅོ་བརྒྱད་པས། །རྐང་འབམ་ལ་སོགས་སྟོད་ནད་སྨད་དུ་འབེབས། །དེ་ཕྱིར་འདི་མེད་རྐང་འབམ་གསོ་མི་ནུས། །འདི་ལྡན་འཚོ་བྱེད་སྙིང་ལ་ཉི་ཤར་མཚུངས། །གཞན་ཡང་མཆིན་ཁྲག་མཁྲིས་པ་སྨུག་པོའི་ནད། །ཁྲག་ཚབས་ཚ་བ་གསར་རྙིང་གློ་ཚ་རྒོད། །བཅོས་རྡུག་བད་ཁྲག་འདུས་པའི་གཉེན་པོ་མཆོག །དངུལ་ཆུ་མུ་ཟི་སེང་ལྡེང་ཁཎྚ་དང་། །བཟང་པོ་དྲུག་དང་ཆུ་སེར་སྨན་གསུམ་པོ། །ཁྱུང་ལྔ་གུ་གུལ་སྦྱོར་སྣོན་བཅས་པ་ནི། །སྐྱུ་རུ་ཀླུ་བདུད། དངུལ་ཆུ་བཅོ་བརྒྱད་ཅེས་གྲགས་ཀླུ་གདོན་དང་། །ཆུ་སེར་མཛེ་དང་དྲེག་གྲུམ་ཕོལ་འབྲས་སྲིན། །གཡན་པ་ཟ་ཀོང་ལ་སོགས་ནད་རིགས་ལ། །ཐེང་ཆོག་སྦྱོར་བ་ཚ་གྲང་རྟ་ནི་ཚ་ན་གི་ཝཾ་གྲང་ན་པི་པི་ལིང་ཡིན་པ་དེ་ཡིས་བསྒྱུར། །ཆེས་ཟབ་ཡང་གསང་སྙིང་གི་ནོར་བུའོ། །གསེར་ཐལ་མུ་དངུལ་སྟར་བུ་མུ་མེན་དང་། །སྒྲོན་ཤིང་དེ་བ་ད་རུ་གུ་གུལ་དང་། །སྟག་ཤ་སེང་ལྡེང་ཁནྡ་ཟངས་ཐལ་དང་། །གི་ཝཾ་ཙན་དན་དཀར་པོ་དྲི་ཆེན་དང་། །བཟང་དྲུག་ཆུ་སེར་སྨན་གསུམ་ཁྱུང་ལྔ་སྦྱར། །རིལ་བུ་གཅིག་གཉིས་གསུམ་དུ་བསྐྱེད་ལ་བཏང་། །ལས་ཀྱི་རྣམ་སྨིན་ཡིན་ཀྱང་ཚེ་འདིའི་མཛེ། །ངེས་པར་བཤོལ་ཐབས་ཀླུ་གདོན་ཐམས་ཅད་འཇོམས། །
སྟེང་འོག་གདོན་དང་ཆུ་སེར་ལས་གྱུར་ནད། །མ་ལུས་དྲུངས་འབྱིན་སྨན་གྱི་རྒྱལ་པོ་སྟེ། །སྦྱོར་བ་འདི་ལས་ལྷག་པ་གཞན་ན་མེད། །རྒྱུད་ལ་བརྟེན་ནས་མ་ཏིའི་བློ་མཚོར་སྣང་། །ཟབ་པོ་གསང་ངོ་གཏད་དོ་ས་མ་ཡ། །ཆུ་འགག་ཚྭ་སྦྱོར་ཆེན་མོ་ཞེས་གྲགས་པ། །ཟེ་ཚྭ་རྒྱ་ཚྭས་སྣ་དྲངས་ཚྭ་སྣ་ཚོགས། །གསེར་གྱི་བྱེ་མ་སྡིག་སྲིན་འབྲས་སྣ་གསུམ། །ཉི་དགའ་གླ་རྩི་སུག་སྨེལ་ཚ་བ་གསུམ། །སྤོས་དཀར་འབུ་སྐྱོགས་བུར་དཀར་ཆང་སྦྱར་བཏང་། །གསང་སྨན་ཆུ་སྦུར་བསྣན་ན་ཆེས་ལེགས། །ཆུ་འགག་ཀུན་སེལ་ཁྱད་པར་རྡེའུ་བཤིག །ས་སྟེང་ཆུ་འགག་སྨན་གྱི་རྒྱལ་པོ་ཡིན། །མ་ནུ་སུམ་ཆ་སྒ་སྐྱ་སུམ་ཆ་གཉིས། །དེ་གཉིས་དང་མཉམ་ཨ་རུ་ར་དང་ནི། །ལྕུམ་རྩ་ཅོང་ཞི་བུལ་ཏོག་དྲུག་འགྱུར་སྦྱར། །ཞི་བྱེད་དཀར་པོ་དྲུག་སྦྱོར་ཞེས་བྱ་བ། །མ་ཞུ་གསར་རྙིང་དུག་དང་གླང་ཐབས་རིགས། །ཚ་གྲང་། བད་ཀན་སྟོད་འཚངས་ཐུར་སེར་གྱེན་ལོག་རླུང་། །ཤ་མ་འཐོག་དང་དུག་སོགས་ཕོ་ནད་རིགས། །ཀུན་འཇོམས་ཞི་བྱེད་ཕན་པ་གདམས་པའི་དཔྱིད། །ལང་ཐང་ཙེ་དང་གུར་གུམ་མུ་ཟི་ནག །སྨན་ཆེན་ཨ་རུ་གསེར་མདོག་ཤུ་དག་ཤིང་ཀུན་དང་། །གླ་རྩི་ཨ་གར་ནག་པོ་ཐང་ཕྲོམ་ནག བྱི་ཏང་ཀ་དང་། དངུལ་ཆུ་དྲག་འདུལ། མ་རུ་ཙེ། སྤྲུ་ནག མར་ཁུས་འཕུལ་བས་ཡ་མ་ཞེས་བྱའི་ནད། །ཆུ་སེར་རླུང་ལ་ཞོན་ཅིང་གདོན་ལྡན་པ། །བཅུད་ཀྱིས་རླུང་སོད་གྱུར་ཀྱང་ཆུ་སེར་ནི། །མི་འབྱིན་མེ་བཙས་ནད་སྒོ་ཁེགས་ན་ཡང་། །ཡ་མ་གཞན་འཕོ་གཏར་གྱིས་གཟེར་ཆོག་ཀྱང་། །གདོན་ཟུག་མི་གཅིག་སྨན་པ་གྲངས་
མང་པོ། །ཚོགས་པ་བྱན་མོའི་སྲིས་ལ་གཟན་པར་ཟད། །འདི་བྱས་ནད་རོ་བ་སྤུའི་སྒོ་ནས་འབྱིན། །འདི་ལས་ལྷག་པ་ས་སྟེང་དག་ན་དཀོན། །མཚུངས་མེད་གུ་ཎས་གུད་དུ་སྦས་པ་འདི། །ཟབ་མོའི་གདམས་པ་འཆལ་དུ་མ་འཇུག་ཨཾ། །སྲོག་རླུང་གསོ་བ་སེམས་ཀྱི་བདེ་སྐྱིད་ནི། །གཙོ་བོ་མཁལ་མ་གོ་ཡུ་ཞོ་གང་ལ། །ཨ་གར་ནག་པོ་ལི་ཤི་ཛཱ་ཏི་དང་། །རྩི་བོ་ཆེ་དང་རུ་རྟ་སྙིང་ཞོ་ཤ །སྨན་ཆེན་འབྲི་ཚིལ་ཚ་བ་རྣམ་པ་གསུམ། །ཁ་རུ་ཚྭ་རྣམས་འཁོར་ཡིན་ཞོ་ཕྱེད་རེ། །ནད་ཚབས་ཆེན་རི་བོང་ཙིཏྟ་དང་། །དར་མའི་གྲི་སྙིང་བྱང་གཡག་བྱ་རྒོད་སོགས། །སྙིང་སྣ་གང་འཛོམས་ཁ་ཚར་གདབ་པ་དང་། །ཐབས་ལྡན་མན་ངག་སྨན་དང་སྦྱར་བྱས་ཏེ། །བཙན་དུག་རིལ་བུ་ལྟ་བུས་གཞི་བཟུང་། མུ་དངུལ་གཏུན་དུ་མཉེས་པ་དང་སྦྱང་ནེ་ཙོ་དང་གྲི་སྙིང་བུངས་བསྐྱེད། ཞིབ་བཏགས་བུ་རམ་སྨུག་པོས་རིལ་བུལ་དྲིལ། །སྲན་ཙམ་ལྔ་བདུན་དགུ་རྣམས་ནད་སྟོབས་སྦྱར། །ཤ་ཆང་བུར་མར་གང་རུང་གིས་དབུལ་བས། །ཕན་ཡོན་རླུང་ལས་གྱུར་པའི་ནད་དོ་ཅོག །དུས་མཐའི་མེ་དང་ཉེ་བའི་བ་མོ་བཞིན། །ཐབས་འདིས་མི་འཇོམས་པ་ནི་ག་ལ་སྲིད། །ཁྱད་པར་སྲོག་རྩར་རླུང་ཞུགས་སེམས་མི་བདེ། །འཕྱོ་འདར་སྨྱོ་ལྐུག་སྙིང་དཀྱིལ་ཆུ་བླུག་འདྲ། །དེ་ལྟའི་ནད་ལ་ཚུལ་འདི་བདུད་རྩིར་འགྱུར། །དཔའ་བོ་ཆིག་ཐུབ་སྨན་ཆེན་སྤྱི་སྨན་ཨ་རུ་ར་སོར་མོའི་ཚིགས་ཤུ་དག་ཡིན། རི་བཅུད་ཕུར་ནག་གདུགས་དཀར་འཁོར་ལོའི་རྩ་བ་སྤྲུ་ནག་རྩ་བ་དང་། །འདོད་ཆགས་རྩེ་མོ་བྱ་ཕོའི་ཟེ་བ་ཞེ་སྡང་སྦྲུལ་གྱི་ཚིལ་བུ་དང་། །གཏི་མུག་འཁོར་ལོ་ཕག་གི་སྣ་བནྡེའི་མཁྲིས་
པ་ངུར་བའི་མཁྲིས་པ་མ་རྙེད་ན་ངང་པའི་ཤའང་དང་། །བོན་པོའི་ཐལ་བ་རྟ་བོན་བསྲེག་ཐལ་འདྲེ་འཇིགས་ཐང་ཆུ་གུ་གུལ་དང་། །བརྟན་པོའི་དྲེག་པ་ཟག་དྲེག་དྲི་ཅན་ལྟེ་བ་གླ་རྩི་རྣམས། །དྲི་ཆུར་སྦྱར་བ་ཕྱིར་བྱུགས་ཁོང་དུ་བཏང་། །ཉྭ་ལོག་འཁྲུ་སྐྱུག་གདུག་པ་གཉན་གྱི་རིགས། །མ་ལུས་འཇོམས་ལ་འདི་ལས་ལྷག་པ་མེད། །དཔལ་ལྡན་རྒྱུད་ཆེན་སྙིང་པོའི་དགོངས་པ་ཡིན། ༧ །དྲང་སྲོང་མུ་ཁྱུད་འཛིན་ལུགས་གསལ་བྱེད་ནི། །མིག་གི་གསལ་བྱེད་སུམ་ཅུ་རྩ་གསུམ་གྱིས། །ནང་གི་དོན་སྣོད་དབང་པོའི་རྩ་ཁམས་ཀུན། །སྟོབས་རྒྱས་གྱུར་པས་མཐོང་བྱེད་དཀྱིལ་འཁོར་ཡང་། །ཉེས་པའི་ཆུ་འཛག་དྲི་མས་དབེན་པའི་ཕྱིར། །སྦྱོར་བ་འདི་ལ་འབད་པ་དོན་ལྡན་འགྱུར། །བཟང་པོ་དྲུག་གིས་དོན་སྣོད་སྤྱི་སྟོབས་རྒྱས། །རྒྱ་རུ་བསེ་རུ་ཁ་ཤ་ཤ་བའི་རྭས། །བྱང་ཁོག་སྟོད་ཀྱི་རྩ་སྤྱི་རྒྱས་པར་བྱེད། །རག་རྡོ་ཏི་ཚ་སྦལ་རྒྱབ་གངས་ཏིག་བཞིས། །མིག་གིས་རྩ་གསོ་གསལ་བྱེད་དབང་སྟོབས་བསྐྱེད། །ལྕགས་སྦྲུལ་གོ་སྙོད་ཨ་བ་མདུང་རྩེ་བཞིས། །མགོ་ཡི་རྩ་གསོ་ཆུ་སེར་སྐེམ་པར་བྱེད། །ཙན་དན་དཀར་དམར་སེང་ལྡེང་དབང་ལག་བཞིས། །ཡན་ལག་བཞི་ཡི་རྩ་གསོ་མཉེན་པར་བྱེད། །འབྲས་བུ་གསུམ་གྱིས་འདུ་བ་སྙོམས་ཤིང་སྨིན། །ལྕགས་ཕྱེས་ཕོ་བའི་ལྕགས་དྲེག་བཞུ་ཞིང་འགོག །གི་ཝཾ་ཚད་འཇོམས་དོམ་མཁྲིས་རྩ་ཁ་སྡོམས། །གླ་རྩིས་གདོན་སྲུང་མིག་སྨན་སངས་རྒྱས་མཆོག །གསལ་བྱེད་དཀར་པོ་ཆིག་ཐུབ་རྡོ་མདུང་རྩེ་དཀར་པོ་སྨན་ཀུན་གྱི། །ཐུན་བ་ལྡབ་སྟོབས་བསྐྱེད་ཉིས་འགྱུར་
མེད་མི་རུང་བའི་རྫས། །ཞལ་ཤེས་ལ་ཤིང་མངར་བུངས་ཆེར་བསྣན། རླུང་ཤས་ཆེ་ན་འབའ་ཞིག་ཨ་གར་བསྣན། །གསལ་བྱེད་སྦྱོར་བ་སུམ་ཅུ་རྩ་གསུམ་འདི། །མིག་ནད་སུམ་ཅུ་རྩ་གསུམ་གཉེན་པོར་གསུངས། །སྦྲང་ཀར་སྦྱར་བའི་ལྡེ་གུར་བྱ་བའམ། །མངར་གསུམ་སྦྱར་བའི་རིལ་བུ་ཐོ་རེངས་བཟའ། །མིག་ནད་ཚག་འགྲིབ་ཤ་འཛེར་ཐོར་བ་དང་། །རབ་རིབ་མཆི་མ་འཛག་པ་ལ་སོགས་པ། །མདོར་ན་མིག་ནད་སྟོང་གི་གཉེན་པོ་ཡིན། །མཁའ་ལྡིང་བྱ་རྒོད་ལྟ་བུའི་མིག་འཐོབ་འགྱུར། །མདུང་རྩེ་ཉི་ཤུ་རྩ་ལྔའི་སྦྱོར་བ་ནི། །མདུང་རྩེ་དཀར་པོའི་བཟང་དྲུག་བསེ་རུ་མཚལ། །རྒྱ་རུ་ག་དོར་དང་ནི་ཁ་ཤའི་རྭ། །ཏི་ཙ་གངས་ཐིག་ཨ་བ་གོ་སྙོད་དང་། །ཙན་དན་དཀར་དམར་ལྕགས་སྦྲུལ་བཟང་པོ་དང་། །གི་ཝཾ་དོམ་མཁྲིས་གླ་རྩི་འབྲས་བུ་གསུམ། །ཀ་ར་བུ་རམ་སྦྲང་གིས་རིལ་བུར་དྲིལ། །ཐོ་རངས་བསྟེན་ན་མིག་ནད་མ་ལུས་སེལ། །ཞེས་གསུངས་སོ། །སྤྱི་སྦྱོང་། དེད་དཔོན་བཞི་སྦྱོང་། མགྲོན་པོ་ལམ་བཤལ། གསེར་བཤལ། གཙུག་བཤལ། སྨུག་པོའི་ཁྲག་གཅོད། དངུལ་ཆུ་དྲག་སྦྱོང་མཛེ་གཟའ་ལའོ། །གསེར་ཐང་བཅོ་བརྒྱད། ཐང་ཆེན་བཅུ་པ། ཐང་བརྒྱད་བཅས། ༈ །དེ་ནས་སྦྱང་གི་སྡེ་ཚན་བསྟན་པ་ལ། །རི་ཤོ་སྤྱང་ཚེར་དུར་བྱིད་རྣམ་པ་གསུམ། །བྱེ་མ་ལས་སྐྱེས་ཁ་འབུས་སོས་དུས་བརྐོས། །ཤུ་དག་རྒྱམ་ཚྭ་པི་པི་ལིང་དང་སྦྱར། །འཇམ་པོ་ཁུ་བ་དྲག་པོ་རིལ་བུ་བྱ། །བཅའ་སྒ་སོ་ཆ་གསེར་ཕུད་དབྱི་མངས་དང་། །བོང་དཀར་ས་འཛིན་ཤིང་མངར་ཁ་འཛིན་སྦྱར། །ནད་རྣམས་གྱེན་དུ་འདྲེན་ཅིང་སྐྱུག་པར་བྱེད། །དཔལ་ལྡན་རྒྱུད་ཀྱི་དགོངས་
པ་བླ་མེད་དོ། །ཨ་རུ་ར་ནི་ཐལ་ཚན་གསེབ་ཏུ་འདུལ། །དནྡ་རོག་པོ་ལྕེ་གདོན་ཕྱེ་ལ་འདུལ། །ཤྲཱི་ཁནྜ་མར་དཀར་ནང་དུ་འདུལ། །དུར་བྱིད་རྐང་ཤུན་དུག་ཕྲལ་ཡོས་སུ་འདུལ། །ཆ་མཉམ་ཞིབ་བཏགས་རིལ་བུར་དྲིལ་བ་ནི། །རྣོ་ལ་དྲག་སྟེ་སྟོབས་ལྡན་ནད་ཀུན་འཇོམས། །དྲག་བཤལ་ཞེས་བྱ་ཕྱི་རྒྱུད་དགོངས་པའོ། །ཐར་ནུ་དུར་བྱིད་དང་ནི་ཨ་རུ་ར། །ལྕུམ་རྩ་སྔོན་བུ་ཁྲོན་བུ་ཤྲཱི་ཁཎྚ། །དན་རོག་དན་ཁྲ་དོང་ག་བ་ཆུར་གདུས། །སྣ་མ་ཚིག་པའི་ཁཎྚ་རྣོ་ལ་འཇམ། །མི་སྐྱུག་མི་འབྱམས་ལྷེན་དང་རླུང་མི་སྐྱེ། །ནད་དང་སྦྱར་ནས་དྲ ག་ཞན་ཟོ་ཡིས་འཁྲུ། །དགུན་དུས་ཟུངས་ཟད་རྒས་དང་སྦྲུམ་མ་དང་། །ལམ་ཁའི་མགྲོན་པོ་ལ་ཡང་བཏང་དུ་བཏུབ། །འདི་ནི་འཇམ་པོའི་སྦྱོང་སྟེ་རྒྱུད་ཀྱི་ལུགས། །དྲག་འཇམ་གང་རུང་གཙོ་བོའི་རིལ་བུ་ལ། །ཁ་བསྒྱུར་ཐང་ཕྱེ་སྦྱར་བས་ནད་ཡུལ་འབྱིན། །གཞན་ཡང་སྦྱོང་གཞན་དང་ནི་ལྟག་པ་སྤྲད། །གནད་ཀྱི་མན་ངག་བདུན་དང་ལྡན་པ་གཅེས། །མཁྲིས་པར་ཨ་རུའི་གསེར་བཤལ་ཞེས་བྱ་བ། །གསེར་མདོག་བཟང་པོ་ཤ་ཁོ་ན། སུམ་ཆར་བྱས་པ་དེ། །གཅིག་ནི་བ་ཆུར་ཕུལ་གང་ཙམ་དུ་ཁུ་བ་རང་ཐིམ་བཙོ། །གཅིག་ནི་བག་ཟན་དུ་གཏུམ་སླ་ངར་བསྲེགས། །ཟན་ཚིག་ཨ་རུ་མ་ཚིག་ཙམ་ན་འདོན། །གཅིག་ནི་མཁར་སྣོད་བཅོ་ལྔའི་ཟླ་ཤར་དུས། །ཟླ་འོད་བཞག་ལ་ཟླ་བ་སོང་ཚེ་བསྡུ། །ཁ་བསྒྱུར་ཐར་ནུ་དུར་བྱིད་ཞོ་རེ་དང་། །ཤྲཱི་ཁཎྚ་རིལ་མ་ཙམ་དང་ནི། །རྒྱ་ཚྭ་སྲན་མ་གཉིས་ཙམ་བྱི་ཏང་བདུན། །ཞིབ་བཏགས་ཆུ་དྲོན་སྦྱར་བ་
སྲོད་ཀྱི་དུས། །སློང་བྱེད་ཐུན་གཅིག་ནམ་གུང་འཁྲུ་བྱེད་དུ། །ཐུན་གཅིག་ཐོ་རེངས་སྦྱོང་བྱེད་ཐུན་གཅིག་བཏང་། །ཨ་རུ་བཙོ་བསྲེག་རྗེན་གསུམ་སྦྱོར་བ་འདི། །མཁྲིས་ནད་དུག་དང་སྨུག་པོའི་ནད་རིགས་ལ། །འདི་ལས་ཟབ་པ་ངེས་པར་ཡོད་མ་ཡིན། །གཞན་ཡང་རྩ་ལ་སོགས་པ་སྦྱོངས་ཀྱི་རིགས། །རྒྱུད་དང་མན་ངག་བཞིན་དུ་ཤེས་པར་བྱ། །ཐར་ནུ་དུར་བྱིད་སྲུབ་ཀའི་འབྲས་བུ་དང་། །ཐལ་རྡོར་བྱང་ཁྲ་སེང་ལྡེང་ཁནྜ་དང་། །དབྱི་མོང་འབྲས་བུ་དན་རོག་རྒྱ་ཚྭ་དང་། །གུར་གུམ་སྤང་སྤོས་དང་བཅས་བཅུ་གཅིག་པོ། །ཞིབ་བཏགས་གླུམ་ཟན་ར་ཞོ་ཙམ་བྱས་ནས། །བ་ཀོའི་ཚད་ཙམ་བྱུགས་ལ་དེ་སྟེང་དུ། །ཟན་དྲོན་ཞྭ་མོས་ཕྱི་གཡོགས་བཅས་པར་བྱ། །ནུབ་གཅིག་བཞག་པས་ཆུ་སེར་ཀུན་འཇིབ་པས། །ཆུ་བུར་གང་བྱུང་བརྡོལ་བར་བྱ་བ་ཡིན། །འདི་ནི་སྤྱི་པོར་རིན་ཆེན་གཙུག་བཤལ་ཏེ། །གདོང་ལ་གདོང་བཤལ་ཡན་ལག་ཀོ་ལེའི་བཤལ། །ཡ་མ་མིག་འགྲིབ་མཛེ་དང་ཚིགས་ཆུ་དང་། །པུས་ནད་ལྕེ་སྤྱང་མགོ་དང་འབྲས་དྲེག་གྲུམ། །ཀོ་ལེའི་ནད་བབ་མ་ལུས་སེལ་བྱེད་པས། །བ་སྤུར་མཚོ་མོ་ཡུར་འདྲེན་ཆགས་སྨན་ལུགས། །ཐར་དུར་དན་བྱང་བཞི་གཙོ་བོ་ལ། རྒྱ་ཚྭས་ཁ་བསྒྱུར། འདི་སྟེང་རུ་རྟ་ཨ་རུ་གླ་རྩི་གསུམ་བསྣན་ཆང་སྦྱར་མགོར་བྱུགས་པ་རིན་ཆེན་གཙུག་བཤལ་དང་པོ་འབྲི་གཅེས་ན་ཡོད་པ་དེ་ཡིན་ནོ། །མངྒ་ལཾ། །རྩ་བཅད་པ་དང་སྨུག་པོའི་མཚོ་རྡོལ་དང་། །སྣ་ཁྲག་མངལ་ཁྲག་རྩ་ཁ་ཤོར་བ་དང་། །གློ་རྩ་རྡོལ་བ་ལ་སོགས་གཅོད་པའི་ཐབས། །མཚེ་ལྡུམ་ཁུར་མོང་རྩ་མཁྲིས་སྤྲུ་ལོ་དང་། །མཁན་ལོ་རམ་ལོ་སྐྱེར་ཤུན་ཁྲག་གཅོད་དང་། །ཀུན་བྱེད་
རྒྱལ་པོ་དམར་གསུམ་ཚོས་བཙོད་འབྲི་མོག ནག་ཆུང་འདི་སྐོར་མཆན་དཔྱད་དགོས། སྲན་ནག་མེ་ཏོག དང་། གཟིག་བྲུན་ཡིན་ནམ་དཔྱད། དང་རྟ་སྦང་བཙིར་བའི་ཁུ་བ་རྣམས། །ཁཎྚ་ར་དོམ་མཁྲིས་མཁྲིས་ཆེན་བུ་རམ་དང་། །མགྲོན་བུ་ཟ་འོག་བསྲེགས་པ་གཟིག་གི་སྤུ། །རྨ་བྱའི་མདོངས་བསྲེགས་སྔགས་བཏབ་ཁོང་དུ་བཏང་། །བུ་ག་དགུ་ནས་ཇི་ལྟར་ཁྲག་འོང་ཡང་། །ངེས་པར་འཆད་ལ་ཐེ་ཚོམ་མི་དགོས་ཏེ། །སྣ་ཁྲག་སྲིན་བལ་ལ་བསྐུས་ཕུགས་སུ་གཏིག །རྨ་ལའང་སྲིན་བལ་བསྐུས་དཀྲིས་རྨ་ཕུག་ཏུའང་བརྫང་འཇག་གིས་བསྡམ། །ཐུན་མོང་མ་ཡིན་ཤིན་ཏུ་ཟབ་པའི་གནད། །སྨན་དྲི་ཚོར་བ་ཙམ་གྱིས་སྣ་ཁྲག་འཆད། །སྔགས་ནི། ཨོཾ་ཁྲག་ཉག་ཨ་རཾ་རྦད༔ ཤ་པ་ན་མ་ཏཿ པ་ན་པ་ཤ་ཧུང་ཀྲ་རཀྟ་རྦདཿ ཅེས་སོ། །དངུལ་ཆུ་མུ་ཟི་མཉམ་པར་བཏུལ་བྱས་ལ། །ཤུ་དག་བཙན་དུག་གུ་གུལ་ཤིང་ཀུན་རྣམས། །ཞོ་རེ་ཞོ་རེ་བཟང་པོ་དྲུག་དང་ནི། །སྟག་ཤ་རྣམས་ནི་དྲི་ཕྱིན་དྲི་ཐོན་ཙམ་ཞེས་པའོ། །ཙམ་རེ་འདེབས། །མུ་དངུལ་དྲོད་ཀྱིས་འདམ་བཏགས་སྨན་གཞན་བཏབ། །ཆུ་གཙང་དྲི་ཆུས་རིལ་བུ་བྲ་རིལ་ཙམ། །རང་སྲུང་ཕྱིར་ནི་ལྟོ་ལྟོངས་གསུམ་རེ་བཟའ། །ནད་པར་ལྔ་བདུན་དགུ་སོགས་ལུས་སྟོབས་སྦྱར། །ཕན་ཡོན་ནུས་ཕྱིར་མཐོང་སྤྱོད་ཡུལ་ནི་མིན། །ཀླུའི་ཐོག་ཏུ་གསང་བའི་བདག་པོ་འདྲ། །དུག་གི་ཐོག་ཏུ་རྨ་བྱ་ཆེན་མོ་འདྲ། །ནད་ཀྱི་སྟེང་དུ་རྡོ་རྗེ་ཕ་ལམ་འདྲ། །རྒྱ་ནད་མིག་སེར་འཇོམས་པའི་ཐོ་བ་སྟེ། །ཁྱད་པར་ནམ་མཁའི་ནད་ལ་བསྔགས་པ་ཡིན། །མཆོག་ཏུ་མཛེ་ཡི་ནད་ལ་ཤིས་པ་ཡིན། །ཤ་བའི་རྐང་མར་
དག་དང་སྦྱར་ལ་བཏང་། །གྲུམ་བུའི་ནད་ལ་བདུད་རྩི་དག་དང་མཚུངས། །མདོར་ན་ནད་རིགས་བཞི་བརྒྱ་རྩ་བཞི་དང་། །གདོན་རིགས་སུམ་བརྒྱ་དྲུག་ཅུ་དག་དང་ནི། །རྦོད་གཏོང་གནོད་པ་སོགས་ཀྱང་འདི་ཡིས་ཐུབ། །འདི་ནི་གྲུབ་ཐོབ་ཨོ་རྒྱན་པ་ཡི་ལུགས། །གསེར་ཐང་བཅོ་བརྒྱད་ནི། གསེར་མདོག་ལ་སོགས་འབྲས་བུ་གསུམ། །སླེ་ཏྲེས་སེང་ལྡེང་ཨར་ནག་གསུམ། །མ་ནུ་གནྜ་ཀ་རི་གཉིས། །ཀོ་བྱི་མ་གི་ཆོར་སྔོན་གསུམ། །རུ་རྟ་གུ་གུལ་དཀར་ནག་གཉིས། །གཟེ་ལྕམ་ཙན་དན་དམར་པོ་གསུམ། །མཛོ་མོ་ཤིང་། ཚོས་གསུམ་ཚོས་བཙོད་ཞུ་མཁན། ཀ་ར་སྦྱར། །འབམ་རིགས་ཕྱིར་ལོག་བྱེར་སོགས་སེལ། །ཆུ་ནད་བོལ་སྐྲངས་ལྕམ་པ་གནད། ༈ །ཐང་ཆེན་བཅུ་པ་ནི། འབྲས་གསུམ་བ་ལེ་ཀ་དང་བ་ཤ་ཀ །སླེ་ཏྲེས་ཏིག་ཏ་ཧོང་ལེན་བོང་ང་དཀར། །ག་དུར་འདི་རྣམས་ཐང་ཆེན་བཅུ་པ་ཞེས། །རྙིང་པའི་ཚ་བ་རོལ་དུ་གསོད་པའི་མཆོག །འབྲས་གསུམ་གླ་སྒང་བྱི་ཚེར་གུ་གུལ་དང་། །སྟག་ཤ་པཪྤ་ཏ་སྟེ་ཐང་ཆེན་བརྒྱད། །བསྐོལ་གྲང་ཕུལ་བས་གཉན་ཚད་གཟེར་ཐུང་འཇོམས། དེ་ལན་ཆད་ཀྱིས་སྔར་བྲིས་ཉེར་མཁོ་སྣ་ཚོགས་གོ་རིམ་ངེས་མེད་སིལ་བུར་བཀོད་པའི་སྐབས་སོ། ༈ །ད་ནི་ཟབ་མོའི་སྨན་གྱི་སྡེ་ཚན་འགའ་ཞིག་བཀོད་པ་ལ། དཔལ་ལྡན་ཕྱི་མའི་རྒྱུད་ལས། སེ་འབྲུ་ཤིང་ཚ་སུག་སྨེལ་པི་པི་ལིང་། །བུར་དཀར་སྦྱར་བའི་སེ་འབྲུ་བཞི་པ་སྟེ། །ཕོ་བའི་གཞི་འཛིན་མེ་དྲོད་གསོ་བར་བྱེད། །ནད་གཞི་ཅི་ལས་གྱུར་ཀྱང་དང་ག་འབྱེད། །ཅེས་དང་། དང་ག་འབྱེད་ལ་སེ་འབྲུ་བཞི་པ་མཆོག །ཅེས་གསུངས། ཡང་དེ་གཞིར་བཞག་ནས། བཅའ་སྒ་བྱི་
ཏང་ཀ་དང་ཙི་ཏྲ་ཀ །འཇམ་འབྲས་བསྡེབས་པས་ཕོ་བའི་མེ་ཉམས་གསོ། །ཞེས་གསུངས། ཡང་ཕྱི་མ་རྒྱུད་ལས། གྲང་ནད་ཀུན་ལ་སེ་འབྲུ་བརྒྱད་པ་མཆོག །ཅེས་དང་། ཡང་། མེ་དྲོད་སྐྱེད་ལ་རྒོད་མ་ཁ་ཕྱེ་མཆོག །ཅེས་དང་། རྒོད་མ་ཁའི་ཕྱེ་མ་དེ་ཡི་སྟེང་དུ་སེ་འབྲུ་བསྣན་ན་ཁྱད་པར་དང་ག་འབྱེད་ཅེས་གསུང་ཡང་ཨ་རུ་མ་གཏོགས་གོང་གི་སེ་འབྲུ་བརྒྱད་པ་དེར་ཚང་བས་འདི་ནི་མེ་དྲོད་སྐྱེད་ཅིང་དང་ག་འབྱེད་པའི་སྨན་གྱི་རྒྱལ་པོར་གཟུང་བར་བྱའོ། །སེ་འབྲུ་བརྒྱད་པའི་འཇམ་འབྲས་སྤང་ནས་རྒྱམ་ཚྭ་དང་ཁ་རུ་ཚ་བསྣན་པ་རྒྱམ་ཚྭ་དགུ་སྦྱོར་ཏེ་བུ་རམ་བཞི་འགྱུར་སྦྱར་བས་ཁ་བ་མེས་ཞུ་བ་ལྟར་གྲང་ནད་སེལ་ཞེས་དཔེ་གཞན་ལས་བཤད། ཡང་ཕྱི་མ་རྒྱུད་ལས། བསིལ་གསུམ་ཨུཏྤལ་སེ་འབྲུ་པི་པི་ལིང་། །ཤིང་ཚ་ཀ་ར་བཞི་འགྱུར་ཅུ་གང་བདུན། །ཚ་གྲང་ཆ་སྙོམས་དང་ག་འབྱེད་པར་བྱེད། །ཅེས་དང་། ཚ་གྲང་འདྲེས་ལ་ཅུ་གང་བདེ་བྱེད་ཆུང་ངུ་འདི་ག་མཆོག །ཅེས་གསུངས་པས་གང་གི་སེ་འབྲུ་བརྒྱད་པ་དང་ཅུ་གང་བདུན་པ་འདི་གཉིས་སྐབས་སྐབས་སུ་འཐུང་བས་ལུས་ཀྱི་མེ་དྲོད་གསོ་བ་དང་དང་ག་འབྱེད་པས་ན་ལུས་འཚོ་བའི་རྒྱུར་འགྱུར་ཏེ། བཤད་རྒྱུད་ལས། འབད་དེ་མེ་དྲོད་སྲུང་བར་གནས་གྱུར་ན། །ལུས་ཀྱི་སྟོབས་དང་ཚེ་ནི་གནས་པར་འགྱུར། །ཞེས་གསུངས་པ་བཞིན་ནོ། །ཡང་ཕྱི་མ་རྒྱུད་ལས། ག་བུར་ནག་པོའི་ཐལ་སྦྱོར་ཕག་རིལ་དང་། །སྲེད་དཀར་ཧོང་ལེན་དེ་བ་ཤིང་སྔོན་བཞི། །སྟབ་སེང་། གཙོ་གྲོགས་དུ་བ་མ་ཤོར་སོ་སོར་བསྲེགས། །ཐལ་བ་དམར་ཟལ་བ་ཆུས་འདམ་འཐག་
བྱ། །ཀ་ར་སྦྱར་བས་མ་ཞུ་བ་ཡི་རིམས། །གཟེར་ཐུང་གཉན་རིམས་མིག་སེར་སེལ་བར་བྱེད། །ཁྱད་པར་ཕོ་བར་རིམས་བབ་བདུད་རྩི་ཡིན། །ཞེས་གསུངས་པ་འདི། དེང་སང་གཉན་རིམས་མཁྲིས་པ་ཕོ་བར་བབས་ནས་ཟས་མི་འཇུ་བ་སོགས་གྲང་བ་འདྲ་ལ་གཏིང་ཚ་བ་ཡོད་པས་ཤིན་ཏུ་བཅོས་དཀའ་སྲོག་འཕྲོག་པ་ལ་འདི་ཟབ་པ་ཤེས་དགོས་སོ། །ཡང་ཕྱི་རྒྱུད་ལས། བིག་པན་སྲད་དཀར་སྙ་ལོ་ཀྱི་ལྕེ་བཞི། །དུ་བ་མ་ཤོར་བསྲེགས་ཐལ་རླུང་རིམས་སེལ། །ཆང་སྦྱར་རི་ཐང་མཚམས་ཀྱི་བདུད་རྩི་ཡིན། །ཞེས་དང་མན་རྒྱུད་ལས། བིག་པཎ་བིག་པན་འདི་སྒོག་ཐལ་དང་། ཕག་རིལ་ཐལ་བ་གཉིས་ལ་འཇུག་པས་སྐབས་འདིར་ཕག་བྲུན་ཐལ་བ་ཡིན་སྙམ། སྲད་དཀར་སྙ་ལོ་ཀྱི་ལྕེ་བཞི། ཚ་བ་ཆེ་ན་ཀྱི་ལྕེ་མང་། ཆུང་ན་བིག་པན་མང་བྱའོ། །ཚ་བའི་སྟོབས་སྦྱར་དུ་བ་མ་ཤོར་བསྲེག །ཐལ་བར་མགོ་ན་ན་ཨ་རུ་ཟུར་ལྔ་བསྡེབ། །སྣ་ཁྲག་འཛག་ན་མཚེ་ཡི་ཐལ་བ་བསྡེབ། །གློ་ལུ་བ་ལ་རྒྱ་སྐྱེགས་ཐལ་བ་བསྡེབ། །རྩིབ་ལོགས་གཟེར་ན་མ་ནུའི་ཐལ་བ་བསྡེབ། །མིག་ཆུ་སེར་ན་ཤོ་རྩའི་ཐལ་བ་བསྡེབ། །ཚིགས་གཞི་ལ་བབས་རྟ་ལྤགས་ཐལ་བ་བསྡེབ། །དྲི་མ་འགག་ན་སུག་པའི་ཐལ་བ་བསྡེབ། །ཆུ་སྲི་བ་ལ་གཟེ་མའི་ཐལ་བ་བསྡེབ། །རླུང་གི་རིམས་ལ་རུས་ཁུས་འཕུལ་ལ་བཏང་། །རི་ཐང་མཚམས་སུ་ཆང་ཁྱོར་རེ་ཡིས་དབུལ། །ཆང་འཐུང་གཉིད་ལོག་ག་བུར་ནག་པོ་ཡིས། །རླུང་ལྡན་རིམས་རིགས་ཀུན་ལ་བསྔགས་པ་སྟེ། །ཁྱད་པར་རི་ཐང་མཚམས་ཀྱི་བདུད་རྩི་ཡིན། །མ་སྨིན་རི་ཐང་མཚམས་གཉིས་རིམས་ལ་གཅེས། །ཞེས་གསུངས་སོ། །ཡང་ཕྱི་མ་རྒྱུད་ལས།
བྱི་ཏང་ག་དང་སྒོག་སྐྱ་མ་རུ་ཙེ། །སོ་མ་ར་ཛ་གྲེས་འབྲུ་ཕུར་ཐལ་དང་། །གླ་རྩི་ཚ་གྲང་རྟས་བསྒྱུར་སྲིན་སྨན་མཆོག །ཁོང་སྲིན་ལྟོར་བཏང་མགོ་སྲིན་སྣ་ནས་བདུག །གཞང་སྲིན་མས་བཏང་ལྤགས་སྲིན་ཕྱི་ནས་བྱུགས། །ཞེས་གསུངས་སོ། །ཡང་ལུད་པ་སོགས་གྱེན་དུ་འདྲེན་པའི་སྨན་ཟབ་མོ་སྟར་བུ་བཉྩ་ར་གྲགས་པ་ནི། ཚ་བ་སྤྱི་བཅོས་ལེའུ་ལས། འགོག་དཀར་སྟར་བུ་རུ་རྟ་པི་པི་ལིང་། །ཤིང་ཚ་སྐྱུ་རུ་སྦྲང་དང་སྦྱར་ལ་བཏང་། །ཞེས་གསུངས་སོ། ༈ །།ཡང་ཕྱི་མ་རྒྱུད་ལས། ཨ་ག་རུ་དང་ཛཱ་ཏི་སྙིང་ཞོ་ཤ །ཅུ་གང་རུ་རྟ་སྤོས་དཀར་ཨ་རུ་ར། །ནཱ་ག་གེ་སར་ཀ་ར་སུམ་འགྱུར་སྦྱར། །ཨ་ཀར་བརྒྱད་པས་སྙིང་ལ་མཚོན་ཕོག་དང་། །འགྲམ་འཁྲུགས་སྨྱོ་ལྐུགས་ནུ་མཆིན་གཟེར་བ་འཇོམས། །ཞེས་གསུངས། འདི་སྟེང་ལི་ཤི་ཤིང་ཀུན་ཤ་ཆེན་གསུམ་བསྣན་པར་སྲོག་འཛིན་བཅུ་གཅིག་ཅེས་ཟེར། ཕྱི་མ་རྒྱུད་ལས། ཙན་དན་དཀར་པོ་བསིལ་གསུམ་ལི་ག་དུར། །སྲོ་ལོ་རྒུན་འབྲུམ་ཤིང་མངར་ཙན་དན་བརྒྱད། །ཀ་ར་སྦྱར་བས་གློ་ཚད་རྣག་ཁྲག་སེལ། །སྟར་བུ་རུ་རྟས་འགོག་དཀའི་རྣག་རྣམས་འདྲེན། །ཨ་རུ་ར་དང་ལི་ཤི་གསེར་མེ་ཏོག །སྤང་སྤོས་ནཱ་ག་གེ་སར་པི་པི་ལིང་། །ཀ་ཀོལ་ཀ་ར་སྦྱར་བའི་ཨ་རུ་བདུན། །མཚེར་པ་བསྣད་འགྲམ་ཚ་རྒྱས་སྦོས་གཟེར་འཇོམས། །ཨ་རུ་ར་དང་གུར་གུམ་སུག་སྨེལ་དང་། །བྲག་ཞུན་ཏིག་ཏ་མཁལ་མ་ཞོ་ཤ་དང་། །སེང་ཕྲོམ་བཙོད་དང་རྒྱ་སྐྱེགས་ཤུག་ཚེར་ཅན། །ཀ་ར་སྦྱར་བས་ཨ་རུ་བཅུ་པ་སྟེ། །མཁལ་མ་བསྣད་འགྲམ་ཆུ་སྲི་རྐེད་པར་འཁོར། །བཤལ་འཕྱེས་མཁལ་ཚད་མ་ལུས་
སེལ་བར་བྱེད། །བྲག་ཞུན་གླ་རྩི་གུར་གུམ་སུག་སྨེལ་དང་། །དོམ་མཁྲིས་བོང་ང་འཇིབ་རྩི་ཨ་རུ་ར། །ག་དུར་ཀ་ར་ཆ་མཉམ་བྲག་ཞུན་དགུ། །ཕོ་བའི་ཁྲག་མཁྲིས་ཚད་པ་སེལ་བར་བྱེད། །དོམ་མཁྲིས་གསེར་གྱི་མེ་ཏོག་དུག་མོ་ཉུང་། །གླ་སྒང་བོང་ང་དཀར་པོ་བ་ལེ་ཀ །རེ་སྐོན་ཀ་ར་སྦྱར་བའི་མཁྲིས་ཕྱེ་བདུན། །རྒྱུ་ལོང་བསྣད་འགྲམ་ཁྲག་མཁྲིས་ཚ་འཁྲུ་གཅོད། །ཏི་གསེར་གྱི་མེ་ཏོག་བོང་ང་དཀར། །རུ་རྟ་རྩ་མཁྲིས་ཧོང་ལེན་པཪྤ་ཏ། །སྐྱེར་ཤུན་ཀ་ར་སྦྱར་བའི་ཏིག་ཏ་བརྒྱད། །མཁྲིས་ཚད་མིག་ཆུ་ཤ་མདངས་སེར་བ་འཇོམས། །ཤིང་ཚ་སུག་སྨེལ་པི་ལིང་། ཅོང་ཞི་སེ་འབྲུ་བཞི་དང་ཨ་རུ་ར། །ཛཱ་ཏི་མ་ནུ་འུ་སུ་སྐྱུ་རུ་ར། །རྒྱམ་ཚྭ་སྒ་དང་བུར་དཀར་སྦྱར་བ་ཡིས། །ཅོང་ཞི་ཅུར་ནིས་སྨུག་པོ་འཐབ་པ་དང་། །མ་ཞུ་བད་ཀན་དང་ག་མི་བདེ་སེལ། །ཅོང་ཞི་འོ་མར་འདམ་བཏགས་གྲིབ་སྐམ་བྱ། །གི་ཝཾ་བཟང་དྲུག་ཨུཏྤལ་ཙན་དན་གཉིས། །གླ་རྩི་གསེར་གྱི་མེ་ཏོག་དུག་མོ་ཉུང་། །ཏིག་ཏ་བོང་ང་ཨ་རུ་བ་ཤ་ཀ །རུ་རྟ་པི་པི་ལིང་དང་ཀ་ར་སྦྱར། །ཅོང་ཞི་བསིལ་སྦྱོར་དུག་དང་སྨུག་པོ་དང་། །གབ་ཚད་ཚད་རྙིང་མ་ལུས་སེལ་བར་བྱེད། །ཅོང་ཞི་སེ་འབྲུ་སུག་སྨེལ་པི་པི་ལིང་། །མ་ནུ་གུར་གུམ་ཀ་ར་ཅོང་ཞི་དྲུག །བད་ཀན་བྲང་ཚ་ཆུ་ཚན་སྐྱུག་པ་འཇོམས། །སྤོས་དཀར་ཐལ་ཀ་རྡོ་རྗེ་སོ་མ་ར། །རུ་རྟ་བ་ཤ་ཀ་དང་འབྲས་བུ་གསུམ། །སླེ་ཏྲེས་བྲག་ཞུན་ཀ་ར་གུ་གུལ་བཅུ། །དྲེག་གྲུམ་ཆུ་སེར་ཀོ་ལེར་ཚ་འཁྱུག་འཇོམས། །གུར་གུམ་ཅུ་གང་ཨུཏྤལ་བ་ལེ་ཀ །ཏི་ཨ་རུ་མཚེ་ལྡུམ་ཀ་ར་སྦྱར། །གུར་གུམ་མཆོག་བདུན་མཆིན་ནད་གསར་རྙིང་དང་། །མཆིན་པ་བསྣད་འགྲམ་ཁྲག་རྒྱས་མིག་
སེར་སེལ། །ཨུཏྤལ་ཅུ་གང་གུར་གུམ་བ་ལེ་ཀ །སྟར་བུ་ཤིང་མངར་རྒུན་འབྲུམ་སྐྱུ་རུ་ར། །ཀ་ར་སྦྱར་བའི་ཨུཏྤལ་བརྒྱད་པ་སྟེ། །མཆིན་ཁྲག་ཕོ་བར་རྒྱས་པ་སེལ་བར་བྱེད། །བ་ལེ་ཀ་དང་ཨུཏྤལ་བ་ཤ་ཀ །ཤིང་མངར་ཅུ་གང་ཨ་རུ་ཀ་ར་སྦྱར། །ཚད་པ་ཀུན་སེལ་ཕོ་མཆིན་ཚ་བ་འཇོམས། །རྒུན་འབྲུམ་ཅུ་གང་གུར་གུམ་ཤིང་མངར་དང་། །གླ་སྒང་ཤིང་ཚ་སེ་འབྲུ་ཀ་ར་སྦྱར། །གློ་ཡི་ནད་དང་དབུགས་མི་བདེ་བ་སེལ། །ཞེས་སོ། །གི་ཝཾ་གུར་གུམ་ཨུཏྤལ་བ་ལེ་ཀ །ཏིག་ཏ་བྲག་ཞུན་རུ་རྟ་བ་ཤ་ཀ །གསེར་གྱི་མེ་ཏོག་ཀ་ར་གི་ཝཾ་དགུ། །མཆིན་པ་བསྣད་འགྲམ་མཆིན་ཁྲག་རྒྱས་པ་དང་། །མཆིན་ཚད་བད་ཀན་སྨུག་པོ་རྒྱས་པ་སེལ། །ཞེས་དང་། རུ་རྟ་སྐྱུ་རུ་སེ་འབྲུ་བ་ཤ་ཀ །སུག་སྨེལ་པི་པི་ལིང་དང་ཀ་ར་སྦྱར། །རུ་རྟ་དྲུག་པས་སྨུག་པོ་འཐབ་པའི་ནད། །གླང་ཐབས་སྒྲེགས་སྐྱུག་ཕོ་ཁར་ཟུག་པ་སེལ། །ཞེས་དང་། ཤིང་མངར་འབྲས་དང་བསེ་ཡབ་བྱི་ཏང་ཀ །གོ་སྙོད་འུ་སུ་ཚ་གྲང་རྟ་ཡིས་བསྒྱུར། །ཤིང་མངར་དྲུག་པས་སྐྱུག་པ་གཅོད་པའི་མཆོག །ཅེས་དང་། གུར་གུམ་ལི་ཤི་གི་ཝཾ་བསེ་རུ་མཚལ། །ཙན་དན་གླ་རྩི་འཇམ་འབྲས་བོང་ང་དཀར། །རུ་རྟ་འབྲས་བུ་གསུམ་དང་ཀ་ར་སྦྱར། །གུར་གུམ་བཅུ་གསུམ་མཆིན་རྒུད་སྦྱར་དུག་དང་། །མཁལ་མ་བསྣད་འགྲམ་ཆུ་སྲི་ཚ་སྦོས་དང་། །ཡ་མ་ནག་པོའི་སྲིན་ནད་སེལ་བར་བྱེད། །ཅེས་གསུངས་སྲིན་ལ་མ་རུ་རྩེ་དང་བྱི་ཏང་ཀ་སོགས་བསྣན་པ་ཕྱག་ལེན་ལ་འདུག ཡང་མན་རྒྱུད་ཆམ་ལེར། དྲི་བཟང་བཞི་དང་ཞོ་སྦྱར་ཆམ་པ་སེལ། །ཞེས་གསུངས། ཤིང་ཚ་སུག་སྨེལ། གནྡྷ་བྷ་དྲ་གསུམ་
དང་། དེ་སྟེང་ཡན་ལག་བརྒྱད་པ་ལྟར་ན་ནྭ་ག་གེ་སར་བསྣན་ཏེ་བཞིར་བཞེད། ཟླ་ཟེར་ལྟར་ན་ཅུ་གང་བསྣན་པ་ལ་བཤད་ཅེས་བཤད། གཅེས་གྲུབ་ལས་ལུགས་སྔ་མ་ལྟར་བྱས་ཏེ་བུ་རམ་ཞོ་སྦྱར་དཀྲུགས་ནང་བཏབ་པ་དང་། སྤོད་སྣ་ཚོགས་ཚལ་ནན་འཐུང་ན་ཤ་སྐྱེ་ཞིང་རོ་ཙེར་བྱེད་ཅེས་བཤད། །ཚལ་ནན་ཞེས་ཟས་ཟོས་རྗེས་བཏུང་བའི་བརྡ་འདོད་དོ། །གནྡྷ་བྷ་དྲ་གོ་ཡུ་སོགས་སུ་བཞེད་ཀྱང་དངོས་བདུད་རྩི་རིན་པོ་ཆེ་འཁྲུངས་རྒྱུད་ལས། གནྡྷ་བྷ་དྲ་ཤིང་གི་ཡལ་ག་འདྲ་ཞེས་པ་དྲི་བཟང་ལ་འགྲོ་བའི་སྨན་རང་རྐྱ་བ་ཞིག་གོ། མ་རྙེད་ན་འདི་སྐབས་མ་ནུ་བཏང་སྙམ་རང་། ཡང་ཕྱི་རྒྱུད་མཆོག་བརྒྱད་ཅུ་ལས། སྨུག་པོའི་ནད་ལ་གཉེན་པོ་བདུན་སྦྱོར་མཆོག་ཅེས་བསྔགས་པ། མན་རྒྱུད་དུ། སེ་འབྲུ་བསེ་ཡབ་འུ་སུ་སྟར་བུ་དང་། །མ་ནུ་ཨུཏྤལ་པི་པི་ལིང་དང་བདུན། །ཞེས་པ་དེའོ། །ཡང་ལྡན་ཚད་འབྱེད་ལ་མ་ནུ་བཞི་ཐང་མཆོག་ཅེས་པ། ཕྱི་རྒྱུད་ཐང་ལེར། མ་ནུ་ཀཎྚ་ཀ་རི་སླེ་ཏྲེས་དང་། །སྒ་སྐྱའི་ཐང་གིས་རིམས་ཚད་སྨིན་པར་བྱེད། །བད་ཀན་སྐྱ་སྨུག་སྟོང་ཚད་ཁྲག་གཟེར་སེལ། །ཞེས་གསུངས་པ་དེའོ། །ཡང་དེ་ལས། ཏིག་ཏ་ཧོང་ལེན་སྐྱུ་རུ་བ་ཤ་ཀས། །ཁྲག་འཁྲུགས་ཚ་བ་རོལ་གསོད་དྭངས་སྙིགས་འབྱེད། །ཅེས་དང་། འབྲས་གསུམ་ཐང་གིས་རིམས་འཁྲུགས་ཚ་བའི་ནད། །གསར་རྙིང་མ་ལུས་སེལ་ཞིང་སྨིན་པར་བྱེད། །ཅེས་གསུངས། ཡང་ཨིནྡྲ་བཞི་ཐང་ནི། དུག་ཉུང་བོང་དཀར་ག་དུར་བ་ལེ་ཀའི། །ཐང་གིས་རྒྱུ་ལོང་སྣོད་ཚད་མ་ལུས་སེལ། །ཞེས་གསུངས།
ཐང་ཆེན་བཅུ་པ་སོགས་ལྡེ༡བ༥་པར་ཡོད། །མ་ཞུ་གསར་པར་ཡང་ཡང་བསྔགས་པ་ཐང་ལེར། གྲང་སེལ་བཅའ་ལྒ་རྒྱམ་ཚྭ་ཨ་རུ་ར། །ཚན་མོས་དྲོད་ཆུང་གྲང་བ་མ་ལུས་སེལ། །པི་པི་ལིང་བསྣན་སྨན་མ་ཞུ་བ་འཇུ། །ཞེས་པ་འདི་དང་། མན་རྒྱུད་བད་ལེར། ཚ་བ་གསུམ་དང་རྒྱམ་ཚྭའི་ཐང་ལ་སོགས། །གདུས་པའི་ཁུ་བ་ཚན་མོ་བཏང་བར་བྱ། །ཞེས་པ་གང་རིགས་བྱ། མན་རྒྱུད་དུ་ཡིག་འཆུས་པ་ལ་ཤིང་ཚ་སུག་སྨེལ་བཟང་བར་གསུང་། གོ་སྙོད་དང་ཚ་བ་གསུམ་ཡང་དེ་འདྲར་བཤད་དོ། །གོང་གི་དེ་ནི་ཟབ་མོའི་སྨན་གྱི་སྡེ་ཚན་སོགས་ནས་འདི་ཡན་རྒྱུད་སྨན་ཟབ་མོའི་སྐོར་རྣམས་སོ། །ཀོ་བྱི་བདུན་པ། ཏིག་ཏ་བཅུ་གཅིག ཨམྦྷི་དྲུག་པ། འབོལ་སྨན་བདུན་པ། རེག་དུག་སྨན། ཞི་བྱེད་འབམ་ཐང་བཅས་སོ། །ཀོ་བྱི་ཤ་ཕོ་རུ་རྟ་ཨ་གར་ནག །ཅུ་གང་གུར་གུམ་ཨ་རུ་གསེར་མདོག་དང་། །སྤོས་དཀར་ཀར་སྦྱར་བ་ཀོ་བྱི་བདུན། །ངན་ཁྲག་སྟོད་དུ་རྒྱས་པའི་ནད་རིགས་དང་། །དབུགས་འཐུམ་དབུགས་འགྲིལ་ནད་ཆེན་སྟོད་རྒྱང་དང་། །འགྲམ་འཁྲུགས་རླུང་གིས་བུས་པའི་ནད་ལ་བསྔགས། །ཏི་ཧོང་ལེན་དུག་ཉུང་གསེར་མེ་ཏོག །གུར་གུམ་གི་ཝཾ་དོམ་མཁྲིས་ཕག་རིལ་ཐལ། །བ་ཤ་ཀ་དང་ཀྱི་ལྕེ་ཨ་རུ་རས། །མཁྲིས་ཚད་མིག་ཆུ་ཤ་ལྤགས་སེར་བ་དང་། །ཁྱད་པར་གསོད་དཀའི་ཀྵ་ཡ་ནག་པོ་སེལ། །ཞེས་གསུངས། ཤིང་མངར་འུ་སུ་ལྕམ་པ་དང་། སྲད་དཀར་སྐྱུ་རུ་གླང་སྣ་དྲུག །འདི་ལ་ཨམ་བྷི་དྲུག་སྦྱོར་ཟེར། །ཚ་ཆུའི་རྩ་ལམ་འབྱེད་པའི་མཆོག །ཚ་ཆུའི་ནད་ལ་འབོལ་སྨན་བདུན་པ་ནི། །ཁ་གུར་འཇིབ་རྩི་ཆ་མཉམ་དང་། པྲི་ཡངྐུ།
ཨུཏྤལ་གསེར ༠ ༠་༩ མོ་བོང་༧ ༠༩ ངུ་དཀར། །བ ༠ ༡་༠ ཤ་ཀ་དང་སྐྱུ་༠ ༡༠ རུ་བདུན། །ཚ་ཆུའི་རྩ་ལམ་འབྱེད་པའི་མཆོག །རེག་དུག་བསེ་མོག་གི་སྨན། ར་ས་ག་བུར ༠ ༡ ༠ ། ནི་ལ་ཐོ་ཋ། ལ་ལ་ཕུད་ཐམས་ཅད་ཞོ་རེར་མཉམ་ལི་ཤི་ཨ་རུ། ཕོ་རིལ་རྣམས། དགུན་བུ་རམ་དབྱར་༠སྦྲང་སྦྱར་བཏང་། སྟོད་ཇ་སྤོས་དཀར་ནི་ལ་ཐོ་ཋ་རྣམས་འབྲི་མར་ཆུ་ཆོད་པས་བྱུག ཡང་སྙིང་ཞོ་༣ ༠ གོ་ཡུ་༣ ༠ གཉིས་སོལ་མེས་བསྲེག་ཞིབ་ཙམ་བརྡར། དེ་ལ་ནི་ལ་ཐོ་ཋ་མཐེབ་ཚིགས་ཙམ། སུག་སྨེའི་ནང་གི་ཙེའུ། ཀ་ཀོ་ལ་གསུམ་གྱི་ནང་རྩི། ལྕོག་ལ་མ་ཐུན་གཅིག ཛཱ་ཏི་གཅིག་གི་བཞི་ཆ་གཅིག པི་ལིང་རྡོག་བདུན། ག་བུར་སྲན་ཙམ་གཅིག ཏིལ་དཀར་ནག་གཉིས་སོ་སོ་ནས་ཐུན་འབྲིང་ཚད། ཀནྜ་ཀ་རི་སོར་ལྔའི་ཚད་རྣམས་ཁ་ཚར་བྱ། སྨན་ཤོག་བུར་བཏུམ་ནས་བཏང་སོགས་བཤད། ཞི་བྱེད་འབམ་ཐང་ནི། ཨ་བར་སྐྱུར་གསུམ་རུས་པ་ཕྱུང་། བ་ཤ་ཀ སླེ་ཏྲེས། སེང་ལྡེང་ཏི། ཙན་དན་དཀར་པོ། སེ་འབྲུ། སྤོས་དཀར། གུར་གུམ་དབང་ལག་རྣམས་ཞོ་རེ། གླ་རྩི་ནས་ཙམ་སྦྱར་བ་ཞིབ་བཏགས། ཐུམ་བུ་གསེར་སྲང་དོའི་བུང་ཙམ་སྣུམ་མེད་རྫ་ནང་དུ་ཆུ་བྲེ་ཕྱེད་གསུམ་དང་སྦྱར་ལ་བསྐོལ་གྲང་ཐང་གིས་འབམ་ནག་པོ། མ་དྭངས་བར་དུ་གུང་གཉིས་བསྟེན། ཞེས་དཔེ་ཞིག་ན་འདུག ཁུངས་སུའི་ཡིན་མ་གསལ། ཁྱུང་སྔོན་སྟག་ཤམ། ཤ་དུག་སྨན། དྲེག་སྨན། གྲུམ་བུའི་སྨན། དུག་རུས་ཞེན། སྦྱར་དུག མགོ་རྨ་སྐོར། གཟེར་སྐྲངས་ཞི་བ། གག་གཅོད། གཉན་གཟེར། རྩ་དཀར་སྨན། མིད་པ་ཚ་འགག ཐུར་སེལ་བདེ་རྒྱུ། ཡ་མའི་སྨན་བཅས་སོ། །གཏུམ་པོ་ཨ་རུ་མ་ནུ་གུ་
གུལ་དང་། །སྤང་རྩི་ག་དུར་ཧོང་ལེན་སྲོ་ལོ་དཀར། །སྟག་ཤམ་གྱོན་པའི་བྱ་ཁྱུང་སྔོན་པོ་འདིས། །རིམས་འཁྲུགས་གཉན་ཚད་སྤྱི་དང་ཁྱད་པར་དུ། །གློ་ཆམ་གྲེ་བར་བབ་པའི་བདུད་རྩི་ཡིན། །ཞེས་སོ། །བྲག་སྐྱ་རྒྱ་ཚྭ་ཨ་རུ་རས། །སྦྱོར་བཙན་དུག་གི། ངན་ཐང་ལ་མགྱོགས་དར་ལེན། །དེ་སྟེང་བོང་ང་དཀར་དམར་གཉིས། །ཁྱུང་སྡེར་རེ་རལ་འོམ་བུ་དང་། །གངྒ་ཆུང་དང་སྤང་རྒྱན་དཀར། །བསྣན་པས་ཤ་དུག་གྲེ་འགག་འཇོམ། །སླེ་ཏྲེས་སེང་ལྡེང་གི་ལྕེ། ཧོང་ལེན། བ་ཤ་ཀ སྐྱེར་ཞད་ཙམ། ཤུན་གུ་གུལ་བྲག་ཞུན་འབྲས་བུ་གསུམ། །ཐང་གིས་དྲེག་ནད་མ་ལུས་ཞི་བར་བྱེད། །འབྲས་གསུམ་སླེ་ཏྲེས་ཏིག་ཏ་སེང་ལྡེང་དང་། །གུ་གུལ་གདུས་གྲང་བོང་ཁྲག་ཕྱེ་མས་དབུལ། །ཆུ་སེར་གྲུམ་བུ་ཞི་བྱེད་བདུད་རྩི་ཡིན། །གསེར་མདོག་ཀོ་ཋ་ལི་ཤི་ཤ་ཆེན་དང་། །རུ་རྟ་གི་ཝཾ་ཅུ་གང་གུར་གུམ་དང་། །སེ་བ་སྐྱེར་པ་འོམ་བུ་བཅུ་གཅིག་འདིས། །བདུད་རྩི་རུས་ཁུས་འཕུལ་ཏེ་བཏང་བ་ཡིས། །དུག་ནད་རུས་ཞེན་གཏིང་འདོན་ཆིག་བརྒྱུད་ཟབ། །སྦྱར་དུག་ནད་དེ་ངོས་ཟིན་ནས། །དང་པོར་ཀོ་ཋ་གསེར་མདོག་དང་། །ཐར་ནུ་བདུད་རྩི་ཞུན་སྦྱར་སྦྱང་། །དེ་ནས་ཞག་ལྔར་ངལ་ག སོས་ལ། །གསེར་མདོག་ཤ་ཆེན་ཐར་ནུ་གསུམ། །གཙང་ཆེན་ཆུ་ཡིས་ཕུལ་ལ་སྦྱང་། །དེ་རྗེས་ཞག་གསུམ་བསྲུང་ནས་སུ། །དན་རོག་པི་ལིང་ཕོ་རིས་གསུམ། །མྱོས་བྱེད་ཁུ་བས་དབུལ་ལ་སྦྱང་། །དེ་ཡིས་དུག་ཆེན་ཐམས་ཅད་འཇོམས། །དྷརྨའི་ལུགས་སོ། །མགོ་རྨ་ལ་སོགས་རྨ་གང་ཡང་། །མེ་ཏོག་གཡུ་ཏི་ཞེས་བྱ་བ། །བྱེ་རིང་དུ་འཁྲུངས་དཔེ་ཡོད། ཤ་ལ་
ཡུ་རིང་གཅིག་པུ་ནི། །ཐུན་བཟང་རེ་ཙམ་རུས་ཁུས་འཕུལ། །གོས་དྲོ་རྡུལ་དབྱུང་བྱ་བས་ཆོག །གློ་བའི་ནད་ལའང་བདུད་རྩི་འདྲ། །གངས་ཆུས་ཕུལ་བཏང་ཁྱི་དུག་སེལ། །ཆམ་པ་གསར་རྙིང་ཐུན་རེས་སོས། །འདི་ནི་ཁྲག་བཤིག་གསང་སྨན་ནོ། །སྟག་ཤ་ཕོ་རོག་ནོར་བུ་དང་། །ཏི་གུ་ལམ་སྐྱེས་གུར་གུམ་སྦྱར། །རྨ་ཚབས་ཆེ་ཞིང་ཁྲག་རྒྱས་ལ། །རྨ་ཁོང་གཉིས་ཀར་ག་བུར་བཏང་། །ཟུག་བསྟུན་གཏར་དགོས་མི་དགོས་དཔྱད། །ཤ་རུས་གཉིས་ཀ་གང་བསྣད་པའི། །ཤ་རོ་དྲལ་ལ་གོང་སྨན་བཀང་། །ཞ་ཉེའི་ཐེམ་ཚང་གཞུག་པར་བྱ། །དེ་ཡིས་ཆུ་སེར་ཕྱི་ལ་འདྲེན། །གཞན་ཡང་རྨ་ཆས་སྤྱི་ལྟར་བྱ། །དེ་ཡིས་འཐེམ་བསྲོང་གས་པ་སྦྱོར། །ཆུ་སེར་འདྲེན་ཞིང་ཤ་རོ་འཇུ། །ལྷ་རྩེའི་ཁ་འཛིན་ཚ་གྲང་ཞི། །ཤའུ་རྨེན་བརྟས་མྱུར་གསོ་ནུས། །སྦལ་རྒྱབ་མགོ་ཆག་སྨན་ལ་བཟང་། །བཅད་ན་འོ་མ་ཅན་གྱི་རིགས། །སྨན་རྣམས་རྨ་ལ་བཟང་ཞེས་གསུངས། །ཡུག་ཤིང་ཁཎྚ་ལུག་རིལ་ཙམ། །རུས་པ་ཆག་ན་སྤྱི་བཞུར་དང་། །ནང་རྩ་ཆད་པར་ཁ་གུར་དང་། །འབྲི་རྟ་ས་འཛིན་དག་དང་སྦྱར། །ཁྲག་ཤོར་མཁྲིས་པ་སྣ་ཚོགས་དང་། །རྐང་འཛག་ཤེལ་ཏ་གདུས་པའི་ཆུ། །ཀུན་ལ་གླ་རྩི་བཏབ་སྟེ་འཐུང་། །ཕྱི་ནས་བྱུགས་ན་ཁཎྚའི་སྟེང་། །མགོ་ཆག་ཐར་ལོ་དོམ་གྱི་མཁྲིས། །ཤའུ་གསོ་བར་གུར་གུམ་དང་། །འབྲས་རུས་གཉན་ལ་རྒྱ་ཚྭ་དང་། །དོམ་མཁྲིས་སྦྱར་བ་བྱུག་པར་བྱ། །ཁ་མཆུའི་ནད་ལ་ཁཎྚ་རྐྱང་། །བྱུགས་པས་ཆོག་སྟེ་སྨན་འདི་ནི། །གསེར་སྲང་སྟོང་ལས་དགའ་ཞེས་གསུངས། །དྷརྨས་
མཆེད་པོ་གཉིས་ལ་གནང་། །རྨ་ཚད་རྨ་ལྷོག་བྱུང་དོགས་ལ། །རྒོད་སྤོས་ཧོང་ལེན་ཁྱུང་སྡེར་སེར། །ས་ཐང་སྨྱུག་ལོ་ལུག་རུ་དམར། །འདི་དྲུག་རྨ་ཚད་རྨ་ལྷོག་དང་། །སྐྲངས་པ་འཇོམས་པའི་གཉེན་པོ་ཡིན། །སྤྱིར་ཡང་རྒོད་སྤོས་ལུག་རུ་བཟང་། །ཅུ་གང་གུར་གུམ་དོམ་མཁྲིས་དང་། །སྟག་ཤ་ག་བུར་ཡུག་ཤིང་སོགས། །སྦྱར་བས་རྨ་ཡི་ཚད་པ་འཇོམས། །དོམ་མཁྲིས་ཤིང་ཚ་མདུང་རྩེ་དཀར། །སྟག་ཤ་རྣམ་པར་ཡིབ་ཤིང་དང་། །ས་འཛིན་བདུན་གྱིས་རྩར་བྱེར་འཇོམས། །ཚབས་ཆེ་སྨྱུག་ལོ་ཧོང་ལེན་བསྣན། །ཟུར་མཁར་ཆོས་རྗེའི་མན་ངག་གོ། གཉན་སོགས་གཟེར་རིགས་འཇོམས་པའི་སྨན། །གླ་རྩི་ཤིང་ཀུན་མུ་ཟི་སེར་ནག་དང་། །ཤུ་དག་ལྡོང་རོས་གུ་གུལ་དཀར་ནག་དང་། །དངུལ་ཆུ་བཞི་ནམ་སྟར་བུ་ཞོ་ཕྱེད་ཀྱིས། །བཤིག་པ་དང་བཅས་རིལ་བུར་བྱས་ལ་བཏང་། །གོས་ཀྱིས་བྱིབས་ལ་རྡུལ་དབྱུང་དག་ཀྱང་བྱ། །ལྷོག་པའི་སྐྲངས་དང་ཟུག་གཟེར་གཉིས་ཀ་འཇོམས། །རྒྱ་ཚྭ་ཐར་ནུ་ཁྲོན་བུ་ཡིས། །གག་པ་གཅོད་ཅིང་སྦྱོང་བར་བྱེད། །དྭ་བའི་འབྲས་བུ་ཨ་རུ་ར། །སེར་མཚུར་ཕྱེ་མས་གག་པ་གཅོད། །ག་བུར་གླ་རྩི་ལི་ཤི་ཡིས། །གག་པའི་ཚད་པ་མ་ལུས་སེལ། །རྒྱ་ཚྭ་ལི་ཤི་སྔོ་ཚ་བ། །གསུམ་བཅས་གག་གསོད་སྨན་གྱི་མཆོག །འཛིན་པ་ཕོ་ཚོས་བཙོད་དང་ནི། །ཚྭ་ཡི་ཕྱེ་བཏབ་གག་པ་གཅོད། །གཉན་གྱི་གཟེར་ལ་དང་པོར་ནི། །རྒྱ་སྐྱེག་སྐྱུ་རུ་ཧོང་ལེན་གྱི། །ཐང་ལ་གླ་རྩི་བཏབ་སྟེ་བཏང་། །བར་དུ་གླ་རྩི་ཤིང་ཀུན་དང་། །ཤུ་དག་ནག་པོ་གུར་གུམ་དང་། །ཅུ་གང་ཆོས་
སྨན་ཤ་ཆེན་གྱི། །རིལ་བུའམ་ཡང་ན་སྟག་ཤ་བ། །མིང་ཆེན་ནག་པོ་ལྷོག་དུག་དང་། །གླ་རྩི་ལྡོང་རོས་ཤིང་ཀུན་དང་། །གུ་གུལ་ཤུ་དག་དྲི་ཆུ་ཡིས། །སྦྱང་བའམ་ཡང་ན་བྱ་རྒོད་སྤོས། །མུ་ཟི་ཟངས་རྩི་གླ་སྨན་དང་། །ཤིང་ཚྭ་ཡུང་བ་རུ་རྟ་དང་། །ཤ་ཆེན་པྲི་ཡངྐུ་རྣམས་བཏང་། །གཉན་སོད་ནས་ནི་གླ་རྩི་ནི། །བཏབ་པའི་གཉན་སྦྱོང་ཚུལ་བཞིན་བྱ། །ཆ་ལག་ལས་སོ། །རྩ་དཀར་ནད་རྩར་བབ་ན་རྡོ་སྦྱོར་ཕན། །སྦལ་རྒྱབ་མདུང་རྩེ་གངས་ཐིག་མཚལ་ཅོང་ཞི། །མུ་ཏིག་ཨ་བ་རྡོ་རྒྱུས་མཉམ། །ས་འཛིན་བཟང་དྲུག་ཤིང་མངར་དོམ་མཁྲིས་སོགས། །མཁྲིས་སྣ་བཏབ་པ་གར་ཆང་དག་གིས་དབུལ། །ནད་རྩར་བབ་པའི་ནད་ལ་མཆོག་ཏུ་ཕན། །བཟང་དྲུག་ཐུན་རེ་ཤིང་མངར་ཐུན་གཉིས་དང་། །གཙང་མའི་བྱང་སེམས་དཀར་དམར་ནེ་ཙོའི་ཀླད། །ཐུན་ཕྱེད་དེ་དག་ཀུན་མཉམ་ཅོག་ལ་མ། །དེ་ཀུན་དང་མཉམ་ཉ་ཕྱིས་སྦྱར་བ་དེ། །གྲང་ན་མྱོས་ཁུ་ཚ་ན་སྟབ་སེང་ནི། །ཆུར་བགྲུངས་ཀྱིས་ཕུལ་རྩ་ནད་ཀུན་ལ་ཕན། །འདི་ལ་བྱང་ལུགས་འཕྲུལ་གྱི་སྡེར་མོ་ཟེར། །རྩ་དཀར་དང་པོ་གསར་པའི་དུས་དང་ནི། །ཀླུ་གཉན་ནད་བག་འཇོམས་ཕྱིར་སར་ཁྱུང་བཏང་། །བསམ་འཕེལ་ནོར་བུ་བྱུར་དམར་ཉེར་ལྔ་དང་། །རྒྱུད་ཀྱི་མུ་ཏིག་ཉེར་ལྔ་ལ་སོགས་པ། །རིན་ཆེན་སྦྱོར་བ་འདི་ཡི་གཉེན་པོར་བཟང་། །རྩ་སྦྱོང་འཇམ་པོས་དེད་པས་ནད་ཀུན་འབྱིན། །ནད་རླུང་གཅོག་ཕྱིར་རྩ་ཁ་ཕྱེ་ཙམ་གཏར། །ཐ་མར་མེས་བསྡམས་རྩ་གཉེན་ལུམ་སྦྱོར་བྱ། །དེ་ཡིས་རྩ་དཀར་ནད་ལས་གྲོལ་བར་འགྱུར། །ཤུ་བྷཾ་མངྒ་ལཾ།
ཁྱུང་ལྔའི་སྟེང་དུ་རེ་རྐོན་བ་ཤ་ཀ །ཙན་དན་དཀར་དམར་གི་ཝཾ་སྐྱུ་རུ་ར། །རྒྱ་རུ་བསེ་རུ་སྦྱར་བས་བཅུ་གསུམ་འདིས། །མིད་པ་ཚ་ཞིང་འགག་སྙམ་བྱེད་ལ་ཕན། །ཞེས་པ་གནམ་ཆོས་མི་འགྱུར་རྡོ་རྗེའི་ལུགས་སོ། །ཐུར་སེལ་བདེ་རྒྱུའི་སྦྱོར་བ་ནི། །ཨུག་ཆོས་རྩ་བ་མེ་ཏོག་དང་། །ལ་ཕུག་གཞོན་ནུ་བརྡར་ལ་བསྐམ། །བུལ་ཏོག་ཕྱེན་པོ་ཆེ་ཡི་རྡོ། །རྡོ་དྲི་ཆེན། དུང་ཐལ་སྦྲུལ་ཤ་ཕྱེ་རིལ་བྱ། །དགོད་ཁ་རླུང་དུས་ཆང་གིས་དབུལ། །རླུང་འགག་སྤྱི་སྨན་ངོ་མཚར་ཆེ། །འབྲི་གཅེས་ལས་སོ། །ཡ་མའི་སྨན། གུར་གུམ་ཏིག་ཏ་བྱི་ཏང་མ་རུ་ཙེ། གུ་གུལ་ཤུ་དག་གཡས་༡གཡོ༢ན་གང་གཟེར་བཞིན། །མ༡ར་ཁུའམ་ཇ༢་ཡིས་རྟ་བྱས་ཕུལ་བ་ན། །སྨན་ཐུན་གསུམ་བཏང་ངེས་པར་འཚོ་བ་ཡིན། །མཁྲིས་སྲིན་ཡ་མ་ནག་པོ་རྒྱལ་པ༡ོ་འདྲ། །ཁྲག་སྲིན་ཡ་མ་ནག་པོ་བཙུན་མ༢ོ་འདྲ། །རླུང་སྲིན་ཡ་མ་དཀར་པོ་བློ༣ན་པོ་འདྲ། །དེ་གསུམ་རིམ་བཞིན་མཚོགས་མ་ལྟག་པ་དང་། །རྣ་བའི་ལྗོན་ཤིང་ལ་གནས་རིགས་གསུམ་མོ། །གསེར་མདོག་བཅུ་གཅིག གསེར་མདོག་ལྔ་པ། དར་མོའི་བཀའ་རྒྱ་ནས་བླང་སྐོར། རླུང་མགོ་འཁོར། སྙིང་འཆུས་ལྟོད་གང་། སྟོད་འཚང་། མགོ་རླུང་། ཁྲག་རླུང་སྟོད་འཁྲུགས་སོགས་སྨན། སྟོད་འཚང་། སྲོག་རླུང་མགོ་གཟེར། ཚ་མཁྲིས། མཁྲིས་པ་སྣོད་ལྷུང་། མཁྲིས་པ་སྟོད་ཚ། གྲང་མཁྲིས་སྨན་ཟབ་བཅས་སོ་གཅིག་པའོ། ༈ །གསེར་མདོག་བཅུ་གཅིག་སྦྱོར་བ་ནི། །ཕག་བྲུན་ཨ་རུ་སེ་འབྲུ་བྲག་ཞུན་དང་། །གླ་རྩི་བོང་དཀར་གསེར་མེ་པཪྤ་ཏ། །བྱི་ཏང་འཛིན་པ་སེ་བའི་མེ་ཏོག་རྣམས། །ཀ་ར་སྦྱར་བ་ཆུ་སྐོལ་འཕུལ་ལ་བཏང་། །གསེར་མདོག་བཅུ་
གཅིག་སྦྱོར་བ་ཞེས་བྱ་འདིས། །མཁྲིས་སྲིན་དུག་ཐབ་བད་མཁྲིས་མགོ་ནད་དང་། །ཕོ་བ་རྒྱུ་མར་ཁྲག་མཁྲིས་ལྷུང་བ་དང་། །སྣོད་ཀྱི་མཁྲིས་སྐྲན་མ་ཞུ་མིག་སེར་སེལ། །ཁྱད་པར་ཡ་མ་ཚ་བ་འཇོམས་པའི་མཆོག །ཤ་ཡ་མིག་སེར་ཀྵ་ཡ་ནག་པོ་ལ། །འགྲོ་ཙམ་ཡིན་གྱི་ཐེ་ཚོམ་ཟ་མི་དགོས། །དོམ་མཁྲིས་གུར་གུམ་ཏིག་ཏ་ལ་སོགས་ཀྱིས། །ནད་ཀྱི་སྐབས་དང་སྦྱོར་བ་རིགས་པས་དྲིས། །ཁོང་སྲིན་ཡ་མ་ནག་པོའི་རིགས་རྣམས་ལ། །ཀ་ར་མི་བཏང་གུ་གུལ་ཕུར་ཁནྜ་བསྡེབ། །གྲིས་དཀྲུས་ལྟ་བུའི་རྒྱུ་མཁྲིས་གླང་ཐབས་འཇོམས། །རང་གིས་ཉམས་མྱོང་ཡི་གེར་བཀོད་པའོ། །ཞེས་དཔེ་ཞིག་ན་འདུག་སུས་མཛད་མ་གསལ། །གསེར་མདོག་སེ་འབྲུ་གསེར་གྱི་མེ་ཏོག་དང་། །བྲག་ཞུན་ཕག་རིལ་ནུས་ལྡན་བསྲེག་པའི་སུམ་ཏིག་ཞད་ཙམ་བསྣན་ན་ཚ་གྲང་ཆ་སྙོམ་གསུངས། ཐལ། །གསེར་མདོག་ལྔ་པས་ཕོ་བ་རྒྱུ་མའི་ཡུལ། །མཁྲིས་རླུང་མ་ཞུ་མིག་སེར་ཀུན་ལ་བསྔགས། །ཞེས་སོ། །དར་མོ། ཛཱ་ཏི་ཤིང་ཀུན་ཏང་ཀུན་ཨར་ནག་རུ་རྟ་ལི་ཤི་གོ་སྙོད་ལུག་ཀླད་འབྲི་མར་བཙག་བཅད་རིལ་བུ་བྲ་རིལ་ཙམ་པ་ལྔའམ་བདུན་ཆང་གིས་ཕུལ་བད་རླུང་མགོ་འཁོར་ལ་ཕན། ལི་ཛཱ་སྙིང་ཞོ་སྤོས་དཀར་ཞིབ་བཏགས་ཆང་ཕུལ་སྙིང་འཆུས་རོ་སྟོད་གང་བར་ཕན། ཨ་གར་ཛཱ་ཏི་སྙིང་ཞོ་རུ་རྟས་རླུང་ཁྲག་སྤྱིར་ཕན། ཨ་བྱག་བསྣན་པས་གཟེར་ལ་ཤིས། ལི་ཤི་ཤ་ཆེན་སྙིང་རླུང་ལ། རི་བོང་སྙིང་བསྣན་སྨྱོ་འབོག་སེལ། ཚེར་སྔོན་ཐུར་མགོ་གང་། གསེར་མདོག་ནས་ཙམ་ལྔ། བོང་
ནག་ཐར་ནུ་ཆུ་རྩ་གསུམ་ནས་རེ་རེ་ནས། ཙམ་རེའི་རིལ་བུ་སྲན་ཆུང་ཙམ་ཆུ་གྲང་ཕུལ་བས་སྟོད་འཚང་ནད་རིགས་ཀུན་ལ་ཕན། །ཤིང་ཀུན་རྒྱམ་ཚྭ་སྒ་ཛཱ་ཏི་གུ་གུལ་རུས་ཁུས་དབུལ་བས་མགོ་རླུང་མོད་ལ་འཚོ། ཨར་བརྒྱད་བདུན་ཐང་། གཟེར་འཇོམས་ལི་ཤི་ཤ་ཆེན་གུ་གུལ་འཛིན་པ་བསྣན་པས། ཁྲག་རླུང་རེང་འཁུམ་སྟོད་འཁྲུགས་སྙིང་ཚད་རླུང་ལྡན་སྐྱ་སོབ་ལུ། གཉན་ཚད་རླུང་གཟེར་རིགས། སྟོད་སྨད་ཚ་གྲང་མཁལ་སྐེད་ནད་ཀུན་ལ་མཆོག་ཏུ་ཕན། ཨ་བྱག་ཀོ་བྱིལ་རུ་རྟ་ཛཱ་ཏིས་སྟོད་འཚང་སེལ། ཤ་ཕོ་རུ་རྟ་ལི་ཤི་གོ་སྙོད་ཀ་ཀོ་ལའི་ཐང་གིས་གྱེན་རྒྱུ་དང་སྲོག་འཛིན་གྱི་རླུང་དང་མགོ་གཟེར་སེལ། ག་བུར་ཅུ་གང་གུར་གུམ་ཧོང་ཏིག་བ་ཤ་ཀ བོང་དཀར་དུག་ཉུང་དོམ་མཁྲིས་ཀ་ར་བཞི་འགྱུར་རྟ་བྱས་པས་ཚ་མཁྲིས་མེ་ལྟར་འབར་བ་སེལ། ཏིག་ཏ་གསེར་མེ་དུག་ཉུང་སྐྱེར་ཤུན་མཁྲིས་པ་སྣོད་ལྷུང་སེལ། ཏིག་ཏ་གསེར་མེ་དུག་ཉུང་གསུམ་མཁྲིས་པ་སྟོད་ཚ་སེལ། གཡར་གྱི་ཏིག་ཏ་པར་བ་ཏ་གསེར་མེ་རྣམས་བ་དམར་ཆུ་སྦྱར་བྱུགས་པས་ཚ་མ ཁྲིས་ཀྱིས་ཟ་གཡའ་སེལ། །སེ་འབྲུ་བཞི་སྟེང་སྒ་དང་ཨ་རུ་རྒྱམ་ཚྭ་གུར་གུམ་ཛཱ་ཏི་ལི་ཤི་རུ་རྟ་སེ་མེ་སྦྱར། བུར་དཀར་རྟ་བྱས་ཆུ་སྐོལ་ཐོ་རེངས་ཕུལ་བས་སྔོན་ལས་མ་གཏོགས་གྲང་མཁྲིས་འཇོམས། འདི་འདྲ་འཛམ་གླིང་དཀོན་གསུང་། བད་ཀན་སྐྱ་སྨུག་སོགས་སེལ་བ་སེ་འབྲུ་པདྨ་འདབ་བརྒྱད། མཁྲིས་བ་གསར་པའི་སྨན་ཆ་མཉམ་བཞི་ཐང་འདྲ། མགོ་ན་བའི་སྣ་སྨན། ཤ་སེར་མིག་སེར་ཐང་། གྲང་མཁྲིས་བྱུག་པ། བད་ཀན་ལྡན་འདུས། བད་ཀན་མ་ཞུ་བེ་སྣབས། ཕོ་ནད་སོགས་སེལ་བ་རྣམས་སོ། །སེ་འབྲུ་བཞི་སྟེང་། གསེར་
མེ་གསེར་མདོག་གར་ནག་སེ་མེ་བཞི། །ཆ་མཉམ་ཞིབ་བཏགས་ཚ་གྲང་རྟས་བསྒྱུར་བ། །བད་ཀན་སྐྱ་སྨུག་མ་ཞུ་གསར་རྙིང་དང་། །བད་མཁྲིས་ཕོ་རིམས་ལྡན་འདུས་ནད་ལ་བསྔགས། །སེ་འབྲུ་པདྨ་འདབ་བརྒྱད་ཅེས་བྱའོ། །མཁྲིས་པ་གསར་བ་བྱུང་འཕྲལ།སྐྱུ་རུ་གསེར་མདོག་རྒྱམ་ཚྭ། རྒྱ་ཚྭ་ཆ་མཉམ་གྱིས་སེལ་ལོ། །གུར་གུམ་བྲག་ཞུན་སྐྱུ་རུ་གོ་སྙོད་ཤེལ་ཀ་ར་སྦྱར་བ་སྣར་བླུག་ན་ཆང་གིས་མཁྲིས་པས་མགོ་ན་བ་སེལ། ཡུང་སྐྱེར་སྐྱུ་རུའི་ཐང་གིས་ཤ་སེར་མིག་སེར་ཕྲལ་དུ་སེལ། གྲང་མཁྲིས་བྱུག་པར་སྒོག་སྐྱུ་རུ་མ་ནུ་སྐྱེར་ཤུན་ཚྭ་རྒན་ཟོ་མར་སྦྱར་བས་འབྲུམ་ནག་སེལ། ༧ །ཅོང་ཞི་བཟང་དྲུག་ཚ་བ་གསུམ། ཨ་རུ་ད་ལིས་གངས་ཐིག་ཤིང་ཚ་ཚྭ་ལ་ལ་ཕུག་ཐལ་བ་རྣམས་ཀྱི། བད་ཀན་ལྡན་འདུས་ཀྱི་ནད་ཕྱི་ནང་ཞུགས་པ་ཐམས་ཅད་སེལ། བྱང་བུལ་སྙིམ་གང་ནང་། ཅོང་ཞི་རྒོད་བཏུལ་གོ་བྲུན་མ་ནུ་སྒ་སྐྱ་པི་ལིང་ཕོ་རིས་རྒྱམ་ཚྭ་རྣམས་རིས་པས་ཆ་བསྐྱུང་བ། བུར་དཀར་མགོ་བསྡུས་ཆང་ཆུ་གང་འོས་ཀྱིས་ཕུལ་ན། བད་ཀན་མ་ཞུ་བེ་སྣབས་འཁྲུ་བ་དང་། །ཕོ་ནད་ཕོ་སུལ་ལྷེན་དང་ལྕགས་དྲེག་ཆགས། །གྲུམ་བུ་དཀར་པོ་ཚིགས་ལ་ཞེན་པ་རྣམས། །ཆུ་ཐོག་ལན་ཚྭ་ཞུ་ལྟར་ཕྲལ་དུ་འཇོམས། །གང་ཐབས་ཚ་གྲང་། གཡུ་དྲིལ་བཅུ་གསུམ་སྨུག་པོའི་སྨན། སྨུག་པོ་འཐབ་པ། བད་ཁྲག་གཏར་གོ་ཆོད། སྨན་སེར་འདུ་བ་སྤྱི་སྙོམས་བཅས་སོ། །རུ་རྟ་དྲུག་པར་ཕུར་ཁན་བསྣན་བཏང་གླང་ཐབས་ཚ་གྲང་མེད་པར་འཇོམས། རུ་རྟ་དྲུག་སྟེང་པྲི་ཡངྐུ། སྒ་སྐྱ་འུ་སུ་ཨུཏྤལ་རེ་སྐོན། གོ་ཐལ་བྱི་ཏང་ཀ་བསྣན་པ་གཡུ་དྲིལ་བཅུ་གསུམ་ཞེས་སྨུག་པོ་སོགས་ནད་ཀུན་སྤྱི་སྨན་ནོ། །སྨུག་པོ་འཐབ་པར་རུ་རྟ་དྲུག་སྟེང་
གཉེན་པོ་གསུམ་དང་བྲག་ཞུན་གསེར་མདོག་བསྣན་པས་སེལ། བད་ཁྲག་ལ་ཅོང་ཞི་འབྲི་མོག་མ་ནུ་ཧོང་ལེན། ཅུ་གང་སྲོ་དཀར་བ་ཤ་ཀ་སྐྱུ་རུ་རུ་རྟ་རྣམས་ཀྱིས་སེལ། འདིས་ཁྲག་ནད་ལ་གཏར་ཀའི་གོ་ཆོད་དོ། །བྱང་སེམས་དཀར་དམར་བཟང་དྲུག་ཙན་དན་གཉིས། །འབྲས་གསུམ་ཨ་གར་ཨུཏྤལ་སྤང་རྩི་ཏིག །དུག་ཉུང་གསེར་མེ་བོང་ང་གི་ཝཾ་དང་། །སེ་འབྲུ་ཤིང་ཚ་པི་ལིང་ག་དུར་དང་། །བ་ལེ་རུ་རྟ་སྟར་བུ་སེ་བའི་མེ། །ཧོང་ལེན་གེ་སར་བྲེ་ག་སུམ་འགྱུར་བཅས། །ལག་ལེན་ཞལ་གདམས་གསེར་མདོག་ལྟ་བུར་བསྒྱུར། །ཆང་ཕུལ་ཕྱི་ནང་ནད་ཀུན་འཇོམས། །སྨན་སེར་འདུ་བ་སྤྱི་སྙོམས་ཆེན་མོའོ། །དུག་མ་ཞུ་ཐུར་སེལ་གྱེན་ལོག བད་རླུང་སྟོད་འཚང་སྨན། ཆུ་ནང་རྗེས་གཅོད་རྒས་པ་དར་འཇོག གཉན་ཚད་རླུང་གསུམ་འབེབ་པ། ཁྲག་མཁྲིས་དུག་ཚད་འབམ་རིམས། སྟོད་ཚད་ཀུན་སེལ། གཉན་གཟེར་གསོད་པ། གཟེར་ནད་ཀུན་ཞི། གཉན་ཚད་གཟེར་ཕོ་ལྷོག གཉན་ཚད་མེ་འབར་ཞི་བ། གཉན་རྒོད་དང་མེ་ལྷོག་སྨན། དམར་བཤལ་དཔའ་བོ་དྲུག་སྦྱོར་བཅས་སོ། །ཞི་དྲུག་གི་ཅོང་ཞི་དོར་སྟེང་རྒྱམ་ཚྭ་སྒ་སྐྱ་མ་ནུ་ཆ་མཉམ། མཆུ་སྙུང་ལྕུམ་རྩ་བུལ་ཏོག་གསུམ། རིམ་པས་ཆ་བསྐྱེད་ཞིབ་བཏགས་ཕྱེ་མ་ཆུ་སྐོལ་ཕུལ། དུག་མ་ཞུ་གླང་ཐབས་ཐུར་སེལ་གྱེན་ལོག་བད་རླུང་སྟོད་འཚང་ལ་བདུད་རྩི་མཚུངས། དེ་སྟེང་སྲིན་ལ་བྱི་ཏང་ཕུར་ནག་གླ་རྩི་བསྣན། སྤོས་བར་སེ་འབྲུ་ཨུག་ཆོས་འབྲུ་བསྣན་བྱ། ཀོ་བྱི་ཨར་ནག་གཟེར་འཇོམ་འབྲས་གསུམ་ཞི། དྲུག་སྟེང་བསྣན་ལན་གསུམ་བཏང་ཁྲག་རླུང་དང་བད་ཁྲག་སྟོད་
ཚང་གི་ཟུག་ཕྲལ་དུ་གཅོག་གོ། ལྕགས་ཕྱེ་སྤོས་དཀར་བ༡་༠རུ་། ཨ་༨རུ། སྐྱུ་༩རུ། བྱི་ཏང་བྲག་ཞུན་ཙི་ཏྲ་ག ལྕམ་འབྲས་བཟང་དྲུག གླ་རྩི་རྣམས་ཐུན་རེ་ཞིབ་བཏགས་སྦྲང་དཀར་སྦྱར་ཏེ་ལྡེ་གུ་ཁམ་ཚིགས་ཙམ་རེ་ཟླ་ཕྱེད་བསྟེན་ན་ཆུ་ནད་ཀྱི་རྗེས་གཅོད་རྒས་གསོ་དར་ལ་འཇོག་ཅེས་གསུང་། ཚད་པ་གཟེར་ཐུང་བཞི་ཐང་སྟེང་བཙོད་མདུད་ཨ་རུ་ཤ་ཆེན་ཕུར་ནག་རིམ་བསྐྱེད་ཐང་དུས་དྲུག་བཏང་གཉན་ཚད་རླུང་གསུམ་རང་གནས་འབེབས། བྱ་རྒོད་སྤོས་པྲི་ཡངྐུ།ཆུ་རྩ་གླ་རྩི་རེ་ལྕགས་སྤང་རྒྱན་གུ་གུལ་ཨ་རུ་སྦྱར་བའི་རིལ་བུ་སྲན་ཕོས་ཙམ་ཉིན་མཚན་གུང་བཏང་། གངས་ཆུས། ཁྲག་མཁྲིས་དུག་ཚད་འབམ་རིམས་འཁྲུགས་སོགས་ཚད་ནད་ཀུན་སེལ་ཁྱད་པར་སྟོད་གཟེར་འཇོམས། གཉན་སོགས་གཟེར་ལ། ཕུར་ནག་གུ་གུལ་ནག་པོ་བོང་ནག སྟག་ཤ་གཟེར་འཇོམས་གླ་རྩི་ཤུ་དག་བསིལ་གསུམ་བཅས་བཏང་། དྲི་ཆུས། གཟེར་མགོ་ཆོག་དབུགས་སྣ་དལ་ལོ། །ཨ་བྱག་ཤ་ཆེན་ཐར་ནུ་ཆུ་རྩ་འཛིན་པ་ལྔ་གཟེར་ནད་ཀུན་ལ་བདུད་རྩི་འདྲ། ཡང་བི་ཥ་གླ་རྩི་སྦྱར་བ་ཆུ་སྐོལ་ཕུལ་བཏང་གཉན་ཚད་དང་གཟེར་རིགས་སེལ། ཁནྡ་ཕུར་ནག་བོང་ནག་གུ་གུལ་གླ་རྩི་པི་ལིང་ཐང་ཕྲོམ་བྱི་ཏང་མ་རུ་ཙེ་རིམ་ཆ་བསྙུང་བས་ཕོ་ལྷོག་ལ་ཕན། བདུད་རྩི་ལོ་མ་བཟང་དྲུག གི་ཝཾ་སྟག་ཤ་ཧོང་ལེན། ག་བུར་གུ་གུལ་བོང་དཀར་རྣམས་ཀྱིས་གཉན་ཚད་སེལ། ག་བུར་གླ་རྩི་སྦྱར་བས་གཉན་ཚད་མེ་ལྟར་འབར་བ་སེལ་ཞེས་དར་མོ་བཀའ་རྒྱ་མ་ལས་སོ། །མ་ནུ་ཁྲག་ཅན། བསེ་འབྲས་གླ་རྩི་རུ་རྟ་ཨ་རུ་ར།
གི་ཝཾ་གུ་གུལ་དྲུག་པས་ཡ་མ་དཀར་ནག་གཉན་རྒོད་རྨ་ཚད་གཟེར་ལ་ཕན། དང་མེ་ལྷོག་འཇོམས། ལ་ལར་བསེ་འབྲས་ཚབ་ག་བུར་བྱེད་པ་ཡོད། གསེར་མདོག་བོང་དཀར་སྤང་རྩི་སྟག་ཤ་རྒུ་དྲུས་འཛིན་པ་དམར་བཤལ་གྱི་དཔའ་བོ་དྲུག་ཅེས་ཐེང་ཆོག་དཔའ་བོ་དྲུག་སྦྱོར་འདིས་གཉན་ཚད་དང་པོ་བབ་གོ། ཆམ་པ་སྤྱི་སྨན། ཆམ་གཞུག་ལུ་སྨན། མིང་ཅན་ནག་པོའི་སྦྱོར་སྡེ། མཁལ་འགྲམ་བྱེར་བ་ཚ་བབ། མཁལ་རྐེད་ནད་ཚང་བྱེར་གྲུམ་རིགས་སྨན། ཁམས་འཛག་གཅོད་པ་མཁལ་སྐེད་སྨན། ནད་ཀུན་སེལ་ཁྱད་པར་རྩ་ནད་ཕན་པ་ནོར་བུ་དབང་རྒྱལ་བཅས་དར་མོའི་སྨན་ཡིག་ལས་སོ། །མཁྲིས་ལས་རྣམ་རྒྱལ་སྤྱི་སྨན། ཆམ་པ་སྤྱི་སྨན་ལ་རི་བོང་རིལ་མ་བདུན། ཆར་ཉིས་ཁྱེར་བའི་གྲེས་མ་མཐོ་གང་། སྒོག་སྐྱ་རྡོག་གཅིག་སླ་ངར་རྫ་ཕོར་བཀབ་ལ་ནུས་བསྲེག་ཞིབ་བཏགས་ཆུས་འཕུལ་ཆམས་རིམས་ཀུན་ལ་ཕན། གསེར་མདོག་ལི་ཤི་ཅུ་གང་ལུག་མུར་ཙན་དན་སྲོ་ལོ་དཀར་པོ་རྣམས་ཆམ་གཞུག་ལུ་སྨན་ཏེ་ཐུན་གསུམ་ལས་མང་མི་དགོས་ཕན་ནོ། །སྐྱེས་བུ་མིང་ཅན་ནག་པོ་ཁ་སྨད། བྲག་རྩ་བ་ཟངས་ཁབ་འདྲ་བར། ཁྱོན་སྤུས་དྲིལ། ལོ་མ་མཐུག མེ་ཏོག་སེར། དྲི་ཆེ། བཅད་ན་སྦྱིན་བག་འཛག རིར་སྐྱེ་བས་དྲི་ལག་པ། ལྷོག་དུག །སྐྲངས་འཇོམས་བགེགས་འདུལ་དུག་སེལ། ནད་བརྒྱ་སྨན་གཅིག་ཟེར། ཁྲག་ངན་ཆུ་སེར་དང་། སྐྲངས་པ་གག་ལྷོག་ཕྱི་ནང་གཉན་རིམས་འཇོམས་པའི་གཉེན་པོ་དེ་སྟོན་འབྲིང་ཡར་ཚེས་བཏུ་རྨ་མི་ཕབ་གྲིབ་བསྐམ་བྱ། དེ་བྱུག་གམ་འཐུང་བས་གཉན་སྐྲངས་སོགས་སེལ། གདོན་སྲུང་། ཕོ་གླང་སོགས་ཟུག་གཟེར་
ལ་དེ་དང་ཁ་རུ་ཚྭ་དང་རྒྱ་ཚྭ་སྦྱར་བཏང་ཞི། ལྕམ་པ་སྦྱར་བཏང་དྲི་ཆེན་དྲི་ཆུ་འགག་པ་སེལ། བུ་འགག་ལ་ལྕུམ་རྩ་སོགས་སྦྱར། ཤུ་བ་སོགས་ལ་ཕག་ཚིལ་གྱིས་བྱུག །རྨ་ལ་དོམ་མཁྲིས་སོགས་སྦྱར་བྱུག རུས་ཆག་ལ་ཀ་ར་སོགས་སྦྱར་བྱུག མིང་ཅན་སྟག་ཤ་གུ་གུལ་གླ་རྩི་སླེ་ཏྲེས་བྲག་ཞུན་སྦྱར་བས་དྲེག་ནད་སེལ། མིང་ཅན་བོང་ཁྲག་སྨན་སྒ་སྦྱར་བས་གྲུམ་བུ་སེལ། ཨ་རུ་བཅུ་པའི་སྟེང་། གསེར་སྡིག་འབྲས་སྣ་གསུམ། སུག་སྨེལ། གླ་རྩི། འཛིན་པ། སྦྱར ། ཚ་གྲང་རྟས་བསྒྱུར། མཁལ་འགྲམ་བྱེར་བ་ཚ་བབ་གྲང་བབ་མཁལ་སྐེད་ནད་ཚིགས་བྱེར་གྲུམ་པའི་ནད་རིགས་སོགས་སེལ། གཤའ་དཀར་ལྷད་མེད་ཞོ་དོ་ལྕགས་སྣོད་སྣུམ་བསྐོལ་བྱེ། སྲིན། ཞུ་འོང་། ད་དུང་། བསྐོལ་བ་ཧྲིལ་ཏེ་འདྲིལ་འོང་། དེ་སྨན་གཏུན་ནང་དུ་བཏགས་ལ། ཁ་འཛིན་དུ། ཡུང་བ་ཁ་ཆེ་གཉིས་ཐུན་རེ་རེ། སྒ་དང་པི་ལིང་། བ་ཤ་ཀ་ཏི་བཞི་ཚ་གྲང་གང་ཆེའི་ཁ་བསྒྱུར་ལ་ཞད་ཙམ་གདོན་ཅན་ལ་གླ་གུལ་བསྣན་སྨན་རྟ་མར་གསར་ཁུ་བས་འཕུལ་ན་ཁམ་འཛག་གཅོད། མཁལ་སྐེད་ཀྱི་ནད་ལ་བདུད་རྩི་འདྲའོ། །སེ་འབྲུ། ཡུང་བ། གུར་གུམ། དབང་ལག བ་སྤྲུ། གོ་ཡུ། སུག་སྨེལ། ལུག་རུ། སེར་ཞིབ་བཏགས་བུར་དཀར་སྦྱར་ན་ཆུ་སྐོལ་ཕུལ་བས་བཞི་བརྒྱ་རྩ་བཞིའི་ནད་སེལ། བཅོས་རྡུག་ཀུན་ལ་འགྲོ། ཁྱད་པར་རྩ་ཡི་ནད་ཀུན་ལ་ཟབ་པ་ནོར་བུ་དབང་རྒྱལ་ཞེས་རྒྱུན་ཤེས་བུ་ཡི་ལུགས་སོ། །དར་མོའོ། །མཁྲིས་ལས་རྣམ་རྒྱལ་ནི། པུཎྚ་རི་༡༥ཀ །ཀ་ནི་ཀ་ཡི་མེ་ཏོག༧ ཧ་རི་ཏ་ཀའི་ཕབས་ལྡན་པ། མཁྲིས་ནད་སྤྱི་སྨན་ངོ་མཚར་ཆེ། སྟོད་ལུད་སྨན་སེར་ཆེན་མོ་ནི། ཙན་དན་དཀར་པོ།
གི་ཝཾ། ཅུ་གང་། གུར་གུམ། བྲག་ཞུན། བོང་དཀར། གླ་རྩི། གུ་གུལ་ནག་པོ། སྟག་ཤ་ནག་པོ། འཛིན་པ། སྨན་ཆེན། ཞི་བྱེད་སྤྲུ་ནག སྦྱོང་བྱེད་ཐར་ནུ་སྟེ། སྟོད་ལུགས་སྨན་སེར་ཆེན་མོ་ཞེས་སུམ་འདྲིལ་བལ་ནད་མིག་སེར་ཅོག་འགྱེལ་དང་། རིམས་རིགས་སྤོ་ཡོལ་ཁྲག་མཁྲིས་རྩར་རྒྱུག་སོགས། གཉན་ནད་མ་ལུས་ཀུན་ལ་འདི་རང་ལྷག ཁྱད་པར་ཚད་པ་གཉན་བསྡོང་སྨིན་མ་སྨིན། །མ་ཤེས་སྟོབས་ཆེན་ནད་ལ་ཞི་བྱེད་དུ། བསྟེན་ན་མྱོང་བས་གྲུབ་པ་ཁྱད་པར་འཕགས། །སྟོད་འཚང་སྨན། བདུན་དྲུག་སྨན། རྡེའུ་ནད་འདོན་པ། སྨྱོ་དུག་སྨན། གག་ལྷོག་སྨན། གག་གཉན་ཞི་སྲུང་གསོད་ཐོག་འབེབས་དགུ གཟའ་ནད་སྨན། སྐྱུག་སེལ། སྐྲན་སྨན། ཕོ་ལོག དུག་སྨན། རྣག་སྐེམ། གཟའ་སྨན་བཅས་སོ། ༈ །ཨར་ནག་ཛཱ་ཏི་སྙིང་ཞོ་རུ་རྟ་དང་། །ཤིང་ཀུན་ཤ་ཆེན་སུག་སྨེལ་ལྒ་སྐྱ་དང་། །ལི་ཤི་ཞིབ་བཏགས་རིལ་བུ་ཨ་རུ་ར་ཙམ་པ། །བཞི་བཅུ་རྩ་ལྔའི་གྲངས་སུ་བྱས་པ་སྟེ། །ཞག་པོ་བཅོ་ལྔའི་བར་དག་ཏུ། །ཐོ་རེངས་རིལ་བུ་གསུམ་རེ་བཟའ། །དེ་ཡིས་སྟོད་འཚང་ངེས་པར་འཇོམས། །རྒྱལ་པོ་ཐར་ནུ་བློན་ཆུ་རྩ། །འབངས་ནི་གུ་གུལ་གི་ཝཾ་དང་། །རེ་ལྕག་རྩ་བ་ཤུ་དག་དང་། །གླ་རྩི་སྟག་ཤ་དྲུག་པོ་བཅས། །རྒྱ་སྣག་གིས་ནི་ཁ་བསྒྱུར་བྱ། །རྒྱལ་མང་བློན་འབྲིང་འབངས་ཉུང་བྱས། །དེ་ཉིད་བསྐོལ་ཐང་མི་བྱུགས་ལ། །བླུད་པས་རྒྱ་ན ད་བདུན་དྲུག་ལ། །སླེབས་ཆོག་མན་ངག་ཁྱད་ཆོས་ཅན་ནོ། །ཨ་ཙར་སེ་རུས་ལྷ་བཙན་པོར། །ཕུལ་པའི་མན་ངག་ཁྱད་པར་ཅན། །རྡེའུ་ནད་དྲག་འཚིང་འདོན་
པའི་ཐབས། །བོང་ཐོར་སྒ་མ་བརྒྱབ་པ་ཡི། །རྨིག་པ་གཡས་པའི་རྭ་བཞར་བ། །སླ་ངར་དུ་བ་མ་ཤོར་བསྲེག །དེ་བཞིན་བྱ་རོག་མཇུག་སྒྲོ་དང་། །གཟུགས་མོ་བྱི་ཐུར་གཉིས་བསྲེགས་ཐལ། །ཟེ་ཚྭ་སྲན་མ་ཙམ་གཅིག་དང་། །རྒྱ་ཚྭ་སྲན་མ་གཉིས་ཀྱི་ཚད། །སྲམ་ཤ་སྲན་མ་གསུམ་ཙམ་དང་། །བུར་དཀར་སྲན་མ་གཉིས་ཙམ་སྦྱར། །རིལ་བུའི་ཚད་ནི་སྲན་མ་ཙམ། །ཆང་བཟང་སྒོང་སྐོག་གང་གིས་ཕུལ། །རྒན་པ་ལ་ནི་རིལ་བུ་གཉིས། །བུ་ཆུང་ཡིན་ན་རིལ་བུ་རེ། །ཞག་པོ་བདུན་ནམ་བཅོ་ལྔར་བཏང་། །ཁ་འཛེམ་མི་དགོས་གོས་དྲོར་བྱ། །འབྲི་མོག་བར་ཤུན་ཚེར་སྔོན་དང་། །བུལ་ཏོག་ར་ཚིལ་སྦྱར་བ་ཡིས། །རྡེའུ་ཡོད་པའི་ལྒང་བ་ཡི། །ཐད་སོགས་ལུས་ལ་བྱུག་པར་བྱ། །དེ་ཡིས་རྡེའུ་འགག་བཤིག་ནས་འདོན། །སྨན་མང་ཆེས་ནས་ཆུ་ལམ་དུ། །ཁྲག་བྱུང་གྱུར་ན་སྨན་འཕྲོ་བཅད། །ཅེས་སོ། །ཨ་རུ་སྤོས་དཀར་བཟང་དྲུག་ཁོང་བཏང་ན། །སྨྱོ་དུག་ཞི་ཞེས་ཚད་ལྡན་གཞུང་ལས་བཤད། །སྨན་ཆེན་ཤུ་དག་རྒྱ་ཚྭ་བྱང་ཚྭ་དང་། །མཚལ་དང་གླ་རྩི་དྲུག་པོ་ཆ་མཉམ་པའི། །རིལ་བུ་ཡུངས་ཀར་ཙམ་གྱིས་གག་ལྷོག་གཟེར། །ཀུན་འཇོམས་རཏྣ་གླིང་པའི་གཏེར་མའོ། །སྨན་ཆེན་གུ་གུལ་གླ་རྩི་རྒྱ་ཚྭ་དང་། །ཤུ་དག་ཤིང་ཀུན་ཤ་ཆེན་སྲེ་མོང་ཤ །ཐར་ནུ་རྣམས་ལ་ནག་པོ་དགུ་སྦྱོར་ཞེས། །གག་ལྷོག་གཟེར་གསུམ་གསོད་སྦྱོང་དུས་གཅིག་བྱེད། །སླེབས་ཆོག་སྨན་འདིས་རྡོ་ལ་བརྒྱབ་ཀྱང་ཕིགས། །ཡང་གཅིག་ཐོག་འབེབས་དགུ་ཞེས་བསེ་ཞོ་དང་། །སྨན་ཆེན་ཐར་ནུ་ཤུ་དག་གུ་གུལ་
དང་། །ཤིང་ཀུན་གུར་གུམ་གླ་རྩི་བྱང་ནག་སྦྱར། །གག་ལྷོག་གཟེར་གསུམ་སྐད་ཅིག་ཉིད་ལ་གཞོམ། །གོང་འོག་སྨན་གཉིས་སྔགས་པ་ནུས་ལྡན་ནམ། །ལོ་བརྒྱད་དྲི་ཆུས་འདམ་འཐག་རིལ་བུ་ནི། །བྲ་རིལ་ཙམ་བྱས་མང་ཉུང་ནད་ཚབས་བསྟུན། །འདི་གཉིས་རཏྣ་གླིང་བའི་གཏེར་སྨན་ནོ། །གཟའ་ནད་ཁོང་སྨན་བདུག་པས་བཅོས་པ་ལ། །ཁོང་སྲུང་སྨན་ནི་སྲིན་བྱའི་ཀླད་པ་དང་། །ཟངས་རྡོ་སྤོས་དཀར་གུ་གུལ་ལི་ཁྲི་དང་། །གཟའ་དུག་ཤིང་ཀུན་རྒྱ་སྣག་གམ་མཚལ་རྒྱ་སྐག་སྦྱར། །ཞིབ་བཏགས་རིལ་བུ་ཤ་བའི་རིལ་མ་ཙམ། །ནང་མ་རེ་ལ་རེ་རེ་ཁོང་དུ་བཏང་། །ཞག་ནི་ཉེར་བརྒྱད་ལ་སོགས་ཇི་ཙམ་བར། །ནད་ལས་གྲོལ་བའི་ཚད་དང་སྦྱར་ཏེ་བཏང་། །ལོ་གཅིག་ཁོང་སྲུང་ནག་པོ་དགུ་སྦྱོར་འདི། །བཏང་བ་ཁོ་ནས་གཟའ་ནད་ངེས་པར་འཇོམས། །འདི་ལས་ཟབ་པའི་སྨན་གཞན་མེད་ཅེས་བཤད། །དེ་ཚེ་དུད་པ་བཏང་བའི་རྫས་དགུ་ནི། །ཤིང་ཀུན་མུ་ཟི་ནག་པོ་གུ་གུལ་ནག །བོང་ང་ནག་པོ་རྒྱ་སྐྱེག་ཐང་ཕྲོམ་འབྲུ། །ར་དུག་རྟ་བོན་མཚལ་བཅས་ཞིབ་བཏགས་བདུག །ནང་རེ་བཞིན་དུ་ཁོང་སྲུང་རིལ་བུ་བཏང་། །དེ་རྗེས་དུ་བས་བདུག་པ་གཉིས་སྦྲགས་ཏེ། །ནང་མ་བདུན་བྱས་གཟའ་ནད་ཕལ་ཆེར་ཆོད། །འདི་བས་ཟབ་པའི་གཟའ་བཅོས་གཞན་ན་མེད། །འདིས་མ་ཕན་ན་སྔོན་ལས་ནད་ཡིན་པས། །བཅོས་བཞན་གང་གིས་ཕན་པར་དཀའ་ཞེས་བཤད། །བཙོད་དང་ལ་ཕུག་ནཱ་ག་བུཥྤ་དང་། །ནཱ་ག་གེ་སར་པི་ལིང་སྒ་སྐྱ་རྣམས། །ཆ་མཉམ་ཞིབ་བཏགས་ཀ་ར་བཞི་འགྱུར་
སྦྱར། །བད་ཀན་སེལ་ཞིང་ཁྱད་པར་སྐྱུག་པ་སེལ། །མི་རྟ་ཁྱི་ཕག་བཞི་པོའི་མགོ་རུས་དང་། །ཤ་བའི་རྭ་རྣམས་སོ་སོར་བསྲེག་ཐལ་ལ། །དེ་སྟེང་སྤེན་མ་དང་ནི་ཕུར་ནག་སྦྱར། །ཞིབ་བཏགས་གྲང་བ་ལས་གྱུར་བུ་རམ་དང་། །ཚ་བ་ལས་གྱུར་ནད་ལ་ཀ་ར་སྦྱར། །ལྟོ་སྟོངས་བཏང་བས་སྐྲན་གྱི་ནད་རིགས་ཀུན། །རང་སར་ཞི་བའི་སྨན་སྦྱོར་ཤིན་ཏུ་ཟབ། །སྒ་དང་ལོ་བཙན་རྒྱམ་ཚྭ་དུད་པ་དང་། །གསེར་བྱེའི་རིལ་བུ་གསུམ་མམ་བདུན་བཏང་ནས། །ནད་ལས་མ་གྲོལ་བར་དུ་ཆུ་མི་བཏུང་། །དེ་ཡིས་ཕོ་ལོག་རིགས་ལ་ཤིན་ཏུ་ཕན། །རྨ་བྱའམ་ནི་མི་ཡི་མཁྲིས་པ་དང་། །བོང་ང་དཀར་སེར་དམར་གསུམ་ཨ་རུ་ར། །བེ་སྐྱེས་རེ་རལ་ཅུ་གང་གུར་གུམ་དང་། །ཛཱ་ཏི་རྒྱ་ཚྭ་ཙན་དན་དཀར་དམར་གཉིས། །ཞིབ་བཏགས་ཐུན་རེ་ཐོ་རེངས་ལྟོ་སྟོངས་བཏང་། །དུག་གི་ནད་རྣམས་ཐམས་ཅད་ངེས་པར་འཇོམས། །གང་བབ་གནས་དང་ནད་ཀྱི་ཁ་འཛིན་འཕྲུལ། །སྐབས་སུ་མིག་མི་གསལ་ཞིང་མི་བདེ་ན། །གོ་སྙོད་ཅུང་ཟད་བརྔོས་ཕྱེ་ཆུ་བསྐོལ་བཏབ། །ངད་ཡལ་ཙམ་དུ་ལྟོ་སྟོང་དུས་དག་ཏུ། །ནང་མ་གཅིག་གམ་གཉིས་སུ་བཏང་བས་སེལ། །ཟངས་ཐལ་ཡུང་བ་པ་ཏོ་ལ་དང་ནི། །སོ་མ་ར་ཙ་ཐལ་རྡོར་ལི་ག་དུར། །རྒྱ་རུ་བསེ་རུ་གྭ་དོར་ཞིབ་བཏགས་པ། །སྦྲང་སྦྱར་རིལ་བུ་རིལ་མ་ཙམ་དུ་དྲིལ། །གཉིས་གསུམ་ཞོ་རེ་གསུས་པའི་ཚོད་སྦྱར་བཏང་། །བྱང་ཁོག་རྣག་གིས་གང་ཡང་འདིས་བསྐམ་ནུས། །སྟོངས་ཟིལ་རེ་རྐོན་པཪྤ་ཏ་ཚེར་སྔོན། །དར་ཡ་ཀན་ཟེར། གེ་སར་ལྔ་དང་གཟའ་དུག་ནག་པོ་ནི། །བུང་མཉམ་པ་ལ་གསེར་མདོག་བིཥ་བོང་ང་བསྣན། །ཞིབ་བཏགས་ཆུས་འཕུལ་ཚ་ཞི་ནད་ཞེན་
འགོག །དྲང་སྲོང་གཟའ་ཡི་ནད་རིགས་ཀུན་ལ་ཕན། །འཇམ་དཔལ་སྤྲུལ་པ་ཁྱེའུ་ཆུང་མན་ངག་གོ། ཡ་མ་འཁྱོག་པ། གཟེར་སྨན། དུང་དཀར་བཅུ་གཉིས། བརྡབ་ཁྲག་སྨན། སྐྱ་རྦབ་ལྕགས་ཕྱེ་བཅོ་ལྔ། ད་ལིས་བཅུ་དྲུག དམུ་ཆུས་དྭངས་མ་ཆུ་འདྲེན་བདེ་བྱེད་ཆུ་སྒྱུར། ཆུ་སྨན་སུ་ཁ་ཙཀྲ མགོ་རྨའི་བདུད་རྩི་སུམ་སྦྱོར། རྩ་བཅད་སྨན་བཅས། གླ་རྩི་འབྲུག་རུས་ཏང་ཀུན་བྱི་ཏང་ཀ །ཕུར་མོང་ཕྱེ་མས་དྲང་སྲོང་གཟའ་ཡི་ནད། །སྲིན་དང་ཡ་མར་འཁྱོག་པ་དག་ལ་ཕན། །དེ་བཞིན་མཛེ་དང་དམུ་ཆུ་གྲུམ་བུ་རུ། །འཁྱོག་པའི་སྨན་རྣམས་དར་མོའི་བཀའ་རྒྱར་ལྟོས། །ཅུ་གང་བོང་ང་ཁྲོན་བུ་ཤུག་ལོ་བཞི། །ཀ་ར་དཀར་པོ་ཉིས་འགྱུར་ཆུ་གྲང་འཕུལ། །ཚ་བ་ཆེ་བ་ལ་པི་ལིང་ཅུང་ཟད་བཏབ། །གློ་གཟེར་ལ་སོགས་ནང་གི་ཚ་གཟེར་འཇོམས། །ཆུ་སྦྱར་ཕྱིར་བྱུག་སྐྲངས་པ་འཇོམས་ཞེས་གསུངས། །དུང་དཀར་བཅུ་གཉིས་སྦྱོར་བ་ནི། །སེ་འབྲུ་ཤིང་ཚ་པི་པི་ལིང་། །སུག་སྨེལ་རྣམས་ནི་བཞི་ཆར་མཉམ། །རྒྱམ་ཚྭ་ཨ་རུ་གུར་གུམ་སྒ། །རུ་རྟ་ཛཱ་ཏི་ལི་ཤི་རྣམས། །སེ་འབྲུ་བཞི་པའི་ཚད་དུ་བཏང་། །དེ་རྣམས་བསྡོམས་པའི་བུང་ཚད་དང་། །མཉམ་པ་སྨན་སེའི་མེ་ཏོག་ནི། །བ་མོ་མ་ཕོག་གྲིབ་སྐམ་བྱས། །སོ་མ་ལོ་དུས་མ་ལོན་སྦྱར། །སྨན་རྟ་བུར་དཀར་དག་ལ་བྱ། །གསེར་ཞོ་རེ་ཡི་བུངས་ཀྱི་ཚད། །རིལ་ཕྱེ་གང་རུང་ཆུ་སྐོལ་གྱིས། །ཕུལ་ལ་ཐོ་རེངས་དུས་སུ་བཏང་། །ལས་ཀྱིས་མནར་བ་མ་གཏོགས་པ། །གྲང་མཁྲིས་འཇོམས་ལ་འདི་མཚུངས་སྨན། །འཛམ་གླིང་འདི་ན་མེད་དོ་སྐད། །བྱང་བུལ་བཟང་པོ་ལྷད་མེད་ཐུན་གསུམ་དང་། །སྟར་བུ་ཐུན་གཅིག་བསྡེབས་པ་ཆུ་སྐོལ་དབུལ། །བརྡབ་དང་
གཡང་ལྷུང་རྡོ་དབྱུག་ཕོག་པ་དང་། །དབུགས་མི་ཐོན་པའི་ཁྲག་རླུང་སྟོད་འཚང་དང་། །སྨུག་པོ་འགྱིང་འདྲིལ་སྐྲན་དུ་སོང་བ་དང་། །མ་ཞུ་བ་དང་ཤ་དུག་བཙན་དུག་སོགས། །སེལ་བྱེད་འདི་ནི་ནད་བརྒྱ་སྨན་གཅིག་ཡིན། །ཁྱད་པར་མོ་ནད་འདྲིལ་བ་བཤིག་པར་བྱེད། །ཟབ་གནད་འདི་ནི་ཨོ་རྒྱན་སྙན་བརྒྱུད་ལུགས། །སྐྱ་རྦབ་ནད་ལ་ལྕགས་ཕྱེ་བཅོ་ལྔ་ནི། །ལྕགས་ཕྱེ་འབྲས་བུ་གསུམ་དང་ཚ་བ་གསུམ། །ད་ལི་ཤིང་ཚ་སེ་འབྲུ་སུག་སྨེལ་དང་། །གསེར་བྱེ་སྡིག་སྲིན་གཟེ་མ་ལྕམ་པ་རྣམས། །གཙོ་བོ་ལྕགས་ཕྱེ་ཐུན་གཉིས་ཚད་དུ་སྦྱར། །ཚ་ཆུ་ཤས་ཆེ་འབྲས་གསུམ་གཟེ་ལྕམ་བསྐྱེད། །གྲང་ཆུ་ཆེ་ན་ཚ་བ་གསུམ་པོ་སྐྱེད། །ཆུ་སྨན་གཞིར་བཞག་བཞི་ཆ་མཉམ་པ་བཅས། །སྐྱ་རྦབ་འོར་གྱི་དུས་སུ་ཆུ་སྨན་ཕྲི། །ཆུ་ཡོད་འདྲེན་ཞིང་ཆུ་མེད་སྐེམ་པར་བྱེད། །ད་ལི་བཅུ་དྲུག་སྦྱོར་བ་ནི། །སེ་འབྲུ་ཤིང་ཚ་པི་པི་ལིང་། །སུག་སྨེལ་གུར་གུམ་རྣམ་པ་ལྔ། །ལུས་སྤྱིའི་འདུ་བ་སྙོམ་པར་བྱེད། །ཤ་ཕོ་རུ་རྟ་ལི་ཤི་དང་། །ཨ་ནག་ཛཱ་ཏི་སྙིང་ཞོ་ཤས། །ཐོར་བུའི་རླུང་རྣམས་སེལ་བར་བྱེད། །རྒུན་འབྲུམ་ཅུ་གང་ཤིང་མངར་དང་། །ག་དུར་གློ་བའི་ནད་རྣམས་སེལ། །ད་ལི་སྡིག་སྲིན་སྦྱར་བ་ཡིས། །ཆུ་སེར་སྐྱ་རྦབ་ནད་རིགས་འཇོམས། །སྦྲང་དང་བུར་དཀར་རྟར་བསྐྱོན་པས། །སྨན་ནུས་མྱུར་དུ་འབྱིན་པར་བྱེད། །ཀུན་གྱི་ཕན་ཡོན་བསྟན་པ་ནི། །མ་ཞུ་ཀླང་ཐབས་ཕོ་བ་སྦོས། །ཚ་གྲང་འཐབ་པའི་ནད་རྣམས་དང་། །སྟོད་འཚང་བད་རླུང་མགོ་འཁོར་དང་། །གློ་ལུ་སྐད་འགག་ལུས་པོ་སྐྲངས། །སྐྱ་རྦབ་ས་ཆུ་མ་ཐུབ་ལ། །སླེབས་པས་ཆོག་པ་ཁོ་བོས་མཐོང་། །དམུ་ཆུའི་ནད་ལ་དྭངས་
མ་ཆུ་འདྲེན་ནི། །སེ་འབྲུ་བཞི་སྟེང་གུར་གུམ་གསེར་བྱེ་དང་། །སྡིག་སྲིན་འུ་སུ་ལྕམ་པའི་འབྲས་བུ་བསྣན། །སྐྱུ་རུ་ར་ནི་ཀུན་དང་མགོ་མཉམ་སྦྱར། །ཆུ་རིགས་བཅོ་ལྔ་འདྲེན་ཞིང་སྐེམ་པའི་མཆོག །བདེ་བྱེད་ཆུ་བསྒྱུར་ཆུང་འབྲིང་ཆེ་ཞེས་པ། །ཆུང་ངུ་ཅུ་གང་བདུན་མཉམ་སྐྱུ་རུ་སྦྱར། །དེ་སྟེང་གསེར་སྡིག་ལྕམ་པ་འུ་སུ་དང་། །ཤིང་མངར་གཟེ་མ་དེ་ཀུན་བསྡོམས་པ་ཡི། །བུངས་མཉམ་སྐྱུ་རུ་སྦྱར་བ་འབྲིང་པོ་ཡིན། །དེ་སྟེང་འབུ་སྐྱོགས་སྔོན་མོ་ཆབ་འདྲེན་བསྣན། །བུང་མཉམ་སྐྱུ་རུ་ར་སྦྱར་ཆེན་པོ་སྟེ། །འུ་སྐྱུར་ཐང་གིས་ཕུལ་བས་ཚ་གྲང་སྙོམས། །རྩ་སྦུབས་འགག་པ་སྦྱོང་བར་བྱེད་པ་དང་། །བྱེར་ཟགས་ལྡན་འདུས་ལ་སོགས་ནད་རིགས་ཀུན། །གསང་བའི་ལམ་དུ་འདྲེན་པར་བྱེད་པའི་མཆོག །སུ་ཁ་ཙ་ཀྲའི་སྦྱོར་བ་ཞེས་བྱ་ནི། །སེ་འབྲུ་སུག་སྨེལ་ཤིང་ཚ་པི་པི་ལིང་། །གུར་གུམ་སྡིག་སྲིན་བྱང་བ་ཁྲ་བོ་དང་། །འུ་སྐྱུར་པྲི་ཡངྐུ་དང་ཧ་ཤིག་པ། །གསེར་བྱེ་ལྕམ་པ་བྲག་ཞུན་ཨ་རུ་ར། །བུར་དཀར་རྟ་སྦྱར་དམུ་རྫིང་བྱེར་ཟགས་དང་། །རྡེའུ་ནད་ལྒང་པ་ཁ་འཆུས་ལྡན་འདུས་སོགས། །ཆུ་རིགས་བཅོ་ལྔ་གང་ཡང་མི་འཇོམས་མེད། །མཆོག་ཏུ་ཚ་ཆུ་རྒྱ་མཚོ་ཙམ་ཡང་འདྲེན། །འདི་ནི་སྙིང་དང་འདྲ་བས་གསང་ཞེས་བཤད། །བྱ་མོ་ཁུག་པའི་བདུད་རྩི་སུམ་སྦྱོར་ནི། །ཅོང་ཞི་ཆ་དྲུག་རྒྱ་མཚལ་རྩྭ་ཨ་བ། །ཆ་རེ་གཞན་གྱིས་མི་མཐོང་རྩི་བཞིན་བཏགས། །ཐུར་མགོ་ཕྱེད་ལྷག་ཆང་གིས་ཕུལ་བ་ཡིས། །རྨས་ཚབས་དང་བསྟུན་བཏང་བས་མགོ་ཡི་རྨ། །དྲས་བཅོས་མེ་བཙའ་ལ་སོགས་མི་དགོས་བར། །ཟླུམ་བཅོས་ཟབ་མོ་ཡིན་ཞེས་རྣམ་པར་བཤད། །གུ་གུལ་སྟག་ཤ་ཤུ་དག་
དོམ་མཁྲིས་དང་། །གི་ཝཾ་རྡོ་སོལ་ཅོག་ལ་མ་གངས་ཐིག །པ་ཏོ་ལ་དང་ཀྱི་ལྕེ་བ་ཤ་ཀ །ཨ་བ་ཡུག་ཤིང་ཀ་ར་སྦྱར་བ་ལ། །རིམ་པ་བཅུ་གསུམ་ཞེས་བྱ་ཆུ་སྐོལ་ཕུལ། །ནང་རྩ་ཆད་པ་ཁད་དུ་གཞུག་པ་དང་། །དོན་སྣོད་ཐིག་སྒོ་སྲུང་བར་བྱེད་པ་ཡིན། །༄༅། །གསང་སྨན་ཀོ་ཋ་བཏང་བའི་མན་ངག་སྙིང་པོ། ན་མོ་མཉྫུ་ཤྲཱི་བྷེ་ཥ་ཛྱེ། སྤྱན་རས་གཟིགས་དབང་ཐུགས་རྗེའི་སྤྱན་ཆབ་ལས་འཁྲུངས་པའི་ཀོ་ཋ་པའམ། གྲེས་མ་ཞེས་པ་ས་གར་ཡང་སྐྱེ། སྐམ་ས་དང་སྔོ་གཞན་མེད་སར་སྐྱེས་པ་བཟང་། མེ་ཏོག་རྒྱ་ཁ་གསུམ་ལས་མི་མང་བའི་ལོ་འདབ་ལྗང་གུ་ལེབ་མོ་རིང་བ། རྩ་བ་ཉེ་ཤིང་འདྲ་བ་ཅན། འདི་ལ་ཕོ་ལྡུམས་མཁྲེགས་སྐམ་སར་སྐྱེ་བའམ། ཡང་ན་ཞིང་མུར་སྐྱེ། ལོ་མ་རྩུབ། མེ་ཏོག་སྨུག རོ་ཚ་ནུས་པ་གཉིས་དང་ལྡན། རང་གི་ནུས་པས་སྲིན་གསོད། རྨ་ལ་བཏབ་ན་ཤ་རོ་གཅོད་ཤའུ་གསོ། ར་ཡི་ཚིལ་དང་སྦྱར་ཏེ་བྱུགས་ན་མེས་ཚིག་གསོ། མོ་གྲེས་ན་ཅན་སྤང་ལྗོངས་སྐྱེ། ལོ་མ་འཇམ་མེ་ཏོག་སྔོ། རོ་མངར་ལ་ཚ། བསིལ་དྲོད་གཉིས་ལྡན། བད་སྨུག་དུག་ཐབས་དང་ཕོ་ལོང་རྒྱུ་མར་ཚ་གྲང་འཐབ་པ་སྲིན་གླང་སོགས་སྦྱོང་། སྲན་ནག་ཉེར་གཅིག་དང་བསྡེབས་ཏེ་བཏང་ན་སྟོད་འཚང་ཙམ་ལ་སླེབ་ཆོག་གོ། །མ་ནིང་གྲེས་མ་མ་ངེས་གར་ཡང་སྐྱེ། ཕོ་མོ་གཉིས་ལས་འབྲས་བུ་ངན་ཞིང་མདོག་སྐྱ་མེ་ཏོག་རྒྱ་ནག་ཅན། །རྩ་བ་རི་སྒོག་སྐྱེ་ལུ་འདྲ། །ནུས་པས་ནད་འཁྲུ། མ་ཞུ་དུག་ཐབས་བད་སྨུག་མཁྲིས་པ་མིག་སེར་ཕོ་བར་བད་མཁྲིས་འཐབ་པ་སྦྱོང་། །
དུག་ནད་ཅན་ལ་བདུད་རྩི་འདྲ། །དེ་ལྟར་གྲེས་མོན་སྐྱེས་དྲོ། བོད་སྐྱེས་ཅུང་བསིལ། མ་འདི་དག་ཚ་བར་བསིལ། །གྲང་བར་དྲོད་དུ་འགྱུར། །དུག་གི་གསང་སྨན་དཀར་པོ་ཆིག་ཐུབ་འདི་གཏོང་བའི་གདམས་པ་གཏེར་མ་ལས་བྱུང་བ་ཡིན་ལ། གཞན་ཡང་བལ་པོ་ཧགྟ་ལ་ཞེས་པའི་རིགས་བརྒྱུད་གོང་མ་ལ་ཚངས་པ་ཆེན་པོས་གདམས་པ་འདི་གནང་ནས་ལྷོ་བལ་གྱི་དུག་ཀུན་གསོས་པ་སྙན་པས་ཕྱོགས་ཀུན་ཁྱབ་པར་བྱུང་། དེ་ཡང་སྨན་འདི་དགུན་རའི་མར་ངོར་ནུས་པ་ཆེ་གསུངས། དགུན་སྟོད་ལོ་མ་སྐམ་དུས་རྩ་བ་བརྐོས་ན་ནུས་པ་ཆེ། དབྱར་ཀ་དང་སོས་ཀ་ལོ་མ་དང་བཅས་པ་གཏོང་། རློན་པ་གཏོང་ན་ཞིབ་བརྡུང་ཆུ་གཙང་སྦྱར་བ་རས་ལ་བཙག་པའི་ཁུ་བ་དྭངས་མ་བཏང་བས་ནད་སྦྱོང་། སྐམ་པོ་ཡིན་ན་ཞིབ་བཏགས་ཆུ་གཙང་བྲན་ལ་ཞག་གཅིག་སྦང་སྟེ་རས་ལ་བཙག་པའི་ཁུ་བ་བཏང་། ཡང་ན་ཁུ་བ་མང་དུ་བཏོན་པའི་ཁཎྚ་མཐེབ་ཚིགས་ཙམ་ཆུ་བསྐོལ་ཚ་མོས་དབུལ་ལ་བཏང་། འདིས་ལྡན་འདུས་ཀྱི་ནད་དང་ཕོ་ལོང་རྒྱུ་མའི་སྒེར་ནད་སེལ། མོ་གྲེས་ལྕི་བསིལ་རྩ་ལོ་ཁཎྚ་བྱས་པ་ཆ་གཉིས་ཙམ་ལ་ཕོ་གྲེས་ཁཎྚ་ཆ་གཅིག་ཙམ་བསྲེས་པར་ཚྭ་ལ་བཏུལ་མ་ཚྭ་འདེབས་ཙམ་བསྣན་ནས་རིལ་བུ་ལུག་རིལ་འབྲིང་པོ་ཙམ། མ་ནིང་གྲེས་མའི་ཁུ་བས་དབུལ། ཕན་ཡོན་གོང་འདྲ་ཁྱད་པར་སྲིན་ནད་རྩད་ནས་འབྱིན། མཁྲིས་པ་ཤ་སེར་ལའང་བསྔགས། གྲེས་མ་རིགས་གསུམ་གང་བཏང་ཡང་ཆོག་མོད། གསུམ་ཀ་འཛོམས་ན་བཟང་བ་ཡིན། དེ་
ཡང་གསང་སྨན་དུག་སྦྱོང་གི་མན་ངག་གུང་བསྡེབས་ན། དུས་ཚེས་བཟང་བར་གསང་ཞིང་ཁྱད་པར་བུད་མེད་ལ་གསང་སྟེ་གསང་སྡོམ་ལྡན་གྲོགས་བཅས། སྨན་བཙལ། དེའི་ཚེ་ལམ་དུ་ཁྱོགས་དུས་སྦྲིད་པ་བྱུང་ངམ། སྦྲུམ་མའམ་དེའི་ཁྱོ་ཕོ་ཡུག་ས་སོགས་གྲིབ་ཅན། སྡུག་བསྔལ་ཅན། མགྲོན་འགྱེད་སོགས་མཐོང་ན་ངན་པས་དེ་ཉིད་བཤོལ། དེའི་ཉིན་པར་རང་ལུས་ལ་ཐོག་མདེའུ་སོགས་མཚོན་ཆའི་རིགས་ཁབ་ཙམ་ཡང་མི་འཆང་། རིགས་སྔགས་སོགས་ཀྱིས་བསྲུང་བར་བྱ། ལྕགས་སོགས་རིན་པོ་ཆེ། དུག་སོགས་ནུས་པ་འཕྲོག་པ་རྣམས་ཏིལ་ཙམ་ལུས་ལ་མི་འཆང་། མགོ་ཞབས་མ་ནོར་བའི་ཤིང་རློན་པའི་ཕུར་པ་བཟུང་ནས་སོང་སྟེ་བརྐོ། གདབ་པའི་སྔགས་ནི་ཤིང་ཕུར་ལ།སྔགས་འདི་སུམ་བརྒྱ་བཏབ། ཀོ་ཋ་ཀོ་ཋ་དུག་སོད། ཅེས་བཏབ། སྨན་དེ་བརྐོ་དུས་ས་འོག་རྩ་ཕྲན་མ་ལུས་པ་བརྐོ། ལུས་ན་དུག་ནད་ཁོང་དུ་ལུས་པའི་ལྟས་ཡིན། བརྐོས་རྗེས་སྨན་དེ་ས་རློན་ལ་མི་བཞག་རས་གཙང་མས་གཏུམས། མི་ལག་མི་འགྲིམ་དབེན་སར་སྦ། རློན་པ་བཏང་ན་དེ་ལྟར་དང་། མིན་ན་གྲིབ་སྐམ་མམ། ཁཎྚ་སོགས་གོང་འོས་བྱ། སྨན་དེ་ཟླ་སྨད་ལ་སྦྱར། སྨན་པ་ཁྲུས་བྱས་ཏེ་གཏུན་སོགས་སུ་གཙང་སྦྲས་རེ་རེ་བཞིན་ཆིག་བརྡུང་བྱ། འཐག་དུས་ཐོ་ལུམ་ལ་གདབ་པའི་སྔགས་འདི་སུམ་བརྒྱ་གདབ། མ་ཏིག་ནག་པོ་དུག་རྦད། ཅེས་སོ། །སྨན་བརྡུང་དུས་སྨན་རློན་པ་ཁྱོར་བ་དོ་དང་ལྷན་ཅིག་འབྲས་ཉག་མ་བདུན་ཡང་ཞིབ་བཏགས་བྱ།
དེ་ཆུ་གཙང་བྱ་སྒོང་གང་དང་སྦྱར་ཏེ་རས་དཀར་དྲི་མེད་ཁུད་དུ་གཏུམས་པ་གས་ཆག་མེད་པའི་སྣོད་དུ་བཙིར། གསང་བ་ཡིག་འབྲུ་གཉིས་པོ་འདིས་རབ་གནས་བྱ། ཀོ་ཋཿ དེ་ནས་སྨན་བཏང་དུས། དང་པོ་ནད་པ་ཞག་གསུམ་དལ་བར་བྱ་ཞིང་མར་སོགས་སྣུམ་ཅན་སྤང་། མཁན་པ་སྦང་མ་ཆུ་དྲོན་གྱིས་ལུས་བཀྲུ། མར་དཀར་བསྐུ་མཉེ་བྱ། ལྟོ་རུ་ཡང་ཅུང་ཟད་བསྟེན། གང་གནོད་ཟས་ཀྱིས་ནད་བསླང་བར་བྱ། འགྲུལ་སྲུང་ཕྱི་མཚམས་བཅད། དགོང་མོ་ནད་པ་ལྟོ་བཀུག་ནས། མགོ་ཤར་དུ་གཏད་དེ་བསྡད། སྨན་པས་རིལ་བུ་ཡིན་ན་བདུན་དགུ་བཅུ་གཅིག་སོགས་ནད་པའི་ཟུངས་དང་སྦྱར། ཆ་བཞིར་བཅད་དེ། སྲོད་དང་། སྲོད་ཡོལ། ནམ་ཕྱེད། ཐོ་རངས་བཞི་སྔ་མ་སྔ་མ་ཞུ་ནས་ཕྱི་མ་ཕྱི་མ་གཏོང་། རིལ་བུ་མིན་ཀྱང་སྨན་རློན་བརྡུང་བའི་ཁུ་བ་ཡིན་ན་བྱ་སྒོང་གང་རེ་ལས་མི་ཉུང་བ་དང་། ཁཎྚ་ཡིན་ན་མཐེབ་ཚིགས་ཙམ་རེ་སོགས་ཆ་བཅད་དེ། སྨན་རེ་རེ་གཏོང་དུས་སྲན་དཀར་རྡོག་པོ་གསུམ་རེའམ་རེ་རེ་བཅས་ཁྱུར་མིད་བྱ། དེའི་ཚེ་སྨན་པས་ཤ་དམར་ཁམ་རེ་ཟ་བ་རྟེན་འབྲེལ་གྱི་ཆེ་བའོ། །དེའི་ཚེ་ཐོག་མར་སྨན་ལ་གདབ་པའི་སྔགས་འདི་ཇི་མང་བཏབ། ཧ་སིང་ཧ་སིང་དུག་སོད༔ ཧུ་སིང་ཧུ་སིང་དུག་སོད༔ དུག་གི་བྲམ་ཟེ་སོད༔ མྱུར་དུ་ཧྲིང་ཧྲིང་གི་དུག་སོད༔ ཅེས་སོ། །སྨན་བཏང་ཚར་ནས་ཀ་རའི་ཆུས་ཁ་བཤལ་ལ། དེ་རྗེས་ཆུ་བསྐོལ་གྱིས་ཁ་བཤལ། ནད་པ་སྔས་སྨད་ལ་མགོ་མཇུག་བསྒྱུར་ལ་ཅུང་ཉལ། དེ་ནས་ཡར་ལངས་ཏེ་
ཙོག་པུར་འདུག ནད་གཡོག་གིས་ཀྱང་ཉལ་བ་དང་ཙོག་པུར་འདུག་ཚུལ་ནད་པ་བཞིན་བྱ། སྨན་པས་ཡིག་འབྲུ་གཉིས་ལ་ན་རོ་གཅིག་ཅན་གྱིས་སྔགས། ཀོ་ཋཿཞེས་པ་སྟོང་ཕྲག་གསུམ་བཟླ། དེ་ནས་གོང་གི་ཧ་སིང་སོགས་ཀྱི་སྔགས་ཀྱང་ཅི་ནུས་བཟླ་དགོས། ཐམས་ཅད་མི་སྨྲ་བ་འདུག་པར་བྱ། དེས་ཕིག་སླ། དེའི་སྐབས་སུ་གཏམ་གང་ཡང་གླེང་མོ་མི་བྱ། ཁ་རོག་འདུག་པ་དམ་ཚིག་ཡིན། བརྟག་པ་གསོ་བ་རྗེས་གཅོད་སོགས་སྨན་གཞན་ལ་མི་ལྟོས་པ་དུག་རིགས་ཐམས་ཅད་དྲུངས་ནས་འབྱིན་པ་མན་ངག་འདི་ཡི་ཁྱད་ཆོས་སོ། །དུག་མིན་ཡང་བཞི་བརྒྱ་རྩ་བཞིའི་ནད་ལ་ཕན། གཞན་ཡང་ཡོན་ཏན་བསམ་མི་ཁྱབ། ཅེས་གསུངས། འདི་ཁོང་དུ་སླེབ་དུས་དུག་ཡིན་པའི་རྟགས་སུ་གཟེར་འཁྱུག་འཁྲོག་འདར་སྔངས་པ་སོགས་བྱུང་ན་དུག་ལུས་ལ་ཞེན་པ་འགོག་པའི་རྟགས་ཡིན། དང་པོར་བསྡུས་པས་ལུས་ཀུན་ན། །བར་དུ་བསད་པས་ཕོ་ལོང་འཁྲོག །ཐ་མར་ནད་རྣམས་མ་ལུས་འཁྲུ། །དེ་བྱུང་དུག་ཡིན་ཐེ་ཚོམ་བྲལ། །རྟགས་གང་ཡང་མེད་ན་དུག་མིན། ནད་གཞན་ཡིན། འདུས་རྟགས་སྣ་རེ་བྱུང་ནས་མ་སྦྱོང་ན་སྨན་ཉུང་བའི་སྐྱོན་ཡིན་པས་བུང་བསྐྱེད་དེ་བསྐྱར་ལ་བཏང་། ནད་རྙིང་པ་ཞེན་ཆེ་ཞིང་ཟུངས་ངན་ལ། གསར་བཅུད་ཟས་ཀྱིས་ལུས་ཟུང་གསོས་ལ། ཡང་ཡང་མ་དག་བར་དུ་སྦྱོང་། འདི་ལ་སྔོན་འགྲོ་དང་རྗེས་གཅོད་སོགས་ཅི་ཡང་མི་དགོས། ནད་དག་མ་དག་བརྟགས་པ་ནི། ཁོང་དུ་མིད་པའི་མོན་སྲན་རྣམས་ཚོས་སམ་ཤུན་པ་བུད་ན་དུག་མ་ལུས་པ་
དག་པའི་རྟགས་ཡིན། དེ་ལྟར་མ་བྱུང་ན་སྨན་འཕྲོ་བསྲིང་བར་བྱ། ངེས་ཤེས་མ་རྙེད་བར་དུ་བཏང་། འཁྲུ་གྲངས་ལ་ངེས་པ་མེད་དེ་ནད་དག་པར་གྱུར་ན་སྦྱོང་ཡང་འཆད་པར་འགྱུར་རོ། །སྐྱུགས་བྱུང་ན་རྡོ་གྲང་རྐེ་ལ་བདུག གདོང་ལ་ཆུ་ལྕག་བྱ། གཙུག་སྐྲ་འཐེན། སྣ་ལ་དྲི་ཞིམ་བསྣམ་པས་བཟློག ཅིས་ཀྱང་སྐྱུགས་ཁ་གསང་སྨན་ཀོ་ཋ་བཏང་བའི་མན་ངག་སྙིང་པོ། དམ་ནོན་ན་གོང་གི་སྨན་ཐུན་ཆུང་། ནད་པའི་དྲི་ཆུར་སྦྱར་བ་བཏང་བས་ཆོད་པ་འདིའི་ཁྱད་ཆོས་སོ། །ཐོར་བུའི་རླུང་སྐྱེས་ན་སྲེ་ལོང་ཐང་བཏང་བསྐུ་མཉེ་བྱ། རྗེས་ལ་ཤ་གསར་དང་ཚོ་ཁུ་བཏང་། གསར་འཇམ་གྱི་ཟས་བཟའ། སྤྱོད་ལམ་སྙོམ་པར་བྱ། དེ་ནས་ལོ་དུས་བར་དུ་གནོད་པའི་ཟས་སྤྱོད་བསྲུང་། རྗེས་གཅོད་དུ་སྲོག་རྩ་ཕོ་ལོང་མཆིན་གསང་སོགས་མེས་བསྡོམ། ནད་ངོས་ཟིན་ཡང་སྦྱོང་སོགས་མ་ཐེབས་ན། གདོན་ཡིན་པས་རིམ་གྲོ་དང་ཚོགས་བསགས་འབད་པར་བྱ། འདིས་སྦྱར་དུག གྱུར་དུག་དངོས་ཀྱི་དུག་སྟེ་བརྟན་གཡོའི་དུག་ཐམས་ཅད་ཚེགས་ཆུང་ངུས་སེལ་བ་འཕགས་པའི་བཀའ་མི་བསླུ་བ་སྟེ། ཐམས་ཅད་དུ་མྱོང་བས་གྲུབ་པའི་མན་ངག་ཁྱད་པར་ཅན་ཡིན། འདི་ལ་ཡོན་ཏན་བསམ་མི་ཁྱབ། ཁྱད་པར་དུག་དང་སྲིན་ལ་ཟབ་བོ། །ས་མཱ་ཡཱཿ སྦྱོང་སྨན་གསང་བ་སྨན་གཅིག་འདི་ཁཎྚ་བྱས་པ་མཐེ་བོང་ཙམ་དང་། སྒ་ཏིག་ནག་པོའི་ཁཎྚ་ལུག་རིལ་ཙམ་གཉིས། ཐར་ནུ་བ་ཡི་ཆུར་གདུས་པའི་ཁཎྚ་ཁམ་ཚིགས་འབྲིང་པོ་ཙམ། བུལ་ཏོག་བཟང་པོ་ཐུར་མགོ་གང་། དུང་དཀར་ལྔ་དང་ལྕམ་པའི་འབྲུ། བོང་རྨིག་གཞར་བ་
ཐུན་ཚད་རེ་སྦྱར་བའི་རིལ་བུ་སྲན་རློན་ཙམ་ལྔ་བདུན་དགུ་སོགས་རིམ་པར་བསྐྱེད་དེ་བཏང་། ལྕག་སོགས་མི་དགོས། འདིས་དམུ་འོར་སྐྱ་རྦབ་སོགས་ཆུ་སེར་རིགས་ཀུན་སྦྱོང་། ཁྱད་པར་དུག་རྙིང་ཆུ་སེར་ལ་བབ་པ་སྦྱོང་། ཡང་སྦྱོང་སྨན་རྒྱལ་པོ་ཀོ་ཋའི་ཁཎྚ་དང་། ཨ་རུ་མཆུ་རིང་བ་ཆུར་གདུས་པའི་ཁཎྚ་མཉམ་པར་བྱས་ལ། བསེ་རུ་དཀར་པོ་མ་གི་ཏ། སུ་མི་གོ་བྱི་ཐུན་ཚད་རེ་ཞིབ་བཏགས་ཁ་ཚར་བཏབ་པའི་རིལ་བུ་ལུག་རིལ་ཙམ། ལྕི་བསིལ་གདུས་ཁུས་ནམ་ཕྱེད་བཏང་བས། བད་སྨུག་གླང་ཐབས་ཚ་སྲིན་དང་། །ལོང་དུ་སྨུག་པོ་འཐབ་པ་དང་། །རྒྱུ་རྒན་དུག་ཐབས་མ་ལུས་སྦྱོང་། །ཞེས་གསུངས། འདི་ནི་དྲང་སྲོང་ཆེན་པོ་དྷརྨ་སྭ་མིའི་གསུང་ལས་མན་ངག་གབ་སྦས་དཀྱུས་གཅིག་ཏུ་བསྡེབས་པ་འདི་དགོས་པ་གང་གི་ཕྱིར་ཡིན་ན། དུས་ངན་ཐ་མར་མི་རྣམས་ཆགས་སྡང་རགས། །མི་རུང་ལོག་སྤྱོད་སྤྱི་དང་ཁྱད་པར་དུ། །ཟས་ངན་དུག་གིས་གསོད་པ་མང་འབྱུང་བ། །མཐོང་ནས་སྙིང་རྗེའི་བསམ་པ་ལེགས་བསྐྱེད་དེ། །ཚེགས་ཆུང་དོན་ཆེ་རྙེད་སླ་སྦྱར་དུག་གི། །གཉེན་པོ་ཀུན་ལས་ཁྱད་འཕགས་ངོ་མཚར་ཅན། །འཕགས་པའི་གདམས་ཟབ་བསླུ་བ་མེད་པ་འདིས། །སྐྱེ་དགུ་མང་ཞིག་སྲོག་གི་འཇིགས་ལས་ཐར། །དེ་སླད་དགེ་བའི་བསམ་པས་བཀོད་པ་འདི། །ཚུལ་བཞིན་ལག་ཏུ་ལོངས་ལ་འགྲོ་ཕན་མཛོད། །འདི་ཡི་དགེ་བས་འགྲོ་ཀུན་ནད་དང་བྲལ། །སྨན་པའི་རྒྱལ་པོའི་ཞབས་དྲུང་སྐྱེ་བར་ཤོག །ཅེས་པའང་དགོས་པའི་དབང་གིས་ཤིང་སྦྲུལ་ཟླ་བ་ལྔ་པའི་
ཚེས་ཉེར་བདུན་ལ་ནད་ཀྱིས་ཆེས་འབྲི་བ་དཀའ་ཡང་མི་ཕམ་པས་འབད་དེ་བྲིས་པ་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་ཐོགས་པར་གྱུར་ཅིག །མངྒ་ལཾ། །ལོག་གནོན་གབ་པ། ཕོ་བ་ངན། སྨན་མི་འཇུ་ཟུག་གཟེར་དང་། སྦོས་སྒྲེགས་བྱུང་ན། ཆ་མཉམ་བཞི་སྟེང་ལྕེ་ཚ་བསྣན་པ་ཚན་མོའི་ཐང་བཏང་བས་འཇུ། གནད་འབེབས་གབ་གསང་སྨན་ཀོ་ཋ་བཏང་བའི་མན་ངག་སྙིང་པོ། དཔ། དུག་སྙིང་རྩར་བྱེར་ན། རྩ་སྦྱོང་འཇམ་པོ་ཀོ་ཋའི་ཁུ་བས་རིལ་བུར་དྲིལ། །སྔོན་དངོས་རྗེས་ལྟར་བཏང་། ལྕག་ཏུ་ཀོ་ཋ་ཆང་སྦྱར་བཏང་། དེས་དུག་སྙིང་རྩར་བྱེ་རབ་སེལ། དུག་གབ་པ་གནམ་གང་དང་ཚེས་གཅིག་ཐོ་རེངས་བྱ་གྲགས་དུས་བཏང་། ཅིས་ཀྱང་མར་ངོ་དགུག་ལོང་མེད་ན་ཐུན་ལོག་སྦྱར་བ་ནམ་ཡིན་བཏང་། །ཞེས་སོ། །༄༅། །འཚོ་བྱེད་ཨ་ཛི་ཏ་ས་མུ་དྲས་བཀོད་པའི་སྨན་གྱི་སྦྱོར་བ་རྣམས་བཞུགས་སོ། །ན་མོ་གུ་རུ་མཉྫུ་ཤྲཱི་བྷེ་ཥ་ཛྱཻ་རཱ་ཛཱ་ཡ། འཇམ་དབྱངས་སྨན་གྱི་བླ་མར་ཕྱག་འཚལ་ནས། །ཕན་པ་ཀུན་ལྡན་སྨན་སྦྱོར་འགའ་ཞིག་བྲི། །ཕན་བྱེད་ཉི་ཟླའི་གའུ་ཞེས་བྱ་བ། །རིན་ཆེན་སྲོག་སྦྱིན་སྨན་གྱི་རྒྱལ་པོ་བཤད། །རླུང་ཁྲག་རྒྱུ་བའི་བུ་གས་ཕྱི་ནང་ཀུན། །འབྲེལ་བྱས་ལུས་ནི་བསྐྱེད་ཅིང་གནས་པ་དང་། །སྲོག་གི་རྩ་བར་གྱུར་པས་རྩ་ཡིན་ཏེ། །སྟོབས་དང་དབང་པོ་འབད་རྩོལ་དྲན་པ་བསྐྱེད། །དེ་ལ་ཉེས་པ་འཁྲུགས་པའི་ནད་དབང་གིས། །རྩ་ཉམས་གྱུར་ན་སྲོག་དང་དབང་པོའང་ཉམས། །དེ་ཕྱིར་ལུས་སྲོག་འཚོ་བའི་རྩ་བར་གྱུར། །རྩ་རྣམས་གྱེས་པའི་རྩ་བ་ཡིད་བཟང་མའི། །ཐབས་ཤེས་
ཉི་ཟླ་རྒྱུ་བའི་སྟོབས་འབར་ན། །ནད་དང་སྡུག་བསྔལ་རྒུད་པའི་གྲང་རེག་ཞི། །ཕུན་ཚོགས་བདེ་བའི་དཔྱིད་ནི་རྒྱས་འགྱུར་བས། །དེ་ཕྱིར་སྙིང་རྗེའི་ཐུགས་ལྡན་རྒྱལ་བ་དང་། །དྲང་སྲོང་རིག་འཛིན་དགོངས་པའི་མཁའ་དབྱིངས་ལས། །བྱིན་རླབས་བདུད་རྩིའི་ཆར་སྤྲིན་དུས་སུ་མཛེས། །༡གུར་གུམ་མེ་ཏོག་བཀྲ་བའི་གནས་བཟང་དུ། །གཙོ་བོ་གུར་གུམ་བཟང་པོ། ཙན་དན་དཀར་༢དམར་༣ལྗོན་པའི་བསིལ་གྲིབ་ན། །ཡིད་འོང་ལྷ་ཡི་བུ་༤དང་བུ་མོ་༥ཅོང་ཞི་བྲག་ཞུན་གཉིས། །རིན་ཆེན་བྱེ་རུ་༦མུ་ཏིག་༧མུ་མེན་བརྒྱན། །༨ཀུན་ཏུ་དགའ་བ་ལི་༩ཤིའི་དྲི་བསུང་འཕྲོ། །གཉིས་མེད་མཉམ་པར་རོལ་པའི་ཐིག་ལེ་འཛིན། །རྒྱ་མཚལ་ཅོག་ལ་མ། དབང་ཕྱུག་ཡོན་ཏན་བརྒྱད་ལ་འདོད་རྒུར་རོལ། །རྒུ་དྲུས། ༡༡བཙོད་༡༢རེ་སྐོན་༡༣ག་དུར་༡༤རྒྱ་ཚྭ། ༡༥སེ་འབྲུ་༡༦པི་ལིང་༡༧ཨ་གར་༡༨བརྒྱད་དོ། །ལས་བཞིའི་ཕྲིན་ལས་དངོས་གྲུབ་དཔལ་དུ་འབར། །དོམ་མཁྲིས་༡༩སིནྡྷུ་ར་༢༠ཧ་ཤིག་༢༡ཁབ་ལེན་༢༢རྣམས་སོ། །མཐོ་རིས་དཔལ་གྱི་འབྱོར་པ་བདུན་དང་ལྡན། །ཨ་རུ་༢༣བ་རུ་༢༤སྐྱུ་རུ་༢༥ཤུ་དག་༢༦མཁན་ཆུང་༢༧ཧ་རི་ཎུ་ཀ་༢༨སྔོ་རྟག་༢༩ངུ་བཅས་སོ། །ཡེ་ཤེས་དྲུག་གི་འགྲོ་དྲུག་གནས་སུ་འདྲེན།། གི་ཝཾཾ་༣༠གླ་རྩི༣༡བྱང་བ་༣༢དུག་བཏོན། གསེར་བྱེ་༣༣སྤོས་དཀར་༣༤སུག་སྨེལ། ༣༥ནད་མེད་དགའ་བདེའི་རོ་ལ་རྟག་ཏུ་རོལ། །ཤིང་མངར་རོ་༣༦འགྱུར་མེད་ཐིག་ལེ་གཅིག་གི་ངང་དུ་གནས། །བསེ་རུ། ༣༧དེ་ལྟར་བྱང་ཆུབ་ཕྱོགས་ཆོས་གྲངས་ལྡན་སྨན། །ཞིབ་བཏགས་རིལ་བུ་ཚད་དང་ལྡན་པར་དྲིལ། །ཐོ་རེངས་མངར་གསུམ་ཏིང་ཁྲོལ་སྦྱར་ལ་བཏང་། །གང་གིས་བསྟེན་པ་དེ་ཡི་ལུས་
ལ་ནི། །གཟའ་ཀླུ་རྒྱལ་བསེན་ལ་སོགས་འབྱུང་པོ་དང་། །ཉེས་དང་རྨ་དུག་མཚོན་དང་ལྷན་སྐྱེས་ཀྱི། །ཤིན་ཏུ་གསོ་དཀའ་རྨྱ་རིད་བརྒྱལ་ལྐུགས་སྨྱོ། །ཞ་རེངས་མདོག་མི་སྡུག་དང་དབང་པོ་ཉམས། །མི་བཟད་རེག་པའི་སྡུག་བསྔལ་ཞེན་གྱུར་པ། །འདི་མིན་ཞི་བའི་ཐབས་གཞན་ག་ལ་ཡོད། །སྟོབས་དང་དབང་པོ་ཁ་དོག་ཚེ་དང་དཔལ། །ནད་མེད་ལང་ཚོ་བློ་གྲོས་བདེ་བ་སྐྱེད། །གཞན་ཡང་བཅོས་རྡུག་རྩ་ལ་བབ་པའི་ནད། །འདི་ལ་ཁ་བསྒྱུར་སྦྱར་རམ་ལྟག་སྤྲད་བཏང་། །རྩ་དཀར་ལ་སོགས་བཅོས་གཞན་རྡུག་པ་ཡི། །ས་སྟེང་ནད་ཀུན་འདི་ཡིས་མི་འཇོམས་སུ། །དྲང་སྲོང་རིག་པ་འཛིན་པའི་བྱིན་རླབས་ལས། །ཡེ་ཤེས་བདུད་རྩིའི་རེག་པ་མངོན་སུམ་པ། །རྨི་ལམ་བརྡ་ལ་རྐྱེན་བྱས་མ་ཏི་ཡི། །བློ་གྲོས་ཆུ་གཏེར་ལས་བྱུང་བདུད་རྩིའོ། །མངྒ་ལཾ། །མུ་དངུལ་སེང་ལྡེང་འབྲས་གསུམ་བྲག་ཞུན་དང་། །ཆུ་སེར་སྨན་གསུམ་བྲག་སྤོས་ཆུ་མ་རྩི། །སྒྲོན་ཤིང་སེ་རྒོད་ཙན་དམར་མཛོ་མོ་ཤིང་། །སླེ་ཏྲེས་རེ་སྐོན་གཟེར་འཇོམས་རུ་རྟ་དང་། །ས་འཛིན་སྐྱེར་པ་སྲད་དཀར་ལུག་ཆུང་བ། །གྭ་དོར་གསུམ་དང་ཚྭ་ལ་ཆུ་བཅད་ཕྱེ། །གུ་གུལ་སོ་ཐོག་དུར་ཐོད་བསྲེགས་པའི་ཐལ། །གསེར་རྡོ་སྦལ་རྒྱབ་གྲུ་བཞི་མུ་མེན་དང་། །རྩ་བ་ལྔ་དང་བསེ་རུ་སྦྱར་བ་ལ། །རབ་ནི་གསེར་དངུལ་ཟངས་ལྕགས་ཐལ་བ་བསྣན། །གྲང་བར་དྲོད་གསུམ་སྔོ་ཡི་ཚ་བ་གསུམ། །ཆུ་སེར་ནག་པོར་བསིལ་གསུམ་ཧོང་ལེན་དང་། །བ་ཤ་ཀ་སྦྱར་བ་ཆུ་སྦྲང་གིས་དྲིལ། །ཤ་བཀྲ་ཁྱེ་མ་ཟ་འཕྲུག་ལ་སོགས་
དང་། །གཅོང་ནད་ཕལ་ཆེ་སུར་ཡ་དྲེག་གྲུམ་མཛེ། །ཤ་པགས་རྩ་རྒྱུས་ཕྱི་ནང་ཟུག་ངུའི་ནད། །རྙོགས་ཚད་རྨ་ལ་སོགས་པའི་ཉེས་མང་གི། རྩ་བར་གྱུར་པ་ཆུ་སེར་ནད་འདི་ནི། །སྐྱོན་མང་འཛིན་པ་འཇིག་པའི་ཆུ་གཏེར་ཡིན། །ཚུལ་དེ་འཇོམས་ལ་མཆོག་ཏུ་གྱུར་པ་ཡི། །སྦྱོར་བ་འདི་ནི་དུས་མཐའི་མེ་ལྟ་བུ། །མི་བཟད་སྡུག་བསྔལ་རྙོགས་པའི་རྫིང་འདྲ་བར། །ཚུལ་འདི་ནོར་བུ་ཀེ་ཏ་ཀ་དང་མཚུངས། །ལུས་ལ་ཁྱབ་བྱེད་དུག་ཆུའི་རྒྱུན་འདྲ་བར། །འདི་ནི་གཉེན་པོ་མཆོག་གྱུར་རྨ་བྱ་ཡིན། །མདོར་ན་ངན་ཁྲག་ཆུ་སེར་ལས་གྱུར་ནད། །བཅོས་མང་རྡུག་ལ་འདི་ཉིད་མཆོག་ཏུ་ཟབ། །བདུད་རྩི་ཟླ་བ་དྲི་མེད་ཅེས་བྱ་བ། །དྲང་སྲོད་རིག་པ་འཛིན་པའི་ཀླུ་དབང་གི། གདེངས་ཀར་ཐོབ་པ་བློ་གྲོས་སྟོབས་ཀྱིས་བླངས། །ས་སྟེང་འགྲོ་བ་དགའ་བའི་རྒྱན་དུ་བྱས། །རྩ་བ་ལྔ་དང་འབྲས་གསུམ་སྨན་མར་རམ། །ཡང་ན་དེ་སྟེང་བཟང་དྲུག་ཤིང་མངར་དང་། །དབང་ལག་དབྱར་རྩྭ་དགུན་འབུ་པི་པི་ལིང་། །ཐུག་འབྲས་སྣ་ཚོགས་སྲོ་མ་སེང་གེ་དང་། །ཅོང་ཞི་འདམ་བཏགས་ཏིལ་འབྲུ་དཀར་ནག་ད་བྱིད་ལ་སོགས་པ། རྩངས་པ། ཕུག་རོན། ཁྱིམ་བྱ། གཙང་ཉ། མཆིལ་པ་རྣམས་ཀྱི་ཤ་གང་རྙེད་དང་སྲམ་གྱི་མཇུག་ཏོ་སོགས་བསྲེ། མངར་གསུམ་ཏིང་ཁྲོལ་སྦྱར་ལ་སྲོད་ཐོར་ཟ། །ཁ་སྐོམ་འོ་ཐུག་འབྲས་ཀྱིས་བཀྲེས་སྐོམ་བསལ། །བརྒྱད་ཅུའི་ལུས་ཀྱིས་བརྒྱ་ལ་རྩེན་གྱུར་ན། །དེ་བས་དང་པོར་གྱུར་པས་ལྟ་ཅི་སྨོས། །སྲེད་པའི་རྟ་གདོང་མེ་དང་བདེ་བའི་ཆུ། །ཕན་ཚུན་འགྲན་པ་བཞིན་དུ་འཕེལ་ལ་ལྟོས།
རྩི་བཞི་དྭངས་མ་ལྔ་ཡི་བཅུད་བླང་བ། །ས་ཡི་དྭངས་མ་བྲག་ཞུན་ཤ་ཡི་གསོས། །རྡོ་ཡི་དྭངས་མ་ཅོང་ཞི་རུས་པའི་གསོས། །ཤིང་གི་དྭངས་མ་བུ་རམ་སྟོབས་ཀྱི་གསོས། །མེ་ཏོག་དྭངས་མ་སྦྲང་རྩི་མདངས་ཀྱི་གསོས། །རྩ་ཡི་དྭངས་མ་མར་དཀར་བཅུད་ཀྱི་གསོས། །ཤུག་འབྲས་བ་ལུ་མཚེ་དང་མཁན་པ་བཞི། །དགུན་མི་སྐམ་པ་ཚེ་ཡི་གསོས་སུ་འགྱུར། །སྦྱར་ཐབས་ཅོང་ཞི་བྲེ་གང་ཞོ་གཅིག་ཆུར། །གདུས་པའི་ཁུ་བ་བྲེ་གང་རྩིག་མ་བཏོན། །ཤུག་འབྲུ་སོགས། བདུད་རྩི་བཞི་དང་བྲག་ཞུན་བྲེ་ཕྱེད་ཕྱེད། །གུད་གུད་གདུས་པའི་ཁུ་བ་ཁྱོར་བ་རེ། །འོ་མ་མར་སྲང་སུམ་ཅུ་ཆུ་བཅད་ལ། །བུ་རམ་སྦྲང་བྲེ་དོ་སྦྱར་སྣོད་བཟང་བླུག །འདི་ནི་དཔལ་ལྡན་རྒྱུད་ཀྱི་དགོངས་པ་སྟེ། །དེ་སྟེང་རྟག་ངུ་དབང་ལག་ཨ་རུ་ར། །བཟང་དྲུག་དང་ནི་བཅུད་སྨན་ཁ་ཚར་བཏབ། །ད་བྱིད་དུག་ཐོན་སོགས། ཡི་དམ་གང་རུང་རིགས་ལྔ་ཡབ་ཡུམ་གྱི། །སྙོམས་འཇུག་བདེ་བའི་འོད་ཀྱིས་སྲིད་ཞིའི་བཅུད། །དྲངས་ཏེ་བདུད་རྩི་བྱང་ཆུབ་སེམས་སུ་དབབ། །སྨན་རྣམས་ཡེ་ཤེས་བདུད་རྩིར་བསམ་ལ་བཟླ། །ཡི་དམ་སྔགས་ལ་ར་ས་ཡ་ནའི་སྔགས་བཏགས་པ་དང་། བཻ་རོ་ཙ་ན་ཨོཾ། བཛྲ་ས་ཏྭ་ཧཱུྃ། རཏྣ་སཾ་བྷ་བ་ཏྲཱཾ། ཨ་མི་ཏ་བྷ་ཧྲཱིཿ ཀརྨ་བཛྲ་ཨཱཿ ཟླ་བ་ཡར་ངོའི་ཚེས་གཅིག་ནས་བརྩམས་ཏེ། དྲོ་གོང་རྒྱུན་བསྟེན་དངུལ་མ་བྱུང་ཙམ་བཅག །འདི་ཡིས་བཅུད་ལོངས་སྲོག་གཅོད་ནད་དགུ་གྲོལ། །རྒས་པའི་རྟགས་ནུབ་བཅུ་དྲུག་ལྟ་བུས་ལུས། །སེང་གེའི་རྩལ་ལ་གླང་པོ་ལྟ་བུའི་སྟོབས། །རྨ་བྱའི་མདངས་ལྡན་མགྱོགས་པ་ཅང་ཤེས་རྟ། །
ཚེ་སྲོག་ཉི་ཟླ་གཉིས་དང་མཉམ་པར་འགྱུར། །ནང་གི་དབང་པོ་གསལ་བའི་ཉི་མ་འཆར། །ཕྱི་ཡི་ལུས་ལ་མཛེས་སྡུག་པདྨོ་བཞད། །རྩ་རླུང་ཐིག་ལེའི་དགའ་ཚལ་རབ་རྒྱས་ནས། །བདེ་སྐྱིད་དཔྱིད་ཀྱི་དཔལ་ཡོན་འཕེལ་བར་འགྱུར། །གྲང་ཆུའི་མང་སྦྱོར་ཡེ་ཤེས་འཕྲུལ་མེ་ནི། །མི་རྟ་ཁྱི་ཕག་ཐོད་པ་ཉ་སྲམ་རུས། །ཅོང་ཞི་བྱ་རྡོ་གོ་བོའི་བྲུན་དང་ནི། །རྡོ་དྲེག་ཏ་ཙ་ཨ་རུ་བཙན་དུག་དང་། །དུང་མགྲོན་ཚྭ་སྣ་ཚོགས་ཚད་ཡ་བཀྵ། །ཞིབ་བཏགས་འོ་མའི་ཞག་གིས་འདག་པ་བྱ། །མཐེབ་ཀྱུ་གྲངས་མང་བྱས་ལ་སྐམ་པའི་ཚེ། །རྫར་བླུགས་དུ་བ་མ་ཤོར་ནུས་བསྲེགས་ཐལ། །བཟང་དྲུག་སྟར་བུ་ལྕགས་ཕྱེ་ཨ་རུས་བཞུས་པ། ཚ་བ་ལྔ། །སེ་འབྲུ་སྡིག་སྲིན་ལྕམ་པ་པྲི་ཡངྐུ། །སྲད་རིགས་སྐྱུ་རུ་ར་རྣམས་ཁ་ཚར་སྨན། །གསེར་དངུལ་ཟངས་ལྕགས་ཐལ་བ་ཚད་ལྡན་དང་། །དྲག་འདུལ་དངུལ་ཆུ་འུག་སྒྲོ་ནུས་བསྲེགས་ཐལ་འདི་ཅུང་མང་ཆོག གྲོགས་ཀྱི་སྨན་ཡིན་རྩ་བའི་ཐལ་སྨན་གྱི། །སུམ་ཆ་ཙམ་ཞིག་ཁ་ཚར་སྨན་ཡིན་ལ། །ཁ་ཚར་སྨན་གྱི་སུམ་ཆ་གྲོགས་ཀྱི་སྨན། །ཚད་ལྡན་སྦྱར་བས་ཆུ་སེར་མཛེ་ནད་དང་། །སྐྲན་དང་སྐྱ་རྦབ་འོར་སོགས་གྲང་གཅོང་རིགས། །དམུ་རྫིང་རྒྱ་མཚོ་བཞིན་དུ་འཁྱིལ་བ་ཡང་། །བསྐལ་པའི་མེ་དང་ཉེ་བའི་ཟིལ་པ་བཞིན། །མ་ལུས་འཇོམས་པ་ཐལ་སྨན་རྒྱལ་པོ་འདི། །ཁོགས་ནད་གཅོང་གི་བཅོས་རྡུག་ལོག་གནོན་ཡིན། །སྦྱར་ཚད་ལག་ལེན་སྡེབ་ཚད་ཉམས་ལྡན་ན། །ཤ་པགས་རྩ་རྒྱུས་དོན་སྣོད་ལ་ཞུགས་པའི། །ཆུ་སེར་བད་ཀན་མ་ཞུ་གྲང་ནད་དང་། །དམུ་སྐྲན་ནད་ཀུན་འཇོམས་པའི་རྡོ་རྗེ་འདི། །སྔོན་
མེད་མ་ཏིའི་བློ་མཚོ་དྭངས་བ་ལ། །ཌཱ་ཀིའི་བྱིན་རླབས་ཟླ་སྐར་བཀྲ་བ་སྟེ། །སྐྱེ་དགུའི་གདུང་བ་སེལ་ཕྱིར་ཡི་གེར་བྲིས། །དགེ་བས་རྒྱུ་འབྲས་ནད་ལས་གྲོལ་བར་ཤོག །འདི་ཆུ་སེར་གྱིས་ལུས་གསོབ་ཅིང་སྐྲང་བ། མིག་ལྕིབས་དང་གདོང་སྐྲང་བ། སྨད་ལ་ཆུ་སེར་གཡོ་བ། །གྲང་བའི་རྨ་ཐོར་ཟ་འཕྲུག་སོགས་ཐམས་ཅད་ལ་ཕན་ནོ། །ལུས་ལྷོད་པ་སྦོས་ལ་རུལ་བ་ཐམས་ཅད་གཅོད་ཅིང་སྐེམ་ལ་རིད་པ་དང་མཁྲངས་པར་བྱེད་དོ། །ཨ་གར་སྙིང་ཞོ་ཛཱ་ཏི་ཅུ་གུར་ལི། །འབྲས་གསུམ་མ་ནུ་རུ་རྟ་ཁ་རུ་ཚྭ། །ཤིང་ཀུན་གུ་གུལ་ཤ་ཆེན་ཙན་དན་གཉིས། །གི་ཝཾ་ཧོང་ལེན་བོང་དཀར་སྟག་ཤ་དང་། །གླ་རྩི་རེ་སྐོན་ཚེར་སྔོན་བྲག་ཞུན་དང་། །བ་ཤ་སླེ་ཏྲེས་སྒང་ཐོག་འཛིན་པ་རྣམས། །གཙོ་བོ་ཆ་བསྐྱེད་གི་ཝཾ་ཡན་མང་ཞིང་། །དེ་མན་ཆ་ཉུང་སྦྱོར་བ་ཚད་ལྡན་པ། །ཀོ་བྱི་སྙིང་སྣ་སྦྱོར་སྣོན་བཅས་སྨན་ཆེན་དངུལ་ཆུ་དྲག་འདུལ། ཕལ་ཆེར་བཟི་ཕྲི་བ་སོགས་ཞལ་ལས་ཉན། པ་ཡི། །ཨ་གར་རྡོ་རྗེ་རི་བོ་ཞེས་བྱ་བ། །ངན་ཁྲག་སྟོད་རྒྱས་རླུང་ཁྲག་འཐབ་པ་དང་། །དབུགས་འཐུམ་དབུགས་རྒྱངས་འགྲམ་འཁྲུགས་རླུང་གིས་འབུད། །དེ་ལ་སོགས་པ་ནད་རིགས་མཚོ་རླབས་བཞིན། །གྱེན་དུ་འཕྱུར་བ་འཇོམས་པའི་དཔའ་བོ་འདི། །སྔོན་མེད་མ་ཏིའི་བློ་མཚོ་ལས་བྱུང་བ། །ཕན་བདེའི་འོད་སྟོང་དྲྭ་བ་འགྱེད་པ་འདིའི། །ཡོན་ཏན་གླིང་བཞིའི་ཁྲོད་དུ་རྣམ་པར་གྲགས། ༈ །རྣ་བ་འོན་པར་སྒོག་སྐྱ་ལ་ཕུག་ཆུ། །རྒྱ་ཚྭ་རྒྱམ་ཚྭ་རུ་རྟ་གླ་རྩི་དང་། །ཤིང་ཀུན་ཨུག་ཆོས་འབྲས་བུ་ཁ་རུ་ཚྭ། །བཅའ་སྒ་གྲོག་གཉིས་ཀྱི་ཐལ་བ་དང་། །ཤུ་ཏི་ཀྱི་ལྕེ་ཡ་བཀྵ་ར་དང་། །
གླ་སྒང་འབྲི་མར་ཚ་བསིང་ལྕུམ་ཁུར་གདུས། །ར་ཐུག་ཆུ་ལ་སྦྱར་ནས་རྣ་བར་བླུགས། །རྣ་ནད་གཡའ་སྐྲང་སྒྲ་བཅས་རྣག་འབྱུང་དང་། །སྲིན་དང་རླུང་སོགས་ནད་དང་འོན་པ་ལ། །བདུད་རྩི་ལྟ་བུར་ཕན་པ་མྱོང་བས་གྲུབ། །མ་ཏིས་གསར་སྤེལ་རྣ་སྨན་རྒྱལ་པོ་ཡིན། ༈ །ཤིན་ཏུ་ཟབ་པ་རོ་ཙའི་སྨན་སྦྱོར་ནི། །ཅོང་ཞི་སྦལ་རྒྱབ་དཀར་པོ་ཞིབ་བརྡུང་ལ། །འོ་མར་གདུ་ཞིང་རྒྱ་ཚྭ་ཞད་ཙམ་བཏབ། །ཁུ་བ་རང་ཐིམ་བྱས་པ་ཚན་དང་པོ། །མཆིལ་ཀླད་དེ་ཕོ་ཕུག་རོན་ཕོ་ཡི་ཤ །ད་བྱིད་རྩངས་པ་གཡེར་མ་ཐུག་འབྲས་ནི། །སྣ་ཚོགས་འོ་མར་མ་ཚིག་དལ་བུས་གདུས། །ཁུ་བ་རང་ཐིམ་བྱས་པ་ཚན་གཉིས་པའོ། །ལུང་ཐང་གོ་ཡུ་དང་ནི་འབྲས་སྣ་གསུམ། །ཤིང་མངར་ཐལ་ཀ་རྡོ་རྗེ་དང་བཅས་པ། །ཞིབ་འདུལ་ཕྱེ་མ་ཁ་ཚར་སྨན་ཡིན་ནོ། །ཐང་ཕྲོམ་དཀར་པོ་སྲོ་མ་སེང་གེ་དང་། །དབྱར་རྩ་དགུན་འབུ་དབང་པོའི་ལག་པ་དང་། །མོན་སྲན་གྲེའུ་སྡིག་སྲིན་གཟེ་མ་རྣམས། །འོ་མར་གདུས་པ་རྩ་བའི་སྨན་གསུམ་པ། །དེ་ལྟར་འོ་མར་གདུས་པའི་སྨན་ཚན་གསུམ། །གཅིག་ཏུ་བསྲེས་ལ་ཁ་ཚར་སྨན་བཏབ་ནས། །གྲོག་སྦྲང་རབ་སྟེ་མ་རྙེད་བུ་རམ་དང་། །སྦྲང་རྩི་གང་རུང་རྟ་རུ་བཏབ་པར་བྱ། །རྟ་ཡི་སྨན་ནི་མེད་ཀྱང་རུང་བ་ཡིན། །སྨན་རྣམས་འདྲེས་ངེས་འདམ་འཐག་བྱས་ནས་སུ། །རིལ་བུ་སེ་ར་རུས་ཙམ་དྲིལ་བ་དེ། །ནང་པར་ལྟོ་སྟོངས་དུས་སམ་གང་འདོད་དུ། །རིལ་བུ་རེ་རེའམ་ཉམས་དང་སྦྱར་ལ་བཟའ། །རོ་ཙའི་སྨན་རྣམས་ཀུན་གྱི་རྒྱལ་པོ་སྟེ། །འདོད་པའི་བདེ་བ་ཟད་མི་ཤེས་པ་སྤེལ། །འཚོ་བྱེད་ཨ་ཛི་ཏ་ཞེས་གྲགས་པ་
གྲེས་མ་མིན་ཡིས། །རྒྱུད་ལུང་མན་ངག་སྨན་གྱི་དགོངས་བཅུད་བསྡུས། །ཕན་ཡོན་ལག་ཏུ་བླང་བས་གསལ་བར་འགྱུར། །ཁ་སྐོམ་འོ་མ་བཏང་ཞེས་ཞལ་རྒྱུན་ནོ། །ཙིརྟ་སུ་ཁ་སིདྡྷི་མ་ཧཱ་ཤུ་བྷཾ། ༈ །གུར་གུམ་༡ ༠ ༠ སྐྱུ་རུ་༠ ༥ ༠ ཏྲེས་མའི་གེ་སར་༠ ༥ ༠ ཧོང་ལེན་༠ ༣ ༠ སྦྱར་བ་བསིལ་ཆབ་བཞི་པ་འདིས། ཀ་རས་ཁ་བླངས་ཀྱང་རུང་། ཡ་མ་ནག་པོ་མེ་ལྟར་འབར་བ་སེལ། །ས་གླང་ཟླ་བ་བཅུ་གཉིས་པའི་ཚེས་ཉེར་བདུན་ལ་དྷཱིས་བྲིས་སོ། ༈ །སོ་སྨན་ཟབ་མོ་ཀུན་བསྡུས་དྷཱི་ཡི་ལུགས། །ཅོང་ཞི་རྒོད་བཏུལ་ཅོང་ཞི་རྒོད་པོ་མེར་བསྲེགས་ཅུ་གང་ཆུ་ནང་བཏུལ་བ་རྡོ་རྗེ་ཆུ་ཞེས་བྱ་སྟེ་སྨན་མཆོག་ཡིན་ཞིང་སོ་སྲ་བར་བྱེད་པའོ། །དོམ་མཁྲིས་ཚགས་དམ་བྱེད་རྒྱ་སྐྱེག་དང་། །རྙིལ་མི་འཆད་པ་དང་བརྟན་པར་བྱེད་དོ། །གླ་རྩི་སོ་སྲིན་འཇོམས། རྒྱལ་མོ་ཀ་ར་ནི་ལྷ་བ་དང་རྩི་འཛིན་བྱེད་དོ། །ཤིང་ཀུན་གྱིས་རླུང་སེལ་དང་། །ཁ་རུ་ཚྭ་བད་ཀན་སེལ་དང་ཨ་རུ་གསེར་མདོག་གིས་ཁྲག་མཁྲིས་སེལ་ལོ། །བྱི་ཏང་ག་སྲིན་སེལ། ལུག་གི་མིག་འབྲས་སོ་དཀར་བར་བྱེད་གོ་ཡུ་རྙིལ་དམ་པའོ། །ཡུ་གུ་ཤིང་། །གིས་རུལ་བ་གཅོད། མཚུར་ནག་གིས་རུལ་དྲི་འཁྲུད་གླང་ཆེན་ཤ་སོ་ཚོགས་དམ་པར་བྱེད་དང་སྤྲོ་ན་ཕུག་རོན་བྲུན། །ཁ་དྲི་བསྲུང་། དེ་སྟེང་པི་ལིང་ཧ་ཤིག་སྨན་སྒ་སོགས། །ཚྭ་ལ་ཆུ་བཅད། ཆ་མཉམ་སྦྲང་སྦྱར་རིལ་བུ་ར་ཕག་གམ། །ཁྱད་པར་ལུག་ཚིལ་དང་སྦྱར་རྙིལ་དང་སོར། །ཐོ་རེངས་དུས་ལ་སོགས་པར་བྱུགས་བྱས་ན། །སོ་ཡི་བཅུད་ལེན་ཐོད་པ་སོ་ཁྱེར་ཡིན། །རིལ་བུ་རེ་རེས་ལོ་རེ་ཕྱིར་ལ་བརྟན། །ལན་བདུན་བསྐྱར་འགྲུབ་ཡུན་བརྟན་སྨོས་ཅི་དགོས། །
སོ་ཡི་རྒྱལ་པོ་རྡོ་རྗེ་ལྟར་སྲ་བའི། །ཐབས་འདི་སོ་སྨན་ཀུན་གྱི་དམ་པ་ཡིན། །དྷཱི་ཡིས་ལེགས་པར་བསྡུས་པ་དགེ་གྱུར་ཅིག །ལག་ཏུ་ལོངས་དང་ཡིད་ཆེས་པར་འགྱུར་རོ། ༈ །ཅུ་གང་ཤིང་མངར་སྤང་རྒྱན་ལི་ཤི་དང་། །རུ་རྟ་ཨ་རུ་སྲོ་ལོ་རྒུན་འབྲུམ་དང་། །ཀ་ར་སྦྱར་བའི་ཅུ་གང་བརྒྱད་པ་འདིས། །སྟོད་འཁྲུགས་གྲེ་བ་སྐད་འགག་ནད་ཀུན་སེལ། །དབྱངས་སྙན་མགྲིན་པ་བདེ་བའི་སྨན་མཆོག་སྟེ། །དབྱངས་ཅན་དཔྱིད་ཀྱི་བཅུད་ལེན་ཞེས་སུ་བརྗོད། །དྷཱིས་སོ། །༈ །རྟག་ངུ་ཨ་བ་ལྕགས་ཕྱེ་མདུང་དཀར་པོ་རྩེ་དང་། །ཤིང་མངར་ལྔ་པོ་ཆ་མཉམ་རྒྱལ་མོ་ཀ་ར་ཡིས། །རྟ་བྱས་བཏང་ན་མིག་གི་གསལ་བྱེད་མཆོག །ཐོ་རེངས་ལྟོ་སྟོངས་དུས་སུ་ཆུ་སྐོལ་ལམ། །ཞུན་མར་གྱིས་དབུལ་ལྷ་མིག་ལྟ་བུར་གྱུར། །རང་། ༈ །ལྡོང་རོས་མུ་ཟི་སེར་ནག་ཐང་ཕྲོམ་དང་། །བྱི་ཏང་བདུན་པ་ཤ་ཚིལ་སྦྱར་བ་བདུག །སྲིན་རྣམས་མ་ལུས་སེལ་བར་བྱེད་པ་ཡིན། །རང་། ཡང་། བཙན་དུག་ཤུ་དག་མུ་ཟི་སེར་ནག་དང་། །བྱི་ཏང་མ་རུ་ཙེ་དང་ཐང་ཕྲོམ་པ། །དྭ་བ་ལང་ཐང་ཙེ་སྦྱར་ཤ་ཚིལ་གྱིས། །དྲིལ་བ་སྣར་བདུག་ཡ་མ་འཇོམས་པར་བྱེད། །རང་། རྒྱལ་དང་ཕུར་བུ་འཛོམས་སོགས་དུས་བཟང་ལ། །བཅུད་མཆོག་བདུད་རྩི་འོད་ལྡན་རྟག་ཏུ་ངུ་། །རྩ་ལོ་མེ་འབྲས་བཅས་པར་བཏུས་ནས་སུ། །དེ་ཕྲལ་རླན་བརྡུང་ལེགས་པར་འཐེམ་བྱས་ལ། །གྲིབ་མ་དག་ལ་བསྐམ་པ་སླར་ཡང་ནི། །ཞིབ་པར་བཏགས་པའི་ཕྱེ་མ་ཕུལ་རེ་རེར། །མུ་ཟི་སེར་མོ་ཐུན་རེས་ངར་བླུད་ལ། །ཆང་བཟང་སྙིང་ཁུས་འདམ་
འཐག་ལེགས་པར་བྱ། ༦ ༠ ༠ །དེ་སྟེང་འབྲས་གསུམ་རེ་རེ་ནས་ཞོ་ལྔ་རེ་དབང་ལག་ཞོ་ལྔ་བཟང་བོ་དྲུག་ཞོ་གསུམ་རེ། སྙིང་ཞོ་ཤ་༠ ༥ ༠ དང་བྲག་ཞུན་༡ ༠ ༠ཅོང་ཞི་༡ ༠ ༠ དང་། ཤུག་རེ་རེ་ནས་སྐར་ལྔ་འབྲུམ་བ་ལུ་མཚེ་དང་མཁན་པ་སྟེ། །བཅུ་དྲུག་གྲངས་ལྡན་སྨན་མཆོག་རྩི་བཞིན་བཏགས། །བློ་དང་ལུས་བཅུད་ལའང་ཤུ་དག་དཀར་བོ་བསྣན། གྲང་ཤས་ཆེ་ན་པི་པི་ལིང་བསྣན་རྟག་ངུའི་ཕྱེད་ཚད་སྨན་གཞན་བྱ། བུ་རམ་སྦྲང་རྩིས་རིལ་བུ་དྲིལ་བྱས་ནས། །འཇམ་དཔལ་སོགས་ཀྱི་སྒོ་ནས། ཚད་ལྡན་བྱིན་རླབས་བྱ་ཞིང་ཐོ་རེངས་སོགས། །བསྟེན་བྱས་རླུང་སྦྱོར་བྱ་ཞིང་འཇམ་རླུང་བུམ་ཅན་བཟུང་། སྤྱི་བོའི་ཨོཾ་དཀར་པོ་ལ་དབྱངས་བཅུ་དྲུག་གིས་བསྐོར་བ་ལས་སྲིད་ཞིའི་བཅུད་འདུས་བདུད་རྩིས་ལུས་གང་བ་དང་། འཁོར་འདས་བདུད་རྩི་རྔུབ་ཅིང་ལུས་གང་བ་དང་། འབར་འཛག་དང་བདེ་བ་སྒོམ་པ་དང་། བླ་གནས་ཀྱི་ཕྲ་ཐིག་སོགས་སྤེལ་ཏེ་བསྒོམ་མོ། །དམིགས་པ་གཟབ། ཁམས་ཀྱི་སྙིགས་མ་ཡོངས་སུ་སྦྱངས་ནས་སུ། །ཡིད་འོང་ལྷ་མཆོག་གཞོན་ནུའི་ལུས་སུ་ནི། །མྱུར་དུ་འགྲུབ་ཅིང་རྡོ་རྗེ་སེམས་དཔའ་ཡི། །ཚེ་དང་ལང་ཚོ་འགྲུབ་པར་བྱེད་པའི་ཐབས། །བཅུད་ལེན་ཀུན་གྱི་རྒྱལ་པོ་བདུད་རྩིའི་མཆོག །དྷཱི་ཡིག་བདེ་བ་ཆེན་པོར་ཡོངས་འཁྱིལ་བའོ། ༈ །མཆིན་ནད་གཙོར་གྱུར་ནད་རིགས་ཀུན་འཇོམས་པ། །ལྕགས་ཕྱེ་ཨ་རུས་བཞུས་པ ༡ ༠ ༠ བྲག་ཞུན་༠ ༥ ༠ཁ་ཁུར་རམ་མ་རྙེད་ན་བལ་གུར ༠ ༥༠ པྲི་ཡངྐུ། ༥༠༠ ཅོང་ཞི་༠༥༥མ་ནུ་༠ ༥ ༠ རུ་རྟ་༠ ༥ ༠ བདུན་པ་འདི། །ཟླ་ཤེལ་བདུད་རྩི་ཞེས་བྱ་མཆིན་ནད་དང་། །དུག་དང་སྨུག་པོ་གློ་བུར་གཟེར་གྱི་རིགས། །མདོར་ན་ཚ་གྲང་ནད་
རིགས་གང་ལ་ཡང་། །བརྟག་པ་མི་དགོས་བཏང་བས་ཆོག་པ་ཡི། །བདུད་རྩི་མངོན་སུམ་ཉིད་ཡིན་ལག་ཏུ་ལོངས། །དྷཱི་ཡིས་ཌཱ་ཀི་སྒྲུབ་པའི་དུས་སུ་བྲིས། །འདི་ཡི་ཕན་ཡོན་རྒྱས་པ་ལོགས་སུ་ཡོད། ༈ །ཨ་གར་ཀོ་བྱི་ལ་དང་ཨ་རུ་ར། །རུ་རྟ་སྤོས་དཀར་ཚེར་སྔོན་གུར་གུམ་དང་། །ཏང་ཀུན་བཅས་ལ་འཆི་མེད་ཨར་བརྒྱད་ཟེར། །སྦྱོར་བ་གང་འོས་སྤྱིར་ཤ་ཆེན་བཟང་། སྲིན་ལ་བྱི་ཏང་། གཉན་ལ་གླ་རྩི། ཁྲག་ལ་བ་ཀ་དང་ཧོང་ལེན་བསྣན། སྟོད་འཚང་ཕྲལ་དུ་སེལ། །སྟོད་ཀྱི་ང་ཁྲག་འཁྲུགས་པ་ལས་གྱུར་པའི། །ནད་རིགས་ཀུན་སེལ་བདུད་རྩི་དྷཱིས་སྦྱར་དགེ །༈ ལི་ཤི་ཛཱ་ཏི་སྙིང་ཞོ་ཤ་དང་ནི། །གོ་ཡུ་ཨ་གར་ཤ་ཆེན་ཤིང་ཀུན་སྦྱར། །སྙིང་ལ་རླུང་ཞུགས་ཡིད་མི་བདེ་བ་སེལ། ༈ །བཞུ་བྱེད་མེ་ལྕེ་དཀར་པོའི་དབུས། །བྱང་བུལ། བཤིག་བྱེད་ཁྲོ་ཆུའི་རྦ་རླབས་འཕྱུར། །སྟར་ཞུན། གཅོད་བྱེད་ཐོག་གི་ཟེར་མ་འཁྲུགས། །རྡོ་ཐལ་ཚོས་ངེས། ཕོ་བའི་བེ་སྣབས་མཁའ་ལ་འཕོང་། །སྐྲན་གྱི་བྲག་རི་ཐལ་བར་ག །གྲང་རྣག་མཚོ་མོ་གཏིང་ནས་སྐེམ། །ཁོང་འབྲས་རི་བོ་རྩེ་ནས་བསྙིལ། །བྱ་སླ་དོན་ཆེ་ཤིན་ཏུ་གསང་། །མི་ཕམ་རྣམ་རྒྱལ་ཁྱད་ཆོས་སོ། ༈ །གླ་སྒང་རུ་རྟ་ཨེ་ལ་སུག་སྨེལ་དང་། །རྒྱ་སྤོས་རུ་རྟ་སྦྱར་བས་ཆང་དང་རྣག །སྒོག་དྲི་འཕྲོག་ཅེས་རྡོ་རྗེ་མཁའ་འགྲོར་གསུང་། ༈ །ཚ་བ་གསུམ་དང་བ་ལུ་ཤིང་ཚ་དང་། །སུག་སྨེལ་གོ་སྙོད་བདུན་དུ་སྦྱར་བ་འདི། །སྤོད་ཀྱི་རྒྱལ་པོ་ཟས་ལ་ཡི་ག་འབྱེད། །ཕོ་བའི་དྲོད་སྐྱེད་གྲང་སེལ་ལུས་སྟོབས་བརྟས། །ཡིད་འོང་ལྷ་ཡི་བདུད་རྩི་དྷྭིས་
སྦྱར་དགེ། །འདི་ལ་དམར་ཚེ་མང་པོ་གཞི་བྱས། །སྒ་མང་། དེ་རྗེས་གོ་སྙོད་མང་། བ་ལུ་དྲི་ཐོན་ཙམ་ལས་མི་མང་། འཁོར་ལོ་མ་ཅུང་མང་ཁ་ཚར་བཏབ། སྨན་གཞན་གསུམ་ཡང་ཉུང་ཙམ་བྱ། ཟས་གང་ལའང་ཚྭ་དང་སྦྱར། དེ་སྟེང་ཤ་ལ་སྒོག་པ། གཡེར་མ་བསྣན་ན་བཟང་།༈ སྦྱར་དུག་ནད་ལ་ཐེངས་ཆོག་བདུད་རྩི་ནི། །ཡུག་ཤིང་ཏིག་ཏ་རེ་རིགས་གསུམ་རལ་སྤང་རྩི་དང་། །འོམ་བུ་ཧོང་ལེན་བྲག་ཞུན་རྒྱ་གར་མ་བོང་ང་དཀར། །ཙན་དན་གི་ཝཾ་ཅུང་ཟད་ཨ་རུ་ཚད་ལྡན་སྦྱར། །རྩ་ལ་བབ་ན་དོམ་མཁྲིས་སོགས་ཀྱིས་ཁ་བསྒྱུར་བྱ། །སྨན་བཅུ་གཅིག་པོ་འདིའི་གི་ཝཾ་ཆེར་མ་རྙེད་ན་ཅུང་ཉུང་ཆོག ཨ་རུ་མང་ཙམ་བྱས་ན་ལེགས། དེ་མིན་བཅུ་གཅིག་པོ་ཆ་མཐོ་ཅུང་མང་སྨྱག་སོ་མ་ར་ཙ་དཔའ་སེར་བཅས་བསྣན་ཀྱང་རུང་རྒྱུན་བརྟེན་སྦྱར་དུག་ནད་ཀུན་དྲུངས་ནས་འབྱིན། །ཁྱད་པར་དུག་གི་ཚ་བ་མཆོག་ཏུ་འཇོམས། །གྱུར་དུག་དངོས་དུག་དུག་རིགས་ཐམས་ཅད་ཐུབ། །མན་རྒྱུད་སྔོ་སྦྱོར་གཞིར་བཞག་སྦྱོར་སྣོན་བཅས། །དུས་ཚེས་དགེ་བར་མི་ཕམ་པ་ཡིས་བཀོད། །ཚ་བ་ཆོམ་དང་དུག་ནད་འདུས་པ་ན། །གོང་སྟེང་ཨ་རུ་ལྕུམ་རྩ་དུར་བྱིད་དག །བསྣན་པས་སྦྱོང་བྱ་སྨན་གྱི་ནུས་བསྐྱེད་ཕྱིར། །དུག་སྔགས་ཟབ་མོ་རྣམས་ཀྱིས་བཏབ་པར་བྱ། ༈ །གུར་གུམ་ཙན་དན་དཀར་དམར་བྱི་ཏང་ཀ །མ་རུ་ཙེ་དང་རུ་རྟ་མཚལ་རྒོད་བཅས། །ཡ་འཇོམས་དམར་པོ་བདུན་འདིས་ཚ་དབལ་ནི། །མེ་ལྟར་འབར་བའི་ཡ་མ་ནག་པོ་གསོད། །དྷཱིས་སོ། ༈ །ཙན་དན་དམར་པོ་སྐྱུ་རུ་བ་ཤ་ཀ །ཧོང་ལེན་རུ་རྟ་གུར་གུམ་སྦྱར་བ་ཡི། །ཙན་
དན་དྲུག་པས་ཁྲག་ལ་བརྟེན་པ་ཡི། །ནད་རྣམས་ཀུན་སེལ་བདུད་རྩི་དྷཱིས་སྤེལ་བའོ། ༈ །ཁྲག་ནད་ཀུན་སེལ་ཞེས་བྱའི་སྨན་མཆོག་ནི། །གི་ཝཾ་གུར་གུམ་ཨུཏྤལ་བ་ལེ་ཀ །ཏིཀྟ་བྲག་ཞུན་རུ་རྟ་བ་ཤ་ཀ །གསེར་མེ་ཅོང་ཞི་འབྲི་མོག་མ་ནུ་དང་། །ཅུ་གང་སྐྱུ་རུ་ཤིང་མངར་རེ་སྐོན་པ། །ཙན་དན་དམར་པོ་མཛོ་མོ་ཤིང་དང་ནི། །ཧོང་ལེན་སྟར་བུ་ཀ་ར་ཆ་བསྐྱེད་པ། །གི་ཝཾ་དགུ་སྟེང་ཁྲག་འཁྲུགས་ཀུན་སེལ་སྨན། །བསྣན་འདིས་མཆིན་པ་སྣད་འགྲམས་མཆིན་ཁྲག་རྒྱས། །མཆིན་ཚད་བད་ཀན་སྨུག་པོ་རྒྱས་པ་སོགས། །ཁྲག་འཁྲུགས་ཁྲག་ནད་མཚོ་བས་ལྟར་འཕྱུར་བ། །ཐམས་ཅད་ཞི་བྱེད་འཇམ་པས་ནད་མི་དཀྲུགས། །གཏར་དགོས་ནད་ལ་གཏར་ཁའི་གོ་ཆོད་འགྱུར། །འདི་སྟེང་ཞུ་མཁན་ཚོས་བཙོད་སླེ་ཏྲེས་དང་། །ཀནྜ་ཀ་རི་པྲི་ཡང་ཀུ་དང་ནི། །སྲོ་ལོ་དམར་པོ་དང་བཅས་ཉི་ཤུ་བདུན། །ཁྲག་མཁྲིས་འཁྲུགས་དང་ཁྲག་ནད་རོལ་ཏུ་ལྷག །སྟོད་འབམ་གློ་རྡོལ་སྨུག་པོའི་ཚ་བ་སོགས། །མདོར་ན་ཁྲག་ལ་བརྟེན་པའི་ནད་རིགས་ལ། །སླེབ་ཆོག་བདུད་རྩི་མངོན་སུམ་འདི་ལྡན་ན། །ཁྲག་ཅེས་གདུག་པའི་ནད་རྣམས་ཤིན་ཏུ་སླ། །དེ་སྟེང་ཨ་རུ་བ་རུ་ཨ་ག་རུ། །ལི་ཤི་བསྣན་ན་ཤིན་ཏུ་འཇམ་ཞིང་འཕྲོད། །ཉེས་པ་གསུམ་ཀ་གང་ཡང་སེལ་བར་བྱེད། །དགེ་བྱེད་ནག་ཟླ་རུ་དམ་ཆོས་གླིང་གི། །གཟིམ་ཆུང་ཉི་འོད་འཁྱིལ་དུ་དྷཱིས་སྤེལ་དགེ ༈ །འབྲས་གསུམ་བསིལ་གསུམ་བྲག་ཞུན་ཨ་ག་རུ། །མ་ནུ་ག་བྲ་སླེ་ཏྲེས་སྒ་སྐྱ་དང་། །རེ་རལ་གསེར་མེ་སྐྱེར་ཤུན་བ་ཤ་ཀ །ཏིཀྟ་ཀྱི་ལྕེ་འབྲི་རྟས་
འཛིན་དང་། །ཤིང་མངར་ལྕམ་པ་ཚོས་བཙོད་ཞུ་མཁན་དང་། །སེ་རྒོད་ཕག་ཁྲག་ལྕུམ་རྩ་སྤ་འབྲུར་བཅས། །སྡུད་ཐང་ཉེར་ལྔ་ནོར་བུའི་ཞགས་པ་འདིས། །དུག་དང་ཚ་བ་ཁྲག་མཁྲིས་སྨུག་པོ་འབམ། །ལ་སོགས་ནད་ཀྱི་རིགས་སུ་གྱུར་ཏོ་ཅོག །སྟོད་སྨད་དོན་སྣོད་ཕྱི་ནང་རྩ་ཡན་ལག །གང་དུ་བྱེར་ཀྱང་ངེས་པར་སྡུད་པར་བྱེད། །འདི་ཡི་ཕན་ཡོན་ལག་ཏུ་བླང་བས་གསལ། །སྡུད་སྨན་ཀུན་གྱི་རྒྱལ་པོ་ཟླ་མེད་འདི། །རིག་འཛིན་བྱིན་རླབས་མཐུར་བརྟེན་དྷཱི་ཡིས་སྤེལ། །རབ་ཚེས་ལྕགས་ཡོས་ཟླ་བཞིའི་ཚེས་ཉེར་གཉིས་ལའོ། །གི་ཝཾ་ཨ་གར་འབྲས་གསུམ་ཙན་དན་གཉིས། །ཅུ་གུར་ཨུཏྤལ་གསེར་མེ་བ་ལེ་ཀ །མ་ནུ་འུ་སུ་བྲག་ཞུན་པྲི་ཡང་ཀུ། །ཏི་རེ་སྐོན་ཀནྜ་ཀ་རི་དང་། །སླེ་ཏྲེས་རུ་རྟ་སྤོས་དཀར་སྙིང་ཞོ་ཤ །ཚེར་སྔོན་བ་ཤ་ཀ་དང་ཀ་ར་སྦྱར། །གླང་ཆེན་མེ་ཏོག་ཉེར་ལྔ་ཞེས་གྲགས་པ། །སྟོད་ནད་སྨད་དུ་འབེབས་པའི་དམ་པ་སྟེ། །འབམ་གྱི་རིགས་ལ་ཐེངས་ཆོག་བདུད་རྩི་ཡིན། །གྲང་ཤས་ཆེ་ན་ཛཱ་ཏི་ལི་ཤི་བསྣན། །གཉན་ཤས་ཆེ་ན་གླ་རྩི་གུ་གུལ་དང་། །སྟག་ཤ་ཤ་ཆེན་བཞི་བསྣན་མཆོག་ཏུ་ཟབ། །སྟོད་འཚང་གློ་བུར་གྱེན་བརྒལ་ཀོ་བྱི་བསྣན། །འདི་ནི་ཆེས་ཟབ་དྷཱི་ཡི་བློ་ལས་བྱུང་། །འདི་དང་སྡུད་སྨན་སྤེལ་བས་འབམ་འབེབས་ངེས། །འབམ་ཁྲག་ཚད་རྒྱས་ནས་ཚ་བ་མེ་ལྟར་འབར་དུས་གཙོ་བརྒྱད་སྟེང་བྲག་ཞུན་སྐྱུ་རུ་ཙན་དན་དམར་པོ་རུ་རྟ་བསྣན་ལ་བཏང་། གི་ཝཾ་བུང་ཆེར་བྱ། དེ་སྟེང་ཀོ་བྱི་སྤུ་ཅན་དང་ཨར་ནག་ཅི་མང་
བསྐྱེད་ལ་འབུང་། །འདི་དྷཱི་ཡི་ལུགས་སོ། །ལར་ནད་སྒང་དུ་ཕབ་པའི་གཙོ་བོ། ཨ་གར་རིགས་གསུམ། རུ་རྟ་སྤོས་དཀར། ཚེར་སྔོན་ཀོ་བྱི་རྣམས་ཡིན། སྟག་ཤའང་བཟང་འདྲ། ༈ །གུར་གུམ་བྲག་ཞུན་རྒྱ་ཚྭ་གསེར་བྱེ་དང་། །སྡིག་སྲིན་ཆུ་སེར་སྨན་གསུམ་རྡོ་དྲེག་དམར། །རྡོ་རྒྱུས་སྤང་སྤོས་གཟེ་མ་བྲེ་ག་པ། །ཏིལ་དཀར་ཏིལ་ནག་ཟི་ར་དཀར་ནག་དང་། །ཤིང་མངར་ས་འཛིན་ཧ་ཤིག་སེང་ལྡེང་དང་། །ལི་ཤི་ཨ་རུ་ར་རྣམས་ཁོང་དུ་བཏང་། །ཕྱི་ནས་བདུད་རྩི་ལྔ་ནི་གཙོར་བྱས་ལ། །འབྲུ་སྣ་མེ་ཏོག་སྣ་ཚོགས་ཆུ་སྲིན་སྡེར། །གཟེ་ལྕམ་རྡོ་དྲེག་སྤང་སྤོས་གླ་རིལ་དང་། །ཆང་གིས་ཉེའུ་བཅས་པས་ལུམ་བྱས་པས། །ལུས་ཀྱི་ཕྱི་ནང་རྩ་སྐྱོན་མཐའ་དག་སེལ། །གཞན་ཡང་ཤ་རུས་སོགས་ཀྱི་ནད་ཀུན་འདོན། །ཚད་ལྡན་གཞུང་གི་དགོངས་པ་དྷཱིས་བཏུས་པའོ། ༈ །ཨ་གར་འབྲས་གསུམ་ཛཱ་ཏི་སྙིང་ཞོ་ཤ །ལི་ཤི་རུ་རྟ་བདེ་བྱེད་བརྒྱད་པ་ཞེས། །རྟེན་སྙིང་འབུམ་གྱིས་བསྔགས་ལ་རྒྱུན་དུ་བཟའ། །རླུང་ལྔ་ནད་དུ་གྱུ ར་ཚ ད་འ དིས་སེལ་ཞིང་། །འདུ་བ་ལེགས་སྙོམ་ཤིན་ཏུ་ཡིད་བདེར་འགྱུར། །རླུང་འཁྲུགས་གསོ་དཀའ་ངོས་མ་ཟིན་ཀུན་སེལ། །མེ་བྱ་ཟླ་བ་གསུམ་པའི་ཚེས་བརྒྱད་མ ནར་བཞིན་དྷཱིས་བྲིས་དགེ ༈ །ཨ་གར་ལི་ཤི་རུ་རྟ་ཨ་རུ་ར། །བྱི་ཏང་མ་རུ་གུར་གུམ་སྙིང་ཞོ་ཤ །སྐྱུ་རུ་སྦྱར་བས་སྙིང་སྲིན་སྙིང་གི་ནད། །ཁ་ལེ་ནག་པོ་ལ་སོགས་སེལ་བར་བྱེད། །སྙིང་གི་ཚ་སྲིན་མེ་འབར་འདི་ཡིས་ཐུབ། །གྲང་བའི་སྲིན་ལ་འདི་སྟེང་ཛཱ་ཏི་དང་། །ཤིང་ཀུན་བསྣན་བཏང་འཁྱུག་ཅིང་རྒྱུག་པ་ལ། །ཀོ་བྱི་ལ་དང་ལང་ཐང་ཙེ་ཡང་བསྣན། །
གང་འཕྲོད་ཉམས་དང་ལྡན་པར་བསྟེན་པས་འགྲུབ། །དྷཱིས་སོ། ༈ །ཙན་དན་དཀར་དམར་གུར་གུམ་ཧོང་ལེན་དང་། །བ་ཤ་ཀ་དང་ཀོ་བྱི་རུ་རྟ་དང་། །སྤོས་དཀར་ཨ་ག་རུ་དང་ཨ་རུ་ར། །བྱི་ཏང་མ་རུ་ཏིགྟ་བཅུ་གསུམ་སྦྱར། །ཡ་མ་ནག་པོ་རླུང་ཁྲག་སྟོད་རྒྱས་སེལ། །ཐུབ་བསྟན་རྡོ་རྗེའི་བྲག་ཏུ་དྷཱིས་སྦྱར་དགེ། །བསིལ་གསུམ་རྒུན་འབྲུམ་ཤིང་མངར་གླ་སྒང་དང་། །སྤང་རྒྱན་སྲོ་ལོ་དཀར་པོ་ཀ་ར་སྦྱར། །ལུད་པ་སྐད་འགག་གྲེ་བ་ཚ་བ་སེལ། །གྲེ་ཚད་ཆེ་ན་ཙན་དན་དཀར་པོ་དང་། །ཚར་བོང་བསྣན་བྱ་སྨན་འདིས་སྐད་ཀྱང་བདེ། །ཡང་ན་ཅུ་གུར་ལི་ཤི་ཙན་དཀར་བསིལ་བཞི་དང་། །ཤིང་མངར་ཀར་ར་ལུག་མུར་རྒུན་འབྲུམ་མངར་བཞི་སྤང་རྒྱན་དང་། །སྲོ་ལོ་ཚར་བོང་གླ་སྒང་ལྡུམ་བཞི་སྟེ། །བཅུ་གཉིས་པ་འདིས་གྲེ་ཚད་ལུད་པའི་ནད། །ཀུན་སེལ་མི་ཕམ་རྣམ་པར་རྒྱལ་བས་སོ། ༈ །སྙིང་ནད་གསོ་དཀའི་སྨན་མཆོག་ཁྱད་པར་ཅན། །བཙན་དུག་བཟང་པོ་འབྲི་ཚིལ་མ། །མྱོས་བྱེད་ཉིང་ཁུའི་ནང་དུ་སྦང་། །བཞིའམ་དྲུག་འགྱུར་ཨ་རུའི་ཤ །ལྷན་གཅིག་འདྲེས་ངེས་འདམ་འཐག་བྱ། །ཨ་གར་ཛཱ་ཏི་ལི་ཤི་དང་། །སྙིང་ཞོ་སུག་སྨེལ་གོ་ཡུ་དང་། །ཤུ་དག་གླ་རྩི་རུ་རྟ་རྩ་བའི་སྨན། །འདི་ཡིས་སྙིང་ནད་དྲུངས་ནས་འབྱིན། །དེ་སྟེང་ང་ལ་ཤིང་ཀུན་དང་། །ཁ་རུ་ཚ་དང་ཤ་ཆེན་དང་། །སྒ་སྐྱ་བསྣན་ན་ལྷག་པར་འཕྲོད། །སྲིན་ལ་བྱི་ཏང་མ་རུ་ཙེ། །ཁྲག་མཁྲིས་ཚ་བར་སྐྱུ་རུ་ར། །ཙན་དན་དམར་པོ་བྲག་ཞུན་དང་། །གུར་གུམ་བསྣན་ལ་བཏང་བར་བྱ། །ཤིན་ཏུ་ཟབ་པོ་དྷཱིས་སྤེལ་
དགེ ། ༈ ལྷན་སྐྱེས་སྲིན་བུ་གདོན་ཤུགས་ཅན། །སྟོད་སྨད་གར་རྒྱུ་ཟུག་ཆེ་ལ། །ཤུག་པ་ཚེར་ཅན་གདུས་ཁུ་ནི། །ཕོར་གང་ལ་སོགས་འཐུང་བས་ཕན། །རྒྱུན་དུ་བརྟེན་ཀྱང་མི་གནོད་འཇམ། །ཤུག་འབྲུའི་ཁུ་བ་བཏང་བ་ན། །སེམས་ཀྱི་རྩལ་ཤུགས་སྐྱེ་བ་དང་། །སྲིན་སེལ་བཅུད་ལེན་འགྱུར་བར་གསུངས། །ཚབས་ཆེར་ཤུག་ཁུ་ཕོར་གང་དུ། །གུ་གུལ་ཤུ་དག་ཐུན་ཆེན་བཏབ། །གླ་རྩི་སྟག་ཤའང་བལྟ་ཞིང་བཏབ། །གཉན་འཇོམས་སྔགས་བཏབ་བཏུང་བས་ཕན། །ཡུན་དུ་བསྟེན་ན་ནད་གཞི་ཞི། །འདི་ནི་སྲིན་བུས་རང་མནར་དུས། །ཉམས་མྱོང་ལ་བརྟེན་དྷཱིས་སྤེལ་དགེ ༈ །བདུད་རྩི་བརྒྱད་སྦྱོར་བཞུགས། །ཅོང་ཞི་ཆུ་རུག་ཤང་དྲིལ་སྨུག་པོ་དང་། །བྲག་ཞུན་ཆུ་མ་རྩི་དང་སྐྱུ་རུ་ར། །སྤྱི་བཞུར་གུར་གུམ་བརྒྱད་པོ་སྦྱར་བ་ཡིས། །ས་ཆུ་ངན་པ་ལུས་ལ་མི་འཕྲོད་པའི། །ནད་རིགས་ཀུན་སེལ་སྨན་མཆོག་ཕུལ་བྱུང་ངོ་། །ཁྱད་པར་ཁྲག་མཁྲིས་ཅན་ལ་ཤིན་ཏུ་འཕྲོད། །རྒྱུན་དུ་བརྟེན་ན་ཆུ་ནད་འབྱུང་མི་སྲིད། །དེ་སྟེང་གྲང་ཤས་ཆེན་ད་ལིས་དང་། །སེ་འབྲུ་སྦྲུལ་དཀར་ཤ་བཅས་གདུས་ཐང་བཏང་། །དུག་བག་ལྡན་ལ་དཔའ་བོ་དཀར་སེར་དང་། །རེ་རལ་བསྣན་བཏང་ཆུ་དང་འབམ་མངོན་ན། །ག་དུར་ལྕམ་པ་བྱེའུ་སྲད་བསྣན་ལ་གཏོང་། །དེ་སོགས་རིགས་མདའ་སྦྱར་ན་ནད་པ་དང་། །ནད་མེད་འགྲོ་བ་མང་ལ་ཕན་ཐོགས་འགྱུར། །འདིའི་སྔོ་སྨན་རྣམས་ལོ་དུས་མ་རྙིང་པར་གསར་བརྗེ་དགོས་སོ། །གཡང་འཁྱིལ་ཆོས་གྲྭར་མེ་ཁྱི་ཟླ་བ་དྲུག་པའི་ཚེས་བརྒྱད་ལ་མི་ཕམ་པས་བཀོད་པ་དགེ་ལེགས་འཕེལ། །
༈ །སྨན་རྒྱལ། ཨ་རུའི་མཆུ་ནི་ཁོ་ན་གཙོ་བོར་བྱ། །ཟླ་བ་བསིལ་བའི་བདུད་རྩི་གཡའ་ཀྱི་དང་། །ལྕུམ་རྩ་རེ་སྐོན་ཆུ་མ་རྩི་དང་ལྔ། །ཞི་སྦྱོང་བདུད་རྩི་ལྔ་པ་ཞེས་བྱ་སྟེ། །ཁྲག་མཁྲིས་ཚ་བ་མ་ལུས་ཞི་བར་བྱེད། །ཞི་བྱེད་གཞན་གྱིས་མི་སེལ་འདི་ཡིས་སྦྱོང་། །སྦྱོང་བྱེད་གཞན་དང་མི་འདྲ་རྣོ་ལ་འཇམ། །བར་སྣང་ཁམས་ནས་ཆུ་རྒྱུན་གཏིག་པ་ལྟར། །མྱུར་དུ་ཚད་པའི་ནད་རྣམས་ཐུར་དུ་སྦྱོང་། །གྱེན་བརྒལ་ནད་དཀྲུག་ཡིད་ག་སྡར་བ་སོགས། །དོགས་པ་ཙམ་ཡང་མེད་པས་འཇམ་པ་ཡིན། །ཨེ་མ་ངོ་མཚར་གནད་ཀྱི་མན་ངག་འདི། །རང་ལུས་འདུ་བ་འཁྲུགས་པའི་དུས་ཀྱི་ཚེ། །རིག་རྩལ་ཤེས་རབ་ལས་བྱུང་དེ་མ་ཐག །འདི་འབྲས་བདུད་རྩི་འཐུང་བ་བཞིན་དུ་ནི། །མངོན་གྱུར་སྲོག་འཚོའི་དཔལ་ནི་རབ་ཏུ་བྱིན། །འདི་ནི་བདུད་རྩི་མངོན་སུམ་ཉིད་འདྲ་ཞིང་། །ཁྲག་མཁྲིས་གཙོར་གྱུར་ནད་ཀུན་ཞི་སྦྱོང་ཉིད། །ཤིན་ཏུ་གཅེས་པ་ཟབ་པའི་གདམས་པ་ཡིན། །འདི་སྟེང་ཆུ་རྩ་བསྣན་པས་དྲུག་པའམ། །འབུ་སྐྱོག་བསྣན་ཏེ་བདུན་པའང་སྐབས་སུ་ཤིས། །མི་ཕམ་བློ་གྲོས་དྲི་མེད་ཁྱད་ཆོས་དགེ །༈ ཨ་རུ་ལྕུམ་རྩ་བུལ་ཏོག་ཅོང་ཞི་སྐག །རུ་རྟ་ཨུག་ཆོས་སྟར་བུ་འགག་སེལ་བརྒྱད། །དྲི་མ་འགག་དང་ཐུར་སེལ་གྱེན་དུ་ལོག །བུ་དང་ཤ་མ་འཐོག་པ་ལ་སོགས་པའི། །སྨད་འགག་ཚ་གྲང་མེད་སེལ་ལུས་བདེ་སྟེར། །དེ་སྟེང་སྦྲུལ་ཤ་དུང་ཐལ་རྡོ་བ་ནུ། །བསྣན་ཏེ་ཆང་སྦྱར་དགོང་དུས་བཏང་ཡང་ཟབ། །གྲང་ན་ལྒ་སྐྱ་མཁྲིས་པ་ཏིསྟ་དང་། །རླུང་ལ་ལི་ཤི་
སུག་སྨེལ་ཁ་རུ་ཚྭ། །འདུས་པར་གཉེན་པོ་གསུམ་དང་རེ་སྐོན་བཅས། །བཏང་བས་ཕན་པ་མཆོག་གི་བདེ་སྟེར་བ། །མི་ཕམ་རྣམ་པར་རྒྱལ་བས་སྦྱར་བ་དགེ ༈ །ཨ་ག་རུ་དང་སྙིང་ཞོ་རུ་རྟ་དང་། །ཨ་རུ་སྐྱུ་རུ་གུར་གུམ་ཤ་ཆེན་བཅས། །སྟོད་དུ་རླུང་འཁྱིམ་སེལ་བ་རྣམ་བདུན་ཡིན། །འགག་སེལ་འཁྱིམ་སེལ་གཅིག་སྦྱར་སྨན་བཅུ་གསུམ། །ཁོང་པར་མི་བདེ་སྨན་གཞན་མི་ཕན་པའི། །ནད་རིགས་དུ་མ་ཐབས་འདིས་བདེ་བར་གསོ། །འདི་ཡང་མི་ཕམ་རྣམ་རྒྱལ་ཁྱད་ཆོས་སོ། ༈ །གུར་གུམ་གི་ཝཾ་ཨར་ནག་སིནྡྷུ་ར། །ཨ་རུ་སྐྱུ་རུ་བོང་དམར་ཙན་དན་དཀར། །རུ་རྟ་ཅུ་གང་ས་འཛིན་སྤང་སྤོས་དང་། །བྲག་ཞུན་སྤང་རྒྱན་སྦྱར་བ་བཅུ་གསུམ་པ། །ལྷ་མོ་གུར་གུམ་གཞོན་ནུ་ཞེས་བྱ་འདིས། །དུག་དང་ཚ་བ་རྩ་ལ་བབ་པ་སོགས། །བཅོས་རྡུག་རྩ་ཚད་ཟུག་རྔུ་གཙོར་གྱུར་པའི། །ནད་རིགས་ཕལ་ལ་སླེབ་པས་ཆོག་པ་ཉིད། །འདི་ཡང་མི་ཕམ་རྣམ་པར་རྒྱལ་བས་སྦྱར། །དགེ་བས་འགྲོ་ཀུན་ནད་མེད་བདེ་ཐོབ་ཤོག །༈ གངས་ཏིག་སྦལ་རྒྱབ་མདུང་རྩེ་ཅོང་ཞི་དང་། །ཁབ་ལེན་རྡོ་རྒྱུས་ཧ་ཤིག་ཕ་ཝང་ལོང་། །མུ་ཏིག་བྱེ་རུ་མཚལ་དཀར་སྲད་དཀར་དང་། །བོང་དཀར་ཙན་དན་དཀར་དམར་རྩྭ་ཨ་བ། །ཨ་རུ་འོམ་ལོ་ས་ཅུང་ཟད་བྱ། འཛིན་སིནྡྷུ་ར། །བཟང་དྲུག་ཨུཏྤལ་ན་ག་གེ་སར་དང་། །སྟར་བུ་གི་ཝཾ་གངས་ཐིག་སུམ་ཅུ་པས། །དབྱིག་དུག་ལ་སོགས་དུག་གི་རིགས་རྣམས་དང་། །ཚད་པ་རྩ་དཀར་ལ་སོགས་ནད་ཀྱི་རིགས། །ནང་རྩར་བབ་པའི་གཉེན་པོ་ཟླ་མེད་འདི། །
ཡུན་དུ་བསྟེན་པས་ནང་དུ་ཞེན་པའི་ནད། །རྐང་དང་རྩ་ཡི་གཏིང་ནས་ཕྱི་རུ་འདེད། །གཏིང་ཚད་དུག་ཚད་འགྲམ་ཚད་ཚད་རྙིང་འདོན། །ཕྱི་ལུས་སྐམ་ཁོལ་ཚ་ཚག་བེམས་སོགས་བྱུང་། །བདུད་རྩི་ལྔ་ལུམ་གྲུབ་ནའང་ལེགས། ཐོན་པའི་རྟགས་ཡིན་དྲི་ཆུས་ཡང་ཡང་བཀྲུ། །སྨན་གྱིས་ཡུན་དེད་ནད་ཀུན་གཏིང་ནས་འབྱིན། །མགོ་སྐྱོན་སྙིང་བབ་སྨྱོ་བརྗེད་གདོན་རྨི་འཁྲུགས། །དུག་དང་ཚ་བ་ནང་རྩར་བབ་པ་སོགས། །གསོ་དཀའི་ནད་རིགས་མ་ལུས་འདི་ཡིས་སེལ། །འདི་ཡི་ཡོན་ཏན་བརྗོད་པས་རྫོགས་མི་ནུས། །ཕན་ཡོན་ལག་ཏུ་བླང་བས་གསལ་བར་འགྱུར། །སྨན་རྒྱལ་གུ་ཎའི་མན་ངག་ལ་བརྟེན་ནས། །མི་ཕམ་པས་སྤེལ་འགྲོ་ཀུན་དཔལ་དུ་ཤོག ༈ །ཏིགྟ་གི་ཝཾ་དོམ་མཁྲིས་གསེར་མེ་དང་། །དུག་ཉུང་སྐྱེར་ཤུན་རྩ་མཁྲིས་གཡའ་ཀྱི་མ། །གུར་གུམ་སྐྱུ་རུ་ཧོང་ལེན་བ་ཤ་ཀ །གུ་གུལ་ཤུ་དག་ཕག་བྲུན་ཐལ་བ་དང་། །རུ་རྟ་བྱི་ཏང་ཀ་དང་མ་རུ་ཙེ། །ཏིག་ཏ་སྟོབས་ཆེན་བཅོ་བརྒྱད་ཅེས་བྱ་བས། །མཁྲིས་སྲིན་གདོན་བསྐྱེད་རྩ་ནང་ཀུན་ཏུ་རྒྱུ། །མེ་ལྟར་ཚ་འབར་ཟུག་རྔུ་དྲག་པོ་ཅན། །གསོད་པའི་གཉེན་པོ་འདི་མིན་གཞན་དུ་དཀའ། །གཞན་ཡང་རིམས་ངན་མཁྲིས་པ་རྩར་རྒྱུག་དང་། །གཉན་ནད་རྩར་བྱེད་མཁྲིས་ལྡན་མ་ངེས་ནད། །ཀྵ་ཡ་ལ་སོགས་མཁྲིས་པའི་ནད་རིགས་ལ། །ཐེངས་པས་ཆོག་པ་མི་ཕམ་རྣམ་རྒྱལ་གྱིས། །ཤིང་སྦྲུལ་ཟླ་བ་དགུ་པའི་ཚེས་བཅུ་གསུམ་ལ་ཁྲ་འགུའི་རི་ཁྲོད་དུའོ། །རྒྱ་ཏིག་དང་སུམ་ཅུ་ཏིག་ཕྱེད་མར་བྱས་པ་ཐུན་ལོག་གཙོ་བོ་བྱ།
གཉེན་གཟེར་ལ་ཕུར་མོང་ནག་པོ། རིམས་ལ་སྤང་རྩི། ཚད་པར་ཙན་དན་དཀར་པོ། ཁྲག་ལ་ཙན་དན་དམར་པོ། སྲོག་རྩའི་ནད་ལ་སྒོག་ཐལ་བསྣན་ཟབ་བོ། །སྲིན་ཞད་མེད་ན་བྱི་ཏང་ཨ་རུ་དང་། །གུ་གུལ་ཤུ་དང་བཞི་ཕྲི་ནས། ཨ་རུ་བྲག་ཞུན་ཁུར་མང་བོང་དཀར་བསྣན་པས་ཤ་སེར་མིག་སེར་ཀྵ་ཡ་ནག་པོ་ལ་སོགས་མཁྲིས་པའི་ནད་ཡིན་ནོ་ཅོག་སེལ་ལོ། །ཧོང་ལེན་བ་ཤ་ཀ་དང་རུ་རྟ་དང་། །ཨ་གར་ཙན་དན་དམར་པོ་སྤོས་དཀར་སྦྱར། །ཧོང་ལེན་དྲུག་པས་ཁྲག་ཚད་རོལ་ཏུ་གསོད། །ཁྲག་ངན་སྟོད་དུ་འཕྱུར་དང་ལུས་ལ་གྲམ། །མིག་དམར་མགོ་ལྕི་ལུས་ཚ་རྨ་ཤུ་སོགས། །ཁྲག་ལས་བྱུང་བའི་ནད་རིགས་མང་པོ་སེལ། །མེ་རྟ་ཟླ་བ་བཅུ་གཉིས་པའི་ཚེས་དགུ་ལ་མི་ཕམ་པ་ཡིས་བཀོད། ༈ །ཅོང་ཞི་བྲག་ཞུན་ཨ་རུས་འདུ་བ་སྙོམས། །སེ་འབྲུ་སུག་སྨེལ་སྒ་སྐྱ་པི་པི་ལིང་། །ཕོ་བ་རིས་ལྔས་བད་ཀན་གྲང་བ་འཇོམས། །གསེར་མེ་དུག་ཉུང་ཏི་གྟས་མཁྲིས་པ་སེལ། །མ་ནུ་འུ་སུ་སྟར་བུ་བསེ་ཡབ་བཞིས། །བད་ཀན་སྨུག་པོའི་ཉེས་པ་རབ་ཏུ་ཞི། །རྒྱམ་ཚྭ་ཁ་རུ་ཚྭ་དང་བུལ་ཏོག་གསུམ། །ཅུང་ཟད་ཁ་བླང་མ་ཞུ་བེ་སྣབས་གཅོད། །གུར་གུམ་སྐྱུ་རུ་ཨུཏྤལ་བ་ཤ་ཀ །རུ་རྟ་པྲི་ཡངྐུ་ཡིས་མཆིན་ནད་ཞི། །དེ་སྟེང་རླུང་ཤས་ཆེ་ན་ཛཱ་ཏིའམ། །ཡང་ན་ད་ལིའམ་ཅོང་ཞི་རྒོད་བཏུལ་བསྣན། །ཅོང་ཞི་ཉེར་ལྔ་བད་ཀན་ནད་ལ་བསྔགས། །གྲང་ཤས་ཆེ་ན་སེ་འབྲུའི་སྡེ་ཚན་བསྐྱེད། །མཁྲིས་ཤས་ཆེ་ན་གསེར་མེའི་སྡེ་ཚན་བསྐྱེད། །ཁྲག་ཤས་ཆེ་ན་གུར་གུམ་ལ་སོགས་བསྐྱེད། །མ་ཞུ་བེ་སྣབས་མང་ན་རྒྱམ་ཚྭ་སོགས། །གསུམ་པོའི་སྟེང་དུ་ད་ལི་ནུས་བསྲེག་དང་། །ཅོང་ཞིའམ་རྡོ་ཐལ་བསྲེག་པ་ལྔ་བུང་བསྐྱེད། །སྦྱོར་བ་
འདི་ཡིས་སྤར་འཕྲིའི་ལག་ལེན་གནད། །ནད་དང་བསྟུན་ལ་ལེགས་པར་སྦྱར་ཤེས་ན། །བད་ཀན་སྐྱ་སྨུག་གྲང་མཁྲིས་བད་ལྡན་དང་། །བད་ཀན་མིད་འཆུས་ལ་སོགས་བད་ཀན་རིགས། །ཕོ་མཆིན་གཅོང་ནད་ཟུག་རྔུ་གཏིང་ཞེན་སོགས། །ནད་རིགས་བརྒྱ་ཕྲག་ཉི་མས་བ་མོ་བཞིན། །འཇོམས་པར་ངེས་སོ་ཨ་ཛི་ཏ་ཡིས་སྤེལ། །རབ་ཚེས་ལྕགས་ཕག་ཟླ་བ་གཅིག་པའི་ཚེས་བཅུ་དགུ་ལའོ་དགེ། ༈ །སྟོད་ལུགས་ཅོང་ཞི་ཉེར་ལྔ། སེ་འབྲུ་ཉེར་ལྔ་སོགས་སྦྱོར་སྡེ་མང་པོའི་བཅུད་འདུས་ཉི་མའི་ཐིག་ལེ་ཞེས་བྱའོ། །སྐྱུ་རུ་ག་དུར་པྲི་ཡངྐུ། །སྔོ་སྤྱི་བཞུར་ལྕམ་པ་འུ་སུ། །ཆུ་མ་རྩི་བཅས་སྐྱུ་རུ་བདུན། །ཚ་གྲང་དམུ་ཆུའི་ནད་ཀུན་སེལ། །འདི་ལ་གསང་སྨན་བསྣན་པ་ཡིས། །འཆི་བདག་དམུ་ཆུའི་ནད་ལས་རྒྱལ། །མི་ཕམ་རྣམ་པར་རྒྱལ་བས་བཀོད། །ལྕགས་ཕག་ཟླ་བ་བརྒྱད་པའི་ཚེས་གཉིས་ལའོ་དགེ། རྒྱ་བོད་ཏི། དུག་ཉུང་གསེར་མེ། དོམ་མཁྲིས་ཅུ་གུར། ཙན་དན་དཀར་པོ། གཡའ་ཀྱི། བ་ཤ་ཀ །རྩ་མཁྲིས་རྣམས་ཚ་མཁྲིས་ཀྱི་སྨན་གཙོ་བོ་ཡིན་དགེ ༈ །མཛེ་བཤལ་ལ་ཀླུ་བདུད་རྡོ་རྗེ་གྲིབ་བསྐམས་ཕྱེ་མ་སྤར་གང་ནང་། བྱང་ནག་གཅིག མཚལ་ཞོ་གཅིག ཐར་ནུ་མཐེབ་ཚིགས་ཙམ། དུར་བྱིད་དེའི་ཕྱེད། རྒྱ་ཚྭ་དེའི་ཕྱེད། གསེར་བྱེ་ཐུན་ཕྱེད། སྡིག་སྲིན་ཐུན་ཕྱེད། སུག་སྨེལ་ཐུན་གཅིག ཟབ་ལག་ཅན་ཐུན་གཅིག །དོམ་མཁྲིས་ཐུན་གཅིག །ཀ་ར་རྡོག་པོ་གཅིག །གླ་རྩི་ཐུན་གཅིག །བླ་མ་བྱིན་རླབས་ཅན་གྱི་བདུད་རྩི་ཞད་ཙམ། གུ་གུལ་ཐུན་
གཅིག་དེ་རྣམས་ཞིབ་བཏགས་ཕྱེ་མ་ཁྱིམ་བུ་དོ་ཆུ་བྲེ་གང་ནང་བཏབ་སྟེ་གདུས་པ་གཡེར་ལྕམ་ཐང་གིས་རྩ་ཁ་ཕྱེ་ལ་ཐོ་རེངས་བཏང་། དེའི་སྨན་ཆུ་ནི་འབབ་ཆུ་ལ་བྱའོ། །ན་ཆེས་སྒྲམ་ན་བྱང་བ་བདུན་བསྣན། བསྐུ་མཉེ་བྱ། ཁྲག་ཏུ་བྱུང་ན་འཕྲོ་གཅོད། ན་ཆེས་ན་ཤིང་ཀུན་ཅུ་གང་ཤིང་མངར་ཐང་བཏང་། ཆུ་སྔོ་སིང་བྱུང་བ་དང་འཕྲོ་བཅད། རྗེས་མར་དཀར་བཏབ་པའི་སྐྱོ་ཚས་བཅད། གཞན་ལ་གཏོང་ན་རང་ཕག་མོ་ཀླུ་འདུལ་དུ་བསྒོམ། སྔགས་ཁྲི་གཅིག་རྫས་ལ་བཏབ་སྟེ་མགུལ་དུ་བཅིངས། བཤལ་སྨན་ལས་ཧུབ་གཅིག་འཐུང་ནས་གང་ཡིན་ལ་གཏོང་། དེས་རང་ལ་མི་འགོ་ཀླུ་ནད་ཀུན་གྱི་གཤེད་མ། རྩི་སྦྱོར་བཤལ་གྱི་མན་ངག །མཁའ་འགྲོ་མས་ཨུ་རྒྱན་པདྨ་ལ་གནང་བ་ཟབ་བོ་ཨི་ཐི་རྒྱ། ཁྲོས་ནག་གི་གཞུང་ལས་སོ། །མཛེ་སྨན་ལ་རྒྱལ་པོ་ཀླུ་བདུད་རྡོ་རྗེ་རྩ་ལོ་མེ་འབྲས་བཅས་གྲིབ་བསྐམས་ཕྱེ་མ་བྲེ་གང་ལ་ཨ་རུ་ར་དེ་ཙམ་ཞིག །བྷ་ལ་དུག་བཙའ། ཧ་ཕུལ་གང་། གླ་རྩི་གི་ཝཾ་ཁྱོར་བ་རེ་བློན་པོ་བཞི། རྨ་བྱའི་ཤས་ཤ་ནད་གསོ། རུས་སྦལ་ཁོག་པས་རུས་ནད་འདེད། ཤ་བའི་སྙིང་ཁྲག་ཤ་ནད་གསོ། སྦྲུལ་ཤས་ཆུ་ཡི་ནད་གསོ་སྟེ་བཙུན་མོ་བཞི་ཕྱོགས་གཅིག་སྦྱར་བ་ཁྱོར་གང་ཙམ་རེ་སྟེ་དེ་ཀུན་ཞིབ་བཏགས་ནུས་ལྡན་ཆུས་སྦྲུ། ཡང་ན་ལོ་བརྒྱད་དྲི་ཆུས་སོ། །རིལ་བུ་སྲན་ཚད་ཙམ་ཞག་རེ་ལ་རེ་རེ་སྟེ་ཟླ་རེར་སུམ་ཅུ་བསྟེན། ཟླ་བ་གསུམ་གྱིས་ནད་རྣམས་སོས། །ཚབས་ཆེ་ན་སྨན་གཞུག་བསྲིང་བས་ཟླ་བ་དྲུག་གིས་འཚོ། ཕྱི་རུ་ཤ་རོ་ཤུ་བ་སོགས་ཐམས་ཅད་ལ། ལང་ཐང་ཙེ།
བོང་ནག །སྦྱང་དུག །བྱ་རྒོད་སྤོས། སྤྲུ་བའི་མེ་ཏོག གླ་རྩི་རྣམས་ཞིབ་བཏགས་ཕག་ཚིལ་ཞུན་ཆེན་སོགས་སྦྱར་ཏེ་བྱུགས་ལ་ཉི་མར་བསྲེགས། སྐབས་སུ་དུ་བ་སྣར་བདུག འདི་བས་ཟབ་པ་འཇིག་རྟེན་འདིར་མི་འགྱུར། །གསེར་སྲང་རེའི་བཀའ་རྒྱ་ཡོད། །གཅིག་ཐུབ་རྡོ་རྗེ་ཕ་ལམ་མ། །ཞེས་པ་རཏྣ་གླིང་པའི་གཏེར་མ་ལགས་སོ། ༈ །དུག་སྲུང་ལ། ཨ་རུ་གསེར་མདོག་དབྱིག་དུག་སེལ། ཞོ་དོ་ཞིབ་བཏགས་ལྕགས་སྣོད་དུ་ཤིང་མངར་ཁུ་བར་སྦྱར་ལ་ནག་ཏིང་ངེར་སོང་བ་ལ། ལྡུམ་བུ་རེ་རལ་ཞོ་གང་བསྐམ་ཞིང་ཆར་མར་ཆིག་ཐུབ་ཟེར། སྐྱེས་པའི་ཉུང་མའི་ཁཎྚ་ཞོ་གང་། མི་འཕྲོད་དུག་སེལ། བོང་ང་བཞི་ཆ་གཅིག དོམ་མཁྲིས་བཞི་ཆ་གཅིག་བསེ་རུ་ཞོ་གང་། དུག་གི་གཉེན་པོ་མཆོག རྨ་བྱའི་སྒྲོ་གཞོབ་ཞོ་ཕྱེད། ཉུངས་ཀར་འབྲུ་ནར་སོན་དཀར་ཟླུམ། བཙན་དུག་སེལ་ཞོ་གང་། གླ་རྩི་ཞོ་ཕྱེད། ཅུ་གང་ཞོ་ཕྱེད། བཟང་པོ། གཞན་ལྔ་རེ་རེ་ནས་ཐུན་རེ། དྲི་ཆེན་ཐུན་གཅིག་དུག་གིས་མི་ཟིན། དེ་རྣམས་ཞིབ་བཏགས་སྤྱི་བཞུར་ཆུར་སྦང་ཁུ་བས་རིལ་བུ་སྲན་མ་ཆེ་ཤོས་ཙམ་དྲིལ། ནུས་པ་མི་ཡལ་ཕྱིར་ག་བུར་ཐུན་གཅིག་ཁྲོད་དུ་བཞག་གྲིབ་བསྐམས་བྱས་ལ་རིན་ཆེན་ག་བུར་བཅང་། ཐོ་རངས་བྱ་གྲགས་དུས་ལྕེ་དྲེག་བཞར་ལ་རིལ་བུ་ཁྱུར་མིད་བྱ། ཉི་མ་མ་ཤར་བར་དུ་འཇིག་རྒྱུའི་ཆགས་སྤྱོད་དང་དྲག་ཤུལ་གྱི་ལས་སྤང་། ཉི་མ་ཤར་ནས་ཤ་ཆང་འོ་མ་མར་སོགས་ཟས་བཅུད་ཆེན་བཟའ། དེའི་ནུབ་མོ་ལ་ཡང་འཁྲིག་པ་མི་སྤྱད། སྦྱོང་སྐྱུགས་གཏར་ཁ་དྲག་པོས་བར་མི་བཅད། ཆོད་ན་བསྐྱར་ལ་བཏང་དགོས། དེས་
དུག་ཐམས་ཅད་ཟླ་རེ་ཐུབ། དུག་ནད་བྱུང་བ་ལ་བྱིན་ན་གསོ། བཅུ་གཉིས་པོ་འདིས་པདྨར་ཆུ་མི་ཆགས་པ་ལྟར་དུག་སྲུང་། དུག་ཟོས་འཕྲལ་འཁྲུའམ་སྐྱུག་སྟེ། ནད་ལམ་གཡར་ཙམ་ལས་མི་གནོད། དབྱིག་དུག་རྡོ་དུག་རྩི་དུག་སོགས་དུག་རིགས་སྟོང་བརྒྱ་རྩ་བརྒྱད་ཟོས་ཀྱང་མི་ཐུབ་ཅེས་ཚེ་བདག་པདྨའི་ཞལ་ཤེས་རཏྣ་གླིང་པའི་གཏེར་མའོ། ༈ །གཞུང་གི་སྨན་ལ་ཁ་ཚར་འདེབས་པའི་རྣོ་ཁྱད་ཆེ་བ་ལ་ཨ་ཛི་ཏས་བཀོད་པ་བཞུགས་སོ། །རྩ་དཀར་གྱི་ནད་ལ་བསམ་འཕེལ་ནོར་བུ་གཞིར་བཞག །དེ་ལ་ཚ་བ་ཆེ་ན་ཤིང་ཚ་པི་ལིང་ཕྲི། གྲང་བ་ཆེ་ན་དེ་གཉིས་ཅུང་མང་དུ་བསྐྱེད། སྲིན་དང་བསྡོང་བར་བྱི་ཏང་མ་རུ་ཙེ་བསྣན། དོན་སྣོད་གང་བབ་སོ་སོའི་བཟང་པོ་ཆ་བསྐྱེད། སྙིང་ལ་སྙིང་ཞོ་བསྣན། ནང་རྩར་བབ་པ་ལ་སྦལ་མདུང་རྡོ་རྒྱལ་བཞི་དང་། གངས་ཐིག་ཧ་ཤིག་བཅས་རྡོ་དྲུག གཟི་དང་བྱེ་རུ་ཁབ་ལེན་བསྣན་ཏེ་ཡུན་དུ་བསྟེན་པས་ནད་དྲུངས་ནས་འབྱིན་ནོ། །དྷཱིས་སོ། ༈ །རང་སྔར་༢ ༢ ༥༦ ལོ་སྐོར་འདྲ་ཞིག་ཏུ་སྲིན་བཅོས་ཞིག་རྨི་ལམ་དུ་རྨིས་པ། ཡ་མ་ཞེས་བྱའི་གདུག་པ་ཅན། །རེ་འགའ་རི་བོའི་རྩེ་ལ་གནས། །རེས་འགའ་རྒྱ་མཚོའི་གཏིང་དུ་གནས་སོགས་མང་པོ་ཞིག་དཔེ་ཡོད་པ་ཀློག་ནས་གསལ་པོར་བལྟས་ཀྱང་ཕྱིར་ནང་བརྗེད། ཡང་སྐབས་གཅིག་སྔོན་རྒྱ་མཚོའི་གླིང་དུ་ཚོང་དཔོན་དུ་གྱུར་པའི་བྱང་སེམས་ཞིག་འདས་པ་སྨོན་ལས་ཀྱི་དབང་གིས་སྨན་དུ་གྱུར་པ་ཡིན་པས། ཤིང་ཀུན་ལྔ་པ་འདིས་སྲིན་དང་མཛེ་བཅོས་དགོས་པ་སོགས་རྨིས་ཀྱང་བརྗེད་གསལ་པོར་མ་དྲན།
ཕྱིས་སུ་ཆུ་སྟག་ལོར་རྫོགས་ཆེན་རི་ཁྲོད་པདྨ་བཀོད་དམ་བདེ་ཆེན་གླིང་དུ་ཟླ་བ་བཅུ་གཉིས་པའི་ཚེས་གསུམ་ནུབ། ཚ་སྲིན་ཡ་མའི་སྨན། སྤང་རྒྱན་སྔོན་པོ། ཀྱི་ལྕེ་དཀར་པོ། སྤང་སྤོས་རྣམས་དངོས་དྲན་ལ། གཞན་ཏི། ཅུ་གང་། ག་བུར། གུར་གུམ་སྦྱར་བ་ཡིན་སྙམ་དྲན་ལ། ཏི་དང་དོམ་མཁྲིས་བྲག་དྲེག་ཀྱང་ཡོད་སྙམ་ཙམ་དང་། གོང་སྨན་ནད་སྦྱོང་བྱེད་ན། དུར་བྱིད། ཨ་ཁྱོགས་ཅིག་ཟེར་བ་འདུག་སྟེ་བརྗེད། འདི་རྣམས་ཕན་འདྲ་ལག་ལེན་མཚར་མཚར་བྱེད་དེ་ཉམས་ལེན་བཀྲ་ཤིས། ༈ །ཁ་མེད་གཉན་སྲིན་ཡ་མ་ནག་པོའི་བཅོས་ཕན་བདེའི་སྲོག་སྦྱིན་བཞུགས། འགྲོ་ཀུན་ཟུག་རྔུ་འབྱིན་པ་བླ་ན་མེད། །སྨན་པ་ཆེ་མཆོག་གཙོ་བོ་མཆོག །གནམ་མདོག་སྨྲ་བྱེད་དྲི་བཟང་བརྟན་སྐྱེས་ཏེ། །རྨད་བྱུང་མཐུ་ལྡན་གསང་བའི་སྨན་མཆོག་བཞི། །བཟོད་དཀའི་ཟུག་རྔུ་གཞོམ་པའི་གཉེན་ཡིན་ཡང་། །མ་ཤེས་འབད་པ་བརྒྱ་ཕྲག་འབྲས་མེད་གྱུར། །ཅུ་གུར་སུམ་ཏིག་འཁོར་དུ་བཀོལ་ཀྱང་ལེགས། །བྱང་ཆུབ་ཡན་ལག་བདུན་ལྡན་བདུན་རྩིའི་སྨན། །རྩ་རུ་རྒྱུ་བ་ཡ་མ་ནག་པོའི་ནད། །མེ་ལྟར་འབར་བ་ཤིན་ཏུ་བཟོད་དཀའ་ཞིང་། །ལུས་ཀུན་ཁྱབ་རྒྱུག་སྣ་ཚོགས་ནད་ཚུལ་ཅན། །ལྡང་སྐྱེན་ཡུན་རིང་ཅིས་ཀྱང་མི་ཕན་པ། །གཤེད་མ་ཁོང་ཞུགས་ལྟ་བུའི་འཇིགས་ཆེན་ལས། །དབུགས་འབྱིན་གཉེན་པོ་མཆོག་འདི་སྔར་མ་གྲགས། །གཞན་ཡང་འདི་འདྲའི་རིགས་ཅན་ཟུག་རྔུའི་ནད། །ཚ་བ་ཁྲག་མཁྲིས་ཤས་ཆེ་གཉན་གདོན་ཅན། །ངེས་མེད་ངོས་མ་ཟིན་པ་འགའ་ལ་ཕན། །བཅོས་
རྡུག་ཕལ་ཆེར་ཐབས་འདིས་གསོ་བར་ནུས། །གཟུགས་མེད་གཟུགས་སྣང་རྨི་ལམ་ཡི་གེས་ཀྱང་། །ཕན་པའི་དོན་ཆེན་བྱེད་པ་རྒྱལ་བའི་མཐུ། །རིམ་པར་ཞལ་ནས་སྙན་དུ་ལེགས་བརྒྱུད་དེ། །དྲན་པས་ཡི་གེ་ཡིད་ལ་ཡང་ཡང་བྲིས། །བརྗེད་ཐོའི་སུག་བྲིས་སྨྲ་འཆལ་ནམ་ཡང་སྤང་། །དཔེ་ཡང་སྦ་བྱ་དོན་འགྲོལ་ལྟ་ཅི་སྨོས། །གསང་བ་འཆལ་བའི་ཉེས་པ་མི་ཤེས་ཤིང་། །མན་ངག་ཁ་ཁྱེར་རྩིང་ཆོས་ཅན་དག་གིས། །འབྲིད་དམ་དྲིས་ཀྱང་བཀའ་རྒྱ་ཡོད་དོ་ཞེས། །བསམས་ནས་སྤིར་གྱི་ཁ་བཞིན་བསྡམ་པར་མཛོད། །རིན་ཆེན་མཛོད་ལས་དགའ་བའི་མན་ངག་འདི། །སྙིང་གི་དཔལ་བེར་འཆང་ནས་གཞན་དོན་བྱོས། །འདི་ཡི་ཡོན་ཏན་ཚིག་གིས་མཚོན་མི་ནུས། །ལག་ཏུ་བླངས་ན་བདུད་རྩིར་མངོན་སུམ་མཐོང་། །ས་ཕྱོགས་ཀུན་ན་ཡོད་པའི་སྨན་མཆོག་བཞིན། །ས་སྟེང་འགྲོ་བའི་ཟུག་རྔུ་རྒྱུན་བཅད་ནས། །ས་སྐྱེས་ཚོགས་ཀྱི་འཚོ་བ་དང་བྲལ་བའི། །ས་བླའི་ལྷ་བཞིན་རྟག་ཏུ་བདེར་གནས་འགྱུར། །གཞན་ཕན་བརྩེ་བས་ཚུལ་འདི་སྤེལ་བ་ལས། །བྱུང་བའི་དགེ་བས་སྐྱེ་དགུ་ཐམས་ཅད་ཀྱི། །གདུང་བའི་ཟུག་རྔུ་མ་ལུས་གཏན་བཅོམ་སྟེ། །སྨན་པའི་རྒྱལ་པོའི་གོ་འཕང་འགྲུབ་པར་ཤོག ༡༠ །ཅེས་པ་འདི་ནི་འཚོ་བྱེད་པ་མི་ཕམ་མིང་ཅན་རང་ཉིད་རྩ་དཀར་ལ་བབ་པའི་གྲིབ་སྲིན་གྱི་ཟུག་རྔུ་བཟོད་དཀས་ལོ་དུ་མར་མནར་ཞིང་ཅི་བྱ་བྲལ་བའི་སྐབས་སུ་སྔ་ཕྱིར་དེ་ལ་ཕན་པའི་སྨན་གྱི་སྦྱོར་སྡེ་འགའ་རྨི་ལམ་དུ་རྨིས་ཀྱང་ངོས་ཟིན་མེད་པར་གྱུར་པ། ཕྱིས་སུ་མཛེས་བྱེད་ཆུ་ཡོས་ཀྱི་དབྱར་ཕྱོགས་སྐབས་ཞིག་སྦྱོར་སྡེ་
འདི་དང་ད་དུང་ཁ་བསྒྱུར་བཅས་རྨིས་ཀྱང་། རྩ་བའི་སྨན་འདི་ཙམ་ཡིད་ལ་གསལ་བ་ལྟར་ལག་ཏུ་བླངས་པས་དབུགས་འབྱིན་ཆེན་པོའི་ངོ་མཚར་མཐོང་ནས་རྩ་བའི་བརྗེད་བྱང་བརྡ་ཚིག་ཏུ་བཀོད་པ་འདིའི་དོན་ངག་གི་ལམ་ཁོ་ནར་བརྒྱུད་དེ་བློ་ལྡན་གཞན་ཕན་ཅན་རྣམས་ལ་སྤེལ་བར་བགྱིས་པ་རང་གཞན་ཀུན་ལ་ལེགས་པར་འགྱུར་ཞེས་ཤིང་འབྲུག་དབོ་ཟླའི་ཚེས་དབང་པོའི་གྲངས་ཀྱི་དུས་ཡི་གེར་བཀོད་པ་དགེ་ལེགས་སུ་གྱུར་ཅིག །སྦྱོར་སྡེ་འདིའི་མིང་ཡ་འཇོམས་རྡོ་རྗེའི་ཆོས་བདུན་ཞེས་བྱའོ། །མངྒ་ལཾ། །གནམ་སྔོ་ནག ཀྲིཥྞ་ཛྭི་ཧ། སྤང་༡ཀྱི་ལྕེ་རྒྱན་༢ནག་པོ། སྤོས་༢སྤང་༡། ཕ་ཝོང་རྩི། ནག་པོ་ཟུང་སྦྱར་ཆར་སྤྲིན་གཏིབ་པ་ལ། །དམར་སེར་གློག་འབྱུང་དྲི་བཟང་ཆར་རྒྱུན་འབེབས། །མི་ཤེས་ཡ་མ་ནག་པོའི་མེ་དཔུང་གཞིལ། །སྙིང་གི་ཐིག་ལེར་གབ་བོ་ས་མ་ཡ། །རྩ་བ་གཅིག་ལ་མེ་ཏོག་གཉིས། །ཐིག་ལེ་གཅིག་སྟེ་འདི་ཡང་གབ། ༈ །ཚ་སྲིན་ཁྲག་སྲིན་ཡ་མ་ནག་པོའི་ནད། །བཅོས་རྡུག་གཉེན་པོ་རྒྱུན་སྦྱོང་ཟབ་མོ་ནི། །ཨུཏྤལ་བ་ཤ་ཀ་དང་བ་ལེ་ཀ །གུར་གུམ་སུག་སྨེལ་ནཱ་ག་གེ་སར་དང་། །ཨ་རུ་ག་བུར་ག་དུར་སྤང་སྤོས་དང་། །རུ་རྟ་གླ་རྩི་ཤུ་དག་འབྲུག་རུས་དང་། །གསེར་བྱེ་སྡིག་སྲིན་རྒྱ་ཚྭ་བྲག་དྲེག་དང་། །བྱི་ཏང་མ་རུ་ཙེ་དང་ཕུར་མོང་པ། །དྭ་འབྲས་ཤིང་ཀུན་བྱང་བ་མཚལ་ཧ་ཤིག །སྲད་དཀར་དང་བཅས་ཨུཏྤལ་ཉེར་བདུན་པ། །ཆུ་ལ་རྟ་བྱས་ཁོང་དུ་བཏང་བ་ཡིས། །རྒྱུན་སྦྱོང་འཇམ་པོ་འདི་ཡིས་ཁྲག་གི་སྲིན། །ཡ་མ་ནག་པོ་མེ་ལྟར་འབར་བ་དང་། །རྩ་ལ་རྒྱུག་ཅིང་སྣ་ཚོགས་ནད་ཚུལ་ཅན། །ཐམས་ཅད་རིམ་བཞིན་སྦྱངས་ནས་དྲུངས་འབྱིན་བྱེད། །སྐབས་སུ་ངེས་པར་བཤལ་དུ་བྱུང་ན་བཟང་། །མ་
བྱུང་ན་ཡང་རང་བཞིན་ནད་རོ་འབྱིན། །ཐ་མར་ལོང་རྩའམ་གང་རྒྱས་རྩ་ལ་བཏར། །ཁྲག་དང་ལྟོ་སྦྱོང་འོ་མ་འདྲ་ན་ཐོན། །འདི་བས་ཟབ་པའི་སྨན་ནི་གཞན་ན་མེད། །གཡུ་ཐོག་ཡོན་ཏན་མགོན་པོའི་ཤོག་དྲིལ་གྱི། །དགོངས་པ་ཕྱོགས་བསྡུས་དྷཱི་ཡིས་བཀོད་པ་ཡིན། །འདི་སྟེང་ལང་ཐང་ཙེ་དང་སྨན་ཆེན་དང་། །ལྒ་སྐྱ་པི་ལིང་གསུངས་པ་ཡོད་ན་ཡང་། །ཚ་སྲིན་ཕལ་ལ་རྒྱུན་སྦྱོང་གོང་ལྟར་འཇམ། །དེ་སྟེང་བསྣན་ནམ་ནད་དང་འཕྲོད་མིན་གྱི། །རིགས་མདའ་སྦྱར་ཏེ་ཁ་བསྒྱུར་ཤེས་པར་བྱ། །ཤིང་སྦྲུལ་ཟླ་བ་བཞི་པའི་ཚེས་ཉེར་ལྔ་ལ་རྒྱ་བྲག་མདོར་དྷཱིས་སྤེལ་དགེའོ། ༈ །བྱེ་རིང་ལས་མིའི་བླ་གནས། ཕོ་གཡས་མོ་གཡོན་གྱི། རྐང་མཐིལ༡། ལོང་བུ༢། བརླ༣། རྐེད་པ༤། ཁ་ནང་༥། བྲང་མདུན ༦། རོ་རྒྱབ༧། ལག་མཐིལ ༨། མཆིན་པ ༩། རྐེད་པ༡༠། སྣ༡༡། ཕོ་བ༡༢། སོག་པ༡༣། སྐྱོར་གོང་༡༤། ལུས་ཀུན༡༥། སྐེ༡༦། མགྲིན་པ ༡༧། ཕོ་དཀྱིལ༡༨། ལོང་བུ ༡༩། རྐང་ངར༢༠། རྐང་མཐེབ ༢༡། སོག་གཡོན༢༢། མཆིན་པ༢༣། ལག་མཐིལ་༢༤། ལྕེ༢༥། པུས་༢༦། མོ༢༧། མཚན་མ༢༨། མིག་གཉིས༢༩། ལུས་༣༠། སྤྱི་ཁྱབ་གསུངས། དུས་ཚོད་བླ་གནས་ནམ་ལངས་ལྒང་པ། ཉི་ཤར་མཇིང་པ། ཉི་དྲོས་མཆུ་དང་ལྟག་པ། ཉིན་ཕྱེད་བྲང་རྩིབ། ཕྱེད་ཡོལ་ལྟོ་བ། ཉི་ཐལ་སྙིང་ག མུན་རུབ་རྒྱབ། སྲོད་ནས་ནམ་ལངས་བར་དུ་ལུས་སྤྱིར་རྒྱུ། བླ་འདི་གནས་སར་གཏར་སྲེག་དབྱུག བཅོས་སོགས་སྤང་། དེར་ཕོག་ལོག་གནོན་གུ་གུལ་དུད་པས་བདུག ཡང་ཡང་བྱུག་ཅིང་སྔགས་བཟླ། ཨོཾ་ཙཀྵུ་དྷེ་
ཝ་ཀྲི་ཀྲི་སྭཱ་ཧཱཿ འདིས་ཉེས་པ་མི་འབྱུང་ངོ་ཞེས་གསུངས་སོ། །མངྒ་ལཾཿ རྩིས་ཡིག་ལས་མི་དང་རྟ་སོགས་བླ་གནས་ཡོད་པ་འདི་དང་ཅུང་མི་འདྲ། རྩིས་ཡིག་གི་ལྡེབ་ལྔ་པའི་རྒྱབ་ཏུ་བྲིས་འདུག་གོ ༈ །མ་འོངས་སྙིགས་མའི་དུས་ཀྱི་ཚེ། །སྦྱོར་ངན་ཤིན་ཏུ་དར་བའི་ཚེ། །རྒྱུད་ཀྱི་གསོ་དཔྱད་མ་ཁེལ་ཚེ། །མན་ངག་འདི་ནི་རིན་ཆེན་མཆོག །དེ་ལ་རིལ་བུ་བརྟགས་པ་དང་། །རྒྱལ་བློན་བརྟག་དང་ཁ་དོག་དང་། །ནུས་པ་བཏང་དུས་རྣམ་པ་ལྔ། །དང་པོ་ཡིན་མིན་བརྟགས་པ་ནི། །ལི་སྡེར་གཙང་མར་ཤར་བསྟན་གྱི། །ཆུ་མིག་ནང་བླངས་ཆུ་གཙང་བླུགས། །དེ་ལ་བི་ཥའི་ཕྱེ་མ་བླུགས། །རིལ་བུ་ནང་བཅུག་གོས་གཙང་བཀབ། །ཉིན་གུང་བར་བཞག་དེ་ཡི་ཚེ། །དུག་ཕྱེ་རིལ་བུའི་ཞབས་སུ་བསྡུ། །འབྲིང་པོ་ཆུ་དང་བོང་ང་ཁོལ། །ཐ་མ་དུག་ཕྱེ་གོས་སུ་གྱོན། །ཟོལ་ཅན་རྟགས་མེད་རྡོ་བཅུག་འདྲ། །གཉིས་པ་རྒྱལ་བློན་བརྟག་པ་ནི། །རྒྱལ་པོ་རིལ་བུ་ཅོག་སྒོང་ཙམ། །བློན་པོ་རིལ་བུ་བྲ་རིལ་ཙམ། །ལྷག་མ་འབངས་ཀྱི་རིལ་བུར་འདོད། །གསུམ་པ་ཁ་དོག་བརྟག་པ་ནི། །མཁའ་འགྲོའི་གནས་ཀྱི་ཤར་ཕྱོགས་ཀྱི། །ལྷོ་ནུབ་བྱང་། རིལ་བུ་དཀར་སོགས་དབུས་ཕྱོགས་ཀྱི། །སེར་དམར་སྨུག སྔོའམ་ཁྲ་བོའམ་བུང་བའི་མདོག །བཞི་པ་ནུས་པ་བསྟན་པ་ནི། །བད་རླུང་ལྡན་ལ་དཀར་པོ་དང་། །སེར་པོ་ཁྲག་དང་མཁྲིས་ལྡན་ལ། །འདུས་པར་ཁམ་པ་མཆོང་དང་འདྲ། །ཆུ་དང་ལྡན་ལ་དམར་པོ་བཟང་། །གཟའ་རིགས་ལྔ་དང་གྲང་སྐྲན་ལྷེན། །དེ་ལ་ཁྲ་པོའམ་ནག་པོ་མཆོག །སྔ་དྲོ་དཀར་
སེར་སྨུག་པོ་དང་། །ཕྱི་དྲོ་ནག་པོ་ཁྲ་བོ་བཏང་། །ཡར་ངོ་མར་ངོ་འང་གོང་བཞིན་སྦྱར། །ལྔ་པ་དུས་བཟང་ལྡན་པ་ལ། །སྔོན་འགྲོ་དངོས་གཞི་རྗེས་དང་གསུམ། །དང་པོ་དོན་སྣོད་ཁ་འཛིན་དྲུག །རྩ་རྒྱུས་ཤ་ལ་ཁྲིད་བྱེད་པའི། །རྒྱ་ཚྭ་ཨ་ཙ་ར་ཡི་གོས། །འབིགས་བྱེད་དགུ་པོ་ཆ་མཉམ་པའི། །ཕྱེ་མ་ཞག་གསུམ་བསྟེན་པར་བྱ། །གཉིས་པ་དངོས་གཞི་རྣམ་པ་ལྔ། །རིལ་བུའི་ན་བཟའི་སྨན་དང་ནི། །སྨན་གྱི་ན་བཟའི་ཟས་དང་ནི། །ཁོང་དུ་བཏང་དང་བཀྲོལ་བའི་སྨན། །སྦྱོང་བར་བྱེད་པའི་སྨན་རྣམས་སོ། །དང་པོ་སྨན་གྱི་ན་བཟའ་ནི། །ཚ་བ་གྲང་བ་བད་མཁྲིས་གསུམ། །སྐྱོབ་པའི་གོས་སུ་ག་བུར་དང་། །ཕོ་རིལ་སྒ་སྐྱ་ལ་ལ་ཕུད། །པི་པི་ལིང་དང་འདུ་བ་སྤྱིར། །གསེར་མདོག་ཁྲག་རླུང་འབྱེད་པའི་ཕྱིར། །ཙན་དན་གཉིས་དང་ཧ་ལ་དེ། །བསྡུ་ཕྱིར་རིལ་བུ་གཞན་གྱི་ཕྱེད། །ཆ་མཉམ་ཕྱེ་མ་ཤིང་བཅུད་ཀྱིས། །ལེགས་སྦྲུས་སྦྲུལ་ཤུན་ཙམ་དུ་གཡོགས། །གཉིས་པ་ཟས་ཀྱི་ན་བཟའ་ནི། །འབྲི་མར་སྦྲང་སེར་སྦྱར་བ་ཡིས། །དར་ཙམ་དཀྲིས་ལ་འཇམ་པོར་བྱས། །གསུམ་པ་ཁོང་དུ་གཏོང་ལུགས་ནི། །ནད་པ་ཤར་དུ་ཁ་བལྟས་ཏེ། །སྨན་པས་གསོལ་འདེབས་ཤིས་པ་བརྗོད། །གཞི་དཀར་སྟེང་དུ་ནས་དཀར་གྱིས། །གཡུང་དྲུང་གཡས་བསྐོར་བྲིས་པའི་སྟེང་། །ནས་ཀྱི་ཚོམ་བུ་ལྔ་བཀོད་ལ། །ཕྱོགས་བཞིར་མདའ་དར་བཞི་ཡང་བཙུགས། །དེ་དབུས་རིན་ཆེན་སྣོད་བཟང་དུ། །འབྲུ་བཅུད་བཟང་པོས་བཀང་བའི་ནང་། །མར་གྱི་ཉི་ཟླ་སྐར་གསུམ་གཞུག །དེ་ཡི་ནང་དུ་རིལ་བུ་བསྙལ། །ཉི་མ་ཕྱེད་ཀྱི་ཡུན་དུ་
བཞག །ནད་པའི་ལག་ཏུ་མི་བརྒྱུད་ཅིང་། །ལོ་གྲོགས་དགྲ་གཤེད་ཅན་གྱིས་བླུད། །དེ་རྗེས་ནག་འཚུར་སེར་མཚུར་དང་། །བོང་ང་དཀར་དམར་སེར་གསུམ་གྱི། །དམར་པོ་མེད་ཐབས་མེད། གདུས་ཐང་གཏིང་སླེབས་གཏང་བར་བྱ། །ཉིན་ཞག་གང་གཏོང་གྲངས་ལ་ཡང་། །ཐང་དེ་ཐེངས་རེ་གཏང་བར་བྱ། །བཞི་པ་བཀྲོལ་བའི་ཕྱི་མ་ནི། །པི་ལིང་སུག་སྨེལ་སྒ་སྐྱ་དང་། །དན་ད་ཟེ་ཚྭ་བྱང་བུལ་བརྒྱད། །ཆ་མཉམ་ཕྱེ་མ་ཆུ་སྐོལ་འཕུལ། །གཅིག་གཉིས་གསུམ་ཙམ་རིག་པས་དཔྱད། །ལྔ་པ་སྦྱོང་བར་བྱེད་པའི་སྨན། །ཨ་རུ་མཆུ་རིང་བཟང་པོ་དྲུག །རྒྱ་ཚྭ་བུལ་ཏོག་ཀོ་བྱི་ལ། །དཀར་པོ་གཅིག་ཐུབ་ཤིང་ཁ་སེར། །ཐུན་རེ་ཤྲྀ་ཁཎྚ་དང་། །དུར་བྱིད་དན་ད་དོང་ག་དང་། །ཟེ་ཚྭ་དང་ནི་སྦྱོང་སྨན་གཞན། །གང་ཚོགས་ཐུན་ཆེ་རེ་རེ་སྦྱར། །ཕྱེ་མའམ་རིལ་བུ་གང་ཡང་རུང་། །ཆང་བཟང་བར་པའམ་ཇ་བཟང་ངམ། །ཤ་ཁུའམ་གང་རུང་རྟ་ལ་བསྐྱོན། །ཟུངས་དང་བསྟུན་ཏེ་བསྐྱར་ལ་བཏང་། །རིལ་བུ་བྱུང་ན་བཟང་བ་སྟེ། །མ་བྱུང་ནའང་བཟོད་པ་ཡིན། །ཟུངས་དང་བསྟུན་ཏེ་སྦྱོངས་འཕྲོ་བཅད། །བཅད་རྗེས་ཤ་གསར་ཚོ་ཁུ་བཏང་། །དེ་རྗེས་ལྡེ་གུ་སྣུམ་དྲོས་བཅད། །རིལ་བུ་ནམ་འོང་བསྒུག་པས་ཆོག །ཡུན་རིང་བྱིང་ཆེ་འཕྲལ་བྱུང་བ། །བྱིང་ཆུང་གསར་པ་ཡིན་པའིརྟགས། །མྱུར་བྱུང་གདོན་ཡང་ན་འདྲེད་དེ་བརྟོད་ཕུར་མ་ཐུབ་རྟགས། ཡིན་དེ་ལ་ནི། །སྲུང་བ་བྱས་ཏེ་འགྲེ་ལོག་བཏང་། །བརྟོད་པའི་སྔོན་འགྲོའང་སྤར་ལ་བཏང་། །རྗེས་ཀྱི་སྨན་ནི་འདི་ལྟ་སྟེ། །བཟང་པོ་དྲུག་དང་བོང་ང་གསུམ། །དཔའ་བོ་
དཀར་པོ་ཀོ་བྱི་ལ། །རྒྱ་ཚྭ་རྒྱམ་ཚྭ་ཁ་རུ་ཚྭ། བཅུ་དྲུག ཆ་རེ་འབྲས་བུ་གསུམ་དང་སྤོད། །ཛཱ་ཏི་སྒ་སྐྱ་ཆ་ཕྱེད་དེ། །གསེར་མེ་སྒ་ཆུང་མེ་ཏོག་དང་། །ཤང་དྲིལ་གཉིས་ཀྱང་ཆ་ཕྱེད་རེ། །ཕྱེ་མའམ་རིལ་བུ་གང་ཡང་རུང་། །ཡུན་དུ་བསྟེན་པས་རྩད་ཐོན་འགྱུར། །ཁོང་ནས་རིལ་བུ་བྱུང་བ་དེ། །དྲི་བཟང་གིས་བཀྲུས་དར་དམར་བསྟུམས། །གའུར་སྦས་ཏེ་སྨན་སྒྲོར་བཅང་། །སཱུཪྻ་ཨགྣིར་སྦ་བར་བྱ། །ཞེས་པའི་མན་ངག་ཟུར་ཙམ་འདི། །བཻ་རོའི་ཤོག་དྲིལ་ཁ་སེར་ནས། །ཉུང་ངུར་བསྡུས་པ་འདི་ན་དགེ། ༈ །དུག་ནད་རྩད་འབྱིན་དབང་རིལ་ཉེར་ལྔ་ནི། དབང་རིལ། བསེ་རུ། གུར་གུམ། ཉུང་མའི་ཁཎྚ། ཛ་མུ་ར། སུག་སྨེལ། ལི་ཤི ཅུ་གང་། གླ་རྩི། རུ་རྟ། གསེར་བྱེ། ཉི་དགའ། སྡིག་སྲིན། འབྲས་བུ་གསུམ། ཙན་དན་དཀར་པོ། བ་ཤ་ཀ ལྡུམ་བུ་རེ་རལ། འབྲས་སྣ་གསུམ། རྒྱ་མཚལ། མཁལ་མ་ཞོ་ཤ གོ་ཡུ། ཀ་ར་སྦྱར་ལ་བུ་རམ་རིལ་བུར་དྲིལ། ཕན་ཡོན་དུག་ནད་གསར་རྙིང་དང་། །ཚད་པ་རྙིང་པ་རྣམས་ལ་ནི། །བསྡུ་དང་གསོད་དང་འཇོམས་པར་བྱེད། །འདི་ལས་ཟབ་པ་གཞན་ན་མེད། ༈ །ཟླ་ཤེལ་གོང་དུ་སོང་ཡང་འདིར་ཕན་ཡོན་བཅས་པས་ཟློས་སྐྱོན་མེད་བདུད་རྩི་མ་ཞེས་བྱ་བ་ནད་བརྒྱ་སྨན་གཅིག་མི་ཕམ་རྣམ་པར་རྒྱལ་བའི་ཁྱད་ཆོས་བཞུགས་སོ། །མཆིན་ནད་གཙོར་གྱུར་ནད་རིགས་ཀུན་འཇོམས་པ། ལྕགས་ཕྱེ་ཨ་རུས་བཞུས་པ་གཙོ་བོ་ལ། ༡ ༠ ༠ བྲག་ཞུན། ༠ ༥ ༠ གུར་གུམ། ༠ ༥ ༠ ཁ་གུར་རམ་བལ་གུར་དང་ནི་པྲི་ཡངྐུ། ༠ ༥ ༠ ཅོང་ཞི་༠ ༥ ༠ འདམ་འཐག་བྱས་པ་མ་ནུ་༠ ༥ ༠ རུ་རྟ་༦ ༥ ༠ བདུན་པོ་འདིར། སྨན་འདིའི་ཕྱེ་མ་ཁྱོར་བ་གང་ལ་
བདུད་རྩི་ཆོས་སྨན་ཐུན་རེ་འདེབས་པ་ཞལ་ཤེས་སོ། །ཁ་སྒྱུར་གཞན་ངག་ལས་ཉན་པར་བྱའོ། །ཟླ་ཤེལ་བདུད་རྩི་ཞེས་བྱ་ཕོ་མཆིན་ནད། །དུག་དང་སྨུག་པོ་ཚད་པ་རྙིང་པ་དང་། །མ་ཞུ་དུག་ཐབས་གློ་བུར་གཟེར་གྱི་རིགས། །མདོར་ན་ཚ་གྲང་ནད་རིགས་གང་ལ་ཡང་། །བརྟག་པ་མི་དགོས་བཏང་བས་ཆོག་པ་ཡི། །བདུད་རྩི་མངོན་སུམ་ཉིད་ཡིན་ལག་ཏུ་ལོངས། །དྷཱི་ཡིས་ཌཱ་ཀི་སྒྲུབ་པའི་དུས་སུ་བྲིས། །ནད་བརྒྱ་སྨན་གཅིག་ངོ་མཚར་ཁྱད་འཕགས་སོ། །གཞན་ཡང་འདི་ཡི་ཡོན་ཏན་ནི། །ནད་རྙིང་རྩི་ལྟར་ཞེན་པ་འདག །ཟུངས་བདུན་སྐྱོན་བྲལ་འདུ་བ་སྙོམས། །མིག་གསལ་ཡིད་བདེ་གདོན་ཀུན་ཞི། །རྒྱུན་དུ་བསྟེན་ན་བཅུད་ལེན་འགྲུབ། །ལུས་སེམས་ནད་དུ་གྱུར་ཏོ་ཅོག །གང་ལ་བཏང་ཡང་ངེས་པར་ཕན། །དྲང་སྲོང་རིག་འཛིན་ཐུགས་རྗེའི་མཐུ། །སྨན་གྱི་ནོར་བུ་འདི་ཡོད་ན། །སྨན་གཞན་ཅི་ཡང་མེད་ཀྱང་སླ། །སྨན་གཞན་རྡུག་ཀྱང་འདི་ཡིས་སེལ། །འདི་ལ་ཡོན་ཏན་ཚད་མེད་ཀྱང་། །བཤད་ན་ཕལ་པས་ཡིད་ཆེས་དཀའ། །ཚེགས་ཆུང་དོན་ཆེ་ཀུན་ལས་འཕགས། །བདེན་རྫུན་ལག་ཏུ་ལེན་གྱིས་དང་། །ངོ་མཚར་མཐོང་བའི་ལམ་དུ་གསལ། །རྫས་ཀྱི་ནོར་བུ་སྔགས་ཀྱིས་རྟེན་སྙིང་ཇི་མང་བྱིན་བརླབས་ནས། །དད་པས་བསྟེན་ན་ལྷ་ཡི་བདུད་རྩིའི་མཆོག །མི་ཡི་ལག་ན་མངོན་སུམ་ཐོགས་པ་འདྲ། །དེ་ཕྱིར་འདི་ཉིད་གཅིག་པུས་འགྲོ་དོན་གྱིས། །ཡན་ལག་བརྒྱད་ཀྱིས་བསྡུས་པའི་གསོ་རིག་གི། དགོས་པ་སྨན་མཆོག་གཅིག་གིས་གྲུབ་པ་འདི། །འཇམ་དཔལ་རྡོ་རྗེས་སྐལ་བཟང་གདུལ་
བྱའི་ཆེད། །ལེགས་པར་བཀོད་པ་དུས་ཀུན་དགེ་གྱུར་ཅིག །མངྒ་ལཾ། ༈ །ལག་ལེན་ཉེར་མཁོ་སྐོར། ཁྱུང་ལྔ་མདོག་བཞིའི་ཞལ་གདམས་ནི། ཨ་རུ། ༠ ༤ ༠ རུ་རྟ། ༠ ༡ ཤུ་དག ༠ ༠ ༦༦བཙན་དུག ༠ ༠ ༥ གླ་རྩི། ༠ ༠ ༣ སྨན་རྣམས་སོ་སོར་བརྡུང་ནས་ཚགས་ལས་དྲང་། ཨ་བཙན་མཉམ་བྱས་མཉམ་སྦྱོར་ཁྱུང་རྒོད་དྲག་པོ་ཞེས་བྱ། གང་ཡང་དང་པོ་ཨ་རུ་སྨན་ཆེན་བསྲེས་ལ་ཉིན་གཅིག་འཐག་དེ་ནས་ལོ་བརྒྱད་ཆུས་བྲན་གར་སླ་ཞོ་ཙམ་དུ་འདམ་འཐག་བྱས་པས་མདོག་སྨུག་ཆིང་ངེ་བ་འབྱུང་། དེ་ལ་རུ་རྟ་བཏབ་ནས་འདམ་འཐག་གིས་སྦྱང་བས་ནག་སིང་གིས་འོང་། དེ་ནས་ཤུ་དག་བཏབ་སྟེ་འདམ་འཐག་བྱས་པས་སྔོ་ལྷང་གིས་འོང་། དེ་ལ་ཁ་བསྒྱུར་བཏབ་ལོ་བརྒྱད་ཆུས་གུ་གུལ་ལྷད་མེད་བཞུས་པའི་དྭངས་མ་བྲན་ནས་འདམ་འཐག་གིས་སྦྱང་བས་རྒྱ་སྣག་བཟང་པོ་ལྟར་སྔོ་ནག་འཚེར་བ་འབྱུང་སྟེ་བཞི་པའོ། །དེ་ལ་གླ་རྩི་ཞིབ་བཏགས་ཆུར་སྦྱར་ཏེ་དུམ་གཅིག་ཁ་བཅད་དེ་བཞག་པ་དེས་བྲན་ནས་སྔ་དྲོ་ཞིག་མཉེས་ལ་ཟན་རློན་དྲིལ་བཏུབ་དུས་སུ་མར་དཀར་འདྲེད་རྩི་ཅུང་ཟད་བཅས་རིལ་བུ་བྲ་རིལ་ཙམ་དྲིལ་རིན་པོ་ཆེའི་སྣོད་དུ་བླུགས་ལ་རས་ཀྱིས་ཁ་བཅད་ཉི་མ་ལ་སྐམ། སྐམ་ཐག་ཅུང་ཟད་ཡོད་པ་དང་གོས་ལྕགས་ནག་ཁའམ་རས་དཀར་དྲི་མེད་དུ་རིལ་ཆགས་ཅུང་ཟད་བྱས་ལ་བསྐམ། སིང་གིས་སྐམ་པ་དང་། རིལ་ཆགས་ཡུན་རིང་བྱས། དེ་ནས་ཁྱུང་གིས་སྒྲུབ་པ་དང་རབ་གནས་བྱས་ཏེ་སྤར་བུ་སོགས་རླུང་མི་འཆོར་བའི་སྣོད་དུ་བཅང་། དམ་ཉམས་ཀྱིས་མི་ཤེས་མི་མཐོང་བར་སྦ། དགོས་དུས་ནད་ཚོད་སྦྱར་ཏེ་ཚ་གྲང་རྟས་
བསྒྱུར་ལ་བཏང་། དེ་ལ་འདོགས་འབྲེལ་སྨན་ནི། ཚ་ཤས་ཆེ་བར་གི་ཝཾ། གྲང་བར་པི་ལིང་། གདོན་ལ་གུ་གུལ་སྦྱར་བ་ཁྱུང་ལྔ་གཤོག་པ་ཅན་ཞེས་བྱ། ཡང་དངུལ་ཆུ་དྲག་འདུལ་ཁྱུང་ལྔ་སྨུག་པོའི་དུས་སུ་བསྣན། བཟང་དྲུག་ཐུན་བཟང་རེ། ཆུ་སེར་སྨན་གསུམ་ཐུན་རེ་རེ། སེང་ལྡེང་ཁཎྚ་ཐུན་གཅིག་རྣམས་རྩི་བཞིན་སྦྱང་བ་ནག་པོའི་དུས་སུ་བསྣན་པ་དངུལ་ཁྱུང་མེ་དབལ་ཅན་འདི་དུག་མ་གཏོགས་ནད་ཀུན་གྱི་གཉེན་པོ་བླ་མེད་དོ། །འདི་ལ་སྲུང་འཇོམས་སོགས་ཀྱི་ཁ་ཚར་ཡོད་དོ། །དངུལ་ཆུ་བཙོ་བ ཀྲུ་ཆེན་པོའི་ལག་ལེན་ཡིག་ཆ་གཞན་ན་གསལ། འདུལ་སྣོད་དཀར་ཡོལ་གྱི་གཏུན་དང་འདུལ་ཐོ་བྱུང་ན་ལེགས། ཀྵ་ར་སོགས་ཀྱི་སྐབས་སུ་དངུལ་ཆུ་ཕྲ་མོར་འཐོར་བ་ལ།ཆུ་ཚན་ཁོལ་མ་བླུགས་ལ་དཀྲུགས་ཏེ་དྭངས་བཅུག་ནས། ཡང་ཡང་བཤལ་བའི་རྗེས་སུ་ཆུ་ཟད་ནས་ཕྱོགས་གཅིག་འདྲིལ་འོང་། ལས་གཉུག་བསྲིང་ནས་ཚེགས་ལ་མི་ལྟ་བར་དངུལ་ཆུ་ཕོར་གང་རེ་ལ་ཆུ་ཕོར་རབ་ཉེར་ལྔ། འབྲིང་བཅོ་ལྔ། ཐ་མ་བདུན་གྱིས་བཤལ་ན་དངུལ་ཆུ་དེ་ཚོད་མི་གྲོན། བཙོ་ཆེ་འབྲིང་ཆུང་གསུམ་དུས་དངུལ་ཆུ་སྐ་བ་དང་། སྣུམ་ནག་དང་ཚིལ་ཞུན་སོགས་གཏིང་ནས་འཁར་བ་འདྲེས་ཏེ་ཆུ་ཚན་གྱིས་མི་དྲོས་ཞིང་འབྱེད་དཀའ་བ་འབྱུང་། དེ་ལ་ས་ཁུ་རྣམས་ཆུ་ཚན་གྱིས་བཤལ་ནས་སྣུམ་ཉུང་ངུར་ཟད་དུས། བལ་ཚི་མེད་ཀྱིས་ཕྱོགས་ཐམས་ཅད་ཀྱི་སྣུམ་ཞག་ཕྱི། དངུལ་ཆུའང་བལ་དེས་དཀྲུག་པས་སྣུམ་བལ་གྱིས་ལེན་འོང་། བལ་བཙིར་བས་དངུལ་ཆུ་རྡོག་ཆེ་བ་རྣམས་སྣོད་དུ་ལྷུངས་
ཏེ་འདྲིལ། དངུལ་ཞིབ་བལ་ལ་འབྱར་བ་རྣམས་བལ་དང་བཅས་པ་ས་སླང་ལྟ་བུར་དྲོད་མཐུན་བསྐམས་ནས་ཤུགས་ཐལ་བརྒྱབ་ལ་བལ་ཞིབ་ཏུ་བསེད་ནས་ལྕགས་སྣོད་སོགས་འཇམ་པོར་བླུག་ལ་ཤུག་ཐལ་འོས་ཚོད་བཏབ་ལ་དལ་བུས་སོར་རྩེས་ཕུར། ཤུག་ཐལ་རྣམས་ཕུ་བྱས་པས་གཏོར་ན་ཤུལ་དུ་དངུལ་ཆུ་རྣམས་འདྲིལ་འོང་། བཙོ་འབྲིང་སྐབས་དངུལ་ཆུ་རྫས་རོ་དང་འདྲེས་པ་ལྟ་བུ་ཕྱེ་དཀའ་ཡང་རས་ཚགས་ལ་དྲང་ནས་ཅི་ལོན་ལས། རྫས་རོ་འདུལ་མཉེ་མི་རུང་སྟེ་དངུལ་ཆུ་དང་མུ་ཟི་འདྲེས་ནས་ལེན་རྒྱུ་མེད་པར་སྔོ་སིབ་བེར་འགྲོ། ཚགས་རས་ལ་འགོས་པ་སོགས་ཆུ་ཚན་གྱིས་བཀྲུ་བ་སོགས་ཐབས་གང་དྲག་ལས་མ་མཆིས། །ལྕགས་བརྒྱད་ཐལ་བཟོ་ལ། གསེར་གྱི་ལྗིད་ལས་སུམ་འགྱུར་མུ་ཟི། ཉིས་འགྱུར་ཚྭ་ལ་ཆུ་བཅད། རང་མཉམ་ཏིལ་ནག་བཅས་ཞིབ་བཏགས་ཟར་ཁུའམ་ཟར་ཆུས་སྦྲུས་པ་བྱུགས་ཏེ་ཆུ་ཚོད་ཙམ་༡ ༥ ༢ ༠ བསྲེག་དངུལ་རང་༡ ༠ ༠ མཉམ་ཚ་ལ་༡ ༠ ༠ ། ཉིས་འགྱུར་མུ་ཟིའི་༢ ༠ ༠ ཟར་ཁུའམ་ཆུས་སྦྲུས་པ་བྱུག་མེ་དལ་བུས་ཆུ་ཚོད་ཉི་ཤུ་ཙམ་བསྲེག་ན་འཚིག །ཟངས་ལྗིད་མཉམ་ཚ་ལ་ཉིས་འགྱུར་མུ་ཟིའི་རྫས་ཀྱིས་མེ་རན་པས་ཆུ་ཚོད་བརྒྱད་ཙམ་དུའོ། །ལྕགས་ཕྱེ་རང་༡ ༠ ༠ མཉམ་ཨ་རུ་ར ༡ ༠ ༠། ཉིས་འགྱུར་ཚ་ལ། ༣ ༠ ༠ སུམ་འགྱུར་༣ ༠ ༠ མུ་ཟི་བཅས་རྡོ་གཏུན་དུ་བསྣུར་ཏེ་འདམ་འཐག་བྱས་ནས་མཐེབ་ཀྱུ་བྱས་པ་སྐམ་ནས་བསྲེག་སྣོད་དུ་བླུགས་ཏེ་ཆུ་ཚོད་ཉི་ཤུ་ཙམ་དུ་བསྲེགས་པས་འགྲུབ་བོ། །འཁར་བ་ར་གན་ཕྱེ་མར་བརྡར་ཏེ་ཉིས་འགྱུར་ཚ་ལ་སུམ་འགྱུར་མུ་ཟི་བཅས་ཆང་སྐྱུར་གྱིས་འདམ་
འཐག་མཐེབ་ཀྱུ་བྱས་ཏེ་ཆུ་ཚོད་བཅུ་ཙམ་ཡུན་དུ་བསྲེགས་པས་སོ། །གཤའ་དཀར་ལྗིད་མཉམ་ཚྭ་ལ། སུམ་འགྱུར་མུ་ཟི་བཅས་ཀྱི་ཕྱེ་ཞིབ་ཨ་རུ་རའི་ཁུ་བས་བྱུག་པར་བྱས་ལ་ཆུ་ཚོད་བདུན་བརྒྱད་ཙམ་དུ་བསྲེགས་པས་སོ། །ཞ་ཉེ་ལྗིད་མཉམ་ལྡོང་རོས། ཉིས་འགྱུར་མུ་ཟི་ར་འོས་བྱུག་སྤྱད་བྱ། མེ་ཆུང་བས་ཆུ་ཚོད་བདུན་ཙམ་ནའོ། །སྔོ་འཁྱོགས་བསྲེག་རྫས་བཤད་མ་ཐག་པ་འདྲ། མེ་ཅུང་ཆེ་བས་ཆུ་ཚོད་དགུ་ཙམ་ལའོ། །གསེར་སྦྲང་གཤོག་ཚྭ་ཆུར་བཙོ། སུག་པས་མཉེ་ཞིང་དྲི་མ་བྲལ་ནས་གཟོད་བསྲེག་གོ། །ལྕགས་འམ་ཁུ་དང་ཚྭ། དངུལ་ཚྭ་དང་སེ་འབྲུའི་ཁུ་ནང་། ཟངས་མཚུར་ནག་ལྟར་བུ་དར་བ་གསུམ་ནང་། རག་ཟངས་འདྲ། གཤའ་ཞ་ཉེ་གཉིས་དངུལ་འདྲ། ལི་གསེར་འདྲ། རང་རང་གཡའ་འདོན་རྗེས་སུ་ཆུར་བཙོ་ཆུ་གཙང་གིས་བཤལ་ལོ། །དེ་ལྟར་ལྕགས་བརྒྱད་བསྲེག་སྣོད་མེ་ཐུབ་ཀྱི་རྫ་ཧ་ཤིག་འདྲེས་པའི་གའུ་གྲུ་བཞི་ཁ་ཆོད་ནང་དུ་སོང་བ་མཉམ་པ་འཛེར་མ་བཏབ་པའི་བུ་ག་ཡོད་པ་བྱས་ལ། གསེར་དངུལ་ཟངས་གཤའ་ཞ་ཉེ་ཏི་ཚ་༦ སྦྲང་གཤོག་ཙམ་དུ་བརྡུང་བ། རྒྱ་ཤོག་ཙམ་གྱི་སྲབ་བུ་དགོས། ས་སྒམ་དང་མཚམས་པར་དྲས། རྫས་རྣམས་སྐ་སླ་ཞོ་ཙམ་བྱས་ཏེ་ཕྱི་ནང་ཀུན་ཏུ་ཁྱབ་ཅིང་རྫས་མ་ཆད་མ་ལྷག་པར་མཉམ་པར་བྱུགས་ཏེ་རིམ་བསྐམ་བྱ། རྫས་ཀྱི་ཤུལ་དུའང་ཆུ་ཞད་ཙམ་བརྒྱབ་སྟེ་ཁུ་བ་སླ་མོའང་ཀུན་གྱི་ཕྱི་ནང་མཉམ་པར་བྱུགས་ཤིང་རྫས་མ་ལྷག་པར་བྱ་སྐམ་ནས་ས་སྒམ་ནང་དུ་སོལ་ཕྱེ་བཀྲམ་པས་སྒམ་དང་སྦྲང་གཤོག་ཕན་ཚུན་མི་ཐུག་པར་བཙང་བའམ། ཞབས་སུ་སོལ་ཕྱེ་ཁོད་གཅིག་བཏིང་ནས་སྦྲང་
གཤོག་རྣམས་རས་དཀར་དྲི་མེད་ཀྱིས་དྲིལ་ནས་བཞག་ལ། སྟེང་འོག་གི་བར་གསེང་སོལ་ཕྱེ་ཅུང་ཞིབ་ཙམ་གྱིས་བཀང་། གཟེར་བཏབ་ཀྱང་ལེགས་མིན་ཀྱང་ཐུབ། ཁ་བསྡམས་པར་ས་སྒམ་གྱི་རྒྱུའི་འདག་པས་ཆར། དེ་སྐམ་ནས་གས་ཏེ་ཁ་མི་འཕར་སླད་དུ་རས་སམ་སྐུད་པ་འདག་སྦྱར་གྱིས་བཅད་སྟེ་མེ་དྲོད་ཆུང་ངུ་སོགས་ལ་བསྐམ་ཐག་ཆོད་ནས་ས་ཡི་མེ་སྒྱེད་ཁ་གཡེར་ལྟ་བུར་མེ་ལྕེས་བསྲེག་པའི་ལག་ལེན་འདུག་ཀྱང་སོལ་མེས་བསྲེག་ན་ལེགས། སོལ་མེར་བཅུག་སྟེ་སྦུད་པ་མ་ཆད་དལ་འབུད་བྱས་པས་སྣོད་རྣམས་དམར་ལྟེམ་མེར་སོང་ནས་བརྩམས་ཏེ་གོང་གི་ཡུན་ཚད་ལྟར་བསྲེག མེ་ཧ་ཅང་དྲག་ཏུ་བུས་ན་རྫས་རྣམས་ཞུ་སྟེ་འདྲིལ་བ་དང་། མེ་ཆུང་ན་ཡུན་ཚད་རིང་ཡང་མི་འཚིག་པས་མེ་ཚོད་སོལ་བ་དམར་ཧང་པ་དེ་ངང་བྱ་ཚོད་ཟིན་པར་བྱ། གསེར་ནི་རང་རྫས་གཞུང་བཤད་ལས་སུམ་འགྱུར་ཙམ་འཐུག་པོ་བྱུགས་ལ་མེ་ཤེད་ཤིན་ཏུ་ཆེ་བ་བར་མེད་ཀྱིས་བསྲེག་དགོས། སྤྱིར་མུ་ཟིའི་དྲི་སངས་པ་ཚོས་ཚད་དུ་གསུངས་ཀྱང་སྒམ་ལ་དྲོད་ཡོད་ཚེ་ཁ་ཕེད་ན་མུ་ཟིའི་དུ་བ་འཁྱིལ་བ་སྔོ་བསང་འཐུལ་རྒྱུ་ཡོད་ཀྱང་རྫས་ཚིག་ཆེས་པའང་མཐོང་བས་ན་མུ་ཟིའི་དྲི་སངས་ཁོ་ན་ལ་མི་ལྟ་བར་མེ་ཚད་སྙོམ་ཞིང་ཡུན་གོང་ལྟར་བརྟག ཚིག་ཡོད་སྙམ་དུས་ས་སྒམ་བླང་ན་གྲང་ནས་ཁ་ཕྱེ་ལ་སོལ་བ་རྣམས་ཐོག་མར་མཛུབ་མོ་སོགས་ཀྱིས་ལག་ནན་མ་ཤོར་བར་ཡང་བའི་ཚུལ་གྱིས་ཆུས་བཀྲུ། རས་ཀྱིས་གྲིལ་བ་བསྲེག་ལེགས་ན་སོལ་ཕྱེ་དང་མ་འདྲེས་པར་ལེན་བདེ་བ་འོང་། རས་
ཚིག་པའི་ཐལ་བ་དང་སོལ་ཕྱེ་དག་དང་ལྕགས་བརྒྱད་ཐལ་བ་འདྲེས་སུ་ཟིན་ཀྱང་ཆུ་བླུགས་ཏེ་དཀྲུགས་ནས་དྭངས་བཅུག་ལ་ཆུས་བཤལ་བས་སོལ་ཐལ་རྣམས་ཕྱིར་འགྲོ། ལྕགས་བརྒྱད་ཐལ་བ་རྣམས་ཞབས་སུ་སྙིགས་འོང་བས་ཆུ་སིགས་ཡང་ཡང་བྱ་བ་གལ་ཆེ། བསྲེག་དུས་དུ་བ་མ་ཤོར་བ་གནད་ཆེ། དུ་བ་མ་ཤོར་ན་རས་ཀྱི་ཐལ་བའང་ལག་པས་གཤག་ནུས་ཙམ་དུ་འདུག ལྕགས་བརྒྱད་ཐལ་བ་རྣམས་མཛུབ་མོས་བཅག་ན་ཆག་པ་ཤོག་ནག་འདྲ་ཞིག་རེད་པ་ཚོད་ཟིན་པ་ཡིན། ཤོག་ཐལ་ལྟ་བུ་ལག་པས་རེག་མི་བཟོད་པ་བྱུང་ན་ཅུང་ཚིག་ཆེས་པ་ཡིན། ཤིན་ཏུ་ཐལ་བ་དང་དུ་བ་ཤོར་ན་ཐལ་བ་དཀར་པོ་ལེན་མི་ལོ་བ་རེད་འགྲོ། ལྕགས་དང་འཁར་རག་རྣམས་ཕྱེ་མ་བྱས་ཏེ་རྫས་སྦྱར་མཐེབ་ཀྱུ་བསྐམ་ནས་ས་སྒམ་གྲུ་བཞིའམ་གྲུ་གསུམ་འཇོང་དུ་བླུགས་ཏེ་བསྲེག རྫས་རོ་ཆུ་སིགས་བྱ། ལྕགས་བརྒྱད་ཐལ་བ་རྣམས་སོས་འཐག་པས་ས་ལྟར་ཕྱེར་འགྲོ་ཡང་བཏེགས་ན་ལྗིད་སྔར་ལྟར་འདུག་པ་ཡིན།ཁམས་བདུན་སྲེག་རྫས་དང་བསྲེས་ཏེ་མཐེབ་ཀྱུ་བྱས་པ་གཞུང་ལྟར་ལ། ས་སྒམ་ནང་དུ་བླུགས་ནས་ཕྱེད་མ་གང་བར་བྱ་ཞིང་ལྕགས་ཀྱིས་དཀྲིས་བརྒྱབ་ནས་ཕྱི་ནས་རྫས་ཤེད་ཐུབ་གཡོགས་ལ་མི་འགས་པ་བྱ། བསྲེག་དུས་དང་སོལ་མེ་ཤེད་ཆུང་ལ་དྲོད་རིམ་ཕོག་ཡུན་རིང་ཐབས་མཁས་མ་བྱས་ན་ཟེ་ཚྭ་འཕྱུར་ནས་ས་སྒམ་ཕག་སྒྲ་བཅས་འཐོར་བས་གཟབ། ལྕགས་གཞན་རྣམས་ཕྱི་གཡོགས་ཆེར་མེད་ཀྱང་ཐུབ་པར་སྣང་། སྔོ་འཁྱོགས་བརྡུང་མི་བཏུབ་པ་དེས་
མི་ལོ། བལ་པོའི་ཡུལ་བྱུང་སྟོད་ཀྱི་སྔོ་འཁྱོགས་དཀར་ཤས་ཆེ་བ་དགོས། གཤའ་དངུལ་མདོག་ཅན་དེ་བཟང་། རྒྱུ་མ་བརྟག་ན་མི་འཚིག་པར་འདུག འདི་ནི་ཀཿཐོག་དང་དཔལ་སྤུངས་སུ་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་སྔ་ཕྱིར་ལན་གཉིས་རྒྱས་པར་བྱས་པའི་མྱོང་བྱང་དུ་མི་ཕམ་པས་བཀོད་པའོ། །གཞན་དངུལ་ཆུ་ལ་འདུལ་ལུགས་བཅོ་ལྔ་སོགས་བཤད་པ་གཞན་ལས་ཤེས། དེའི་ནང་གི་གཙོ་བོ་གྲང་འདུལ་དྲག་འདུལ་གཉིས་བསིལ་དྲོད་ལ་སྦྱར་རྒྱུའི་དངུལ་ཆུ་འདུལ་ཐབས་མདོར་བསྡུས་ཡིན་པས་གྲང་འདུལ་ལའང་ལག་ལེན་རྒྱས་བསྡུས་རིགས་མི་འདྲ་འགའ་ཡོད་ཀྱང་། མགྱོགས་འདུལ་ནི་ཞ་ཉེ་དང་གཤའ་དཀར་ཆ་མཉམ་དེ་རང་དང་དངུལ་ཆུ་མཉམ་པ་ལྕགས་སྣོད་དུ་མར་ཁུར་བཞུས་ལ་ལྕགས་ཐུར་གྱིས་དཀྲུགས་ནས་འདྲེས་ངེས་དུས་ཕོག་ལ་རྡོ་གྲང་སྟེང་བླུགས་པ་དངུལ་སྐམ་ལག་པས་ཆོག་པར་འགྱུར། དེ་ཀྵར་ལྔའམ་གང་རུང་དང་སྟར་ཁུ་ཟེ་ཚྭ་རེ་རལ་རྣམས་ཀྱི་ཁུ་བར་བསྐོལ་ནས་ཆུས་བཤལ་ལ། ལྗིད་མཉམ་མུ་ཟི་དང་སྦྱར་ཏེ་རྡོ་གཞོང་དུ་ཞིབ་འདུལ་ཕྱེ་མ་སྔོན་པོ་དེ་དངུལ་དང་སྦྱོར་དགོས་པའི་བསིལ་སྨན་རིགས་དང་བསྲེ། དུག་གཏན་མེད་དོ། །དྲག་འདུལ་ནི་མུ་དངུལ་ལྗིད་མཉམ་བཏེགས་ལ་ལྕགས་སྣོད་དུ་མུ་ཟི་བཞུས་པའི་ནང་དུ་དངུལ་ཆུ་བླུགས་ལ་མེ་ཤེད་མི་ཆེ་བར་དལ་བུས་བཞག་སྟེ་ལྕགས་ཐུར་གྱིས་དཀྲུགས་པས་འདྲེས་ནས་གྲང་བཅུག་ལ་ཡང་དྲོད་ཅུང་ཕབ་ལྕགས་སྣོད་ནས་བཀོག་སྟེ་རྡོ་བཏུན་དྲོད་ཕབ་པར་སྐམ་འདུལ་བྱས་པས་ཁྲ་ཙི་གེ་བ་དང་། མུ་ཟིའི་སེར་ལྗང་མངོན་པ་རྣམས་གཅིག་ཏུ་འདྲེས་ཏེ་སྔོ་ལྷང་བྱུང་
བ་སྟེ། སླར་ལྕགས་སྣོད་དུ་ཞུ་ཙམ་བྱས་ནས་དཀྲུགས་ཏེ་ཕོག་ལ་གྲང་བཅུག་པས་སྔོ་འཚེར་འབྱུང་བ་དེ་གར་བཞག་ནས་དངུལ་ཁྱུང་སོགས་དང་ཆུ་སེར་དང་གྲང་བའི་སྨན་རིགས་ལ་བསྲེ། འདི་སྐབས་མེ་ཆེ་མི་རུང་ཆུང་ན་ཡུན་རིང་ཡང་མི་སྐྱོན་ཚོད་ཟིན་ན་ཡུད་ཙམ་གྱིས་འགྲུབ་བོ། །ཚུལ་འདི་བྱས་ན་ཤ་ལྟར་ཟོས་ཀྱང་དུག་གཏན་མི་འབྱུང་ངོ་། །དངུལ་ཆུ་དང་སྦྱར་བའི་སྨན་གཞན་ནུས་པ་བརྒྱའམ་འབུམ་གྱི་བར་འཕེལ་བར་གསུངས། བཅུད་ལེན་གྱི་དངུལ་ཆུ་ལ་བཙོ་བཀྲུ་ཆེན་མོ་བྱས་ན་རབ། མིན་ཀྱང་དུག་མེད་པར་བཅུད་ལེན་དུ་བྱེད་པའི་ཐབས་ཀྱི་དམ་པ་ཀ་མ་དེ་བའི་མར་ནི་ཨ་རུ་གསེར་མདོག་འབྲིང་བ་གཉིས། ཛཱ་ཏི་བཟང་པོ་གཅིག མུ་ཟི་གསེར་འདྲ་ཞོ་གང་། ལྡོང་རོས་ཞོ་ཕྱེད། ལི་ཤི་བཟང་པོ་ཞོ་ཕྱེད་རྣམས་བསགས་ལ། ཛཱ་ལི་གཉིས་རྩམ་པ་རྩིང་པོ་ཙམ་དུ་བཏགས། གཞན་རྣམས་ཞིབ་པར་བཏགས་ཏེ་ཀུན་བསྲེས་ནས་དར་དཀར་དྲི་མེད་ཞེང་དུ་སོར་བཅུ། དཀྱུས་མཐོ་དོ་ཡོད་པ་ལ་འབྲི་མར་སྲང་གཅིག་མར་ཁུ་བཙག་བཅད་གྲུངས་པོ་བྱས། དབྱར་དུས་ཡིན་ན་མར་ཁུའི་བཞི་ཆ་ཙམ་ནང་སྨན་ཕྱེ་བཏབ་སྟེ་རས་དེའི་ཕྱི་ནང་ཀུན་ཏུ་ཁྱབ་པར་བྱུག རྩེ་ནས་སྐམ་པས་བཟུང་ལ་གཤམ་ནས་མེ་སྦར་ལ་མར་ལྷག་རིམ་པས་བསྣན། འོག་ཏུ་ཆུ་སྡེར་གང་བཟེད་དེ་ཞུན་ཐིགས་གང་བབ་བསགས། དགུན་དུས་ཡིན་ན་མར་ཁུ་ལ་རས་དེ་དྲངས་ནས་མཐིལ་དུ་སྨན་ཕྱེ་མཉམ་ལ་ཁྱབ་པའི་ཚུལ་གྱིས་ལེགས་པར་བཀྲམ། སླར་ཡང་མར་བྱུག་སྨན་བཀྲམ་རིམ་པས་སྨན་དང་མར་ཁུ་རྫོགས་པར་བྱའོ། །སྣ་ནས་བསྒྲིལ་ལ་མེ་
སྦར་བ་སོགས་གོང་ལྟར་བྱའོ། །ཞུན་མར་ཆུ་ནང་བབ་པ་བླང་ནས་ག་བུར་ཐུན་གཅིག་བཏབ་ནས་འདྲེས་པར་སྦྱང་པས་མིག་ལ་བྱུགས་ན་དངུལ་དུག་སྲུང་། མར་དེ་རྭའམ་ཤིང་གི་སྦར་བུར་ཚག་བྱ། དགོས་དུས་དངུལ་ཆུ་ཐིགས་པ་རེ་ལ་ཀཱ་མ་དེ་མར་ཉིས་འགྱུར་བསྲེས་ལ་འདྲེས་པར་མཉེ། འདི་ཁོ་ནས་དུག་མེད་ཅིང་། གཉན་ནད་གག་ལྷོག་གཟེར་གསུམ་འཇོམས། དུག་རིགས་ཐམས་ཅད་དང་ཁྱད་པར་དངུལ་ཆུ་ལ་སྦྱར་བའི་དུག་སོགས་ཁོང་དུ་སོང་འཕྲལ། མར་དེ་མཐེབ་ཚིགས་ཙམ་བཏང་ན་མོད་ལ་གྲོལ་ནུས། གཞན་ལུགས་ཀྱིས་དངུལ་ཆུ་དུག་བཏོན་ཟིན་རྣམས་ཀ་མ་དེ་མར་དང་སྦྱར་ནས་བརྟེན་ན་བཅུད་ལེན་གྱི་མཆོག་ཏུ་འགྱུར། མིག་སོགས་དབང་པོར་མི་གནོད་པ་མར་འདིས་ནུས། དངུལ་ཆུ་དང་མར་དེ་སྦྱར་བ་གཉན་སྐྲངས་ལ་བྱུགས་ན་གཉན་གསོད་ཅིང་སྐྲངས་པ་རྣག་ཏུ་འགུགས་པར་བྱེད། མཛེ་ལ་བྱུགས་ན་མཛེ་ཐུབ། གཞན་ཡང་ལུས་ཀྱི་ཕྱི་ཡི་སྲིན་བུ་སྲུང་བ་སོགས་ཡོན་ཏན་ཆེས་མང་སྟེ། ཛོ་ཀི་གྲགས་པ་མགོན་པོའི་ལུགས། འདི་ནི་ཡིད་བཞིན་ནོར་བུ་ལྟ་བུའི་གདམས་པའོ། །གཉན་དང་སྲིན་སོགས་གསོད་པའི་སྐབས་སུ་དངུལ་ཆུ་སྟར་བུས་བཤིག་པ་ཞེས་པ། དངུལ་ཆུ་ཞོ་གང་སྟར་ཞུན་ཞོ་དོའི་ནང་དུ་བླུགས་ལ། ཨོཾ་བྷ་ར་བྷ་ར་ཧིཿ བྷ་ར་ཀྲོ་དྷཱི་ཀཱ་ལིཿ དངུལ་ངར་སོདཿ མཚལ་ངར་སོདཿ དངུལ་དུག་ཡལ་ཡལཿ ཉལ་ཉལ་སྭཱ་ཧཱཿཞེས་བཟླས་པའི་སྔགས་མཆིལ་གྱིས་མཉེ་ཞིང་འདྲེས་པར་བྱ། ཡང་ན་བ་ཆུས་མཉེལ་སྔགས་མཆིལ་ལམ་སྔགས་བཏབ་སྟེ་འདྲེས་པར་བྱས་པ་ནི་དངུལ་ཆུ་སྟར་བུས་
བཤིགས་པ་ཞེས་བྱའོ། །རང་དང་ཟ་མཁན་རྡོ་རྗེ་མཁའ་འགྲོ་དཀར་མོ་རྒྱན་ལྡན་སྐྱིལ་ཀྲུང་མཉམ་བཞག་གིས་བུམ་པ་བསྣམ་པར་བསམ། བུམ་པའི་ནང་དུ་དངུལ་ཆུ་སྔོ་ཏིང་ངེར་འཁྱིལ་བའི་ཉེས་སྐྱོན་དབུ་བ་དང་རླངས་པའི་ཚུལ་དུ་ཡལ་ཞིང་དངུལ་ཆུ་ཉིད་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པ་ཁ་ནས་མྱོང་བར་བསམ་ལ་བཟའ། ལག་གཡོན་པའི་མཐིལ་དུ་དངུལ་ཆུ་བླུགས། སྔགས་བཏབ་པའི་གཡས་པའི་སྲིན་ལག་གིས་མཉེ་ཞིང་དཀྲུགས་ལ་སྔགས་མཆིལ་བཏབ། ཚུལ་འདིས་སྨན་གཞན་དང་མི་སྦྱོར་བར་དངུལ་ཆུ་རྗེན་པར་ཟོས་ཀྱང་ཉེས་པ་མེད། དངུལ་ཆུ་དེ་ལྕགས་ཐུར་གྱིས་བླངས་ནས་ཉ་ལྕིབ་ནང་དུ་བླུག མི་ལག་མི་འགྲིམ་པ་མཁའ་འགྲོའི་དམ་ཚིག་ཡིན་ཏེ། དངུལ་ཆུ་རྗེན་པར་ཟ་བ་འཆི་མེད་ཚེ་ཆུའི་གདམས་པ་ཟབ་མོའི། སྟར་བུ་སྦྱར་དུས་དེ་ལྟར་བཟླས་པས་ལྟ་ཅི་སྨོས་སོ། །ཡང་སྔགས་རྒོད་འདི་ལན་བདུན་བཏབ་སྟེ་དངུལ་ཆུ་རྗེན་པར་འཐུང་བས་རྣག་སྐེམ་ཞིང་གག་ལྷོག་གཉན་ནད་ཀུན་ལ་ཕན། ཨོ་ནི་ར་ནི་ར། བྷ་ན་བྷ་ན། གྷ་ཧུ་ར་ཙིཏྟ་ནན། རྨ་ལོ་ཤོན་ཤོན། དྷ་ན་གྷུ་ལུ་གྷུ་ལུ། ཤ་རི་རམ་སརྦ་ས་རཀྵ་མི། ཞེས་སོ། །རྗེས་སུ་ཆང་བཟང་ཕུལ་བཞི་འཐུང་བས་ཆོག །ཁམ་པ་རྐང་བཞིའི་གདམས་པ་ཟབ་མོའོ། ༈ །ཡང་དངུལ་ཆུ་འདུལ་ཐབས་ཀླུ་སྒྲུབ་ལུགས་ལྟར་བྱ་ན་དམ༢ར་ཟལ་བ༡༣འོ། །སྟར་བུ། གླ་རྩི། ཟངས་ཐལ། སྲམ་གྱི་བྲུན་ལྔ་ཞོ་རེ་རེ། དངུལ་ཆུ་སྲང་གང་སྦྱར་ལ་དཀར་ཡོལ་ནང་དུ་འདུལ་ཐོས་འདུར།
སྔགས་ཞིག་འདུག་ཀྱང་མི་དག་འདྲ་བས་མ་བཤུས། གོང་སྔགས་བཏབ་པས་ཆོག་གོ། དངུལ་ཆུ་ཚ་འདུལ་ལུགས་གཅིག་ལ། རྫའམ་རྡོ་སྣོད་དུ་ཆང་སྐྱུར་ཁྱོར་གང་ནང་ཚྭ་དམར་པོ་དང་བུལ་ཏོག་ཐུར་མགོ་རེ། སྟར་ཞུན་དང་ལུག་གི་རྐང་མར་རྙིང་པ་མཐེབ་ཚིགས་ཙམ་ནང་དངུལ་ཆུ་ཞོ་དོ་བླུག །མི་དང་བ་དང་རྟའམ་རའི་དྲི་ཆུ་བླུགས་ལ་མེ་ལ་བསྐོལ་ནས་དཀྲུགས་ཤིང་ཡུན་ཙམ་ན་ཚུར་ཕོག་དངུལ་ཆུ་མ་ཤོར་བར་བླང་། ཡང་རྫས་གསར་པར་སྔར་ལྟར་བཙོས་ཏེ་དེ་འདྲ་ལན་གསུམ་བྱས་མཐར། མར་ཞུན་ཁྱོར་གང་ནང་དུ་དལ་བུས་བཙོས་པས་དུག་ཐོན་ཏེ་བཟའ་རུང་བར་འགྱུར་རོ། །ཡང་ན་མི་ཡི་དྲི་ཆུ་བྲེ་དོ་ནང་མུ་ཟི་ཐུན་གཅིག་བཏབ་པའི་ནང་དངུལ་ཆུ་བླུགས་ལ། རྫ་སྣོད་ལྟ་བུར་དེ་ཁ་བཅད་རླངས་པ་མི་འཆོར་བར་དལ་བུས་དྲི་ཆུ་སྐམ་སྐམ་དུ་བཙོ་གྲང་ནས་ཁ་ཕྱེ་སྟེ་བལྟས་པས་ཤིན་ཏུ་དཀར་དང་ལེགས་པ་བེར་རྒ་འཛིན་པ་དང་། མཛུབ་མོས་ཐེན་པས་ན་ར་ར་འོང་བ་བྱུང་ན་དུག་ཐོན་ཏེ་འཚེད་པ་གྲུབ་པ་ཡིན། ཁ་ཞག་སྐྱ་ཁོག་ཆགས་པ་དུག་མ་ཐོན་པས་ད་དུང་བསྐྱར་ལ་བཙོ། དེ་འདྲའི་དངུལ་ཆུ་དེ་སྦྱོར་བ་གང་ལ་བཏང་ཡང་ཉེས་སྐྱོན་མེད་ཅིང་ཡོན་ཏན་ཆེ། དངུལ་ཆུ་ལོ་ཟླར་འཚེད་པར་བཤད་ཀྱང་ཐབས་དང་ལྡན་ན་ཡུད་ཙམ་གྱིས་འགྲུབ་བོ། །དངུལ་ཆུ་དུག་ཅན་མཉེ་བཙོ་སོགས་ཀྱི་ཚེ་དངུལ་དུག་སྲུང་ཕྱིར་ཆང་འཐུང་། ལག་གིས་གདོང་དང་ལག་པ་བཀྲུས་ནས་ར་ཚིལ་བྱུགས་པས་ཐུབ་བོ། །འདི་འདྲའི་དངུལ་ཆུ་དེས་གཉན་དང་ཚ་བ་སྲིན་སོགས་གཞོམ་པ་དང་བཅུད་ལེན་པའི་སྨན་དུ་ཡིད་བཞིན་ནོར་བུ་ལྟར་གཅེས་པར་བྱའོ། །ཨི་ཐིཿ
གཡུ་བྱེར་སོགས་ཀྱི་མི་བཞུ་བའི་རིན་པོ་ཆེའི་རིགས་ཀྱི་དུག་འདོན་ནི། གཡུ་བྱེར་མུ་ཏིག་སོགས་གང་ཡིན་ཁྲོལ་ཙམ་བརྡུང་ལ་རང་དང་ལྗིད་མཉམ་ཚ་ལ་དང་ཟེ་ཚྭ། ཟེ་ཚྭའི་སུམ་ཆ་ཙམ་གྱི་བེ་ལྗང་རེ་རལ་མཆོག མ་རྙེད་ན་ལྡུམ་བུ་རེ་རལ། གང་ག་ཆུང་། སྟར་ཁན་མང་ཙམ། ཨ་རུ་ར་རུས་པ་དང་བཅས་པ། མགྲོན་བུ་སྦོ་ཅན་ཐལ་བ་ཚྭ་འདེབས་ཙམ་གླ་རྩི་དྲི་ཐོན་བཅས་ལོ་བརྒྱད་དྲི་ཆུར་བཏབ་ལ་རིན་པོ་ཆེའི་ཕྱེ་ཁྲོལ་བུ་རྣམས་དེ་ནང་ཉིན་ཕྱེད་ཙམ་བཙོས་པས་བྱེ་རུ་མདོག་འགྱུར་ཏེ་དཀར་པོར་སོང་བ་དང་དུག་ཐོན་ཚད་ཡིན། དེ་རྗེས་ཆང་བཟང་བསྣན་ལ་ཡུད་ཙམ་བཙོས་ཏེ་ཕོག་ལ་ཆུ་གྲང་གིས་བཀྲུ། དེ་རྗེས་ཆུ་གཙང་ནང་ལན་གསུམ་བཙོས་ལ་བཤལ་ལོ། ༈ །དབང་རིལ་གནམ་མི་མཐོང་བུད་མེད་མི་རྒྱུ་བའི་གནས་སུ། དཀར་པོ་མཛོ་མོའི་འོ་མ་དང་། དམར་པོ་གཡག་རྒོད་ཤ་ཁུ། སྔོན་པོ་ཡིན་ན་ཆང་གིས་དྲོད་བབ་ཙམ་བཙོ། སེར་པོ་བཙོས་ཟན་ནང་དུ་གཏུམས་ནས་མེར་ཅུང་ཟད་ཙམ་བསྲེག་པས་དུག་ཐོན། ངར་འདོགས་པ་ནི་དབང་རིལ་ལེགས་བཏུལ་ཕྱེ་མ་སྲང་གང་ལ། ཁ་ཆེ་གི་ཝཾ་གླ་རྩི་ཛཱ་ཏི་ལི་ཤི་ལྔ་ཞོ་རེའི་ཕྱེ་བཅས་དཀར་ཡོལ་ནང་ཆུ་གཙང་ཤར་བལྟའི་ཆུ་བྱིས་པ་མགོ་གཙང་གིས་སྐྱོག་ཁ་ཆུ་ཡི་རྒྱུན་ཕྱོགས་སུ་ཐུང་ངུ་གྱུས་པས་བཅུས་པ་བླུགས་དར་བཀབ་པའི་སྟེགས་བུའི་སྟེང་འབྲུ་དཀར་གྱིས་གཡུང་དྲུང་བྲིས་པའི་སྟེང་དུ་ཞག་གཅིག་བཞག་ནས་སྨན་ལ་བསྲེ་བར་བྱའོ། །ཞེས་བཤད། ཡང་གསེར་སོགས་རིན་པོ་ཆེའི་རིགས་གང་ཡང་ཐལ་བ་མི་བྱ་བར་རྒོད་འདུལ་བྱ་ན་གཡའ་ཕྲལ་དྲི་བཀྲུས་
ནས། ཆང་བཟང་ནང་དུ་ཚོན་ལྟར་བཏུལ་ལ། ཨ་རུ་གསེར་མདོག་གི་ཕྱེ་མ་ཆུ་གཙང་སྦྱར་བའི་ནང་དུ་བསྐོལ་བ་ཐེངས་གཅིག་བྱས་ཏེ་ཚེས་བཅོ་ལྔའི་ཟླ་འོད་ལ་འདམ་འཐག་བྱེད་བཞིན་དུ་ཟླ་འོད་ཀྱིས་རེག་བཞིན་རིལ་བུར་དྲིལ་བ་དེ། རིན་ཆེན་གང་གཏོགས་དང་བུང་མཉམ་བསྲེས་ལ་ཉི་འོད་མ་ཕོག་སར་ཉིན་གཅིག་འདམ་འཐག་བྱས་པས་ཆོག་སྟེ། རྒྱུད་རྒྱལ་བདུད་རྩི་བུམ་པ་ལས། སྨན་མཆོག་རྒྱལ་པོ་ཨ་རུ་གསེར་མདོག་ནི། །སྤྲིན་བྲལ་བཅོ་ལྔའི་འོད་བརྡུང་ནུས་འབུམ་ལྡན། །རས་དཀར་དྲི་མེད་བཀབ་ལ་ཞག་གསུམ་བསྙལ། །འདིས་ནི་རིན་པོ་ཆེ་ཡི་དུག་རྣམས་འཇོམས། །ཞེས་གསུངས་པ་ལྟར་འདི་རིན་པོ་ཆེ་བཞུ་མི་བཞུ་ཀུན་གྱི་དུག་སེལ་བྱེད་ཡིན། འདི་ལྟར་བཏུལ་བའི་གསེར་གྱིས་ཚེ་རིང་རྒས་སྲ་དབྱིག་དུག་སེལ་གསུངས། གསེར་དུག་ཆང་དང་ཚྭས་སྦྱོང་། དངུལ་ལྕུམ་བྲག་ཛས། བྱ་རུ་རྡོ་ཐལ་མཚུར། མུ་ཏིག་གཞན་དང་འདྲ། ཟངས་ལྕགས་འཁར་དུག་འོམ་བུས་དབྱུང་། དངུལ་ཆུ་སྟར་བུས་བཤིག ཞེས་ཤོག་དྲིལ་ལས་སོ། །སྦྱོར་སྡེ་རང་ཁོལ་ལས། རིན་ཆེན་སྦྱོར་བ་ཡོན་ཏན་དྲུག་དང་ལྡན། །སེམས་གསལ་རྒས་དཀའ་ལུས་ཉམས་བདེ་བ་དང་། །ནད་རིགས་འདུ་བ་འཇོམས་དང་བདེ་བ་སྐྱེད། །ཀུན་དང་སྦྱོར་བ་མཐུན་པ་རིན་ཆེན་སྦྱོར་སྡེ་ཡིན། །ཞེས་གསུངས་ཤོག་དྲིལ་ལས་སོ། །སྐྱེ་རྒྱུན་གཅོད་པའི་གསེར་གཡའ་མི་ཕྲལ་བཞུ་སྲེག་སྤང་ལ་བརྡུང་བརྡར་གྱིས་ཆང་བཟང་དུ་གཏུན་བསྣུར་གཡའ་བཅས་གཏོང་གསེར་འདུལ་གྱི་གཡའ་གཞན་སབ་ཀྱང་བཟང་གསུངས། ཆང་ནང་དྲོད་ཕབ་ལབ་ཅུང་ཟད་
བཅས་ཞག་གསུམ་བསྙལ་མས་འཐག་ནས་རིལ་བུར་དྲིལ་བ་དགོས་སོ། ༈ །ཅོང་ཞི་འཕྲུལ་ཐལ་གསེར་མདོག་རྒྱམ་ཚྭ་བོང་དཀར་ཚ་ལ་པི་ལིང་ཞོ་རེ། མུ་ཟི་དུལ་མ་ཞོ་ཕྱེད་དེ་རྣམས་ཞིབ་བཏགས། དེ་ཀུན་གྱི་ཉིས་འགྱུར་ཕོ་ཅོང་བཟང་པོ་བཅས་ལྷན་ཅིག་ཞིབ་བཏགས། སྨྱུག་དོང་ལྟ་བུའི་བསྲེག་ཀོང་ནང་སུམ་ཆ་བཀང་སུམ་གཉིས་སྟོང་པར་བྱས་ཁ་བཅད་དུ་བ་མ་ཤོར་སོལ་མེས་ཚོས་བར་བསྲེག ཚོས་ལེགས་ཐལ་པ་རབ་དཀར་གྱིས་སྣོད་ཁེང་། ཆུར་བཏབ་ཁོལ། ལྕེར་རེག་འབིགས་སྙམ་བྱེད། ཤ་རྗེན་ལ་བྱུགས་ན་མེ་ལྟར་ཚ་བ་དེ་ཀ་ར་སུམ་འགྱུར་རྟ་བྱས་བཏང་བས་སྐྲན་དང་ལྕགས་དྲེག་རྡོ་དུག་སོགས་གྲང་ནད་ཀུན་སེལ། ནག་པོ་མ་ཚོས་ན་སླར་བསྐྱར། ཅོང་ཞི་རྒོད་བཏུལ་ཕོ་ཅོང་བཟང་པོ་མཐེབ་ཙམ་མང་པོ་སོལ་མེས་བསྲེག་ནས་དམར་ལྷང་བ་བསིལ་འདོད་ཆུ་དང་། དྲོད་འདོད་ཆང་ནང་བསྐྱུར་བས་ཞོ་ལྟར་འཇུ་བ་དེ་གཏོང་། དར་བར་ཕབ་ན་བསིལ་དྲོད་སྙོམས། མ་ཕབ་རང་དྲོད་ཀྱིས་ཤིན་ཏུ་ཚ་ཞིང་འབིགས་བྱེད་དེ་རུལ་གཅོད་དང་གྲང་སྐྲན་བཤིག་པར་གཏོང་། གང་ཡང་མ་ཚོས་པའི་སིག་མ་ཏིལ་འབྲུ་ཙམ་སོང་ན་ཐལ་བའི་དུག་ཏུ་བཤད་པས། རླན་ཕབ་ལ་དར་ཚགས་ལ་དྲང་པར་བྱ། མ་ཕབ་ན་ཤིང་བུས་སྐམ་ཉེད་བྱས་ནས་དར་ཚགས་ལ་དྲང་བར་བྱ་ཞིང་སིགས་མ་དོར་རོ། །རྡོ་ཞུན་ཞེས་བྱ་རྡོ་དཀར་རམ་སྔོ་དང་ཆར་སྤྲིན་མདོག་ཅན་ཡོད། གང་ཡང་ཆར་ཉིས་མ་གདུང་ས་འོག་ནས་བླང་འཕྲལ་གོང་ལྟར་བསྲེག་ཕབ་སིགས་མ་དོར་བས། སྐྲན་བཤིག་པ་སོགས་བྱེད་དོ། །ཤིང་ལྕུམ་བྲུན་སོགས་ནུས་བསྲེག་
དགོས་རིགས་དུ་བ་མ་ཤོར་བར་ནུས་ལྡན་དུ་བསྲེག ནག་འཚེར་འོད་ལྡན་ལེགས་སྔོ་དཀར་ཐལ་སྔོན་འདྲ་བ་ཚིག་ཆེས། ཁམ་སེར་རང་མདོག་གི་ཤས་ཡོད་པ་མ་ཚིག་པས་སྤོང་། དུད་འགྲོན་ཤ་རུ་དུར་ཐོད་སོགས་རྣག་གཅོད་ཐལ་བ་འདེབས།སྨན་རྣམས་སོལ་མེས་ཧར་བསྲེག་བྱའོ། །མ་ཚིག་པ་སྤངས་ཏེ་དཀར་སངས་དུ་བ་མེད་པའི་བར་དུ་བསྲེག་གོ། བྱ་སྒྲོའི་རིགས་རྣམས་ཤེལ་མེའི་འོད་ཀྱིས་སྲེག མ་རྙེད་མེ་ཆེན་འོད་དང་ལྕགས་བསྲེག་སོགས་ཚ་ངབ་ཀྱིས་བསྲེག རྨ་བྱའི་མདོངས་སླ་ངའམ་མེ་ལོང་གི་སྣོད་དུ་བཞག་སྟེང་ནས་ལྕགས་སླང་བཀབ་དུ་བ་མ་ཤོར་བར་བསྲེག་བྱས་པས་ཐལ་བར་སོང་ཡང་མདོངས་བཀྲག་མ་ཉམས་པ་དེ་དགོས་སོ། །ག་དོར་གསུམ་མ་གཏོགས་རྭ་རྣམས་ཐལ་ཚན་ནང་ངམ་མེ་འོད་དུ་བསྲོས་ཙམ་བྱས་ལ་གྲང་ནས་བརྡུང་ན་འདུལ་སླ། ཁ་ཤའི་རྭ་དང་མི་སོག་ནུས་ལྡན་དུ་བསྲེག བསེ་རུ་མི་བསྲེག་པར་ཁྲམ་བརྡུང་བྱས་ནས་སླ་ངར་རློང་ཐོན་ཙམ་དུ་ལན་གསུམ་བརྔོ། ཞིག་ཙམ་བརྡུང་ནས་རང་མཉམ་ཆུ་གྲང་ནང་བརྡུང་ལ་འཐག་བཞིན་ཆུ་བསྣན་ཏེ། བསེ་རུའི་ཕུང་པོ་ཆུ་ཡིས་བཤིག་ཅེས་པ་ལྟར་བྱའོ། །མཚལ་ཐལ་ནི་དངུལ་ཆུ་བཏོན་པའི་སྙིགས་མ་དེའོ། །མིག་ལ་འདེབས་རྒྱུའི་རྒྱ་ཚྭའི་ཐལ་བའམ་དུད་པ་ནི། ལྕགས་བསྲེག་གམ་བོང་མེ་དམར་པོའི་སྟེང་དུ་རྒྱ་ཚྭ་ཞིབ་བཏགས་ཕྱེ་ཐུར་མགོ་རེ་བླུགས་ལ། སྟེང་ནས་ལི་ཡི་ཏིང་པོར་གྱིས་བཀབ་བྱེ་མ་རློན་པས་ནུབ་པར་སྟེང་ནས་བྱིབས་ལ་དུ་རློང་མ་ཤོར་བ་བྱ། གྲང་ནས་ཏིང་ཕོར་དུ་ཆགས་པའི་དུ་བ་དཀར་པོ་ཕུག་རོན་དང་རུས་བསྡུ་དེས་
ལི་རོ་སོགས་གཅོད། འདེབས་ལུགས་ཆ་བྱད་ཀྱོང་པོ་ནས་ཕུས་འདེབ་བམ་རྒྱུས་མདའི་སྦྱོར་བས་སོ། །ར་གན་དུད་པ་ཟངས་སྲང་གང་བཞུས་ནང་ཏི་ཚ་ཞོ་ལྔ་བཅུག་པས་སྒྲ་བཅས་དུད་པ་ཕྱུར་བའི་ཁ་ལ་རྩམ་པ་བཏབ་པས་བཀབ། དཀྲུགས་ཤིང་འདྲེས་པར་བསྐོལ་ལ། ལྕགས་སྣོད་བུག་མེད་དུ་ཆང་ཕུལ་གསུམ་ཙམ་ནང་ཚྭ་དང་རྩམ་པ་བྱ་སྒོང་གང་རེ་བཏབ་ལ་འདྲེས་པར་དཀྲུགས་པའི་ནང་དུ་བླུག་ཀོང་བྱོས་པས། ར་གན་ལིང་དུ་འཇག་པ་དང་རག་དུག་ཐོན་པར་འགྱུར་རོ། །སླར་རག་དེ་བླུགས་ཀོང་ནང་དུ་གཞུག་ཞུ་ཚེ་བླུག་ཀོང་དེ་ཡི་ཁ་དང་རྒྱ་མཉམ་པའི་རྫའམ་ལྕགས་ཀོང་བླུགས་ཀོང་དེ་འདྲ་བ་དཔངས་ཁྲུ་གང་ཡོད་པ་ཁ་ལ་སྦུབ། མེ་དྲག་པོས་ར་གན་ཆད་ནས་དཀྲུགས་ཤིང་བསྲེག །ཁ་ཡི་སྦུབ་ཀོང་ཚིག་ན་དུ་བ་མི་ཆགས་པས། སྦུབ་ཀོང་གཉིས་གསུམ་བརྗེ་རེས་བྱུང་ན་བཟང་། དུད་པ་ཆད་ནས་ར་གན་ཟངས་སུ་སོང་ནས་དུད་པ་བྱ་སྒྲོས་བསྡུ་འདི་མིག་སྨན་ལ་འགྲོའོ། །ལྕགས་ཕྱེ་འོ་མ་ཁུར་བཙོ། ཚ་ཆུར་བསྣུར་བས་དཀར་པོར་སོང་བ་དེ། གསེར་མདོག་ཤ་རྐྱང་བ་རང་མཉམ་བསྐོལ་ཁུར་བཏབ་ནས་དྲོད་བཅས་བསྙལ་བས་ཞུ་ནས་སྔོན་པོར་སོང་བ་མཆིན་ནད་དུག་སོགས་ཀྱི་གཉེན་པོ་ཟླ་མེད་དོ། །ཚྭ་བཟོ་ཚྭ་བསྲེག་སོགས་གཞན་ལས་ཤེས་སོ། །མར་ཁུའི་རིགས་ནི་སྟེང་གི་བསྲེག་རྫ་བྱ་སྒང་དབྱིབས་ཅན་དུ་རྫས་གང་ཡིན་བཅུག བར་རྫ་སྨྱུག་སྦུབས་ཀྱི་བར་ཁྲིག་འདྲ་བ་བུག་མང་བ་ཅན། བཟེད་རྫ་བསྲེག་རྫ་འདྲ་བ་དོང་དུ་སྦ། བར་མཚམས་འདག་སས་ཆར། སྟེང་རྫའི་རྒྱབ་ནས་མེ་འབུད་
པ་སྤྱིའི་ལག་ལེན་ནོ། །བྱེ་བྲག་མར་ཁུ་རིགས་བཅུ་གཉིས་བཤད། དྲི་ཆེན་སྐམ་པོ་དྲི་ཆུ་སོགས་བྲུན་པ་བསྲེགས་པའི་ཞུན་བབ་བདུད་རྩི་མར་ཁུ། ཕུག་རོན་ཁྱིམ་བྱ་མཆིལ་པ་སོགས་ཀྱི་བྲུན་ལས་བྱ་ཡི་མར་ཁུ། རི་ཕྱུགས་ལྕི་བ་ལས་ཕྱུགས་ཀྱི་མར་ཁུ། འོམ་བུའི་རྩ་བ་སོགས་ཀྱི་ཤིང་སྣའི་མར་ཁུ་སོགས་སོ། །ཙན་དན་དཀར་དམར་ཤུག་དམར་སོགས་ཕབ་ཙན་དན་མར་ཁུ། སེང་ལྡེང་གི་དེ་བཞིན། ཤུག་ཤིང་ངམ་ཤུག་ལོ་རློན་པ་ལས་ཤུག་པའི་མར་ཁུ་བྱའོ། །རུས་སྣའི་མར་ཁུ་རྣམས་ཀྱི་ཞ་རིང་རྩ་དང་ལྤགས་ནད་ཟ་འཕྲུག་བྱུང་བ་སོགས་སེལ་བའི་ནུས་པ་སོ་སོར་ཡོད་དོ། ༈ །སིཧླ་ཨར་ནག་ཙན་དན་དམར་སོགས་དྲི་ཞིམ་སོགས་ལས་མར་ཁུ་བཏོན་པ་དྲི་ཞིམ་སྤོས་མཆོག་བྱུག་པ་གསང་རྒྱ་ཅན་ནོ། །ཤིང་ཀུན་དྲི་དགག་ན། ནས་ཙམ་བརྡུང་རས་ཀྱིས་གཏུམ་རླུང་ལྡང་མེ་ཉིས་དབེན་སར་ཟླ་གཅིག་བཏགས། དྲི་ངད་ཡལ་ནས་མཛོ་འོས་བྲན་མར་བཏབ། བསྲོས་མཉེས་སྐམ་པར་བྱེད་དོ་གཞན་དུ་དྲི་ཅན་བཟང་པོ། ཤིང་ཀུན་ནི་སྒོག་པའི་རིགས་དང་ཀླད་ལས་བཅོས་ཚུལ་ཡོད། དྲི་ཆུ་བར་མ་སྨྱུག་དོང་ལྟ་བུ་ཆ་གསུམ་ཐེམ་གཉིས་ཅན་དུ་དྲི་ཆུ་ཞག་གསུམ་གཞག་ཐེམ་གང་བཙག་ཐོག་དེ་དོར། འོག་མ་བཙག་པ་བར་མ་བླང་། ཞབས་ཀྱི་ཆ་གཅིག་སྙིགས་ཡིན་དོར་གསུང་། དངུལ་ཆུ་དངུལ་རྡོ་སོགས་དང་རེ་ཧྲུལ་ཕུག་རོན་སྡིག་པ་སོགས་ལས་ཕབ་པར་བཤད། ཀོ་བྱི་ལ་སྟོད་འཚང་ཚ་སྲིན་ཚ་བ་གཟེར་ཐང་སོགས་ལ་སྤུ་བཅས་དེ་གར་བཏང་། གཟེར་ཆེར་མེད་རྒས་དང་གཉན་ཚད་སྟོབས་
ཆུང་ལ། སྤུ་གཞར་མེ་མུར་ནང་དུ་དྲོས་ཙམ་བསྲེག ལྡན་འདུས་དུག་རིགས་ལ་འཇམ་འདུལ་ནི་ཀོ་བྱི་བདུན་རེ་ལ་མཛོ་མོ་དཀར་ཟལ་ནག་ཟལ་ཀྱང་རུང་བར་བཤད་སོགས་ཀྱི་འོ་མ་ཕུལ་དོ་རེའི་ནང་དུ་བསྐོལ་ནས་ཕྱེད་ཙམ་ལུས་ཚེ་ཕྱུང་ནས་བསྐམ་པར་བྱའོ། །ཁུ་བ་བྱའམ་ཁྱི་ལ་བྱིན་ན་མི་ཟ་བའམ་ཟོས་ན་སྐྱུགས་པ་དུག་ཐོན་པའི་རྟགས་སོ། །གངས་ཐང་ཕྲོམ་དང་དུག་ཐང་ཕྲོམ་གཉིས་ནི། སླ་ངར་སྣ་སེར་ཙམ་བརྔོས་པས་དུག་ཐོན་ནོ། །རྩ་བའི་སྨན་རྣམས་ལས་དྲོད་སྨན་རྣམས་མ་གཏོགས་པའི་བསིལ་དང་སྐམ་གྱི་སྔོ་སྨན་རིགས་གང་ཡང་བརྐོས་མ་ཐག་ཏུ་བྱང་བ ལྟའི་ཆུ་མིག་ཤིན་ཏུ་གྲང་བསིལ་གྱིས་དག་པར་བཀྲུས་པས་དུག་ཕྲན་མཐའ་དག་ཞི། དྲོད་སྨན་རྣམས་ལྷོར་བལྟའི་གཞུང་འབབ་ཆུ་བོར་ཉི་འོད་ཕོག་ཚེ་བཀྲུས་པས་དུག་དང་ཕྲལ་ལོ། །བསིལ་དྲོད་གང་ཡང་སྐྱེ་སར་སྐྱེས་པ་དུས་བཏུས་དང་། བསིལ་སྐམ་དང་དྲོད་སྐམ་སོ་སོར་བྱ། སྔོ་རློན་ཆོ་བ་བརྡུང་བྱ། རྡོ་སྨན་རྣམས་ནས་ཙམ་ཁྲོལ་བརྡུང་བྱས་ལ་ཆུ་གྲང་ལ་བཏགས་ནས་ཞག་དང་སྦུ་བ་གང་བྱུང་དོར། སིག་མ་དེ་བོང་དམར་ཆུ་ལ་ཡུན་རིང་བཙོ་ཁུ་བ་དོར་ནས་དག་པར་བཀྲུས་པས་རྡོ་དུག་ཐོན། འདི་རྡོ་ཡི་བཅུད་ལེན་བྱ་ན་ངེས་པར་བྱས་ན་བཟང་། གཞན་དུ་ཁྲོལ་བརྡུང་བོང་དམར་ཆུ་ལ་བཙོ་ཞིང་ཆུས་དག་པར་བསལ་བས་ཀྱང་རུང་ངོ་། །མི་བཞུ་བའི་རིན་ཆེན་རིགས་སྒེར་གྱི་དུག་འདོན་ཡོད་ཀྱང་མ་བྲིས་སོ། །བཞུ་མི་བཞུའི་རིན་ཆེན་གང་གཏོང་ཡང་ཚྭ་ལ་བསྲེག་ཐལ་དང་ཟེ་ཚྭ་ཅུང་ཟད་འཇུ་རྩིར་བཏང་། རྣོ་འདོན་དང་དུག་
སེལ་དུ་ཕ་ལམ་བཅུ་ཆ་བཏང་བ་ཤིན་ཏུ་ཟབ། ཡང་ཀོ་བྱི་རའམ་བོང་བུའི་འོ་མར་ཞག་གཅིག་སྦང་ན་ཁ་དོག་སོགས་སྔོན་བས་འཕགས་པ་འབྱུང་དེ་ནས་བཏོན་ལ་བཀྲུ། སྲད་མ་ལྕགས་ཕོར་ནང་དུ་ཏིལ་མཉེས་པའི་ཁུ་བ་ནག་པོར་ན་ཕབ་ལ་མཉེ་ནག་ཅིང་འཚེར་བར་བྱུང་ན་འགྲུབ། ཨ་རུ་ར་ཚོས་ཤིང་མེར་བསྲེག་ཐལ་བར་གྲོ་ཆང་དུམ་གཅིག་བླུག་པར་ལྷོག་ཙམ་ཁོལ་ནང་ཞག་གཅིག་སྦང་། བཏོན་ལ་ཆུ་གཙང་གིས་བཀྲུས་པས་དུལ་བ་ཡིན་ནོ། །རྨ་བྱའི་མདོངས་དུར་གྱི་འོག་ནས་འཐོན་པའི་མེ་ལོང་ལ་ཕྱི་བའི་ཚིལ་བྱུགས་ཏེ་བསྲེག་པ་དེ་ཡི་འོད་ལ་རེ་རེ་བཞིན་དུ་བསྲེག སྟག་གི་སྨ་ར་རྨ་བྱའི་སྒྲོ་བཞིན་བསྲེག གཟུག་མོ་བྱི་ཐུར་སུ་རུ་དཀར་ནག་གི་མེ་འོབས་ཐལ་ཚན་འདྲེས་པར་རྩི་ཧྲོག་ཙམ་བསྲེག ཡུངས་ཀར་ཉུང་སོན་ཆང་གིས་རླན་ཅུང་ཕབ་ཟངས་སྣོད་དུ་སེར་ཙམ་བརྔོས་པས་འགྲུབ། གི་ཝཾ་དང་གླ་རྩི་ཆང་གིས་སྦང་ལ་བསིལ་བར་སྐམ། དཔའ་བོ་དཀར་སེར་བོང་ང་གསུམ་དོམ་མཁྲིས་རྣམས་དུག་མེད་འདུལ་མི་དགོས། ལྷང་ཚེར་ལྗིད་མཉམ་ཚྭ་ལའམ་ཚྭ་དང་མཉམ་དུ་བརྡུང་ལ། ཕྱེ་མ་ཀོང་བུར་བླུགས་ལ་ནུས་བསྲེག་བྱས་པས་ཐལ་བར་འགྱུར། མུ་ཏིག་མུ་མེན་གཉིས་ལ་ཕག་ཚིལ་བྱུགས་ནས་སྐྱེར་བའི་མེ་ལ་ངམ་ནག་སོང་ཙམ་བསྲེག གཡུ་གླ་རྩི་དང་སྒང་ཐོག་པའི་མར་ཁུ་བསྲེག་བྱུག་དུ་བའི་ཁར་ཞག་གཅིག་བཏགས་ནས་ཆུ་ལ་བཀྲུས་པས་འགྲུབ། སྦུར་ལེན་བོང་བུའི་རྨིག་པ་བོང་བུའི་ཆུར་བླུག་ནས་ཞག་གསུམ་སྦང་ལ་ཆུས་བཀྲུ། སྦྲུལ་གྱི་མིག་ཟེ་ཚྭ་རྟ་རྨིག་གི་གཞོབ། གླ་རྩི་གསུམ་བཏབ་པའི་ཆུར་ཅུང་ཙམ་བཙོས། སྐམ་པའི་རྗེས་སུ་
ལ་ཆའི་མེས་སེར་ཙམ་བསྲེག་ཆེར་མི་བསྲེག །ཁྱིམ་བྱའི་ཕྱི་སྡེར་སྣུམ་ལ་བཙོས་ནས་སེར་ཙམ་ནག་པོར་མ་སོང་བ་བྱ། བུ་མོའི་སོ་ཆོལ་བརྡུང་བྱིས་པའི་ཆུ་ནང་བ་སོ་དང་མཉམ་དུ་བཙོས་པས་དུག་འཇོམས་ཤིང་ནུས་པ་ཁྱད་པར་དུ་འཕེལ། ཉ་ཕྱིས་ཉ་ལྕིབས་འབུ་སྐྱོག་རྣམས་ཟེ་ཚྭའི་ཆུར་བཙོས་ཤིང་བཀྲུས་པས་ཐོན། གསེར་སྦྲུལ་གཡུ་སྦྲུལ་ལྕགས་སྦྲུལ་ཐག་སྦྲུལ་རྣམས། གླ་རྩིའི་ཆུ་ལ་ཞག་གཅིག་སྦང་། ཁུ་བ་དང་ནི་སྦྲུལ་ལྤགས་དོར་བར་བྱ། འོན་ཀྱང་སྲིད་སྲུང་བར་ཐག་སྦྲུལ་དུག་ཅན་དགོས་སོ། །ཨ་ག་རུ་ནག་པོ་རྭ་འདྲ། དུག་ཅན་ཤོག་ཤིང་རིགས་ཀྱི་སྙིང་པོ་དེ། ཕྱུགས་ཁྲག་བཏར་མ་ཐག་པ་དྲོད་ལྡན་ནང་ཡུན་བཞག་བཀྲུས་པ་དག ལྡོང་རོས་རང་ལས་ཉིས་འགྱུར་ཀཉྩའི་ཆུར་གོང་བཞིན་བཀྲུས་པས་དག མུ་ཟི་ཇི་ལྟར་ཡང་རྒོད་པོ་སྤང་། ར་ཚིལ་དང་འབྲི་མར་ལ་བཞུས་ལ་ཨ་རག་གམ་ཆང་བཟང་ནང་ཞག་གསུམ་སྦང་ལ་བཀྲུས། དེ་ནས་སྲན་མ་ཙམ་བརྡུང་བ་རས་ཁུག་བཅུག དུར་བའི་ཁུ་བ་བརྗེ་ཞིང་ལན་གསུམ་བར་དུ་བཙོ། དེ་རྗེས་ཆུ་ཡིས་བཀྲུས་པས་དག ཡང་ན་དུར་བ་ཤུ་དག་དཀར་པོ་བསྡུས་ཁུར་ཞག་གཅིག་སྦང་ནས་བཙོས་ཆུས་བཀྲུ་བར་བྱའོ། །བྲག་ཞུན་ས་རྡོ་བྲུན་འདྲེས་པ་ཆུ་ཡིས་བསིང་། འདི་རང་ལ་དུག་མེད་ཀྱང་སྦྲུལ་ཡོད་སར་དེའི་སོས་ཟོས་པས་སོ་དུག་ཡོད་པ་ལ་གླ་རྩི་དྲི་ཐོན་བཏབ་པས་སེལ་ཞེས་གསུངས་སོ། །དུག་བཅོས་སྐབས་ཀྱི་ཉུང་སོན་ནི་ཉུང་དམར་ལས་སྐྱེས་པའི་ས་བོན་ལོ་ལྔ་ལོན་པའོ། །ཉུང་ཁན་ཅེས་པ་ཆར་ཉུང་དམར་
མདོག་ཅན་ལོ་དགུ་ལོན་པའི་ཁཎྚ་མ་ཚིག་མ་འདྲེག་པ་དགོས་སོ། །སྦྱང་སྨན་སྐབས་སུ་ཨ་རུ་བཙོ་སྲེག་རྗེན་གསུམ་གྱི་དང་པོ། ཨ་རུ་སྐམ་པོ་སུལ་མང་གསེར་མདོག་དེ་མཁྲིས་པ་ལ་བཏང་ན་བཟང་བས། དེ་རང་དང་ལྗིད་མཉམ་དུར་བྱིད་ཆུར་གདུས་ནས་སིགས་མ་སྟེ་སྙིགས་ཁུ་བ་ནན་གྱིས་བཙིར་ནས་དོར་བ་དེ་ནང་ཞག་གསུམ་སྦང་། རུས་པ་དོར་ནས་མ་ཚིག་པར་ཁུ་བ་རང་ཐིམ་དུ་སྐམ། བསྲེགས་པ་གཏོང་ཡུལ་ནད་ལ་དམིགས་བསལ་བའི་ཨ་རུ་ར་རང་གི་སུམ་འགྱུར་ཟན་གྱི་ནང་དུ་གཏུམ། དེ་རྒྱབ་ཨ་རུའི་དྲུག་འགྱུར་བ་ལྕིས་བཏུམ་ལ་མེ་མུར་ནང་དུ་དལ་བུས་ཡུན་དུ་བསྲེགས་ཏེ་བ་ལྕི་ཐལ་བ་ཟན་དེ་སོལ་བར་སོང་ཞིང་ཨ་རུའི་ཕྱི་རྩི་སེར་ཧྲོབ་ནང་མ་ཚིག་པ་ཚོས་ཚད་ཡིན། ཕྱི་ཐུམ་ཚིག་མ་དང་ནང་གི་རུས་པ་དོར་ལ་སྨན་དུ་གཏོང་ངོ་། །གསུམ་པ་རྗེན་པ་ཨ་རུ་མཆུ་རིང་གི་རྩེ་མོའི་མཆུ་ནི་ཐལ་ཚན་ནང་དུ་བརྔོ། མ་ཚིག་པར་དྲོད་ཆེ་ཚ་ངར་ཐོན་ཙམ་བྱ། ཨ་རུ་འདིའི་རྩེ་མོས་སྦྱོང་། རྩ་བས་འཁྲུ་བ་གཅོད་པས་རྩ་བ་ཤིང་དང་འབྲེལ་མཚམས་བཀོག་རྗེས་ཡོད་པ་རྩེ་མོ་གཅིག་ཤོས། རྩེ་རྒྱལ་ཡིན་མ་ནོར་བ་གལ་ཆེའོ། །ཐར་ནུ་ནི་རི་གཟར་ས་འབོལ་བྱང་བལྟས་ནས་བརྐོ། དེ་ཡང་ཕུ་གངས། མདའ་ཆུ་ཆེན། མདུན་ན་ཆུ་དྲག་འབབ་པ་མཐོང་བ་གསུམ་ལྡན་ཞེས་མཆོག བརྐོ་དུས་སྟོན་ལོ་མ་སེར་ཙམ་ནས་ས་མ་འཁྱགས་པར་བརྐོ་བ་ས་ཆུའི་ནུས་པ་ཐུར་བབ་དུས་ཡིན་མི་སྐྱུགས་འཁྲུ་བར་ཕྱེད། སྐྱུགས་སྨན་དཔྱིད་དུས་བྱེ་མ་དང་ས་བདེ་བར་སྐྱེས་པ་ལོ་མ་ཁ་བརྐོས་པ་མེ་རླུང་ནུས་པ་གྱེན་འགྲོའི་དུས་ཡིན་པས་མི་འཁྲུ་གྱེན་འདྲེན་སྐྱུག་པར་བྱེད།
བཤལ་སྐྱུག་གི་སྨན་གང་ཡང་རྩ་བ་སྦོམ་པ་དང་། འཛེར་ལག་རྩུབ་པ་ཅན་སྤང་། རྩ་བ་ཕྲ་ཞིང་རྐང་གཅིག་འཇམ་ལ་རིང་བ་བཟང་ཞིང་། རྩ་བ་མ་སྣད་ཞོ་མ་བོ་གཏིང་ཐོན་བརྐོས་ན་ནུས་པ་ཆེ། ས་དྲེག་ཆུས་བཀྲུས་ནང་རྐང་དང་ཕྱི་ལྤགས་དོར་ལ་གཏོང་དགོས་སོ། །ཐར་ནུ་འདུལ་དུས་དུམ་བུར་གཤག་ལ་གཏུབ། འདུལ་ཐབས་བདུན་ཡོད་པ། འོ་མར་བཙོས་པ་འཇམ་འདུལ་བད་ཀན་ཅན་ལ་བསྔགས། རྣོ་འདུལ་ཆང་དུ་བཙོས་པ་སྐྲན་ལ་བསྔགས། བཟང་འདུལ་ཆང་ལ་ཤ་ཆེན་བཏབ་བཙོས་དུག་དང་གག་ལྷོག་ལ་བསྔགས། དྲག་འདུལ་དགེ་སློང་ངམ་ལོ་བརྒྱད་ཆུར་བཙོས་སྲིན་དང་གཉན་ལ་བསྔགས། མྱུར་འདུལ་བ་ཆུར་བཙོས་པ་མཛེ་དང་དྲེག་གྲུམ་ཆུ་སེར་རྐང་འབམ་སྦྱོང་། ངར་འདུལ་ཤ་ཡི་ཁུ་བར་བཙོས་པ་དུག་དང་ཕོ་ལོག་སྲིན་ལ་བསྔགས། རྒྱས་འདུལ་ཨ་རུའི་ཁུ་བར་བཙོས་པ་ཁྲག་མཁྲིས་འདུས་ནད་སེལ། དེ་བདུན་པོ་གང་ལ་ཡང་དུག་ལེན་ར་ཤ་དུམ་གཅིག་འཕེན་ཅིང་། འཚེད་བྱེད་ཁུ་བ་འཚོད་བྱའི་བརྒྱད་འགྱུར་གྱི་ཆུར་མ་ཚིག་མ་འཁྲིག་པར་འདུལ་ཞིང་ཁུ་བ་ཕྱེད་སྐམ་དུས། ར་ཤ་བཏོན་ལ་ས་འོག་སྦ་ཞིང་སྲོག་ཆགས་གང་གི་ཁར་ཡང་མི་འགྲོ་བ་བྱ། ཁུ་བ་འཐག་ལ་རང་ཐིམ་བྱ་ཞིང་བསྐམ་པ་གང་ལ་བཏང་ཡང་རྣོ་འཇམ་མྱུར་རོ། །འདུལ་བདུན་ཆ་མཉམ་ལྡན་པར་ཁ་བསྒྱུར་སྨན་སྦྱར་སྦྱོང་རུང་། དནྡ་ཀོག་ལྤགས་བཤུས་བར་གྱི་ལྕེ་དཀར་ལེབ་བཏོན་ནས། སླ་ངར་རྩམ་པ་ནང་ནུབ་ཙམ་དུ་བརྔོ། དུར་བྱིད་རྐང་ཤུན་དུག་ཕྲལ་ནས་དང་བཅས་པ་ཡོས་སུ་མ་སོང་བར་བརྔོ། ཡང་ན་དུར་བྱིད་དུམ་དུམ་གཏུབ་སྟེང་ཡོས་ཚན་བརྔོས་
ལ་བླུགས་ཏེ་གྲང་བའི་བར་དུ་བཞག་པས་དུག་ཐོན་ནོ། །ཤྲཱི་ཁཎྚ་མར་དཀར་བཞུས་དྭངས་ནང་དྲང་ཙམ་བྱས་ལ་ཅུང་ཟད་བརྔོ། ཆུ་རྩ་དང་ལྕུམ་རྩ་ཆང་བཏབ་རླན་ཕབ་རླངས་ཚོས་བྱ། རེ་ལྕག་ཁུ་བ་བཏོན་སིགས་མ་དོར་ནས་ཁཎྚར་གདུ། ཁྲོན་བུ་བ་འོ་ནུབ་ཙམ་དུ་བཙོས་ལ་ཁུ་བ་རང་ཐིམ་བྱ། བྱང་ཁྲ་བར་གཤོག་ཕྲལ་ལ་དར་དུ་གཏུམ་ནས་ཡོས་ཚན་ནང་དུ་མ་གྲང་བར་དུ་བཞག ཡང་ན་བར་གཤོག་མི་འདོན་པར་བྱང་བ་བཅུ་རེ་ལ། ཤིང་མངར་པི་ལིང་གཉིས་བྱང་བ་རེ་རེའི་འགོ་ཆའོ་དེ་བཏང་བས་དུག་མེད་པ་རྣོ་མྱུར་ཆེ་བ་མན་ངག་ཏུ་བཞེད། བྱང་བ་ནམ་གཏོང་ཡང་བྱང་བ་ལྔ་རེར་ཆ་གའི་མགོ་རེ་རེ་དང་བཅས་པ་ཆང་གིས་ན་ཕབ་ལ། དཀར་ཡོལ་ནང་དུ་འདུལ་ནས་སྦྱོར་བར་བསྡེབ། ཤིན་ཏུ་འཇམ་འདོད་ན་བྱང་བ་དར་ནང་དུ་གཏུམ། ཞག་གཅིག་ཆང་བཟང་ནང་ནུབ་ཙམ་སྦང་། ནང་བར་བརྒྱད་འགྱུར། ཆང་བསྣན་མེ་ལ་བསྲོ། མཛུབ་མོས་མཉེས་ལ་ཁུ་བ་གུད་དུ་བཞུར། ཡང་བསྐྱར་གྱིས་ཁུ་བ་ལོན་ངེས་བྱས་སྙིགས་རོ་དོར། ཁུ་བ་དེ་རྩ་སྦྱོང་རྣོ་སྨན་ལོགས་སུ་སྦྱང་ལ་སྟེར་བའི་ཚེ། སྦྱོང་ཚོད་དང་བསྟུན་ལ་བྱང་བའི་ཁུ་བ་ཟུར་ནས་བླུད་ན་ཟུག་མེད་འཇམ་ཞེས་གཤང་བའི་ལུགས་སོ། །བཅུད་ལེན་སྐབས་ཀྱི་སྨན་ལས། རྡོ་རྗེ་མཁའ་འགྲོ་ལས་གསུངས་པའི་བ་ཆོག་ནི། མན་ངག་གོ། དངུལ་ཆུ་གྲུབ་པ་བཞིན་དུ་བཏུལ། སླ་སྒང་། ཀུན་ཚ། ཡོང་བ། སྒོག་སྐྱ་བཞི་སོ་སོར་སིང་པོ་ནང་ཞག་གསུམ་སྦང་ལ། ད་ལི་ཚ་བ་གསུམ་ཆ། ལོ་མ་ལྔ་ཡི་ནང་དུ་ཁོལ་ཙམ་བསྐོལ། འབྲས་ཕྱེ་བུ་རམ་ཤི་ཀྲུའི་ཁུ་བ་ར་གཅིན་བསྲེས་བཀྲུས་དག །
གླ་རྩི་ནི་སོ་མཉྫ་དང་ར་གཅིན་ལ་སྦང་བས་རང་དྲི་མི་འབྲལ། ཁ་དཔྱད་དྭངས་ཡི་རླིག་འབྲས། བ་ལྕིའི་ཐལ་དྲོན་གྱིས། ལོ་མ་ལྔ་པའི་ཁུ་བས་ཁ་ཚོས་ཙམ་བྱས། སླར་ཤི་ཀྲུའི་ཁུ་བ་ར་གཅིན་ལ་སྦང་། མེ་ཏོག་ཀ་ར་ཀ་ཁ་སྦྱར་ནང་བཅུག སླར་ས་མཉྫའི་རྩ་བའི་དབུས་སུ་བཞག་པས་དག །ཆུ་དག་ཡུང་བ་དཀར་གསུམ། ཡུངས་ཀར་དང་རྡོ་རྗེའི་ཁུ་བ། སིང་པོ་ཆ་མཉམ་ཁོ་ན་བྱས་པས་སྐྱོན་དག་ནས་བཅུད་དུ་འགྱུར། སི་ཧླ་ཨེ་རནྜའི་འདབ་མར་གཏུམ་པ་ལྕིས་བྱུག ས་བཙས་འོག་སྦས་པས་ཚོས་ན་དག །ཀུ་སུ་མ་དང་འབྲས་གསུམ་དར་བས་སྦགས་ནས་དཔལ་འབྲས་ཀྱི་ནང་དུ་བཅུག་སྟེ་མེ་འོད་ཉི་ཚན་གང་རུང་གིས་བཀྲུས་པས་དག་གོ། མུ་ཟི་མར་ཁུ་བཙོས་པས་དག །ཨེ་རཎྜའི་དང་བྲག་ཞུན་ཆུར་སྦྱར་བཀྲུས།བྱང་ཁྲ་བ་གླང་ལྕི་བས་བཙོས་པས་དག །གུར་གུམ་མར་དཀར་བཞུས་པའི་དྭངས་མས་སྦགས་ན་དྲི་མ་མི་ཡལ་ཞིང་བཅུད་དུ་ཁུག་པར་འགྱུར་རོ། །ལྕ་བ་བ་ལང་གཅིན་བཀྲུས་དག་སི་ལ་བུ་མོའི་རང་བྱུང་ཁྲག་གིས་བཀྲུས་པས་དག་ཅེས་གསུངས་སོ། །དབང་ལག་བརྐོས་ཕྲལ་ཆུ་གྲང་ལ་བཀྲུས་པས་དུག་ཐོན། ཆུ་ལ་འཚོས་པར་བཙོས་ནས་ཁུ་བ་རང་ཐིམ་བྱས་པས་དྲོད་དུ་ཁུག་པར་འགྱུར། སླར་འོ་མ་བཞི་འགྱུར་ལ་བཙོས་ནས་བསྟིམ་པས་བཅུད་དུ་སྨིན་པ་དེ་ཉི་མར་བསྐམ། ར་མཉེ་བ་སྤྲུ་གཉིས་ཀྱང་དེ་ལྟར་བྱའོ། །ཉེ་ཤིང་རྐང་ལྤགས་དུག་ཡིན་དེ་དང་ཕྲལ་ལ་འོ་མར་བཙོས་ནས་ཁུ་བ་རང་ཐིམ་བྱ་ཞིང་བསྐམ། ཚན་དམར་བརྐོས་མ་ཐག་ཏུ་གཤག་པའི་ཕྱེ་ཧྲོབ་རས་དཀར་པོ་རྐང་ཞན་དུ་གཏུམ་ལ་ཞག་གསུམ་རྒྱུན་འབབ་ཀྱི་ཆུར་བཅུག་པས་དྲི་དུག་ཐོན་ནས་
བསིལ་བསྐམ་བྱ། རྡོ་དྲེག་སླ་ངར་བརྔོས་ལ་དུད་རླངས་ཕུད་པས་དུལ། ཅོང་ཞི་ཡུངས་འབྲུ་ཙམ་དུ་བརྡུང་ལ་ཆུ་ཡིས་སྦྱངས་ཏེ་སྦུ་བ་ས་དྲེག་ཁུ་དཀར་ཕོས་པས་དུག་ཐོན་འོ་མ་ཉིས་འགྱུར་ལ་བཙོས་ཏེ་ཁུ་བ་རང་ཐིམ་བྱས་པས་བཅུད་དང་ལྡན་ནོ། །རོ་ཙའི་སྐབས་ཀྱི་སྨན་རྣམས་དུག་འདོན་ནི། རྩངས་པ་ཆེ་ཆུང་སྦལ་སྦྲུལ་ཉ་རྨིགས་བུ་རྣམས་ཀླུ་ནོར་ཡིན་པས་དུག་གསུམ་མ་ཕྲལ་ན་གཉིད་ཡུར་ཤ་ལྗིད་ཤེས་པ་རྨོངས་བཅུད་འཛག་བད་མཁྲིས་ཀྱི་ནད་སློང་། མིག་འགྲིབ་པ་དང་། ཆུ་སེར་ཚ་བ་སྐྱེད་ཅེས་བདུད་རྩི་གསེར་མཛེས་ལས་གསུངས། བྱ་རྣམས་ཀྱི་ཤ་ཡང་དུག་མ་ཕྱུང་ན་ཤ་ལྷག་སྐྱེད་ནད་ལྡང་ཞེས་བ ཤད། སྦྲུལ་ཤས་ཆགས་སྡང་རྨོངས་པའི་དུག་གསུམ་གྱི་དབང་གིས་དབུགས་མི་བདེ་ལུས་ལྕི་སོགས་འབྱུང་བར་བཤད། དེ་ཡང་རྩངས་པའི་དུག་ནི་མགོ་ལ་གནས། དེ་བཞིན་སྦལ་དུག་ནང་ཁྲོལ། སྦྲུལ་དུག་ལྤགས་པ་དང་སྟོད། ཉ་དང་རྨིགས་བུའི་མཇུག་མ་དང་། ཁྱད་པར་ཉའི་གཤོག་པར་ཁྱབ་པ་དང་། བྱ་རྣམས་ཀྱི་དུག་རྒྱུ་ལྟོ། རྨ་བྱ་དང་བྱ་རྒོད་མ་གཏོགས་པའི་མཁྲིས་པར་དུག་ཡོད་པར་བཤད་པས་དམིགས་གསལ་དེ་དག་སྤང་བའམ། དུག་འདོན་པ་ལ་བཙོ་བསྲེག་གིས་དང་། སྨན་གྱིས་འདོན་པ་གཉིས། དང་པོ་གླ་རྩི་དྲི་ཆུར་སྦྱང་བས་ད་བྱིད་སོགས་ཤ་ལ་ཁྱབ་པར་བྱུགས་ནས། ཚག་ཤ་ནག་པོ་གྲིས་གཤག་པའི་ནང་དུ་བཅུག་ལ་ཁ་བཙེམ་ནས་མེ་ཉོབ་ཏུ་ཕྱི་ཚིག་ནང་མ་ཚིག་པ་ཙམ་དུ་བསྲེག་པས་དུག་ཐོན་པར་འགྱུར་རོ། །སྨན་གྱིས་དུག་འདོན་པ། གླ་རྩི་གསེར་མདོག་གོ་བོའི་ཤ་གསུམ་ཚྭ་འདེབས་ཚོད་ཙམ་བསྡེབ་པས་ཤ་དུག་ཐམས་ཅད་ཞི་བར་འགྱུར་རོ། །ཡང་འདོད་ཆགས་ནི་རང་གི་ཐིག་ལེས་སེལ། མ་བྱུང་ན་དངུལ་
ཆུ་དུག་ཕྲལ་དགོས། ཞེ་སྡང་མ་གི་ཏ་ཡིས་འཇོམས། གཏི་མུག་གི་དུག་ལ་སྦྲུལ་ཤ་སིང་པོར་སྦང་། ཞག་གཅིག་ལོན་ནས་ཡོས་ཚན་ནང་དུ་བསྙལ་བས་འདོན་ནོ། །ལྤགས་པ་བཤུས་ཏེ། ཡང་ན་གླ་རྩིའི་ཆུར་ཞག་གཅིག་སྦང་། མེ་ཉོབ་ནང་སེར་ཙམ་བསྲེག་པས་ཆོག་གོ། ཡང་ན་དུག་གསུམ་ཀ་གོ་བོའི་ཤས་འཇོམས་སོ། །བྱ་རིགས་ཀྱི་ཤ་གོང་བཞིན་ཚག་ཤས་འདོན། དུག་ཚག་ཤ་ལ་ཐིམ་པས་དེ་དོར་བར་བྱ། ཡང་ན་ཏིལ་དཀར་ཕོན་གཅིག་བཏབ་པས་ཐོན། ཡང་ལུགས་གཅིག་ཤ་རིགས་གང་ཡང་རུང་བ་ཀུན་ཕྱོགས་གཅིག་བརྡུང་བ། གླ་རྩི་ཚྭ་འདེབས་ཙམ་མཚུར་ཆུར་སྦྱང་བའི་དྭངས་མར་དལ་བུས་འཚེད་ལ། ཤིང་ཚར་བུའི་ཐུར་མས་དཀྲུག་ཅིང་འཐག་ན་ཤ་དུག་ཐམས་ཅད་ཚར་བུས་ལེན་ཞེས་བཞེད། རྣོ་འདོན་ཀླུ་ནོར་གྱི་ཤ་རྣམས་ལ་ཙོང་གཡེར་ཚྭ་འདེབས་ཙམ་བྱས་པས་བྱ་ཞིང་། ངར་འདོགས་ཐལ་ཀ་རྡོ་རྗེ་དང་བསྡེབ། བྱ་ཤ་རྣམས་རྣོ་འདོན་རྒྱ་ཚྭ་དང་ལྕམ་འབྲུ། ངར་འདོགས་དབང་ལག་གིས་བྱ། གཞན་ཡང་སྡིག་པའི་ཤ་རུས་ནི། རྒྱ་ཚྭ་ཆང་དང་སྦྱར་བ་ཚྭ་རོ་བྲོ་ཙམ་ནང་དུ་འདམ་འཐག་བྱས་པས་དུག་འདོན་ཞིང་རྣོ་ངར་དུ་འགྱུར་རོ། །ཐུག་འབྲས་ཀུན་ཀྱང་ལུག་ལ་ལུག་སོགས་རང་རིགས་ཀྱི་འོ་མར་འཚེད་ཅིང་རང་ཐིམ་བྱ། དེ་ཡང་འབྲོང་འབྲི་ཤ་བ་མཛོ་མོ་གཉན་དང་དགོ་བ་ལུག རྣ་བ་དང་གླ་བ་ར། རྐྱང་རྟའི་རིགས་སུ་ཞེས་གསུངས། ཀུན་ཀྱང་ཆགས་པ་རྒྱས་ལ་མ་སྤྱད་པའི་ཚེ་ན་སྟོབས་ནུས་ལྡན་ནོ། །གསང་སྨན་སྲོ་མ་སེང་གེ་ནི་ཉེས་གསུམ་གང་འཕྲོད་འོ་མ་དང་སྦྱར་ནས་གཏོང་སྟེ་འང་འོ་མ་ཆ་དགུ་ལས་བརྒྱད་འཐག་ནས་གཅིག་ལུས་པ་དེས་ལྷང་དུག་འཇོམས་སུམ་ཆ་གཉིས་བསྡུས་
པའི་འོ་མས་རྟ་བྱས་ཏེ་ཕུལ་ན་དུག་འདོན་ཅིང་ནུས་པ་བརྟས་པར་བྱེད་དོ། །སྲོ་མ་སེང་གེ་དངོས་མ་རྙེད་ན་ས་བསིལ་སར་སྐྱེས་པའི་ཐང་ཕྲོམ་དཀར་པོའི་མེ་འབྲས་སེར་ཙམ་བརྔོས་པ་ཐུན་བཟང་བཏབ་པས་ཚབ་རུང་ཙམ་མོ། །གོ་བྷ་ཞེས་པ་སྐྱིན་གོར་དུ་བསྒྱུར། རུས་སྦལ་རྩངས་པ་ད་བྱིད་སོགས་ལ་འདོད། ཛཱ་ཏིའི་ཁོག་པ་བྲུས་པར་ཨ་བི་མ་ཞེས་མེ་ཏོག་ཐང་ཆུ་སྟེ། རྒྱ་གར་བའི་རྒྱལ་རིགས་རྣམས་གཡུལ་དུ་འཇུག་ཚེ་ཤིང་བུ་དཔའ་བྱེད་ཤིང་འདྲ་རང་ཕྲ་སྦོམ་མཛུབ་ཙམ་རིང་ཐུང་མཐོ་རེ་ཙམ་མིད་པས་བཟི་འོང་། དེ་དུས་གཡུལ་བཀྱེ་བས་སྟོབས་དང་ལྡན་པ་དེ་མིག་དམར་ཚག་ཅན་ལ་སྣུམ་ཅུང་ཟད་ནང་བསྣུར་ནས་ཉལ་ཁར་མིག་ཏུ་གཏིག་ལ་གཉིད་ལོག་པས་ཕན། གཞན་དུ་ཤེད་སྐྱེ་རོ་ཙ་བར་བྱེད་པ་དེས་བཀང་། དེའི་ཕྱི་ནས་གྲོ་ཕྱེ་ཞིབ་མོའི་ཟན་གྱིས་དྲིལ། ལྕགས་ཐུར་རྩེར་བསྐྱོན་མར་མེ་ཆེན་པོ་ལ་ཕྱོགས་བསྒྱུར་ཞིང་བསྲེག་པས་གྲོ་ཚིག་ཙམ་ནས་གྲང་བཅུག་ནས་ཁ་ཕྱེ། སྨན་དེ་དང་ལི་ཤི་བཅུ་ཙམ། ཛཱ་ཏིའི་མེ་ཏོག སུག་སྨེལ་བཅས་ཞིབ་བཏགས་ཐུན་ཆུང་རེ་མར་ཁུ་འཁྱགས་པ་ཅུང་ཟད་དང་བསྣུར་ལ་ལྟོ་སྟོང་བཏང་། ཛཱ་ཏིའི་མེ་ཏོག་མ་རྙེད་ན་ཤིང་ཚྭ་བཏང་། དེས་རྒས་པའི་ལུས་ཀྱང་གཞོན་ནུར་འགྱུར་ཞིང་གཉེར་མ་ནུབ། བཞིན་རས་ཟླ་བ་འདྲ། སྐྲ་དཀར་བ་ཡང་ནག་པོར་འགྱུར། མིག་གསལ། སྟོབས་རྩལ་བྱ་རྒོད་འདྲ་བར་འགྱུར་རོ། །ཡང་ཁྱིམ་བྱའི་སྒོ་ངའི་རྩེ་ནས་ཁུང་ཕུག་ལ། ཨ་དཔྱད་ཕྱི་མཛུབ་མགོ་ཙམ་དང་། གྷ་ར་གྷ་ར་ཡི་ཀླད་པ། རྒྱ་མཚལ་ཅུང་ཟད་བཅས་བག་ཟན་དྲིལ་ནས་མེ་མུར་དུ་རྒྱང་ཙམ་བསྲེག ནང་མཁྲང་པོར་སོང་བ་བསྣུར་ནས་གོང་བཞིན་བསྟེན། སྐབས་འདིར་སྨན་རྣམས་ཀྱི་ཆ་
ཚད་འཇལ་བྱེད་བཤོར་ཕུལ་སོགས་ཚད་དང་འདེགས་སྐར་མ་ཞོ་སོགས་ཚད་གཉིས་ཀྱི་རྣམ་བཞག་བཤད་པ་ལ། དང་པོ་བཤོར་ཚད་སྨན་གྱི་ལུགས་ལྟར་ན་འོལ་མོ་སེ་ཡི་འབྲུམ་བུ་བཞི་མ་ཤ་གཅིག །དེ་བཞི་ལ་ཤ་ན་གཅིག །ཤ་ན་གཉིས་ལ་ཞོ་གཅིག་ཞོ་གཉིས་ལ་སུ་ཝརྞ་ཞེས་སམ་ཨ་ཤ་ཞེས་པ་ལག་མཐིལ་གང་། དེ་གཉིས་ལ་ཨ་འདྲ་ཞེས་ཟེར་ཏེ་དོན་ལ་སྲང་ཕྱེད། དེ་གཉིས་ལ་སྲང་གང་སྟེ་ཨུ་དུམ་ཝ་ར་ཞེས་ཀྱང་བྱའོ། །སྲང་གཅིག བིལ་བ། སྤར་གང་པྲ་ཀུན་ཛ་ཞེས་པ་བཞི་པོ་དོན་གཅིག་སྟེ་ཨ་མྲ་བཞི་ཡིན་ནོ། །སྲང་གཉིས་ཁྱོར་གང་། ཁྱོར་བ་གཉིས་སྙིམ་པ་གང་ངམ་ཕུལ་གང་། སྙིམ་པའམ་ཕུལ་དོ་མ་ཎི་ཀ དེ་གཉིས་སམ་ཕུལ་བཞི་ལ་བྲེ་གང་། བྲེ་བཞི་བཤོར་ཞོ་གང་། བཤོར་ཞོ་བཞི་ལ་གྲོ་ན། ཊོ་ཎ། ཟེར་བ་ཡོད་སྙམ་དཔྱད། བཤོར་ཞོ་ལྔ་ལ་བཤོལ་ཁལ་གཅིག་ཏུ་འདོད་དེ། སློབ་དཔོན་དཔའ་བོའི་བཞེད་པ་འགྲེལ་པ་ཟླ་ཟེར་དང་ཤ་ཡི་ཧོ་ཏྲ་ལས་གསུངས་པའོ། །འཇིག་རྟེན་སྤྱི་ཡི་ལུགས་ལྟར་ན། ནས་འབྲུ་ཆེ་གཉིས་འབྲིང་གཉིས་ཆུང་གཉིས་ཏེ་དྲུག་ལ། ཁམ་ཚལ་གང་ཞེས་བྱ། དེ་དྲུག་ལ་སྟར་ཚལ་གང་ཞེས་བྱ་སྟེ་སྟར་ཁ་འབྲིང་གི་ཚིག་གུའི་ཚལ་གང་སྟེ་དེ་ལ་ནས་འབྲུ་སོ་དྲུག་ཡོད་དོ། །སྟར་ཚལ་དྲུག་སྟེ་ནས་འབྲུ་ཉིས་བརྒྱ་བཅུ་དྲུག་ལ་བྱ་མོ་འབྲིང་གི་སྒོ་ང་གང་། བྱ་སྒོང་གསུམ་སྟེ་ནས་འབྲུ་དྲུག་བརྒྱ་ཞེ་བརྒྱད་ལ་སྲང་གཅིག་ཏུ་བྱེད་དོ། །སྲང་གཉིས་ལ་བྱ་སྒོང་དྲུག་སྟེ་ནས་འབྲུ་སྟོང་དང་ཉིས་བརྒྱ་གོ་དྲུག་ལ་ཁྱོར་བ་གང་ཞེས་བྱའོ། །ཁྱོར་དོ་སྲང་བཞི་བྱ་སྒོང་བཅུ་གཉིས་རྣམས་དོན་འདྲ། དེ་ལ་ནས་འབྲུ་ཉིས་སྟོང་ལྔ་བརྒྱ་གོ་གཉིས་ཡོད་ཅིང་དེ་ལ་སྙིམ་པ་གང་ཞེས་བྱའོ། །འདི་གོང་གི་སྨན་ལུགས་ཀྱི་བཤོར་ཚད་དང་ཁྱད་མེད་དེ། དཔེ་ཡི་སྒོ་ནས་མཚོན་
ཚུལ་ཙམ་མོ། །འདི་མན་གྱི་ཁྱད་པར་ནི་ཕུལ་དྲུག་བྲེ་གང་། བྲེ་ལྔ་ཞོ་གཅིག ཞོ་བཞི་ལ་ཁལ་ཞེས་ཟེར་བའོ། །འདེགས་བྱེད་སྲང་ལ་ས་ཤེད་བཟང་ངན་སྙོམ་པའི་ནས་འབྲུ་ཆེ་བ་གསུམ་ལ་ར་ཏི་གཅིག་ཅེས་བྱའོ། །ར་ཏི་གཉིས་ལ་ནས་འབྲུ་དྲུག་སྟེ་སེ་བ་གང་། སེ་བ་ཉི་ཤུ་ལ་ར་ཏི་བཞི་བཅུ་སྟེ་དེ་ལ་ནས་འབྲུ་བརྒྱ་ཉི་ཤུ་ཡོད་ཅིང་དེའི་མིང་འདོགས་ཞོ་གང་ཞེས་ཡོངས་གྲགས་སོ། །སེ་བ་ཉེར་བཞིར་མགུལ་ཞོ་གང་སྟེ་ནས་འབྲུ་བརྒྱ་ཞེ་བཞི་ཡིན་ནོ། །སེ་བ་ཉེར་ལྔ་ནས་འབྲུ་བརྒྱ་ལྔ་བཅུ་ཐམ་པ་ཡོད་པ་ལ་གཞུང་ཞོ་གང་ཞེས་བྱ་སྟེ་འདི་གསུམ་སྔ་མ་དང་བར་དང་ཕྱི་མའི་བོད་ལུགས་ཏེ། འདེགས་ཞོའི་སྐར་མ་གང་ནི་སེ་བ་དོ་སྟེ་དེང་སང་རྒྱ་ནག་གི་ཐུར་ནག་དང་། རུས་པའི་ཐུར་དཀར་དང་། ཚོང་དུས་མགུར་མོར་རྒྱུག་པའི་མགུལ་ཞོ་གསུམ་ཁྱད་མེད་པར་དེ་ལ་ནས་འབྲུ་བརྒྱ་ཞེ་བཞི་འབྱུང་བ་ཡིན་ནོ། །འདེགས་མཐུན་པར་སེ་བ་དོ་སྟེ་ནས་འབྲུ་བཅུ་གཉིས་ལ་སྐར་མ་གང་སྐར་མ་བཅུ་ལ་ནས་འབྲུ་བརྒྱ་ཉི་ཤུ་སྟེ། དེ་ལ་ཞོ་གང་ཞེས་བྱ་སེ་བ་ལྟར་{སེ་བ་གང་ཡོད་ཉིས་འགྱུར་བྱས་པར་ཏི་ཡིན་པ་ཀུན་ཏུ་གོ་བར་བྱའོ།}ན་ཉི་ཤུའོ། །ཞོ་བཅུ་ལ་སེ་བ་ཉིས་བརྒྱ་དང་ནས་འབྲུ་སྟོང་དང་ཉིས་བརྒྱ་ཡོད་དེ། དེ་ལ་སྲང་གང་ཞེས་བྱ་བ་ཡིན་ནོ། །འདི་ལ་བོད་རྣམས་སྤར་གང་ཞེས་ཀྱང་ཟེར། སྲང་བཞིར་སེ་བ་བརྒྱད་བརྒྱ་དང་ནས་འབྲུ་ལྟར་ན་བཞི་སྟོང་བརྒྱད་བརྒྱའི་ལྗིད་འབྱུང་བ་དེ་ལ་ཉག་གང་ཞེས་བྱའོ། །དེང་སང་རྒྱའི་ཏེ་ཛི་དང་གཅིག ཉག་ལྔ་ལ་སེ་བ་བཞི་སྟོང་དང་ར་ཏི་བརྒྱད་སྟོང་ནས་འབྲུ་ལྟར་ན་ཉི་ཁྲི་བཞི་སྟོང་འབྱུང་བ་དེ་ལ་ཁྱོར་བ་གང་ཞེས་བྱའོ། །ཁྱོར་བ་བཞི་ལ་སྲང་བརྒྱད་ཅུ། ཞོ་བརྒྱད་བརྒྱ། སྐར་མ་བརྒྱད་སྟོང་། སེ་བ་ཆིག་ཁྲི་དྲུག་སྟོང་ནས་
འབྲུ་དགུ་ཁྲི་དྲུག་སྟོང་འབྱུང་ངོ་། །དེ་ལ་སྙིམ་པ་དོ་སྟེ་མ་ཎི་ཀ་ཞེས་ཀྱང་ཟེར་རོ། །དེ་གཉིས་ཏེ་ཁྱོར་བ་བརྒྱད་ལ་སེ་བ་སུམ་ཁྲི་ཉིས་སྟོང་། ནས་འབྲུ་འབུམ་ཕྲག་གཅིག་དང་དགུ་ཁྲི་ཉིས་སྟོང་ཡོད་ཅིང་སྲང་ལྟར་ན། བརྒྱ་དྲུག་ཅུ་ཡོད་པ་ལ་ཁལ་གཅིག་གམ་རྒྱ་གང་ཞེས་བྱའོ། །སྲང་ཆེན་བཞི་ཡི་རྒྱ་མ་ཞེས་དབུས་ཉག་གམ་གཞུང་ཉག་དང་། དེ་བཞིན་སྲང་གསུམ་ཁྱུང་པོའི་རྒྱ་གང་། སྲང་མདོ་ཆབ་མདོའི་རྒྱ་གང་། སྲང་དྲུག་ལ་ཉག་གང་བྱས་པ་ལྷག་ཐོག་རྒྱ་མ། སྲང་ཕྱེད་དོར་ཉག་གང་བྱས་པ་ཁམས་ཡུལ་གཞུང་རྒྱ་གང་ཡིན། དེས་མཚོན་གཞན་ལའང་ཤེས་པར་བྱའོ། །དིལ་དམར་ལག་ལེན་ཉེར་མཁོ་ལས་གསུངས། འཆི་མེད་མཛོད་ན་མདའ་རྒྱུས་ལ་སྲང་གི་ས་བོན་ཟེར། མ་རུའམ་མདའ་རྒྱུས་ལྔ་སྲན་མ་མ་ཤ་ཡི་ཚད། དེ་བཅུ་དྲུག་ལ་ཀརྵ་སྟེ་ཞོ་ཞེས་བཞེད། འདི་ལ་མདའ་རྒྱུས་བརྒྱད་ཅུར་བྱས་པས། རྒྱ་ཐུར་གྱི་འབྲིང་གི་ཞོ་དོ་སྐར་དྲུག་འདུག་དེ་ཡང་སྲང་རེ་ལ་མགོ་ཊཾ་ལ་ཞོ་གསུམ་སྐར་དོ་ཡོད་པའི་རྒྱ་ཐུར་གྱིས་གཞག་ཚེ་དེ་ལྟར་འདུག ཀརྵ་འམ་ཞོ་བཞི་ལ་བ་ལམ་སྟེ་སྲང་ཞེས་དང་། གསེར་བ་ལམ་བརྒྱ་ལ་རུ་ལཱ་ཞེས་ཟེར་ཏེ་འདེགས་ཚད་དོ་རུ་མཱ་ཉི་ཤུ་ལ་ཁུར་ཚད་དུ་འདོད་དོ། །དེ་ཡང་ཀརྵ་ཚད་དང་པ་ཎ་དོང་ཙེའོ་ཞེས་འཆི་མེད་མཛོད་དུ་གསུངས། དེས་ན་ཀརྵ་པ་ཎ་གསེར་གྱི་དོང་ཙེ་ཞིག་ཡིན་ལ། དེ་རྒྱལ་པོ་རྨ་བྱའི་རིང་ལ་བྱས་པ་འདུལ་བ་ལས་གསུངས། དེ་ལྟར་ན་མདའ་རྒྱུས་བརྒྱད་ཅུའི་ལྗིད་དང་མཉམ་པའི་གསེར་གྱི་དོང་ཙེ་སྟེ། དེང་སང་རྒྱ་ནག་གི་ཐུར་སྲང་ལ་གཞལ་གོང་བཤད་ལྟ་བུར་ན་གསེར་ཞོ་དོ་སྐར་དྲུག་ཙམ་དང་། སྲང་
ཆེན་ཞོ་དོ་མཐོ་ཙམ་ཡིན་འདུག ཀརྵ་པ་ཎའི་བཞི་ཆ་བརྐུས་སོགས་གསུངས་པ་འདི་ལ་གོ་དགོས་པས་འཕྲོས་དོན་དུ་སྨོས་པའོ། །ཡང་མདོ་ལས། ནས་བཅུ་གཉིས་ལ་མ་ཤ་གཅིག མ་ཤ་ཀ་བཅུ་དྲུག་ལ་ཞོ་གཅིག་སྟེ་གསེར་གྱི་ཚད་དོ་ཞེས་གསུངས། ནས་འབྲུ་བཅུ་གཉིས་དང་མ་རུ་ལྔ་སྲང་ལ་བཏེགས་པས་ལྗིད་མཉམ་འདུག་སྟེ་སྐར་བཞི་ཡོད། འདི་ལྟར་ན་ནས་འབྲུ་བརྒྱ་གོ་གཉིས་ལ་ཞོ་གང་། དེ་བཞི་སྟེ་ནས་འབྲུ་བདུན་བརྒྱ་རེ་བརྒྱད་ལ་སྲང་གང་སྟེ་མདའ་རྒྱུའི་སུམ་བརྒྱ་ཉི་ཤུའི་ཚད་ཡིན་པར་འདུག་གོ། འཇིག་རྟེན་སྤྱིའི་ལུགས་ཀྱི་བཤོར་ཚད་ཀྱི་ནས་འབྲུ་དྲུག་བརྒྱ་ཞེ་བརྒྱད་ལ་སྲང་གང་བྱས་པ་དང་། འདེགས་བྱེད་ཀྱི་ཚད་དུ་ནས་འབྲུ་བཅུ་གཉིས་ལ་སྐར་མ་གང་བྱས་པའི་རྩིས་ལས་ནས་འབྲུ་སྟོང་དང་ཉིས་བརྒྱ་ལ་སྲང་གང་བྱས་འདུག་སྟེ་འདེགས་ཞོའི་དབང་དུའོ། །མགུལ་ཞོ་གཞུང་ཞོའི་དབང་དུ་བྱས་ན་དེ་ལས་ཅུང་ཆེ་བ་འོང་ངོ་། །ནས་འབྲུ་གོ་དྲུག་ལ་དེང་སང་རྒྱ་ཐུར་མི་ཆེ་མི་ཆུང་བས་ཡོངས་གྲགས་ཞོ་གང་ཡིན་འདུག་ཡང་ནས་འབྲུ་བརྒྱ་ཉི་ཤུ་ལ་ཞོ་གང་དང་བརྒྱ་ཞེ་བཞི་ལ་ཞོ་གང་དང་། བརྒྱ་ལྔ་བཅུ་ལ་སྲང་། ཞོ་གང་བྱས་པ་རྣམས་ཐུར་སྲང་ཆེ་བ་ཞིག་ཡིན་པར་སྣང་ངོ་། །སྨན་ཆུ་བཤད་སྐབས་སྲང་ཞེས་གསུངས་པ་སྲང་ཁྱོར་མགོ་མཉམ་བྱས་ཏེ་སྲང་རེ་ལ་ཁྱོར་རེ་བྱེད་པ་ཕལ་ཆེར་དུ་བཤད་དོ། །སྨན་མར་སོགས་ཀྱི་ལག་ལེན་ཞིབ་པར་གཞན་དུ་ཤེས། བྲེ་གང་སྨན་ཕྱེ་གདུས་ཁུ་བྲེ་གསུམ་ལ། འོ་མ་བྲེ་བཞི་བླུགས་ལ་ཕྱེད་ལུས་ཚེ། མར་བྲེ་བརྒྱད་དམ་མར་ཉག་བརྒྱད་བཏབ་ལ། ཆུ་ཚོད་བར་དུ་གདུས་ཤིང་འཐག་པར་བྱ། མར་ཁུ་བྲེ་རེར་
སྨན་རྟ་ཕུལ་རེ་བཏབ། ཅེས་སོ། ༈ །ད་ནི་དཔྱད་ཀྱི་སྐོར་ལས་མེ་བཙའི་དམ་ནི་མར་ནག་རྒྱུངས་བ་སྒོག་པ་གསུམ་སྦྱར་བས་བྱས་ན་ལེགས། གཞན་དུ་མ་འཛོམ་ན་སྣུམ་ཙམ་གྱིས་ཀྱང་རུང་། མེ་བཙའ་བྱ་ལུགས་ཉེར་གསུམ་སོགས་བཤད་ཀྱང་གཙོ་བོར་སྤྲ་མེ་ཡོངས་གྲགས། རྒྱ་ནག་ལུགས་ཀྱི་ཆུ་ཡི་མེ་བཙའ་ནད་དམིགས་སྟེང་ཅོང་ཞིའམ་རྡོ་ཞོ་བསྲེགས་པ་ཐུན་གཅིག་བླུགས་ལ་མགོ་བོ་ཅུང་བརྡལ་དེ་སྟེང་ཆུ་དྲོན་ཐིགས་གསུམ་ཙམ་བླུགས་པས་བསྲེགས་པ་རྩ་ནད་རྩ་འབྲུམ་ཆུ་སེར་ལ་ཕན། ཧོར་གྱི་མེ་བཙའ་ནད་དམིགས་སྟེང་སྣུམ་བྱུགས་ལ་ཕྱིང་དཀར་སྲབ་མོ་ཚྭ་ཆུར་བཅུག་པ་ཆུར་སྦང་བ་བཙིར་ནས་བཀབ་སྟེང་། དཀར་གོང་བསྲེགས་པ་སྐམ་པས་བཟུང་སྟེ་གླན་ཚོད་ནད་དང་བསྟུན་པས་མེ་དབལ་རྔོ་ལྤགས་ནད་གྲུབ་བུ་ཀོ་ལེའི་ནད་པགས་ཞུགས་སེལ། འཕྲུལ་མེ་ནི་ནད་དམིགས་སྟེང་དར་དམར་བཀབ་སྟེང་ཤུག་པའམ་བེ་ཤིང་བྱང་བུ་སྲབ་མོ་ཀོ་བ་ཙམ་བཀབ་སྟེང་སྤྲ་མེ་བཞག་པའོ། །ངོ་མཚར་མེ་བཙའ་ནད་དམིགས་སྟེང་ཅོང་ཞི་ཚ་བ་གསུམ་ཆ་མཉམ་ཞིབ་ཕྱེ་ཐུན་རེ་བཀོད། དེ་སྟེང་དར་དམར་དང་ཤིང་བྱང་སྟེང་སྤྲ་མེ་བཞག་པས་སྐྲངས་འབྲས་གྲང་བ་ཆུ་སེར་འཇོམས། ཡང་ན་མེ་ལོང་གཡའ་མེད་དར་དམར་གཏུམ། ཨོཾ་ན་མོ་ཏི་ར་ཡེ་སྭཱ་ཧཱ། ཨ་ན་ལ་ཧི་ར་ཡེ་སྭཱ་ཧཱ། སྔགས་འདི་བརྒྱ་བཏབ། སྤྲ་མེ་ལའང་བཏབ་ནས་དར་སྟེང་ནས་ནད་དམིགས་སུ་གདབ། རྟེན་འབྲེལ་མཁའ་འགྲོའི་མེ་བཙའ་ནི། རང་མཁའ་འགྲོ་དམར་མོ་མེ་ཞགས་འཛིན་པར་བསྒོམ་ལ། ཨོཾ་དང་ཧཱུྃ་གི་བར་དུ་ཧ ཀྵ་སོགས། རྣམ་
བཅུ་དབང་ལྡན་སྔགས་བཅུག་པ་ཉེར་གཅིག་བཟླས། ནད་དམིགས་སྟེང་དང་བསྲེགས་བྱང་སྤྲ་བ་བཅས་སྔགས་ཤོག་བུ་དར་དམར་ཤུག་པའི་བྱང་བུ་གསུམ་ལ་འདི་བྲིས་ནས་རྟེན་སྙིང་གིས་རབ་གནས་བྱས་ཏེ་ནད་དམིགས་སྟེང་ཤོག་བྱང་ཞབས། ཤུག་བྱང་སྟེང་བྱས་ལ་བརྩེགས། དེ་སྟེང་སྤྲ་བ་ལ་སྒོ་ཡི་སྤྱི་འཁོར་གྱི་ས་ཅུང་བསྲེས་པའི་མེ་བཙའ་བཞག་ལ་མེ་ཤེལ་གྱིས་མེ་སྦར་ལ་ཧ་ཧ་ཞེས་བརྗོད། རྣམ་བཅུ་དབང་ལྡན་སྔགས་དགུ་པོ་ལན་ཉེར་གཅིག་ཤུབ་བུར་བཟླས་ལ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཀྱི་ངང་དུ་བཞག་གོ། བསྲེག་བྱང་མ་ཚིག་ཀྱང་ནད་དམིགས་སུ་མེ་བཙའ་ཐེབ་པ་འདི་མིག་འབྲས་གཉན་པོ་མ་གཏོགས་གར་བཏབ་ཀྱང་རུང་ཞིང་། རྒྱས་ཚད་མ་གཏོགས་ནད་ཀུན་འཇོམས། ཁྱད་པར་གཟའ་གདོན་དང་བགེགས་ཞུགས་པ་འབྲས་དང་སྐྲང་པ་འཇོམས་ལ་བཅོམ་ལྡན་མཁའ་འགྲོ་སྣ་ཚོགས་ཡུམ་གྱི་ལུགས་སོ། །རྒྱ་གར་མེ་བཙའ་ནད་དམིགས་སྟེང་དུ་ཤོག་དམར་རམ་དར་དམར་བཞག་རྒྱ་ཚྭ་སོར་བཞི་ཡོད་པས་བཀབ། དེ་སྟེང་ཤུག་དམར་བྱང་བུ་ཤོག་བུ་ཙམ་ཚ་བ་གསུམ་སྦྱང་བའི་ཆུ་ལ་ཞག་གཅིག་སྦང་། སྐམ་ནས་མཚལ་གྱིས་རཾ་བརྒྱད་མགོ་རུབ་པ་བྲིས། སྔགས་འདི་ཉེར་གཅིག་བཏབ། [ཧ་རཾ་ཨ་རཾ་ཧཱུཾ་རཾ་ས་རཾ] ཨོཾ་ཨ་ན་ལངྐ་ཛྭ་ལ་རཾ། སརྦ་རོ་ག་ད་ཧ་ན་རཾ། སརྦ་གྲ་ཧ་ད་ཧ་ན་རཾ། སྔ་དྲོ་ཤར་དུ་ཁ་བལྟས་ལ་ཤེལ་གྱི་མེ་ཉི་མའི་དལ་དུ་བསམ་པའི་འོད་ཀྱིས་ནད་གདོན་ཐམས་ཅད་བྱ་སྤུར་ལྕགས་བསྲེགས་ཕོག་པ་བཞིན་ལྷག་མེད་ཐལ་བར་གྱུར་པར་བསམ། གཟའ་གདོན་ཆུ་སེར་རྩ་ནད་ལ་ཕན་ཡང་གཅིག་མེ་ལོང་སྲབ་མོ་གཡའ་ཕྱིས་སྔགས་འདི་ཆུར་བཀྲུ།
ཨོཾ་ནན་གྱི་འབིད་སྭཱ་ཧཱ། དེ་ནས་མེར་བསྲོས་ལག་པ་མི་ཚིག་ཙམ་དུས་དར་དམར་གསར་པ་ཚོས་རྩི་མ་ཡལ་བས་གཏུམ། སྔགས་འདི་ལ་གོང་བསྙེན་ཁྲི་སོང་ནས་ཁྲི་བརྒྱ་བཏབ་སྟེ། ལས་སྦྱོར་དུས་སྟོང་བཟླས་མེ་ལོང་ལ་བཏབ། པྲ་ཐིམ་པྲ་ཐིམ་མེ་དབལ་ཡོད། མེ་ལོང་གི་ནད་དམིགས་སུ་ཡང་ཡང་བསྲོས་པས་དར་དང་མེ་ལོང་ཡི་དམ་གང་ཡིན་དུ་བསྒོམ་པའི་ཞལ་ནས་མེ་འབར་བས་ནད་གདོན་ཀུན་བསྲེག་སྟོང་པར་བསམ། གྲང་ན་ཤེལ་མེས་ཀྱང་ཡང་ཡང་བསྲེག་གོ། ཡང་སྔ་མ་ཇི་བཞིན་ལ། ཨོཾ་ཨ་ཤི་མེ་ཤི་དུ་ཤི་སོད། ཨ་རཾ་མེ་རཾ་དུ་རཾ་སོད། ཅེས་སྟོང་བཏབ། སྟེང་ནས་སྤྲ་མེའི་རིང་བུས་རྟེན་སྙིང་ཚར་བདུན་མྱུར་བར་འདོན་ཡུན་བསྲེག དེ་རྣམས་ཀྱིས་གྲང་རིགས་སྐྲན་གླང་ཐབས་རྩ་འཕྲེང་སྟེང་གདོན་སྲོག་རླུང་བྱ་གདོན་སོགས་བཅོམ་མོ། །མེ་བཙའ་གང་དུ་གདབ་དམིགས་དེ་དང་པོར་སུག་པ་དང་པི་ལིང་ཁུ་བས་དག་པར་བཀྲུས་ལ། སྐམ་པར་བྱས་ནས་གཟོད་མེ་བཙའ་གདབ་བོ། །གོང་བཤད་འགའ་ལ་དགོས་པའི་སྤྲ་མེ་ནི། ལ་ཕུག་ཉུང་མའི་འབྲས་བུ་བསྡུས་ཟིན་པའི་རྩ་བ་ས་འོག་གནས་པའི་ཁོང་སྟོང་སོབ་མོའམ། ཆར་ཉིས་ཁྱེར་རམ་འཁྱགས་པས་སད་ནས་འབོབ་པའི་ཉུང་མ་སོབ་འབོབ་བརྡུང་ལ་རས་ཀྱིས་གཏུམ། ཆུ་འཇམ་པོའི་ནང་དུ་བཙིར་ཞིང་ཁུ་བ་དོར། དྲི་མ་སངས་ཚེ་སིགས་མ་ལོགས་སུ་བསྐམ། དེ་རྫ་བུམ་ནང་བླུགས་ལ་ཁ་བསྡམས་ལ་དུ་བ་མ་ཤོར་བར་བསྲེགས་པའི་ཐལ་བ་ཞིབ་བཏགས་ཆུས་སྦྲུས་པའི་རེང་བུ་སོགས་གང་འོས་གཟུགས་བྱས། རླན་གྱིས་སྦྱར་བའི་རྩེ་མོ་མེ་སྦར་ན་མེ་འོད་ཉིན་དང་མཚན་དུའང་མི་མངོན་ལ་དུ་བ་མེད་ཅིང་རྫས་དང་འཕྲད་ན་མེ་
ཡི་ལས་ཀྱང་ནུས། ཡང་ན་ལ་ཕུག་སྐམ་པོ་གཤགས་ཤིང་། མར་ནག་རྙིང་པར་བཙོས་ལ་སོལ་བར་སོང་བ། གོང་བཞིན་འཕྲུལ་བྱས་པའི་ཕྱེ་མ་ག་འུར་བཅངས་ནས་མེ་སྦར་ན་ལོ་ཟླར་མི་འཆི་ཞིང་དགོས་ཚེ་དངོས་པོ་གང་ལ་ཕྲད་ཀྱང་འགྲུབ། ཡང་ལྕུམ་རྩ་ཆུ་རྩ་ས་འོག་ཏུ་རུལ་ནག་གི་ཁུ་དོར་ཕྱེ་མའམ། ཕྱེ་དེ་འཕྲུལ་བསྲེག་བྱས་ཀྱང་རུང་ངོ་། །མུ་ཟི་དྭངས་བཞུས་ལྕང་དཀར་གསོམ་དཀར་བཞོག་སྲབ་བྱས་པའི་རྩེར་བྱུགས་པ་སྦ་མེར་ནམ་འཕྲད་མེ་ཡི་དགོས་པ་འགྲུབ་བོ། །གསེར་ཏེལ་ཉེས་མེད་རྩ་མཐུད། བགེགས་ཞི་མིག་སོགས་དབང་པོ་སྲུང་བར་བསྔགས། དངུལ་ཏེལ་དེ་དང་ཆ་འདྲ་རྣག་ཆུ་རུལ་གཅོད་འབྲས་ལ་ཕན། ཟངས་ཏེལ་རྨ་འབྲས་སྲིན་ལ་བསྔགས། ལྕགས་ཏེལ་རུས་འཛེར་འགོག་དང་ལྷན་སྐྲན་ལ་བཟང་། མགོ་སོགས་སྤུ་སྐྱེ་བ་མིན་པར་ནུས་པ་ཆུང་ཞེས་ཕྱག་སྨན་གསུངས། ༈ །རས་བལ་སོགས་ལྤགས་པ་བསྲེག་ཙམ་གྱི་ཏེལ་བའི་རིགས་ཀྱིས་སྨེ་བ་འཛེར་པ་ཀླད་ནད་མགོ་བོ་གཞོགས་ཕྱེད་ན་བ་ལ་ཕན། དེ་ཡང་རས་བལ་ཟེ་ཚྭའི་ཆུ་ལ་བཙོས་པ་ཤུག་སོལ་སྦྱར་ཏེ་ཞིབ་བཏགས་ཨ་རག་དང་སྦྱར། སྐམ་ནས་བསྒྲིལ་ལ་བསླས་ཏེ་སྲ་མཁྲེགས་ཤིང་ལྟར་བཅོས་ནས་མེ་སྦར་ཕུས་བཏབ་པའི་ཏེལ་བས་ལྤགས་པ་བསྲེག བ་ལང་སོ་ནི་གླང་ཆེན་མཆེ་བ་སྟེ། དེ་མར་ནག་དང་ཆུ་མཉམ་བསྲེས་བསྐོལ་ནང་བཙོས་ཏེ་ཚན་དྲོད་ཀྱི་ཏེལ་བས་བསྲེག རྡོ་ཧ་ཤིག་ལོ་དྷ་རྣོ་མཉན་གཡག་རྒོད་མཆོང་འདྲ་རྣམས་སྣུམ་བྱུག་སྒྲོན་མེས་བསྲེག་པའི་ཏེལ། མདའ་སྙུག་ཤུག་པ་ཚར་བུ་སེང་ལྡེང་སོགས་རང་རིགས་ཤིང་ལེབ་ལ་དྲག་བརྡར་དུ་བ་བྱུང་དུས་ནད་དམིགས་དག་བཀྲུས་སྣུམ་བྱུག་སྟེང་གདབ་པ་ཤིང་ཏེལ་ལོ། །རྭ་དང་
རུས་པ་སོགས་ཀྱང་དེ་བཞིན་ནོ། །ཚིགས་ནད་གྲང་བ་སྲིན་རྩ་འབྲུམ་གདོན་ཆུ་སེར་བྱ་འདྲེ་སོགས་སོ་སོར་འཇོམས་པའི་རྟེན་འབྲེལ་མཐུ་དང་ལྡན་པའོ། །རྭ་ཏེལ་ཕྱུགས་དང་རི་དྭགས་ཐུག་པོའི་རྭ་རྣམས་ཤུག་པའམ་རྡོ་ལ་གཙུབ་པས་ཆུ་སེར་སོགས་ལ་ཕན། སྣུམ་ཏིལ་སྤྲ་ཚིལ་མར་དང་བུ་རམ་སོགས་བཞུས་ནས་ལྕགས་སམ་ཟངས་སྦུབས་ཁ་སེང་རྩེ་མདའ་སྙུག་ཙམ་གྱི་བུག་པ་ནས་ནད་དམིགས་སུ་བླུགས་པས་བསྲེག །གཞང་འབྲུམ་རྨེན་བུ་མཚན་པར་རྡོལ་བ་དང་བུ་གར་རྨ་ཡོད་སོགས་ལ་བསྔགས། སྣུམ་ཚུགས་གོ་སྙོད་ཐུམ་ཕོར་མར་ཁུར་བཙོས་པའམ། མཁར་གོང་སྲིན་ཅན་དེ་ལྟར་བྱས་པས་རླུང་གཟེར་འཇོམས། འདི་ལ་ཧོར་མེར་བཤད་ཀྱང་དུག་ལ་གཏོགས་གསུངས། རྔབས་རྭ་དཔང་སོར་ལྔ་ཁར་སོར་གསུམ།རྩེ་བུག་ཡུངས་དཀར་ཤོང་ཙམ། མཛོ་གཡག་གླང་རྟོལ་ཕོ་ཡི་རྭ་ལ་བྱ། གཞི་སྟེང་བཤམས་ལ་མཆོད་པས་བསྐོར། བགེགས་གཏོར་བཏང་མཚམས་བཅད་རང་པདྨ་རིགས་ཀྱི་ཡི་དམ་དང་བསྒོམ་བཟླས་བྱ། མདུན་དུ་པདྨ་མཁའ་འགྲོ་བསྐྱེད་བསྟིམ་མཆོད་དོ། །ཨོཾ་པདྨ་ཌཱ་ཀི་ནཱི་ཀ་ཏྲཾ་ནན། ཉི་ཁྲི་གོང་བསྙེན་བྱ། པདྨ་མཁའ་འགྲོའི་ཐུགས་ཀའི་འོད་ལྔ་རྔབས་རྭར་འཕོག་པས་པདྨ་རིགས་ཀྱི་སྤྲུལ་པའི་སྦྲང་བུ་དམར་ཁྲ་འོད་འབར་ནུས་ལྡན་བསམ། ཕྱིར་འབྲང་བགེགས་བསྐྲད། གཏོར་མ་ཨ་ཀཱ་རོས་བརླབ་ལ། ཨོཾ་སརྦ་པདྨ་ཌཱ་ཀི་ནཱི་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་ལན་བདུན་དབུལ། འདོད་དོན་གསོལ་བ་བཏབ། མདུན་བསྐྱེད་བསྡུས་ནས་རྔབས་རྭར་བསྟིམ་གོང་སྔགས་ཉེར་གཅིག་སོགས་བཟླ་ནས་རྔབས་རྭར་བཏབ། གདབ་དུས་
བཟླས་མཆི ལ་གདབ་དམིགས་སུ་བཏབ་ནས་རྔབས་རྭ་འཛུགས། མགོ་དལ་མཇུག་དྲག་རིམ་གཞིབ་བྱ། གདབ་ཡུལ་ཕོ་ལ་རྔབས་རྭ་མཁའ་འགྲོ་མ་དང་། མོ་ལ་དཔའ་བོའི་རྣམ་པ་ནམ་མཁའ་གང་བར་སྤྱན་དྲངས་པ་དམ་ཚིག་གི་སྦྲང་བུ་སྔོ་ཁྲ་རླུང་གི་རང་བཞིན་སྐེད་པ་དང་མཆུ་རིང་སྐད་སྙན་གཤོག་རྩལ་གཡོ་བ་དེ་ལ་ཐིམ། ནད་གདོན་གཏིང་ནས་དྲང་སྟེ་གསོལ་བར་བསྒོམ་ལ་རྒྱུས་པས་ཁ་དགག །གདབ་རྗེས་མེས་བསྲོ། ཡང་བསྐྱར་ཅི་དགོས་བྱ། སྐྲངས་ནས་ཁྲག་ཆུ་རྒྱས་ཏེ་རྔབས་རྭ་གང་འདྲ་བྱུང་།དུས་གཅིག་རྣོན་བེམ་ཏོལ་བརྒྱབ་སྟེ་པགས་སྤྱི་བརྟོལ་བ་གཉིས་གསུམ་གང་འགབ་བྱབས་ཐབས་སུ་བརྟོལ། རྔབས་རྭ་གཟུགས་ཏེ་ཁྲག་ཆུ་བཏོན། རྗེས་སུ་སྦྲང་བུས་ནད་གདོན་སྐྱུགས་པ་ས་གས་ནས་རླུང་གི་གཞིའི་རྨང་དུ་ཐིམ་པར་བསམ་ལ། ཡེ་ཤེས་རང་རྫོགས་དམ་ཚིག་པ་རྔབས་རྭའི་རྣམ་པར་བསམ། མི་ལག་མི་འགྲིམ་དར་གྲིལ་སྦ། རྨ་དུག་སྟེང་གདོན་མ་གཏོགས་ནད་ཀུན་དང་ཁྱད་པར་སྟོད་འཚངས་གླང་ཐབས་རླུང་གཟེར་ཁྲག་གཟེར་རྣམས་ལ་མཆོག དབབ་དམིགས་སུ་སྟོང་གཞིབ་བྱས་པས་ནད་སློང་ཞིང་འབབ་ཐུབ་པར་བྱེད་དོ། །མེ་བུམ་དཔང་སོར་བཅུ་གཉིས། ཁྱུད་འཁོར་སོར་བཅོ་བརྒྱད། ཁ་ཞེང་སོར་བཞི་རིམ་གཞོལ། མགུལ་སོར་དོ། སྲབ་ལ་དང་བ་ལྟོ་བ་རླུང་གསིང་ལྡན་པ་བྱིན་རླབས་རྔབས་རྭ་ལྟར་ལ་སྦྲང་བུ་དམར་ཁྲ་མོར་བསྒོམ།སྔགས་ཤམ་ཛྭ་ལ་རཾ་ཞེས་བཏགས། བུམ་ནང་གྲོ་ཤོག་གང་རུང་དང་ཉ་སྤྲིད་ཤུན་པ་མེ་སྦར་གཞུག །དེ་མ་ཐག་སོར་ལྔས་བཏེགས་ལ་ཅུང་བསྐོར་ཚུལ་བཅས་གདབ། ཡུན་ལོན་ལྷོད་ན་བུམ་ལྟོ་སྒྲོན་མེས་བསྲོ། མེ་ཉིར་སྡོད་ལ་ཇ་ཡུན་གཉིས་
གསུམ་འཇོག །ཤིན་ཏུ་ལྷོད་ནས་རླུང་གསེང་འདན་སྐུང་འདོན་ཡང་བསྐྱར་ཆུ་བུར་བརྟོལ། ནད་ཚབས་བསྟུན་ཏེ་གྲངས་མང་གདབ། སྐྲན་རིགས་ལ་ནད་ཚབས་བསྟུན་ཟླ་གཅིག་ཚུན་མ་ཆག་པར་སྐྲན་ངོས་སུ་ཤ་ལྤགས་བར་དུ་མ་བྱུང་བར་དྲང་ནས་འབྱིན་པར་བྱ་ཚུལ་འདིས་ཕྱི་སྐྲན་དུ་མ་ཟད་པར་སྐྲན་ཕྱིར་དྲངས་ཏེ་འབྱིན་ནུས་སོ། །འདིས་རླུང་གཟེར་བཅོས་གྲང་བ་ཆུ་སེར་གྲང་བ་འཐོར་བ་བསྡུ་བ་སོགས་ཕན་ཡོན་ཆེའོ། །ཆུ་ཚན་རིགས་ལྔ་ངོས་འཛིན་སོགས་རྒྱུད་དུ་གསལ། དེ་དངོས་སུ་མ་འཛོམ་ན་ཚབ་བྱ་བར། ཉིན་ཕྱོགས་ས་གཙང་ཤར་བལྟའི་ཆུ་མིག་དགུན་མི་འཁྱགས་པའི་ཆུ་བླང་ལ་སྣོད་ཆེན་དུ་བླུགས། ཆུ་ཚན་གྱི་རྒྱུ་རྡོ་སོལ་ཡིན་པས་ཅི་མང་བཏབ་པ་སྤྱི་ཡི་ཆུ་ཚན་ནོ། །དེ་ལ་ཅོང་ཞིའི་ཕྱེ་མང་བསྲེས་ན་ཚ་བའི་ནད་རྣམས་སོས། མུ་ཟི་བཏབ་ན་གྲང་བའི་ཆུ་སེར་སེལ་ཡང་རྩུབ་རླུང་ལ་གནོད། བྲག་ཞུན་བཏབ་སྙོམ་པར་བསྲོས་པས་འདུས་ནད་ལ་ཕན། ཅོང་ཞི་མུ་ཟི་གཉིས་བཏབ་ཚན་མོར་བསྲོས་ན་གྲང་གཅོང་སེལ། མུ་ཟི་བྲག་ཞུན་ལྡོང་རོས་གསུམ་བཏབ་བསྐོལ་བས་ཆུ་སེར་དྲུངས་ནས་འབྱིན། དེ་དག་ཤིང་སྒྲོམ་མམ་ས་དོང་སོགས་ལ་ཀོ་རློན་བཏིང་ལ་བཅོས་པའི་ཆུས་སུམ་གཉིས་བཀང་ལ་བཞག །ཕྱིར་ཕྱུང་ནས་ལུས་ལ་འབྲུ་མར་རྩི་མར་བྱུགས་པས་རླུང་སྒོ་དགག །གྲང་ཚེ་བསྲོས་བསྐྱར་བྱ། ཆུ་ཚན་རིགས་ལྔ་སོ་སོར་མ་འབྱོར་ན། །བསྡུས་དོན་བདུད་རྩི་ལྔ་ཡི་ལུམས་བྱ་སྟེ། །བ་ལུ་ལྷ་ཡི་བདུད་རྩིས་ལྤགས་མཉེན་བྱེད། །ཤུག་པ་ལྷ་ཡི་བདུད་རྩི་ཡོན་ཏན་མང་། །མཚེ་ལྡུམ་བཙན་གྱི་བདུད་རྩིས་ལུས་ཟུངས་བསྐྱེད། །འོམ་བུ་ཀླུ་ཡི་བདུད་རྩིས་རུས་དུག་འབྱིན། །མཁན་སྐྱ་སྡེ་
བརྒྱད་བདུད་རྩིས་ལུས་འབྱུང་འདུལ། །ཞེས་པ་འདི་ལྔ་ཁྲམ་བརྡུང་ཆང་རང་ནུབ་ཙམ་ནང་བསྲོས་ལ་ཕབ་བཏབ་བསྙལ་སྐྱུར་ཆིལ་ལངས་ནས་ཆུ་དང་ཆང་གིས་བསྐྱེད། སིགས་མ་སླར་བརྡུང་བཙོས་ཁུ་བསྲིང་ནས་བསྡོམས་ལ་ཚུགས་ཙམ་བསྲོས་པའི་ཆུ་ལུམ་གྱིས་འགྲམ་འཁྲུགས་ཚད་རྙིང་བྱེར་དང་ལུས་དགྱེ་རྒུ་ཅན་དང་ཡན་ལག་རེངས་འཁུམ་རྨ་རྒན་སུརྱ་སོགས་འཇོམས། ཁ་སྒྱུར་དུ་ཚ་ན་གླ་རིལ་གྲང་ན་ལུག་རིལ་འདེབས། རླུང་ལ་རུས་ཁུ། དྲེག་གྲུམ་མཁན་པ་སྤང་སྤོས་བསྣན། ཚད་རྙིང་ལ་ཙན་དན་སྤང་སྤོས་འོམ་བུ་ཀྱི་ལྕེ། རྙིང་ཚད་རུས་ཞེན་ལ་ཙན་དཀར། མཁལ་གྲུམ་རྩ་འགྲམ་ལ་ཤུག་ཚེར་ཁུ་བ་རུས་འབྲས་ལ་སྤྲུ་རྩ་ཕ་ཝང་། སྦྱར་དུག་ལ་འོམ་བུ་བསྐྱེད་པ་སོགས་བྱ་ཞིང་། བསྲོས་ནས་ཟངས་ནང་གདན་བཏིང་ཆུ་ལུམས་སམ། འཁྲུལ་ཁྲི་སྟེང་ལྡིང་ཐབ་ཏུ་རློང་ལུམ་བྱས་ལ་རྡུལ་དབྱུང་བལ་གྱིས་ཕྱི། ཁམ་ལོག་ན་ངལ་བསོ་ཚོ་ཁུ་བཏང་། ཡན་ལག་ཁོལ་བུར་བྱ་ན་ལུམས་བཅིང་ལུམས་སོགས་བྱ། དེས་ཤ་པགས་རྩ་རྒྱུས་རུས་སོགས་ཕྱི་ནང་བར་ཞུགས་ནད་ཀུན་བ་སྤུའི་སྒོ་ནས་འབྱིན་ནོ། །བསིལ་ཆུ་རྫ་གངས་གཡའ་དང་སྲིབ་ཆུ་བྱང་བལྟས་བླང་ལ་དུགས་བྱས་པས་ཁྲག་མཁྲིས་ཚད་གཟེར་འཕྲལ་གཅོག་གཏར་ལས་ཉེས་ཆུང་སྙོམས། ཝ་རྟིང་སོགས་སུ་འཕྱར་བའི་ཆུ་མདའམ། དྲོད་པར་བླུགས་ལ་སྨན་བཏབ་བམ་མིན་ཀྱང་། གསོར་ཏེ་བདུག་ཅིང་རེག་བྱ་ཉམས་པ་ཙམ་དུ་བྱ། ཚད་པ་དང་ཁྲག་གཟེར་བུ་ག་ནས་ཁྲག་འཛག་རྨ་ནས་ཁྲག་ཤོར་གཅོད། སྟོད་ཚ་སྨད་གྲང་ལྟ་བུ་ལ་ཀོ་རློན་བུབ་རིལ་བཤུས་པ་འགྱིང་བྲན་སྐེད་པར་བཅིང་སྨད་གྱེན་བཟེད་ཆུ་གྲང་
གིས་བཀང་བས་སྟོད་བསིལ། སྨད་ནས་དྲོད་ལུམས་བྱ་གསུངས། ཆུ་ནི་ཆར་ཆུ་སོགས་རིགས་བདུན་རྒྱུད་ལས་གསུངས། རང་བཞིན་གྱིས་ཡན་ལག་བརྒྱད་ལྡན་རབ། དུས་རྀ་ཥི་འཆར་དུས་ཆུ་ཀུན་ཡན་ལག་བརྒྱད་ལྡན་དུ་འགྱུར། བཅོས་མའི་ཡན་ལག་བརྒྱད་ལྡན་ནི། དཔྱིད་སོས་ཀྱི་དུས་དང་རླན་ཅན་ཡུལ་ནས་འབབ་པའི་ཆུ་ངང་གིས་ལྕི་བས་ན་བཞི་ཆ་གསུམ་གདུས་ལ་ཆ་གཅིག་བཞག །དབྱར་དགུན་དུས་དང་སྐམ་གཤེར་བར་མའི་ཆུ། ལྕི་ཡང་བར་མར་གནས་པས་གསུམ་གཉིས་གདུ། སྟོན་དུས་དང་ན་དཀོན་པ་དང་སྐམ་སའི་ཆུ་རང་བཞིན་གྱིས་ཡང་བའི་ཕྱེད་འཐག་བྱ་སྟེ། གང་ཡང་སྦུ་བ་མ་སངས་བར་བསྐོལ་བར་བྱའོ། །བསྟེན་མི་རུང་བ་ཉེས་པ་གསུམ་འཁྲུགས་པའི་ཆུ་ནི་དུག་དང་མཚུངས་ལ། རང་བཞིན་དུག་འདྲ་ནི་ཉི་ཟླ་རླུང་མི་འཕོག་པ་ཁྲོན་པའི་ཆུ་དང་རྙོགས་མ་བ་ཚྭ་ཅན། ཤིང་ལྡུམ་དུག་ཅན་དང་ལུད་རྫིང་གི་གཏིང་ཆུ་ལྟ་བུའོ། །དུས་ཀྱིས་དུག་འདྲ་ཕག་ཞག་གི་ཞག་བདུན་དུས་སུའོ། །དེ་དུས་སྨན་བཏུ་སྦྱར་མི་བྱ་ཞོ་མར་ཕྱུགས་ཕྱིར་བཏང་གཡང་ཉམས་ཞེས་བཤད། བཅོས་པའི་དུག་འདྲ་ཆུ་གང་ཡང་དགོང་མོ་བསྐོལ་ནས་ཞག་གཅིག་ལོན་པའི་ཕྱིར་ནང་དུག་དང་འདྲ། ལར་ཆུ་རྣམས་རིང་ནས་བླང་བས་སྣོད་ནང་དཀྲུགས་ཤིང་བསྲུབ་པའི་ཆུ་རྒོད་ཀྱང་ཐང་ཆད་དེ་གཡུང་དུ་འགྲོ་བས་ཆུ་རྒོད་ཡུན་དུ་བསྲུབ་ནས་སྦུ་པ་བཅད་པས་གཡུང་བར་བྱ་བ་ཡིན། སྤྱིར་ནམ་ལངས་སྐར་མ་ཞོག་ནས་མཚན་མོ་སྐར་རྫོགས་བར་དུ་ཆུ་ལ་ཉི་འོད་འཕོག་པས་དེ་མི་ལེན་པར། མཚན་མོའི་སྐར་ཆུ་བླང་ན་བཟང་། ཁྱད་པར་
ཉི་ཟེར་འཆར་ནུབ་ཀྱི་ཟེར་ཕོག་དུས་བླང་བར་མི་བྱ། སྨན་ཆུ་ལ་མཚན་མོ་སྐར་རྫོགས་དུས་དང་བདུད་རྩིའི་འོད་ཅན་ཟླ་ཟེར་ཕོག་པའི་ཆུ་སྐྱོགས་ཁ་གྱེན་བསྟན་ལ་ཆུ་བོའི་གདོང་དུག་ཡོད་པས་སྐྱོག་ཁ་ཆུ་བོའི་རྒྱུན་ཕྱོགས་སུ་ཐུར་དུ་བསྟན་ཅིང་བཅུ། བཅུ་དུས་ཉིན་མོ་ཡིན་ན་ལྷག་པར་དང་། མཚན་ཡིན་ཀྱང་གནམ་མཐོང་ན་གཡའ་དུག་ཡོད་པས་གོས་ཀྱིས་བྱིབས་ནས་གནམ་མི་མཐོང་བར་བྱས་ལ་བླང་བའི་རྟེན་འབྲེལ་བྱ་ཞེས་བཤད། དབྱར་ཡུན་ལོན་རུལ་ནས་བ་ཚྭ་ཅན་དང་འདྲ་བར་གྱུར་པ་དང་། དགུན་འཁྱགས་པས་གངས་ཆུ་འདྲ་བ་དང་། རླངས་བསུབ་ཁ་བཀབ་ནས་སུབ་པས་ཁྲོན་ཆུ་འདྲ་བ། ཤིང་སྣོད་ཡུན་རིང་བཞག་ཤིང་ཆུ་འདྲ་བ་དང་། ཕྱར་བསུབ་དཀྲོག་ཡུན་རིང་བས་ཆུ་ཤེད་ཆད་དེ་ཤི་བ་དང་། ཆུ་སྣ་མང་དུ་བསྲེས་ན་གཙང་ཆུ་འདྲ་བར་འགྱུར་རོ། །ཆུ་བླང་ནས་སྣོད་ནང་བཞག་པ་དགུན་ཞག་བཅུ། སྟོན་བདུན། དབྱར་གསུམ། དཔྱིད་བཞི་ལས་འདས་ནས་ཆུ་རུལ་དུ་འགྱུར། སྣོད་ཀྱི་ཁྱད་པར་རྐྱལ་དྲོད་ཀྱིས་ཞག་ལས་མི་ཐུབ། ཤིང་སྣོད་ཀྱིས་ཞག་གཉིས། ལྕགས་ཀྱིས་ཞག་གསུམ། ཟངས་དང་འཁར་བས་ཞག་བཞི། རྫ་མ་དང་ཁྲོ་ནག་ལྔ། རྡོ་ཡོལ་གྱིས་དྲུག ཞ་ཉེའི་སྣོད་ཀྱིས་ཞག་བདུན་དུ་ཐུབ། ཆུ་ཡི་སྲུང་བ་རིན་ཆེན་སྤུག་དང་ཀེ་ཏ་ཀ་དང་གངས་ཐིག་ཆུ་ནང་བཅུག་སྟེ་བཞག་ན་ཆུ་ནུས་ཡུན་དུ་མི་འགྱུར་ཞིང་ཆུ་ལེགས་སུ་འགྲོ། ཆུ་ཤེལ་དང་ལོ་སྟོང་ལོན་པའི་ཆབ་དང་། གངས་རི་ལས་གྱུར་པའི་ཞ་ཉེ་དཀར་གོང་བཅུག་པས་ཞག་མང་ཐུབ། རོ་དུག་བྲོ་བ་ཅན་ལ་ཅོང་ཞིའམ་ཨ་རྒའི་རྡོ་ཕྱེ་བཏབ་སྟེ་བགྲུང་བས་འཇོམས། ཆུ་རྒོད་ལ་
རྡོ་ཞུན་དྭངས་མའམ་བུལ་ཏོག་ཐལ་ཚྭ་གང་རུང་བཏབ་པས་གཡུང་། གཡུང་ཆེས་ནས་རུལ་བ་ལ། སྲིབས་ཀྱི་འཁྱག་པའམ། གངས་ཆུའམ། ཞོ་སྐྱོ་དར་བ་གང་རུང་སྟོབས་བསྟུན་ཕྲན་བུ་རེ་བསྲེས་པས་སངས་པར་འགྱུར་རོ། །གཞན་ཡང་སྨན་བསྟན་པའམ་སྦྱོར་བའི་ཚེ་ཀླུ་རིགས་ལྡན་འཆར་དུས་སྤང་དགོས་ཏེ། དེ་དུས་ཐམས་ཅད་དུག་ཏུ་འགྱུར། དེ་ཡང་རེས་གཟའི་ཐུན་ལས་འཆར་ཚུལ་དང་། དུས་སྦྱོར་བྱེད་པ་ལས་བརྩམས་ཏེ་རིགས་ལྡན་རང་དུས་གཞན་དུས་འཆར་ཚུལ་ཤེས་པར་བྱས་ལ་དེ་ངེས་པར་སྤངས་ཤིང་། བདུད་རྩིའི་ཐུན་མཚམས་དང་བསྟུན་པར་བྱའོ། །འདི་དེའུ་དམར་ལག་ལེན་ཉེར་མཁོ་གཞིར་བཞག་སྟེ་མི་ཕམ་པས་བྲིས་པ་དགེ། ༈ །ཉེར་ལྔའི་སྦྱོར་བ་འགའ་ཞིག་བཞུགས་སོ། །ག་བུར་ཉེར་ལྔ་དང་། ཐང་ཆེན་ཉེར་ལྔ། ཅུ་གང་ཉེར་ལྔ་སོགས་གོང་དུ་བྲིས་ཟིན་པས་འདིར་མ་བཀོད། གཞན་ཅི་རིགས་རྩ་ཐོ་ཙམ་བཀོད་པ་ལས། ༈ །ཁྱུང་ཆེན་ཉེར་ལྔ་ནི། བི༠ ༠ ༥ ཥ་ཨི༠ ༠ ༥ རུ་གླ་རྩི་དང་། །ཤུ་༠ ༠ ༣ དག་རུ་༠ ༠ ༣ རྟ་རྒྱལ་པོའི་ཁྱུང་། །གཞི། ཆུ་རྩ་ཐར་ནུ་ཁྲོན་བུ་དང་། །དུར་ནད་འདེད། བྱིད་དན་རོག་དམག་དཔོན་ཁྱུང་། །སྡིག་བོད་ཀྱི། པ་རྒྱ་སྐག་དོམ་མཁྲིས་དང་། །ཤིང་ཀུན་དྲི་ཆེན་བཙུན་མོའི་ཁྱུང་འཇམ་སྡེབ། །གི་ཝཾ་ཙན་དན་དཀར་དམར་དང་། མཚལ་དཀར་རྒྱ་ཚཱ་བློན་པོའི་ཁྱུང་། །ཁ་བསྒྱུར། ཛཱ་ཏི་ཤ་གཞན་ཐམས་ཅད་ཐུན་རེའོ། །ཆེན་བ་ཤ་ཀ མཐའ་དམག འཛིན་པ་གུ་གུལ་འབངས་ཀྱི་ཁྱུང་། །ནད་གདོན་ཀུན་དང་ཁྱད་པར་དུ། །གཟའ་ནད་མཛེ་དང་གག་ལྷོག་ཀུན། །སླེབ་ཆོག་གུ་ཎའི་ཕྱག་བཞེས་ཡིན། ༈ །དངུལ་ཆུ་
ཉེར་ལྔ་ནི། དངུལ་ཆུ་བཟང་དྲུག་གུ་གུལ་ཤུ་དག་དང་། །ཤིང་ཀུན་སྨན་ཆེན་གླ་རྩི་སྟག་ཤ་དང་། །མུ་ཟི་ཆུ་སེར་གཉེན་པོ་སྤོས་ཐལ་སོ། །གསེར་བྱེ་མཁལ་མ་ཞོ་ཤ་འབྲས་སྣ་གསུམ། །གནྡྷ་བྷ་དྲ་རྒྱ་ཚྭ་རུ་རྟ་བཅས། །བྲག་ཞུན་ཁུ་བས་རིལ་བུ་དྲིལ་བྱས་ལ། །སླེ་ཏྲེས་སེང་ལྡེང་ཐང་གིས་ཕུལ་བ་ཡིས། །མཛེ་དང་གཟའ་ཀླུ་སྲིན་རླུང་དུག་ཆུ་སེར། །གག་ལྷོག་གཉན་གཟེར་ཡ་མ་དཀར་ནག་དང་། །དྲེག་གྲུམ་རྐང་འབམ་མཁལ་གྲུམ་ནད་ལ་བསྔགས། །ཨ་གར་ཉེར་ལྔ་ནི། ཨ་གར་བཟང་དྲུག་གི་ཝཾ་གེ་སར་གསུམ། །གླ་རྩི་ཤིང་ཀུན་སྙིང་ཞོ་ཁ་རུ་ཚ། །ཤིང་ཚ་བྱི་ཏང་ཀ་དང་རུ་རྟ་དང་། །སྒ་སྐྱ་ཟི་ར་དཀར་ནག་སྤང་སྤོས་དང་། །སེ་འབྲུ་སེང་ལྡེང་ཤ་ཆེན་བུ་རམ་སྦྱར། །སྙིང་སྲོག་རླུང་སོགས་རླུང་ནད་ཐམས་ཅད་འཇོམས། །དཔའ་བོ་ཉེར་ལྔ་ནི། ཆུ་རྩ་དུར་བྱིད་ཐར་ནུས་སྦྱོང་བར་བྱེད། །བཙན་དུག་སྟག་ཤ་རེ་ལྕག་གསོད་བྱེད་གསུམ། །མུ་ཟི་རྒྱ་ཚྭ་སྡིག་སྲིན་རྩར་རྒྱུག་སྨན། །གླ་རྩི་གུ་གུལ་གི་ཝཾ་འདུལ་བྱེད་སྨན། །ཆུ་དག་སྤྲུ་ནག་ཨ་བྱག་ནད་མཐའ་སྡུད། །གུར་གུམ་ཅུ་གང་ལི་ཤིས་འདུ་བ་སྙོམས། །ཨ་རུ་ཧོང་ལེན་ཤ་ཆེན་ཚོད་འཛིན་བྱེད། །གག་ལྷོག་གཟེར་དང་ཡ་མ་དཀར་ནག་དང་། །ཆུ་སེར་བདུད་དྲུག་གཉན་གཟེར་དུག་སོགས་འཇོམས། སྨྱུག་རྩི་ཉེར་ལྔ་ནི། སྨྱུག་རྩི་ལི་ཤི་ཤིང་ཀུན་དང་། རྒྱ་སྐག་བཙོད་དང་འབྲི་མོག་དང་། །སྡིག་སྲིན་ཞུ་མཁན་གསེར་བྱེ་དང་། །འབྲས་བུ་གསུམ་དང་གི་ཝཾ་དང་། །ཙན་དན་དཀར་དམར་སླེ་ཏྲེས་དང་། །དོམ་མཁྲིས་གུར་གུམ་སོགས་བཟང་ལྔ། །རྩ་བ་ལྔ་བཅས་བུར་རམ་ཅོང་ཞི་སྦྱར། །མོ་ནད་རིགས་ལ་ཐེངས་པས་ཆོག ༈ །དབང་རིལ་ཉེར་
ལྔ་ནི། གཙོ་བོ་དབང་རིལ་མདོག་དཀར་སྒོང་གཟུགས་ཅན། །བཟང་དྲུག་རྭ་སྣ་གསུམ་རྒྱ་རུ་བསྲེགས་དོར། དང་གཡུ་དྲུག་དཀར། །ཕྲ་མེན་མུ་ཏིག་བྱེ་རུ་སྤུག་དང་ནི། །དབང་ལག་ཆུ་སེར་སྨན་གསུམ་འབྲས་བུ་གསུམ། །གི་ཝཾ་པི་ལིང་བོད་ཀྱི་སྡིག་པ་རྣམས། །ཆོས་སྨན་དྲི་ཆུས་རིལ་བུར་དྲིལ་བ་ཡིས། །སྦྱར་དུག་ཐོག་རིགས་གཟའ་ནད་དངོས་ཀྱི་དུག །དུག་རོ་རྩར་གྲམ་སྨྱོ་བརྗེད་ལ་སོགས་པ། །བཞི་བརྒྱ་རྩ་བཞིའི་ནད་སེལ་ཐང་ལ་འབར་གྱི་ལུགས། ༈ །སྡིག་སྲིན་ཉེར་ལྔ་ནི། སྡིག་སྲིན་གསེར་བྱེ་རྒྱ་ཚྭ་ཆུ་སྨན་གསུམ། །སྐྱེར་ཤུན་གཟེ་མ་ཤིང་མངར་སྐྱུ་རུ་དང་། །ཉི་དགའ་གླ་རྩི་འུ་སུ་བཅས་པ་རྣམས། །ཆུ་ཁ་བསྡོམ་པའི་ནད་ལ་བུང་ཆེར་བསྐྱེད། །འབྲས་སྣ་ཨ་འབྲས་སྲ་འབྲས་འཇམ་འབྲས། གསུམ་དང་སེ་འབྲུ་ཤིང་ཚྭ། སུག་སྨེལ་བཞི་པི་ལིང་། གྲང་བའི་ནད་སྟོབས་ཆེ་ན་འདི་བདུན་བསྐྱེད། །ཨ་བར་གུར་གུམ་རུ་རྟ་ཙན་དན་དམར། །བོང་དཀར་ལི་ཤི་གི་ཝཾ་སྨན་སྣ་བརྒྱད། །ཚ་བའི་ནད་སྟོབས་ཆེ་ན་བུང་ཆེར་བྱ། །ཆུ་ཆང་གིས་འཕུལ་མཁལ་ནད་གསར་རྙིང་དང་། །མཁལ་རྩ་འགྲམ་དང་ཆུ་འགག་མཁལ་འབྲས་སྐྲངས། །མཁལ་འགྲམ་ལ་སོགས་ནད་ལ་ཐེང་ཆོག་ཡིན། ༈ །སྨན་ཆེན་ཉེར་ལྔ་ནི། འཛིན་པ་བཟང་པོ་དང་སྨན་ཆེན་བཟང་པོ་ལུག་རིལ་ཙམ། །དེ་དང་གསེར་མདོག་སྦྱར་བ་རྒྱལ་བློན་འབངས་གསུམ་ཟེར། །ཅུ་གང་གི་ཝཾ་གླ་རྩི་ཙན་དན་དཀར་པོ་བོང་ང་དཀར། །སྟག་ཤ་གུ་གུལ་སྲོ་ལོ་དཀར། །རུ་རྟ་ཨ་གར་སྙིང་ཞོ་ཤ །ཆུ་དག་གསེར་མེ་ཤུག་ཚེར་ཅན། །འབྲུག་རུས་བྲག་ཞུན་ཏི་གཉིས། །གུར་གུམ་དུག་ཉུང་བཙོད་དང་སྐག །གདུར་དྲི་ཆུས་སྦྲུས་རིལ་བུ་སྲན་འབྲིང་ཙམ། །མང་ཉུང་རིག་
པས་དཔྱད། མགོ་གཟེར་ལ་མི་ཐོད། རྒྱུ་ལོང་ལ་སྙ་ལོ་བ་ལེ་ཀ་བ སྡེབས། དོན་སྣོད་དབང་པོ་ཤ་རུལ་སོགས་ཀྱི་ཚ་བ་སྟོབས་ཆེན་གག་ལྷོག་རྒྱུ་གཟེར་གཉན་སྐྲངས་སྲིན་གཟེར་རིགས་ཀུན་ལ་མཆོག ཁྱད་པར་གཉན་ཚད་སེལ། སྦྲུམ་མ་སྟོབས་ཆུང་གྲང་བའི་རིགས་ལ་བཏང་མི་རུང་ངོ་། ༈ །ཡུངས་ཀར་ཉེར་ལྔ་ནི། ཡུངས་ཀར་ཨར་ནག་ཙན་དཀར་བཟང་པོ་དྲུག །སེ་འབྲུ་ད་ལི་རུ་རྟ་པྲི་ཡངྐུ། །ཤིང་མངར་མ་ནུ་པ་ཏྲ་སྤོས་དཀར་དང་། །ཐལ་རྡོར་སོ་ར་གླ་རྩི་ཤུ་དག་དང་། །སྤང་སྤོས་པི་ལིང་ཤིང་ཚྭ་སྟར་བུ་དང་། །གསེར་མེ་གི་ཝཾ་མངར་གསུམ་འདམ་བུ་ཀར། །ཐོ་རེངས་ཆུ་སྐོལ་སུམ་འཐག་ལྟོ་སྟོང་དབུལ། །ཉི་ཤར་བར་ཁ་ཟས་འཛེམ་པ་གཅེས། །རླུང་འབམ་དཀར་པོ་བད་འབམ་ཁྲ་བོ་དང་། །མཁྲིས་འབམ་ནག་པོ་ཆུ་སེར་ནག་པོ་ཡི། །འབམ་རིགས་ཀུན་ལ་སྨན་མཆོག་འདི་ཉིད་བསྔགས། ༈ །མདོངས་ཐལ་ཉེར་ལྔ་ནི། མདོངས་ཐལ་ཁྱུང་ལྔ་བཟང་དྲུག་སྡིག་སྲིན་དང་། །གི་ཝཾ་མཚལ་དང་བ་རུ་རྡོ་རྒྱུས་དང་། །བེ་དོ་སེང་ལྡེང་ཆུ་སེར་སྨན་གསུམ་དང་། །སྦལ་རྒྱབ་དངུལ་ཆུ་སྦྱར་བའི་ཉེར་ལྔ་པོས། །འབམ་རིགས་གསུམ་ལ་སྨན་འདི་རྣོ་ཞིང་བསྔགས། །ཁྱད་པར་སྨད་དུ་བབ་པའི་བདུད་རྩི་ཡིན། །ཞེས་སོ། ༈ །སྤང་རྒྱན་ཉེར་ལྔ་ནི། གཙོ་བོ་སྤང་རྒྱན་དཀར་པོ་སུམ་ཆ་ལ། །ཙན་དན་དཀར་དམར་ཀནྜ་ཀ་རི་དང་། །འབྲས་བུ་གསུམ་དང་སླེ་ཏྲེས་ཧོང་ལེན་དང་། །རྒུན་འབྲུམ་སྐྲ་བཟང་བ་ཤ་ཀ་ཤིང་མངར། །སྲོ་ལོ་ཀྱི་ལྕེ་བོང་དཀར་ལི་ག་དུར། །བྲེ་གུ་གསེར་ཐིག་དཀར་པོ། ཡར་པ་ཡག་རྩབ་འདྲེན་ཨ་ག་རུ། །ཆ་མཉམ་དེ་སྟེང་ཁ་བསྒྱུར་ནི། རླུང་ལ་རུ་རྟ་བུ་རམ། མཁྲིས་པར་གཡའ་ཀྱི་གསེར་ཤིང་བསྡེབ། བད་ཀན་མ་ནུ་འུ་སུ་སྟར་བུ་སྟེ། དོན་གྱི་
ཁ་འཛིན་གཞུང་དང་མཐུན། ཚ་འཁྲུགས་གྲེ་འགག་སྟོད་འགྲམ་ཁྲག་ནད་དང་། རྨ་ཚད་དུག་ཚད་སྟོད་གཟེར་མཐའ་དག་འཇོམས། བསེ་རུ་ཉེར་ལྔ་ནི། བསེ་རུ་གྭ་དོར་རྒྱ་རུ་བཟང་པོ་དྲུག །རུ་རྟ་ཙན་དན་དཀར་དམར་གེ་སར་གསུམ། །ཆུ་སེར་སྨན་གསུམ་ཨུཏྤལ་བ་ཤ་ཀ །ཟིར་དཀར་གི་ཝཾ་ག་དུར་འབྲས་བུ་གསུམ། །སྟར་བུ་ཀ་ར་སྦྱར་བའི་ཉེར་ལྔ་འདིས། །གློ་རྣག་རྒྱ་མཚོ་ཙམ་ཡང་སྐེམ་པར་ནུས། །རྒྱ་བོད་གཉིས་ན་གློ་སྨན་འདི་ཉིད་ཟབ། །གུ་ཎའི་ཕྱག་བཞེས་སོ། ༈ །གཡའ་ཀྱི་ཉེར་ལྔ་ནི། གཡའ་ཀྱི་ཆུ་རུག་བ་ཤ་ཀ་རེ་རལ། །བྲེ་ག་དཀར་པོ་བ་ལུ་དཀར་གསེར་མེ། །རྩ་མཁྲིས་སྐྱེར་དཀར་གསེར་ཕུད་འབྲས་བུ་གསུམ། །བ་ལེ་ཀ་དང་ལྕུམ་རྩ་ཆུ་རྩ་དང་། །སྤང་རྩི་ཡུང་བ་དུག་ཉུང་པརྦ་ཏ། །པྲི་ཡངྐུ་པི་ལིང་ཛཱ་ཏི་ཀ་ར་སྦྱར་བས་མཁྲིས་ནད་ཐམས་ཅད་འཇོམས། ༈ །བྱང་ཁོག་རྩ་བཤལ་ཉེར་ལྔ་ནི། མུ་ཏིག་ཉ་ཕྱིས་འབུ་སྐྱོགས། བསེ་རུ་བུལ་ཏོག་ཨར་ནག་མཚལ། གཟེ་ལྕམ་སྡིག་གསུམ་གཡེར་མ་ཀ་ར་དང་། །དན་ད་དུར་བྱིད་གསེར་བྱེ་རྒྱ་ཚྭ་པདྨེ་དམར། །དོང་གྲ་སྒ་སྐྱ་གུར་གུམ་ལྕུམ་རྩ་དང་། །ཨ་རུ་ཧོང་ལེན་ཐར་ནུ་ཉིས་འགྱུར་སྦྱར། །མགོ་དང་བྱང་ཁོག་ཡན་ལག་རྨ། །འབྲས་དང་རྨ་རེད་ཐིག་རྣམས་དང་། །རྩ་ནད་བྱེར་འགྲམ་ཐམས་ཅད་སྦྱང་། །སྔོན་འགྲོ་རྗེས་སོགས་སྤྱི་དང་འདྲ། །དྲང་སྲོང་གཞུང་ལས་དྷརྨ་སྭ་མིས་བཀོད། ༈ །སྐྲན་བཤལ་སྦྲུལ་ཤ་ཉེར་ལྔ་ནི། སྦྲུལ་ཤ་དུར་བྱིད་དན་རོག ཚ་ལ་བུལ་ཏོག་པི་ལིང་། གཡེར་མ། སྟར་བུ་སྔོའི་ཚ་བ་གསུམ། རྒྱ་རྒྱམ་ཟེ་ཚྭ། བྱ་ཐལ། ཡ་བཀྵ། ཙི་ཏྲ་ཀ པིག་པཎ། མཚུར་གཉིས། གཡག་རྒོད་རྭ། རྟ་རྨིག །བྱ་རྒོད་བྲུན། ཤུ་དག་ཐར་ནུ་ཨ་
རུའི་མཆུ། རྟ་སྦྱར་སྐྲན་ནད་སྦྱོང་བའི་བདུད་རྩི་ཡིན། ༈ ཏི་ཉེར་ལྔ་ནི། ཏི་གསུམ། གསེར་མེ་སྐྱེར་ཤུན་དུག་ཉུང་ཀྱི་ལྕེ་བྲག་ཞུན་བ་ཤ་ཀ་བང་དཀར་སྐྲ་བཟང་། དམར་པོ་གསུམ། ཛཱ་ཏི་རུ་རྟ་ཨ་ག་རུ། གུར་གུམ་སེ་འབྲུ་སུག་སྨེལ་པི་ལིང་། ཨ་ཀྲོང་རྒུན་འབྲུམ་ཤིང་མངར་ཤུག་ཚེར་ཅན། ཁུར་རྩ་ཀ་ར་སྦྱར་བས། མཁྲིས་ནད་དོན་བབ་ལ་མཆོག་གསུངས། ༈ །གཡང་ཏིག་ཉེར་ལྔ་ནི། གསེར་མེ་དུག་ཉུང་དོམ་མཁྲིས། སྐྱེར་ཤུན། གསེར་ཕུད། བཟང་དྲུག སེ་འབྲུ། པི་ལིང་། སྙ་ལོ་རྒུན་འབྲུམ། དམར་པོ་བཞི། ཙན་དན་དཀར་དམར། སྙ་ལོ་འོམ་ཆུང་། ཤུག་ཚེར་ཀ་ར་བཅས་དོན་སྣོད་མཁྲིས་པའི་སྨན་ལ་འདི་ལས་ལྷག་པ་མེད་གསུངས། ༈ །སེང་ལྡེང་ཉེར་ལྔ་ནི། སེང་ལྡེང་། བཟང་དྲུག གུ་གུལ། ཆུ་སེར་སྨན་གསུམ། ཏིལ་དཀར་ནག་ཟི་ར་དཀར་ནག འབྲས་བུ་གསུམ། ཤུ་དག་ཤ་ཆེན་དངུལ་ཆུ་བཅས། སུཪྻའི་རྣག་ཆུ་སྐེམ། པགས་ནད་ཆུ་སེར་ཁྲག་ངན། ཀླུ་ནད་མཛེ་དྲེག་གྲུམ་མཁལ་ནད་སོགས་སེལ། ༈ །ད་ལི་ཉེར་ལྔ་ནི། ད་ལི་ཚ་བ་གསུམ་ཁ་རུ་ཚྭ། ཤིང་ཚྭ་སེ་འབྲུ་ཅོང་ཞི། གོ་བོའི་བྲུན། རྒྱམ་ཚྭ་འཇམ་འབྲས་ལྕམ་པ་ས་རྫི་ཀ མ་ནུ་འུ་སུ་ཚ་ལ་གསེར་བྱེ་དང་། ལ་ཕུག་སྙིང་པོ་དབྱི་མོང་ན་ལེ་ཤམ། གུར་གུམ་ཟི་ར་གླ་རྩི་ཨ་རུ་ར། །བྲག་ཞུན་བུ་རམ་སྦྱར་བའི་ཕྱེ་མ་ཡིས། །མ་ཞུ་བད་ཀན་དང་ག་མི་བདེ་དང་། །འོར་དང་སྐྱ་རྦབ་དམུ་རྫིང་འཁྲུགས་པའི་ནད། །མཁལ་སྐེད་སྨད་ཀྱི་གྲང་རླུང་མ་ལུས་འཇོམས། །སེ་འབྲུ་ཉེར་ལྔ་ནི་རང་མཛད། སེ་འབྲུ། བཟང་དྲུག །ཚ་བ་གསུམ། འབྲས་བུ་གསུམ། འབྲི་གཅེས་སུ། རྒྱ་རྒྱམ་ཁ་ཟེ་ཚྭ་མགྲོན་ཐལ། ཤིང་ཚྭ། ན་ལེ་ཤམ། ཀ་པེད་མ་ནུ་ཏི། ཧོང་ལེན་རུ་རྟ་ཀ་རའི་རྟ་སྦྱར་གསུངས། འབྲས་གསུམ་
མན་འདྲ། ཆུ་སྐོལ་ཚ་མོས་དབུལ། མ་ཞུ་དྲོད་ཉམས། དྭངས་མ་འགྲིལ། ཕོ་ནད་གཅོང་སོགས་གྲང་བའི་ནད་ཀུན་སེལ་གསུངས། གཉེན་པོ་གསུམ། བྲག་ཞུན་པྲི་ཡངྐུ། རྒྱམ་ཚྭ་ཁ་རུ་ཚྭ། རུ་རྟ་གསེར་མེ། ལྕུམ་རྩ་ད་ལི། ཅོང་ཞི་རྒོད་བཏུལ་སུར་དཀར་སྦྱར། སྐྱ་བོ་གཅོང་རིགས་གྲང་ནད་དྲུངས་ནས་འབྱིན། འདི་རྣམས་གཞིར་བྱས་འཕྲུལ་ཏེ་དཔྱད་པས་འགྲོ་ཀུན་ནད་ཀུན་མྱུར་དུ་ཞི་ནུས་པར་ཤོག སྦྲིད་པས་དེས་ཤི་དོགས་ཡང་ས་ཁྱི་ཟླ་བ་གསུམ་པའི་ཚེས་ཉེར་དགུ་ལ་བྲིས་དགེ ༈ །མཁའ་འགྲོའི་གསང་སྨན་ཆུ་རྩི་ཉེར་ལྔ། ཆུ་མ་རྩི་སྲད་ནག་པྲི་ཡངྐུ། གླང་སྣ་སྲད་དཀར་ཨུཏྤལ་ཉི་དགའི་འབྲུ། །གུར་གུམ་སྐྱུ་རུ་སྡིག་སྲིན་གསེར་ཕྱེ། གཟེ་མ་འབུ་སྐྱོགས་འུ་སུ་སེ་འབྲུ་པི་ལིང་འཇམ་འབྲས་སུག་སྨེལ་ལྕགས་ཕྱེ་ཅུ་གང་ཤིང་མངར་སྲོ་ལོ་དཀར་པོ་དང་། གསང་སྨན་ཚ་གྲང་གཉིས་དང་འབྲི་མོག་བཅས། སྐབས་སུ་གང་བབ། ཉེར་ལྔ་འདིས་ཚ་གྲང་ལྡན་སོགས་ཆུ་ནད་གང་ཡིན་ཐེམ་བུ་བཏོན་པའི་ཆུ་བཞིན་འདྲེན་ཞེས་སོ། །དིལ་དམར་བྱུར་དམར་ཉེར་ལྔ་ནི། ཁྱུང་ལྔ་ཉ་ཕྱིས་བྱེ་རུ་མུ་ཏིག་དང་། ལི་ཤི་ཛ་ཏི་ཁ་ལེན་ཨ་ག་རུ། མེ་ཏོག་ལུག་མིག་སིནྡྷུ་ར། བིལ་བ་ཏིལ་འབྲས་ཏི་གངས་ཐིག་པ། །མཚལ་དཀར་འབྲུག་རུས་རྡོ་ཡི་ཀླད་པ་དང་། །གུར་གུམ་ཤིང་མངར་ཨ་བྱག་ཀ་ར་སྦྱར། །བྱུར་དམར་ཉེར་ལྔས་མགོ་ཡི་ནང་རྩའི་ནད། །རྩ་དཀར་ཀླད་གཟེར་མགོ་འཁོར་གཉའ་རེངས་དང་། །ལྟག་པ་དགྱེ་གུག་བརྒྱལ་འཐིབ་མ་ལུས་སེལ། །འདི་ནི་ཤ་ས་དྷ་ར་ལ་ཀྵཱི་མིའི། །བློ་མཚོ་ལས་ཐོན་འགྲོ་བའི་དཔལ་དུ་ཤར། །ཡང་ཡང་མྱོང་གྲུབ་རང་སྲོག་ལན་མང་བླུས། །ཀུན་ལས་གཅེས་པའི་སྙིང་པོ་འདི་ཡིན་
ནོ། །ཞེས་གསུངས། ༈ །གི་ཝཾ་ཉེར་ལྔ་ནི། བཟང་དྲུག་ཙན་དན་དཀར་དམར། འབྲས་བུ་གསུམ། ཨ་ག་རུ། བ་ལེ་ཀ །ཏིག་ཏ། རུ་རྟ། ཧོང་ལ༡ེ༦ན་། གསེར་མེ། གེ་སར། ཨུཏྤལ། གི་ཝཾ། རྡོ་དྲེག་དུར། ཤིང་ཚྭ་ཤིང་མངར། ཟི་ར་སྤང་རྩི། འབུ་སུ་བ་ཤ་ཀ ཧང་། གླ་རྩི་བྲག་ཞུན། སྦྱར་བ་འདིས། ཚད་པ་གསར་རྙིང་ཀུན་དང་ཁྱད་པར་སྣོད་ཀྱི་ནད་རྣམས་དང་མཁྲིས་པ་ལ་སླེབ་ཆོག་གོ། ནག་པོ་ལྔ་སྤང་ནས་དམར་པོ་ལྔ་བྱས་ན་བྲག་ཞུན་ཉེར་ལྔ་སྟེ། ཚད་པ་གསར་རྙིང་བད་ཁྲག གློ་མཆིན་ཚད་རྙིང་བྱེར་བ་དང་མཁྲིས་ནད་སེལ། ༈ །ན་མོ་གུ་རུ། སྣ་དུད་སྦྱོར་བ་ཉེར་ལྔ་ལ། ཙན་དན་དཀར་དམར། ལི་ཤི། ཛཱ་ཏི། སུག་སྨེལ། གུར་གུམ། རུ་རྟ། སྤོས་དཀར། སྐྱུ་རུ། ཤིང་ཚ། བ་ལེ་ཀ ཨ་རུ། འབྲུག་རུས། རྩ་ཨ་བ། ཨར་སྐྱ། ཏིག་ཏ། སྤང་སྤོས། བྱི་ཏང་ཀ ཏང་ཀུན། མ་རུ་རྩེ། ག་བུར། གླ་རྩི། ལྕགས་ཕྱེ། ལྕགས་སྦྲུལ། ཤིང་མངར་རྣམས་ཞིབ་པར་བཏགས་ཏེ། དོ། འདི་སྣ་དུད་ཡིན་ནམ་སྙམ། རྒྱ་མ་གང་ཙམ་བཏགས་པར་བསྲེས། རྒྱ་ཆང་བཟང་པོ་དང་ལྷན་དུ་བུམ་པའི་ནང་དུ་བཅུག་ནས་ཞག་བདུན་བཞག་སྟེ་དུག་དབྱུང་། སྨྲས་པ། གམ་བྱུང་ཡ་མ་དཀར་ནག་ཁྲ་གསུམ་དང་། ལིང་ཏོག་སྐམ་ཚག་རབ་རིབ་སྣ་གཟེར་དང་། གཉན་ནད་དབུགས་མི་བདེ་དང་མི་གཙང་གྲིབ། ལ་སོགས་གཞོམ་པའི་མན་ངག་ཟབ་མོར་བཀོད། ལྕང་སྐྱ་ཧུ་ཐོག་ཐུ་རོལ་པའི་རྡོ་རྗེས་མཚོ་ཁང་ལྷ་ཁང་ནས་སྦྱར་བ་དགེའོ། །མངྒ་ལཾ། ༈ །སེར་པོ་ཉེར་ལྔ་ནི། ཨ་རུ་བྲག་ཞུན་བོང་ང་གླ་གུལ་ལྔ། །ཙན་དན་དཀར་དམར་ཅུ་
གང་རུ་རྟ་ལྔ། །གི་ཝཾ་སྦྲུ་མ་ཚོས་བཙོད་དོམ་མཁྲིས་ལྔ། །དཔའ་བོ་སེར་པོ་ཅུ་གང་ཤུ་དག་སྲོ་ལོ་གསུམ། །ཀྱི་ལྕེ་ཧོང་ལེན་ག་དུར་བ་ཤ་ཀ །བོང་ང་སེར་པོ་ལྡོང་རོས་མཚུར་དང་གསུམ། །སེར་པོ་ཉི་ཤུ་རྩ་ལྔའི་སྦྱོར་བ་འདིས། །གག་ལྷོག་ཚད་རིམས་མཁྲིས་པའི་ནད་རིགས་དང་། །སྦྱོར་དུག་ལ་སོགས་དུག་རིགས་མཐའ་དག་ཀུན། །ཁྱད་པར་མོ་ནད་རིགས་ཀུན་འཇོམས་པའི་མཆོག །རིག་བྱེད་མྱོང་བས་གྲུབ་པའི་གདམས་པ་འདིའི། །ཕན་ཡོན་ཟབ་ཁྱད་ལག་ཏུ་ལོངས་དང་ཤེས། མདུང་རྩེ་ཉེར་ལྔ་ནི། མདུང་རྩེ་དཀར་པོ། འབྲས་གསུམ། བཟང་དྲུག བསེ་རུ། རྒྱ་རུ་གྭ་དོར་ཤ་བའི་རྭ། མཚལ་ཏིག་ཏ་གངས་ཐིག་ཨ་བ་གོ་སྙོད། ཙན་དན་དཀར་དམར་གཉིས། ལྕགས་སྦྲུལ་བཟང་པོ་གི་ཝཾ་དོམ་མཁྲིས་རྣམས་ཀ་རའམ་བུ་རམ་སྦྲང་གིས་དྲིལ། །ཐོ་རངས་བསྟེན་ན་མིག་ནད་མ་ལུས་སེལ། །གསོ་བྱེད་ཉེར་ལྔའི་སྦྱོར་བ་དཔལ་འབར་ནི། ཨ་བ་ལྕགས་ཕྱེད་གོ་སྙོད་སྦྲུལ་སྔོན། མདུང་རྩེ། སྦལ་རྒྱབ་གངས་ཏིག་མཚལ་དཀར་རྒྱ་རུ་གྭ་དོར་བསེ་རུ་ཁ་ཤའི་རྭ། ཏི་ཧོང་ལེན་ཨུཏྤལ་བ་ཤ་ཀ །བཟང་དྲུག་འབྲས་གསུམ་རྣམས། ཆ་མཉམ་ཞིབ་བཏགས་རྒྱལ་མོ་ཀ་རས་སྤྲུ། རིལ་བུ་སྲན་ཙམ་ལྔ་བདུན་དགུ། ཐོ་རངས་ཟོས་རྗེས་བུར་དཀར་ཁམ་རེ་ཟ། །ཤ་རུལ་ཆང་སྐྱུར་སྒོག་ཙོང་ཟས་ངན་སྤང་། །ཁུར་མང་མ་གཏོགས་འདབ་ལོའི་ཚོད་མ་སྤངས། །དགུན་དང་དབྱར་གྱི་ཆར་མ་མགོ་མང་དུས། །སྨན་སྦྱོར་དུས་ཡིན་སྟོན་དཔྱིད་སྤངས། །གསོ་བྱེད་ཉེར་ལྔའི་སྦྱོར་བ་དཔལ་ལྡན་འདིས། །རྒྱལ་མོའི་ཤེ་སྐྱེད་སྐྱ་རིབ་སྔོ་རིབ་སེལ། །སྐམ་ཚག་དམར་ཚག་དྲྭ་དང་ལིང་
ཐོག་འཇོམས། །མདོར་ན་མིག་ནད་ལ་འདི་ལས་ཟབ་པ་མེད། ཨ་བ་བརྒྱད་ཅུ་སོགས་མང་ཆེས་ཉོག་གདུས་ཁུ་བཅུ་སོགས་ཉུང་ལ་ནུས་པ་དམན། གཡུ་ཐོག་ཞལ་ལུང་ཆགས་སྨན་སྙིང་ནོར་ཡིན། ༈ །སྤྱོད་ལམ་དང་ལག་བཅོས་སྐོར་ཉེར་མཁོ་བཞུགས་སོ། །ན་མོ་མཉྫུ་ཤྲཱི་བྷེཥཱ་ཛྱཻ་རཱ་ཛཱ་ཡ། བུད་མེད་སྦྲུམ་མ་གང་ཞིག་ཟླ་དགུ་འདས་ནས་བཙའ་བའི་དུས་ལ་བབ་པར་ཉེ་བ་ན། ནུ་ཞོ་གཡས་པ་སྔར་བྱུང་ན་བུ་དང་དེ་ལྡོག་བུ་མོ་བཙའ་བ་སོགས་སུ་མངོན་པའི་ཚེ་སྣུམ་དང་བཅས་པའི་ཤ་ཁུ་འབྲས་ལྡན་བཏང་བ་སོགས་སྣུམ་འཆོས་བསྐུ་མཉེ་བྱ། དེ་ནས་དཀུ་དང་མིག་ལྷོད་རོ་སྨད་ལྕི་ཡི་ག་འཆུས། རོ་སྨད་ན། མཚན་མ་ཁ་བྱེ་གཅིན་མང་དུ་འཛག་པ་སོགས་ཀྱི་དུས་སུ་ཁྱིམ་བདེ་བར་མལ་སོགས་བཙའ་བའི་ཉེར་བསྡོགས་དང་སྲུང་རིམ་བྱ། མངལ་གྱི་ཟུག་རྔུ་ཞི་ཕྱིར་མ་མོ་བདུན་མཆོད་པ་སོགས་གཏོ་དང་གླུད་ཀྱང་བྱ། སངས་རྒྱས་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོའི་མཚན་བརྗོད་དེ་རིང་ངམ་སང་བཙའ་རྟགས་ལུས་སྙོམས་པ་སོགས་ཀྱི་ཚེ། བུད་མེད་བཙའ་མྱོང་བགྲེས་པ་དྲུང་དུ་བཞག །ད་ལྟ་དངོས་སུ་བཙའ་རྟགས་མཚན་མ་ཕྱེ་ཞིང་བེལ་སྣབས་ཁྲག་སོགས་འབྱུང་། མངལ་སྒོ་འགུལ། ནད་ཟུག་ལྡང་། མངལ་ཆུ་འཛག་པ་དེ་དུས། རོ་སྨད་དང་ཆུ་སོར་བསྐུ་མཉེ་བྱ་ཞིང་མཚན་མ་ཁ་དབྱེ་ཕྱིར་སྨན་འཇམ་བཏང་། བདེ་བར་བཙའ་བའི་སྔགས་ཀྱི་མན་ངག་རྣམས་བྱ། བདེ་བའི་མལ་དུ་པུས་བཙུགས་སྒུར་མོར་འདུག་ལ། ཆང་བར་རྡོ་བྱེའུ་མགོ་ཡོད་ན་བཅང་། དང་པོ་ཧ་ཅང་བཙིར་དྲགས་ན་བུ་བསྣད་པས་རན་པར་བྱ་ཞིང་། བཙའ་ཁར་དྲག་ཏུ་བཙིར་ན་མྱུར་དུ་སྐྱེ་བས་དེ་ལྟར་བསླབ་བྱ་བྱ། བཙའ་དཀའ་ན། ཁོང་དུ་མར་ཁུ་བཏང་། ལྟོ་བར་ལྤགས་
རློན་དཀྲི། མི་གཞན་ཞིག་གིས་ཕྲག་པ་གཉིས་ཀྱི་སྟེང་ནས་མནན་ཏེ་བཙིར་ན་ཕན། བཙས་ནས་བུ་ཡི་སྐད་བྱུང་འཕྲལ་མ་ཡི་གདོང་ལ་ཆུ་བསིལ་བྲན་པའམ་རླུང་གཡོབ་ཀྱིས་དབུགས་འབྱིན་ཞིང་དགའ་བ་བསྐྱེད། བུ་འོ་ཆུ་དྲོན་མོས་བཀྲུ་ཞིང་སྲུང་སྨན་རྟེན་འབྲེལ་ཤིས་བརྗོད་དང་། རྐན་མར་དང་ཧྲཱིཿཐེལ་གདབ་པ་དང་། ལྟེ་བ་སོར་བཞིའི་མཚམས་སུ་བཅིང་ནས་གྲིས་བཅད་ཅིང་ལྷ་ལ་གདགས་པ་སོགས་གཞུང་ལྟར་བྱའོ། །མི་ཆུས་ཁྱེར་ན་ཆུ་སྐྱུག་ཐུབ་ན་ཕན་པས། མགོ་བོ་མཐུར་བསྟན་ཁ་སྦུབ་ཏུ་བཞག་པའི་སྟེང་ནས། མི་ཞིག་གིས་ལྗིད་ཕབ་སྟེ་མནན་པའམ། མགོ་ཐུར་བསྟན་ཕྱུགས་ལ་བཀལ་ཏེ་ཆུ་མང་དུ་སྐྱུགས་ན་སོས། མི་འགགས་མ་ཤི་ཚུན་སླེབས་ན། ཐག་པ་མི་བཅད་པར་བཀྲོལ། ཁ་སྣ་ཐལ་མོས་བཀབ་ལ་དབུགས་དལ་གྱིས་གཏོང་དུ་བཅུག་ན་སོས། །མི་ཟས་ཀྱིས་བརྣངས་པ་ཚབས་ཆེ་ན། དེ་ཕྲལ་ལྟག་པར་ཁུ་ཚུར་གསུམ་དྲག་ཏུ་བརྡེག །སོག་ཕྲག་ཏུ་གཉིས་བརྡེག་པས་སོས། །ཡང་ན་རྒྱབ་ཏུ་ཁུ་ཚུར་དྲག་པོ་བརྡེག་གོ། །ཡང་ན་མི་ཤེད་ཆེན་ཞིག་གིས་མཁྲིག་མ་གཉིས་ནས་བཟུང་སྟེ་ཁ་སྦུབ་ཏུ་རྒྱབ་ཏུ་ཁུར་མགོ་ས་ལ་མ་རེག་པར་སྒུར་ཏེ་བསྡད། གཅིག་གིས་སྐ་རགས་ལོག་ལོག་ཏུ་དཀྲིས་མདུད་ཀྱི་སྣེ་ནས་ཤེད་ཀྱིས་རྐང་མཐིལ་ལ་ལན་གསུམ་བརྡབ་པས་ཅུར་གྱིས་འབྱིན་ནོ། །མིག་ཏུ་གྲ་མ་ཤོར་ན་མགོ་བོའི་ཐོད་མཚམས་འབྲེང་བས་དཀྲིས་ཏེ་བསྡམས་པས་ཐོན། མིག་སྣད་ན་རང་གི་མཐེའུ་ཆུང་བཀྲུས་ལ་གང་སྣད་སྣ་བུག་ངོས་ཀྱི་ཀྲུང་ཀྲུང་དྲག་ཏུ་བྲུད་པས་སྣ་ཁྲག་བྱུང་ན་ཕན། ༈ །གྲེ་བར་རུས་པ་ཟུག་པ་མ་ཐོན་ན་ཤ་རྙིང་དུམ་བུ་རྒྱུས་པས་སྦྲེལ་ཏེ་གྲེ་བར་སོན་པ་དང་ཡར་ཐེན་པས་ཐོན། ཡང་གྲེ་བར་གྲ་མའམ་
རུས་པ་ཟུག་ན། སྲིན་དར་རྐེད་པར་སྐུད་པ་བཏགས་པ་མིད་བཅུག ཟུག་ཐད་སླེབ་དུས་དེ་ཐད་སྐེ་ལ་ཁུ་ཚུར་བརྡེག་པ་དང་ཡར་འཐེན་པས་འཐོན་ནོ། །ཡན་ལག་བཞི་པོ་གང་ཆག་ཀྱང་། ཆག་དང་མ་ཆག་མཐེ་བོང་གཉིས། སྲད་བུམ་རིང་ཐུང་མེད་པར་བསྡམ།བརྐྱང་ལ་རུས་ཁ་ལེགས་པར་དཀྲིས། དེ་ནས་རས་ཀྱིས་མི་ད མ་ལྷོད་པོར་དཀྲི། དེ་སྟེང་ལྕུམ་རྩ་དུད་པ་བག་ཕྱེ་སྤྱིན་ཆུ་དང་སྦྱར་ནས་བསྐོལ་བ་ཞོ་ཙམ་བྱུག དེ་སྟེང་རི་བོང་སྤུ་ཡིས་བསྟུམ། མ་རྙེད་ན་བལ་ལམ་རས་ཀྱིས་དཀྲིས། དེ་སྟེང་ཇི་ལྟར་འཚམས་པའི་ཤིང་ཆས་བྱས། སྣལ་མ་ཉིས་ཁུག་དག་ཏུ་བྱས་པ་ཡིས། མ་ཆད་ཙམ་དུ་དམ་ལྷོད་སྙོམས་པར་དཀྲི། ཞག་བདུན་གཅིག་གམ་གཉིས་ནས་ཅུང་ཟད་ལྷོད། ལྷོད་ཐབས་ཤིང་ཆས་དང་པོ་ཅུང་མང་བྱས་པ་ཤབ་ན་ལེགས། མ་འབྱོར་ན་སྐུད་པ་ཅུང་ལྷོད་པས་ཆོག གསུམ་མམ་ལྔ་ལ་ཟས་སྐོམ་ཅུང་ཟད་བསྡམ། འདམ་བུ་སྤྱི་བཞུར་སྦལ་རྒྱབ་མདུང་རྩེ་དང་། ཡིབ་ཡུ་གུ་ཤིང་། ཤིང་རྣམས་ནི་ཁོང་དུ་བཏང་བ་སོགས། །སྨན་དང་སྔགས་དང་རྟེན་འབྲེལ་ཤེས་ན་བྱ། །རྗེས་སུ་ཆུ་སེར་གཏར་འཇིབ་མེ་བཙའ་བྱའོ། ༈ །མ་ནེ་བུད་པ་འཛུད་ན་སྣ་ནང་སུག་པ་དང་དུ ད་རྒན་གཉིས་གང་རུང་བཏབ་པས་སྦྲིད་པ་བྱུང་བས་སླར་ཚུད་དོ། །ཡང་ན་ཤིང་ཕྲན་མཛུབ་མོ་གང་ཙམ་ནད་པའི་ཁར་འཕྲེད་དུ་བཟུང་། སྨན་པའི་ལག་གཡོན་གྱིས་ནད་པའི་སྤྱི་གཙུག་མནན། གཡས་པས་མ་ནེ་ཤུལ་དུ་གཞུག །ཚུད་ནས་མུར་གོང་མེས་བསྲེག་པར་བྱའོ། །དཔུང་ཚིགས་བུད་པར་ལག་པར་ཐག་པ་བཏགས་ཏེ་བརྐྱངས་པའི་དཀྱིལ་དུ་མི་གཞན་གྱིས་དབྱུག་པ་བརྡེག་པས་ཚུད། ཚིགས་བུད་འཕྲལ་བཙུད་ན་སླ། འགྱང་ནས་སྐྲངས་བ་སོགས་ཀྱིས་ཚུད་དཀའ། ཚུད་ནས་
སྤྱོད་ལམ་གཟབ། ཤིང་ཆས་བསྐུར་དགོས་ཀྱང་དེ་ལྟར་བྱས་ནས་མ་བརྟན་བར་དུ་ཤོར་ལང་མེད་པར་བྱས་ན་ལེགས་སོ། །མི་བརྟན་ན་ཚིགས་ཁ་ཡོ་ཕྱོགས་མེ་བཙའ་གདབ་བོ། །རྣ་བར་སྡོམ་སོང་ན་སྦུར་སྒོག་གི་རོ་གཅིག་བསྲེགས་པའི་དུ་བ་རྣ་བའི་སྒོར་བདུག་པས་དེ་མ་ཐག་ཕྱིར་འཐོན་འོང་ངོ་། །མཁྲིས་པ་ཀྵ་ཡའི་བཅོས་ཁྱད་པར་ཅན་ནི་དར་མོའི་བཀའ་རྒྱ་མར་ཡོད། གསེར་མདོག་འོམ་བུ་གསེར་མེ་འོང་དཀར་སེང་ཁན་ཆུ་སེར་སྨན་གསུམ་གི་ཝཾ་གླ་རྩི་རྣམས་ཆ་མཉམ་ཕྱི་མ་ཐུན་གཉིས་མཛོ་འོས་ཕུལ་ཏེ་ཞག་བདུན་བསྟེན་ན་བྱེར་བ་འདུ། འདུས་རྟགས་མཐོང་ཞིང་ཕོ་བ་གྲེ་བ་དང་ག་མི་བདེ་སྐོམ་དད་ཆེ་ན་དེ་མ་ཐག་སྦྱང་བར་བྱ་སྟེ། དངུལ་ཆུ་དུག་ཕྲལ་བཙུན་མོ་ཞོ་རེ་དན་རོག་བདུན། དུར་བྱིད་མཐེབ་ཙམ། ཨ་རུའི་མཆུ་གཅིག བྱང་ཁྲ་ཉེར་གསུམ། རྒྱ་ཚྭ་དང་ཚྭ་ལ་མཚལ་དཀར་སྲན་མ་ཙམ་རེ། ཀོ་བྱི་ལ་རྡོག་གཅིག བཟང་དྲུག་ནས་ཙམ་རེ། ཏིག་ཏ་གསུམ་དང་དུག་ཉུང་གསེར་མེ་བོང་དཀར་ཆུ་སེར་སྨན་གསུམ་སྐྱེར་ཁན་གླ་རྩི་གི་ཝཾ་གསེར་མདོག་འཛིན་པ་སྟེ། ཁ་བསྒྱུར་འདི་རྣམས་མ་བརྗེད་ཙམ་དང་། མ་ནུ་རུ་རྟ་བྲག་ཞུན་ཐུན་བྱེད་བཅས་འདི་རྣམས་འདམ་འཐག་ཉིན་གཅིག་བྱས་ལ། སྨན་དེས་བཤལ་གྱི་ལག་ལེན་སྤྱི་བཞིན་དག་པར་སྦྱངས། །སྦྱང་རྗེས་འཆི་བདག་ཞགས་གཅོད་གསང་ལྡུམ་ནི། །རབ་བསིལ་ནུས་ལྡན་གནས་ཆེན་རྣམས་སུ་སྐྱེ། །བྱང་བལྟའི་གངས་འདབས་གཡའ་སྤང་ས་གཙང་དུ། །རྩ་བ་གསེར་མདོག་ལ་ཕུག་དབྱིབས་འདྲ་ལ། །འདབ་མ་གཡུ་ལོ་རྒྱ་ལྕམ་དག་དང་མཚུངས། །མེ་ཏོག་མཐོན་མཐིང་ཨུཏྤལ་ཇི་ལྟ་བུ། །དྲི་བསུང་འཇམ་པོའི་བསིལ་ངད་རྒྱ་ཆེར་འཕྲོ། །རོ་ནི་མངར་པའི་
བག་བཅས་ཤིན་ཏུ་ཁ། །ལྕེ་ལ་ཡུན་དུ་ཆགས་ཏེ་འདག་དཀའ་བ། །གཙོ་བོ་འདི་ཉིད་ཐུན་གསུམ་གུར་གུམ་དང་། །གི་ཝཾ་དོམ་མཁྲིས་གཙོ་བྱས་མཁྲིས་སྣ་ཚོགས། །གླ་རྩི་ཙན་དན་ཏིག་ཏ་རིག་གསུམ་དང་། །གསེར་མེ་དུག་ཉུང་བོང་ང་དཀར་དམར་གཉིས། །ཆུ་སེར་སྨན་གསུམ་གཡའ་ཀྱི་གངྒཱ་ཆུང་། །བ་ཤ་ཀ་དང་སྐྱེར་ཤུན་བྲག་ཞུན་ཁན། །འབྲས་གསུམ། ར་འབྲས་གསུམ་གསུམ་ཐུན་རེ་ཞིབ་བཏགས་ཀ་ར་སྦྱར། །ཡུན་ལོན་ཆེ་ན་དུག་ཉུང་མུ་ཟི་བསྣན། །གྲང་བར་ལྡན་ལ་ཕག་རིལ་ཐལ་བ་དང་། །པི་པི་ལིང་དང་རྒྱ་ཚྭ་སུག་སྨེལ་དང་། །ཀ་རཉྫ་བསྡེབ་བུར་དཀར་སྦྱར་ལ་བཏང་། །སེང་ལྡེང་བགྲུད་ཆུས་གུང་གཉིས་ཕུལ་ལ་བཏང་། །གུར་གུམ་བསྣན་པའི་སེ་འབྲུ་ལྔ་པ་དང་། །སྨན་འདི་ལྟག་སྤྲོད་བྱས་ལ་ཡུན་དུ་བསྟེན། །སྐབས་སུ་མཁྲིས་རྩ་རྣམས་ལ་རླུང་ཐོན་གཏར། །དེ་རྗེས་གོང་གི་སྦྱང་དེ་བསྐྱར་བྱས་ལ། །བ་ཆུའི་ལྕག་གིས་བྲབས་ལ་དག་པར་སྦྱང་། །རབ་བསིལ་ལྡན་པའི་ཏིག་ཏའི་སྨན་མར་དག །ཟླ་གཅིག་སོགས་བསྟེན་གནོད་རྫས་ཡུན་བསྲུང་བྱ། །ཕྱི་ནས་ཟོ་མར་སྒོག་སྐྱ་ཚྭ་མར་བྱུག །མེ་ཉིས་བདུག་ཅིང་སེན་མོས་བྲད་བྱས་ན། །ཟ་འཕྲུག་སེལ་བར་བྱེད་པའི་བདུད་རྩི་ཡིན། །ཐབས་འདིས་མཁྲིས་པ་ཀྵ་ཡའི་ནད་ལས་རྒྱལ། །དཔེ་ཞིག་ལས་རྙེད་པ་དགེ། དར་བཀའ་ལས་སོ། ༈ །བད་ཀན་མིད་འགག་གི་བཅོས་ཁྱད་པར་ཅན་ནི། དང་པོ་བྱུང་བའི་དུས་སུ་མན་ངག་བསིལ་སྦྱོར་ཞག་འགའ་བསྟེན། ལུ་བ་མང་ན་སྤང་རྒྱན་བཅོ་ལྔ་ཅོང་ཞིའི་ཁུ་བས་དབུལ། དེ་རྗེས་ཅོང་ཞི་རྒོད་བཏུལ་གྱིས་གཞི་བཟུང་ལ། །སྒ་བི་ཕོ་དབྱི་མོང་ཙིཏྲ་ཀ་སྟེ་ཚ་བ་ལྔ། རྒྱ་རྒྱམ་ཁ་གསུམ། ཛཱ་སུག་ཀོ་གསུམ། སྔོའི་ཚ་བ་གསུམ། སེ་འབྲུ་བྱི་ཏང་ཀ་རུ་རྟ་ལ་ཕུད་རྣམས་སྦྱར་བའི་ཕྱེ་མ་ཆུ་
བསྐོལ་ཚ་མོས་དབུལ། སྐབས་སུ་རི་ཤོ་སྤྱང་ཚེར་ཤུ་དག་དུར་བྱེད་རྒྱམ་ཚྭ་པི་ལིང་རྣམས་ཀྱིས་སྐྱུགས་སྨན་བཏང་སྟེ། ནད་པ་གན་རྐྱལ་བསྙལ། སྐྱུགས་ལུད་བྱུང་དུས་ལུས་མ་འཆུས་པར་བསླངས་ཏེ་སྒྲོ་སོགས་ཀྱིས་སྐྱུག་སྣ་དྲངས། སྐབས་འགའ་བཤལ་སྨན་རྣོན་པོས་སྦྱངས། ཡང་ན་སྤྱོང་སྐྱུགས་སྦྲགས་མ་བྱ། གདོན་གང་གནོད་བཅོས་རིམ་གྲོ་བྱ། དེ་ནས་ཁོང་སྨན་གླ་རྩི་ཨ་རུ་ར། དོམ་མཁྲིས་བཟང་དྲུག མ་ནུ་བཞི་པོ་ཐུན་རེ་སྦྱར་བཏགས་ཆ་གསུམ་བྱས་པའི་ཐུན་གསུམ་པོ། །དེ་ལས། དང་པོར་ཐུན་གཅིག་གཡག་རོག་པོའི་ཁྲག་དང་ཆང་བཟང་ཕུལ་གང་སྦྱར་བས་ཁོང་དུ་བཏང་། སླར་ཡང་རུས་འདོན་སྨན་ཐུན་གཉིས་པོ་ཁྲག་ཆང་དང་སྦྱར་ཏེ་རེ་རེ་བཞིན་བཏང་བས། །སྔོན་ལས་མ་གཏོགས་ཐུན་གསུམ་པོ་དེས་ནད་ལས་གྲོལ་བ་བདེན་རྫུན་ལག་ཏུ་བླངས་པས་གསལ། དཔྱད་དུ་ཐོང་རྩ་གསལ་ན་ཞད་ཙམ་གཏར། མི་གསལ་ན་ལྕེ་རྩའམ། རྩེའུ་ཆུང་ཞད་ཙམ་གཏར། ཕོ་བ་ན་ཤས་ཆེ་ན་སེ་འབྲུ་ལྔ་པར་ཅོང་ཞི་རྒོད་བཏུལ་བྱས་པ་བསྲེས་ཏེ་བཏང་། ཚིགས་པ་བཞི་པ་བསྲེག །ཉ་ཤ་དང་ཨོལ་གོང་ཚ་བ་བཏང་། ཚོགས་བསགས་རིམ་གྲོ་སྒྲིབ་སྦྱང་གང་འོས་བྱ། དེས་མགུལ་འགག་ནད་ལས་བདེ་མྱུར་དུ་གྲོལ་བར་འགྱུར་རོ་ཞེས། དཔེ་ཞིག་ལས་མཐོང་། ༈ །ན་མོ་གུ་ར་ཝེ། རོ་སྟོད་བདེ་ཞིང་སྐད་འགག་སེལ་བའི་དཔྱད་འཇམ་པོ་ཡིད་འོང་འདི་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་ནས་གླུ་མཁན་གྲེ་བ་ངན་པ་ཞིག་གྲེ་བ་བདེ་བར་བྱས། དེས་འཇག་མ་ལུང་པའི་སློབ་དཔོན་ཀུན་དགའ་གྲེ་བ་ངན་པ་ལ་བྱིན་པས་དབྱངས་མཆོག་ཐོབ་ནས་རྒྱ་བོད་དུ་གྲགས་པའི་དབྱངས་དཔོན་ཆེན་པོར་གྱུར།
དེ་ནས་ཞ་ལུའི་སྔགས་པ་ཛྙཱ་ན་ཤྲཱི་གྲེ་བ་ཞན་པས་ཞུས་ཏེ་ལག་ལེན་བྱས་པས་ངེས་པ་རྙེད་ནས་ཡི་གེར་བྲིས་པ་འདི་ལ། སྔོན་འགྲོ་ཆུ་བཟང་བའི་དུས་སུ། ཇ་ཆང་ཤ་མར་མངར་སྐྱུར་དང་། དུད་པས་འཚུབ་པ། གསུར་གཞོབ་སྔོ་ངད། ལུས་ངག་འཁྲུགས་པའི་བྱ་བ་རྣམས་སྤངས་ལ་སྔ་དྲོ་ལྟོ་སྟོངས་ལ་ས་གཙང་སར་ཕྱིན་ཏེ། སྤང་ངོས་མཉམ་པར་བྲང་གཏད་དེ་གྲེ་བར་མཛུབ་མོ་བཅུག་ལ་སྟོང་སྐྱུག་ཅི་རིགས་རེ་བྱ། ཐལ་དྲག་ན་གྲེ་བ་སྣད་པ་དང་བད་སྨུག་གེ་མཚོ་རྡོལ་བ་སོགས་ཉེས་པ་འབྱུང་བས་ཉམས་ལ་མི་གནོད་པའི་ཚོད་ཟིན་པར་བྱས་ཏེ་ནང་མ་བདུན་ནམ་དགུའམ་བཅུ་གཅིག་བར་དུ་ཚོད་དང་སྦྱར་ལ་སྐྱུག་ཏུ་གཞུག །སྨན་གྱིས་སྐྱུག་གཏོང་ན། པོ་སོ་ཆ་རྡོག་གཅིག རི་ཤོའི་རྩ་བ་སྤར་གང་། སྤྱང་ཚེར་རྩ་བ་དེའི་ཕྱེད། པི་པི་ལིང་ཐུན་གཅིག གསེར་མེ། བ་རུ་ར། ཨ་རུ་ར། བསེ་ཡབ། སེ་འབྲུ་ཤིང་མངར། སྒ་སྐྱ། སྲོ་ལོ། རྒྱམ་ཚྭ་རྣམས་ཀྱི་ཕྱེ་མ་འམ་སྨན་ཁུས་ནད་མཐིང་མདོག་གམ། ཁྲག་གམ། མཁྲིས་པ་རྣམས་ཀྱི་མདོག་ཅན་མ་བྱུང་གི་བར་དུ་བཏང་། དེ་ནས་ཐལ་ན་ཁམས་ཀྱིས་མི་ཐུབ་པས་སྐྱོ་ཚ་མར་བཏབ་དང་གསུར་དུད་ཀྱིས་བཅད་སྔོ་ངད་སོགས་ཟས་ངན་དང་སྤྱོད་ལམ་རྣམས་འདིར་བཤད་ལྟར་བསྲུང་། སྐྱུག་བྱས་སྟོད་ཀྱི་བུ་གའི་སྐྱོན་བསལ་བ་དེའི་རིང་ལ་སྐད་སྨན་རྣམས་ཚད་ལྡན་སྦྱར་བའི་རིལ་བུ་བྱས་ནས་གྲིབ་བསྐམ་བྱ། དངོས་གཞི་སྨན་སྦྱོར་ནི། གི་ཝཾ། གུར་གུམ། ཅུ་གང་། ལི་ཤི། སུག་སྨེལ། རུ་རྟ་རྣམས་ཐུན་ཆེ་བ་རེ། ཤིང་མངར་དང་སྟར་བུ་ཐུན་ཆེ་བ། སྲོ་ལོ་དཀར་པོ། ཨ་རུ་རྒྱ་གར་མ་གསེར་མདོག་རྩེ་བསྙུང་ཅན། ལུང་པ་བྱང་བལྟས་ཀྱི་སྤང་རྒྱན་དཀར་པོ་སད་མ་ཕོག་པའི་ལོ་མ་དང་འདབ་མ་ཐུན་བལྡབ་
མོ་ཅོང་བཅས་སྨན་རྟ་ཀ་ར་སྟེ་དེ་ལྟར་སྨན་སྣ་བཅུ་གསུམ་པོ་འདི་བུངས་ཆེ་བར་བསགས་པ་ཆུ་གཙང་གིས་འདམ་འཐག་རིལ་བུ་འདྲིལ་བ། གོང་གི་སྔོན་འགྲོ་ཚར་བའི་མོད་ནས་ཐོ་རངས་ལྟོ་སྟོངས་སུ་རིལ་བུ་མུར་ཞིང་བསྲུང་བྱ་རྣམས་འཛེམ་ཐུབ་པ་གལ་ཆེ། བསྲུང་བྱ་ནི་ཟས་ཀྱི་དབང་དུ་བྱས་ན། སྔོ་ངད་སྤྱི་དང་དྭ་ཚོད། སྒོག་རིགས་དང་བཙོང་། ཇ་སླ་བ་དང་། ཤ་མར་རྙིང་པ་དང་རུལ་བ། ཆང་སྐྱུར། ཐུད་རུལ། ཕག་ཤ ཉ་ཤ་སྐམ་པོ། བུ་རམ། ཁུར་བ་རྣམས་སྤང་། སྤྱོད་ལམ་ལུས་ངག་འཁྲུགས་པའི་དྲག་ཤུལ། གསུར་གཞོབ་དང་། དུད་པ། ས་རྡུལ་འཚུབ་པ་འདི་རྣམས་སྨན་བསྟེན་སྐབས་ཀྱི་དངོས་གཞིའི་དུས་དང་། རྗེས་སུ་ཡང་སྐད་དབྱངས་ཏེ་སྐད་ལ་བརྟན་པ་མ་ཐོབ་བར་དུ་ཅི་ནས་འཛེམ་པ་གལ་ཆེ། ཟས་ཀྱི་ཁ་ཤོར་བ་སོགས་ཀྱིས་སྐད་འཛེར་གོག་འབྱུང་ཞིང་སྤྱོད་ལམ་གྱིས་ཀྱང་གནོད་པའི་ཕྱིར་རོ། །རྗེས་ཀྱི་བྱ་བ་ནི་དེ་ལྟར་སྨན་བསྟེན་པས་སྐད་ལ་སྐྱེད་བྱུང་བ་དང་། རྗེས་སུ་ཡང་སྨན་རྒྱུན་དུ་བསྟེན་ཞིང་། དབེན་སར་སྐད་སྦྱང་པའི་ཆེད་དུ་གྲོགས་སྐད་བཟང་བ་དང་འགྲོགས་ལ་དབྱངས་འགྱུར་ཁུག་རིང་ཐུང་ཕྲ་སྦོམ། ལྷོད་གཙེར། གོག་གཙེར། འདྲེན་འཇོག གྲིམས་ལྷོད། མཐོ་དམན་གྱི་རྣམ་པ་སྣ་ཚོགས་ཅི་རིགས་སུ་དབྱངས་འདྲེན་ཞིང་སྐད་སྦྱངས་པ་གལ་ཆེའོ། །དེ་ལྟར་བྱས་པས་སྐད་ཅི་འདོད་དུ་འབྱུང་ཞིང་། རག་དུང་ལྟར་སྦོམ་པ། བུང་བ་ལྟར་ཕྲ་བ། དཀར་དུང་ལྟར་གསང་བ། ལྷའི་རོལ་མོ་ལྟར་འཁྲོལ་བ། ཀ་ལ་པིང་ཀའི་དབྱངས་ལྟར་སྙན་པ། འབྲུག་སྒྲ་ལྟར་ཟབ་ཅིང་དབྱངས་ཆེ་བ། བརྒྱ་བྱིན་གྱི་རྒྱུད་མངས་ལྟར་གང་འདོད་བསྒྱུར་བཏུབ་སྟེ་འཇམ་གཉེན་འབོལ་ལ་འདྲེན་བདེ་བ་སོགས་
མདོར་ན་ཚངས་པའི་དབྱངས་དང་ལྡན་པར་གྱུར་པ་ནི་སྐད་ཀྱི་དགོས་པ་ཁྱད་པར་ཅན་གྲུབ་པ་སྟེ། དེ་ལ་བརྟེན་པའི་ཡོན་ཏན་ནི་བརྗོད་པ་གསལ་བས་མིང་ཚིག་ཡི་གེ་རྣམས་ཟུར་ཕྱིན་པ། དབྱངས་ཀྱི་ཉམས་ཕུན་སུམ་ཚོགས་པས་ཡ་རབས་དང་བ་འདྲེན་ཞིང་ཡིད་དུ་འོང་ལ་སྤྲོ་བ་སྐྱེ། རང་སྤོབས་པ་མཐོ་ཞིང་ཉམས་བདེ་ལ་ཚོགས་སུ་གཞན་མང་པོ་ཟིལ་གྱིས་གནོན་པ་སོགས་གནས་སྐབས་མཐོང་ཆོས་ཀྱི་བདེ་བ་དང་། ཆོ་གའི་གྱེར་རྟ་དང་མཆོད་དབྱངས་ལ་བརྟེན་ནས་མཆོད་འོས་མཉེས་ཤིང་ཡེ་ཤེས་མཁའ་འགྲོ་འདུ། དམ་ཅན་སྲུང་མ་རྒྱུད་འཁུལ་ཞིང་ལས་བསྒྲུབ་ལ་དགྲ་བགེགས་སྒྲོལ་ཞིང་མཐར་ཐུག་གསུང་རྡོ་རྗེ་འགྲུབ་པའི་ལམ་གྱི་གྲོགས་སུ་འགྱུར་རོ། །ཞེས་ཡིག་རྙིང་གི་དོན་ཚང་བར་གོ་བདེར་མི་ཕམ་པས་ལྕགས་ཁྱི་ཟླ་བ་དགུ་པའི་ཚེས་བཅུ་བཞི་ལ་བཀོད་པ་དགེ་གྱུར་ཅིག །ཡང་སྐད་སྨན་ཚངས་དབྱངས་རིལ་བུ་ནི། །གསེར་མདོག་གུར་གུམ་ཅུ་གང་གི་ཝཾ་དང་། །སེ་འབྲུ་སུག་སྨེལ་ཤིང་མངར་ཚྭ་ལ་དང་། །ཏིག་ཏ་སྤང་རྒྱན་བ་ཤ་ཀ་རུ་རྟ། །རྒུན་འབྲུམ་སྐྱུ་རུ་བ་རུ་ལི་ཤི་རྣམས། །རིམ་བཞིན་ཕྱེ་མ་འཐུན་འགྲོས་ཐུན་བསྐྱུང་ལ། །ཀ་ར་དང་སྦྱར་སྟར་ཁུས་རིལ་བུ་ནི། །བྲ་རིལ་ཙམ་དྲིལ་ལ་དབྱངས་གྱེར་བའི་དུས། །ལྕེ་འོག་བཅུག་ནས་རང་བབ་སྐད་འདོན་བྱ། །བརྟེན་དུས་གློ་ལུ་བྲེད་སྔར་ངར་ངུར་དང་། །སྔོ་སུམ་རུལ་རྗེན་སྨན་ནུས་འཇོམས་རྣམས་འཛེམ། །བྱང་རྩེའི་ཕྱག་ལེན་དུས་ཆབ་མདོ་འཁོར་གྲྭ་ཚང་གི། གསུང་དབྱངས་ཁྱད་འཕགས་འབྱུང་བའི་སྨན་འདི་ཡིན། །མི་ཕམ་པས་སོ། ༈ །གཞན་ལས་ཐོས་པ་སྨན་གྱི་མན་ངག །རྒྱ་ལུགས་རེག་དུག་བསེ་མོག་སྨན་ཟ་བ། ཞ་ཉེ། ༠ ༡ ༠
དངུལ་ཆུ། ༠ ༡ ༠ ཅོག་ལ་མ་༠ ༡ ༠ མཚལ་དཀར་ཏེ་ར་ས་འདི་ལ་ར་ས་ཡཱ་ནའང་ཟེར་བའི་རྣོ་འདོན་ཡིན། ག་བུར་ཟེར་བ། ༠ ༡ ༠ ལྡོང་རོས། ༠ ༡ ༠སོལ་བ་ནག་པོ་ཟེར། ༠ ༥ ༠ རྣམས་སོ། །དང་པོར་ཞ་ཉེ་རྡིལ་བ་བཟོ་སྤྱད་དེ་བཞུས་ནས་དེ་ནང་དངུལ་ཆུ་བླུགས་དཀྲུག་འདྲེས་ནས་རྡོ་འཁྱགས་སྟེང་དངུལ་སྐམ་བྱ། དེ་ནས་གསོམ་སོལ་བསྲེ་ནས་འདུལ། སོལ་ཕྱེ་རིམ་པར་བསྣན་ནས་ཅོག་ལ་མ་དང་མཚལ་དཀར་ལྡོང་རོས་བཏབ། ཡང་སོལ་ཕྱེ་བཏབ་སྟེ་རིམ་པས་འདྲེས་ངེས་བྱས་པ་སྐར་སུན་ཀྱང་། མ་དགུ་རེ་ཐུན་རེ་བྱས་པའི་ཐུན་དགུ་བྱ། ཐུན་རེ་རེ་བླང་ནས་ལྕེ་མེ་དམར་པོ་དུ་བ་མེད་པའི་སྟེང་དུ་བརྡལ་ལ། ས་སྒམ་མཆུ་ཅན་ནས་རྔུབ་ཉལ་ནས་སོ། །རྔུབ་ཤོག་སྦུབ་བམ། སྦུབ་ནས་ཕོའི་སྣ་གཡས་མོའི་གཡོན་དུ་རྔུབ་གཉུག་བསྲིངས་ཏེ། ཅིང་དུ་བ་ཁོང་དུའང་མིད། དུ་བ་འཐོན་སྐབས་གོས་དྲོ་བར་བྱིབས་ལ་ཡུད་ཙམ་ཉལ་བས་ལུས་རྔུལ་འོང་། ཉིན་རེ་ཐུན་རེ་འཐེན།དེས་རྒྱ་ནད་བསེ་མོག་གསོ་དཀའ་བ་དང་། བྱེར་ནས་སྣ་སོགས་སུ་ཞེན་པ་དང་། ལུས་ཀྱི་རྨ་སྲིན་སོགས་དང་། སུརྱ་སོགས་གསོ་དཀའ་བ་ཐམས་ཅད་སེལ། དེ་ཡང་སྨན་ཐུན་རེ་རེའམ་འབྲིང་དུ་ཞེན་པར་ལན་གསུམ་མམ། ཇི་ལྟར་ནད་ཞེན་ཆེ་ཡང་ཐུན་དགུ་རེས་མི་སོས་པ་མི་སྲིད་དོ། །མགོ་སྲིན་སོགས་ལུས་ཀྱི་སྲིན་རིགས་ལ་ཡང་ཕན། སྨན་གཏོང་རིང་ཤ་སོགས་བཅུད་ཅན་འཛེམ། ཁྱད་པར་ཞོ་ཆང་སྤང་། སྨན་འཐེན་སྐབས་ལུས་ཅུང་ཞན་བྱུང་ཡང་དེས་ཅི་ཡང་མི་གནོད། རྒྱ་ནག་གི་སྨན་གསེར་གྱི་བཀའ་རྒྱ་མའོ། །འཇམ་དཔལ་ནས་སོ། །སྙིང་བཅོས་ལ་ཕོ་ལ་ལུག་ཕོ་མོ་ལུག་མོའི་སྙིང་ཤུན་པ་བཅས་མ་ཉམས་པའི་ནང་དུ་ཛཱ་ཏི་ཅོག་ལ་མ་རྒྱ་མཚལ་དམར་པོ་མོན་སྲན་གསུམ་ཆ་མཉམ་ཐུན་ཆེ་
བ་གསུམ་བཞི་རེ་ཇ་ཁུའི་ནང་དུ་སྦྱང་སྟེ་ཉི་མ་ཕྱེད་ཙམ་ནས་སྙིང་ནང་བླུག །ཁ་རྩིད་སྐུད་ཀྱིས་དམ་པར་བཅིངས་ནས་རྫ་དང་ཁྲོ་སོགས་ནང་དུ་ཇ་ཁུ་འོ་མ་སྣུམ་མེད་ནང་དུ་བཅུག །ཁ་ཁེབ་བརྒྱབ་པར་རྩམ་པས་བཅད་པའི་ཕྱི་ནས་གྲོད་པ་སོགས་ཀྱིས་གཏུམས་ནས་སྐུད་པས་བསྡམས་ཏེ་རླངས་པ་མི་འཆོར་བར་མེ་དལ་བུས་ཉི་མ་ཕྱེད་མ་སོང་བར་དུ་བཙོ་མེ་དྲགས་པ་དང་འགྲུལ་སྣའི་རྐྱེན་གྱིས་རྫ་མ་འགས་དོགས་ལ་གཟབ། ནུབ་མོ་མེ་ཉོབ་སྟེང་དུ་ཕོག་ལ་སྨན་དྲོད་ལྡན་བྱ། མཚན་མོ་མི་ཁྱིའི་སྐད་མེད་དུས་ནད་པས་དེ་ནུབ་སྙིང་དེ་རིལ་པོ་ཟ་ཐུབ་ན་རབ།མིན་ཀྱང་ཅི་ནུས་ཟོས་པས། ཕྱིར་ནང་སྙིང་ནང་གི་མི་བདེ་བ་ཐམས་ཅད་སང་ངེར་སོང་བ་འབྱུང་བ་ཤིན་ཏུ་ཟབ་པའི་གདམས་པའོ། ༈ །འཇམ་རྒྱུད། རྟ་རྔོའི་ཁོངས་སྨན་ཟབ་མོ་ནི། དངུལ་ཆུ་མུ་ཟི་ཚ་ལ་དང་། ནི་ལ་ཐོ་ཋ་བིག་པན། ཅོག་ལ། སྤོས་དཀར་དང་། དབྱི་མང་སོ་མ་རཱ་ཛ་དང་། ལྗང་ནས་ཀྱི། རྒོད་དུར་བྱིད་ད ནྜ་བུལ་ཏོག་གླ་རྩི་རྣམས་སོ། །མང་སྦྱོར་ཆང་དྲོད་བསྙལ། ཁོང་སྨན་རྔོ་རིགས་ཕྱི་ལ་འཕུལ། །ཁོང་སྨན་བཙན་ན་ཨི་འདེབས་པས། །སྨན་ནད་སེལ་ཕྱིར་དར་བའམ། །ཕྱུར་ཁུ་བླུད་ལ་སྨན་ཡང་སྦྱར། །རྟ་བོང་ནད་རྣམས་སེལ་བར་ཤོག །འདི་རྣམས་ཆ་མཉམ་སྦྱར་བ་རྟ་རེ་ལ་ཐུན་ཆེ་བ་རེ་བྱས་ནས་ཆང་ནང་དྲོད་ཕབ་ཞག་གཅིག་བསྙལ། རྟ་ལ་ཞག་གཅིག་ཆུ་མི་བླུད་སྨན་སྐོང་བུ་གང་རེ་བླུད། དེ་ནུབ་ཀྱང་ཆུ་མི་བླུད། རྟ་བཟའ་སྦྱིན་ཉན། འདི་རྟའི་ཁོང་དུ་སོང་ནས་ལོ་རེ་རྟ་རྔོ་བོའི་ནང་བཞག་ཀྱང་མི་འགོ། རྔོ་ནད་བྱུང་ཡང་འདིས་སེལ། རྟ་ནད་པ་རེ་སོས་པར་ལུག་རེ་ལེན་སྲོལ་ཡིན་གསུངས། ཡང་རྔོ་སྲུང་། གླ་རྩི་གུར་གུམ་ཅོག་ལ་མ་རྣམས་དང་། བྱི་ལ་ནག་པོའི་ཤ་དེའི་ཉིས་འགྱུར་ཙོང་ནག་གི་རྩ་བ་བཅས་ཡལ་ག་མེད་པའི་ཁེར་རྐྱང་། །ཁྲམ་བརྡུང་བྱས་ཏེ་ཆང་དུ་སྦང་ལ་
ཞག་བདུན་བཞག སྨན་ཞོ་ལྔ་རེ་རྟ་ལྔ་བཅུ་ལ་བླུད་པའི་དབང་དུ་བྱས་པ་སྟེ། བརྒྱ་སྐོང་གང་ཙམ་རེ་བླུད། དེས་རྔོ་ནད་མི་འབྱུང་ངེས། རྟ་རེ་བསྲུང་ཐུབ་པར་ལུག་ལྤགས་རེ་ལེན་སྲོལ་ཡོད་དོ། །འཇམ་གཉན་རིམ་གྱིས་རྐེ་འགག་ལ་ཁད་པར། རྒྱ་ཚིལ་ཁྱི་བྲུན། དྲོད་ཕབ་པ་དང་། དངུལ་ཆུ་དྲག་འདུལ་སྐྱུ་རུ་བོང་ང་གསུམ་གྱི་ཕྱེ་བཅས་གྲེ་བར་སྦུ་གུ་ནས་ཕུས་བཏབ་སྟེ་སྤུར་བས་དེ་མ་ཐག་སྐྲངས་འཐོར་འགྲོ་བས་ཟབ་བོ། །འཇམ་མཁྲིས་པ་རྩར་རྒྱུག་རྩ་གྲིམ་ཆུ་རྟགས་མཁྲིས་ཁུ་ལྗང་གུ་ཅན་གྱིས་དབུ་བའི་ཁ་ཁྲིད་པའི་ཚད་ཤུགས་ཅན་ལ། བོང་དཀར་བཅུ་སོགས་ཚད་རིམས་སྤྱི་སྨན་སྟེང་། ཟ་སུ་རྭ་དཔྱད། ཐུན་རེ་བཏབ་པ་ཐུན་གསུམ་འཐུང་བས་སེལ། གཟེར་བྱུང་ན་ཅུ་གང་ཆང་ངམ་སྲེ་ལོང་གི་ཁུ་བར་བཏབ་པས་བཅག འདི་གཞན་ལ་མེད་པའི་ཞལ་གྱི་མན་ངག་གོ །འཇམ། ཁམ་ཚིལ། མུ་ཟི་ནག་པོ། གཡེར་མ་གསུམ་ནི་ཟ་འཕྲུག་གི་སྨན་ཟབ་རྒྱ་ཅན་ཡི་གེ་མེད་པ་ཞེས་སོ། ༈ །འབྲས་ཀྱི་སྨན་ཟབ་མོ་ནི། དངུལ་ཆུ། ཟེ་ཚྭ། རྒྱ་མཚུར་དཀར་པོ་ལ་བིག་པན་ཟེར་བ་དེ་དང་མཚུར་ལྗང་བཞི་ཆ་མཉམ་བྱ་ཕྱི་མ་གསུམ་མཉམ་འདུལ་རྫ་སྣོད་མཐིལ་དུ་བཀྲམ་སྟེང་དངུལ་ཆུ་རྒྱ་ཤོག་ནང་ཐུམ་པོ་བྱས་པ་བཞག །རྫ་མའི་ཁ་ནས་མར་དཀར་ཡོལ་བཀབ་པར་སོགས་འདག་པས་གཙང་སྐམ་ནས་དཀར་ཡོལ་སྟེང་དུ་བྱས། སོལ་མེ་ནང་རྫ་སྣོད་བཅུག་སྟེ། དལ་བུས་གཉུག་བསྲིང་དུ་རླངས་མེད་ངེས་བར་དུ་བསྲེག དེ་ནས་ས་ལ་དོང་བྲུས་པར་ཐལ་འཇིམ་ནང་ཆུ་སྣོད་དཀར་ཡོལ་དང་རན་ཙམ་བཞག །དཀར་ཡོལ་མར་ཆུ་ནང་བཅུག་པར་གཡའ་མ་སོགས་ཀྱིས་བཀབ་ལ་སྟེང་དུ་ཐལ་བས་བསུབ། རྫ་ཕྱེད་སྟེང་དུ་དོན་པའི་རྒྱབ་ཏུ་
སོལ་བ་སྤུངས་ཏེ་མེ་རླུང་གིས་རང་འབུད་དམ། སྦུད་པ་བརྒྱབས་ཏེ་མེ་ཤེད་ཆེ་བས་ཞག་གཅིག་གམ་ཉིན་ཕྱེད་ཙམ་དུ་བསྲེག དེ་ནས་རྫས་སྣོད་བཏོན་ཏེ་གྲང་བཅུག་ནས་ཁ་ཕྱེ་བས་དཀར་ཡོལ་ནང་དུ་དམར་སེར་ཞིག་ཆགས་པ་དེ་གྲི་རྩེ་ལྟ་བུས་བྲད་ནས་ཆུས་སྦྲུས་ཏེ།རིལ་བུ་སྲན་ཆུང་ཙམ་དྲིལ། དེ་འདྲ་རིལ་བུ་རེ་རེ་ཆུས་སྦྱང་བའི་སྐྱོ་མ་དེ་ཉིད་འབྲས་བུ་མ་ལུས་ལ་ཡོད་ན་དང་པོར་བྱུང་བ་དེའི་སྟེང་དུ་བྱུགས་ཏེ་དཀྱིལ་འབུར་ཙམ་བྱ། དེ་སྟེང་རྒྱའི་གོ་ཡོག་ཅེས་པའི་ནག་པོ་དེ་བསྲོས་ལ་སྦྱར་ནས་ཞག་གསུམ་ཕྱི་ནས་དཀྲིས་ཏེ་བཞག་པས་འབྲས་ཀུན་རང་རྡོལ་འོང་སྔར་འབྲས་ལ་རྨ་བཏོད་པ་དང་མེ་བཙའ་སོགས་ལག་བཅོས་གང་གང་ཡང་མ་བྱས་པ་ཡིན་ན། ལུས་ལ་འབྲས་གང་ཡོད་ཐམས་ཅད་སྨན་བྱུག་རྒྱུ་དེར་བསྡུས་ནས་ལུད་ཅིང་འབྱིན། སྔར་བཅོས་བྱས་པ་ཡིན་ན་སོ་སོར་རེ་རེ་བཞག་དགོས་ཀྱི་གཅིག་ཏུ་མི་འདུ། ཁ་ངོའི་སྨེ་བ་འཛེར་པ་སོགས་ལའང་ཕྲན་བུ་རེ་བསྐུས་པས་ལེན་འོང་། སྙིགས་མ་སྲ་ཁྲེབ་སྨན་རོ་དེ་ཞིབ་འདུལ་ཡུག་གུ་ཤིང་སོགས་རྨ་སྨན་སྦྱར་བ་དེ། རྨ་རྙིང་པ་རྣམས་ལ་སྦྲུས་ལ་སྐམ་འདེབས་བྱས་ནས། རྨ་གསར་རྙིང་གང་ཡང་མྱུར་དུ་འཚོ་བའི་སྨན་དམ་པར་འགྱུར། རྨ་མེད་སྐྲང་སོགས་ལ་ཆུར་སྦྱངས་ཏེ་བྱུག འདི་མདོ་རྒྱ་ཕྱོགས་ནས་ལྷ་རྗེ་ཀརྨ་བསམ་འགྲུབ་པས་རྙེད་པ་བདག་མི་ཕམ་པས་ཞུས་པའོ། །ལྷ་རྗེ་དེ་ལས་ཞུས་པ་སྨན་དཀར་ནི་ལོགས་སུ་གསལ། ༈ །འབམ་ཕབ་པར། བདུན་ཐང་སྟེང་ཙན་དན་དཀར་པོ་བཙོད་འབྲི་མོག་གསུམ། སྙིང་ཞོ་རྡོག་གཅིག གཟེར་འཇོམས་ཐུན་གཉིས་བསྣན་པས། རཏྣ་བརྒྱད་སྦྱོར་རམ་ཆུ་བར་གསང་སྨན་དང་། ལབ་ཕྱི་འབམ་ཐང་ཞེས་ཁྲག་
ང་སྟོད་གཟེར་ཀུན་ལ་བསྔགས། འདིའི་སྦྱར་ཚད་མ་ནུ་སླེ་ཏྲེས་ཆ་མཉམ། ཀནྜ་ཀ་རི་ཉིས་འགྱུར། སྒ་སྐྱ་ཚྭ་འདེབས་ཙམ། འབྲས་གསུམ་ནང་སྐྱུ་རུ་ར་ཆ་མཐོ། དམར་གསུམ་ཅུང་ཟད་བསྣན་ཞེས་འདུག །༈ །དཔའ་བོ་གཏུམ་པོ་ལ་བརྟེན་པའི་སྨན་ཟབ་འགའ་བཞུགས་སོ། །ན་མོ་བཛྲ་པཱ་ཎི་པཱ་དཱ་ཡ། ན་རོ་པཎ་ཆེན་གྱིས་མཛད་པའི་དམར་པོ་སུམ་སྦྱོར་ནི་ཨ་རུ་གསེར་མདོག་བུག་པ་མེད་པ་མ་ཉམས་པ་གཅིག པི་ལིང་བཟང་པོ་བདུན། དཔའ་བོ་བོང་ང་རུལ་སུང་མེད་པ། ཨ་རུའི་ཕྱེད་ཚད་དང་གསུམ་པོ་དེ། ཉི་མའི་ཟེར་མི་ཕོག་པའི་གནས་སུ་ཞིབ་བཏགས་བྱ། ནུས་པ་བསྐྱེད་ན་ཆ་གའི་མགོ་ནུས་པ་གསོད་ན་ལོ་བརྒྱད་དྲི་ཆུ། ནུས་པ་རང་སར་འཇོག་ན་ཆང་རོའི་སྦང་བཙིར་ཁུ་བར་སྦྱར། སྲན་མ་འབྲིང་ཙམ་གྱི་རིལ་བུ་ལ་མཚལ་གྱིས་ན་བཟའ་གསོལ། ནང་ནུབ་ལྟོ་སྟོང་བཏང་། དེ་ཡང་དང་པོ་རིལ་བུ་རེ་རེ། དེ་ནས་གཉིས་དེ་ནས་རྟག་ཏུ་གསུམ་རེ་བསྟེན་ལུས་རྨ་བྱ་ལྟར་འགྱུར་ཏེ་དུག་རིགས་ཐམས་ཅད་འཇོམས། ཆུ་སེར་གྲང་བའི་ནད་རིགས་སྐྲན་རྨ་རྙིང་འབྲས་དང་མེ་དྲོད་ཉམས་པ། ལོང་སྲིན་རྒྱུ་མའི་ནད། མཁལ་རྐེད་ན་བ་ཆུ་སྲི་བ། ལུས་སྟོབས་ཆུང་ལ་འཁྲུ་བ་སོགས་དང་། རྐང་ལག་ཞ་བ། མགོ་འཁོར། ཁ་དང་མགོ་ཡི་ནད། སྙིང་རླུང་སེམས་མི་བདེ་བ། སྲོག་རྩ་རེངས་པ་སོགས་སྲོག་རྩའི་ནད། གག་ལྷོག་གཟེར་ཐུང་། རླུང་དང་བད་ཀན། ཆུ་སེར་དང་མཛེ་ནད། མ་ཞུ་མཁྲིས་ནད། དམུ་ཆུ་སོགས་དང་། ཀླུ་དང་ས་བདག་ཀླུ་གཉན་
ཐམས་ཅད་འཇོམས། འགོ་བའི་ནད་ཀྱིས་མི་ཚུགས་པ་སོགས་ཕན་ཡོན་ཚད་མེད་ཀྱང་མདོར་བསྡུས་ཙམ་བསྟན་པའོ། །ཞེས་གསུངས། ཡང་འདིའི་ཕྱག་ལེན་དུ་ཨ་རུ་ཤ་དང་བཙན་དུག་བུངས་མཉམ། དེ་ཀུན་དང་མཉམ་པའི་པི་ལིང་སྦྱར་བ་ཞིབ་བཏགས་ཟླ་འོད་ལ་དགེ་སློང་གི་དྲི་ཆུས་འདམ་བཏགས་རིལ་བུ་སྲན་མ་འབྲིང་ཙམ་བྱས་ཏེ་མཚལ་གྱིས་ན་བཟའ་གསོལ། གཉིས་སམ་གསུམ་སོགས་ལུས་ཟུངས་ནད་སྟོབས་སྦྱར་སྟེ་ཆུ་གཙང་མས་ཕུལ། ཟས་དང་མི་སྤེལ། མངར་རྩི་དང་མི་སྡེབ་སྨན་བཏང་ནས་བྱུག་པ་བསྐུ་མཉེ་ཆུ་ཚན་དང་མི་སྡེབ། འདིས་མེ་དྲོད་གསར་དུ་སྐྱེ་ཞིང་། ཟུག་བྱུང་ན་ཕན་རྟགས་ཡིན། ལོ་ཟླར་བསྟེན་ན་ཕན་ཡོན་བསམ་མི་ཁྱབ། ཅུང་ཟད་བསྟེན་ཀྱང་གོང་ལྟར་ཕན་ཡོན་འབྱུང་། འདི་གཏོང་དུས་སྐབས་སུ་ཤ་གསར་པའི་ཐང་ཕོར་རེ་ཙམ་བཏང་ན། ཕོ་བའི་ནང་ནད་གང་ཡོད་ཞུ་ནས་སྒྲེགས་པ་ཙག་ཙིག་འོང་། ནད་དེ་རྡོ་ལས་བྱུང་ན་རྭ་གཞོབ་ཀྱི་དྲི། མར་ཐུད་སོགས་ལ་སྣུམ་དྲི། སྤུ་དང་གོས་དར་སོགས་ལ་གཞོབ་དྲི། ཤ་དང་ཟན་སོགས་ལ་གསུད་དམ་གང་ཡིན་དྲི། རླུང་རེང་བ་ལས་བྱུང་བར་སྟོང་སྒྲེགས་འོང་། སྨན་བཏང་ཕྲལ་ནད་དེའི་རྟགས་འབྱུང་བ་ཡ་མཚན་ནོ། །དེ་ནས་སྒྲེགས་པ་མེད་པའི་བར་དུ་བཏང་ན་ནད་རྩད་ནས་ཐོན་པ་ཡིན། ན་རོ་པཎ་ཆེན་ནས་བརྒྱུད་པའི་ཕྱག་བཞེས་མྱོང་གྲུབ་མའོ། །ཞེས་གསུངས། དེས་ན་མ་ཞུ་གྲང་ནད་གཏིང་ན་འཁར་བའི་རིགས་ལ་སྨན་འདི་ཟབ་པས་སྨན་འདི་ཡིན་གསུངས་ཏེ་ཡུན་
རིང་བསྟེན་ན་ནད་ཆེན་གཏིང་འབྱིན་ནུས་པའི་ངོ་མཚར་ཆེ་བ་ཨི་ཐིཿ རྒྱཿ སྦྲང་རྩི་ཚོས་བཙོད་བཙན་དུག་གསུམ། ལ་སྟོད་དཔའ་བོ་སུམ་སྦྱོར་ཟེར། །ཆ་མཉམ་རིལ་བུ་སྲན་ཆུང་ཙམ། །ལྔ་བདུན་དགུ་སོགས་ནད་སྟོབས་སྦྱར། །གཉན་སྲིན་ཅིས་ཀྱང་མ་ཐུབ་ལ། །སྨན་འདི་ཁོ་ན་བསྔགས་པ་ཡིན། །གཞན་ཡང་འདི་ཡི་ཡོན་ཏན་ནི། །གག་ལྷོག་གཟེར་གསུམ་རྐང་འབམ་དང་། །ཡ་མ་སྐྲངས་འབུར་དྲེག་གྲུམ་ནད། །སུརྱ་འབྲས་ཁྲོས་ལ་སོགས་པའི། །གཉན་དང་སྲིན་གྱི་ནད་ཀུན་སེལ། །མདོག་མཚལ་གྱིས་དམར་པོར་བསྒྱུར་ཏེ་སྨན་མིང་གསང་ནས་གཏང་བར་བྱའོ། །བཙན་དུག་ཤུ་དག་གླ་རྩི་གསུམ་འདི་རིམ་བཞིན་འཇམ་དབྱངས། སྤྱན་གཟིགས་ཕྱག་རྡོར་ཉིད་དེ། ཆ་མཉམ་ཕྱེ་མར་མཚལ་ཅོག་ལ་མ། བཞི་ཆ་ཙམ་བསྲེས་ཏེ་རང་མིན་པ་གཞན་མེད་ཅིང་མི་ཁྱིའི་སྒྲ་མེད་སར། སྨྲ་བཅད་ཀྱིས་ཞིབ་བཏགས་ཁྱེའུ་འཐུང་ནུ་ཞོས་རིལ་བུར་དྲིལ་བ། ཡི་དམ་སྙིང་པོ་དང་རིགས་གསུམ་སྙིང་པོ་རྟེན་སྙིང་ཅི་མང་གིས་རབ་གནས་བྱ། སྨན་སྦྱོར་དུས་སློབ་མ་མིན་པ་གཞན་གྱིས་མཐོང་ན་ནུས་པ་མི་འབྱུང་བས་གཞན་གྱིས་མི་མཐོང་བའི་དམ་ཚིག་འདི་བསྲུང་དགོས། གསུམ་ལྔ་དགུ་སོགས་ནད་སྟོབས་སྦྱར་ལ་ཆུའམ་ཆང་གིས་ཕུལ་ཏེ་བཏང་བས། གག་ལྷོག་དང་གཟེར་རིམས་རྩར་རྒྱུག མགོ་གཟེར་སྲིན་རིགས་ཁོང་འབྲས་མཛེ་ཤུ་འཇོམས། གདོན་གྱི་རིགས་སུ་གྱུར་པ་དང་འགོས་ནད་ཐུབ། མདོར་ན་རྨ་གསར་དང་སྦྲུམ་མ་མ་གཏོགས་ནད་ཀུན་སྤྱི་འཇོམས་རིལ་བུ་ཟབ་མོ་གསང་བར་བྱས་ནས་སྙིང་ལ་འཆང་བར་བྱའོ། །
འདིས་སྦྱང་གི་ཁ་བསྒྱུར་ན། གཟེར་ཐུང་ལྷོག་རིགས་ལ་ཐར་ནུ་ཟབ་ཆུ་རྩ་ལག་རེ་ལྕག་དུར་བྱིད་བཞི་གོང་གི་རིལ་བུའི་སུམ་ཆ་ཙམ་སྦྱར་ནས་བཏང་། སྔོན་རྗེས་མི་དགོས་ལྕག་གིས་ཆོག རྣོ་མྱུར་ཐོག་དང་འདྲ་བའི་གདམས་པ་ཟབ་མོ་གསེར་སྲང་རེའི་བཀའ་རྒྱ་ཅན་ནོ། །རྩ་སྦྱོང་བྱེད་ན་སྤྱི་འཇོམས་དེ་ཉིད་ཀྱི་ཕྱེད་ཙམ་གྱི་བྱང་བ་དང་། རྒྱ་ཚྭ་ཅུང་ཟད་སྦྱར་བ་ཆང་གིས་ཕུལ་བས་གཉན་ལྷོག་རྩར་རྒྱུག་གི་རྩ་བཤལ་རྣ་འབྲུ་མ་ཟབ་བོ་ཟབ་བོ་རྒྱཿ ཡང་དུར་བྱིད་རེ་ལྕག་ཆུ་རྩ་གསུམ་གྱི་ཁནྜ་ལ་སྤྱི་འཇོམས་ཁ་ཚར་དུ་བཏབ། ཐར་ནུའི་འོ་མས་རིལ་བུ་སྲན་ཆུང་ཙམ་དྲིལ་ལ་བཏང་བས་ལྷོག་བཤལ་རྣོན་པོ་སྲོ་མ་རྟ་རི་ཟེར། སྨན་ནད་བྱུང་ན་པི་ལིང་ཕྱེ་མ་མར་དཀར་བཙག་བཅད་ལ་བཏབ་སྟེ་བཏང་། འདི་ཡི་ཁ་བསྒྱུར་རྒྱས་པ་རྒྱ་ཞང་ཁྲོམ་གྱི་བི་ཥའི་སྦྱོར་བ་དཀར་ནག་སོགས་སུ་ལྟོས་ཞེས་གསུངས། འདི་ཟུར་མཁར་ཆོས་རྗེས་ཕྱག་ལེན་མཛད་པ་དཔེ་ཡོངས་གྲགས་རེད་ཀྱང་། གསང་ནས་ལག་ཏུ་བླང་ན་གཉན་རིགས་ཀྱི་ནད་བཅོས་དཀའ་ཐམས་ཅད་འཇོམས་པར་ངེས་པས་ཡོངས་ལ་གྲགས་ཀྱང་སུས་གནད་མ་ཤེས་པའི་ཟབ་མོ་ཡིན་པས་སྨན་མིང་སོགས་གསང་སྟེ་ལག་ལེན་བྱས་ན་ཤིན་ཏུ་ཟབ་པས་རྭ་ཤིང་གི་སྤར་བུར་རིལ་བུ་རབ་གནས་ལྡན་པ་མི་མཐོང་བར་ཚགས་བྱས་ལ་དགོས་དུས་བཏང་ཞིང་རྩ་ལྟོའི་སྦྱོང་བྱ་ནའང་དེ་དང་སྦྱར་ཏེ་གཏོང་བ་དང་། ནད་དང་གནས་ཀྱི་ཁ་འཛིན་སྦྱར་ཤེས་ན་གང་ཡང་རྡོ་རྗེའི་ཐོག་གིས་བྲག་བཞིན་འཇིག་གོ། ཨི་ཐི་རྒྱ༔ ཡང་། ཐ༢ར་ནུ་བོ༡ང་ང་ཆུ་རྩ༢་གསུམ། སྤྱན་གཟིགས་ཕྱག་རྡོར་འཇམ་དབྱངས་ཞེས། །རིམ་བཞིན་གཉིས་གཅིག་གཉིས་ཆ་སྦྱར། །ཁ་མེད་གཉན་དང་གག་
ལྷོག་སོགས། །ནད་རིགས་ཀུན་ལ་ཐོག་དང་འདྲ། །ནད་སྟོབས་སྦྱར་ཏེ་སྦྱོང་བར་བྱ། ས་མ་ཡ་རྒྱཿ བོང་ང་ཉིད་གཉེན་པོ་མེད་པར་ཆིག་ཚུགས་སུ་ཟ་བའི་གདམས་པ་ནི། བོང་ནག་བཟང་པོ་ཆ་གཅིག་དང་། །ནས་བཟང་རྗེན་བཏགས་ཆ་གཉིས་བཅས། །ཆུ་མ་བླུག་པའི་ཆང་བཟང་གིས། །ཉིང་ཁུས་རིལ་བུར་དྲིལ་བྱས་ཏེ། །རྫ་བུམ་ནང་བླུགས་ཁ་དམ་བཅད། །རླངས་པ་ཕྱི་རུ་མ་ཤོར་བར། །ཆང་བསྙལ་བ་ཡི་དཀྱིལ་དུ་བཞག །ཆང་ལང་རྫ་བུམ་ཁ་ཕྱེ་ལ། །རིལ་བུ་སྐམ་དུ་བཅུག་པ་དེ། །ལྔ་བདུན་དགུ་སོགས་ནད་སྟོབས་སྦྱར། །གཉན་རིགས་ཀུན་དང་ཆམ་པར་བ སྔགས། །རླུང་ཁམས་མ་གཏོགས་ཀུན་ལའང་ཕན། །སྨན་ནད་ཆེ་ན་ཡོས་ཚིག་གི། །གདུས་ཁུ་ཡང་ཡང་གཏང་བར་བྱ། །ཟུར་མཁར་དྷརྨ་སྭ་མི་ནས་བརྒྱུད་པའོ། །བི་ཥའི་བཅུད་ལེན་ནི། བཙན་དུག་བཟང་པོ་ལ་སྔགས་འདི་བདུན་བརྒྱ་བཏབ། ཀླ་གོ་ཏྲི་ཤ་སོ་ཏྲི་དམརཿ དང་པོར་སྲན་ཆུང་ཕྱེད་ཙམ་རེ་ཞག་བདུན་བཟའ། །དེ་ནས་རིམ་བཞིན་ཇེ་ཆེར་བཏང་སྟེ་འདྲིས་ནས་ཚོད་ཟིན་པར་བཟའ། འདིའི་ཕན་ཡོན་ནི་གཉན་ནད་གཙོར་གྱུར་བཞི་བརྒྱ་རྩ་བཞིའི་ནད་དང་། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དང་འགོས་ནད་ཀུན་སྲུང་བའི་མཆོག ཁྱད་པར་མ་ཞུ་ལོང་སྲིན་སྐྲངས་རིགས་དམུ་ཆུ་སྙིང་རླུང་སྟོད་འཚང་རླུང་གཟེར་ཐམས་ཅད་འཇོམས། གག་པ་ཡ་མ་གཟའ་ཀླུའི་ནད་ཀུན་དྲུངས་ནས་འབྱིན། རྒྱུན་དུ་བསྟེན་ན་དུག་སྲུང་ཞིང་མིད་འཆུས་སེལ། སྦྲུམ་མ་རྨ་གསར་ཁྲག་ཅན་ནད་ལ་སྤང་། དེ་མིན་ཀུན་ལ་ཕན་ནོ། །གང་གིས་འཆི་བར་ནུས་པའི་དུག་རྣམས་ནི། །བཅུད་དུ་ལེན་ན་འཆི་མེད་འགྲུབ་ཅེས་བསྔགས། །གསོ་དཀའི་ནད་ལ་གཉེན་པོར་གྱུར་པ་ནི། །
གཏུམ་པོ་འདི་ཉིད་ཡིན་ནོ་སྙིང་ལ་ཆོང་། །པི་ཥའི་སྦྱོར་བ་ཟབ་མོ་ཅི་རིགས་པ་ཕྱོགས་གཅིག་ཏུ་མི་ཕམ་པས་བསྡེབས་པ་དགེ་ལེགས་སུ་གྱུར་ཅིག །༈ སྨན་གཅིག་མའི་སྐོར་བཞུགས་སོ། །ན་མོ་གུ་རུ་མཉྫུ་ཤྲཱི་བྷཻ་ཥ་ཛྱེ་རཱ་ཛཱ་ཡ། འདིར་སྨན་གཅིག་ཆོག་མའི་སྐོར་ལས། རླུང་ལ་བུ་མོ་ཕྱུགས་ཆུང་མའི་ཤས་ཕན། སྟོད་འཚང་ལ་སྒོའི་སྤྱི་འཁོར་གྱིས་ཞིབ་བཏགས་ཐུར་མགོ་གང་ཆུས་འཕུལ་ཕན། མཁྲིས་པར་གཡའ་ཀྱིའི་ཁཎྜས་ཕན། ཏིག་ཏའི་ཕྱེ་མ་ཆང་སྦྱར་ཕུལ་གང་གདུས་ཞག་བཅུའི་བར་བརྟེན་ན་མཁྲིས་ནད་ཐམས་ཅད་སེལ། ཀྵ་ཡ་ནག་པོར་ཟངས་རྩི་ནག་པོའི་ཁས་ཕན། རྒུན་འབྲུམ་དཀར་པོས་མཁྲིས་པ་དང་ལྕེ་བསྐམ་པ་ལ་ཕན། བད་ཀན་ལ་བསེ་ཡབ་མང་དུ་ཟོས་ན་ཕན། སྲེག་པ་དང་འཇོལ་མོའི་ཤས་བད་ཀན་མིད་འཆུས་ལ་ཕན། སྐྱུ་རུའི་ཆིག་ཐང་ཁྲག་ངན་དྭངས་སྙིགས་འབྱེད་པའི་མཆོག་ཡིན། ཚ་བའི་ནད་ལ་གངས་ཆུ་འཐུང་པས་ཕན། རིམས་ལ་པརྦ་ཏ་ཡིས་ཕན། ཆམ་པ་སོགས་རང་གི་དྲི་ཆུས་བྱུག །ཆམ་པར་ལམ་ལྷོག་ཁོ་ནས་ཕན། ཁྱི་དཀར་པོའི་རྣ་བར་ཁྲག་ཕྱུང་བ་ཆང་སྦྱར་འཐུང་ན་འབྲུམ་པ་སྲུང་། མོན་སྲན་བཙོས་ནས་སྐུད་པར་བརྒྱུས་པའི་ཕྲེང་བ་མགུལ་དུ་བཏགས་ན་འབྲུམ་བུ་སྲུང་། ལྕུང་ཀའི་ཁྲག་འབྲུམ་ནག་ལ་སླེབ་ཆོག་གོ། འབྲུམ་ནག་གྲེ་བར་བྱུང་ན། བྱི་ཚེར་མའི་རྩ་བ་དང་ལྐོག་པ་བསྐྱུར་ལ། ནང་གི་དེ་བཏགས་ནས་ཆུ་གྲང་སྦྱར་ཁོང་དུ་བཏང་བས། རྡོལ་ནས་མེད་པར་འགྲོ། སྦྱིར་འབྲུམ་ནག་བྱུང་པར་འདིའི་ཆུ་ཐིགས་རེ་ཁོག་པར་བཏང་བས་ཆོག་ཤིན་ཏུ་ཟབ་བོ། །ཡང་འབྲུམ་པ་ལ་ཤིང་ཐོག་ཁ་སར་པ་ནིས་ཕན་
ཟེར། གག་པར་སྤྱང་ལྕེས་ཕན། ངང་པ་གསེར་སྒོང་གིས་ཐུབ། ལྷོག་པ་བྱ་རྒོད་སུག་པས་ཐུབ། རྒྱུ་གཟེར་དམར་བཤལ་ལ་ཤང་ཤང་ཤང་དྲིལ་དམར་པོ་བསྐོལ་ཐང་གིས་ཕན། ལན་གཉིས་གསུམ་སོགས་ནས་རླུང་འདོན་བྱ། དེ་ཁོ་ནས་སོས་སོ། །པད་རག་གཙང་མ་ཁོང་དུ་བཏང་ན་རྒྱུ་གཟེར་གྱིས་འཆི་མི་སྲིད། ཡང་འཕྱི་བའི་ཤ་ཟོས་ན་མ་བྱུང་སྲུང་བྱུང་ཟིན་གཅོད། བྲག་སྐྱ་ཧ་བོའི་མེ་ཏོག་མར་ཁུས་འཕུལ་བཏང་རྒྱུ་གཟེར་འཁྲུ་བ་ཆོད། ལྡུམ་བུ་སྟག་ཤ་ཞིབ་བཏགས་ཆུ་གྲང་སྦྱར་བས་རྒྱུ་གཟེར་ཁྲག་ཏུ་འཁྲུ་བ་གཅོད། སྙིང་ནད་ལ་སྙིང་ཞོ་བཏང་། ཤུག་འབྲུས་སེམས་ཀྱི་རྩལ་ཤུགས་སྐྱེ་རླུང་ལ་ཕན་ཞེས་བདུད་རྩི་འཁྲུངས་རྒྱུད་ལས་གསུངས། སྲོག་ཆགས་ཀྱི་སྙིང་སྣའི་རིགས་གཏོང་བས་ཕན། གློ་ནད་ལ་བདུད་རྩི་གོང་ཤམས་ཁོ་ནས་ཕན། བ་འོས་ཕན། ལི་ག་དུར་དང་ཀླ་སྒང་གཉིས་རིགས་གཅིག་པས་གང་རུང་ཆིག་ཐང་གིས་ཕན། མཆིན་ནད་ལ། མཆིན་པའི་རིགས་ཀྱིས་ཕན། པྲི་ཡངྐུ་གུར་གུམ་ཐང་མར་སྦྱར་བཏང་བས་རླུང་སེལ། མཚེར་ནད་ལ་དེ་བཞིན་མཚེར་པས་ཕན། མཁལ་མའི་ནད་ལ་གཡེར་ཤིང་ཕན། རྒྱུ་མའི་ནད་ལ་དུག་ཉུང་གིས་ཕན། ཕོ་མཚན་ནད་ལ་མོ་མཚན། སྡིག་པ་མེར་བསྲེག་ཐལ་བ་སྲན་མ་ཙམ་ཆུ་གྲང་ཕུལ་བཏང་རྡེའུ་ནད་འཕྲལ་དུ་སེལ་ཞིང་། བུད་མེད་ནུ་མ་སྐྲངས་ལ་ཡང་ཕན། སྤྱི་བཞུར་བརྡུང་ཁུས་རྩ་ནད་དང་རྩ་འཆུས་ལ་ཕན། གདོན་གྱི་ཆུ་འགག་ལ་གསང་སྤུ་བསྲེག་ཐལ་བཏང་ཕན། དྲི་ཆེན་འགག་པར་མགྲོན་བུ་བུ་མ་བསྲེག་ཐལ་བཏང་། མ་རུ་ཙེའི་འབྲས་བུ་ཞིབ་བཏགས་ཆུ་གྲང་ཕུལ་བཏང་གློ་རྣག་ཐོན། ཕྲན་བུའི་ནད་
ལ་རྨ་བྱའི་མདངས་མེར་བསྲེག་ཆུ་གྲང་གིས་འཕུལ་བཏང་ཁྲག་སོགས་སྐྱུག་པ་གཅོད། འཁྲུ་པ་ལ། ཤ་འབྲས་བྱེ་མ་ཀ་ར་ཆ་མཉམ་ཞིབ་བཏགས་ཞོ་སྦྱར་བཏང་ན་ཚད་འཁྲུ་ཆོད། འཕྱི་བའི་མཁྲིས་དྲོན་མིད་ན་ཆང་ནད་གཏན་དུ་བྱང་། གྲུམ་པའི་ཕོ་བ་རློན་པ་མགོ་ལ་གྱོན་ན་སྲིན་གྱི་ནད་རིགས་གཏན་ནས་བརླག སྒམ་བསམ་དཔྱད་བསེའི་སྦྱོར་བའི་བྱང་ཁྲ་བསེ་སྦུར་བྱིང་བྱིང་གསུམ་གང་རུང་མར་དུ་བཏུམ་སྟེ་ཁོང་དུ་བཏང་ན་གླང་ཐབས་ན་བའི་སྲོག་སྟེར་རོ། །གླང་ཐབས་སྨན་གང་གིས་མ་ཕན་པ་ལ། རྐང་མཐིལ་དྲེག་པའམ། སྒོའི་མ་ཐེམ་གྱི་དྲེག་པ་མི་གཙང་བ་གང་རུང་བཏང་ན་ཕན་ངེས་སོ། དུག་འདོན་མ་ཕྱས་ཀོ་བྱིས་སྟོད་འཚང་ཚྭ་བ་གླང་ཐབས་འཇོམས། གླང་ཐབས་ཅིས་ཀྱང་མ་ཕན་པ་ལ་སྤང་སྤོས་རྩ་བཐུན་གཅིག་ཞིབ་བཏགས་ཆང་གར་མས་འཕུལ་བས་ཤིན་ཏུ་ཕན། མཁན་པ་བརྡུང་བའི་ཁུ་བར་ཕོ་རིལ་ཞིབ་བཏགས་བཏབ་བཏང་སྲིན་ལ་ཕན། ར་མགོའི་ཁནྜས་ཡ་མ་སེལ་ཞེས་བདུད་རྩི་འབྲུ་རྒྱུད་ལས་གསུངས། ཀརཉྫ་བ་འོར་བཏབ་བཏང་ཁོག་སྲིན་གཞང་སྲིན་ལ་ཕན། ཁོང་ལྷོག་ལ་ཕུར་ནག་ཐང་ལ་གླ་རྩི་བཏབ་པས་ཐུབ། ༈ །ལྕེ་ནད་ལ་སྦལ་ཤས་ཕན། སྦྲུལ་ཤུན་བ་འོར་སྦྱར་བས་མཁུར་བཀང་སོ་ནད་ཀུན་ལ་ཕན། བྱི་ཚེར་མཁུར་བཀང་ཁ་ནད་རིགས་ལ་ཕན། ༈ །ཕྲན་བུའི་ནད་བཅོས་ཁ་སྐོང་། །འཁྲུ་བ་བཅད་ཐབས་མོན་མོ་རྐང་ཆག་གི་མེ་ཏོག་གྲིབ་སྐམ་ཞིབ་བཏགས་ཚ་འཁྲུལ་ཆུ་བསིལ་གྲང་འཁྲུར་ཆང་སྦྱར་བཏང་བས་ཆོད། ཡང་ན་ནས་སྔོན་ཚིག་པ་ཞིབ་བཏགས་ཆུ་ཆང་གོང་བཞིན་སྦྱར་བཏང་ཆོད། སྐྱུག་པ་ལ་ཤ་ཚོན་པོའམ་ཡིབ་མ་མེ་
དུ་བ་མེད་པར་རྫ་ཡི་ནང་དུ་མ་ཚིག་པར་ཚོས་པར་བསྲེག་པ། དེ་བརྡུང་ལ་ཚོད་མར་བྱས། འབྲས་སེར་ཙམ་བརྔོས་པ་ཞིབ་བཏགས་ཐལ་དུ་བྱ། དེ་ལན་གཉིས་གསུམ་བཏང་བས་ཆོད། ན་ངོས་རྣ་འུ་ཆུང་ངམ་སྲིན་ལག་རྩེ་མོ་བསྲེག་པས་སོ་སྲིན་ལ་ཕན། བཙན་དུག་ལོ་མའམ། རེ་ལྕག་རྩ་བའམ། སྤྲུ་རྩ་གང་རུང་སྣར་བརྫང་སྣ་ཁྲག་བཅད། ཡང་ཏྲ་རྟ་སོག་བསྲེག་ཐལ་སྣར་བུས་བས་ཀྱང་ངོ་། །ཡང་དུང་དང་འགྲོན་བུ་བསྲེག་ཐལ་ཆང་སྦྱར་འཐུང་ན་ཕན། ཕག་བྲུན་བསྲེག་ཐལ་བོང་བུའི་གཅིན་གྱིས་སྣ་ནང་བླུག་ཡ་མ་ཀླད་གཟེར་ཕན། སྦྲུལ་ཤུན་ཞིབ་བཏགས་ཞོ་བཙག་མས་སྦྲུས་པའི་རིལ་བུ་སྲན་མ་ཉིས་འགྱུར་ཙམ་བཏང་ན་ཟ་འཕྲུག་ལ་ཕན། སྡིག་པ་མེར་བསྲེག་དུ་དཔྱད་བ་ཁོང་བཏང་སྲོག་ཆགས་ཀྱིས་གནོད་པ་མི་འབྱུང་། ཟངས་རྩིའམ་འཛེར་ལྡུམ་མམ། རྒྱ་ཚྭ་དང་གླུམ་ཁུ་བླུགས་པས་འཛེར་པ་ཞི། ཟླ་བ་ཉ་དུས་སོ། །གཟེ་མ་བསྐོལ་ཁུ་མར་ཁུ་ཚྭ་དང་སྦྱར་ཏེ་ཞག་གསུམ་བླུད་པས་གཞང་འབྲུམ་སེལ། ཕག་ཁྲག་ནང་ཕག་ཚིལ་གཏུབ་ལ་བཏང་བས་སྟོད་འབམ་སྨད་དུ་འབེབས་པ་རྒྱ་ནག་གི་ལུགས་སོ། །དེ་ཡང་དང་པོར་ཨ་རག་ཅུང་ཟད་བཏང་བས་འཇམ། དེ་ནས་གོང་སྨན་ཕག་ཚིལ་བཏབ་པས་ཁྲག་ཀུན་ལྡང་ཡང་སྨད་དུ་འབེབས་ངེས་ཞེས་བཤད། མི་ཕྱུགས་ཤ་མ་མ་ཐོན་ན་རྩར་ཕོ་ཁ་གདང་གི་རྩ་བ་གྲི བ་སྐམས་ཞིབ་བཏུལ་བླུད་པས་ཕན། ཡང་བུལ་ཏོག་དང་ཟེ་ཚྭའི་ཐང་བཏང་ཡང་ཐོན། གདོན་བཅོས། རྗེད་བྱེད་ནད་ལ། ཁྱི་ནག་པོ་ཞིག་ཞག་གཅིག་ལྟོགས་བཅུག་ལ་གཡག་ནག་པོའི་ཁྲག་ཞོ་སྦྱར་བ་བླུད། དེའི་རྟུག་པ་
བྲུལ་བ་དེ་དྭངས་ཡིན་ནོ། །དྲིལ་དཔྱད། བཀང་བ་ལས་བདུད་རྩི་མར་ཁུ་བཀྲོལ་དགོས་འདྲ། མར་ཁུ་བཏོན་པ་དེའི་ཐིགས་པ་སྣར་བླུག་པས་སེལ་ཞེས་རང་བྱུང་རྡོ་རྗེའི་སྔགས་འབུམ་ནས་སོ། །ཤ་བའི་ཤ་སྐམ་ར་འོར་སྦྱར་བཏུང་གཟའ་ནད་འཇོམས། དུག་བཅོས། སོ་མ་ར་ཙ་བ་ལང་གི་ལྕི་ཁུར་སྦྱར་བས་བརྟན་གཡོའི་དུག་ཀུན་འཇོམས། དུས་བརྐོས་ཀོ་ཋའི་ཁནྜ་དང་ཀྱི་ལྕེའི་ཁནྜ་བཅས་འོ་མ་ར་སྦྱར་བས་དུག་ཐམས་ཅད་དང་བད་སྨུག་མཁྲིས་པ་ཀྵ་ཡ་རྒྱུ་ལོང་ཚད་རྙིང་ཕོ་མཆིན་ནད་སེལ། ཤ་དུག་གིས་གྲེ་བ་འགག་ན་འདྲེ་དབལ་ཀའི་འབྲུམ་བུ་ཚྭ་ལ་ཞིབ་བཏགས་ཆུ་སྦྱར་བཏང་བས་སེལ་ངེས་སོ། །སྤྲུ་བ་འདི་ཁྲག་གཅོད་པའི་སྨན་གྱི་རྒྱལ་པོ་ཡིན། སྤང་སྐྱེས་བཟང་། དེ་བུ་རམ་སྦྱར་བཏང་ཁྲག་ཐམས་ཅད་གཅོད་དོ། །མགོ་རྨ་ལ་རྨ་ཁ་སྤྲ་བས་བརྒྱང་ནས་བསྲེགས་ན་རུས་སྐྱོན་ཐམས་ཅད་རང་གོག་འོང་། ཐབས་གཞན་མི་དགོས་པར་འགྱུར་རོ། །རོ་ཙ་བར། ད་བྱིད་ཐུན་རེ་འོ་མར་གདུས་འཐུང་རོ་ཙ་ཞིང་རྟག་ཏུ་ཇི་འདོད་ནུས། དབང་ལག་གམ། དབྱར་རྩ་དགུན་འབུའམ། ཅོང་ཞི་གང་རུང་འོ་མར་སྦྱར་ཟོས་ཁུ་བ་འཕེལ་ཐུག་འབྲས་གང་རྙེད་འོ་མར་སྦྱར་ཟོས་ན་དེ་བཞིན་ནོ། །གླང་བུའམ་ཁྱི་དཀར་འབྲས་བུ་འོ་མར་བཙོས་ཟོས་ཐིག་འཛག་གཅོད། འཕྱི་དུག་གིས་ན་བ་ཐོ་རེངས་ཆུ་ཀླུང་དུ་ལན་མང་ཞུགས་ན་ཕན། སྤྱང་ཀིའམ་འཕར་བའི་ཕྲུ་གུ་མིག་མ་ཕྱེ་བ་གསོན་པོ་ལ་ལྡག་བཅུག་ན་སྐྲན་ལ་ཕན། ར་མོ་ཤག་བྲེ་ཕྱེད་བཙོས་པའི་ཁུ་བ་ནང་མ་གསུམ་འཐུང་ན་གཉིད་མི་འོང་། འོང་འདོད་ན་ཆང་ཡིབ་བཏང་ཞེས་ལས་ཐམས་ཅད་ཀྱི་རྒྱུད་ལས་སོ། །གླང་
ཆེན་ལྕི་བ་བླངས་རུས་སྦལ་ཁོག་པའི་ནང་དུ་བཞག་དེའི་དུ་བས་ཁྱིམ་བདུག་པར་བྱས་ན་འདྲེ་ཤིག་སོགས་ཞི་ཞེས་རྒྱུད་ལས་སོ། །སྤང་རྒྱན་མེ་ཏོག་རང་གི་མགོ་ལ་བཙུགས་ན་སྦྲང་བུས་སོ་མི་འདེབས། པུ་ཤུད་ཀྱི་སྒྲོ་སྔས་སུ་བཙུགས་ན་འདྲེ་ཤིག་སྲུང་ངོ་། ༈ །ཀླུ་སྒྲུབ་ལ་ཀླུས་ཕུལ་བའི་བཅུད་ལེན་གདམས་པར། སྨན་རྣམས་དབང་ལག་ལ་འདུས། མངར་རྣམས་ཀ་ར་ལ་འདུས། དབང་ལག་གོང་སྒོང་གང་ལ་ཀ་ར་བམ་པོ་བརྒྱད་བསྲེས། འབྲི་མར་སྲང་ལྔ་སྦྱར་བའི་སྨན་མར་གྱིས་ཚེ་འཕེལ། ལུས་གཞོན་ནུར་འགྱུར། སྟོབས་ཆེ་སོགས་བཅུད་ལེན་འགྲུབ། དབང་ལག་ལོ་མ་དུ་ཡོང་གྲངས་ལྟར་སོར་མོ་ཡོད་པས་སོར་ལྔ་པ་བཟང་། མིག་བཅོས་སྐོར། ཁ་ཆེ་ཐུན་བརྒྱད། དོམ་མཁྲིས་ཐུན་བདུན། ཅུ་གང་ཐུན་དྲུག །རྒྱལ་མོ་ཀ་ར་ཐུན་ལྔ། མདུང་རྩེ་ཐུན་བཞི། ཡུང་བ་སེར་པོ་དང་གླ་རྩི་ཐུན་གཉིས། འདི་རྣམས་ཞིབ་བཏགས་དར་རམ་རས་ལ་བཙག ལིང་ཐོག་རྙིང་པར་ཐུན་རེ་སྐམ་འདེབས་བྱ། གསར་པར་བུད་མེད་ནུ་ཞོ་སྦྱར་ལ་བྱུགས་པས་ལན་གསུམ་གྱིས་མི་གྲོལ་མི་སྲིད་དོ། རྒྱ༔ ཡང་ན་ལིང་ཐོག་ལ་དོམ་མཁྲིས་ཚྭ་ལ་ཀ་ར་ཁྱེའུ་འཐུང་ནུ་ཞོར་སྦྱར་བ་བྱུག ཡང་ཕ་ཝང་ལོང་བུ་དཀར་པོ། སྦྲང་དང་ནུ་ཞོ་སྦྱར་ཏེ་བྱུགས་ན་ལིང་ཏོག་ལ་ཚེགས་མེད། ཡང་ན་ཚྭ་ལ་ལྕགས་ཁྱེམ་དུ་བཏུལ་བ་ལིང་ཐོག་སྟེང་དུ་རྫས་ཙམ་སྤུངས་ལ། ནུ་ཞོ་ཐིགས་གཅིག་བླུག་ནས། མིག་བཙུམ་མཆི་མ་ཆད་པ་དང་མིག་ཕྱེ་བས་ནད་མེད་པར་བྱེད་དོ། །མིག་སྨན་སངས་རྒྱས་རློན་པ་མིག་ལ་གླན་ནས་མཚན་གཅིག་བཞག་
པས་ནང་པར་ལིང་ཏོག་སེལ་ནས་འདུག་པ་ཡིན་ནོ། །ཤ་འཛེར་གྱི་ནད་ལ་རྒྱལ་མོ་ཀ་ར། དོམ་མཁྲིས། ཨ་རུ་གསེར་མདོག སྐྱེར་བའི་བར་ཤུན། ཁ་ཆེ་ཞིབ་བཏགས་བུད་མེད་ནུ་ཞོ་སྦྱར་ནས་བྱུག་པ་ཟབ། མིག་གི་རྒྱལ་མོ་ཆུ་འབྱེད་ནི། ཀ་ར། ཞིམ་ཐིག །འཇིབ་རྩི་དཀར་པོ་སྐག ཁྱི་གསོན་པོའི་རྣ་བའི་ཁྲག་རྣམས་ཆ་མཉམ་ལ། ལིང་ཐོག་ལ་བུད་མེད་ཀྱི་ནུ་ཞོ། སྲོད་ལོང་ལ་ར་ཕོའི་ཆུ། མིག་རིམས་ལ་རང་གི་སྲིན་ལག་ཁྲག །བད་ཀན་ལ་གངས་ཆུའམ་ཆར་ཆུ། གདོན་ལ་ཆང་གི་སྙིང་ཁུར་སྦྱར། ཟངས་གཞོང་ནང་འགྲོན་བུ་བུ་མ་བརྡར་ལ་མི་འོ་སྦྱར་ཏེ་ཕུག་རོན་དང་རུ་གཡས་པས་བྱུག །མིག་ནད་ཐམས་ཅད་སེལ་བའི་མཆོག་ཅེས་ཆ་ལག་ལས་སོ། །ག་བུར་མདུང་རྩེ་རག་རྡོ་གླ་རྩི་སྒོག་སྐྱ་ཅོག་ལ་མ་ཞིམ་ཐིག་ལེའི་འབྲུ་བཅས་བདུན་པོ། ཞིབ་བཏགས་འཁར་སྣོད་ཁྱེའུ་འཐུང་ནུ་ཞོ་སྦྱར་ལ་སྲེ་ལོང་པའི་རྒྱུས་རྩེས་མིག་ནང་བྱུག་ན་རྒྱལ་མོ་ཆུ་འབྱེད་ལོང་བ་རྒྱུན་གཅོད་དོ། །ཡང་མིག་འགྲིབ་གསོ་བ་རྒྱའི་ཆུ་འབྱེད་ནི། ག་བུར་དོམ་མཁྲིས། རྒྱ་ཚྭ་གླ་རྩི་བཞི་ནས་ཙམ། གི་ཝཾ་གུར་གུམ་ཅུ་གང་། མཚལ་དཀར་བཞི་ཐུན་ཕྱེད། བྱང་བུལ་ཐུན་གཅིག་ཚ་ལ་བསྲེག་པ་རིལ་མ་ཙམ། རྒྱ་སྐག་ལྕེ་ལེ་གསུམ་གྱི་ཚད། སྨན་སྣ་བཅུ་གཅིག་པོ་འདི་ཞིབ་བཏགས་མིག་འབྱེད་སྨན་ཏེ་ཐོག་མར་སྐག ཕྲོམ་ཕྲོམ་བརྡུང་ཆུ་ཕུལ་ཕྱེད་ལ་སྦང་ནས་ཟངས་གཞོང་ནང་ཁུ་བ་བཞུར། དེ་ལ་སྨན་གཞན་བཏབ་སྟེ་སྲིན་ལག་གཙང་མས་འདྲེས་པར་དཀྲུག དེ་ནས་བུམ་ཆུང་གཙང་མའི་ནང་དུ། བལ་དྲི་མེད་ལ་བཙག་སྟེ་བླུག སྨན་དེས་
ནད་པ་གློ་གཡས་ཕབ་སྟེ་ཤར་དུ་བལྟས་ནས་མིག་གང་ན་བ་དེ་སྟེང་དུ་བྱ་ཞིང་སྔས་ཅན་གྱི་མལ་བཅའ། མགོ་ཡི་འོག་ཏུ་སྣོད་གཙང་བཟེད། སྟེང་གི་མིག་ཟུར་ཁ་ནས་ཆུ་རྒྱུན་ཕྲ་མོ་མིག་གཉིས་བསྒྲད་པར་བླུག དེ་ལྟར་ལན་ལྔའི་བར་དུ་བྱ། དེ་ནས་གཞོག་གཡོན་འོག་ཏུ་བཅུག་ཏེ་སྔར་ལྟར་ཆུ་རྒྱུན་བླུག་པ་ལན་གསུམ་བསྐྱར། ཁྱོན་ལན་བརྒྱད་པོ་དེས་མིག་འགྲིབ་པ་ཕྱེས་ནས་བཀྲ་ལམ་མཐོང་བར་ངེས། དེ་རྗེས་རྩ་ནས་མཐོང་བྱེད་སྨན། གླ་རྩི་དོམ་མཁྲིས་སྦྲང་རྩི་ཚ་ལ་སྐྱེར་ཁན་ལྔ་ཁྱེའུ་འཐུང་ནུ་ཞོར་སྦྱར་བ་ནུབ་མོ་ཉལ་ཁར་མིག་ལ་བྱུག དེས་མི་ལྡོག་བརྟན་པར་བྱེད། ཐབས་འདིས་འགྲིབ་རིགས་ལྔ་པོ་ཐམས་ཅད་འབྱེད། རྗེས་བརྟན་པ་མ་ཐོབ་བར་དུ་དྲག་ཤུལ་ཁུར་ལས་སྒོག་པ་ཆང་དང་བུད་མེད་སྤང་། ཆག་ལོའི་གདམས་པ་ཆིག་བརྒྱུད་ཟུར་མཁར་ཆོས་རྗེས་བཀོད་པའོ། །ཡང་སྦུར་ལེན་བཟང་པོ་ར་རིལ་ཙམ་ཞིབ་བཏགས་སྦྲང་དཀར་ལྷད་མེད་སྦྱར་བའི་ལྡེ་གུ་མིག་ལ་གླན། དེ་སྟེང་གུར་གུམ་ལི་ཤི་གསེར་མདོག་མཉམ། དོམ་མཁྲིས་ག་བུར་གཉིས་ཞད་ཙམ་བཅས་ཞིབ་བཏགས་ཆ་གཅིག་ལ་རྡོ་ཕ་ཝང་ཆ་དྲུག་སྦྱར་བའི་ཕྱེ་ཞིབ་ཀྱི་འཇིམ་པས་བཀབ་ནས་བཞག་པས་ཐུར་མ་འཕང་བ་ལྟར་སྨན་དེས་མིག་འགྲིབ་པ་འབྱེད་དོ། །ཡང་མགྲིན་བཟང་རྩིབ་མ་ནུས་ཆུད་མ་ཟོས་པར་ལག་ལེན་ལྟར་བསྲེག་པ་ཞེས་ཧ་ལྷག་གམ་དཔྱད། བསྲེག་ཐུན་ཆེ་ཙམ། གཤའ་དཀར་དེ་ལས་ཅུང་ཆུང་། དེ་མཉམ་ཅུ་གང་གསུམ་ཞིབ་བཏགས་བྱས་ལ་རྭའམ་ཤིང་གི་ཟེའུར་བླུག དེ་ཤ་རློན་རིལ་མ་ཙམ་ལ་བྱུགས་ནས་མིག་ལ་གླན་ཏེ་ཡུན་རིང་བཟུང་། ཞག་རེར་ལན་རེ་བྱ། དེས་སྐྱ་རིབ་སྔོ་རིབ་ནག་རིབ་ཀྱི་
འགྲིབ་གང་ཡིན་ཡང་ཐུར་མ་མི་དགོས་པར་འབྱེད་པར་བྱེད་དོ། །འདིས་ལིང་ཐོག་ཤ་འཛེར་སོགས་ཀྱང་སེལ། ལ་སྟོད་འབྲོམ་སྨན་ལ་མཁའ་འགྲོས་དངོས་སུ་གནང་བའོ། །འགྲིབ་གསར་པ་འདིས་འབྱེད་དོ། །འགྱང་ནས་རྭ་ཆེན་པོ་སེར་པོར་སོང་བ་ལ། སྒ་སྐྱ་པི་ལིང་ཕོ་རིས་ཏེ་ཚ་བ་གསུམ། ཡུང་བ་བ་བླ་སྐྱེར་པ་སྟེ་སེར་པོ་གསུམ། རྒྱ་ཚྭ་ཁབ་ལེན་མཚུར་ནག་སྟེ་ནག་པོ་གསུམ་བཅས་སྨན་སྣ་དགུ་པོ་འདི་ལས། དང་པོ་ཁབ་ལེན་དང་སྐྱེར་ཤུན་པི་ལིང་ཕོ་བ་རིས་རྣམས་རྩི་བཞིན་བཏགས། དེ་རྗེས་གཞན་རྣམས་བཏགས་ཏེ་མཇུག་ཏུ་སྒ་སྐྱ་བཏགས་ཐམས་ཅད་འདྲེས་ངེས་ཡུན་དུ་ཞིབ་བཏགས་བྱས་པ། སྦྲང་དཀར་གྱིས་རིལ་བུ་སྲན་མ་ཆེ་ཤོས་ཙམ་རེ་དྲིལ་དགོས་དུས་ནད་པ་དེའམ་བྱིས་པ་གཙང་མའི་དྲི་ཆུས་རིལ་བུ་རེ་རེ། ལྕགས་ཕོར་ནང་དུ་སྦང་ལ་ཕུག་རོན་དང་རུས་བསྣུར་བའི་གར་སླ་ཞོ་ཙམ་མིག་ཏུ་བླུགས་ནས་ཉི་མ་ལ་ཉལ། ཞག་ལྔ་ཙམ་ནས་ལན་རེ་བྱུག འདེབས་ཐང་གཉིས་གསུམ་སོང་ན་མིག་གསལ་བར་འགྱུར། འདི་ལ་ཟུག་གཟེར་ཆེན་པོ་འོངས་ཀྱང་བཟོད་པ་གལ་ཆེ། མགོ་སྲིན་དང་ཡ་མ་ཡོད་ན་དེ་ཡི་བཅོས་ཀ་མ་བྱས་པར་འདི་མི་འདེབས། མིག་གི་རྒྱལ་མོ་བཙག་ཞར་གྱིས་བཅོས་མེད་སོང་བ་ཅུང་ཟད་མི་མཐོང་བའང་ཕྱེད་པར་ངེས་ན་གཞན་ལྟ་ཅི་སྨོས། འབྲོམ་སྨན་འོད་ཀྱིས་ཚུལ་འདིས་ལོང་བ་ཉིས་སྟོང་ཙམ་གསོས། དེའི་སློབ་མ་དག་གིས་ཀྱང་མང་པོ་སོས་པའི་མན་ངག་ལག་བླང་མ་ཡིན། སྨན་འདི་སྦྱར་དུས་རང་མཁའ་འགྲོ་དཀར་མོ་ཞི་བ་རྡོར་དྲིལ་འཛིན་པའི་མདུན་དུ་སྤྱན་རས་གཟིགས་བསྒོམ་ཞིང་། ནད་པས་མཚོན་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བསྒོམ་ནས་སྦྱར་ན་ཕན་ཐོགས་འབྱུང་ངོ་། །ཡང་མིག་སྨན་ནི། ཚ་
བ་གསུམ་གྱིས་མིག་ཚ་བ་སེལ། དུང་གིས་སྐམ་ཚག་སེལ། ཡུང་བས་རབ་རིབ་སེལ། སག་རམ་རྩིས་མཆི་མ་གཅོད། ཏི་ཚས་མིག་ནད་ཐམས་ཅད་འཇོམས། མར་གྱིས་སྙོམས་པར་བྱེད་དོ། །དེ་ཡང་ཚ་བ་གསུམ་ཆ་གཅིགསྨན་ལྔ་པོ་ཆ་མཉམ་པ་ཚ་བ་གསུམ་དང་མཉམ་པར་བྱ། ཚ་ཤུགས་ཆེ་ན་ཚ་བ་གསུམ་སོགས་སོ་སོའི་གཉེན་པོ་ཆ་བསྐྱེད་ཏི་ཚ་ཀུན་ལ་སྙོམས། མར་དང་སྦྱར་ཏེ་ནུབ་མོ་ཉལ་དུས་བསྐུ། ནང་པར་ཆུས་བཀྲུས་པས་མིག་ནད་ཐམས་ཅད་ཞིའོ། །ཡང་ཨ་རུ་གསེར་མདོག །བ་རུའི་སྙིང་པོ། པི་ལིང་། ཕོ་རིས། ལྡོང་རོས། ཤུ་དག །དུང་སྲིན་མེད། ཤ་ཕོ་རུ་རྟ་རྣམས་སྐག་ཆུས་སྦྱར་བའི་རིལ་བུ་མིག་ལ་བྱུགས་ན་མིག་ནད་ཀུན་སེལ་ལོ། །མིག་གི་ཤ་འཛེར་ལ། རྒྱལ་མོ་ཀ་ར། དོམ་མཁྲིས། ཨ་རུ་གསེར་མདོག་སྐྱེར་ཤུན། ཁ་ཆེ་ཞིབ་བཏགས་བུད་མེད་ནུ་ཞོས་སྦྱར་བྱུག་ཟབ། སྦྲང་དང་པི་ལིང་གི་མིག་སྨན་གྱིས་མིག་ནད་ཀུན་སེལ་ཞེས་རྒྱུད་ལས་སོ། །བི་མ་སྙིང་ཐིག་ལས་འོ་མ་སྐྱེར་ཁན་གཟི་ནག་ཁྲའི་ཕྱེ་མ། བྱ་ནག་མོའི་སྒོ་ངའི་སེར་ཐིག་རྣམས་ཚེས་གཅིག་དང་གནམ་སྟོང་གི་ཉིན་པར་ཐོ་རངས་ཁར་སྔོན་དུ་ཆུ་གྲང་གིས་མིག་དང་གདོང་བཀྲུས་ཏེ། དེ་ནས་སྨན་གྱི་ལྡེ་གུ་མིག་ལ་བྱུག དེ་ནས་བཟུང་ཉིན་རེ་བཞིན་བ་སེར་མོའི་འོ་མ་བསྐོལ་ནང་ཤིང་མངར་བཏབ་སྟེ་འཐུང་ན་མིག་མི་འགྲིབ་ཅིང་ལུ་གུ་རྒྱུད་གསལ་ཞེས་དང་། སྨུག་པོ་སྦལ་རྒྱབ། རམ་རྩ་སྐམ་པོ། ཞིམ་ཐིག་ལེ། སག་ར མ་རྩི་རྣམས་ཞིབ་བཏགས་ཁྱེའུ་འཐུང་ནུ་ཞོར་སྦྱར་བ་མིག་ལ་བྱུགས་ན་ཞག་བདུན་ནས་འགྲིབ་པ་སེལ། ལུ་གུ་རྒྱུད་གསལ། ཡང་རག་ཐལ་དང་། ཐོད་ལེ་ཀོར་ཞིབ་བཏགས་འོ་སྤྲིས་སྦྱར་ལ་མིག་ལ་
བྱུག་པས་སྐམ་གཤེར་དམར་ཚག་སྐྱ་རིབ་སོགས་རིམ་པས་ཕྱགས་ཤིང་གསལ། ཡང་རྩ་ཨ་བ། ཅོང་ཞི། བྲག་ཞུན། སྦྲུལ་སྔོན་ཤ །འབྲས་གསུམ། དོམ་མཁྲིས། ཁྱི་ནག སྤྲེའུ། རྟ་ནག མི་དང་འུག་པ་ལྔའི་མཁྲིས་པ། སྔོ་རྟག་ངུ་རྣམས་སྤྲད་སྦྱར་ལྟོ་སྟོངས་ཟླ་གསུམ་ཟོས་ན་ཤའི་སྤྱན་དང་ལྡན་ཞིང་ལུག་བརྒྱུད་གསལ། ཡང་མེ་ཁྱེར་ལྷང་ཚེར་དེ་མོ་ནག་པོའི་སྒོ་ང་སྦྱར་ཏེ། མིག་སྟེང་གླན་ན་འོད་སྣ་ཚོགས་འཆར། སྔགས་འདི་འབུམ་ཚོ་ཅི་མང་ཡི་དམ་བྱས་ཏེ་བཟླས་ན་འོད་ཕོར་པ་ཙམ་འཕེལ། ཨོཾ་ཆེན་ཀོང་ཆེན། བྷ་ཧན། ཞུ་ཆེན་ཞུ། ཧན་གྷ་མི་སྟོན་ཡཾ། དེས་ནི་ཡེ་ཤེས་ཀྱི་སྤྱན་གསལ་ཞིང་རྒྱས་པར་འགྱུར་ལ། རྩ་ལམ་ཐམས་ཅད་བྱང་ཞིང་རིམ་པས་འཕེལ་ལོ། །ཞེས་གསུངས་སོ། །རྡོ་སྨུག་པོ་སྦལ་རྒྱབ་རམ་པའི་རྩ་བ། ཞིམ་ཐིག་ལེ། སག་རམ་རྩི་རྣམས་ཁྱེའུ་འཐུང་གི་ནུ་ཞོར་སྦྱར་ནས་བྱུག་ན་མིག་འགྲིབ་ཞག་བདུན་ནས་འབྱེད་ཅེས་འདུག་དཔེ་ལ་ལར། གོ། ཙན་དན་དཀར་པོ་ཆུར་སྦྱང་མིག་བྱུག་མཚན་དེར་མི་གཉིད། བདུད་རྩི་ལག་སོར་ལྔ་པའི་དབང་ལག་ཕྱེ་ཞིབ་མིག་ལ་བཏབ་ན་ལིང་ཐོག་དང་མིག་ཁ་བ་དང་དུ་བས་ཕྱིད་པ་རབ་རིབ་སོགས་མིག་ནད་ཀུན་ལ་ཕན་ཅེས་འདུག འབྲི་གུང་ལུགས་ཀྱི་མིག་འབྱེད་ལ། དགེ་སློང་ཚུལ་ལྡན་གྱི་སྐྲ་བུབ་གཅིག རྒྱ་ཚྭ་ཐུན་གཉིས། ཛཱ་ཏི་རྡོག་པོ་གཅིག ཚ་ལ་ཐུན་གཉིས། གསེར་མདོག་ཐུན་གཉིས། སྦྲུལ་ཤ་མཐེབ་ཙམ། ག་བུར་ཤོ་ཙམ། སྤོས་དཀར་རྟ་སོ་མ་ཁྱོར་བ་གང་། དེ་རྣམས་སྐྲ་ཡི་ཁུད་བཅུག །སླ་ང་བུག་རྡོལ་མེད་པའི་ནང་དུ་བཞག །སྟེང་ནས་ཟངས་སྡེར་གྱིས་བཀབ། བར་འདག་སས་བཅད་དེ་དུད་རླངས་མི་འཆོར་བར་བྱ།
སོལ་མེ་དུ་བ་མེད་པས་འོག་ནས་དལ་བུས་བསྲེག་པས་སླ་ང་ཞབས་དཀར་པོ་སོང་ནས་མེ་འཐེན། གྲང་ནས་ཟངས་དེ་བླང་ལ་དེ་ལ་ཆགས་པའི་དྲེག་པ་ཟངས་གཡའ་བཅས་ཆུས་ཐོན་པར་བཀྲུས་ནས་གར་སླ་ཞོ་ཙམ་བྱས་པ་མིག་ཏུ་བླུགས་པས་མིག་ནད་ཀུན་ལ་མི་ཕན་མི་སྲིད་དོ། །འགྲིབ་མེད་པར་གྱུར་ནས། རག་རྡོ་བྱ་བལ་མ་སག་རམ་རྩི་དང་མི་དོམ་མཁྲིས་པ་གུར་གུམ་སྐྱེར་ཁན་མཉམ་པ། ཞག་རེར་ལན་རེ་བཏང་བས་ཕན། འདིས་འགྲིབ་ཕྱེས་པའི་ལོ་རྒྱུས་མང་པོ་སྣང་ངོ་། །སྐྱེར་ཁན་ཀ་ར་སྦྱར་བ་མིག་ནད་བདུད་རྩིའོ། །མིག་ལ་སྲིན་བུ་བྱུང་ན། ཕ་ཝོང་དྲེག་པ་དཀར་པོ་དང་། ཤིང་འབུས་ཟོས་པའི་བྲུན་རོ་ཞིབ་བཏགས་བླུགས་ནས་ཤ་རློན་པས་ཕྱིས་འབུ་དངོས་སུ་བུད་འགྲོའོ། །སྲོད་ལོང་ལ་བ་ལང་གི་ལྕི་བ་རས་དཀར་དྲི་མེད་ཁུད་དུ་བཙིར་བའི་ཁུ་བར་པི་པི་ལིང་དུམ་གཅིག་བཏབ་བསྣུར་མིག་ལ་ལན་གཅིག་གཉིས་བསྐུས་པས་སེལ། ཁྱི་ལ་ཝ་རི་གཅིག་པུས་ཀྱང་སེལ་ལོ། །མིག་ཕྱིད་པར་ཁ་བའི་དཀྱིལ་གྱི་རྡོའམ། རྡོ་བ་མོ་ཅན་གྱི་གྲངས་དུགས་བྱས་ན་ཕན། པན་ཆེན་ནགས་ཀྱི་རིན་ཆེན་གྱི་མིག་སྨན་ཟབ་མོ་ནི། འབྲས་བུ་གསུམ། ཤུ་དག་དཀར་པོ། གུར་གུམ། དོམ་མཁྲིས། བུལ་ཏོག་བྱ་བལ་མ། མཚལ་དཀར་འབིགས་བྱེད། ཁྱི་ལ། རྒྱ་སྐྱེགས། གསེར་མདོག བ་རུ་རའི་ཁོག་སྙིང་། བ་བླ་སེར་པོ། ན་ལེ་ཤམ། ལི་ཤི། ཤིང་མངར་བཅས་འདམ་འཐག་ཁུ་བ་བ་ཆུས་བྱ། འདི་འདྲའི་མིག་སྨན་གཞན་ལ་མེད། མིག་ཏུ་བྱུག་རྒྱུའི་ཕྱག་ལེན་ཅན་ནོ། །སྦྲུལ་ལྤགས་མེར་བསྲེག་ཞིབ་བཏགས་མིག་ལ་བྱུག་ན་
མིག་ནད་ཀུན་ལ་ཕན་མིག་གསལ་ཞེས་བཤད། ཟི་ར་དཀར་པོའི་ཁུ་བས་བྱུག་ན་མིག་ནད་ཀུན་ལ་ཕན་ནོ། །སྐྱེར་ཁན་ཆུར་སྦྱང་བླུག་པས་མིག་མི་འགྲིབ་གསལ། ཐོ་རངས་ཁ་མ་བཀྲུས་པའི་སོ་དྲེག་རློན་པ་སྲིན་ལག་གིས་བླངས་ཏེ་མིག་ལ་བྱུག་མིག་ནད་སེལ། མིག་ཤེད་སྐྱེད་ཅིང་གསལ། མིག་ཚག་པར་ཏི་ཚ་དཀར་པོ་ཞིབ་བཏགས་ཀ་ར་སྦྱར་ལ་བྱུགས་པས་ཞག་གསུམ་ན་སོས། ཛཱ་ཏི་གཡམ་པའི་སྟེང་དུ་བརྡར་བའི་ཁུ་བ་ཞོག་སྔར་མིག་ལ་བྱུག་མིག་ཁ་བས་མི་འཕྱིད། མིག་ཁ་བས་ཕྱིད་པར་རང་གི་དྲི་ཆུས་བཀྲུས་པས་ཕན། དྲི་ཆུའི་ནང་དུ་རུ་རྟ་འམ་ཨ་རུ་སྦྱར་ཏེ་བྱུག་ན་ཕན། མིག་དུ་བས་ཕྱིད་པར་ཤ་རློན་གྱིས་ཕྱིས་པས་ཕན། ཆུའི་གཏིང་གི་རྡོ་འཁྱགས་གླན་པས་ཕན། སྤང་རྒྱན་གདུས་ཁུ་རས་ཚགས་ལ་བཙག་པའི་དྭངས་མ་མིག་ལ་བྱུག་ན་དུ་བ་དང་ཁ་བས་མིག་ཕྱིད་པ་ལ་ཕན། མིག་ལ་ལྕག་ཚན་ཕོག་པ་དང་རྡུལ་ཤིང་སོགས་སོང་བས་མིག་སྣད་པའི་ནད་རིགས་ལ་ལ་ཆའི་དུད་པས་བདུག་ན་ཕན། མིག་ཏུ་གྲ་མ་ཤོར་ན་ནས་སྔོན་བཙོས་ཁུ་བླུག་པས་ཕན། ཤ་འཛེར་ལ་རང་གི་སྲིན་ལག་གི་ཁྲག་བྱུག་ན་ཕན། ལིང་ཐོག་ལ་ཞིམ་བུའི་ཁྲག་མ་རུལ་གྲིབ་བསྐམ་བྱས་པ། ཐེང་ཆོག་ཏུ་བཤད་པས་ཆུར་སྦྱངས་ཏེ་བྱུག དེས་མིག་ནད་ཀུན་ལའང་ཕན། ཤ་བའི་མཆེར་པ་སྐམ་པོའི་དུད་པ་བདུག་པས་ལིང་ཐོག་སེལ། ཞིམ་ཐིག་གམ་ཆུ་རུག་གྲིབ་བསྐམ་ཕྱེ་མ་སྐམ་འདེབས་བྱས་པས་ལིང་ཐོག་གསར་པ་སེལ། ལྒ་ཞིབ་ཁབ་མགོ་གང་ཙམ། ལིང་ཐོག་གི་སྟེང་དུ་ཐེང་བར་བཏབ་ན་མགོ་བོར་ན་ཚ་བྱུང་ཡང་མི་སྟོ། ཨོཾ་བི་ཤུདྡྷ་ཧཱུྃ་ཕཊ། ཅེས་མང་དུ་བགྲང་བཏབ་དེས་ངེས་པར་སེལ།
མི་རུས་མེར་བསྲེག་པའི་སོལ་བ་གཏུག་སྟེ་བླང་ན་ལོན། སངས་རྒྱས་ཀྱི་རིང་བསྲེལ་ཤིང་བུ་སོགས་ཀྱི་རྩེ་ལ་སྦྱར་ནས་ལིང་ཐོག་ལ་གཏུག་པ་དང་། སྐྱེས་བུ་དམ་པའི་དབུ་སྐྲ་ཉག་མས་ལིང་ཐོག་ཕྱིར་ངེད་ན་ལོན། ལིང་རོ་རྙིང་པ་གཅོད་སྨན་རྒྱུས་མདའི་སྦྱོར་བ་སོགས་གཞན་ལས་ཤེས། མིག་སྣད་པར་རང་གི་མཐེ་འུ་ཆུང་བཀྲུས་ལ་སྣ་བུག་གི་ངོས་ཀྱི་སྣའི་ཀྲུང་ཀྲུང་དྲག་ཏུ་བྲུད་པས་སྣ་ཁྲག་བྱུང་ཡང་ཕན། མིག་གི་ཤ་འཛེར་ལ། རང་གི་སྐྲ་སེ ན། ཤ་རུ་བཙའ་མ། ལྷ་དང་བླ་མའི་ན་བཟའ་དྲེག་པ་ཅན། འཛིན་པ་བསྲེག་པའི་དུ་བས་བདུག་ན། མྱུར་དུ་སེལ་ངེས་གདམས་ཟབ་བོ། །དཔྱིད་དུས་སྐྱེར་ཤུན་ཆུས་བཀྲུས་ཁནྜ་ཚད་ལྡན་ལ་ངད་ཡལ་ཚེ་ག་བུར་གསེར་མདོག གུར་གུམ་ཆ་མཉམ་དང་། གླ་རྩི་དྲི་ཐོན་ཙམ་རབ་གྲོད་པུར་བཅངས། ཆུ་གཙང་སྦྱར་བླུག་མིག་གི་བདུད་རྩི་ཡིན། བཙོད་རྒྱ་སྐྱེགས་གུར་གུམ་དོམ་མཁྲིས་ཚ་ལ་བཏུལ་མ་བྱང་བུལ། ཨ་རུ་གླ་རྩི་དང་བཅས་བརྒྱད་པོ་ཞིབ་བཏགས་དར་གཏུམ། ལི་ཕོར་ནང་ཆུ་གཙང་ཞག་གསུམ་སྦང་ནས་མིག་ཏུ་བླུགས་པས། རྒྱལ་མོ་ཆུ་འབྱེད་ཅེས་ལོང་བ་རྒྱུན་གཅོད་དོ། །ལྕགས་རྩིའི་ཁུ་བ་ཚ་ལ་བཏུལ་མ་ཧ་ཤིག་དཀར་པོ་ཤེལ་ཀ་ར་ཞིབ་བཏགས་ཕྱེ་མ། ཁབ་མགོས་སྐམ་འདེབས་བྱས་པས་ལིང་ཐོག་ཕྱེད་འགྲིབ་ཤ་རོ་གཅོད། གསལ་བྱེད་སྤོས་རིངས་ནི། གསེར་མདོག་ཆ་གསུམ་ཁ་ཆེ། གི་ཝཾ། ལི་ཤི། རུ་རྟ་དབང་ལག་ཆ་གཅིག་ཧ་ཤིག་མདུང་རྩི་དམར་པོ་ཀླིག་བུ་མིག་དོམ་མཁྲིས་རྣམས་ཆ་ཕྱེད། ཅོག་ལ་མ་རྒྱ་ཚྭ་ནས་ཙམ་ཤེལ་ཀ་ར། གསང་བ་སྨན་གཅིག་ཡུང་བ་འདྲ་གཙོད་དང་མཉམ། རིགས་བཟང་ནུ་ཞོས་བྲན་པའི་རིང་བུ་འདིས་མིག་ནད་ཚག་འགྲིབ། ལིང་ཐོག་རབ་རིབ་ཀུན་སེལ།
རྣ་བཅོས། རྣ་བ་འོན་པར། ཤུ་དག བྱ་བྲུན། ཝ་ཤ སྲེག་པའི་ཤ་རྣམས་ཆ་མཉམ། མར་ནག་ནང་གདུས་ནས་བླུགས་པས་སྒྲ་ཐོས་པར་འགྱུར་རོ། །རྣ་བའི་ཟུག་གཟེར་ལ་རུ་རྟའི་ཁུ་བ་རྣ་བའི་ནང་དུ་བླུག་པས་ཕན། མགྲོན་བུ་བསྲེག་ཐལ་མི་འོ་སྦྱར་ནས་བླུག་པས་རྣ་བའི་རྣག་འཛག་གཅོད། རྣ་བ་འོན་པར་སྒོག་སྐྱའི་ཕྱེ་མར་ཐུག་གཅིན་སྦྱང་བླུག་པས་སེལ། ར་རོག་གི་ཆུ་ལ་རྒྱ་ཚྭ་ལུག་ཤིག་ཙམ་བཅུག་ནས། འཇམ་བསྲོས་རྣ་བར་བླུག་ལ་ཅུང་ཞིག་བཞག་ནས་ཕྱིར་ཕོ་བས། རྣག་ཕྱིར་འབྱུང་ངོ་། །རྣ་བའི་ནང་ལུག་ཤིག་དང་རྩྭ་ཤིང་སོང་ན་ཆང་སྐྱུར་རམ། ཞོ་སྐྱུར་མོའི་ཁུ་བ་དྭངས་མ་བླུགས་ན་ཕན། ༈ །སྣ་ནད་བཅོས། སྣ་འགག་ལ་བུལ་ཏོག་བྱ་བལ་མ། གཡེར་མ། རྒྱ་ཚྭ། སུག་པ། རུ་རྟ། བཅལ་ལྒ། པི་ལིང་། རུ་རྟ་བརྒྱད་ཞིབ་བཏགས་སྣ་ནང་བླུག་ལ་མཉེས། རླུང་དྲག་ཏུ་འབུད། དེ་རྗེས་འབྲུ་མར་བླུག་པས་ནང་མ་གསུམ་གྱིས་སེལ། ཡང་ན་གུ་གུལ་ནག་པོ། ཨ་རུ་ར། རུ་རྟ་དང་གསུམ། དྲི་ཆུར་སྦྱར་བ་སྔ་དྲོ་སྣ་ནས་བཏང་ན་སྣའི་ཀྲུང་ཀྲུང་གི་ཁྲོད་དུ་ཁྲག་དང་ཆུ་སེར་འབྱུང་ཞིང་། དེས་མགོ་ནད་དང་མིག་ཚག་དང་། སྣས་དྲི་མི་ཚོར་བ་དང་། སྣ་འགག་པའི་ནད་སེལ་བའི་གདམས་པ་ཁྱད་པར་ཅན་ནོ། །བུ་རམ་བཅའ་སྒ་སྣར་བླུག་ཆམ་པ་སེལ་ཞེས་རྒྱུད་ལས་སོ། །ཕག་བྲུན་བསྲེག་ཐལ་བོང་བུའི་གཅིན་སྦྱར་སྣ་ནང་བླུག་ན་ཀླད་གཟེར་དང་ཡ་མར་ཕན་སྲིན་མིར་ཁའི་སྨན་ཡང་འདི་ཡིན་ནོ། ༈ །ལྕེ་བཅོས། ལྕེ་ལ་གཉན་ཞུགས་ན། གླ་རྩི་ཆུ་རྩ་དྭ་བའི་ཤ་ཆ་མཉམ་ཞིབ་བཏགས་དར་དམར་གཏུམ་པ་ལྕེ་སྟེང་བཞག་པས་རྣག་ཏུ་ཁུགས་ཤིང་འཚོའོ། །ལྕེ་སྐྲངས་ན། སྤྱང་ལྕེ་ཆ་བཞི། མཚུར་སེར་ནག་ཆ་རེ། སྦལ་ཤ་ཆ་གཅིག །རྒྱ་ཚྭ་དུར་བྱིད་གླ་རྩི་རྣམས་རས་གཏུམ།
ལྕེ་སྟེང་བཞག་སྟེ་མཆིལ་མ་ཁོང་དུ་མི་བཏང་དེས་ལྕེ་སྐྲངས་འཇོམས། །ལྕེ་སྐྲངས་ཁ་གང་ཟས་མི་ཐར། ཁྲག་རྣག་གིས་བརྒྱངས་པ་གང་མནན་སྲ་སྟེང་། ལྕེ་ཟོར་གྱིས་སོར་གཉིས་ཙམ་ཕུག་པས་ནད་དང་རྣག་ཁྲག་འཐོན་པས་ཐེ་ཚོམ་མེད་པར་དཔྱད་བྱ་དགོས་སོ། །ཁྱུང་ལྔ་མཉམ་སྦྱོར་སྟེང་གུ་གུལ་ནག་པོ། རྒྱ་ཚྭ། སྤྱང་ལྕེ་བསྣན་པས་གཉན་ནད་གག་པ་ལྕེ་འབམ་ལ་སྤྱད་ལྕེའི་སྦྱོར་བ་ཞེས་ཤིན་ཏུ་ཟབ་བོ། ༈ །སོ་བཅོས་སོ་སྲ་བྱེད་རིལ་བུ་ལུས་ཕན་དུ་སོང་། །སྦང་མ་སེང་ཁྲོམ་རུ་རྟ་པི་ལིང་། འབྲས་གསུམ་བཙོད་རྣམས་ཆ་མཉམ་སྦྲང་སྦྱར་ལྟོ་སྟོངས་རྙིལ་ལ་བྱུགས་ན་སོ་སྲ། འོ་མ་ཤིང་མངར་ཏིལ་མར་བཅས་བསྐོལ་ཁུ་བཏང་ན་སོ་རྩ་འགུལ་བ་བརྟན་པར་སྡོམ། འོ་མ་ཕུལ་གང་ཤིང་ཀུན་ཚ་བ་གསུམ་བཏབ་མར་སྲང་གཅིག་ལ་གདུས་པའི་མར་དེས་བྱུགས་པས་སོ་ནད་མ་ལུས་སེལ། རིག་པ་འབུམ་ཆེན་ལས་སོ་སྲ་བྱེད། སྦང་མ་སེང་ཕྲོམ་སྡོང་རོས་པི་ལིང་ཨ་རུ། སྐྱུ་རུ་བཙོད་རྣམས་ཆ་མཉམ་ཞིབ་བཏགས་སྦྲང་སྦྱར་ལྟོ་སྟོངས་སོའི་བར་ཕྱི་ནང་རྙིལ་ཀུན་ཁྱབ་པར་བྱུགས་སོ་མི་འགུལ་སྲ། ཆུ་བྲེ་གང་ནང་ཏིལ་སྤར་གང་བསྐོལ་བའི་ཁནྜའི་རིལ་བུ་དྲོ་གོང་བཞིན་མུར་ན་སོ་ཤིན་ཏུ་སྲ་སྟེ་མ་ཤི་བར་མི་འབུད་དེ་ཐོད་པ་སོ་ཁྱེར་གདམས་པའོ། །ཞེས་གསུངས། མཚུར་དཀར། རྒྱ་སྒོག་ར་མའི་རྐང་གསུམ་པོ། སོ་ཆུས་བཀྲུས་རྗེས་བྱུག་ན་ལུས་མ་ཞིག་བར་དུ་སོ་མི་འབུད་དོ། །ཡང་མུ་ཟི་སེར་པོ་ཞིབ་འདུལ་རང་གི་དྲི་ཆུར་སྦྱང་སྟེ་སོ་རྩར་བྱུག་ན་སོ་ཤིན་ཏུ་སྲ་སྟེ་མི་འབུད་དོ། ༈ །ཟུག་རྔུ་འདོན་སྐོར། མདེའུ་འདོན་ཐབས་བུད་མེད་ཀྱི་དོར་རྟ་ཁྲག་ཅན་ནུས་བསྲེག ཐབ་ཀྱི་ས་ཚིག་ཕུལ་དོ་ཙམ་ཆུ་བྲེ་ཕྱེད་ནང་དཀྲུགས་པར་བྱས་ལ་དྭངས་བ་དང་གོང་རྫས་བཏབ་སྟེ་ཁར་བླུད་ན་འབྱིན་ནོ། །ལན་གཅིག་
གིས་མ་བྱུང་ན་ཡང་ཡང་བསྐྱར་ཞེས་པ་རི་བའི་རིག་པ་འབུམ་ཆེན་ལས་སོ། །བུད་མེད་ཀྱི་བུ་ལྟོ་བར་ཤི་ན། བྱ་གོ་བོའི་གྲེ་བ་དང་། རྒྱ་རུ་སྦྱར་ལ་བཏང་། རོ་སྨད་མ་ཐེག་ན། བྱི་ཁུང་གིས་ཕུལ་བཞི། ལུག་གི་རིལ་མ་ཕུལ་བཞི། ཕུག་རོན་བྲུན་ཕུལ་བཞི། ཕབས་རྣམས་ལ་ཆང་བྲན་ཏེ་བཙོས་ནས་སྒྱེ་ནང་བླུགས་པས་ཡུན་རིང་ཕོ་བ་སོགས་སུ་དུག་བྱའོ། ༈ །ལག་ལེན་དང་འབྲེལ་མར་བསྟན་པའི་སྨན་ཟབ་སྣ་ཚོགས་ཛ་དངུལ་སྦྱོར་བ་ནི། བུག་པ་མེད་པའི་ཛཱ་ཏི་རྡོག་པོ་གཅིག་གི་ཁོག་པ་བྲུས་པའི་ནང་དུ་མུ་ཟི་གསེར་འདྲ་ཞོ་བཞི། ཟེར་ཡང་། སྟེ་མ་རུ་མགོ་ནག་བཞིའི་ལྕིད་མཉམ། དངུལ་ཆུ་ཞོ་དྲུག མ་རུ་དྲུག་གི་ཚད་ཙམ། བླུགས་ལ་དེ་སྟེང་ཛཱ་ཏིའི་ཕྱེ་མ་གང་ཤོང་བླུགས། དེ་རྒྱབ་ཐང་ཕྲོམ་འབྲས་བུའི་ཕྱེ་བྲ་བོའི་ཕྱེ་གཉིས། ཞིབ་འདམ་བཏགས་བྱས་པའི་འདག་ཟན་གྱིས་ལེགས་པར་དྲིལ། དེའི་རྒྱབ་ནས་བག་ཟན་སླ་མོས་དྲིལ་ཏེ་མར་ནག མ་བྱུང་ན་མར་ཁུ་ཚག་བཅད་ཁོལ་མའི་ནང་དུ་བཙོ་བག་ཟན་ནག་པོར་སོང་བ་དང་། མར་ནག་ཁོལ་ཐག་ཆོད་པའི་ཚེ་བླང་ལ་དེ་མ་ཐག་རྒྱབ་ཀྱི་གཡོགས་རྒྱབ་པ་དོར། ཛཱ་ཏི་དངུལ་ཆུ་མུ་ཟེ་གསུམ། རྡོ་གཏུན་དྲོན་མོར་འདམ་འཐག་ལེགས་པར་བྱས་པ་ལ། ལ་ལ་ཕུད་ཀ་ཀོ་ལ་སུག་སྨེལ་ཟི་ར་དཀར་ནག བྲེ་ག་ཟེ་ཚྭ་ཁ་རུ་ཚྭ་ཐུན་རེ་སྦྱར་ལ་འདམ་བཏགས་བྱས་པ་བུ་རམ་གྱིས་རིལ་བུ་སྲན་མ་ཙམ་དུ་དྲིལ། ལྔ་རེ་གར་ཆང་བཟང་པོའམ། ཨ་རག་གིས་ཐོ་རེངས་སོགས་སུ་ཕུལ་ཏེ་བཏང་བས་ཁམ་འཛག་པ་ངེས་པར་གཅོད་པའི་གདམས་པ་ཟབ་མོའོ། །བཅུད་ཀྱང་ཆེ་བར་མངོན་ནོ། །དར་སྨན་སེ་འབྲུ་ལྔ་སྟེང་གུར་གུམ་དོམ་མཁྲིས་མཁལ་ཞོ་དབང་ལག་ལུག་ཐུག་འབྲས་བུ་རྣམས་ཡང་ན་དམར་རུ་མགོ་ནག་བསྣན་གསུངས། ཛཱ་དངུལ་སྟེང་བསྣན་པས་ཀུནྡ་གར་ཆང་ཕུལ། འཆི་མེད་གདམས་པར་གསུངས། བ་དམར་ཟལ། ཡར་མའི་འོ་མ་བྲེ་གང་གི་ཚད་ཙམ་ཞིག་བསྐོལ་བས་ཁོལ་ལ་ཁད་པའི་དུས་སུ་བཙན་དུག་ལུག་རིལ་གཉིས་ཀྱི་ཚད་
ཙམ་ཞིབ་བཏགས་བཏབ་ལ་གདུས། ཆུ་ཆོད་རིལ་བུར་ཐིམ་པར་བཙོ། དེའི་ཁ་ཚར་དུ། སྙིང་རླུང་ལ་ཨ་ག་རུ་དང་། ཨ་གར་ཚ་བ་པི་ལིང་བྱས་ཀྱང་རུང་ངོ་། །ཨ་རུ་ར་ཛཱ་ཏི་སྙིང་ཞོ་ཤ་ཤིང་ཀུན་ཁ་རུ་ཚྭ་རུ་རྟ་སྤོས་དཀར་བལ་གྱི་ཚི། བུར་དཀར་རྣམ་ཞིབ་བཏགས་རིལ་བུ་སྲན་མ་ཙམ་བྱས་ལ། གཉིས་དང་གསུམ་དང་ལྔ་སོགས་རིམ་པས་སྨན་ལྟོ་ཆེ་ཆུང་དང་སྦྱར་ལ་སྨན་ནད་ཐོན་ཙམ་བཏང་བས་རླུང་གི་ནད་བརྒྱད་ཅུ་ལས། ཁ་སོ་ཅན་མ་གཏོགས་པ་ཀུན་ལ་ཕན་པས་བདུད་རྩི་འདྲ། ཁྱད་པར་སྙིང་སྤྲུག་པ། རིག་པ་འདེགས་པ་སྙིང་རླུང་ཅན་སྙིང་མི་བདེ་བ་ཡ་རབ་ཏུ་ཤིས་སོ། །གཉིད་མེད་པར་གོང་གི་ལྡེ་གུའི་སྟེང་དུ་ཟི་ར། གོ་སྙོད། འུ་སུ། ཛཱ་ཏི་ཤིང་ཀུན་ཁ་རུ་ཚྭ་མང་དུ་བྱས་ནས་བཏང་བས་གཉིད་འགུག་མན་ངག་ཡིན། གོང་གི་སྨན་ལྡེ་གུར་བྱས་ཀྱང་རུང་ངོ་། །ལྕགས་སྣོད་ནང་དུ་ཨ་རུ་ར་བསྐོལ་བའི་ཁུ་བ་ནག་པོ་དེ། བ་ཡར་འོ་མའི་ནང་དུ་བླུག བཙན་དུག་གོང་གི་ཚུལ་བཞིན་བཙོ། དེ་ལ་ཁ་ཚར་ཙི་ཏྲ་ཀ །བྱི་ཏང་ག་དང་པི་པི་ལིང་། །འཇམ་འབྲས་སྒ་སྐྱ་སེ་འབྲུ་དང་། །ཤ་བའི་རིལ་མ་ཅུང་ཟད་བཏང་། །ཤ་ལྤགས་བར་དུ་རླུང་ཞུགས་ནས། །སྐྱ་རྦབ་བྱུང་ལ་བདུད་རྩི་ཡིན། །བཙན་དུག་སྦྱོར་སྡེ་ཟབ་མོ་འདིས། །རླུང་གི་ནད་རྣམས་ཞི་བྱེད་ཅིང་། །བདེ་དྲོད་འབར་ལ་དབང་པོ་དྭངས། །གཉིད་འབྱུང་དེ་ཕྱིར་ལུས་ཟུངས་འཕེལ། །ཟབ་བོ། །དང་པོར་སྟོང་ཉིད་བསྒོམ། དེ་ནས་ཡི་དམ་གང་ཡིན་དུ་བསྒོམ། ཧཱུྃ་ཧཱུྃ་ཁྲིགས་ཁྲིགས་ཡཾ་ཡཾ་ཁྲེབས་ཁྲེབས་སྭཱ་ཧཱ། ཞེས་བཟླས། རྫ་སྣུམ་མེད་ནང་དུ་རང་ངམ་གཞན་གྱི་དྲི་ཆུ་བར་པ་མེ་ཆེ་ཆུང་རན་པར་གདུས་ནས་ཚོས་ཚད་ཞོ་ལྟར་བསྐ་བའི་ཁནྜ་བྱ། འདི་མི་མེད་ས་གཙང་ཁྱིམ་གཙང་དུ་བྱ་བ་གཅེས། འགྲུལ་བསྲུང་། དྲི་ཆུའི་ཁནྜ་འདིས་རྨ་དང་ཤུ་བ། མགོ་ནད་ཆུ་སེར་གྱི་རིགས། རྨ་དང་ཁོལ་བུར་སྐྲངས་པ་ཀུན་ལ་བྱུགས་པས་ཕན། བྱུགས་སྨན་གཞན་དང་སྦྱར་ནའང་ལེགས། ཁོང་བཏང་སྲིན་སོགས་སེལ། མེ་ཏོག་ལུག་མིག་ནང་སེར་པོ་ཕྱིའི་འདབ་མ་སྔོ་སྐྱ་ས་གཞི་ཁེབ་པ་དེ་ཞིབ་བརྡུང་
འོ་མར་བཏབ་སྟེ་གདུས་ནས་གླ་རྩི་ཤུ་དག་སྨན་ཆེན་སྒོག་སྐྱ་དང་བཞི་བཏབ་པ་དཀྲུག་ནས་བསྲེས་ཏེ་ནངས་མོ་ལྟོ་སྟོངས་ལ་སྨན་གྱི་ཚོད་ཤེས་པར་བྱས་ནས་བཏུང་བས་རིམས་སྲུང་བའི་གདམས་པ་ཡིན་ཏེ། ཤིན་ཏུ་ཟབ་པོ་རྒྱཿ གྲེ་གག་ལ། ཐར་ནུའི་ཁནྜ་རིལ་མ་ཙམ་དང་ལི་ཤི་རིལ་མ་ཙམ་སྦྱར་བའི། རིལ་བུ་སྐམ་པོ་དར་སྐུད་རྩེ་ལ་བརྟོད་ནས་ཁར་བཏང་མིད་པར་བཞག །དར་གཅིག་ལོན་ནས་ཡར་ཐེན་པས་ཆུ་བུར་ཐམས་ཅད་རྡོལ་ནས་ཡར་སྐྱུགས་འོང་། །ལྐོག་ནད་ཀུན་འཇོམས་ཟབ། རའམ་རྟོལ་གྱི་མཆིན་པ་རློན་པ་དུམ་བུ་གསུམ་མམ་ལྔར་བྱས་ལ་རློན་བརྡུང་ཆུ་བརྒྱབ་ལ་དཀར་ཡོལ་ནང་དུ་བླུག་ནས་ཆུ་སྣོད་ནང་དུ་བཞག དུམ་རེར་རྒྱ་གར་ཚྭ་ལ་ཐུན་རེ་བཏབ་ནས་སྤོས་རིང་སོར་ལྔ་འབར་ཡུན་ཆུ་ནང་བཙོ། དེ་ནངས་སྔ་མོར་འཐུང་། སྙིགས་མ་རྐང་པར་བྱུགས་པ་རས་སོགས་ཀྱིས་དཀྲིས། དང་པོ་དལ་བར་བྱ། ཞག་གསུམ་རིམ་པས་དལ་བུས་འགྲོས་ཇེ་མང་སྦྱངས། དེས་འབམ་གྱིས་ཞ་བའམ་ཞ་ནད་གཞན་ཀྱང་གྲོལ་ལོ། །འབམ་ལ་རྟོལ་བཅོས་བྱ་བ་ནི། འབམ་སྟོད་སྨད་གང་དུ་ཡོད་རྟོ་ལེའི་རྒྱུ་མ་ནང་མུག་རྙི་ལྟ་བུ་ཟ་མི་ལོ་བ་བླང་ནས་དོར། དེ་མིན་གཤང་བའང་མི་བཤལ་བར་གཏུབས། དེ་ནང་རྟོལ་གྱི་གྲོད་པུ་སོགས་ནང་ཆ་སྣེ་ཚང་། ཁྱད་པར་མཆིན་པ་ཆེ་བར་བྱས་ན་བཟང་དེ་ཐམས་ཅད་གཏུབས་ནས། གུར་གུམ་དང་པྲི་ཡང་ཀུ་ཆ་མཉམ་ཐུན་ཆེ་བ་ཁྱེམ་ཆེན་གང་ཙམ་དང་། ལན་ཚྭ་ཅུང་ཟད་བཏབ་སྟེ་ཉི་མ་ཕྱེད་ཀྱི་བར་དུ་གདུས་པའི་ཐུག་པ་དེ་ནད་པས་ཉལ་ཁར་ཟས་གཞན་སྤངས་ལ་འཐུང་ཅི་ནུས་ཙམ་བཏུང་བས་སྟོད་སྨད་ཀྱི་འབམ་ཐམས་ཅད་ཞག་གསུམ་ལ་ལྷག་མེད་རང་སང་དུ་འགྱུར་བ་ངོ་མཚར་བའི་གདམས་པ་སྟེ། འདི་ལ་ནད་གཏོར་བ་སོགས་ཀྱི་བཅོས་གཞན་དང་མི་འདྲ་ཉེས་པ་གང་ཡང་མེད་དོ། །གཞན་སྙིང་བཅོས་སོགས་ཟབ་མོ་འགའ་ཐོས་ཀྱང་རེ་ཞིག་གསང་
རྒྱའི་དབང་གིས་འདིར་མ་བཀོད་ལོགས་སུ་བཞག་གོ། བུད་མེད་གང་ཞིག་མངལ་གྱི་སྐྱོན་གྱིས་བུ་མེད་པ་ལ། བ་འོ་རྟ་འོ་བུད་མེད་འོ་མ་གསུམ་ཆ་མཉམ་བསྲེས་ལ་དཀྲོགས་པའི་མར་མེ་ལ་བསྐོལ་ཏེ། བཀྲུ་སྨན་དང་སྦྱར་ནས་འཐུང་ན་མངལ་རྡོ་རྗེ་བཞིན་བརྟན་ཏེ་བུ་ཆགས་པར་འགྱུར་རོ། །བུད་མེད་ཟླ་མཚན་མ་ཆོད་ན་རྐང་པའི་ལོང་བུའི་ནང་རྩ་ལ་སྤྲ་རྡོག་གསུམ་གྱི་མེ་བཙའ་བཏབ་པས་ཆོད། རྒྱ་སྐེག་དང་དོམ་མཁྲིས་སྦྱར་བ་བཏང་ཡང་ཆོད། བུད་མེད་བུ་བཙའ་མ་ཐུབ་ན། ཁོང་དུ་ཞུན་མར་བཏང་། ལྟོ་བར་ལྤགས་རློན་དཀྲི། མི་གཅིག་གིས་ཕྲག་པ་གཡས་ གཡོན་ནས་བཙིར་ན་ཕན། གྲེ་བའི་སྐྱ་ཐོར་ལ་ཨ་རུ ་གསེར་མདོག ཤུ་དག་ནག་པོ། ལྒ་སྨུག་གསུམ་ཆ་མཉམ་ཞིབ་བཏགས་ཐོར་བ་མཐོང་སར་ཡོད་ན་སྦུ་གུས་དེ་སྟེང་བཏབ། མི་མཐོང་ན་གྲི་རྩེས་གང་ཆུར་བཏབ་ནས་ཁོང་དུ་བཏང་ལ། དབུགས་ཐུབ་ཐང་བསྡམ་ནས་ཧག་ཅེས་སྤུར་བས་རོ་སྦུར་ཐོན་ནས་ཡོང་། འདི་བྱ་སླ་ལ་ཡོན་ཏན་ཆེ། གཉན་ནད་སོགས་ཁནྜས་སྦྱར་བ་ནི། ཆུ་རྩ་དར་ལ་རྒྱས་པ་ནུས་པ་ཆེ་དུས་བརྐོས་པ་རློན་པ་ཆང་དུ་བཙོས་པའི་ཁནྜ། ཐར་ནུ་སྟོན་དུས་ནུས་པ་ཆེ་དུས་བརྐོས་པ་རློན་པ་འོ་མར་བཙོས་ནས་ཁནྜར་གདུས་པ་འདི་གཉིས་ཆ་མཉམ་གཅིག་ཏུ་བསྲེས་ཏེ་འདྲེས་པར་དཀྲུག ཉི་མར་ཅུང་སྐམ་ནས་གྲོད་པར་བླུགས་ལ་ཁང་པའི་སྟེང་དུ་བཏགས་ཏེ་བཞག་ལ་བསྐམ། ལོ་དུས་བཞིན་ནུས་པ་ཇེ་ཆེར་འགྲོ། ནམ་དགོས་དུས་སུ་རིལ་མ་ཙམ་བཏང་བས་བཤལ་སྐྱུག་གཉིས་ཀ་བྱེད། ནུས་པ་ཚད་མེད་དོ། །དབྱི་མོང་གི་ལོ་མ་དར་ལ་རྒྱས་དུས་བཏུས་པ་བྲེ་གང་ཙམ་བསྐམ་ནས་དེ་དགེ་སློང་གི་ཆུས་བང་ཙམ་བྱས་པ་བསྐམས་ནས་
ཞིབ་བཏགས་བྱ། དེ་ནས་ཁ་རུ་ཚྭ་ཆུར་སྦྱངས་པའི་ནང་བང་ཙམ་སྦང་། དེ་མ་ཐག་པ་སྐམ་པར་བྱས་པ་འདི་ཁོ་ན། ཆིག་ཚུགས་བཏང་པའི་ཕན་ཡོན་ནི། དམུ་རྫིང་འོར་སྐྲངས། ལྟོ་ངན་ཟས་མི་འཇུ་བ། རྟུག་སྐམ་གྱིས་བཏབ་པ། གཅིན་འགག་པ། དྭ་རྒན་དང་མཁལ་རྐེད་ན་བར་ཕན། ཐུན་ཚོད་ཞོག་པར་ཁྱེའུ་སུས་དུས་སུ་ཆང་དང་སྦྱར་ལ་བཏང་ངོ་། །ཀྱི་ལྕེའི་མེ་ཏོག་དང་ལོ་མ་རློན་བརྡུང་གི་ཁུ་བ་བཙིར་ལ་ཆུ་སྐྱོགས་བཅུ་ཙམ་ནང་བསྐོལ་ནས་སྐ་བར་སོང་ཚེ་གྲོད་པུར་བླུག་ནས་ཉི་མར་བསྐམ། དེའི་རིལ་བུ་ནས་ཙམ་རེ་ཟོས་པས་རིམས་གསར། ཚད་རིམས། རྒྱུ་མར་རིམས་ཞུགས་པར་ཕན། ལྟོ་བ་སྲ་བ་སྙི་བར་བྱེད། ཡང་ཟངས་རྩིའི་ལོ་མ་རློན་པ་ཀྱི་ལྕེ་ལྟར་བྱས་པའི་རིལ་བུས་ཆུ་སེར་དམར་པོ་ལས་གྱུར་པའི་རིམས་ཐམས་ཅད་ལ་ཕན། ལྟོ་བ་སྙི་བར་བྱེད་ཅེས་བཤད། འབྲུམ་བུས་གྲེ་བ་འགག་ན་བོང་བུའི་སྦང་རྡོག་རློན་པ་བདུན་རས་ཀྱི་ཁུད་དུ་གཏུམ་ལ་ཆུར་སྦང་སྟེ་བཙིར་བའི་ཁུ་བ་དལ་བུར་བགས་ཀྱིས་བསྐོལ་བར་ཀ་ར་དང་བུ་རམ་བཏབ་བཏང་དེ་འཕྲལ་སངས་ཀྱིས་འགྲོའོ། ༈ །ནད་གདོན་སྲུང་བའི་སྨན་གྱི་སྐོར་ལ། ཤ་ཆེན། སྒོག་སྐྱ། མུ་ཟི། ཁྱི་ལུད། མི་བྲུན། རྭ་གཞོབ་རྣམས་ཞིབ་བཏགས་རིལ་བུ་ཤུག་འབྲུ་ཙམ་མིག་ཕུག་ནས་གྲིབ་བསྐམ་བྱས་པ། ལུག་ནག་གི་བལ་སྐུད་ལ་བརྒྱུས་ནས་མགུལ་དུ་བཏགས་ན། བྱང་ཕུར་མཛེ་ཤུ་གཡན་པ་སོགས་སྲུང་། རྫས་དེ་ཞིབ་བཏགས་རང་གི་དྲི་ཆུར་སྦྱར་བ། བཟའ་བྱུག་བྱས་ན་ནད་གདོན་མི་མཐུན་ཀུན་ཐུབ་ཡིན་ཅེས་སློབ་དཔོན་པདྨ་ཀ་རའི་ཁུ་རམ་ནག་པོའི་སྦྱོར་བ་ཞེས་ཉང་གཏེར་རོ། །མི་ཁྱི་ཕག་གསུམ་གྱི་བྲུན་དུར་བྱིད།
ཟེ་ཚྭ་རྣམས་དགེ་སློང་ཆུར་སྦྱར་རིལ་བུ་སྲན་མ་ཙམ་འཆང་བ་དང་ཁོང་དུ་བཏང་བས་ནད་དང་གདོན་ཆགས་པ་ཀུན་ཐུབ་ཅེས་པདྨས་དབུ་བསྙུང་བཞེས་པའི་གདམས་ཟབ་ཡིན། ཞལ་ཤེས་ཡོད་གསུངས། བུ་ཆུང་སྐྱེས་འཕྲལ་ནུ་ཞོ་དང་ཟས་ཁོང་དུ་མ་ཚུད་གོང་དུ། ག་བུར། གུར་གུམ་གླ་རྩི་གསུམ་སྲན་མ་ཙམ་རེ་མར་འགྲོན་བུ་ཙམ་དང་བསྲེས་ཏེ་ཁོང་དུ་བཏང་ན་ལོ་གཅིག་གི་བར་དུ་བློ་བདེ་རིམ་གྲོ་མི་དགོས་ཏེ་སྲུང་བའི་མཆོག་གོ་ཞེས་གསུངས། ཤུ་དག་ཡུང་བ་བཙན་དུག་གསུམ། རིམ་བཞིན་སྤྱན་གཟིགས་འཇམ་དབྱངས་ཕྱག་རྡོར་དུ་གསལ་ལ། སོ་སོར། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་དང་། ཨོཾ་ཝཱ་གཱི་ཤྭ་རི་མུཾ༔ ཞེས་དང་། ཨོཾ་བཛྲ་པཱ་ཎི་ཧཱུྃ། ཞེས་སྟོང་ཚོ་རེ་རེ་བཏབ། དེ་ཐུན་མོང་ལ། ཨོཾ་ཐིམ་ཐར་ཏེ་ས་ཏུནྟེ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ། ཞེས་སྔགས་སྟོང་ཚོ་གསུམ་སྨྲ་བཅད་བྱས་ཏེ་བཏབ་པའི་ཁྲོལ་བུ་དེ་ཉིད་སྐེ་ལ་བཏགས་ན་འགོ་བའི་ནད་དང་གདོན་ཀུན་སྲུང་། དབྱར་ངོ་དགུན་ངོ་རེ་ལ་གསར་དུ་བ་རྗེན་ངེས་པར་ཐུབ་གསུངས། སྤྲུ་བ་གླ་རྩི་ཤུ་དག་གསུམ། ཆ་མཉམ་ཨེ་ཀྲོ་ཏས་བྲན་ལ། རང་གཞན་ལྷར་གསལ་བའི་བསྐྱེད་རིམ་གྱིས་སྔགས་འདི་བརྒྱ་རྩ་བརྒྱད་བཏབ། ཨོཾ་ན་ཀ་ཀ་ན་པ་ན་ཡེ་ཧཱུྃ་ཕཊཿ རྫས་ལ་ཕུས་བཏབ་སྟེ་གསེར་ཞོ་གང་གི་ཚད་ཙམ། རས་དྲི་མ་མེད་པར་གཏུམ་ནས་གོང་བ་ག ཡོན་དུ་བཏགས་པ་ནང་སྔ་སྣར་བསྣམས་པས་རིམས་ཀུན་སྲུང་བ་བསླུ་མེད་མྱོང་གྲུབ་ཅེས་བྱེ་རིང་ལས་སོ། །འབྲུམ་ནག་སྲུང་བ་ལ་ཆུ་གཙང་མར་སྔགས་འདི་སུམ་བརྒྱ་བཏབ། བཛྲ་ཧ་ར་ན་ས་བཛྲ་ན་ཧེ་བཛྲཿ ཆུ་དེས་བསྲུང་བྱའི་དཔྲལ་བར་ཁྲུས་བྱས་པས་དྲེག་པ་དག་པར་བྱ། མ་ནུ་ཁྲག་ཅན་སྔགས་
དེས་བསྔགས་པ་ཟངས་ཁབ་ཀྱིས་མིག་ནང་བྱུག་པས་ཤུ་བ་འབྱུང་། དེ་ལག་པས་མི་འཕྲུག དེས་ལོ་གཅིག་གི་བར་དུ་ཐུབ་ཅེས་བྱེ་བ་རིང་སྲེལ་ལས་སོ། །ཡང་ཁྱི་དཀར་པོའི་རྣ་བར་ཁྲག་ཕྱུངས་པ་ཆང་དང་བཅས་པར་འཐུངས་པས་འབྲུམ་པ་བསྲུང་ངེས་སོ། །མི་རྟ་ཁྱི་གསུམ་རུས་པ་སྒོ་ལ་བཏགས་ན་ཁྱིམ་དེར་འབྲུམ་པ་བསྲུང་ཞེས་བཤད། མོན་སྲན་ཚོས་པར་བཙོས་པ་བདུན་སྐུད་པར་བརྒྱུས་ཏེ་རྐེ་ལ་བཏགས་ན་འབྲུམ་པ་བསྲུང་ངེས་སོ། །ཙན་དན་དམར་པོ་དང་གུ་གུལ་རྡོ་ཕ་ཝཾ་ཆོ་ལོ་རིས། ཤུ་དག་ཡུངས་ཀར་རྣམས་བགེགས་ཀྱི་གཉེན་པོ་ཡིན་པར་གསུངས། གཞན་རང་སྲུང་གི་དྲག་རྫས་མང་པོ་སོགས་དཔེ་གཞན་དུ་བཀོད་ཟིན་ཏོ། །གླ་རྩི་གི་ཝཾ་ཤིང་ཀུན་ཤུ་དག་བོང་ང་ནག་པོ་ཨ་རུ་ར་རྣམས་སྒོག་སྐྱས་བསྡུས་པའི་རི་ལུས་གཟེར་ཐུང་།རིམས་ནད་ཐམས་ཅད་སྲུང་། གི་ཝཾ་བདུན་པ་འདིས་རིལ་བུ་རེ་རེ་ཁོང་བཏང་ཞག་བདུན་རེ་སྲུང་ཐུབ། ལྟོ་སྟོངས་སུ་བཏང་། ཉམས་ང་མེད་པ་རྗེ་བཙུན་ཆེན་པོའི་གདམས་པ་ཟབ་བོ། །བོང་ང་དཀར་དམར་གཉིས། ཨ་རུ་གསེར་མདོག་གླ་རྩི། བྱ་མ་སླེབས་གོང་གི་སྲད་མ་ནག་པོ། སྤང་སྤོས་དང་སྨན་སྣ་དྲུག་པོ་འདི་སྦྱར་བ་ལྟོ་སྟོངས་ལ་ཐུན་རེ་འཐུངས་ན་ཟླ་བ་དྲུག་གི་བར་དུ་ཟས་ངན་དུག་གི་འཇིགས་པ་མེད་དེ་བསྲུང་ངེས། དུག་གིས་ན་བ་ལ་སྨན་དེ་ལ། ཨོཾ་ཧྲིང་ནི་ཨ་གུ་ལ་ལ་ཀ་ཐ་ཐཿ ཞེས་པའི་སྔགས་འདི་བཏབ་སྟེ་འཐུང་ན་ཚབས་ཇི་ལྟར་ཆེ་ཡང་ཐུབ་ངེས་པ་གཏེར་མའོ། །གླ་རྩི་ཤིང་ཀུན་ལྡོང་རོས་གསུམ། །ཤུ་དག་རྭ་གཞོབ་རྡོ་དྲེག་ནི། །ཉི་ཟེར་མ་ཕོག་སྦྲུལ་ཤ་དང་། །སྲེ་མོང་ཤ་དང་ཕག་པའི་ཚིལ། །ཤ་ཆེན་བཙན་དུག་བྱ་
རོག་མགོ། མུ་ཟི་ནག་པོ་སྤྱང་ཀིའི་བྲུན། །སེང་ལྡེང་ཙན་དན་པྲི་ཡང་ཀུ། །སྦྱར་ནས་རིལ་བུ་ཐུམ་པོའམ། །བཏགས་ཕྱེ་མ གུལ་ལམ་གོང་གཡས་གཡོན། །བཏགས་པས་བྱད་ཁ་རྦོད་གཏོང་རྣམས། །ཕར་ལ་རང་གཤེད་རང་ལ་འབེབས། །ཚ་བའི་ནད་སོགས་གནོད་མི་འགྱུར། །ཀླུ་དང་ས་བདག་གནོད་སྦྱིན་དང་། །རྒྱལ་པོ་འགོང་པོ་བདུད་མ་མོ། །གྲེ་ཕོ་གྲེ་མོ་ལ་སོགས་པས། །མཁའ་ལྡིང་གསང་བདག་རྟ་མགྲིན་དང་། །གནམ་ལྕགས་འབར་དང་མེའི་ཕུང་པོ། །མཐོང་སྣང་མང་པོས་གླགས་མི་རྙེད། །རྫས་བཟློག་ནག་པོ་ཞེས་བྱ་བ། །སློབ་དཔོན་ཀླུ་སྒྲུབ་སྙིང་པོ་ཡིས། །རིམ་པར་རྡོ་རྗེ་གདན་པ་དང་། །བ་རི་ལོ་ཙཱ་ནས་བརྒྱུད་པ། །ཟབ་པའི་མཐར་ཐུག་འདི་ཀའོ། །ཞེས་བཤད། ༈ །རྩ་ལ་སྐྱོན་སེལ་བ་དགོངས་འདུས་ལས། དང་པོར་ཁྲུས་རྫས་སྤང་སྤོས། རྡོ་དྲེག་དམར་པོ། ཤུག་ཚེར་སོགས་བདུད་རྩི་ལྔ། སུག་པ། གོ་སྙོད། རྣམས་ཆང་ནར་སོན་པ་དང་རང་གི་དྲི་ཆུར་སྦྱར་བས་ཉ་སྟོང་གི་ཚེ་ལུས་ཀུན་དག་པར་བཀྲུས་ལ་ཆུ་དྲོ་འཇམ་གྱིས་བཤལ། དེ་ནས་ལུས་མེ་ཉིར་བསྲོས་ལ་བྱུག་རྫས་བྱུག བྱུག་རྫས་ནི། རྡོ་རྒྱུས་རྡོ་དྲེག་དམར་པོ། སྤང་སྤོས། གཟེ་ལྕམ། གོ་སྙོད། ནས་ཆང་ཉེའུ། སྔོ་གྲེ་ག རྡོ་ཐོད་ལེ་ཀོང་རྣམས་རྩ་བའི་སྨན། གྱོ་ཆག་ཨ་རུ་སེ་མེ་གླ་རྩི་ཤུ་དག་ནག་པོ། བོང་ང་ནག་པོ་བསྲེག་ཐལ། ཆུ་སེར་སྨན་གསུམ། ཏིལ་དཀར་ནག་ཟི་ར་དཀར་ནག པདྨ་གེ་སར། ན་ག་གེ་སར། སྤྲེའུ་མཁྲིས། དོམ་མཁྲིས། རྒྱ་ཚྭ། ཆུ་སྲིན་སྡེར་མོ། དེ་རྣམས་ཟོ་མར་ནང་། རྟའི་རྐང་མར་རམ་མིའི་བཤུལ་ཤ་གང་རྙེད། སྦྲང་རྩི་ཞུན་སྦྱར་ལྡེ་
གུ་གཡའ་མེད་སྣོད་དུ་བཞག་པ་སྟེ། དེ་དང་ཏིལ་མར་ཅུང་ཟད་མེར་བསྲོས་བཅས་ལུས་ཀུན་ཁོད་སྙོམས་བྱུག ཉི་མར་བསྲོ། མི་བཟོད་སྙམ་བྱེད་པ་དང་། ཏིལ་མར་གྱིས་ལུས་ཆི་ལེ་བྱུག གྲོགས་གཅིག་གིས་ཤེད་རན་པར་འཕུར། མཐར་སྣུམ་བསྐམས་པ་དང་། དབང་ལག ཕབས་དང་འབྲས་ཡིད་ཙམ་སྦྲུས་པའི་ཞིབ་ཕྱེ་མས་ནས་རིམ་པར་ལུས་ལ་ཁྱབ་པར་བྱུག ཡས་རིམ་ནས་ཡམ་གཅིག་ཕྱི། དེ་རྗེས་གུ་གུལ་གྱི་དུ་བས་ལུས་བདུག དེ་ལྟར་ཟླ་ངོ་རེ་ལ་ཡར་ངོ་མར་ངོ་རེ་ལན་རེ་སྟེ་གཉིས་བྱའོ། །འབྲིང་ལོ་གཅིག་ལན་དྲུག ཐ་མ་ལོ་རེ་ལན་རེ་གྲུབ་ན། རྩ་གེགས་སེལ་ཞིང་ཕྱིས་མི་འཇུག ལུས་སྟོབས་རྩལ་བསྐྱེད། ནང་དུ་འཐུང་སྨན། རྒྱ་ཚྭ། སྤོས་དཀར། ཤིང་མངར། ལི་ག་དུར། སྡིག་སྲིན། གསེར་བྱེ། འབྲས་སྣ་གསུམ། མཁྲིས་པ། གཟེ་མ། དབང་ལག པུ་ཤེལ་ཙེ། སྔོ་རྐང་གཅིག་སྐྱ་མཉེན། ཧ་ཤིག གསེར་མདོག སེང་ལྡེང་རྣམས་ཆ་མཉམ། ཞིབ་བཏུལ་ཕྱེ་མ་རྫ་ཤིང་སོགས་གཡའ་མེད་སྣོད་དུ་བླུགས། འབྲས་བུ་གསུམ། བྲག་སྐྱ་ཧ་པོ། ཤུག་ཚེར་འབྲས། ཁུར་མང་། བ་སྤུ། གཟེ་མ། བལ་དཀར་ལོ་མ་འམ་མེ་ཏོག་རྣམས་ཆ་མཉམ་གདུས་པའི་ཁནྜ་དང་སྦྱར་ཏེ། སྦྲང་རྩི་བུ་རམ་ཆུ་བཅས་གཡའ་མེད་སྣོད་བླུག་གོ། བསྟེན་ཚུལ་ཐོ་རངས། ནུས་འབྱིན་སྨན། འབྲས་གསུམ་རྒྱ་སྐེག་ཤིང་། ཞུ་མཁན། བཙོད། མཚུར་དཀར། འབྲི་མོག་བྱང་བུལ་ཏེ་རྩ་བའི་སྨན་སུམ་གཉིས་ལ། ནུས་འབྱིན་སུམ་ཆ་རེ་ཕྱོགས་བསྡུས་ཐུན་ཕྲན་རེ་ནང་མ་གསུམ་དུ་བཏང་། དེ་ནས་གོང་སྨན་སྦྱར་རང་གི་སོར་རྩེ་ཙམ་སྨན་མ་ཟད་བར་དུ་
བསྟེན། དེ་དུས་སྤྱོད་ལམ་དལ་བར་བྱ། སྔོ་ཆང་སྐྱུར་རྗེན་སྤོང་། ཤ་རུལ་ཁུ་བ་ཞག་ཅན། དཀོར་ཟས། གྲིབ་ཟས་སྤངས། གྲུབ་ན་གོང་གི་བྱུག་པ་དང་སྤྲད། དེས་རྩ་གེགས་སེལ། ཕྱིས་མི་འཇུག རྩལ་སྟོབས་བསྐྱེད། ཡོན་ཏན་དཔག་མེད་འབྱུང་ངོ་ཞེས་གསུངས། ༈ །གདོན་སེལ་བའི་སྨན་བཤད་པ་ལ། ལོ་སོ་གཉིས་ལོན་པའི་མར་ཕུལ་བཞི། འོ་མ་ཕུལ་བཞི། སྦྲང་ཕུལ་བཞི། བ་ལང་ཀོ་བ་བསྲེག་པ་ཡི། །ཕྱེ་མ་དག་ཀྱང་ཕུལ་བཞི་སྟེ། །སྒོག་སྐྱ་བརྒྱ་དང་ཨ་རུ་སྲང་སུམ་ཅུ། །ཚ་བ་གསུམ་ནི་ཉིས་འགྱུར་སྲང་དྲུག་ཅུ། །ཞིབ་བཏགས་སྨན་མར་བྱས་པའི་མར་དེས་ནི། །མི་ཡི་འཇིག་རྟེན་འདིར་གནས་གདོན་ཀུན་འཇོམས། །ཉེས་གསུམ་ཀུན་དང་ཁྱད་པར་འདུས་གདོན་སེལ། །རྡོ་རྗེ་ལྷ་ཡི་མར་ཞེས་བྱ་བ་སྟེ། དེའི་མིང་དྲན་ཀྱང་གདོན་གྱིས་གླགས་མི་རྙེད། །ཁོང་དུ་འཐུང་དང་སྣ་རུ་བླུག་གྱུར་ན། །གདོན་ཀུན་ཞི་བྱེད་འཇིགས་བྱེད་གཏོང་བར་བྱེད། །ཅེས་པ་རིག་པ་མཆོག་གི་རྒྱུད་ལས་གསུངས། ཡང་རྒྱུད་དེ་ལས། ཡུངས་ཀར་ཤུ་དག་ཤིང་ཀུན་པི་པི་ལིང་། །ན་ལེ་ཤམ་དང་ཆ་མཉམ་འབྲས་བུ་གསུམ། །གི་རི་ཀརྞི་དཀར་པོ་དག་དང་ནི། །རུ་རྟ་པྲི་ཡང་ཀུ་དང་བཅའ་སྒ་དང་། །ཐང་ཤིང་པུ་ཤིལ་ཙེ་དང་བཅས་པ་དང་། །ནག་ཏ་མ་ལའི་འབྲས་བུར་བཅས་པ་རྣམས། །བ་གཅིན་དག་གིས་བཏགས་ཏེ་མར་དུ་བཙོ། །བ་གཅིན་བཞི་འགྱུར་བླུགས་པའི་སྨན་མར་དེ། །མིག་བསྐུ་སྣར་བླུགས་ལུས་བྱུགས་གདོན་ཀུན་གྲོལ། །གདོན་རྣམས་ཀུན་གྱི་སྨན་མཆོག་དམ་པར་བཤད། །ཅེས་དང་། ཡང་རྒྱུད་དེ་ལས། གུ་གུལ་
ཡུངས་ཀར་གི་ཝཾ་ཤུ་དག་དང་། །རུ་རྟ་སུག་སྨེལ་སྒྲོན་ཤིང་ཐང་ཤིང་དང་། །ཙན་དན་ཨ་གར་ཀ་ལེ་ཡ་ཀ་དང་། །པ་ཏྲ་གེ་སར་ཆ་མཉམ་ཆུར་བཏགས་པའི། །སྨན་འདི་ཡོད་སར་འཇིགས་པ་མི་འབྱུང་ལ། །ཆོམ་རྐུན་མཚོན་ཆ་སྦྲུལ་དང་ལྷ་མིན་མིན། །འདིས་བསྐུལ་རྡོ་རྗེ་འཛིན་པ་ས་སྟེང་རྒྱལ། །ལུས་ལ་བསྐུས་པས་ལོག་འདྲེན་ཀུན་ལས་ཐར། །འདི་སྦྱར་བ་ལ་ལོག་འདྲེན་ཀུན་མི་ཚུགས། །བགེགས་རྣམས་ཞི་ཞིང་སྲུང་བའི་རྫས་མཆོག་འདི། །བདུད་རྩི་ཐབས་སྦྱོར་གསང་སྔགས་བརྒྱ་ཡི་བསྔགས། ༈ །ནོར་བུ་བཟང་པོའི་རྟོགས་པ་ལས་གསུངས་པ། ཐང་ཆུ་ཐང་ཤིང་བྲི་ཡང་ཀུ། །རུ་རྟ་བྱི་བའི་བྲུན་དང་ནི། །ཕྱུགས་ཀྱི་རྭ་དང་སྨྱུག་མའི་ཤུན། །ལ་ཆ་རྣམས་ནི་རའི་ཆུ་ངན། །གཞིབ་ལ་གྲིབ་བསྐམ་བྱས་པ་ཡི། །བདུག་པ་འདི་ནི་མཆོག་གི་གཙོ། །གཟའ་རྣམས་ཀུན་ལས་རྣམ་པར་གྲོལ། །དེ་རུ་སྦྲུལ་ནི་མི་གནས་ཤིང་། །གང་གཞན་གདུག་ཅན་གཟའ་སོགས་ཀྱི། །ནད་ཀུན་མ་ལུས་འཇོམས་པར་བྱེད། །རིམས་དང་རྗེད་བྱེད་ཀྱང་ཉམས་བྱེད། །བུད་མེད་སྐལ་བ་ངན་པ་གང་། །རང་བྱུང་མེ་ཏོག་མེད་གྱུར་ཅིང་། །ཁྱིམ་ཐབས་དག་དང་ཕྱེ་བ་ཡང་། །འདི་ཡིས་མྱོས་ནས་སྐལ་བཟང་བྱེད། །བདུག་སྤོས་ལས་ཀུན་བྱེད་པ་སྟེ། །བྲམ་ཟེ་རྣམས་ཀྱིས་གསང་བའོ། །བདུག་པ་དེ་ཡི་སྔགས་ནི་འདི། །ཨོཾ་སུ་བྷི་ར་ཎ་ཏཱ་ཡེ་སྭཱ་ཧཱ། ཞེས་སོ། ༈ །བདུད་རྩི་བདེ་ཆེན་རྒྱུད་ལས་ནི། །སྨན་མཆོག་གནོད་སེལ་ཞེས་བྱ་བ། །ཙན་དན་དཀར་པོ་པ་ཏི་པ། །ཨ་རུ་ར་དང་གུར་གུམ་དང་། །པུཎྚ་རི་ཀ་སྤང་སྤོས་དང་། །ཆུ་སྲིན་སྡེར་མོ་ཤིང་ཚ་རྣམས། །སྣ་རེ་ཆ་ནི་བཞི་བཞི་དང་། །རུ་རྟ་ཨུཏྤལ་སུག་སྨེལ་གསུམ། །སྣ་རེ་ཆ་ཡང་ལྔ་ལྔ་དང་། །བ་ལེ་ཀ་ནི་བརྒྱ་
བརྒྱ་ཡང་། །སྐར་མ་རྒྱལ་གྱི་ཉིན་པར་ལ། །ཆར་པའི་ཆུས་སྦྲུས་སྔགས་བཏབ་སྦྱར། །དཔྲལ་བ་དག་ལ་བསྐུས་པ་ན། །ལྷ་གླུ་གནོད་སྦྱིན་སྲིན་པོ་དང་། །ལྷ་མིན་འབྱུང་པོ་ཞི་བར་བྱེད། །དུག་ཅན་ནད་ལ་ཆུ་དང་སྦྱར། །ཁོང་དུ་འཐུང་ན་དུག་ཀུན་སེལ། །མཚོན་གྱིས་རྨས་པའི་རྨ་བྱུང་ན། །རྨ་ཁར་བསྐུས་པས་འཚོ་བར་བྱེད། །སྡོམ་དང་སྡིག་པ་བྱི་བ་དང་། །དུག་སྦྲུལ་གཅན་གཟན་གདུག་པ་ཅན། །གང་དག་ཟིན་པའི་མི་དེ་ཡིས། །ཐིགས་པ་གསུམ་ནི་སྣ་རུ་བླུགས། །མིག་བསྐུས་འཐུང་དང་རྨ་ཁར་བསྐུ། །གདུགས་པས་ཟིན་པའི་དུག་ལས་ཐར། །རྟག་ཏུ་ལག་ཏུ་བཅངས་པ་ན། །གདོན་རྣམས་ཐམས་ཅད་ཐུབ་པ་དང་། །དོན་རྣམས་ཐམས་ཅད་འགྲུབ་པར་འགྱུར། །དེ་ཡི་རིག་སྔགས་འདི་དག་ལའང་། །སེམས་དཔའ་བཅུ་དྲུག་གང་མོས་སམ། །སེམས་མ་བཅུ་དྲུག་གང་མོས་ལ། །སྐྱེས་པ་སེམས་དཔར་སྒོམ་དང་གུས། །བུད་མེད་ཡིན་ན་སེམས་མར་སྒོམ། །མཆོད་དང་བསྟོད་དང་མཚན་ཐོས་བྱ། །ཡང་ན་ཡོན་ཏན་དྲན་བྱས་ལ། །སྔགས་འདིས་སྨན་ལ་གདབ་པར་བྱ། །ཨོཾ་ཏདྱ་ཐཱ། ཀེ་ཤེ་ཀེ་ཤེ། བི་མཱ་ཀེ། པྲ་ལམ་སྭ་མ། ཧི་ལི་ཧི་ལི། ན་མོ་བུདྡྷཱ་ཡ་སིདྡྷནྟུ་མནྟྲ་པཱ་ད་སྭཱ་ཧཱ། ཞེས་ནི་སངས་རྒྱས་རྣམས་ཀྱིས་གསུངས། ཞེས་སོ། ༈ །བདུད་རྩི་ཆེན་པོ་ཆོས་ཉིད་གསང་བའི་རྒྱུད་ལས། བ་ལང་རྭ་དང་ཤིང་ཀུན་དང་། །སྦྲུལ་གྱི་ལྤགས་པ་པོ་སོ་ཆ། །རས་བལ་ས་བོན་མི་ཡི་སྐྲ། །ནས་ཕུབ་དང་ནི་བྲི་ཧ་ཏི། །སེར་པོ་རྣམ་གཉིས་ན་ལེ་ཤམ། །རྨ་བྱའི་སྒྲོ་དང་ཤུན་པ་དང་། །ལྷ་ལ་ཕུལ་བའི་མེ་ཏོག་དང་། །བ་ལ་སེར་མོ་ལྷན་གཅིག་སྦྱར། །ཡན་ལག་བཅུ་དྲུག་དུད་པ་འདིས། །བདུག་ན་ནད་རིམས་
ཀུན་མེད་བྱེད། །ཡི་དྭགས་གྲུལ་བུམ་ལུས་སྲུལ་པོ། །ཤ་ཟ་གནོད་སྦྱིན་སྲིན་པོ་ལས། །ཟིན་པར་གྱུར་པ་རྣམས་ཀྱང་གྲོལ། །ཨོཾ་ན་མཿཙཎྚ་ཀྲོ་དྷཱ་ཡ། ཀུན་དྷ་ཀུན་དྷ། མུ་ཀུན་དྷ་ཀུན་དྷ། ཙནྡྷ་བུ་ཏ་ས་མ་ཡ་སྭཱ་ཧཱ། བདུག་པས་སྲུང་བ་རྩིབས་ཀྱིས་མུ་ཁྱུད་འཛིན་ལ་གསུངས་པའོ། ༈ །ལོ་བརྒྱད་ལོན་པའི་མར་དང་ཛཱ་ཏི་ཁ་རུ་ཚྭ་སྙིང་ཞོའམ། དེ་སྟེང་བུད་མེད་མདའ་མ་ཕོག་པའི་ཤའམ། རི་བོང་སྙིང་སྦྱར་སྙིང་རླུང་གཏིང་ནས་སེལ། རང་གིས་བཏུས་པའོ། །དགེའོ། ༈ །ཁྱི་སྨྱོན་བཅོས་བཞུགས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཁྱི་དུག་མཆེ་བར་བབ་དུས་རྨུག་པས་དུག་རྒྱུ། དབུགས་བབ་ཁ་རླངས་ཕོག་པས། མིག་བབ་མཐོང་བས་དུག་རྒྱུ། ལྡང་དུས་དཀར་པོ་ཞ༧ག ནག་པོ་ཟླ་གཅིག ཁྲ་བོ་ཞ༡༦ག སྔོན་པོ༢༦། དམར་པོ་ཟླ་བ་ཕྱེད་གསུམ། སེར་པོ་ཟླ་བ་གཉིས། ཁམ་ནག་ཟླ་བ་བདུན། རྒྱ་བོ་ལོ་གཅིག་ཞ༡ ༥ག སྔོན་པོ་སྟག་རིས་ལོ་གཅིག་ཟླ་བ་བརྒྱད་ན་ལྡང་ངོ་། །བརྟག་པ་དངོས་ནི། ཞོག་པ་ལྟོ་སྟོངས་བསྒྲུབ་བྱ་ཡན་ལག་ལྔ་སོགས་བཀྲུས། སྨན་པ་ཁ་ཤར་བལྟས་མདུན་དུ་གདན་དཀར་གཙང་སྟེང་ནས་དཀར་བྲེ་གང་བརྡལ། ཡི་གེ་ཧྲིཿགཅིག་བྲིས། དེའི་ཁར་ལི་ལྡེར་ཆུ་གཙང་བཀང་བ་བཞག དེའི་གཡས་སུ་ནས་བྲེ་གང་ལ་མདའ་རྒོད་སྒྲོ་མ་མིས་མ་རེག་པ་ལ་དར་དམར་ཁ་གང་བ་ཞིག་གམ། འཕང་བལ་འདབ་བསྐྱོན་པ་ཞིག་གཟུགས། བསྒྲུབ་བྱ་སྐྱེས་པ་ཡིན་ན་ཕྲག་གཡས་གོས་ཕུད་ལ་གཡས་སུ་མདའ་དར་ཁྱེར། བུད་མེད་ཡིན་ན་གཡོན་ཕུད་འཕང་གཡོན་དུ་ཁྱེར། ནས་དཀར་འབྲུ་བདུན་ཆུ་གཙང་ཧུབ་གང་ནང་བླུགས་ལ་ནད་པའི་ཁར་འཛིན་ཏུ་བཅུག་ལ་ནད་པ་ཐལ་མོ་སྦྱར་ནས་རང་གི་མདུན་དུ་འདུག་བཅུག་སྟེ། དེ་ནས་
ནད་པ་ལ་ཁྱོད་དུག་ཡོད་མེད་ལྟ་ཞིག་ཡོད་ན་སྦྱོང་དགོས་པས། ཁྱོད་ཁྱིས་རྨུག་པའི་དུས་ཚོད་དང་འཇིགས་སྐྲག་དྲན་བཞིན་པས། སྒོ་གསུམ་ངལ་བ་ཙམ་གྱི་བར་དུ་དབུགས་སྡོམ་ལ་བང་རྒྱུག་ནས་འཁོར་བ་དང་འདི་ལྟར་བྱོས་ཞེས་བསླབ་ལ་གཏོང་སྟེ་མདའ་འཕང་གང་ཡིན་ནད་པའི་རྒྱབ་ཏུ་གཟུགས། བལ་ལམ་དར་གྱིས་སྐྲ་མཚམས་སུ་བསྐོར་ཏེ་འཇག་ཕོན་སྤྱི་བོར་བཙུགས། བལ་འདབ་གཅིག་ལ། ཨོཾ་མ་ཧཱ་མེ་གྷ་རཱ་ཛ་སྭཱ་ཧཱཿ ཉེར་གཅིག་བཏབ་སྟེ་ལྟག་པ་ལ་གླན་ན། སྨན་པས་སྔ་གོང་ནས་མེ་ལོང་ལེགས་པོ་ཕྱིས་ལ། ཕྱི་རྒྱབ་ངོས་སུ་ཨ་རུ་ར། བོང་ང་དཀར་དམར། གུར་གུམ་གྱི་ཆུས་བྱུགས་ལ་སྔགས་འདི་སྟོང་གདབ། ཨོཾ་མུ་ནེ་ཡེ་རཾ་རཾ། ཙག་ཕྱེ་ཙག་ཕྱེ་སྡོམ་ཞི་ཙག་ཕྱེ། རཾ་རཾ། ཨེ་ཏི་མུ་ན་ཡེ་སྭཱ་ཧཱ༔ ལས་སྦྱོར་དུས་ཉེར་གཅིག་རེས་ངར་བཏགས་པས་བཏབ། མེ་ལོང་ལི་སྡེར་ཁར་གཟུང་ལ་ནད་པ་དབུགས་བསྡོམ་གོམ་པ་བརྒྱད་ཅུ་འམ་བརྒྱ། བརྒྱུག་མཐར་ཁ་ནང་གི་ཆུ་དང་ནས་ལི་སྡེར་ནང་དེར་བླུག མེ་ལོང་དེར་ཧ་གསུམ་ཧུ་གསུམ་ལྕེས་བལྡག་ལན་གསུམ་བྱ། དེ་ནས་ནད་པ་ཁ་ཉི་མར་བསྟན་ལ་ཁྱི་ཚུགས་སུ་འདུག་མེ་ལོང་དང་ལི་ལྡེར་ཆུ་ལ་ནད་པ་དང་སྨན་པ་སོགས་ཀྱིས་བལྟས་པས་དུག་ཡོད་ན་སྔར་ཇི་ལྟར་བཟུང་དུས་ཀྱི་ཁྱི་དང་ནད་པའི་གཟུགས་བརྙན་འཆར། དུག་ཆེར་སོང་ཚེ་ནད་པའི་བྱད་བཞིན་ལ་སྤུ་སྐྱེས་པ། ཁ་མིག་ཡོ་བ། ལྕེ་ལྷག་པར་རིང་བ་སོགས་ཁྱི་ཡི་རྣམ་པར་གྱུར་རིམ་བཞིན་ཚབས་ཆེ་ལ། མཐར་ནད་པའི་གཟུགས་ཇེ་ཆུང་ཁྱི་གཟུགས་ཇེ་མངོན་ཇེ་ཆེར་སོང་ནས་མཐར་ཁྱི་གཟུགས་འབའ་ཞིག་འཆར་ན་དུག་ཤིན་ཏུ་ཆེ་སྟེ་སྨྱོ་བའོ། །
དུག་ཞི་རིམ་བཞིན་དེ་ལས་ལྡོག་སྟེ་ཁྱི་གཟུགས་ཡལ་བ་འོང་། དང་པོ་ནས། ཁྱི་གཟུགས་དངོས་མ་ཤར་ཀྱང་ཁྱི་མདོག་དང་མཐུན་པའི་འཇའ་ཚོན་རི་མོ་ལྟ་བུ་ཤར་ན་དུག་འབྲིང་དུ་ཡོད། མེ་ལོང་ལ་གཡའ་དྲི་འཕོག་སྟེ་ཕྱི་དཀའ་ན་ཅུང་ཟད་རྒྱུ། ཆུས་བཀྲུས་པ་ལྟར་དྭངས་གསལ་རྙོག་མེད་བྱུང་ན་དུག་མེད་དོ། །ཡང་མདའ་འཕང་གིས་ལི་སྡེར་ནང་གི་ཆུ་དེ་དཀྲུག་པས་ནས་འགུལ་བ་དང་། རྗེས་སུ་འབྲང་ན་དུག་ཡོད། ཡང་དཀར་གོང་སྲིན་མེད་མེ་ཐུབ་ལ། ཀ་ཀ་ཅ་ཅ་རཾ་རཾ་སྐྱ་རིང་མཆེ་བའི་དུག་སོད། ཞེས་བདུན་ཚན་བདུན་རིམ་པར་བཏབ་ལ། སོལ་མེ་ལ་དཀར་ལྷང་བསྲེགས་པ་དེ་ནད་པའི་དྲི་ཆུ་དྲོན་མོར་བོར་བས་དཀར་གོང་ལ་ཁྱི་གཟུགས་དོད་པ། ཁྱིའི་མདོག་མཐུན་འཇའ་ཚོན། ནག་སེར་གྱི་ཐིག་ལེ་སོགས་བྱུང་བ་དུག་ཡོད། རང་མདོག་མ་ཉམས་ན་མེད་པར་ཤེས་པར་བྱའོ། །བརྟག་པའོ། །གསོ་ཐབས་ལ། ནད་པའི་བསྒྲེས་ཟན་ལས་གླུད་ཇི་མང་བྱས་ལ་སཾ་བྷ་ར་དང་མཚན་བཞིས་ནད་བདག་འབྱུང་པོའི་ཚོགས་ལ་ཡང་ཡང་བསྔོ་ཞིང་ཁྱེར་ཅིག་སོགས་ཀྱིས་ཚིགས་བཅད་བརྗོད་པ་གལ་ཆེ། གཞན་ཡང་། དཀར་ཕྱོགས་རིམ་གྲོ། གཏོར་དབང་། བགེགས་བསྐྲད། སྲུང་འཁོར། བྱབས་ཁྲུས་ཇི་འགྲུབ་རྒྱབ་སྐྱོར་དུ་བྱ། ཐུ་ཚབས་ཆེ་ན་དབེན་པར་ཡིད་མཐུན་གྲོགས་དང་སྨན་པ་བཅས་བསྡད། ཡང་ན་རྒྱུ་འགྲུལ་འུར་ཟིང་མེད་པའི་མུན་ཁང་དུ་འདུག་པར་བྱ། ཟས་ཐུག་ཟན་དྲོན་མར་དཀར་བཏབ་པ་སོགས་བསྟེན། འདི་མཁའ་རྒྱུའི་གདོན་རིགས་ཡིན་པས་ཡས་གདོན་ཕོག་པ་དང་། འཕར་སྤྱང་གིས་བསད་པའི་ཤ་མི་ཟ། ཁྲོམ་འཚོགས་སར་མི་འགྲོ། འུར་སྒྲ་དང་
མི་སྙན་པ་མི་ཐོས་པ་བྱ། ཁྱི་གཏམ་སོགས་འཇིགས་སྐྲགས་ཀྱི་གཏམ་མི་བརྗོད། ཡིད་འཐད་གྲོགས་དང་ཡིད་འོང་གི་གཏམ་སོགས་བྱ། ཁྱི་སྨྱོན་བསྔགས་དུས་སྨན་པ་རང་སྲུང་ནི། ཨོཾ་ཁྲུང་ཁྲུང་སྭ་ཧཱུྃཿ ནད་པ་མ་སོས་བར་དུ་ཉིན་རེ་བཞིན་ཅུང་ཟད་རེ་བཟླའོ། །དང་པོར་ཟིན་མ་ཐག་རྨ་ཡི་སོར་བཞིའི་གོང་དུ་རས་འཇག་གིས་བསྡམས་རྨ་ནས་རྔབས་རྭས་དྲངས་བས་དུག་ཕྱི་ལ་འཐེན། མ་གྲུབ་ཀྱང་སྔགས་སྨན་གྱིས་ཆོག དེ་ལ་སྨན་ནི། བོང་བུ་ཕོའི་བྲུན་རློན་བཙིར་ཁུ་བར་ཨ་རུ་གསེར་མདོག་ཕྱེ་མ་བཏབ་ལ་བཏང་ཚབས་ཇི་ལྟར་ཆེ་ཡང་འདི་ཁོ་ནས་ཐུབ། རྫས་འདི་ཟན་དང་བསྲེས་ཏེ་ཁྱི་ལ་བྱིན་ན་མི་སྨྱོའོ། །དེ་མ་རྙེད་ན། རྟ་གསེབ་སྔོན་པོའི་སྦང་སར་མ་ལྷུང་བར་བླངས་ཏེ་རློན་བཙིར་ཁུ་བར་མར་དཀར་ཞད་ཙམ་བཏབ་སྟེ་ལྷོག་ཙམ་བསྐོལ་བ་དེ་སྣ་བཀག་ནས་བླུད་ན་འདི་ཁོ་ནས་ཐུབ་སྟེ་འདི་གཉིས་ཁྱི་དུག་གི་གསང་སྨན་བླ་ན་མེད་པའོ། །ལན་འགའ་བསྐྱར་དགོས་ན་བརྟག་པ་དང་བསྟུན། གཟིག་ཤའམ་འབུ་སྐྱོག་ཀྱང་འདྲ། ཡང་སྲིན་བྱའི་ཀླད་པ་ཐུན་གཅིག་བཏང་ན་དེ་ཁོ་ནས་ཐུབ་ཅེས་རྗེ་གཡུ་ཐོག་པས་གསུངས། ཡང་བོང་བུ་ནག་པོའམ་ཡང་ན་རྟ་སྔོན་པོའམ་ནག་པོའི་སྦང་ས་ལ་མ་ལྷུང་བར་བླངས་པ་གྲིབ་བསྐམ་ཕྱེ་མ་དང་གླ་རྩི། ཞ་ཉེ་དཀར་པོ་གསུམ་ཆ་མཉམ་ཁོང་དུ་བཏང་། དེའི་དུ་བས་བདུག་ན་མི་ཕྱུགས་གང་ཡང་ཁྱི་སྨྱོན་གྱིས་ཟིན་པ་ལས་
གྲོལ་པར་ངེས་སོ། །ཡང་གཅིག ག་བུད། གླ་རྩི་ཐར་ནུ་གསུམ་ཆ་མཉམ་ཞིབ་བཏགས་བྱས་པ་འདི་ཁྱི་སྨྱོན་གྱིས་རྨུགས་པ་ལ་ཞག་གསུམ་ཚུན་ཆད་ཁོང་དུ་བཏང་། སྨན་འདིས་སླེབ་ན་དུག་ལྡང་མི་སྲིད་དོ། །གཡུ་ཐོག་ཤོག་དྲིལ་ལས་ག་བུར། ཅུ་གང་། གི་ཝཾ། སྦལ་རྒྱབ། གུར་གུམ། གླ་ནག་རྩི། བོང་ང་དཀར་པོ། བདུད་རྩི་དར་ཡ་ཀན། བཟང་དྲུག་ཅུང་ཟད་བཅས་ལོ་བརྒྱད་དྲི་ཆུས་དབུལ་བས་ཁྱི་དུག་སེལ་གསུངས། ཡང་གཟིག་གི་སྡེར་མོའམ་མཆེ་བའི་རུས་པ་སྨན་ནང་བཏབ་ཀྱང་ཕན། ཁྱི་སྨྱོན་གྱིས་རྨུག་མ་ཐག་ཏུ་ཁྱུང་ལྔ་བཟི་ཅན་ཐུན་གཅིག་ཁོང་དུ་བཏང་། རྨ་ཁ་སོར་བཞིའི་གོང་འོག་རས་འཇག་གིས་བསྡམ་ནས་རྨ་ཁར་རྔབས་རྭས་འཇིབ། ནད་པ་ཁོ་རང་གི་དྲི་ཆུ་གླ་རྩི་དང་སྦྱར་བས་རྨ་བཀྲུས་ན། དུག་མི་མཆེད་གསོ་སླ་ཞེས་གསུངས། ཁྱི་སྨྱོན་དེའི་སྤུ་བསྲེག་པའི་ཐལ་བ་ཆུ་དང་སྦྱར་ཏེ་བླུད་པས་ཀྱང་དུག་སེལ་བར་ཕན། འུག་པའི་སྐད་ཐོས་སར་བསྡད་པས་ཀྱང་ཁྱི་དུག་སེལ་བར་ཕན་ཞེས་བཤད། ཡང་གྲི་ཤ་སྤྱང་ཤ་གསེར་མདོག་ཐར་ནུ་རྣམས་ཞོ་རེ། ཛཱ་ཏི་ལི་ཤི་སྙིང་ཞོ་ཨར་ནག་གུ་གུལ་སིཧླ། གུར་གུམ། རེ་རལ་དུག་ཉུང་རྣམས་ཐུན་རེ་རྣམས་ཞིབ་བཏགས་དགེ་སློང་ངམ་སྔགས་པའི་ཆུས་འདམ་འཐག་རིལ་བུ་སྲན་ཙམ་ལྔ་བདུན་དགུ་སོགས་ནད་སྟོབས་དང་སྦྱར་ལ་སྔགས་ཆུས་འབུལ་ན་སེལ། ཡང་ན་མིང་ཅན་ནག་པོ་ཆ་གསུམ། གཟའ་དུག་ནག་པོ། ཨ་ཕྱག་ཚེར་སྔོན། སྟོང་ཟིལ། སྤང་རྩི་དོ་པོ། ལྕགས་ཀྱུ་བ། ཀྱི་ལྕེ་དཀར་པོ་རྣམས་ཆ་རེ། དུག་ཚབས་ཤིན་ཏུ་
ཆེ་ན་དེ་སྟེང་ལུག་མུར། གུར་གུམ། ཉ་ཁྲབ་ཅན་གྱི་ཤ་གསུམ་བསྣན་ཏེ་སྔགས་ཆུས་ཕུལ་ན་ཕན། ཡང་ན་སྟོངས་ཟིལ་ཐུན་གསུམ། ཀོ་བྱི་ལ། དཔའ་སེར། བོང་དཀར། གངས་ཐིག ཨ་རུ་གསེར་མདོག གི་ཝཾ། གླ་རྩི། རུ་རྟ། གུ་གུལ། ཙན་དན་དཀར་པོ་བཟང་དྲུག་རྣམས་ཐུན་རེ་ཞིབ་བཏགས་བསེ་སྦུར་མགོ་རྐང་ཚང་བ་དགུ་རྟ་གསེབ་སྔོན་པོའི་ཆུ་དང་ལྷན་ཅིག་ཟངས་གཞོང་ནང་བླུགས་ནས་དབྱར་ཞག་བདུན་དགུན་དགུར་བསྙལ། གོང་གི་ཕྱེ་མ་དང་ལྷན་ཅིག་འདམ་འཐག་ཉིན་གཅིག་བྱས་ཏེ་རིལ་བུ་སྲན་མ་ཙམ་དྲིལ་བ་ལྔ་བདུན་དགུ་སོགས་ནད་སྟོབས་སྦྱར་བ་ཆང་གར་མས་འབུལ་ལ་བཏང་། རླུང་ཁ་མཐོ་ན་ཨ་གར་བསྣན། ཚ་བ་ཆེ་ན་གུར་གུམ་དོམ་མཁྲིས་བསྣན། འདི་ནི་གསང་སྨན་བཀའ་རྒྱ་མ་ཤིན་ཏུ་ཟབ་པའི་ཁྱད་ཆོས་བསླུ་མེད་དོ། །བླ་གཉན་ཐོར་བུའི་བཅོས་ལ། ཚ་བ་ཆེ་སྟོད་བརྒྱང་མཇིང་རིང་། ཡན་ལག་སྦྲིད་ན་རྩེ་ཆུང་སྣོད་ཀ་གཏར། མཁལ་སྐེད་དང་སྨད་མི་བདེ་ན་ལོང་རྩ་དང་བྱིན་གཞུག་གཏར། རླུང་ཁ་སྐྱེས་ཏེ་ཀོ་ལེར་ནན་དེར་ཧོར་གྱི་མེ་བཙའ་གདབ། རྨ་ལ་རྣག་གཡོས་ན་དྲི་ཆུས་བཀྲུ་བྱ་སྒྲོས་བྱབས། རྟ་སྦང་ཁུ་བས་རྨ་ཆས་བྱ། རྨ་རྙིང་སྐྲང་པར་འོམ་བུ་ཉ་ལྕིབ་རུས་རྙིང་དྲོད་ལུམས་བྱ། ཁྲག་གཏར་ལྕགས་ཀྱིས་བསྲེག ནད་རྙིང་ཞེན་ཆེ་ནས་མི་བདེ་ན། རྩ་སྦྱོང་རིལ་བུ་ཉེར་གཅིག་དང་། ཐར་ནུ་དུར་བྱིད་ཤ་ཆེན་ཆ་མཉམ་སྦྱར་ཏེ་རྩ་ལྟོ་སྦྲགས་ལ་སྦྱང་བས་ནད་ཐོན་དཀའ་བ་འདོན། རླུང་ཁ་མཐོ་ན་དྲུག་བདུན་དཀར་ནག་མཚམས་སྤྱི་གཙུག་དཔྲལ་བ་སྐེ་སྟོང་ཨན་སྟོང་རྣམས་ལ་མེ་བཙའ་ཅི་རིགས་པར་གདབ་བོ། །སྔགས་ཀྱིས་བཅོས་པ་ནི། མཚན་སྐར་མ་རྫོགས་པ་དང་ནམ་
མཁའ་མི་མཐོང་བར་ཆུ་བླང་ལ། ས་ར་ཁྱི་ནན་སོད། ཅེས་ཁྲི་ཕྲག་གཅིག་སོང་བ་དང་། ཁྱི་ནན་ས་ར་སོད། ཅེས་ལོག་ནོན་སྟོང་ཕྲག་རེ་བཏབ་ལ་ཆུ་གནམ་མི་མཐོང་སར་བླུད་ན་ཤིན་ཏུ་ཕན་ནོ། །ཡང་ཨོཾ་ཀི་ཀི་ཅ་ཅ་རཾ་རཾ་ཁྱི་ལཾ་མཆེ་བ་ཅན་གྱི་དུག་སོད་སྭཱ་ཧཱཿ སྔགས་ཆུས་ངེས་པར་ཐུབ་སྟེ་གཏེར་མའོ། །འདི་ལ་ཀི་ཅ་ཀི་ཅ་ཞེས་དང་། གྱི་ལིང་མཆེ་བ་ཅན་ཞེས་དང་། སྐྱ་རིང་མཆེ་བ་ཅན་ཞེས་འདྲ་མིན་འདུག་ཀྱང་ཡིག་སྐྱོན་མིན་ལ་གཏེར་ཁ་སོ་སོའི་སྔགས་མི་འདྲ་བ་ཡིན་པས་གང་ལྟར་བཟླས་ཀྱང་དུག་ཞི་བར་མཐོང་ངོ་། །ཡང་ཨོཾ་དྲུང་སྭཱ་ཧཱཿ ཞེས་པའི་སྔགས་འདི་བཏབ་ན་ཁྱི་སྐད་འདོན་ཀྱང་སྔགས་ཆུ་བྱིན་པ་ཙམ་གྱིས་གྲོལ་བར་ཐེ་ཚོམ་མེད་ཅེས་གཏེར་མའོ། །ཡང་ཟན་ལ་ཤོ་མིག་དོད་པ་བཟོས་ལ། ཨག་སོད༔ ཨིག་སོད༔ མུག་སོད༔ མུག་སེལ་སོདཿ ཁྱི་དུག་སོདཿ ཅེས་ཅི་མང་བཏབ་ལ་ཁྱུར་མིད་བྱས་པས་ཐུབ་སྟེ་ཤིན་ཏུ་ཟབ་པ་ཁྱི་སྐད་འདོན་པ་ཡང་ཐུབ་པའི་ལག་བླང་མ་གཏེར་གྱི་མན་ངག་གོ། སྨིན་ནས་ཁྱི་སྐད་འདོན་པའི་ཚབས་ཆེ་ལ། ཨོཾ་རི་རི་ལི་ལི་པྲ་མར་ཆུ་ཤད་འབྱུང་པོ་ཁ་ཐམ་ཁྱི་ཁ་ཆིངས་ནད་ཀྱི་སྡོང་པོ་བརླག་ཆུ་སེར་སྡོང་པོ་བྱུང་། ཏྲི་ཏྲི་ར་གཟིརཿ ཟླུ་གུ་ཟླུ་གུཿ ཁྱི་ཏྲེ་དེབྱ་ཏ་ཤ་ཏ་རི་ཧཱུྃ་ཕཊ་སྭཱ་ཧཱཿ ཞེས་སྔགས་འདི་མར་དཀར་འཁྱག་པ་ལ་བཏབ་སྟེ་བྱིན། མེ་ལོང་ལ་སྔགས་བཏབ་རས་ཁ་མ་ཉམས་པས་སྔོན་ལ་མེ་ལོང་ཕྱིས། རྗེས་ལ་རྨ་ཁ་ཕྱི་བ་སོགས་ཉིན་མཚན་ལན་གསུམ་རེ་བྱ། དེས་ངེས་པར་གྲོལ་ཞེས་ཟབ་མོ་གཏེར་མའོ། །གཞན་ཡང་ནད་ཁམས་རིགས་སོ་སོར་བསྟུན་པའི་སྔགས་སོགས་སྔགས་ཤིན་ཏུ་བཟང་པོ་ཡོད་འདུག་པ་གང་ཡིན་ཀྱང་ཕན་མོད་ཀྱི་འདིར་ནི་ཟབ་མོ་ལག་བླང་མ་འགའ་བཀོད་པ་འདིའི་གང་རུང་རེས་ཀྱང་ཐུབ་སྟེ་སྔགས་གཅིག་གམ་དུ་
མ་ཅི་རིགས་རང་གིས་འདོད་པ་ལྟར་བྱས་པས་འགྲུབ་བོ། །འདི་ལ་ཟ་ཡིག་ནི། ཨོཾ་ཤོ་བྷ་ན་ཛ་ཏྲི་ཏུ་རྦདཿཿཿསཏྲི་སཏྲིཿཿསང་ཧཿ སྲུང་བཟློག་བསད་གསུམ་འདི་བཞིན་བསྲེགས་ཏེ་ཟོས་ན་ཁྱི་སྨྱོན་ཐུབ་ངེས་སོ་ཞེས་རྒྱ་ཞང་ཁྲོམ་གཏེར་མའོ། །ཨོཾ་ཧབ་ཧྲིལཿ ཧྲིལ་ཧབ་ཨོཾཿ ཨོཾ་ཧྲཱིལ་ཧབཿ ཁྱི་སྨྱོན་ཟ་ཡིག་སྲུང་བཟློག་བསད་གསུམ་འདི་སོ་སོར་བཏང་ངམ་བསྲེས་ཏེ་ཟོས་ཀྱང་ཁྱི་སྨྱོན་ཐུབ་བོ། །ཡང་། ཨཱོཾ་ཨི་ཁྲི་མི་ཁྲི་གོམ་ཁྲི་ནེ་ནེ་སྭཱ་ཧཱཿ འདི་རྒྱ་ཤོག་གཙང་མར་རྒྱ་སྣག་གིས་བྲིས་མཇུག་ནས་ཡར་དྲིལ་ཏེ་གཏང་བ་ཁྱི་སྨྱོན་ཟ་ཡིག་ཟབ་མོའོ། །ཡང་། ཅང་ཅང་ཧུར་ནན་ཁྱི་ཁ་ཐཾ། ཞེས་པ་འདི་སོས་མ་རེག་པར་ཐོ་རངས་ཁྱུ ར་མིད་བྱས་ན་ཁྱི་སྨྱོན་གྱིས་ཟིན་པའི་ནད་ཅན་སོས་མ་ཟིན་པས་ཟོས་ན་བསྲུང་བའི་མཆོག་གོ། གཞན་ཡང་ཟ་ཡིག་མི་འདྲ་བ་མང་དུ་མཆིས་ཀྱང་ཚད་ལྡན་ཡིན་ན་གང་རུང་རེས་ཆོག་པའི་ཕྱིར་ཐམས་ཅད་བྲི་ཚོད་མེད་ལ་དེ་ཙམ་དགོས་པ་མེད་པས་བཞག་གོ། འདི་རང་དུ་བསྟན་པའི་ཟ་ཡིག་གང་རུང་ངམ་ཐམས་ཅད་བཏང་ཡང་ལེགས་སྔགས་སྨན་ཟ་ཡིག་གང་རུང་རེ་ལ་འབད་ཀྱང་ཐུབ་པར་མཐོང་མོད་གསུམ་ཀ་བཏང་ན་ནུས་པ་ལྷག་པར་ཆེའོ། །ནད་སོས་ནས་རྗེས་གཅོད་ལ། ནད་གཞིའི་ངེས་པ་མཐོང་ནས། རུས་མི་གཅིག་པའི་བྱིས་པ་ལོ་བརྒྱད་པ་གསུམ་གྱི་དྲི་ཆུ་དང་། སྔར་བརྟགས་པ་བྱས་དུས་ཀྱི་ནས་འབྲུ་བདུན་གྱི་ཕྱེ་མ་ཆུ་ལ་སྦྱར་བ་བསྲེས་པས་ལུས་ཕྱི་ནང་ཐམས་ཅད་བཀྲུས་ནས་ལེགས་པར་ཕྱིས་ཏེ་དྲི་མ་མེད་པར་བྱས་ལ། སྙིང་གི་མདུན་རྒྱབ་དང་། སྨིན་མཚམས་སུ་སྔར་བཏང་བའི་སྨན་འཕྲོ་ནས་ཐིག་ལེ་བྱ། དེའི་ཁར་སྤྲ་བ་སྲན་མ་ཙམ་རེས་བསྲེག །ཁྱི་སྨྱོན་གྱི་མཆེ་བ་ལྤགས་པས་གཏུམ་སྟེ་དེའི་
མགུལ་དུ་བཏགས་པས་ཁྱི་དུག་ཐར་མ་ཞེས་ཕྱིན་ཆད་ནད་འདི་ལ་ཉམ་ང་མི་དགོས་པའི་གོ་ཆ་བརྟན་ནོ། །ཞེས་གསུངས། ཡང་ཁྱི་སྨྱོན་གྱི་སྲུང་བ་མན་ངག་ལྷན་ཐབས་སུ་བཀོད་པ་སོགས་དང་། སྔགས་ཀྱིས་སྲུང་བ་ཟབ་མོ་གཞན་ལས་ཤེས་པར་བྱའོ། །ཁྱི་སྨྱོན་ནད་བདག་ཤ་ཟ་འཕུང་བྱེད་ཀུན་འགྲོལ་ནག་མོ་ཞེས་བྱའི་སྔོན་གྱི་སྨོན་ལམ་གྱི་དབང་གིས་ནད་འདིས་ཤི་ན་དམྱལ་བར་སྐྱེ་བ་དང་སྨྱོ་བའི་དོགས་འཇིགས་ཆེ་བ་སོགས་ནད་འདི་བཅོས་ན་ཕན་ཡོན་ཆེ་ཚུལ་རྗེ་གཡུ་ཐོག་ཡོན་ཏན་མགོན་པོའི་གསུང་ལས་བྱུང་ཞིང་། རྗེ་དེ་ཉིད་ཀྱིས་བྱ་ཁྱི་གཟའ་གསུམ་གྱི་ནད་བདག་དམ་ལ་བཞག་པས་ལྷ་རྗེ་རྣམས་ཀྱིས་འདི་གསུམ་ལ་གཏོར་མ་རེ་བྱིན་ན་མི་གནོད་ཅེས་གསུངས་སོ། །འདི་ནི་ཟུར་མཁར་མཉམ་ཉིད་རྡོ་རྗེའི་གསུང་ལ་གཞི་བྱས་གཏེར་མའི་མན་ངག་གིས་བརྒྱན་ཏེ་མི་ཕམ་པས་བྲིས་པ་དགེ་ལེགས་འཕེལ་ལོ། ༈ ཧཱུྃ། མཚུངས་མེད་ཡོན་ཏན་མགོན་པོ་ཡིས། བཀའ་དང་དམ་ལ་བཞག་གྱུར་པ། །མཐུ་ཆེན་བྱ་ཁྱི་གཟའ་གསུམ་པོ། །འདིར་གཤེགས་མཆོད་སྦྱིན་གཏོར་མ་བཞེས། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །གེགས་ཞི་བཀྲ་
ཤིས་བདེ་ལེགས་མཛོད། །ཅེས་པའང་མདོ་སྔགས་ཀྱིས་བསྐུལ་ངོར་མི་ཕམ་པས་བྲིས་པ་དགེ་ལེགས་འཕེལ། ༈ །སྨན་ཉུང་ཟབ་སྐོར། གང་ག་ཆུང་དང་སྟོང་རི་ཟིལ། །འཛིན་པ་གཡུ་འབྲུག་སུམ་འགྲོལ་ཞེས། །བཟང་དྲུག་ཞད་ཙམ་ཁ་ཚར་བཏབ། །གངས་ཆུ་རྫ་ཆུ་ཆུ་ཆེན་དབུལ། །ཚད་རིམ་བདུན་དྲུག་གཟེར་རིམས་ཐུབ། །གནས་ཀྱི་དབང་གིས་སྨྱོ་གཟེར་སོགས། །དུས་ངན་གསོ་ཀླག་མེད་ནད་འཇོམས། །གང་གི་སྨན་གསུམ་ལྕགས་ཏིག་བཅས། །གཡུ་ཐོག་ལྡུམ་བཞི་ཞེས་སུ་བཤད། །ཆ་མཉམ་གླ་རྩི་ཞད་ཙམ་བཏབ། །རིམས་ཚད་གཉན་སོགས་འཇོམས་པར་ཟབ། །ཨ་རུ་ཆོས་སྨན་ཤ་ཛཱ་ལི། །ནུས་ལྡན་གྲི་ཆུས་རིལ་བུ་དྲིལ། །ཉིན་མཚན་དུས་བཞིར་གསུམ་རེ་བསྟེན། །ཚེ་ཟད་འཆི་ངེས་ཞག་གསུམ་བསྲིང་། །ནད་གཞན་གང་ལ་བཏང་ཡང་སོས། །འཆི་བསླུ་བདུད་རྩི་ལྔ་སྦྱོར་ཟེར། །གང་ག་ཆུང་དང་ཀྱི་ལྕེ་ལ། །ལུག་རུ་དམར་པོ་སྟག་ཤ་དང་། །ཡུ་མོ་མདེའུ་འབྱིན་ལྔ་པོ་འདི། །རིམ་བཞིན་དོན་སྙིང་རུས་ཁྲག་པགས། །ཤ་ཡི་ཁྱུང་སྟེ་ཆ་གཅིག་གཉིས། །གསུམ་ལྔ་བཞི་བྱ་དེ་ཡིས་ནི། །གཉན་གྱི་ཚད་པ་མ་ལུས་སེལ། །སྔོ་ཡི་ཁྱུང་ལྔའི་སྦྱོར་བ་འདི། །ཟུར་མཁར་ཆོས་རྗེའི་ཁྱད་ཆོས་སོ། །ཅོང་ཞི་ཨ་ཝ་ཀ་ར་གསུམ། །ཞིབ་བཏགས་རིལ་བུ་གླ་རིལ་ཙམ། །རྨས་འཕྲལ་གཅིག་ཞུ་གཅིག་བསྟེན་གྱིས། །རིལ་བུ་ལྔ་བཏང་ཞག་གསུམ་ཐོག །རིལ་བུ་ཆུར་སྦང་གར་སླ་ནི། །འོ་མ་ཙམ་ཞིག་བྱ་སྒྲོ་ཡིས། །རྨ་ལ་བྱབས་བྱ་དེ་ཡི་ནི། །མགོ་ལུས་ཀུན་གྱི་ཤ་རུས་རྩ། །གང་སྣད་ཀྱང་ནི་ཐེང་བས་ཆོག །འཆི་སོས་བདུད་རྩི་སུམ་སྦྱོར་ཟབ། །གུར་གུམ་ཤིང་ཚ་མཁན་པ་བཙོད། །དོམ་མཁྲིས་བུ་རམ་རྟ་བྱས་བཏང་། །
ཁྲག་ཤོར་ཆུ་རྒྱུན་འདྲ་བ་གཅོད། །དྷརྨ་སྭ་མའི་ཁྱད་ཆོས་སོ། །མགོ་སྨན་གསང་བ་ལྔ་སྦྱོར་ནི། །བྲག་སྤོ༢ས་ཨ་བ༢་འབུ་སུ༢་ཧང་། །ཟི་དཀར༡་བྱེའུ་ཆུ་སེར་ཆེན། སྲད་དམ་སྟག་གཉན་ཁ་ཡོད་པ་འདྲར། ཤ༣ རིམ་བཞིན་རྒྱལ་བཙུན་བློན་དམག་དཔོན། །ལས་བྱེད་ཚུལ་ཏེ་གཞན་ཆ་གཉིས། །དམག་དཔོན་གཅིག་ལ་ལས་བྱེད་གསུམ། །གསང་སྨན་བློན་པོ་དུང་ཐོད་བཅས། །རྨ་རིགས་ཁྱད་པར་མགོ་རྨ་སེལ། །བདུད་རྩི་ར་ས་ཡཱ་ན་གྲགས། །ཌཱ་ཀི་དཔལ་ལྡན་ཕྲེང་བ་ཡིས། །གཡུ་ཐོག་ཡོན་ཏན་མགོན་པོར་ཕུལ། །གཙང་དབེན་སྨན་བཏུ་ལེགས་བསྐམ་བཅིང་། །ཤ་རུས་རྩ་ཀླད་སྐྱོན་ཀུན་སེལ། །ཚ་གྲང་སྐྱོན་འཇོམས་ཤའུ་གསོ། །བྱ་མ་བྱི་ཡི་ཤ་དང་ནི། །ཨ་ཝ་ཐར་ནུ་ཆང་སྦྱར་བཏང་། །བུ་དང་ཤ་མ་ཐོན་པ་ལ། །འདི་བས་ཟབ་པའི་སྨན་གཞན་མེད། །བསེ་རུ་དཀར་པོ་དེའི་ཕྱེད་ཀྱི། མོན་ཀྱི། སུ་མི། །རྣམ་དེའི་ཕྱེད་ཀྱི་ཨ་རུ། རྒྱལ་གླ་དེའི་ཕྱེད་ཀྱི། རྩི་ཕྱེད་ཕྱེད་བསྐྱུང་། །ཀུན་ཕྱེད་བཟང་དྲུག་འདྲེད་སྦྱར་བ། །ཉིན་གཅིག་འདམ་བཏགས་རིལ་བུ་ནི། །སྲན་འཕོས་ཙམ་དྲིལ་དགོང་མོའི་དུས། །ལྟོ་བཀུག་གཡེར་ཆུས་ཇ་སུན་ཙམ་གྱིས། རྩ་ཁ་དབྱེ། །ཐོ་རངས་རིལ་བུ་མི་བསྐྱོད་དབུལ། །ནམ་ལངས་དོམ། མཁྲིས་མར་རྩ་ཁུར་བཏབ་པས། ཁ་བསྡམ། །དེ་ཡིས་སྦྱོར་ངན་དུག་གི་ཚོགས། །ཟླ་བ་ཕྱེད་བར་ཉམས་ང་མེད། །གལ་ཏེ་སྦྱོར་ངན་བྱུང་བ་ན། །འཁྲུ་སྐྱུག་སྦོས་སོགས་དེ་འཕྲལ་འབྱུང་། །དེ་ཚེ་ཁ་འཛིན་སྦྱར་བ་བཏང་། །སྦྱོང་ངམ་སྐྱུགས་ཀྱིས་སྦྱོར་ངན་འབྱིན། །ཁོང་དུ་དུག་སོགས་ཡིན་མིན་ལ། །རྭ་སྦྱོར་བཏང་བས་འཁྲུའམ་སྐྱུགས། །སྤོས་ན་དུག་གི་ནད་ཡིན་ལ། །ཆུ་བཞིན་འཇུ་ན་ནད་གཞན་ནོ། །མུ་ཟི་རེ་ལྕག་རྩ་བ་དང་། །ཐར་ནུ་ཅུང་
ཟད་བཅས་པའི་ཕྱེ། །མར་དང་སྦྱར་ལ་བྱུགས་པ་ཡིས། །ཟ་འཕྲུག་རིགས་ལ་བདུད་རྩི་འདྲ། །བུལ་ཏོག་བ་བླ་དུད་པ་གསུམ། །རྒྱ་ཐོར་དག་གི་གསང་སྨན་ཟབ། །གུར་གུམ་ཤིང་མངར་ཀ་ར་གསུམ། །སྣ་སྨན་ཡིན་ཕྱིར་ཁུ་འཇམ་བྱས། །སྣ་ནད་བླུག་ན་ནམ་ཚོད་ཡན། །མགོ་ཡི་ནད་རྣམས་ཕལ་ཆེར་སེར། །རྟ་སྦང་ཁུ་བས་ཕུལ་བྱས་ན། །སྲིན་དང་སྣ་ཁྲག་སོགས་ལ་ཕན། །ཁ་ཆེ་གསེར་མདོག་གླ་རྩི་ཆ་མཉམ་ལ། །སྐྱེར་ཁན་ཅུང་མང་བཏབ་ནས་ཆུར་སྦྱང་བ། །མིག་ཏུ་བླུགས་ན་མིག་ནད་ཀུན་སེལ་ཞིང་། །ཁྱད་པར་མིག་གསལ་བྱེད་པའི་གདམས་པའོ། །རུ་རྟ་གཟེར་འཇོམས་ཧོང་ལེན་གསུམ། །ཆ་མཉམ་ཞིབ་བཏགས་ཆུ་གཙང་དབུལ། །ཁྲག་རྒྱས་སྟོད་འཚང་སེལ་བར་བྱེད། །འཆི་མེད་བདུད་རྩི་སུམ་སྦྱོར་ཟེར། །གག་ལྷོག་གཞན་གྱི་མ་ཐུབ་ན། །ལྷོག་རོ་ལྡོང་རོས་རུས་སྦལ་ཤ །དེ་གསུམ་སྦྱར་བཏང་མོད་ལ་ཕན། །སྟོད་འཚང་ནད་རིགས་ཐམས་ཅད་ལ། །ཨ་བྱག་ཚེར་སྔོན་ཐུར་མགོ་གང་། །གསེར་མདོག་ནས་ལྔའི་ཕྱེད་ཙམ་ཞིག །བོང་ང་ནག་པོ་ནས་འབྲུ་ཙམ། །ཐར་ནུ་ཆུ་རྩ་སོ་སོ་ནས། །ནས་རེའི་ཚད་ཙམ་ཞིབ་པར་བཏགས། །ཆུ་གྲང་གིས་ཕུལ་ཐེང་ཆོག་ཡིན། །འདི་ལ་སྨན་སྣ་ལྔ་ཡོད་དོ། །རྒྱ་ཚྭ་ཁ་རུ་ཚ་སྡིག་སྲིན། །ཞིབ་བཏགས་ཆང་དང་སྦྱར་ལ་བཏང་། །རྡེའུ་ནད་མར་ངོའི་ཟླ་བཞིན་འཛད། །སོས་ཀའི་འཁྱག་པ་བཞིན་དུ་འཇུ། །རང་གི་དྲི་ཆུ་ཁྱོར་གང་ལ། །ཀ་ར་མཐེབ་རྡོག་ཙམ་གཅིག་དང་། །བདུད་རྩི་དྲི་ཆེན། ཁབ་ཙམ་གཅིག་བཏབ་ལ། །འཇམ་ཙམ་བྱས་ལ་ལྟོ་སྟོངས་བཏང་། །ཤ་དུག་བཙན་དུག་སྦྱར་དུག་སོགས། །དུག་རིགས་ཀུན་ཐུབ་བསྲུང་བའི་མཆོག །
རྒྱུ་གཟེར་ནད་ལ་སྨན་གཞན་པ། །ཅི་ཡང་མི་བཏང་འདི་ཉིད་མཆོག །འཛིན་པ་སུམ་ཆ་མཚལ་དཀར་པོ། །སུམ་གཉིས་སྦྲང་སྨྱོན་བཞི་ཆ་སྦྱར། །མན་ངག་སྨན་སྣ་འདི་གསུམ་པོའི། །རིལ་བུ་སྲན་མ་ཆེ་ཤོས་ཙམ། །ལན་མ་ཆུ་བསྐོལ་གྲང་གིས། གསུམ་བཞིར་བཏང་བྱས་ནས། །ཟས་ནི་གཏན་ནས་མི་ཟ་བར། །སྐོམ་ན་ཆུ་བསྐོལ་གྲང་པ་ལ། །སྔགས་རྒྱུ་གཟེར། བཏབ་བཏང་བས་ཕྲལ་དུ་གསོ། །གསེར་སྲང་རེ་ཡི་བཀའ་རྒྱའོ། །དུག་ལ་མ་གི་བཞི་སྦྱོར་ཞེས། །གླ་རྩི་རང་བཞིན་ཟགས་པ་ནི། །དྲི་ལྡན་རྩི་ཡི་མ་གི་ཏ། །རིན་ཆེན་མ་གི་ཏ་ཞེས་པ། །ཤ་ལ་ཡུན་རིང་ལུས་པའི་མདེའུ།། ཤ་ཡི་མ་གི་ཏ་ཞེས་པ། །བྱིས་པ་བཙས་མ་ཐག་གི་བྲུན། །བེ་སྐྱེས་རེ་རལ་སྨན་མ་གི། །འདི་བཞི་ཞིབ་བཏགས་ཀ་ར་སྦྱར། །ཞོ་རེའམ་གཉིས་སམ་གསུམ་གྱི་ཚད། །ནང་མ་གསུམ་བཏང་འདིའི་དུས་སུ། །སྤྱོད་ལམ་འཆག་པ་གལ་ཆེའོ། །དུག་གིས་མིག་མི་གསལ་བ་དང་། །ཤ་མདོག་ནག་པོར་སོང་བའང་སེལ། །དུག་གིས་བརླ་ལ་འབུ་ཞུགས་ན། །བཙན་དུག་སྦྲིད་ཙམ་ཁོང་དུ་བཏང་། ༈ །བྱི་ཚེར་འབྲས་བུ་ལྕགས་སྣོད་དུ། །གྲིབ་བསྐམ་བྱས་པ་དེ་དང་ནི། །ལྕམ་པ་རྒྱ་ཚྭ་སྡིག་སྲིན་ཏེ། །རྣོན་པོ་བཞི་སྦྱོར་ཆུ་འགག་སེལ། །རྡོ་རྗེ་ཕ་ལམ་ལྟ་བུར་བཤད། །བྱི་ཏར་ཀ་དང་རྒྱམ་ཚྭ་ནི། །ཚ་བའི་མར་རམ་ཏིལ་མར་སྦྱར། །ཅུང་ཟད་བསྲོས་ལ་བཏུང་བ་ཡིས། །སྲིན་དང་མེ་དབལ་ཞི་བར་བྱེད། །སྨན་ཆེན་ཤུ་དག་མཚལ་བསེ་ཞོ། །མཁའ་འགྲོའི་མེ་མདའ་བཞི་སྦྱོར་ཞེས། །ནུས་པ་ཐོག་འདྲ་གཉན་སོགས་འཇོམས། །སྨན་ཆེན་ཤུ་དག་ཨ་རུ་ར། །གསུམ་སྦྱོར་རྡོ་རྗེའི་ཐོག་དང་འདྲ། །སྟག་ཤ་སེང་སྤར་ཨ་རུ་ར། །
མཉམ་སྦྱོར་སྟག་སེང་མེ་མདའ་འདྲ། །སྨན་ཆེན་ཤུ་དག་གཉིས་སྦྱོར་ལ། །བྱང་བ་བག་ཙམ་བཏང་འདིའང་རྣོ། །ཐར་ནུ་ཆུ་རྩ་གཉིས་སྦྱར་ལ། །ཤ་ཆེན་ཁ་བསྒྱུར་བྱས་པ་ཡི། །རིལ་བུ་བྲ་བའི་རིལ་མ་ཙམ། །ཆུ་བསྐོལ་རྟ་བྱས་བཏང་བ་ཡིས། །ནད་གསོད་ཐོག་ལྟར་ཕིག་པར་བྱེད། །སྨན་གྱི་སྦྱོར་སྡེ་ལྔ་པོ་འདིས། །ལོ་བརྒྱད་ཆུའམ་ནུས་ལྡན་གྱི། །དྲི་ཆུས་དྲིལ་བུ་བྲ་རིལ་ཙམ། །བྱས་ལ་མང་ཉུང་ནད་ཚབས་བསྟུན། །གག་ལྷོག་གཟེར་རིགས་ཐམས་ཅད་འཇོམས། །རཏྣ་གླིང་པའི་གཏེར་ཁ་ལས་སོ། །པི་ལིང་གུར་གུམ་ཆ་མཉམ་སྦྱར། །སོས་ཀའི་དུས་སུ་ཟོས་བྱས་ནས། །དེ་རྗེས་རང་གཅིན་དྲོན་མོ་ནི། །ཅུང་ཟད་བཏུང་ན་ཟས་རྣམས་ཀུན། །ཡི་གར་འོང་ཞིང་འཇུ་བར་འགྱུར། །ཨ་རུའི་ཕྱེ་མ་སྦྲང་སྦྱར་ཟོས། །གློ་དང་དབུགས་མི་བདེ་བ་སེལ། །བཅའ་ལྒ་ཡ་བཀྵ་ར་དག །ཟོས་ན་ལྷོག་པ་སེལ་ཞེས་བཤད། །སྦྲང་དང་པི་ལིང་མིག་སྨན་གྱིས། །མིག་ནད་ཐམས་ཅད་སེལ་ཞེས་གསུངས། །འདི་རྣམས་སྔགས་ཀྱི་རྒྱུད་ལས་གསུངས། །ཨ་ཤྭ་གནྡྷ་པི་པི་ལིང་། །ཀ་ར་རྣམས་ཀྱི་ཕྱེ་མ་ནི། །སྦྲང་རྩི་ཞུན་མར་སྦྱར་ལ་བཏང་། །གཅོང་ཆེན་ཟད་བྱེད་ནད་ལས་གྲོལ། །ནས་ཀྱི་ཟས་ཟ་ར་འོ་འཐུང་། །ར་ཡི་ར་བར་ཉལ་བ་དང་། །ར་རིལ་དང་ནིར་གཅིན་གྱིས། །ལུས་ལ་ཁྲུས་བྱུག་དྲིལ་ཕྱིས་བྱ། །དེ་ཡིས་གཅོང་ཆེན་ནད་ཞི་ཞེས། །སྨན་དཔྱད་གཅེས་ཐུབ་དག་ལས་བཤད། །ཤིང་མངར་ཞུན་མར་སྣར་བྱུག་ན། །ནམ་འཚོང་ཡན་ཆད་ནད་ལ་ཕན། །དོམ་མཁྲིས་གུར་གུམ་ཀ་ར་གསུམ། །རྒྱ་སྐེག་ཁུ་བས་ཕུལ་ལ་བཏང་། །བད་སྨུག་བྱེར་བ་སྡུད་
པའི་མཆོག །སྤང་རྒྱན་དཀར་པོ་ཤིང་མངར་གཉིས། །གདུས་ཁུར་ཅུ་གང་ཀ་ར་བཏབ། །ངད་ཡལ་དུས་ན་བསྟེན་པ་ཡིས། །གྲེ་ནད་ཀུན་སེལ་སྐད་སྙན་འགྱུར། །ག་བུར་ཅུ་གང་ཏིག་ཏ་གསུམ། །གྲང་ཐང་བྱས་ལ་བཏང་བ་ཡིས། །ཚ་བས་ཆེར་རྨུགས་གཉིད་འཐིབ་སེལ། །ཅོང་ཞི་ཏིལ་དང་རྩ་ཨ་བ། །དབང་ལག་འོ་མར་གདུས་བྱས་པར། །བུ་རམ་སྦྱར་བའི་ལྡེ་གུ་ནི། །ལྟོ་སྟོངས་ཕུག་རོན་སྒོང་ཙམ་བཟའ། །སྟོབས་ཆེ་མིག་གསལ་རིག་པ་དྭངས། །རྒས་སྲ་རོ་ཙ་ལུས་སྟོབས་ལྡན། །གྲང་བས་ཐིག་ལེ་འཛག་པ་ཆོད། །ཐང་ཕྲོམ་དཀར་པོའི་ལོ་མ་ནི། །སུམ་གཉིས་བྲེ་ག་སུམ་ཆ་ཙམ། །ཞིབ་བཏགས་ཐུན་ཆུང་ཆུ་གཙང་ཕུལ། །ལྐོག་ནད་སོ་སྲིན་ལྕེ་འབམ་དང་། །གག་པ་སྲིན་གླང་རྣམས་ལ་ཕན། །བུལ་ཏོག་ཆུ་ཡིས་ལུས་བཀྲུས་ནས། །དུད་པ་བྱ་བལ་མ་དང་ནི། །སྲན་མའི་མེ་ཏོག་ཞིབ་བཏགས་པ། །བུལ་ཏོག་ཆུ་ཡིས་བྱུགས་པ་ཡིས། །བསེ་དྲི་ངེས་པར་ཐོན་པར་འགྱུར། །མ་དག་པར་དུ་ཡང་ཡང་བསྐྱར། །དེ་རྗེས་དྲི་བཟང་བྱུག་པར་བྱ། །བྱང་བུལ་བཟང་པོ་ཐུན་གསུམ་ལ། །སྟར་བུ་ཐུན་གཅིག་བསྡེབས་པ་ནི། །ཆུ་བསྐོལ་གྱིས་ཕུལ་བཏང་བ་ཡིས། །བརྡབ་དང་གཡང་ལྷུང་རྡོ་དབྱུག་ཕོག །ཁྲག་རླུང་སྟོད་འཚང་དབུགས་མི་ཐོན། །སྨུག་པོ་འགྱིང་འདྲིལ་སྐྲན་སོགས་དང་། །མ་ཞུ་ཤ་དུག་བཙན་དུག་སོགས། །སེལ་བྱེད་ནད་བརྒྱ་སྨན་གཅིག་འདི། །ཟབ་གནད་ཨོ་རྒྱན་སྙན་བརྒྱུད་ལུགས། །ཁྱད་པར་མོ་ནད་འདྲིལ་བ་བཤིག །ཅོང་ཞི་ཆ་དྲུག་རྩ་ཨ་བ། །རྒྱ་མཚལ་བཅས་ཏེ་སྦྱར་བྱས་ནས། །གཞན་གྱིས་མ་མཐོང་རྩི་བཞིན་བཏགས། །ཐུར་མགོ་ཕྱེད་ལྷག་ཆང་གིས་ཕུལ། །རྨས་ཚབ་དང་
བསྟུན་རིམ་བཏང་ནས། །མགོ་ཡི་རྨ་རིགས་གང་ལ་ཡང་། །དྲས་བཅོས་མེ་བཙའ་ལ་སོགས་པ། །མི་དགོས་ཟླུམ་བཅོས་ཐབ་མོ་འདི། །བྱ་མོ་ཁུག་པའི་བདུད་རྩི་ནི། །སུམ་སྦྱོར་ཞེས་སུ་གྲགས་པ་ཡིན། ༈ །བྱིས་པའི་ཆུང་བཅོས་སྐོར། །གློ་ནད་ཚ་བ་ཅན་ལ་གཟེར་འབྱུང་ལུ་ཚ་དྲོད་ཆེ། །ཚ་སུབ་འགོག་མི་ཐུབ། ཐང་པོ་གློ་ནད་རྙིང་པ་རླུང་ལྡན་ལ་ཟེར། །ཚ་ཞད་ཅན་ལ་བློན་པོ་གསུམ་སྟེང་ཤིང་མངར་རྒུན་འབྲུམ་སྲོ་ལོ་སོགས་སྦྱར་འཇམ་ཐང་བཏང་། ཚས་ཆེ་ན་གཏར། ཐང་པོར་ཅུ་གང་ཤིང་ཚ་སུག་སྨེལ་ཤིང་ཀུན་བཏང་། ག་དུར་རྒུན་འབྲུམ་ལི་ཤི་སོགས་སྦྱར། རླུང་ཆེ་གློ་བ་མ་བུའི་གསང་སྤྲ་ཚུགས་རེས་བསྲེག སྙིང་ནད་ཚ་བར་སྙིང་འཕར་ཚབས་ཆེན་བློན་པོ་གསུམ་སྟེང་ཛཱ་ཏི་སྙིང་ཞོ་ཨར་ནག་སྦྱར་བཏང་། ཡང་ན་ཨར་བརྒྱད་རི་སྙིང་ཅན་སོགས་བཏང་། མཆིན་ནད་ཚ་བབ་མཆིན་སྣ་འཕར་ཚབས་ཆེ་བར། ཏིག་ཏ་བ་ཤ་གདུས་ཁུར་བྲག་ཞུན་བཏབ་པ་བླུད། ཡང་ན་གུར་གུམ་པྲི་ཡངྐུ་ཨ་རུ་སྐྱུ་རུའི་ཁུ་བས་འཕུལ། སྐྱེད་ཆུང་ཨ་རུ་ཧོང་ལེན་དུར་བྱིད་གདུས་ཁུས་སྦྱང་། ཕོ་སྟོད་ཚིགས་པ་དགུར་ཆུ་མདའ་ཆུ་ལྕགས་བརྡེག །མཆིན་གསང་རྒྱབ་མདུན་བསྲེག གསུད་པའམ་གྲོད་པ་དྲོད་ཆུང་ལྕེ་མུར་སྟོང་ལྡད་བྱེད། འདར་ཞིང་འཁྲུལ་ཤ་མདོག་སྔོ་སེར་ནུབ་མོ་ངུ་། སྨན་འབྲས་གསུམ་གདུས་ཁུར་ཅུ་གུར་པི་ལིང་བཏང་། སྒ་སྐྱ་ཤིང་ཚ་ཛཱ་ཏི་སོགས་བཏང་། མཁྲིས་ནད་རྣ་རྒྱབ་སོགས་སེར་འཁྲུ་སྐྱུག་སེར་བར། རྒྱམ་ཚྭ་གསུམ་པ་བཏང་། འབྲས་གསུམ་ཏིག་ཏ་གསེར་མེ་སོགས་བཏང་། འབྲས་བུ་ཨིཎྚ་བཞི་ཐང་མཁྲིས་ཕྱེ་བདུན་པས་བཅད། གསེར་མདོག་ལྔ་པ་སོགས་བཏང་། ཕོ་ནད་ཤ་ཚུགས་དྲེག་པ་ཆགས་ཟས་འཇུ་དཀའ་ཡང་ན་སྐྱུག །
དེ་ལ་སེ་འབྲུ་བཞི་སྟེང་གུར་གུམ་སྦྱར་ཏེ་བཏང་། བུལ་ཏོག་ལྕུམ་རྩ་ཨ་རུ་དུང་ཐལ་སྟར་བུ་སྦྲུལ་ཤ་ཅོང་ཞི་སྒ་དམར་མ་ནུ་བཅས་ཞི་བྱེད་དགུ་པ་འདི་འདྲིལ་བ་བཤིག་ལ་བསྔགས། ཤོག་དྲིལ་གཞོན་ནུའི་རྒྱུན་བཤལ་དང་། ཕོ་ནད་མ་ཞུའི་རིགས་ལ་སེ་འབྲུའི་སྨན་བཏང་།སྐྲན་དུ་གྱུར་ན་དེ་ལྟར་བཅོས། མཚེར་ནད་ཁོང་ལྕི་ལྡང་དུབ་བྱེད། ནུ་མ་སོས་འདེབས་བག་རེ་རྔུལ། ཚབས་ཆེ་མཚེར་སྟེང་སྦོས་མནན་ན་ངུ་། མཚེར་སྟེང་ཤ་མདོག་སྔོ། ཚ་བའི་རིགས་ལ་ཀ་ཀོ་ལ་སུག་སྨེལ་ལི་ཤི་གི་ཝཾ་གསེར་མེ་ཏིག་ཏ་སླེ་ཏྲེས་སྦྱར། མཚེར་སྨན་འཇམ་རིགས་སྦྱར། གྲང་བར་ད་ལི་སུག་སྨེལ་ཤིང་ཚྭ་ཁ་རུ་ཚྭ་སྦྱར་བཏང་། མཚེར་གསང་བསྲེག །ལོང་ནད་འཕྲོག་འུར་སྒྲ་བཅས་གསུས་སྤོས་ལ། སེ་འབྲུ་སུག་སྨེལ་ལྒ་སོགས་ལོང་སྨན་བཏང་། གསུས་སྤོས་ཞི་བྱེད་རིགས་བསྟེན། དེ་ལ་ཕྱི་རྒྱུད་སུག་སྨེལ་བཅུ་པའི་སྟེང་ཛཱ་ཏི་སྲམ་ཤ་སྦྱར་བ་བཏང་ཞེས་གསུངས། ལོང་གསང་ལྟེ་བའི་གཡས་གཡོན་བསྲེག །འཁྲུ་ནད་ཚད་འཁྲུ་དབུགས་ཐུང་རྩ་འཕར་སྒོ་དྲགས་བཞིན་སྣུམ་ཕྱི་ཚད་ཆེ་ཤེས་པ་འཐིབ་འཁྲུ་མདོག་དམར་སེར་ལྗང་ཁུ་དུད་ཁ་འོང་བ་རིམས་སམ་ཚ་འཁྲུའོ། །གྲང་འཁྲུ་དབང་གསལ་འཕར་སྒོ་དལ་ནུ་ཞོ་ཙམ་མདོག་སྐྱ་བོར་འཁྲུ་རྒྱུ་ལོང་འཁྲོག་འུར། རིམས་འཁྲུ་ཨིནྡྲ་བཞི་སྟེང་གི་ཝཾ་ཅུ་གང་སྦྱར། རིམས་འཁྲུ་མཁྲིས་ཕྱེ་བདུན་པའམ། བོང་དཀར་དུག་ཉུང་དོམ་མཁྲིས་སོགས་བཏང་། ཡང་ན་རེ་སྐོན་གླ་སྒང་དོམ་མཁྲིས་བོང་དཀར་དུག་ཉུང་གསེར་མེ་བ་ལེ་ཀ་བཏང་། གྲང་འཁྲུ་སེ་འབྲུ་བཞི་སྟེང་གུར་གུམ་བསྣན་བཏང་། མ་ཆོད་ད་ཏྲིག་སོགས་གཅོད་སྨན་བཏང་། འཁྲུ་གཅོད་སྔགས་བཅོས་རིགས་སྦྱར་རོ། །སྐྱུག་ཚ་གྲང་གཉིས་ཚ་བར་ཁྲག་གམ་མཁྲིས་
པ་སྐྱུག ཞོ་རྩམ་པ་སོགས་མ་ཞུ་བ་དེ་དང་ལྦུ་བ་བད་ཀན་སྐྱུག་པ་གྲང་བའོ། །ཁྲག་འབྱུང་ཚ་སྐྱུག་ལ། འདམ་བུ་ཀ་ར་ཙན་དན་དམར་པོ་གླ་སྒང་ཛཱ་ཏི་ཚྭ་ལ་པུཥྐར་སྦྲང་སྦྱར་བཏང་། མཁྲིས་སྐྱུག་ལྕགས་ཁུ། ཡང་ན་བློན་པོ་གསུམ་སྟེང་པུ་ཤེལ་རྩེ་དང་ཀ་ར་སྦྱར། གྲང་སྐྱུག་ཛཱ་ཏི་སུག་སྨེལ་ད་ཏྲིག་སྲ་འབྲས་བུ་རམ་སྦྱར། མ་ཞུའི་ཉམས་ལ་རྒྱམ་ཚྭ་ལྒ་དམར་བུར་དཀར་སྦྱར། འབྲས་ཐུག་ལ་ལ་ལ་ཕུད་བཏབ་པ་བྱིན། ཤོག་དྲིལ་ན་ལེ་དྲུག་པ་བཏང་། སྐྱུག་གཅོད་སྔགས་ཅི་རིགས་བྱ། གྲང་སྤོས་ཟན་དྲོན་དུགས་བྱ། ཚ་སྐྱུག་ཆུ་གྲང་བྲན། གྲང་བ་ཚབས་ཆེར་ལྷེན་སྣ་སྤྱི་གཙུག་བསྲེག དྲི་འགག་ནི་བརྟག་སླ། ཨ་རུ་ལྕུམ་རྩ་བུལ་ཏོག་ཐང་བཏང་། ཡང་ན་སྨན་ཆེན་རྒྱ་ཚྭ་ཞོ་རེ། ཤུག་ཚེར་རེ་རལ་སྤང་སྤོས་གུར་གུམ་བཞི་ཞོ་རེ།གླ་དོམ་གི་ཝཾ་ནས་ཙམ་སྦྱར། རིལ་བུ་དྲིལ་མཚལ་གྱིས་མདོག་བསྒྱུར་བ་སྤྱི་འཇོམས་རིལ་བུ་རྡོ་རྗེ་ཅན་ཞེས་ཟུར་ལུགས་ཕན་ཡོན་རྒྱ་ཆེ་ཡང་རྩ་ཆུ་འགག་པའི་སྨན་ཁྱད་པར་ཅན་དུ་གསུངས། སྐྱིག་བུའི་འཇམ་བཤལ་ཤོག་དྲིལ་ལྟར་བྱ་དགོས་གསུངས། ཆུ་འགག་ལ། གསེར་བྱེ་སྡིག་སྲིན་ལྕམ་པ་གཟེ་མ་རྒྱ་ཚྭ་བ་སྤྲུ་སུག་སྨེལ་རྣམས་ཆུ་སྦུར་དང་བསྡེབས་པ་གསེར་ཕྱེ་བརྒྱད་པ་ཚ་གྲང་ཆུ་འགག་གང་ལའང་ཟབ། སྔགས་བཅོས་བྱ། བྲང་ནད་རྒོད་པོ་ཚ་བ་ཆེ། བྲང་རོ་སྟོད་སྐྲང་ཞིང་གཡོ། འཕར་རྩ་དང་དབུགས་རྒོད་ལྟག་པར་དགྱེ་མིག་འབྲས་ལྡོག་ངུ་བ་དྲགས་ཁ་སྐམ་ནུ་མ་མི་འདོད་དྲེག་པ་ཆགས། རྟིང་འཛུགས་མི་ཤེས་ཧྲིང་ཧྲིང་རྐྱང་། གཡུང་བ་དབུགས་བདེ་ཉད་ཉོད་མང་། ཁ་གདངས་འཛུམ་མི་ཤེས་མཇིང་པ་རེང་རོ་སྟོད་གྱོང་། དེ་ལའང་རྫས་ངན་རྗེས་འབྲང་འདྲེ་སྟང་
ཧར་བ་ཞེས་བྲང་རྒོད་འདྲ་ལ་སྙིང་འཕར་འདར་སྔངས། དེ་བཞིན་སྙིང་བབ་གནས་དབང་གིས་རྟགས་སྟོན་པ་སོགས་བྲང་ནད་བཅོ་ལྔར་བསྟན་གསུངས། རྒོད་ལ་དྲོད་བཅུད་དྲག་པོ་མི་བཏང་གསར་འཇམ་ཞོ་དར་བཏང་། བྲང་གཡུང་ཁ་རས་བསིལ་དྲོད་སྤེལ། སྨན་ག་བུར་ཅུ་གང་གུར་གུམ་ཙན་དན་དཀར་པོ་བཏང་། དེ་སྟེང་གཟེར་འཇོམས་གྲི་ཤ་བཏང་། བྲང་གཡུང་ཛཱ་ཏི་སུག་སྨེལ་ལ་ལ་ཕུད་ཀྱི་ཐང་སོགས་བཏང་། འདྲེ་བྲང་ཚ་བར་བློན་པོ་གསུམ་སྟེང་འཛིན་པ་གུ་གུལ་སྦྱར་ལ་བཏང་། སྙིང་སོགས་ཁ་འཛིན་རིགས་མདས་བསྒྱུར། ཚ་གྲང་རིགས་ལ་བྱིས་པ་གན་རྐྱལ་སྟེང་ཆུ་གྲང་ཕོར་གསུམ་ཕྱར། བལ་འདབ་སྟེང་ལུག་དྲོད་ཆུས་བཀང་དུགས་བྱ། དེ་སྟེང་རང་འཐག་ཡ་གབ་ཀྱིས་དལ་བུས་མནན་སྨན་པས་རྟེན་སྙིང་ཉེར་གཅིག་བརྗོད་ཚེ་བར་དེ་ལ་བུ་ལ་མ་དེས་སྤྱི་བོ་ནས་རྐང་མཐིལ་བར་མར་ལན་དགུ་གྲིལ། བུ་མོར་འཕང་གིས་རྐང་པ་ནས་སྤྱི་བོའི་བར་གྱེན་དུ་དགུ་གྲིལ། དེ་རྗེས་ཨན་སྟོང་ནས་ལྟེ་བའི་བར་བྱིས་པའི་རང་ཚོད་གཞལ་བར་སྐྱེར་ཚུགས་རེ་བཏབ་འཕྲལ་བདེ་སྟེར། གཞན་མཁྱུད་དཔྱད་བཅོས་ཀྱང་བྱའོ། །བྲང་གཡུང་ལ་ཆུ་མདའ་མི་བྱ་སྣུམ་ནག་ཚན་དེ་བྱ་ཟན་འཚོས་དྲོད་དུག་བྱ། ཚ་བ་ཆོམ་ནས་བསྲེག་དགོས་ཏེ་སྟོད་དུ་སྐྲང་ན་སྤྱི་གཙུག་དཀར་ནག་མཚམས་དེ་ནས་གྱེན་དུ་ཚོན་གང་བཅལ། དེ་ཡི་གཡས་གཡོན། ཚོན་རེ་ཕུན་རེ་གཞལ་བ་དཔལ་ཁབ་གསང་། དེ་སྟེང་ཚོན་རེ་ཐུག་ཁབ། དེ་སྟེང་ཚོན་རེ་བྱ་རོག་མིག ཅ་ར་ཁུང་ནས་ཐུར་དུ་ཚོན་དོ་གཞལ་བ་རྣམས་བསྲེག སྨད་དུ་སྐྲང་ན་སྙིང་རྩེ་དང་དཀར་ནག་མཚམས་སུ་བསྲེག གཞན་ནད་གང་བབ་གསང་དུ་བསྲེག བྱིས་པའི་
སེར་ནད་ཞེས་ཚད་སེར་ཚད་རྟགས་དང་ངོ་སྦེད་ལུས་རྔུལ་སོགས། གྲང་བ་གྲང་ཤས་ཆེ་བྲང་རྟགས་མ་ཞུ་འབྱུང་། དེའང་གློ་སྙིང་སོགས་གང་བབ་དེ་རྟགས་སྟོན། པགས་སེར་ཤ་སེར་གློ་སེར་སོགས་གནས་རྟགས་སྟོན། འདི་ལས་ཡིག་སྔགས་བདུག་སོགས་སྤྱི་ལྟར་བྱ། ཁོང་སྨན་བཟང་དྲུག་གི་ཝཾ་ཆུ་སེར་སྨན་གསུམ་སེང་ལྡེང་བཙོད་སྐག་མཚལ་ལི་ཁྲི་འབྲི་མོག་སྟར་བུ་ཁ་ཤའི་རྭ་འདམ་བུ་ཀ་ར་དང་། དེ་སྟེང་གློ་སེར་ཅུ་གང་སྙིང་སེར་སྙིང་ཞོ་མཆིན་པར་གུར་གུམ་ཕོ་ལོང་སེ་འབྲུ་སྦྱར་བ་ཚ་གྲང་སེར་ནད་སྤྱིར་བསྔགས། གསང་སྨན་གོང་མོའི་སྒོ་ང་། གླ་རྩི་མཉམ་སྦྱར་བཏང་བ་ཟབ། གནས་ཀྱི་ཁ་འཛིན་སྦྱར། སེར་ནད་རིགས་བསྲེག་པ་བཟང་། རང་གསང་བསྲེག མི་ལ་ཞེས་པ་སེར་ནད་སྤྱི་འདྲ་ལ། ནད་བདག་དང་རྫས་འགྲུལ་སོགས་རྐྱེན་ན་ཚུལ་སྣ་ཚོགས་ཡོད། རེའུ་ལུག་གུའི་སྐད་འདྲ་འདོན་སོགས། དེ་ལ་གུ་གུལ་མུ་ཟི་ཡུངས་ཀར་ཏེ་ལོའི་ཤ་བདུག་ཁྲུས་བྱ་ཁོང་བཏང་། མདོས་ཀྱིས་བཀར། སྔགས་ཀྱིས་བཅོས། སྨན་སེར་ནད་སྐབས་ལྟར་འཕྲུལ། ཟ་ཡིག་བཏང་རྗེས་བཀྲག་འབེབས་སྨན་མར། དཔྱད་སྤོས་མེ་སྐྱེར་པ་རྭ་ནག་གི་སོ། བདར་ཚུགས་བྱ། ཟས་རེ་འུ་ལུག་གུའི་ཤ་སྤང་གདོན་ཅན་འགྲུལ་རྫས་འཛེམ། ཆུང་སྲི་ཅན་གྱི་རྫས་སོགས་འཛེམ། སྲུང་བ་སྔགས་བྱ། དེས་སོས་སོ། ༈ །།བྱིས་པའི་སྙིང་ལ་ནད་ཡོད་འཕར། གློར་ལུ། མཆིན་མཁུན། ཕོ་བར་སྒྲེགས། མཚེར། སྦོས། ལོང་འཁྲོག རྒྱུ་མ་འཁྲུ། ལྒང་བར་ཆུ་སྲི། བཏང་དུས་ཟུགས་ཆེ། རིམས་སྦྲིད་པ་མང་། ཀླད་པ་ན་ན་གཡལ་མང་། ཕོ་མཆིན་ན་ན་སྐྱིག་བུ་བྱེད། འདི་ཤིན་ཏུ་ངེས་སོ། ༈ །བྱིས་
པའི་རྣ་བཀྲ་བརྟགས་པ་སྣང་གསལ་ཤའི་མེ་ལོང་རབ་གསལ་ཞེས་བྱ་བ། དགེ་སློང་ཕུན་ཚོགས་ཀྱིས་སྦྱར་བར་བྱ་བའི་ཡི་གེ་ཞེས་པ། ལྡེབ་ཆུང་བཅོ་བརྒྱད་ཙམ་ཤིན་ཏུ་ལེགས་པ་འདུག དེའང་གཞི་རྩ་དང་ནད་རྩ་སྣ་ཚོགས་རྣ་བཀྲ་ཤིན་ཏུ་ལེགས། གཡས་གཡོན་རྣ་བའི་རྩ་ལྔ་རེ་ཡོད་ན། ཀུན་གྱི་དང་པོ་མཚུན་རྩ། ཐ་མ་བླ་རྩ་ཡིན། ལྔ་ལས་མང་ན་རྩ་ལྷག་སྟེ་མི་རྩི། བར་གྱི་གསུམ་པོ་ནི་དོན་སྣོད་རྩ་སྟེ། དེ་ཡང་རྣ་བ་བཀྲུས་ལ་དར་གྱིས་ཕྱིས། ཉི་མ་ལ་རྒྱབ་གཏད་རྣ་བ་མདུན་དུ་བྱས་ཏེ་བལྟ། དེ་ཡང་བུའི་རྣ་བ་གཡས་ཀྱི་རྩ་གསུམ་དེ། སྟེང་ནས་མར་གློ་བ་མཆིན་པ་མཁལ་མའོ། །གཡོན་གསུམ་སྙིང་མཚེར་མཁལ་གཡོན་ནོ། །གང་རྒྱས་དེ་ལ་ནད་ཡོད། སྟོད་རྒྱས་སྨད་སྟོང་སྟོད་ཚ་སྨད་གྲང་། རླུང་སྟོང་ལ་སྔོ། མཁྲིས་པ་སེར་སྤུན། བད་ཀན་དཀར་སྐྱ་སྦོམ། ཆུ་སེར་གྱི་ནད་གྲང་བ་སེར་སྐྱ། ཆུ་སེར་ཚ་བར་སེར་ནག རིམས་ཀྱི་རྩ་དམར་ཕྲ་སྤུན། གྲང་ནད་ལ་རྩ་ནག་སྤུན། ཁ་ལང་རྩ་ནག་རྒྱས། སྐྱ་སེར་སྲབ་མཐུག་མི་མཉམ་པ་གང་བྱུང་དེར་རྣག་ཡོང་། སྦོམ་ནག་གདོན་རྩ་སྟེ། མི་འགྱུར་ཕྱི་རྟགས་འདིར་རབ་བ སྟུན་ན་ངེས་ཤེས་སྐྱེ། འདི་དག་ལ་སྙིང་རྒྱུ་མ་གློ་ལོང་སོགས་དོན་སྣོད་ཟུང་སྦྱར་ལུགས་དང་། མོ་ལ་གཡས་གཡོན་རྩ་དང་པོ་གཉིས་གོ་ལྡོག་ལུགས་འདྲ། དེ་དག་ཏུ་མདོག་ནག་པ་དང་རྩ་རྒྱས་པ་བྱུང་ན་ཚ་བ། སྔོ་སྐྱ་སེར་གསུམ་གྲང་བ་ཡིན་ཏེ་རྒྱས་སྟོད་ཅི་ལྟར་བྱུང་ཡང་འདྲ། ༈ གདོན་རྩས་གསོ་ཡོད་ཀྱང་མ་བྲིས། རྩ་དམར་དྭངས་རན་ལ་གསལ་བ་ནད་མེད། རྩ་མོག་མོག་ནག་ན་མདུན་ངོ་། །སྐོད་ནག གཏིང་ནག་རྩོག་ནལ་ངོ་། སྙིང་མཆིན་སོགས་
རྩ་གང་ཡང་ལ་བརྒལ་ངན་དུང་རི་གཞི་མ་ཡིན། ཟངས་རི་བརྒལ་ན་བཅོས་ཐུབ་ཙམ། མཆོང་རི་བརྒལ་ན་བཅོས་སུ་མེད། འཆི་རྩ་ནི་རྩེ་མོ་ཐུར་གུག ཁྲག་རྒྱུའི་ལམ་ཆད་མདངས་ཉམས་སོགས་སོ། ༈ །གཞི་རྩ་མ་ཤེས་ཁ་དམར་ལོག་པས། བཙས་ཡུལ་གྱི་ས་སྐྱོན་ལས། བྲག་རི་བརྩེགས་པར་རྩ་ཡི་བརྩེགས་པ་འབྱུང་། ས་ནག་གས་པའི་དོང་ཅན་དུ་རྩ་དོང་འབྱུང་། ཆུ་གཉིས་ལམ་སྣ་ཤིང་སྣ་འདྲེས་པར་རྩ་ལ་ཡང་ཤོད་བཞི་འདྲ་བ་འོང་། །ཤིང་ནག་མང་སར་རྩ་ཡང་སྐྲ་ཤད་འཛིང་པ་འདྲ། སྐར་ཁུང་གནམ་སྒྲོན་ཡོད་སར་བཙས་ན། རྩ་རྩེར་དབལ་དང་སྐར་ཁུང་ཡོང་། རྒྱ་གྲམ་ལམ་བར་བཙས་ན་རྩ་ཁྲམ་དོད། ལུང་ཕྲན་ས་མདོ་མང་དུ་བཙས་ན། གནའ་རུ་ལུག་རུའི་ཁྲབ་འདྲ་ཡོང་། གཞི་ལ་མེད་ཀྱང་ཕྲལ་བྱུང་ངན་ལྟས་སྐྱ་ཆག རྩ་ཁུག འཛེར་པ། གྲུ་གསུམ་དྲོད་པ་འདྲ་བ་སོགས་རྩ་སྐྱོན་ཡིན། ༈ །དམར་མཉེན་འཇམ་ལ་ཡལ་ག་རྒྱས་རྩ་བ་སྦོམ་སྐེད་པ་དྲང་རྩེ་རྣོ་བ་བཟང་། དབྱིབས་བཟང་ངན་སྣ་ཚོགས་འདུག །སྐྱ་ནག་དམར་ཐིག་མེད་པ་བཟང་། རྩ་ཁྲམ་རྩེ་གུག་སྐེད་པ་ཆད་ཕན་ཚུན་འཛིང་སོགས་ངན། མདོག་ནག་སྐྱ་སེར་སོགས་ངན། མངྒ་ལཾ། ༈ །སྨན་སྔགས་ཁ་འཐོར་གཞུང་དུ་ཕྱོགས་གཅིག་མ་ཐེབ་པ་ལ། ཨོཾ་དུ་དུ། ཞི་ཞི། ནན་ནན། ཁྱུང་ཁྱུང་། ཤེལ་ཤེལ། ལམ་ཤི་ལམ་ཤི་སོད་སྭཱ་ཧཱ། མི་རིང་པའི་སྔགས། བུད་མེད་ཀྱི་རྟ་བོང་གི་ཤ་ཟོས་པས་བུ་ཚ་སྐྱེར་མ་འདོད་ན། བོང་བུའི་རྨིག་པ་བཞར་བ་མེ་ལ་རག་རོག་བསྲེགས་པ་ཆང་ཕུལ་ཕྱེད་སྦྱར་བཏང་ན་མོད་ལ་སྐྱེ། སོ་ཕག་རྙིང་པ་གདུས་ཐང་གིས་ཁ་ལྕེ་གྲེ་བ་སྐམ་པ་སེལ།
འབྲས་སྣ་གསུམ་མཁལ་མ་དང་རླིག་པ་ཆུ་སོའི་སྨན་ཡིན་གསུང་། གྲང་ཆུ་ལ། སྦྲུལ་ཤ །བྱ་རྒོད་ཤ །གོ་བོའི་གྲོད་པ། འབྲོང་ཤ་བཞི་ཆེ་ཙམ་དང་། དྲོད་སྨན། ༡༢ བཅའ་སྒ། རྒྱ་ཚྭ་སེ་འབྲུ་རྣམས་ཞིབ་བཏགས་སྟེང་། གསེར་མདོག སྐྱུ་རུ། གུར་གུམ་གསུམ་བསྣན་བཏང་། ཚ་ཆུ་གྲང་ཆུར་འགྱུར། འཕུལ་བྱེད་རབ་ཆང་གར་མ་དང་འབྲི་མར། མ་འབྱོར་ན་ཐུག་པའམ་ཆང་གང་རུང་ལ་སྨན་ཐུན་ཆེན་གང་བཏབ་ཟོས་འཕྲལ་དུ་ཞི། ནད་དྭངས་ནས་སླར་མི་འཇུག་ཆེད་དུ་རབ་རྟ་རྐྱང་གི་ཤ་མ་རྙེད་ན་ཁྱི་ཤ་བཙོས་ཁུར་གོང་གི་སྨན་དང་སྦྲགས་ཏེ་ཟོས་ན་སླར་མི་འབྱུང་གསུངས། ཐིག་ལེ་འཛག་པ་སྲུང་ན། ནས་ཀྱི་ངོས་དཔྱད་གནོད་ཕུལ་གསུམ། གྲོག་མའི་རོ་ལྔ། གླ་རྩི་སྲན་ཙམ་དེ་གསུམ་ཞིབ་བཏགས་ཆང་སྦྱར་བཏང་བས་ཐུབ། སྟོད་འཚང་ལ་ཕོ་རིལ་ཞིབ་བཏགས་ཆང་སྦྱར་བཏང་བས་ཕན། དུག་རིགས་ཤ་དུག་ལ་ཀོ་བྱི་ལ་བཏུལ་མ་སྲང་ཕྱེད་ན་གི་མ་བཏུལ་བ་སྲང་ཕྱེད་བཅས་ཞིབ་བཏགས། ར་འོས་སྦྲུས་པའི་རིལ་བུ་ལུག་རིལ་ཙམ། ཤིན་ཏུ་ན་ན་ལྔ། གཞན་ལ་གཅིག་ནས་བཞིའི་བར་ནད་དང་སྦྱར་ཏེ་བཏང་བས་སེལ་ཟབ། ཨོཾ་ནན་གྱི་སོད། བོང་ང་དཀར་དམར་ཨ་རུ་ར། དཔའ་སེར་བཞི་ལ་སྔགས་བཏབ། ལོག་ནོན་དུ་སྔགས་མགོ་མཇུག་ཟློག་དུག་ནད་ལ་ཟབ། དུག་མདའ་ཕོག་ན། ན་མོ་ཨོག་གྷ་ཚས་ཏ་སྭཱ་ཧཱ། ར་སོག་ལ་བཟླས་ནས་རྨར་བྱུག་གོ །བཙན་དུག་ཟ་ན་རང་མཁའ་འགྲོ་དཀར་མོ་རུས་རྒྱན་དྲུག་གསོལ་བ་ཕྱག་གིས་བདུད་རྩིའི་བུམ་པ་བསྣམས་པར་བསྒོམ། བྷེ་ཀྲོ་ཏི་ཀཱ་ལཱི། ཧ་རི་ནི་ས་སྭཱ་ཧཱ། འདིས་དུག་བཟའ་ནུས། སྔགས་འདིའི་སྔགས་ཆུས་གཞན་གྱི་དུག་སོས། ཡིན་ནམ་དཔྱད། ཙོང་སྒོག་གི་ཐུག་པ་
བཏང་ན་ཚ་འབམ་གྱི་ཚད་པ་བཅོས་པ་དང་། གྲང་འབམ་ཆུ་གྱོང་པོའི་ནད་ལ་ཆེས་ཕན་པ་ཨ་ཙ་རའི་མན་ངག་གོ ༈ །ག་བུར་སྦྱོར་སྡེས་ཚ་སྲིན་འཇོམས་པ། ག་བུར། ཅུ་གང་། ལི་ཤི། གངས་ཐིག ཨུཏྤལ་སྟར་བུས་བཤིག་པ འི་དངུལ་ཆུ་རྣམས་གངས་ཆུས་འཕུལ་ལ་བཏང་ཤོག་དྲིལ་ལས་སོ། ༈ །ཨུཏྤལ་སྦྱོར་སྡེས་ཁྲག་སྲིན་སྦྱོང་བ་ནི། ཨུཏྤལ། བ་ཤ་ཀ བ་ལེ་ཀ མ་རུ་ཙེ། བྱི་ཏང་ཀ ལང་ཐང་ཙེ་རྣམས་ཆུ་ལ་རྟ་བྱས་ཁོང་དུ་བཏང་དེ་ནས། གཏང་ཞེས་དང་། རྩ་བའི་སྨན་ལྔས་སྲིན་བུ་གསོད་པ། བྱི་ཏང་མ་རུ་ཙེ་ཕུར་མོང་ལང་ཐང་ཚེ། དོ་འབྲས་རྣམས་ཀྱི་རིལ་བུ་ཆུ་བསྐོལ་དབུལ། ལོང་རྩ་གཏར་གསུངས། ༈ །སྲད་མའི་གསོད་བཤལ་ཚ་སྲིན་སྦྱོང་པ་ནི། སྲད་དཀར། ག་བུར། གུར་གུམ། ན་ག་གེ་སར། བ་ཤ་ཀ ཨ་རུ། སྒ་སྐྱ། སྤང་སྤོས་རྣམས་བྱིས་པའི་ཆུ་ལ་རྟ་བྱས་ཏེ་བཏང་། འོ་མ་འདྲ་ན་བཅད་གསུངས། ཤིང་ཀུན་གླ་རྩི་སྒ་སྐྱ་ཞིབ་བཏགས་མར་ཁུར་གདུས་པ་རྣར་བླུག་གསང་བའི་དྲུངས་འབྱིན་ནོ། །མོ་ནད་སྨན། ཙན་དན་གཉིས་རུ་རྟ་ཨ་རུ་ར་གུར་གུམ་སྲམ་ཤ་བོང་ང་དཀར་པོ་རྣམས་ཆུ་ལ་རྟ་བྱས་ཉུང་ཙམ་ལན་མང་བཏང་། འདི་སྟེང་འབྲུག་རུས་སྟར་བུ་བསེ་ཡབ་པ་ལེ་ཀ་འོལ་མོ་སེའི་རྩ་བ་རྡོག་གཅིག་བྱ། ཁབ་ལེན་མདུང་རྩེ་རྡོ་རྒྱུས་གངས་ཐིག་སྐྱུ་རུ་བྱི་ཏང་ཀ་མ་རུ་ཙེ་བཏང་། གླ་རིལ་སོགས་ལུམས་བྱ། ཆུ་སེར་སྨན་གསུམ་རྩ་བ་ལྔ་རྒྱ་རུ་བསེ་རུ་ཀ་ཀོ་ལ་འོལ་མོའི་ཐང་བཏང་། ༈ །གཉན་དང་སྲིན་སོགས་གསོད་སྐབས། རང་རྡོ་རྗེ་མཁའ་འགྲོ་དཀར་མོ་རྒྱན་ལྡན་སྐྱིལ་ཀྲུང་མཉམ་བཞག་བུམ་པ་འཛིན་པ་བུམ་ནང་དངུལ་ཆུ་སྔོ་ཏིང་ངེ་འཁྱིལ་བའི་ཉེས་སྐྱོན་དབུ་བ་དང་། རླངས་པའི་ཚུལ་དུ་བབས། དངུལ་ཆུ་ཉིད་འཆི་མེད་ཡེ་ཤེས་
ཀྱི་བདུད་རྩིར་བྱུང་ནས་ཁར་ཐིམ་པར་བསམ། ཨོཾ་བྷ་ར་ཧི། བྷ་ར་ཀྲོ་ཏི་ཀཱ་ལི། དངུལ་ངར་སོད། མཚལ་ངར་སོད། དངུལ་དུག་ཡལ་ཡལ་ཉལ་ཉལ་སྭཱ་ཧཱ། ཞེས་བདུན་བཟླས་པའི་མཆི ལ་མས་དངུལ་ཆུ་ལག་གཡོན་མཐིལ་བླུག །གཡས་པའི་སྲིན་ལག་གིས་དངུལ་ཆུ་མཉེ་ཞིང་འདྲེས་ནས་དེ་གར་རྗེན་པར་ཟོས་པས་ཉེས་པ་མེད། དངུལ་ཆུ་རྗེན་ཟ་འཆི་མེད་ཚེ་ཆུའི་གདམས་པའོ། །དངུལ་ཆུ་དེ་ལྕགས་ཐུར་གྱིས་བླང་ཉ་ལྕིབ་ནང་བླུག མི་ལག་མི་འགྲིམ་མཁའ་འགྲོའི་དམ་ཚིག་གོ། པགས་ནད་ཁོལ་བུ་སེན་མོ་བཏབ་ཀྱང་མི་ཚོར་བ་ལ། སྐམ་ས་བྱི་བའི་བྲུན་ཆུར་བརྡར་བྱུགས་པས་ཕན། སྦྲུལ་ཤ་སྒ་སྐྱ་ཆ་མཉམ་དར་ཚགས་བཙག་པ་སེ་བ་བཅུ་དྲུག་རེ་ཆུ་སྐོལ་གྱིས་འཐུང་ན། དམུ་ཆུ་སྐྱ་རྦབ་ཀྱིས་སྐྲང་པ། མཁྲིས་པ། རླུང་། མགོན་བ། ཕོ་ནད་སོགས་ནད་གསར་རྙིང་ཐམས་ཅད་ལ་ཕན། ཕུར་ནག་ཤ་ཡི་སྲུབ་ལ་བརྫང་ན་འབུ་མི་འབྱུང་། ཤིང་ཀུན་དྲིས་ཀྱང་ཐུབ། ཨ་རུ་པི་ལིང་ཁ་རུ་ཚྭ་གསུམ་ཞིབ་བཏགས་ཆུ་བསྐོལ་ཕུལ་ན་ཕོ་བ་དང་རྐེད་པ་ན་བར་ཕན། བིར་ཝ་པའི་རིམས་སྲུང་རང་གི་དྲི་ཆུ་བར་པ་ཁྱོར་བའི་ནང་དུ་བླུགས། གཡས་པའི་སྲིན་མཛུབ་ཀྱིས་གཏུགས་ཏེ་སྔགས། ཨོཾ་རཀྟ་ཁྲོ་ལེ་སྭཱ་ཧཱ། བརྒྱ་རྩ་བརྒྱད་དམ་ཉེར་གཅིག་བཟླས། བསྡིགས་མཛུབ་དང་ཆུའི་བར་དུ་བཏབ། སྣ་བུག་གཉིས་སུ་སྲིན་ལག་གཏུགས་ཤིང་རླུང་ནང་དུ་རྔུབ་པས་བསྲུང་ངོ་། ༈ །གསོ་དཔྱད་རྒྱལ་པོའི་དཀོར་མཛོད་ལས། སྙིང་ལ་ནད་ཡོད་ལྕེ་སྐམ་སྤྲིད་པ་མི་ཐོན། གློ་བར་ནད་ཡོད་སྣ་འགག གློ་འོང་། མཆིན་ནད་མིག་དམར་ལ་ཚག གཡལ་མི་ཤེས། མཚེར་བར་མཆུ་སྨུག མཁལ་མར་རྣ་བས་མི་ཐོས། རླུང་གིས་རྩ་རྒོད། མཆུ་འདར་ལྕེ་སྐྱ་རྩུབ་རོ་མི་
ཚོར། སོ་རྟེག རྣ་བ་འུར། ཤེས་པ་འཕྱོ་གཉིད་མི་ཕེབ་པའོ། ༈ །དུག དར་གཅིག་རོ་སྨད་ཆུར་ཞུགས། དེ་ནས་མེར་བསྲོས་པས་མགོར་སོང་ན་ཡིན། ལུས་ཐམས་ཅད་ལ་ར་ཁྲག་བྱུག་པས། སེན་མོ་ཐམས་ཅད་འགོགས་སོང་ན་ཡིན་ནོ། །ཆུ་གཙང་གི་ནང་དུ་མཆིལ་མ་བཏབ་པ་གཏིང་སོང་ཡིན། རེ་རལ་འོ་མར་བཏབ་འཐུང་ཞེན་ལོག་གམ་སྐྱུག་ན་ཡིན་མིན་ན་མིན། མཆིན་པ་དུག་གི་ཞང་པོ་ཡིན། དེར་བབ་བཅོས་དཀའ། འབྲུམ་པ་དམར་པོས་ལུས་ཁྱབ་སྟེ་རེས་ཞི་རེས་འོང་བྱུང་ན་སྨིན་རྟགས་ཏེ་གསོར་མི་རུང་གསུངས། ༈ །རྟག་གཅོད་སྐབས། མུ་ཟི་མར་བསྐོལ་གཡས་སྐོར་དཀྲུགས་ན་སེར། གཡོན་བསྐོར་དཀྲུགས་ན་དམར། གཡས་སྐོར་སེར། གཡོན་བསྐོར་ནག་པོར་འགྲོ་ཟེར་དཔྱད། མངྒ་ལཾ། ༈ །ཕྱུགས་ནད་ནད་རྟགས་འདྲི་བ་གལ་ཆེ། ཕྱུགས་བཅོས། ཆུ་བྱེའུ་ཀླད་དཀར་ཤ་ཡིས་ཆུ་དུག་ཕན། མི་ཁྲག་ཀྱང་འདྲ་ཆུ་དུག་ལ་མཁྲིས་ཁུང་གཏར་ན་ཕན། ཡང་རྟ་ཀླད་དང་ཉ་རུས་ཀྱི་ཁུ་བས་ཕན། ར་ཀླད་དང་བྲག་ཞུན་གྱིས་ཀྱང་ཕན། ཡུ་མོའི་ཕོ་བས་ཕན། ཡང་ར་ནག་ཁྲག་དྲོན་བླུད་ན་ཕན། ངང་སེར་གྱི་སྤུ་བདུག་ན་ཕན། ༈ །རྟ་གསེབ་ཀྱི་རྫིང་གིས་གློ་འབུ་མཆིན་འབུ་ཐུབ། ༈ རྡོ་ཚྭས་ནོར་གྱི་རྒྱུ་འབུ་གསོད། ༈ །རྟ་དྲེལ་རྔོ་ལ་དབྱི་མོང་དཀར་པོ་སྒ་སྐྱ། གཡེར་མ་མུ་ཟི་ནག་པོ་རྣམས་ཆ་མཉམ། སྨན་ཆེན་མཚོན་ཙམ་བཏབ་མར་རྙིང་སྦྱར་བསྲེགས་ལན་གསུམ་བྱུག་པས་ཕན། ཡང་ན་རྒྱ་རྩི་དུག་ལོའི་ཁུ་བ་རུས་རག་སྦྱར་བས་བྱུག་ན་ཕན། ༈ །མི་གཅིན་གྱི་ཀུ་ཀུའི་སྤུ་ནད་སེལ། ཚ་བརྔོས་པ་དང་ཧྭོ་ཚ་གཉིས་ཀྱི་མི་ཕྱུགས་གྲོད་འབུ་སེལ། ལུག་གི་རྭ་མེར་བསྲེག་མར་ཁུར་བཏབ་བཏང་རྒྱུ་མ་ཆད་པ་ལ་ཕན་ནོ། ༈ །ཆུ་དུག་མན་གོང་ཆང་རྭ་ཡུ་ལྔ་ལ་ཆུ་དུག་
རྭ་ཡུ་གང་བསྲེས་ལ་བླུད། དེ་རྒྱབ་ཞག་ཉི་ཤུའི་མཚམས་ཆང་དང་ཨག་ཁུ་བསྲེས་པ་རྭ་ཡུ་ལྔ་བླུད། དེ་རྒྱབ་ཞག་སུམ་ཅུ་ཙམ་ན་ཆང་སྐྱུར་ཨག་ཁུ་སྦང་ཁུ་སོགས་སྐྱུར་རིགས་བསྲེས་པ་རྭ་ཡུ་གསུམ་བཞི་ཙམ་བླུད་ན་མི་ལྡང་ངོ་། །འདི་ཕྱུགས་ལ་ཆུ་དུག་བརྒྱབ་ཐབས་ཡིན་ནོ། །༈ །རྟ་དྲེལ་བོང་གསུམ་གྱི་ཆམ་སྲུང་། གུ་གུལ། ཤ་ཆེན། བྱ་རྒོད་ཤ གནའ་དཔྱད་བའི་རྭ་རྩེ། སྟག་ཤ་བ་ལྔ་པོ་ཆ་མཉམ་བཏགས་པའི་དུ་བ་སྣར་བདུག་པས་ཟླ་རེའི་བར་དུ་ཆམ་པ་ཐུབ་ངེས། ལོ་རེའི་གོང་དུ་དུ་བས་བདུག་ན་ཆམ་པ་འོང་མི་སྲིད། ཆམ་པ་བྱུང་བ་ལ་ལའང་བདུག་པས་གཉན་ནད་ཡིན་ཀྱང་འཚོ་བར་འགྱུར་རོ། །བཟང་དྲུག དཔའ་སེར། ཡུང་པ་སེར་པོ་གསུམ། ཁྱུང་ལྔ་ནག་པོ་དགུ་སྦྱོར་རྣམས་ཕོའི་རྣ་གཡས་མོའི་གཡོན་དུ་བཏགས་ན། ཨོག་འགག་སོགས་སྲུང་། བེའུའི་གདངས་ལ་བཏགས་ན་སྤྱང་ཀི་སྲུང་། ༈ །མི་སྐྲ་ཞིབ་བརྡུང་མར་བསྲེས་རྟ་ནོར་ལ་བྱིན་ན་ཐག་རིང་འགྲོ་ཞིང་སྣང་བ་གསལ། རྟ་ཤ་མེད་ལ་བྱི་ལོང་གི་ཤ་བྱིན་ན་ཕན། རྟ་ལ་བྲག་ཞུན་བྱིན་ན་ཤ་བཟུང་བཟང་། ༈ །འབྲི་མོག་མར་དཀར་སྦྱར་བ་ཕུག་རོན་སྒྲོས་ཁ་དང་རྐང་ལག་གར་ཕོག་ལ་བྱུགས་ན་ཕྱུགས་ཀྱི་ཁ་ཚ་ལ་ཕན། འབྲོང་ཡ་ཤྭའི་སྣས་བེའུའི་ནད་ལ་ཕན་ཏེ་གདང་གང་བསྲུང་། རྐྱང་གི་རྔ་མ་རྟ་ཡི་རྐེ་ལ་བཏགས་ན་རྟ་དེ་ནད་ཉུང་། ༈ སྦང་བྱེ་བའི་ཙུ་ཚུན་རྟ་རའི་ཕྱེའང་དཔྱད། ཕྱེ་མས་རྟའི་སྣ་ལ་མཉེས་ན་རྩ་མི་ཟ། ཙན་དན་ཆུས་སྦྲུས་ན་དག་ཅེས་གཤེད་དམར་རྒྱུད་ལས་སོ། །ས་བཙག །མཚལ། བ་ཤའི་ཁྲག་རྭ་རྣམས་བསྡུས་ཏེ་བྱུག་ཅིང་བླུད་ན་ཕྱུགས་ནད་ཁ་ཚ་ཐུབ། ༈ །གནའ་རྭ། གཉན་རྭ། རྒོ་བའི་རྭ། ཏེ་ལོའི་ཤ །རྟ་བོན། སྤོས་དཀར། གུ་གུལ། གླ་རྩི། མུ་ཟི། ཤུ་དག་རྣམས་ཞིབ་
བཏུལ་ལུག་བྲེས་ལ་བསྐོར་ཞིང་དུད་པས་བདུག་ན་ལུག་ནད་ཀུན་ཆོད་ངེས་སོ། །རྟ་བོང་སོགས་ཀྱི་རྔོ་ལ། ཐར་ནུ་དུར་བྱིད་བུལ་ཏོག་ཕབ། གཡེར་མ་དུད་པ་རལ་ཅན་རྣམས་ཞིབ་བཏགས་མར་རྙིང་ནང་བསྐོལ་དྲོ་འཇམ་བྱུགས་ན་ཕན། ཟངས་རྡོ་བརྡར་བའི་ཕྱེ་མར་ལུག་སོགས་ཀྱི་མིག་གི་ལིང་ཐོག་ལ་བྱུག་ན་ཕན། ༈ །ཀུན་ཏུ་རྒྱུ་སྟེ་ཚྭ་ཁོང་བཏང་ནུ་ཞོ་སྐམ་པར་ཕན། ལུག་གི་འབྲུམ་བུར་སྙན་རྭ་བདུག་ན་ཐུབ་ངེས་སོ། །ཡང་ལུག་ནད་ལ་རྔ་མོང་གི་རྟིས་ལི་བདུག་ན་ཕན། ཡང་ལུག་ནད་ལ་ཏེ་ལོའི་ཤ་སྤུ་བདུག་ན་ཐུབ། ནོར་གྱི་ཁ་ཚ་ལ་སྲེ་མོང་གི་ཤ་ལྤགས་བདུག་ན་ཐུབ། །རྟའི་ཨོལ་ཆོམ་ལ་ཁྭ་ཏའི་ཤས་ཕན། རྟ་ཡི་ཨོག་ཏིས་ལ་གཡེའུ་བདུག་ན་ཕན་ཟེར། ཡང་ཁ་ཚ་ལ་ཕུག་རོན་བྲུན་དང་གླ་རྩི་ཞིབ་བཏགས་མར་དཀར་སྦྱར་ཏེ་ཁ་ནང་རྙིལ་ལ་བྱུག་པས་ཕན་ནོ། །ཁ་ཚ་བླུད་ན། འོམ་བུ། ར་ཤུག ཤུག་ཁྲ། གླ་རྩི། མཚེའམ། རྡོ་རྩི། སུ་དཀར། མུ་ཟི་ནག་པོ། སྲོ་ལོ་སྟར་བུའི་ཁནྜ། ཤུ་དག ཅུ་གང་། ག་བུར། བོང་དཀར་མེ་ཏོག་བྱིན་རྟེན་བཅས་བླུད་ཟེར། ༈ ལྷོག་དམར་ཞེས། ཕོག་མ་ཐག་འཆི་བ་ལ། ཚེར་དུད་སྣ་ལ་བདུག །ར་རྒྱ་བོའི་ཨོག་ཚོམ་ཡང་བདུག །ལོང་མིག་སྦུ་འཁྱིལ་གཉིས་བསྲེག དེ་ནས་ལྷོག་པའི་སྔགས་བྱའོ། །བེའུའི་ཚིག་ནད་ལ་ལྕུམ་རྩ་བསྐོལ་བའི་ཁུ་བ་བླུད། རྔ་མ་བཅིངས་ནས་རྔ་རྩ་གཏར་བས་ཕན། ༈ །ཡང་ཁ་ཚའི་རྩི་གཏོང་ཐབས། ག་བུར་ཆ་གསུམ། ཤུ་དག་ནག་པོ་ཆ་གཉིས། གླ་རྩི་ཆ་གཅིག་བཅས་ཞིབ་བཏགས་ལ་བྱིན་རྟེན་རིང་བསྲེལ། ཁ་ཚ་དང་པོ་ན་བའི་ཕྱུགས་དེའི་ཁྲག་དང་གཅིན་དང་ཁ་ལྦུ་རྣམས་ཆུར་སྦྱར་གར་སླ་ཇ་ཁུ་གར་བ་ཙམ་བྱས། ཇ་སྦྱོར་གཉིས་ཀྱི་ཡུན་ཙམ་དུ་
ཕྱར་ནས་དབུ་སོབ་བཅད་པའི་དྭངས་མ་ལ། གོང་གི་སྨན་བཏབ་པ་འདྲེས་དཀྲུགས། རྭ་གཤོར་གསུམ་རེའི་ཚད་ཙམ་རེ་བླུད་པས་ཁ་མཚམས་ཆོད་པའམ། མིན་ཡང་ནད་བྱམས་པར་འགྱུར། བེའུ་འཆོར་དོགས་གླ་རྩི་ཕྲི་སོགས་བཤད། ༈ །ཡུལ་དེའི་ཆུ་དུག་ཆང་བཟང་བསྲེས་པར་བྲག་ཞུན་ཕྱེ་མ་བཏབ་སྟེ་བླུད་པས་ཆུ་དུག་གཏན་དུ་ཐར། ༈ རྩ་ཕྱང་མའི་དུག་ཡོད་སར་སླེབ་འཕྲལ་རྩ་དུག་དང་ཆང་ཟན་བསྲེས་ནས་བྱིན་ན་གཏན་ཐུབ་ཡིན། ཕྱང་མའི་དུག་གིས་ན་བར་རྐེ་ཆེན་ནམ་ཡར་རྐན་གཏར་བས་ཐུབ། ༈ །ལུག་དང་བེའུར་གློ་འབུ་ཞུགས་རྟགས་གློ་ལུ། སྣ་འཚངས། མགོ་དང་མིག་སྐྲངས་བ་དེ་ལ་རྩི་ཆུ་ཅུང་ཟད་སྣ་ནས་བླུགས་པས་ཕན། ༈ གོར་ཡིན། ནོར་གྱི་རྩི་ལ། ཤ་བའི་གཙོ་ཁྲག་རློན་པ་རབ། མིན་ན་སྐམ་པོ། དེ་བཞིན་གནའ་བའི་སློ་ཁྲག་བཅས། སྨན་གློ་རྩི་ལྟར་སྦྱར་ལ་བཏང་། ཡང་སྲིན་བྱའི་ཤ་རུས་སྒྲོ་བཅས་བསྣུར་བ་སྨན་དང་སྦྱར་ཀྱང་ཆོག་གོ། རྟ་རྒྱུག་དུས་མི་ལད་ཐབས་རྔ་མདུད་ནང་དུ་སྔོ་ཚོམ་རེ་བཅུག་པས་ཕན། ༈ །ཕྱུགས་བཅོས་གྲོང་པ་རྒན་པོའི་ངག་ལས་ཐོས་པ། བེའུ་རྟོལ་ལེ་ལྕི་བ་མི་ཐོན་བཙིར་ཞིང་ན་བ་གྲང་བ་ཡིན། ཚང་རའི་སྟེང་དུ་མེ་བཙའ་འམ་ལྕགས་ཚུགས་བརྒྱབ། རྐང་ནང་ལོང་སོགས་རྫ་མ་བསྲོས་བས་དུགས་བྱ་ཟེར། ཛཱ་ཏིས་ཕན་ཟེར། མར་ཁུ་དྲོན་མོའི་ནང་ཛཱ་ཏི་བཏབ་པ་བླུད། །སེ་འབྲུ་ཤིང་ཚྭ་སུག་སྨེལ་པི་ལིང་དེ་ཀུན་བུངས་མཉམ་ཛཱ་ཏི་བསྡེབས་པ་མར་ཁུ་ཙག་བཅད་དྲོན་མོ་རཱ་ཙེ་གང་ནང་བླུགས་ཏེ་བླུད། ཐུན་ཚད་ཁྱེམ་མགོ་གང་བྱའོ། ༈ །ཤ་ལི་ཧོ་ཏྲའི་གསང་བའི་གནད་བརྒྱད་པ་ལས། ནས་ཚིག་འཁུས་ཐལ་ཆོ་ག་བཞིན། རྟ་ཆེན་པོ་ལ་སྲང་༡ཆ་གཅིག་ཕྲི་བ་བར་མ་ལ། ཐ་མ་ལ་སྲང་ཕྱེད། ཡང་ཐལ་ནི་ཞོ་
གཉིས་སོ། །དབྱར་ཚེ་ཏིལ་མར་དང་། དུས་ཀུན་མར་བཅས་བྱིན་ན། འདིས་རྟ་ཡི་ནད། སྐྲངས་པ་དུག་མཛེ་ནད། ཁོང་སྲིན་རླུང་འཁྱིལ། སྦོས་ནད་གཟེར་ནད། གཞང་འབྲུམ་དང་། ཕོ་བའི་ནད་དང་། ཁ་ཡི་ནད་མ་ལུས་པ་དང་། ཤུ་བའི་ནད་རྣམས་སེལ། ཚད་ཙམ་བྱིན་ན་སྟོབས་བསྐྱེད་མདོག་གསལ། རྟ་ལ་ནས་ཚིག་འཁུས་ཐལ་འདི། བཅུད་ལེན་མཆོག་ཡིན། རྟ་གང་རྟག་ཏུ་འདི་འཐུངས་པ། རྟག་ཏུ་ནད་མེད་འགྱུར། རླུང་མཁྲིས་བད་ཀན་ལྡན་འདུས་དང་གློ་བུར་པ་ཡི་ནད་དང་། ཁྲག་ནད་བྱུང་བ་སེལ་གསུངས་སོ། ༈ །ལན་ཚྭ་བཏབ་ན་རྟ་ཡི་གཅིན་རྟུག་བདེ་བར་རྒྱུ། ལན་ཚྭ་རྟ་ཡི་ཚེ་ཡིན་པས་རྟག་ཏུ་བསྔགས། དགུན་སྟོད་དགུན་སྨན་སྔ་དྲོ། དཔྱིད་སོས་དབྱར་སྟོན་ཕྱི་དྲོ་སྦྱིན། རྟ་རབ་ལ་ལན་ཚྭ་སྲང་དྲུག བར་མ་བཞི། ཆུང་བར་གསུམ། དབྱར་ཚེ་ནི མ་པའི་ལོ་མར་སྦྱར། དགུན་ཚེ་གུ་ཐི་ཡི་ལོ་མ། དཔྱིད་དང་དགུན་སྨད་པ་ཏོ་ལ་ཡི་ལོ་མར་སྦྱར་བྱིན། སོས་ཀ་སྟོན་དུས་མར་སྦྱར་སྦྱིན། རྒྱམ་ཚྭ་རྟ་ལ་ཕན་པའི་མཆོག རླུང་དང་བད་ཀན་སྙིང་ནད་དང་མ་ཞུ་བ་སེལ། རྟ་རྣམས་ནད་མེད་རྔ་རྔོག་ལེགས་པར་སྐྱེ། མེ་དྲོད་མི་བྲི་ཟོས་པ་འཇུ་ཞིང་བདེ་བར་སྨིན། ཕོ་ནད་མི་འབྱུང་། ༈ །ཨ་བར་སྐྱུར་གསུམ་རིམ་པས་སྐབས་བསྟུན་བྱ། སྐེད་པ་བརླའི་ནད་སེལ། ལུས་ཟུངས་ཐམས་ཅད་དྭངས་བར་བྱེད། མདོག་སྟོབས་བསྐྱེད། རླུང་མཁྲིས་བད་ཀན་འཁྲུགས་པ་སྙོམས། སྨིན་བྱེད་ཉམས་སྐྱེད་ནད་སྦྱོང་བར་བྱེད། སྨན་བྲེ་གང་ཆུ་བྲེ་བཞིར་བསྐོལ་བཞི་ཆ་ལུས་པ་ཚག་བཙག་རྟ་ལ་འཇུ་ཚོད་བླུད། རླུང་ནད་ལ་ཏིལ་མར། མཁྲིས་པར་མར་སྦྱར་བླུད། བད་ཀན་ལ་སླེ་ཏྲེས་པི་ལིང་སྦྱར་ལ་བླུད། དེས་མིག་ནད་དང་རླིག་སྐྲངས་
དང་། རྨ་དང་རུས་ནད་འཁུམ་པ། རྔོ་དང་གཡན་པ་འབྲུམ་ཕྲན་དང་། འབྲུམ་བུ་དང་ལྟོ་བའི་ནད་དང་། ལྟོ་ནད་གཞོང་འབྲས་དང་། ལྐོག་ནད་འབྲས་ཀྱི་ཕྲེང་བ་ལ། ཞག་ཉེར་གཅིག་བར་བླུད་ན་བདེ་བ་ཐོབ་བོ། ༈ །ཨ་རུ་ར་རྣམ་རྒྱལ་ཀུ་བ་ལྟར་ཟླུམ། འཕེལ་བྱེད་བུམ་འདྲ་ཟླུམ། སྐེམ་བྱེད་རུས་པ་ཆེ་ཞིང་དཀར། བདུད་རྩི་རྩེ་མོ་སྦོམ། འཚོ་བྱེད་གསེར་མདོག འཇིགས་མེད་ཟུར་ལྔའོ། །ནག་པོ་ཟུར་གསུམ་ལའོ། །དེ་ལྟར་རིགས་བདུན་ལས། རྟ་ཡི་རྐང་པའི་ནད་ལ་འཇིགས་མེད་བཏང་།འཕེལ་བྱེད་དང་བདུད་རྩི་དག་ཤ་ནད་ལ་གཏོང་སྦྱོང་བར་བྱེད་པར་བཤད། འཚོ་བྱེད་སྟོབས་འཕེལ། སྐེམ་བྱེད་མིག་གི་ནད་ལ་བཏང་། རྣམ་རྒྱལ་གྱིས་འཁྲུ་བར་བྱེད། རླུང་མཁྲིས་དང་ཁྱད་པར་བད་ཀན་སེལ་ཏེ་ཉེས་གསུམ་འཇོམས། བ་གཅིན་ནང་དུ་ཟླ་གཅིག་སྦང་། དང་པོའི་ཞག་ནི་རྡོག་མ་ལྔ། གཉིས་པ་བཅུ། ཞག་ནི་ཉེར་གཅིག་བར་ལྔ་ལྔ་བསྐྱེད་དེ་བྱིན། ནིམ་པ་དང་སེང་ལྡེང་ཁུ་བར་ངར་བཏགས་ལ་ལྕགས་སྣོད་བཅུག མཚན་མོ་བཀབ་སྟེ་དབེན་སར་བཞག ལྡེའུ་བཏགས་པའི་ཚད་གང་ཡིན། སྣུམ་གྱི་ཚད་ཀྱང་དེ་ཙམ་སྟེ། སྣུམ་མང་ན་སྐྱོན་ཡོད། ཤུ་བ་གཡན་པ་འབྲུམ་བུ་དང་། མཛེ་དང་རྐང་ཤུ་འབྲས་དང་ནི། ནད་ནི་རྐང་པར་ཞུགས་པ་དང་། གཞང་འབྲུམ་ཤ་བཀྲ་རྐང་པའི་ནད་སེལ། དབྱར་རྒྱམ་ཚྭ་དང་བཅས། སྟོན་ཀ་ར། དགུན་བཅའ་སྒ། དགུན་སྨད་ཁ་རུ་ཚྭ། དཔྱིད་སྦྲང་རྩི། སོ་ག་བུ་རམ་སྦྱར་བྱིན། དེས་མེས་ཤིང་ལྟར་ནད་ཀྱི་ཚོགས་ཀུན་སེལ། གནད་དང་རུས་པ་ཚིགས་དྲུག་ཡོད་པ་ནི་གདབ་པའི་ནད། རླུང་མཁྲིས་བད་ཀན་ཁྲག་དང་ནི། ཡན་ལག་གི་
ནད་སྣ་ཚོགས་སེལ། བློ་སྟོབས་དབང་པོ་ཁ་འབྱེད། ཉེས་འབུམ་ཁ་ཟུམ་གཅིན་རྟུག་དྲི་རྣམས་སྦྱོང་། ཨ་རུ་རས་རྟ་ནད་མ་ལུས་འཇོམས་ཞེས་སོ། །གུ་གུལ། བསྐ་ཚ་ཁ། ཞུ་རྗེས་མངར། མདོག་གསེར་མདོག་བཟང་།ཞག་བདུན་བ་གཅིན་སྦྱར། ཞག་བདུན་འབྲས་གསུམ་སྦྱར། ཞག་བདུན་མར་སྦྱར་སྦྱིན། རླུང་ལ་མར་སར། བད་ཀན་ལ་བ་གཅིན། མཁྲིས་པར་འབྲས་གསུམ་སྦྱར། སོས་ཀ་དབྱར་དུས་མར། སྟོན་དགུན་སྟོད་འབྲས་གསུམ། དགུན་སྨད་དཔྱིད་ཚེ་བ་གཅིན་སྦྱར། དང་པོ་སྲང་ཕྱེད་དང་། སྲང་ཕྱེད་ཀྱིས་རིམ་བསྐྱེད། སྲང་ལྔ་ཆེ་ཚད་དོ། །རྟ་ལ་སྔ་དྲོ་བླུད་ནས་ཕྱི་དྲོ་ཟས་ཤིན་ཏུ་སྣུམ་ཞིང་གཡོས་བྱས་སྦྱིན། ཤ་ནི་དེ་མཐར་སྦྱིན། ཆུ་བསྐོལ་བ་དང་། ལྗང་པ་སྐམ་པོ་སྦྱིན། རྟ་ཆེན་པོ་ལ་མཐར་གྱིས་དྲུག་ཅུ་རྩ་བཞི་སྦྱིན། བར་པར་ཞེ་བརྒྱད། ཆུང་ངུར་སྲང་སུམ་ཅུ་རྩ་གཉིས། འདིས་རྟའི་ནད་གཞི་གསུམ་འཁྲུགས་པ་བསྔགས། ཚིགས་སྐྲངས་པ་དང་སྐྲན་དང་རྨ། ལུས་རིངས་ཡན་ལག་སྐྲངས་དང་གཞང་ཁའི་ནད། ལྟོ་བའི་ནད་དང་བད་ཀན་དང་། འཐེང་བའི་ནད་མཛེ་ནད་བད་ཀན་ལས་གྱུར་དང་། མེ་དྲོད་ཉམས་པ། འབྱུང་བ་མི་སྙོམས་པ་དང་། མཚན་དང་རླིག་པ་སྐྲངས་པ་དང་། ནད་ཐམས་ཅད་སྦྱོང་བར་བྱེད། རྒོད་མ་རྟེའུ་ཤོར་མངལ་མི་ཆགས། བུ་རྟག་འཆི་དང་རྟག་ཏུ་རླུང་གི་གདོན་ལ་བྱིན་པས་ཕན། །ལུས་སྟོབས་གོམ་པ་མེ་དྲོད་སྦྱང་བ་སྦྱིན། །ཁུར་དང་སྡུག་བསྔལ་བསྟེན་ནུས་ལ། །བྱིན་ན་བདེ་བ་ཉིད་འགྱུར་གྱི། །གཞན་ལ་བཅུད་ཀྱིས་ལེན་མི་འགྱུར། །ཞེས་སོ། །སྒོག་སྐྱ་སྐྱུར་བ་མ་ཚང་གཞན་ཀུན་ཚང་། །རྟ་ནད་རླུང་གིས་ཡན་ལག་འགྱུར་
འཁུམ་པ་དང་། འཐེང་བ། ལམ་དུ་དུབ་པས་འཐེང་བ་འགྱོག་འགྲོས། བྱིན་པ་རྒྱབ་དྲུག་མདོ་དཔུང་བ་པུས་མོ་རྣམས་ལ་དུག་ནད་ཞུགས་པ། རྩ་རྒྱུས་ཤ་རུས་ལ་ནད་ཀྱིས་ཁྱབ་པར་གྱུར་ན། དེ་ལ་སྒོག་སྐྱ་ལས་ལྷག་སྨན་མེད་དོ། །ལྟོ་བའི་ནད་ལ་སྒོག་སྐྱ་ཆང་སྦྱར་སྦྱིན། རླུང་འཁྱིམ་སྐྲན་དང་མཆིན་པ་མཁལ་ནད་གསོ་དཀའ་སེལ། རླུང་ནད་ལ་མར་དང་ཤ་ཁུ་སྦྱར། མཁྲིས་པར་ནམ་ཡང་བསྐོལ་ཏེ་བྱིན། རང་སྐྱུགས་ཀཉྩི་ཀ་སྦྱར་ལ། སྦོ་བ་བཤང་འགག་སེལ། ཁོང་སྲིན་ལ་བ་གཅིན་སྦྱར་ཏེ་བླུད། བད་ཀན་འབྲས་གསུམ་ཁུ་བར་སྦྱར། འདིས་རྟ་སྦེག་རིད། རླུང་ནད་ཅན་སེམས་ཉམས། ཁྲག་དང་ཉམས་སྟོབས་ཟད་པ་རྣམས་བརྟ་བའི་མཆོག་གོ། ལུད་པ་དབུགས་མི་བདེ་སེལ། ནད་ཀུན་འཇོམས། ཏིལ་མར་སྦྱར་བས་བད་རླུང་འཇོམས། མར་སྦྱར་རླུང་མཁྲིས་སེལ། འོ་མ་བུ་རམ་སྙིང་ཁུར་སྦྱར། ཁྲག་མཁྲིས་སེལ་བྱེད་ཡིན། མེ་དྲོད་ཉམས་པར་རྒྱམ་ཚྭ་ཆང་སྦྱར་སྦྱིན། འོན་ཀྱང་སོས་དང་སྟོན་དུས་སྒོག་སྐྱ་མི་སྦྱིན་ནོ། །གལ་ཏེ་རྨོངས་པས་སྟེར་གྱུར་ན། རྟ་ནི་ཉེ་བར་གསོད་པ་ཡིན། རྒོད་མ་ལ་མངལ་ཆགས། གསེབ་ཀྱི་ཁུ་བ་འཕེལ། རླུང་ནད་ཚིགས་ལ་ནད་བྱུང་བར་མཆོག་གོ། སྒོག་པ་ལ་སྣུམ་ཉིས་འགྱུར། སྣོད་བཟང་ནང་བཅུག དབེན་གནས་སྦ། ལོ་གཅིག་ལོན་ནས་དྲི་བྱུང་གྱུར། རྟ་ལ་གཏར་ཀ་སྦྱོང་སོགས་བྱས་ལ་མཆན། དེ་ཚེ་དུས་ཚིགས་ཁྱད་པར། རྟའི་མེ་དྲོད་སྦྱར་བཏང་། རྟ་རབ་སྲང་ཉི་ཤུ། བར་མ་བཅོ་ལྔ། ཐ་མ་བཅུ། ཕག་ཉ་བྱིའུ་འོང་རྗེས་རི་དྭགས་མར་བཏབ་གཡོས་ལེགས་པས་སྦྱར་བྱིན་པས་རྟའི་བཅུད་ལེན་དམ་པ་རྒས་པ་གཞོན་འགྱུར་ཚེ་འཕེལ་ལོ་ཞེས་བཤད་དོ། །དགེའོ། ༈ །གསེར་གཟུངས་སྙན་བརྒྱུད་མ་ནི།
ནུབ་ཕྱོགས་ཨུ་རྒྱན་པདྨ་དཀར་པོའི་གླིང་དུ་ནང་པ་དར་ཚེ་མུ་སྟེགས་ལྷས་ངན་སྦྱོར་དུག་གིས་སྟོང་ཕྲག་བཅུ་གཉིས་ཤི། རྒྱལ་པོའི་ཐུགས་དམ་སྨན་བླར་གསོལ་བ་བཏབ་ཁྱེའུ་ཆུང་སྔོན་པོ་ལོ་བཅུ་གསུམ་པ་གཅིག་འོང་། རིན་པོ་ཆེའི་སྣོད་དུ་སྔགས་འདི་གསེར་གྱི་ཡིག་འབྲུར་སྐྱུགས་པས་གསེར་གཟུངས་སུ་གྲགས། དེས་དུག་ཐམས་ཅད་ཞི་སྟེ་རིམ་པར་བརྒྱུད་དེ་ཡོན་ཕུལ་དུག་བཟློག་ལོ་རྒྱུས་མང་། ཨཱོཾ་ཀ་ལི་ཀུ་ཀུ་རི་ཧཱཾ་འུཾ་་ཛུ་བ་ཏི་སེ་ཏ་ན་ཏ་བྷི་ས། བྷ་གང་འུཾ་ཨ་ན་བྷིས། པ་རི་ཀཾ་འུཾ་ཨ་བྷིས། གམ་ལུ་དྷི་བྷིས། ཧ་ར་ཧ་ར་མེ་འུཾ་དྷུ་ཀྵ་སྭཱ་ཧཱ། སྲབ་བྷ་ར་བྷིས། ལ་རི་ཀ་རི་ཨ་མྲྀ་ཏ་ཀ་རི། པ་རི་ན་ཧོ། མ་ཧཱ་དྷེ་ཧོ། ནི་ལན་ཀན་ཏ། ཏོ་ཧོར་ཙད་ཏ་ར་བྷིས། ན་དྷི་བྷིས། ཞེས་སོ། །དག་ཡིག་ནི་ཡིག་འབྲུ་གྱ་དགུ། ཚིག་འབྲུ་བདུན་ཅུ་རྩ་དྲུག གི་གུ་བཅུ་དགུ། ཞབས་ཀྱུ་བཅུ། ན་རོ་ལྔ།འགྲེང་བུ་གསུམ། བརྩེགས་པ་ཉི་ཤུ། ཀླད་ཀོར་བདུན། ཚེག་བར་བཅུ་གཉིས་ཡོད་པ་ལ། ཀླད་ཀོར་ཐམས་ཅད་ང་ཁོ་ན་བཀླག །གཅོད་མཚམས་ཚེག་བར་གྱིས་ཤེས་ལ། རིང་ཐུང་གདངས་སློབ་དཔོན་གསུང་ལས་ཤེས། བསྲུང་གསོ་གཉིས་ཀ་ལ་གོང་བསྙེན་གལ་ཆེ་བས་རྒྱལ་ཕུར་འཛོམ་པ་ནས་བཟུང་བཀྲ་ཤིས་དབེན་གནས་སུ་མཚམས་དམ་བཅད་ཞག་བདུན་བསྙེན་པ་བྱ། སྔགས་བཟླས་དུས་བསྲུང་བྱའི་དམ་ཚིག་ནི། མཚེར་པ། ལྕེ་རྩེ། སྒོ་ང་། སྒོག་པའི་རིགས་མི་བཟའ། ཡུགས་ས་མ་ལ་མི་རེའོ། །དམིགས་པ་རང་ཉིད་སྨན་རྒྱལ་ཁྱེའུ་ལོ་བཅུ་གསུམ་ལོན་པའི་ན་ཚོད་ཅན། བཞེངས་ཚུལ་སྐུ་མདོག་སྔོ་བསང་རལ་པའི་ཐོར་ཚུགས་ཅན། ཕྱག་གཡས་ཨ་རུ་གསེར་མདོག་རྨ་བྱའི་སྒྲོ་ཆུན་བསྣམས་པས་སེམས་ཅན་ཐམས་ཅད་ཀྱི་དུག་ནད་སེལ་བའི་ཐུགས་ཀ་ནས་འོད་
འཕྲོས། སངས་རྒྱས་བྱང་སེམས་ཐམས་ཅད་སྨན་རྒྱལ་རྣམ་པར་སྤྱན་དྲངས་རང་ལ་ཐིམ་པར་བསམ་ལ་བཟླའོ། །བསྙེན་པ་ཐེམ་ནས་དང་པོ་རང་གཞན་བསྲུང་ན་མཐིང་ཤོག་གམ་དར་སྔོན་ལ་གསེར་གྱི་སྔགས་རྣམས་ལྷག་ཆད་མེད་པ་དབུ་ཅན་ཕྲེང་གཅིག་བྲིས་ཚེག་སྤངས། མ་འབྱོར་ན་ཤོག་བུ་གང་རུང་ལ་མཚལ་ལམ་རྒྱ་སྣག་གིས་བྲིས། བྱུག་རྫས་རྨ་བྱའི་མདངས་གཞོབ། སྲུབ་ཀའི་འབྲས་བུ། ཡུང་བ། མགྲོན་ཐལ་བཞི་པོ་སྣག་ཚར་བསྲེ། བསྲུང་བའི་གྲིལ་ཤིང་གཟུགས་མོ་བྱི་ཐུར་གྱིས་བྱ། གཤམ་ནས་གྲིལ། དར་སྐུད་དམར་པོས་བཅིངས། དེའི་ཕྱིར་དར་གནམ་ཁ། དེའི་ཕྱིར་ཏཱ་ཧུང་། དེ་ནས་སྐོགས་གང་ཡིན་གྱིས་གཏུམས་ཡིག་མགོ་གྱེན་བསྟན་དུ་བསྟན། ཟས་ཟ་བ་དང་གཏམ་སྨྲ་ཚེ་སྲུང་བ་འགུལ་བ་ཙམ་གྱི་དམ་ལྷོད་བྱས་ནས་མགུལ་དུ་བཏགས་སོ། །རང་སྲུང་ལྟོ་སྟོངས་དང་དོགས་པའི་ཟས་ལ་ཟ་ཁར་ཉེར་གཅིག་བཟླས་པས་ཐུབ། གསོ་ཐབས་ནི་རིན་ཆེན་ཀ་ཊོ་རར་ཆུ་གཙང་བླུགས་ལ། ནང་དུ་ཡུངས་ཀར་འཇམ་དཔལ། ལྡུམ་བུ་རེ་རལ་ཕྱག་རྡོར། ཨ་རུ་རྣམ་རྒྱལ་སྨན་བླ། བོང་དཀར་སྐྱབས་གྲོལ། དཔའ་སེར་གསེར་ཐུབ་ཏུ་བསྐྱེད། འདི་རྣམས་ཐུན་རེ་དར་དཀར་གྱིས་གཏུམ་གཞུག་དངུལ་ཆུ་ཡང་སྲང་ཕྱེད་ལས་མི་ཉུང་བ་བཏབ། དར་དཀར་གྱིས་ཁ་བཀབ། དེ་ནས་རང་སྨན་བླར་གསལ་བའི་ཐུགས་འོད་ཀྱིས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་བྱིན་རླབས་དང་། འབྱུང་བ་ལྔ། རིན་པོ་ཆེ་སྨན་གྱི་བཅུད་ཐམས་ཅད་བསྡུས་ནས་སྔགས་ཆུ་ལ་བསྟིམ། རྨ་བྱའི་སྒྲོ་ཆུན་གྱིས་ནད་པའི་དུག་ཐམས་ཅད་བྱབས་པར་བསམ་ལ་སྔགས་
སྨྲ་བཅད་བཟླས་ཆུ་ལ་བཏབ་སྔགས་ཆུ་དུས་གསུམ་ནམ་གུང་སྟེར་དུག་ཐམས་ཅད་དེས་ཐུབ་བོ། །དེའང་དང་པོར་སྡུད། བར་དུ་གསོད། ཐ་མར་དུག་རོ་སྟེང་འོག་གང་རུང་ནས་སྦྱོང་སྟེ་འཐོན། གོང་གི་སྨན་མ་འཛོམས་ཀྱང་ཆུ་གཙང་ལ་སྔགས་བཟླས་པས་ཐུབ་སྟེ་མྱོང་གྲུབ་བོ། ༈ །ད་ནི་དུག་ནད་ཤིན་ཏུ་ཞེན་ཚབས་ཆེ་བ་ལ། ཤིན་ཏུ་ཆེར་གསང་བ་སྙན་བརྒྱུད་ཉིང་ཁུ་ནི། གོང་གི་སྔགས་ཆུའི་རྫས་ཀྱི་དངུལ་ཆུའམ་དངུལ་ཆུ་གཞན་གང་ཡང་རུང་སྟེ། ནད་མ་དྭངས་བར་དུའམ་ཟླ་ཕྱེད་ཙམ་དུ། དངུལ་ཆུ་ལ་ཕུག་གི་ས་བོན་ནམ། སྲན་ཆུང་ཙམ་རེ་ལག་ གཡོན་དུ་རང་གི་མཆིལ་མས་ཆོས་འབྱུང་བསྣོལ་མ་བྲིས་པའི་དབུས་སུ་བཞག དེ་ཡི་གེ་བམ་དམར་པོ་རུ ་བསམས་ནས་གཡུང་ཡིན་ན་དེ་ག་སྟེར། རྒོད་ཡིན་ན་སྔགས་འདི་ལྔ་བཅུ་བཟླས་སྲིན་ལག་གིས་མཉེས་ནས་བྱིན། སྔགས་ནི། དངུལ་ངར་སོད། མཚལ་ངར་སོད། ཨ་ཏི་ཧོ། ཞེས་སོ། །དེ་མ་ཐག་ཏུ་ཀུན་བྱེད་ཚངས་པའི་ནོར་བུ་ལ། སྔགས་བཟླས་བཏབ། དངུལ་ཆུའི་བུང་ཙམ་གྱི་རིལ་བུ་སྟེར་བ་ནིརྨ་བྱ་མཇིང་བསྣོལ་གྱི་སྦྱོར་བ་ཞེས་བྱ། དེས་བླ་མའི་ཐུགས་བརྒྱུད་བསྐུལ་སྔགས་ཆུའི་ངར་བསྐྱེད་ནས། ནད་ཐམས་ཅད་སྡུད་གསོད་སྦྱོང་བའི་སྔ་ལྟས་སུ། བོང་ངའི་སྨན་ནད་ལྟ་བུ་འབྱུང་བ་སྐྲག་མི་དགོས་སོ། །གལ་ཏེ་དབང་རིལ་བཟང་པོ་གཏོང་ན་ཡང་དངུལ་ཆུ་ལག་པར་མཆིལ་མས་བཤིག་པ་དང་ལྷན་ཅིག་ཕུལ་ནས་མིད། ལར་འདི་དབང་རིལ་ལ་མ་ལྟོས་སོ། །ནད་ཐོན་ལྟས་ངེས་ཅན་མ་བྱུང་བར་ཆང་གི་རིགས་འཛེམ། དཀར་གྱི་རིགས་བསྟེན། ཉ་ཕག་མ་སྨིན་རུལ་སུངས་ཅན། སྔ་གོང་མི་འཕྲོད་རིགས་མ་གཏོགས་ཤ་གསར་
འཇུ་སླ་བཏང་། འདི་དུས་གྲང་ནད་ལང་རྟགས་བྱུང་ན་ཕྱིར་བྱུག་པ་སོགས་ལས་ནང་དུ་དྲོད་བཅོས་ཆེར་མི་རུང་། མིག་སེར་སོགས་མཁྲིས་རྟགས་བྱུང་ན་གུར་གུམ་བཟང་པོའི་ཀླུང་ཆུར་སྔགས་བཏབ་བྱིན། གཞན་གཏར་སྲེག་བཤལ་སྐྱུགས་སོགས་སྨན་དཔྱད་གང་ཡང་བྱ་མི་དགོས་སོ། །འདི་ཁོ་ན་ཆིག་ཐུབ་རྒྱལ་པོ་ཟླ་མེད་དེ། ས་སྟེང་འདི་ན་དུག་གསོ་སྲུང་ལ་ཟབ་པ་གསེར་གཟུངས་འདིས། སྔོན་ལས་ཚེ་ཟད་མ་གཏོགས་འཚོ་ངེས་མྱོང་གྲུབ་སྟེ། ཆོས་སྲིད་ཅན་གྱི་བླ་མའམ། འདི་མཉམ་གདམས་པར་བརྗེ་བའམ། གཞན་དོན་མིན་པ་བསམ་རྒྱུ་མེད་པ་གསེར་སྲང་གང་ལས་མི་ཉུང་ཕྱག་རྟེན་མེད་པར་སྦྱིན་མི་རུང་ཞེས་བླ་མའི་བཀའ་རྒྱ་དྷརྨས་སོ། ༈ །མན་རྒྱུད་དུ་གསུངས་པའི་ཀཱ་ལི་དོན་བདུན་མ་འདི་དུག་གི་གནོད་པ་ཐམས་ཅད་སེལ་བའི་སྔགས། ཤེད་ནོན་བུ་དང་བཅས་པ་བཙན་དུག་ཟ་བའི་སྔགས། དཀྲུགས་ལེ་བདུན་པ་རྨ་བྱའི་རང་སྐད་བཙན་དུག་ཟ་བའི་སྔགས་ས མ་ཆ་ལ ག་ལས་སོ། །རྒྱུད་ཀྱི་གསེར་གཟུངས་དང་འདི་གཉིས་ལ་འབྲུ་སྒྲོས་ཅུང་མི་འདྲ་བ་རེ་ཟུང་སྣང་ངོ་། །མཆན་ཡིན། །དགེའོ། ༈ །སྦྱོང་གི་སྐོར། དུག་ལ་ཀོ་ཋའི་བཤལ། དམུ་ཆུར་སྒ་ཏིག་གིས་སྦྱོང་བྱ། ནད་ཀུན་ལ་བ་ཆུ་བཟང་། ཚེར་སྔོན་ཆུ་རྩ་ཐར་ནུ་གསེར་མདོག་ཤ་ཆེན་རྣམས་ཚད་ལྡན་ཆང་ནར་སོན་གྱིས་རིལ་བུ་དྲིལ། རུས་བཅུད་ཁུ་བས་དབུལ། སྔོན་རྗེས་སྦྱོང་སྤྱི་ལྟར་བྱ། འདི་ལ་རླུང་ཤས་ཆེ་ན་ཛཱ་ཏི། མཁྲིས་པར་སུམ་ཏིག་བད་ཀན་ལ་མ་ནུ་ཁྲག་ལ་སྐྱུ་རུས་ཁ་སྒྱུར་སྦྱར། འདིས་སྟོད་འཚང་དང་སྲོག་རླུང་མ་ལུས་ཐུར་དུ་སྦྱོང་བ་མྱོང་གྲུབ་ཅེས་ཟུར་རྗེས་གསུངས། རྗེས་གཅོད་དྲུག་བདུན་དཀར་ནག་མཚམས་སུ་མེས་བསྲེག་གོ་གསུངས། ཆ་ལག་བཅོ་བརྒྱད་ལས་གསུངས་པ་འཚོ་
བྱེད་གཞོན་ནུའི་འདུ་བ་ཆ་སྙོམས་བཤལ་འདི་ནད་ཀུན་དང་ཁྱད་པར་དུག་ལ་ཟབ། མི་སྐྱུགས་མི་འགྱིངས་འབིགས་པ་སླ། བཤལ་ཉེས་པས་ནད་དུ་མི་འགྲོ་བ་བདུད་རྩི་ལྟ་བུའི་བཤལ་ནི། ཨ་རུ་གསེར་མདོག་མཆུ་སྙུང་ཉེར་གཅིག མ་རྙེད་ན་བདུན་ལས་མི་ཉུང་བ་གྲང་ཚད་ཨ་རུ་གཞན་གྱིས་བཀང་། ནད་སྡུད་བྱེད་ཚྭ་ལ་རིལ་མ་ཙམ། ནུས་བསྐྱེད་དུར་བྱིད་དང་ཆུ་རྩ་རིལ་མ་ཙམ། ཆུ་མ་རྩི། བུལ་ཏོག རྒྱལ་པོ་བཞི་ལ་བློན་པོ་ལྔ། ནད་སྟེང་སྣ་ཁྲིད་ནི། གྲང་ནད་དང་རླུང་གིས་སྦོས་པར། ཨ་གར་ཛཱ་ཏི་ཤ་ཆེན་སྒ་སྐྱ་དང་རྒྱམ་ཚྭ། ཚད་པར་ཧོང་ལེན་པ་ཏོ་ལ། གཉན་ལ་གུ་གུལ། ཆུ་སེར་ལ་གླ་གུལ། སྔོན་བུ་ཆུ་སེར་སྨན་གསུམ། དུག་ལ་རྒྱ་ཚྭ། སྐྲན་ལ་ཚ་བ་གསུམ། དམུ་ཆུར་སྲད་དཀར། ཟིན་ཏིག བོང་དཀར། སྲིན་ལ་བྱི་ཏང་ཀ གཡེར་མ། མ་རུ་ཙེ་སྦྱར་ལ། གྲང་བར་བུར་ཆང་། ཚ་བར་བ་ཆུའི་རྟར་བསྐྱོན་ཏེ་བཏང་བས། རྒྱུན་སྦྱོང་ཉིན་གཅིག་མ། ནད་ཀུན་ལ་བསྔགས་པའོ། །རྒྱུད་ཀྱི་སྦྱོང་སོགས་གཞུང་དུ་ཡོད། བད་རླུང་ཐུར་སྦྱོང་། ཨར་ནག་ལི་ཤི་ཛཱ་ཏི་པི་ལིང་སྒ་སྐྱ་རྒྱམ་ཚྭ། ཨ་རུ་བ་རུ་རྒྱ་ཚྭ། ཐར་ནུ། དུར་བྱིད་ཤོག་ཤིང་རྣམས་ཐུན་རེ་ཆ་མཉམ་གཙོ་བོར་དར་མའི་ཤ་ཆེན་ཐུན་གསུམ་སྦྱར། རླུང་མཐོ་ན་ཤིང་ཀུན་གོ་སྙོད་བསྲེ། མཁྲིས་པ་འདྲེས་ན་དུག་ཉུང་གསེར་མེ། བད་ཀན་ཤས་ཆེ་ལྕུམ་དཀར་རྩ་བ། སྙིང་རླུང་ལ་ཞོ་ཤ་དང་སྨན་ཆེན་ཁ་ཚར་བཏབ། ཞིབ་བཏགས་བུ་རམ་གྱིས་དྲིལ། སྣུམ་འཆོས་རྗེས་རིལ་བུ་མྱོས་ཁུས་དེད། གཉིས་གསུམ་ཙམ་འཁྲུས་ནས་རུས་ཁུའི་ལྕག་གིས་དེད་ལོག་གནོན་གང་གཟེར་རྡེའུ་ཆང་བསྲོས་བདུག སྐྱུགས་ན་རྡོ་གྲང་ཆུ་ལྕག་སྦྱོར་བས་བཟློག །རྗེས་གཅོད་གསང་བཞི་བསྲེག་ལ་ལུས་ཟུང་
གསོ། སྟོད་ཀྱི་བད་རླུང་འཁྲུགས་པའི་རླངས་པ་གྲེ་བར་འཁྱིལ་ནས་གཟེར་བ་དང་། འདུས་ནད་འཁྲུགས་པའི་ནད་རླངས་སྟོད་འཚང་། བད་རླུང་བསྡོངས་ནས་ན་བ་སོགས་སྨན་དཔྱད་གཞན་བརྡུག་བཟོད་མེད་འཆི་བ དག་གྲེ་བར་ཚུད་འདྲ་ལ་ཐབས་འདིས་མྱུར་དུ་བཟློག བད་རླུང་ཐུར་དུ་སྦྱོང་བར་མ་བཤད་བྱང་། ཁྱད་འཕགས་གདམས་པ་འདི་ཀུན་མཁྱེན་ཀརྨ་པ་རང་བྱུང་རྡོ་རྗེ། སྤྲུལ་པའི་སྐུར་ཡེ་ཤེས་ཌཱ་ཀིས་ཕུལ་བའོ། །བད་ཀན་ནད་ལ་ཚ་ལའི་འཕྲུལ་བཤལ་ནི། ཚ་ལ་བདུན། དན་རོག་ལེགས་པ་བདུན། བུལ་ཏོག་ཐུན་གསུམ། དུར་བྱིད་མཐེབ་ཙམ། རྒྱ་ཚྭ་སྦྲུལ་ཤ་པི་ལིང་དུང་ཐལ་རྣམས་ཐུན་བཟང་རེ་བཅས་སྟར་ཆུས་འདམ་འཐག་རིལ་བུ་སྲན་ཕོས་ཙམ་དྲིལ། བདུན་དགུ་སོགས་ཉུང་སྦྱར་བཏང་། སྔོན་དངོས་རྗེས་ཀྱི་བྱ་བ་བཤལ་སྤྱི་དང་འདྲ། མ་ཞུ་ལྷེན་ལྕགས་དྲེག་སོགས་དང་། ཁྲག་ངན་ཕོ་བར་ལྷུང་བ། འོར་དང་གྲང་སྐྲན་སོགས་འཇོམས་སོ། །ཁྲག་བཤལ་སྙན་བརྒྱུད་མ་ནི། སྲད་དཀར་མེ་ཏོག་འཁོར་ལོས་སྒྱུར་རྒྱལ་ཟེར། དུད་འབྲས་ཞེས་པ་དུད་ཐལ་ལོ། །ཆ་གཅིག བུལ་ཏོག་ཚ་ལ་ཆ་རེ་རེ། དན་རོག རྒྱ་ཚྭ། ཐར་ནུ། ཆུ་རྩ་བཞི་སུམ་འགྱུར་རྣམས་ལོ་བརྒྱད་ཆུ་དང་བཅས་པས་བཞུ་བཤིག་སྦྱོང་ཀུན་བྱེད། ལྕག་ཏུ་རྒྱམ་ཚྭའི་ཆུ་བསྐོལ་ཡང་ཡང་བཏང་། རྗེས་གཅོད་བཤལ་གྱི་གཞུང་དང་མཐུན། སྐལ་ལྡན་བུ་མིན་པ་ཀུན་ལ་བཀའ་རྒྱས་བཏབ་བོ། །ཐར་ནུ་ཆུ་རྩ་རེ་ལྕག་རྩ་བ་གསུམ་ཡིན། དེ་སྟེང་དུར་བྱིད་ཨ་རུ་མཆུ་རིང་བསྡེབས་པས་གག་ལྷོག་རྒྱུ་གཟེར་གཉན་གླང་གཟེར་ཐུང་མཁྲིས་རིམས་དང་། ཁྱད་པར་རྨ་ལ་མཁྲིས་པའི་ཐབ་ཀྱིས་ཉེན་པ་སོགས་སྦྱོང་ངོ་། །བྱང་པ་དམར་ཁྲ་ཉེར་གཅིག་བར་ཤོག་བཅས་པ་ལ་དུག་འཕྲོག་ཏུ་ཤིང་མངར་
པི་ལིང་ཅུང་ཟད་བཏབ། རྒྱ་ཚྭ་མཚལ་དཀར་ཚྭ་ལ་ཧ་ཤིག་རྡོ། །ལྕམ་འབྲུ་སྡིག་སྲིན་ཐུན་བཟང་རེ་རེ་མཉམ། །ཁ་སྒྱུར་གང་དགོས་རྣ་འབྲུ་རེ་རེས་ཆོག །ཅེས་རྩ་སྦྱོང་རྣ་འབྲུ་མའོ། །རྗེ་གཡུ་ཐོག་པའི་ཤོག་དྲིལ་སྐོར་གསུམ་ལས་སྦྱོང་གི་སྡེ་ཚན་སྐོར་དུ། སུག་སྨེལ་གྱིས་ཕོ་བའི་གཞི་འཛིན། གུར་གུམ་གྱིས་མཆིན་པ་སྐྱོབ། ཤྲཱི་ཁཎྚས་བུངས་ཆེ་ཞིང་གཉུག་རིང་དུ་འཁྲུ། དོང་གའི་འཁོར་ལོས་འཁོར་ཞིང་འཁྲུ། དན་དས་རྒྱུག །སྔོན་བུས་འཁྲོག །དུར་བྱིད་དཔའ་བོ་སྟོབས་དང་ལྡན། རྒྱ་ཚས་འབིགས། བྱང་བས་འདེད། སྡིག་སྲིན་ནད་རྣམས་རྩ་ལམ་འཁྲིད། བྱེ་མས་གནོན། ཐང་ཆུས་དཀར་པོ། རྩ་ལམ་འབྱེད། བུལ་ཏོག་གིས་ན་ཚ་མེད། མཆུ་སྙུང་གིས་ནད་རྣམས་ཚོལ། སྔོན་བུས་ཆུ་སེར་སྦྱོང་། སྡིག་པས་ཁྲག་རྣམས་སྦྱོང་། རྒྱམ་ཚྭ་ཕ་ཝཾ་ལོང་རྡོས་རྩ་ཟུག་འབྱིན་ཅིང་འགོག་པར་བྱེད། ཆུ་རྩས་ཐོན་པར་བྱེད། ཧ་ཤིག་གིས་གཏིང་དུ་འཁྲིད། ཨ་རུས་ལུས་ཟུངས་བསྐྱེད། མཚལ་གྱིས་དྭངས་སྙིགས་འབྱེད་ཅེས་གསུངས་པའི་མན་ངག་ཡིད་ལ་ངེས་པར་བྱས་ནས་སྦྱོང་གི་སྐབས་སུ་གང་འོས་སུ་སྦྱར་ཤེས་པར་བྱའོ། །བ་ཆུའི་ཁཎྚ་བྲ་རིལ་ཙམ་གྱིས་དམུ་ཆུ་སོགས་སྦྱོང་། སྒ་ཏིག་གི་ཁཎྚ་ཡང་དེ་བཞིན་ནོ། །ཨ་རུའི་གསེར་བཤལ་མཁྲིས་ནད་བཅོས་རྡུག་གིས་འཆི་བ་དུར་སློང་ནི་སྔོན་འགྲོ་གསེར་མེ་དུག་ཉུང་དོམ་མཁྲིས་ཨ་རུ་བཞི་ཡི་ཐང་གིས་ནད་བསྡུ་བར་བྱས་ལ། ཨ་རུ་རྗེན་པའི་མཆུ་བདུན། བཙོ་བསྲེག་དེ་མཉམ་དུར་བྱིད་དུལ་མ་དང་། ཐར་ནུ་བ་ཆུར་བཏུལ་བ། གསེར་མེ་ལྐོག་ཕྲལ་དྲུག་པོ་ཆ་མཉམ་གྱི་ཕྱེ་མ་ཆུས་རིལ་བུ་དྲིལ་བས་སྦྱོང་བྱ་བ་ནི། ཨ་རུ་དྲུག་འགྱུར་མཁྲིས་པའི་གསེར་
བཤལ་གྱིས་མན་ངག་ཟབ་མོའོ། །ཐར་ནུ་འདུལ་ལུགས་བདུན་བྱས་པ་ཆ་མཉམ་པར་སྦྱར་བ་ལ། བྱི་ཏང་ཀ་བྱི་རུག་གུ་གུལ་ན་གི་ཀོ་བྱི་རྣམས་ཀྱི་སྤོད་བཏབ་པ། སྦྱོར་བ་རྡོ་རྗེ་ཕ་ལ མ་ཞེས་བྱ་སྟེ། ཐུན་ཆུང་ན་ཞི་བྱེད་ཆེ་ན་སྦྱོང་བྱེད་དེ། ནད་རིགས་ཀུན་དང་ཁྱད་པར་ཕོ་ནད་ཀྱི་རིགས་དང་། དུག་གི་རིགས་ཐ མས་ཅད་དང་སྲིན་ཡ་མ་འཇོམས་སྦྱོང་བྱེད་པའི་མཆོག་གོ། སྦྱོང་གི་སྔོན་འགྲོ་བསྐུ་མཉེ་བྱ་མལ་དྲོ་སར་བསྡད། གང་གནོད་ཟས་ཀྱིས་བསླང་། རྩ་སྦྱོང་ལ་ཕོ་མཚན་མོ་མཚན་རྩ་ལ་སྤུ་ནག་མཚམས་སུ་མར་བྱུག་མཉེ། ལྕམ་གཡེར་མ་ནུ་འུ་སུའི་ཐང་བཏང་། བད་ཀན་རྫས་ར་ཀ་ར་མ་ནུ། རླུང་ཅན་ཨ་གར་ཛཱ་ཏི། མཁྲིས་པར་ཏིག་ཏ་བ་ལེ་ཀ །ཁྲག་ཚད་བ་ཤ་ཀ །གཉན་ལྷོག་གྲོག་མ་དམར་པོའི་ཐང་མ་ཞུ་བ་ལ་གོ་ཐལ་ཚ་ལ་བསྐྱེད་པ་དེ་རྣམས་ཚ་ཐང་ཞག་གསུམ་གོང་ནས་བསྟེན་པ་སྔོན་འགྲོའོ། །དངོས་གཞི་སྨན་བཏང་། འགག་ན་ཚ་འགག་ལ་ལྕམ་པ། གྲང་འགག་ལ་རྒྱ་ཚྭའི་ཆིག་ཐང་བཏང་གདོན་ལ་སྔགས་ཆུ་བཏུང་གླུད་བཏང་། རྗེས་ཁ་ཟས་དར་བསྐོལ་ཆང་བསྐོལ་བཏང་། སྤྱོད་ལམ་གཟབ། རྩ་ཁ་བསྡམ་པ་སོགས་བྱ། ལྟོ་སྦྱོང་སྔོན་འགྲོ་ཞག་གསུམ་ལྔའི་གོང་ནས་ཕབ་བུལ་ཏོག་སྔོན་ཤིང་བཏང་། ཁ་འཛིན་ཁོང་སྨན་རྩ་འདྲ། ལྟོ་བཤལ་རྗེས་ཟན་མི་ཟ་བར་རུས་ཐང་དང་མར་ཁུ་བཙག་བཅད་བཏང་བས་མི་འགྱུར་རོ། །རྩ་སྦྱོང་མ་ཆད་ན་འདོམས་ཀྱི་སྤུ་དང་དོམ་མཁྲིས་གཉིས་ཆང་སྦྱར་ཏེ་བཏང་བས་འཆད་དོ། །པདྨའི་ཕྲེང་བ་ཅན་གྱིས་འདི་སྐད་གསུངས། །འབྲུག་རུས་ཨུཏྤལ་བ་ཤ་ཀ །གུར་གུམ་ཀ་པེད་དུག་མོ་ཉུང་། །ཚེར་ནག ཁ་ཅིག་གིས་རཀྴའི་འབྲས་བུར་བཞེད། འབྲས་ཅན་སྙིང་
ཞོ་ཤ །དེ་དགུས་ལུས་ཀྱི་ནད་རྣམས་འཁྲུ། །ཨ་ག་རུ་དང་ཅུ་གང་དང་། །ཨ་རུ་ར་དང་པྲི་ཡང་ཀུ། །ལྕུམ་རྩ་བུལ་ཏོག་གསང་སྨན་དང་བདུན་གསུངས་སོ། །བདུན། །འདི་ཡིས་དོན་སྣོད་ནད་རྣམས་སྦྱོང་། །དགུ་བདུན་ལྔ་ལ་ཡོན་ཏན་མང་། །མདོར་ན་མན་ངག་འདི་ཤེས་དགོས། །ཞེས་ཤོག་དྲིལ་ལས་གསུངས་སོ། །བཙན་དུག་གླ་རྩི་གུ་གུལ་གྲི་ཤ་དང་། །རེ་ལྕག་ཤུ་དག་ཆུ་རྩ་ཐར་ནུ་པ། །དུར་བྱིད་ཅུ་གང་གི་ཝཾ་ཨ་རུ་རྣམས། །དྲི་ཆུས་རིལ་བུ་བྲ་རིལ་ཙམ་དུ་དྲིལ། །དྲག་པོ་བཅུ་གསུམ་ཞེས་བྱའི་སྦྱོར་བ་འདིས། །ཚ་བ་གཉན་རིམས་སྤྱི་དང་ཁྱད་པར་དུ། །བལ་ནད་རིམས་ཀུན་དྲག་པོའི་ལམ་ནས་འདྲེན། །སྟོབས་ཆེན་སྨིན་ལོང་མེད་སོགས་ཀུན་ལ་སྦྱར། །གཉན་གྱི་ནད་རིགས་ཀུན་ལ་འདི་བསྔགས་འདུག །གཏར་གའི་ཉེས་པ་སྦྱོང་བ། ཐར་ནུ་རི་ཀླད་ཤིང་ཀུན་སྟག་ཤ་སྤང་སྤོས་རེ་ལྕག དམར་ཁྲ་བྲག་ཞུན་བཙན་དུག་ཡུངས་ཀར་ཆུ་རྩ་དུར་བྱིད་རྣམས་ཞིབ་བཏགས་རིལ་བུ་སྲན་རློན་ཙམ། བདུན་ལྔ་བཅུ་གཅིག་གང་འོས་བཏང་། ཁྲག་ཞག་ཚང་ནས་ཉེས་ཞུགས་ན། གཉེན་པོ་འདི་ནི་སླེབ་པས་ཆོག ཅེས་ཁྲོམ་སྨན་ཞི་བ་ལྷས་མཛད་པའོ། །གཏར་ཟིན་ཉེས་པ་འབྱམས་པ་ལ། གླ་རྩི་བྲག་སྐྱ་ཨ་བ་བསྡེབ། འདི་ཡང་གནད་ཀྱི་གདམས་པའོ། །སྟར་བུ་རྒྱམ་ཚྭ་དུང་ཐལ་སྦྲུལ་ཤ་ཧོང་ལེན་རྣམས་ཆ་མཉམ། དུར་བྱིད་ཚྭ་ལ་ཤྲཱི་ཁན་ཐུན་ལོག་སྦྱར། བུ་ར མ་རིལ་བུ་བྱས་བཏང་ཆུ་ཚན་རུས་ཁུའི་ལྕག་གིས་བསྐུལ་བས། ཚ་སྐྲན་སྨུག་པོ་གཅོང་ཆེན་ལ་ཚྭ་སྦྱོར་ལ་ཟེ་ཚྭ་མཚལ་གྱིས་ཁ་བསྒྱུར་བསྣན། དེས་བརྡབ་བརྡུང་རྡོ་དབྱུག་ཕོག་པའི་ཁྲག །ཁོང་འཁྱིམ་གསར་རྙིང་མ་ལུས་སྦྱོང་བའི་ཁྲག་བཤལ་གནམ་ལྕགས་ཐོག་འབེབས་ཡིན་ནོ། །སྙིང་ནད་ཀུན་སྦྱོང་ནི།
ཐར་ནུ་བྱང་ཁྲ་ཞོ་དྲུག་རྒྱ་ཚྭ་ཨར་ནག་ཛཱ་ཏི་རྣམས་ཞོ་རེ་ཞིབ་བཏགས་ཆང་ཕུལ། རྗེས་སྦྱོང་སྤྱི་འདྲ། སྨྱོ་རྗེད་སོགས་རླུང་ནད་བརྒྱད་ཅུའི་སྙིང་བཤལ་ཁྱད་འཕགས་སོ། ༈ །ཀླུ་དུག་དཀར་པོ། བདུད་རྩི་ལྕང་མ་ཞེས་པ་ཀྱི་ལྕེ་དཀར་པོ་དེ་བྱང་དུ་ཁ་བསྟན་སར་དུས་བཟང་དུ་གཞི་བདག་གཏོར་མ་བཏང་ལ་བཏུས་ཏེ་ཉི་མ་དྲོ་སར་བསྐམ། ཉིན་གཉིས་ལ། སྐར་དེ་བྲེ་གང་ལ། མ་རྒྱལ་གྱི་ཉིན་པར་བཏགས། གསེར་མད༣༠ོག་དང་ཀ་ར་དང་བཅས་ཡར་ངོའི་ཚེས་གསུམ་ཀླུ་གཏོར་བཏང་བདེན་བདར། ནས་ཐུར་མགོ་རེ་ནང་ནུབ་རང་གི་དྲི་ཆུ་དལ་བར་འདུག་ནས། བར་པས་ཕུལ་བས་ཟླ་བ་ཚབས་ཆུང་ན། གཅིག་ནས་ལུས་བདེ་ཞིང་ཡང་འགྲོ། ཚབས་ཆེ་ན་ཟླ་བ་གསུམ་ནས་ཞུམ་ཐག་གམ། ཞག་གསུམ་མམ་ལྔ་ནས་འཁྲུ། རྒྱུན་བསྲིང་ཏེ་བཏང་། དྭངས། འདི་ལ་ཡོན་ཏན་སྟོང་ལྡན་ནད་ཀུན་སེལ། ཁྱད་པར་ཀླུའི་དུག་སེལ་སྨན་རྒྱལ་ཡིན་ནོ་ཟབ། དྲག་པོ་ནི། བྱང་བ་གསུམ་ལྔ་བདུན་གང་རུང་། དམར་ཁྲ་བཅུ་གཅིག །ཁྱི་དང་བྱི་བ་ཕག་ནག་བྲུན། རྨ་བྱ་བྱ་རྒོད་གཟུགས་མོ་བྱི་ཐུར། ཤིང་ཀུན་བཙན་དུག་རྒྱ་ཚྭ་གླ་རྩི་མུ་ཟི་སེར་ནག་སྟག་ཤའི་འབྲུ། ལྡོང་རོས་རུ་རྟ་པི་ལིང་རྣམས་ཐུན་མང་རེ་མཉམ། དུར་བྱིད་བཟང་པོ་དུག་ཕྲལ་མཐེབ་ཚིགས་ཙམ། ཐར་ནུ་བ་ཆུར་བཏུལ་བ་དང་། དོན་སྣོད་ཁ་འཛིན་མ་བརྗེད་ཙམ་བཅས། སྔགས་པ་དགེ་སློང་ཆུར་དྲིལ་རིལ་བུ་དྲག་པོའི་སྔགས་བཟླས་རབ་གནས་བྱ། དགོས་དུས་དབེན་པ་མུན་ནག་ཏུ། ནད་གཡོག་རུས་མི་གཅིག་སྔགས་ནུས་ཅན་གྱིས་བྱ། མཚམས་བཅད་གུ་གུལ་བདུག །སྔགས་དང་ཚམ་རྔམས་བྱ་སྨན་པ་ནད་པའི་སར་མི་ཉལ། རིལ་བུ་གར་ཆང་གིས་ཕུལ། ལྕག་ཏུ་དྲི་ཆུ་སྔགས་ཆང་བཏང་། གཟའ་ཀླུ་རྒྱལ་པོ་སོགས་སྡེ་བརྒྱད་གདུག་པའི་ནད་ཀུན་རྩལྟོའི་ལམ་ནས་འདྲེན། དངུལ་ཆུ་དུལ་མ་
ཟབ་ཁྱད་དུ་བསྣན། ཆུ་འགག་ཆེས་པའམ། བཤལ་མ་ཐེབས་པ་ལ། རྒྱ་ཚྭས་འབིགས། བུལ་ཏོག་གིས་བཤིགས། སྡིག་སྲིན་གྱིས་འདེད། སྲམ་བྲུན་གྱིས་འཁྲོག ལྕམ་པས་རྩ་ཁ་འབྱེད་པ་ཡིན་པས་སྨན་ལྔ་པོ་ཞིབ་བཏགས་ཆུ་བསྐོལ་འཇམ་ཙམ་གྱིས་ཕུལ་ལ་བཏང་། སྒྲོ་བ་དང་རྒྱུ་ཞབས་ལ་དྲོད་དུགས་བྱ། འདི་མི་ཕྱུགས་གང་ལའང་འདྲ། རྩ་ལྟོ་གཉིས་ཀ་ནས་འཐོན་པར་འགྱུར་རོ་ཟབ། རྒྱལ་པོ་དངུལ་ཆུ་བཙུན་མོ་མུ་ཟི་མཉམ། །གྲོགས་སུ་དན་རོག་ལྕེ་བཏོན་སྐོགས་བཤུས་དང་། །ཚ་ལ་དང་བཅས་སྨན་སྣ་བཞི་པོ་དེ། །ཆ་མཉམ་ཕྱེ་མ་བུ་རམ་ཆུ་དང་སྦྱར། །རིལ་བུ་སྲན་མ་ཙམ་དུ་དྲིལ་བྱས་ལ། །གསུམ་མམ་ལྔའམ་བདུན་དགུ་ལྟོ་དང་སྦྱར། །སྦྱོང་སྨན་དྲག་པོ་ཤིན་ཏུ་རྣོ་ཞིང་ཟབ། དམུ་ཆུའི་ནད་སྦྱོང་བར་སྔོན་འགྲོ་སྟོད་ཀྱི་དན་རོག་གསུམ་སྐོགས་པ་བཤུས་ལྕེ་བཏན་ནས་ཞིབ་བཏགས་བུ་རམ་སྐམ་པོ་བསྲེས་པའི་རིལ་བུ་མིད་པས་སྦྱོང་བྱུང་བ་དང་། རིལ་བུ་དེ་ཆུ་བསྐོལ་གྱིས་དབུལ་ལ། ལན་ལྔ་བདུན་བར་ལྕག་གིས་དེད། དངོས་གཞི་ཆུ་བྱི་མགོ་མཇུག་སྡེར་བཞི་ནང་ཁྲོལ་བཅས་མ་ཉམས་མ་རུལ་པ་གཅིག པི་ལིང་། ཕོ་རིས། ག་བུར། ཛཱ་ཏི་རྣམས་ཐུན་རེ་བཅས་ཞིབ་བཏགས་ཉི་མར་སྐམ་ཐག་བཅད་ནས། ཐེངས་གསུམ་དུ་རིལ་བུ་ཐུན་ཚད་རེ་དང་གོང་གི་དན་རོག་ལྟོ་སྦྱོངས་བྱས་པས། རྩ་ལམ་ཆུ་ལམ་ནས་ཆུ་མདོག་མི་གཅིག་པ་སྣ་ཚོགས་འཐོན་འོང་། དེའི་ཉིན་མོ་ནད་པ་ལུས་དྲོ་བར་བྱས་ཟན་དྲོན་སླ་ཚོས་མར་དཀར་ཞུན་མ་དུམ་ཙམ། རྩ་བ་རུ་ཚྭ་དང་སྤོས་དཀར་ཆ་མཉམ་ཞིབ་བཏགས་བུ་རམ་རྟ་བྱས་ཟོས་པས་ཕོ་མཚན་ནམ་རྐུབ་ནས་ཁྲག་འཛགས་ཀྱང་དེས་ཆོད་ངེས་བར་དུ་བཏང་། ཆུ་དང་ཆང་དང་དར་བ་དང་ཇ་མི་བཏུང་། སྔོ་སྒོག་ཤ་
རུལ་སྤོངས ། སྐོམ་དུས་ཐུག་པ་ཚོས་པ་རེ་བཏང་ཞག་གསུམ་བར་དུ་སྤྱོད་ལམ་མ་ལོག་པར་བྱ། སྨན་གྱིས་ནད་འདྲོང་ཆེ་ཆུང་དང་བསྟུན་ཏེ་ཟུངས་གསོའོ། །གལ་ཏེ་མེ་དྲོད་ཉམས་ཤིང་དང་ག་མི་བདེ་བ་བྱུང་ན། དན་རོག་རུས་སྦལ་མ་རྡོག་བཅུ་རས་ཁུག་ཏུ་བླུག །འོ་མ་བྲེ་གསུམ་གྱི་སུམ་གཉིས་ཀྱི་ཐད་ཀར་སྙུག་མ་རྒྱ་གྲམ་གྱིས་གཏེམ་མ་བཞག མེ་དལ་བུས་སུམ་གཉིས་མ་སྐམ་བར་དུ་བཙོ། དེ་ནས་ཡང་རླངས་པར་ཡུན་རིང་འཚེད། དེ་ནས་རས་ཁུག་ནས་ཕྱུངས་ལ་ཡུན་ཅིག་གྲང་དུ་གཞུག །སྐོགས་པ་བཤུས་ལྕེ་བཏོན་ལ་ཕོ་རིས་ཞོ་ཕྱེད་དོ་དང་བསྲེས་པ། སྟར་བུ་བུར་རྡོག་ཙམ་གཅིག་གི་ཁུ་བ་དུམ་རེ་བླུགས་ལ་ཉི་མ་ལ་བསྣུར་ནས་སྐམ་ཐག་ལན་བདུན་བར་དུ་བཅད་ནས་རིལ་བུ་སྲན་ཆུང་ཙམ་རེ། ཐོ་རངས་བྱ་གྲགས་དང་པོའི་དུས་སུ་ཁར་བཟུང་། ཁུ་བ་ཁོང་དུ་མིད་པས་དང་ག་མི་བདེ་བ་དང་། མེ་དྲོད་ཉམས་པ་སེལ་ཞིང་ནད་ལྷག་སྦྱོང་། སྦྱོང་མ་བཅད་པས་ཆུ་འབྱམས་པ་དང་རླུང་སྐྱེས་ན། ཛ་ཏི་རྡོག་གཅིག་གི་ཕྱེ། ལི་ཤི་རྡོག་བཞི། ཤིང་ཀུན་ཐུན་གཅིག སེ་འབྲུ། ལྕམ་པ་རྣམས་ཞིབ་བཏགས་ལྕེ་ཐོག་བཞག ཤ་སྐམ་དྲི་མེད་ཐུག་པ་ཚོས་པ་བཏང་བས་རླུང་སེལ། ནད་པ་གྱེན་ནམ་བཀྲེས་པ་ལ་ཉིན་རེ་བཞིན་ཇི་མང་འཆག་བཅུག །ཕྱི་རོལ་པ་ནས་བརྒྱུད་པ་ཛོ་ཀི་ཀ་ཏི་པའི་མན་ངག་འདིས་ལྷ་རྗེ་གསུམ་གྱིས་བོར་བའི་ནད་པ་སོས་པ་ཡིན་རིལ་བུ་འདིས་གསུས་ཚིལ་རྒྱས་པ།བད་ཀན། ཁྲག་རླུང་ཆུ་སེར་རྒྱས་པའི་ནད་དང་ག་མི་བདེ་བ། མེ་དྲོད་ཉམས་པ། ཐུར་སེལ་གྱེན་ལོག་ཀྱང་སེལ། གསུས་ཚིལ་འཇུ། ལུས་ཡང་། དབུགས་འདེགས་མི་འོང་བར་མྱོང་གྲུབ་ཡིན། བྲང་ཏིའི་ཁྱད་ནོར་རོ། །ཡང་དམུ་རྫིང་གསོན།
ཚ་བ་གསུམ། འབྲས་བུ་གསུམ། ཧོང་ལེན་ཞུ་མཁན་རྣམས་ཞོ་གཉིས་རེར་ཚད་མཉམ་པ་དང་། ཤུ་དག་རུ་རྟ་ཤིང་ཀུན། ཡུང་སྐྱེར་རྣམས་ཞོ་རེ་རེ། རྒྱ་ཚྭ་རྒྱམ་ཚྭ་ལྕེ་མྱང་ཚྭ་རྩ་བ་རུ་ཚྭ་རྣམས་ཞོ་ཕྱེད་རེ་ཕྱེད་རེ། ཁ་རུ་ཚྭ་བཞི་ནམ་བཅས་ཞིབ་བཏགས་ཞོ་དང་ཞག་དང་རྐང་གིས་སྦྲུས་ནས་ཀོང་བུར་བླུག །འཇིམ་པས་ཁ་བཅད་པ་འཇིམ་བྱུག་སྟེ་དུ་བ་མ་ཤོར་བར་བསྲེགས་པའི་ཐལ་བ་ཞོ་གཉིས། ཤ་མ་མཐེབ་ཙམ་ཞིག །དན་རོག་རུས་སྦལ་མ་རྡོག་ལྔ་ལྐོག་པ་བཤུས་ལྕེ་བཏོན་པ། བདུད་རྩི་བ་དམར་ཟལ་གྱི་ཆུ་ཁྱོར་བ་གང་བཅས་ཀུན་གྱིས་མ་ཚོར་བར་གསང་ལ་ཐོ་རངས་བཏང་། དེས་ཟས་དང་ཆུ་དང་སྨན་བཅས་རིམ་པས་སྦྱོང་བ་འབྱུང་། ལུས་ཟུངས་བཟང་ན་ཞག་རེར་འཐེང་འགྲོས་བྱ། སྟོབས་ཞན་ཞག་གསུམ་རེ་བར་དུ་བཞག་ནས་སྦྱོང་སྨན་བཏང་། དེ་རྗེས་ཟུངས་བསྲུང་བ་དང་རྗེས་གཅོད་རྣམས་གཞུང་བཞིན་རིག་པས་དཔྱད་དེ་བྱ། ནད་གཞུག་སྐེམ་གྱིས་མ་སྐོམ་དང་། །ནད་རོ་ལུས་ན་སྐབས་སུ་བསྐྱར། །སྐེམས་ཀྱི་དུས་སུ་སེ་འབྲུ་བཞི། །ཁ་ཆེ་ཐལ་སྨན་རྐྱང་པ་རྣམས། །སྦྱར་ཕྱེ་ཐོ་རངས་ཆུ་བསྐོལ་དབུལ། །སྐྱ་སྦབ་འོར་ནད་དམུ་རྫིང་རྣམས། །ཐུར་དུ་སྦྱོངས་ཤིང་སྐེམ་པར་བྱེད། །འཆི་བའི་ནད་ལ་སྲོག་སྟེར་ངེས། །རྒྱ་གར་སྐྱེས་བུ་མེ་ལྷའི་ལུགས། །བྲང་ཏི་མཁས་པའི་ཁྱད་ཆོས་ཡིན། །ཚ་ཆུ་མེ་དང་འདྲ་བ་དང་། །གྲང་ཆུའི་སྦྱོར་སྐེམ་གཉིས་ཀ་ཡིན། །ཐུན་མོང་མིན་པ་དམུ་ཆུ་འཕྲུལ་འཛགས་སྨན་ནག་གི་སྦྱོར་བའོ། །རུ་རྟ། ཙི་ཏྲ་ཀ །དོམ་མཁྲིས། མུ་ཟི། བསེ་རུ། སྒ་པི་ཕོ་གསུམ། བྲག་སྤོས་དང་དགུ་པོ་འདི་མར་དཀར་སྦྱར། མངར་གྱིས་ཁ་བླངས་ཏེ་བཏུང་ན་དམུ་
ཆུ་དང་། རྣག་རྣམས་སྐེམ་ཞེས་ཨ་ཙ་རའི་མན་ངག་གོ། ཡང་རྒྱལ་མོ་ཆུ་སྦྱོང་ལ། ཨ་རུ་ར་ལྔའམ་བདུན་མར་ལ་བསྲེས་ནས་སླ་ངར་བརྔོས་པའི་ཧྲག་ཧྲོག་ཙམ་བཙོས་པ་དེ་དང་། རྡུང་ཧུ་སེ་དཔྱད། མེ། དྲི་ཆུ། དུར་བྱིད། སྔོན་བུ། དནྟ། ལྕུམ་རྩ། རྒྱམ་ཚྭ། ཁ་རུ་ཚྭ་རྣམས་སྦྱར་ལ་བཏང་ན་རྒྱ་མཚོ་ཙམ་ཡང་འདྲོང་ངོ་། །གྲུམ་བུའི་ནད་སོགས་ཞེན་ཆེ་བ་ལ། ཤིང་མངར། རྒུན་འབྲུམ། འདམ་བུ་ཀ་རའི་ཐང་གིས་བྱེར་བ་སྡུད། དེ་རྗེས་ཤོག་ཤིང་པ་གསར་སྐྱེས་འབྲུ་ངན་གྱི་རྩ་བ་སྟོན་བརྐོས་དང་། ཚེར་སྔོན། ཤྲཱི་ཁནྜ་སེ་ཀོ་དཀར་པོའི་མྱུ་གུ་རྣམས་གདུས་ཐང་དྲོ་འཇམ་བཏང་བས་གྲུམ་བུའི་ནད་སྦྱོང་བའི། བདུད་རྩིའོ། །ཕོ་བ་སྦོས་ཤིང་མི་བདེ་བ་སོགས་ལ། ལྕམ་འབྲུ་དྲུག གཡེར་མ་འབྲུ་གསུམ་ཚད་ཞིབ་བཏགས་ཐུར་མགོ་གང་ངམ་དོའམ་གསུམ། དར་བའམ་ཆང་སྐྱུར་བསྐོལ་བ་ཁོང་དུ་བཏང་ནས་དྲོ་བར་བྱས་ཏེ་བསྡད་པས་མོད་ལ་འཁྲུ་བར་བྱེད་དོ། །སྲིན་སྦྱོང་གི་སྐོར། གཡུ་ཐོག་ཤོག་དྲིལ་མ་ཡིག་ཏུ་ཡོད། གཞང་སྲིན་འདོན་ཐབས་འོ་མ་བྲེ་གང་ཙམ་གདུས་པར་དཀར་གསུམ་མངར་གསུམ་བཏབ་ལ་ནང་སྔ་བཏུང་། དགོང་མོ་ཡང་ལན་གཅིག་བཏང་། སྲོད་ལ་པི་པི་ལིང་བྱི་ཏང་ཀ་ཐུན་གཅིག་བཏང་བས་སྲིན་རྣམས་འོག་སྒོར་འབྱིན་པར་བྱེད་དོ། །དགེའོ། ༈ །རིན་ཆེན་སྣོད་དུ་སྨན་ལྔ་བཤམ། དུས་བཟང་པད་འདབ་དབུས་མཐིང་སོགས་ལ། དབུས་ཨ་རུ། ཤར་རུ་རྟ། ལྷོར་སྨན་ཆེན། ནུབ་གླ་རྩི། བྱང་ཤུ་དག །རང་ཕྱག་རྡོར། སྨན་ལྔ་སྟོང་སྦྱང་། མེ་རླུང་དཀྱིལ་ཐོད་ནང་། པད་འདབ་ལྔར། ཨོཾ་ཨཱཿཧྲཱིཿཁ་ཎི་ལས་སྨན་ལྔ། མཐིང་དཀར་སེར་དམར་ལྗང་བའི་འོད་འབར་གསལ།
ཨོཾ་ཨཱཿཧྲཱིཿཁ་ཎི་ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད། རླུང་གཡོས་མེ་སྦར་ཐོད་རྫས་ཁོལ་བའི་ཡེ་ཤེས་བདུད་རྩི་ལྔར་བསམ། ཨོཾ་ཨཱཿཧྲཱིཿཁ་ཎི་སརྦ་སིདྡྷི་སིདྡྷི་ཨ་མྲྀ་ཏ་སྭཱ་ཧཱ། འབུམ་ཕྲག་ལྔ་སོགས་བཟླས་འཕྲོ་འདུས་བྱིན་རླབས་སེམས་ཅན་སྒྲིབ་བསལ་བསམ། འབྲུ་ལྔས་དབང་བསྐུར་བའོ། །རིལ་བུ་དྲིལ་ནས་ཐོད་བཟང་བླུག དལ་བཤམས་མཆོད་པས་བསྐོར། དར་སྔོན་གདུགས་ཕུབ། ཁ་བྱང་བལྟས། རང་ཉིད་ཕྱག་རྡོར་བསྐྱེད་བཟླས་བྱ། སྨན་རྣམས་སྟོང་པའི་ངང་ལས་པད་ཉིར་ཁྲོམ་ལས་རྡོ་རྗེ་ཁྱུང་ནག་རྡོ་རྗེའི་སྐུ་ཅན་སྦྲུལ་ཟ་བ་གནས་གསུམ་འབྲུ་གསུམ་ཐུགས་ཀའི་ཁྲོམ་ལས་འོད་ཟེར་འཕྲོས་ཡེ་ཤེས་སྤྱན་དྲངས་བསྟིམ་དབང་བསྐུར་མི་བསྐྱོད་རྒྱས་གདབ། མཆོད་ཅིང་བསྟོད། ཐུགས་དབུས་ཉི་དབུས་ཁྲོམ་ལ་མེ་འབར་མཐར་སྔགས་བསྐོར། ཨོཾ་བཛྲ་ག་རུ་ཊ་ཧཱུྃ་ཕཊ། སྔགས་ལས་མེ་ཡི་ཚྭ་ཚྭས་གནོད་བྱེད་ཚར་གཅོད་སངས་རྒྱས་ཀྱི་སར་བཀོད་སེམས་ཅན་དོན་བྱས་ཚུར་འདུས་པས། མདུན་ལྷའི་སྤྱི་བོའི་ཨོཾ་ལས་ཨོཾ་དཀར་མདུན་འཕྲོས། སངས་རྒྱས་ཀྱི་ཁྱུང་ཆེན། དེ་བཞིན་མགྲིན་པའི་ཨ་ལས་པདྨ། ཐུགས་ཀའི་ཧཱུྃ་ལས་རྡོ་རྗེ། ལྟེ་བའི་སྭཱ་ལས་རཏྣ། གསང་བའི་ཧཱ་ལས་ལས་ཀྱི་ཁྱུང་དཀར་སོགས་རང་མདོག་གཡས་འཁོར་ལོ་པདྨ་རྡོ་རྗེ་རིན་ཆེན་རལ་གྲི། གཡོན་པ་ཐུགས་ཀར་སྡིགས་མཛུབ་མཛད་པ་རང་མདོག་སྦྲུལ་ཞལ་དུ་གསོལ་བ། ཐུགས་ཀར་སོ་སོའི་ས་བོན་མཐར་སྔགས་འཁོར། ཨོཾ་བུདྡྷ་ག་རུ་ཊ་ཧཱུྃ་ཕཊ། ཨ་པདྨ་སོགས། རེ་རེར་ལྔ་བརྒྱ་རེ་བཟླ། སྤྲོ་བསྡུ་དམིགས་པའི་འཁྲུལ་འཁོར་མཐར། ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ག་རུ་ཊ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཅི་རིགས་བཟླས་ཁྱུང་ལྔ་རིལ་བུར་ཐིམ་ཕྱོགས་
བཅུའི་རྒྱལ་བའི་བྱིན་རླབས་བསྟིམ། ཀ་ཡ་སིདྡྷི་ཨོཾ། ཝཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། གུ་ཎ་སིདྡྷི་སྭཱ། ཀརྨ་སིདྡྷི་ཧཱ། ལན་བདུན་བརྗོད། སླར་ལྷར་ལྡང་། མཆོད་བསྟོད་འོད་གསལ་བསྡུ་བའོ། ༈ །ཡང་ན་ཀྵིཾ་ལས་གསང་བདག་ཁྱུང་ཁྲ་རྭ་དང་སྤྱི་བོ་ནམ་མཁའི་རང་བཞིན་སྔོ། མགོ་གཤོག་རླུང་ལྗང་མཆུ་མགྲིན་རལ་མེ་དམར། ཐུགས་ཀ་ཕྱག་གཉིས་ཆུ་དཀར། ལྟོ་བ་བརླ་གཉིས་ས་སེར། ནོར་བུའི་གཙུག་རྒྱན་རིན་ཆེན་བརྒྱན། བ་སྤུ་ཐོག་མདའི་ཚྭ་ཚྭ་འཕྲོ། སྤྱན་གསུམ་དམར་འཁྲུགས་ཞལ་གདངས་ལྗགས་འདྲིལ་ཀླུ་རིགས་ལྔ་གསོལ་ཀྵིཾ་སྒྲ་སྒྲོགས། ཞབས་གཉིས་བརྐྱང་བསྐུམ་གནམ་ལྕགས་སྡེར་སེན་གནོད་བྱེད་བཟུང་། ཞལ་ནས་མེ་འབར་ཤིང་རླུང་གཡོས། སྐུ་སྤྲུགས་གཤོག་སྒྲ་བ་སྤུའི་ཁོང་ནས་ཁྲོ་བོ་བྱ་ཁྱུང་མེ་འབར་སྐར་ལྟར་འཕྲོ། ཀླུ་རིགས་ལྔས་བརྒྱན་སྐུ་བོང་སྲིད་རྩེར་ཁྱབ། སྤྱི་བོ་སོགས་གནས་ལྔར་ཨོཾ་པ་སོགས་ལས་རིགས་ལྔའི་ཁྱུང་རང་མདོག་ཕྱག་མཚན་སྦྲུལ་བཟུང་བ། གནས་ལྔར་ཧྲཱི་ཧཱུྃ་ཏྲཱྃ་ཨཱ་ལས་འོད་འཕྲོས་ཡེ་ཤེས་སྤྱན་དྲངས་བསྟིམ་སྨན་རཀ་བཅས་མཆོད། ཉི་དབུས་ས་བོན་སྔགས་ཕྲེང་གསལ། ཨོཾ་པཀྵིཾ་སྭཱ་ཧཱ། འབུམ་ལྔ་བཟླས། གནས་ལྔའི་ཁྱུང་ལ་དམིགས་ཏེ། ཨོཾ་བུདྡྷ་ག་རུ་ཊ་ཨོཾ། ཨོཾ་པདྨ་ག་རུ་ཊ་ཧྲཱི་སོགས། ཁྱུང་ལྔའི་སྤྲུལ་པ་ཆེ་ཆུང་གྲངས་མེད་པས་གནོད་བྱེད་བཅོམ། བཀྲག་མདངས་བསྡུས་རང་ཐིམ། ཕྱོགས་བཅུའི་རྒྱལ་བྱིན་དང་བཅུད་བསྡུས། སྨན་དང་ལྷ་སྔགས་ལ་ཐིམ། ཨོཾ་པ་ཀྵིཾ་སྭཱ་ཧཱ། ཨོཾ་ཧཱུྃ་ཏྲཱྃ་ཧྲཱི་ཨཱ་སརྦ་པཉྩ་ཛྙཱ་ན་ཨ་མྲྀ་ཏ་སིདྡྷི་ཕ་ལ་ཧོཿ ཞེས་བཟླས་མཐར་རིལ་བུ་བསྟིམ་དབྱངས་གསལ། སུ་པྲ་ཏིཥྛ་བརྗོད་བསྡུ། ༈ །དར་སྔོན་གཏུམས་སྤར་བུར་བཅུག །དམ་ཉམས་ཀྱིས་མི་རེག །གཏང་དུས་ཁྱུང་ལྔའི་གསལ་སྣང་རྩ་སྔགས་དང་། ཀྱི་ནཱ་ག་རཱ་ཛ་མཱ་ར་ཡ་རྦད།
ཕུ་ནཱ་ག་ར་ཛ་མ་ར་ཡ་རྦད། སྟམ་བྷྲུག་ནཱ་ག་ར་ཛ་མཱ་ར༴ སྔགས་འདི་བརྒྱ་རྩ་སོགས་སྨན་ལ་བཏབ། རིལ་བུ་དུམ་རེ་བསྲེག་བདུག་པས་གདོན་གྲོལ། དེ་ནས་ལྔ་སོགས་ཆུས་ཕུལ་བཏང་། སྨན་དེ་ཁྱུང་རིགས་ལྔའི་དམག་གིས། ནད་པའི་ལུས་འབྱུང་ལྔ་ཉི་ཟླ་བཅས་པའི་སྟོང་ཁམས་དེར་ནད་གདོན་ཀུན་བཅོམ་ནས་ལུས་གཞལ་ཡས་ཁང་རྡོ་རྗེའི་སྲུང་འཁོར་བཅས་དབུས་དབང་ལྔ་ཁྱུང་ལྔ། རྣམ་ཤེས་དང་སྙིང་ཁྱུང་གི་གཙོ་བོ་ཕྱག་རྡོར་སོགས་བརྒྱུད་པའི་བླ་མའི་དབུ་རྒྱན་ཅན་གསལ་བ་སྨན་པའི་བྱ་བ། ནད་པའི་ལྕེ་སྟེང་འདབ་མ་ལྔར། ཨོཾ་ཨཱཿཧྲཱི་ཁ་ཎི་གསལ་ཞིང་བརྗོད། གློག་ལྟ་བུ་ལྔ་ལས་མཁའ་འགྲོ་ལྔ་དེར་ཐིམ། བདུད་རྩི་འོད་ལྔ་ཁྲོ་ཆུ་ལྟ་བུས་ལུས་གང་ནད་གདོན་བསྲེགས་པར་བསམ་ལ་ཟ། རིལ་བུ་རེ་རེས་གདོན་བགེགས་གྲོང་ཁྱེར་འབུམ་བསྲེག་པ་སོགས་སོ། །ཤ་ཆང་དཀར་མངར་སོགས་གང་ཡང་སྲུང་མི་དགོས། ཟས་དེར་སྔགས་བཏབ་བསྟེན་ཆོག་མངྒ་ལཾ། ༈ །བདུད་རྩི་མར་ཁུ་ནི་དྲི་ཆེན་བླང་སྐམ་ལ་གཞི་བྱས། སྔོ་སྒོག་ལྟ་བུ་སྤང་། རབ་ནས་དཀར། འབྲིང་དཀར་མངར་ཤ་བཅུད་ཟོས་པའི། མཆན། བསྐམས་ནས་སྤུ་རྡུལ་ཤ་རོ་དོར། ཞིབ་བཏགས་ཕྱེ་མ་གཞིའོ། །ཐབས་ཀྱི་རྫས་ལྔ་མི་གླང་རྟ་ཁྱི་རྨ་བྱའི་ཤ་ལྔའམ་མ་འཛོམ་ན་ཅུ་གང་དོར་བའི་བཟང་པོ་ལྔས་ཚབ་རུང་། ཤེས་རབ་རྫས་མི་ཀླད་དྲི་ཆེན་དྲི་ཆུ་བྱང་སེམས་དཀར་དམར། ཡན་ལག་རྫས་བྱ་རྒོད་བྲུན་མུ་ཟི་ནག་པོ་ཅོང་ནག་ཤུ་དག་ནག་མངར་གསུམ་བུལ་ཏོག་ལ་ཆ་ལ། རྩ་བ་བྱིས་པ་ལོ་བརྒྱད་ཀྱི་དྲི་ཆུ་བར་པ་ཆང་བཟང་གར། སྐྱོབ་ནི་ཚེ་སྤེལ་ན་དུར་བའམ་རམ་པ་ངེས་པར་དགོས། བཟང་སྐྱོབ་བཟང་དྲུག་འབྲས་གསུམ་བཅུད་ལེན་བྱེད་པར་མེད་ཐབས་མེད། ངན་སྐྱོབ་དུག་སྣ་
ཚོགས་ཚད་དོ། །དུར་བ་མ་གཏོགས་རྫས་རྣམས་ཞིབ་བཏགས། ལ་ཕུག་ངན་སྐྱོབ་བྱེད་ན་དེ་མ་གཏོགས། ཕབས་རྩིའི་ཚད་ཙམ་ཁ་སྤོད་བཏབ། རྩ་བས་སྦྲུ་འདམ་འཐག་ཟན་ལེབ་མཐེབ་ཀྱུ་དུང་ལེ་ཙམ་བྱས། བསྐམས་ལ་བསྲེག་རྫའི་ཞབ་བུག་རམ་པ་བཏིང་སྟེང་མཐེབ་ཀྱུ་བརྩེགས་ལ་བསྲེག་རྫ་གང་ལ་ཁད་བྱ། ལ་ཕུག་འོ་མར་བཏབ་པས་ཁྱད་པར་བྲན། ངན་སྐྱོབ་བྱེད་ན་དེ་བསྲེ་རྫ་མ་ཁ་སྦྱར་འདག་བསུབ། རང་ཡི་དམ་རྟ་མགྲིན་སོགས་གཞུང་བསྲང་། དམ་ཅན་སྡེ་དགུ་བསྐང་། རང་ཡི་དམ་ཐུགས་ཀའི་ཧཱུྃ་འོད་ཀྱིས་རྫས་ཀྱི་སྐྱོན་སྦྱངས་རིན་ཆེན་སྣོད་ཡངས་སུ། ཨོཾ་ཨཱཿཧཱུྃ་གིས་རྡོ་རྗེ་གསུམ་གྱི་བྱིན་གྱིས་བརླབ་མེ་བཏང་བསྲེག་བགེགས་སོགས་ལ་གཏོར་མ་བཏང་། རྩ་གསུམ་གཞི་བདག་ལ་གཏོར་མ་ཕུལ། ཕྲིན་ལས་བཅོལ། སྟོང་པའི་ངང་ལས་རླུང་མེ་ཐོད་སྒྱེད་སྟེང་དུ་དུམ་གཅིག་ཀ་པཱ་ལར་བདུད་རྩི་འཁྱིལ་པ་གསལ། བར་རྫ་ཨ་ལས་སྐྱེ་མེད་ཆོས་དབྱིངས་ཀློང་དུ་ཨོཾ་ལས་བསྲེག་རྫས་འཇའ་ཚོན་འོད་ལྔའི་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སྣ་ཚོགས་པད་འདབ་བཞིའི་དབུས་སུ་མུ་དྲི་ཆུ། ན་ཤ་ཆེན། བཻཌཱུར་ལྟར་སྔོན་པོ། ཤར་བི་གོ་ལས་དྲི་ཆེན་གླང་ཤ་ཤེལ་ལྟར་དཀར། ལྷོར་ར་གོ་ལས་པད་རཀ་བ་ལང་ཤ་གསེར་འདྲ་སེར། ནུབ་ཏུ་ཤུ་ད་ལས་བྱང་སེམས་རྨ་བྱའི་ཤ་མཚལ་ལྟར་དམར། བྱང་མ་ཀུ་ལས་ཀླད་ཆེན་དང་ཁྱི་ཤ་དངུལ་ཆུ་ལྟ་བུ་འདི་ཡི་བྱིན་རླབས་གསང་བ་སྤྱི་ལྟར་སྦྱར། སྟེང་ཁེབ་ཟླ་ཕྱེད་རྡོ་རྗེའི་ཏོག་ཅན། རྡོ་རྗེའི་དབུས་སུ་རྟ་མགྲིན་དམར་པོརྭ་བཞིར་ཡུམ་བཞི། དེ་ལྔའི་གཙུག་ཏུ་དབུས་མར་ཧཱུཾ་མཾ། ཤར་ཨོཾ་ལཾ། ལྷོར་སྭཱ་མཱཾ། ནུབ་ཏུ་ཨཱཾ་པཱཾ། བྱང་ཧཱ་ཏཱཾ། རང་གི་སྣ་བུག་གཡོན་ནས་ཧཱུྃ་འཕྲོས་རླུང་དཀྱིལ་ཕོག་རླུང་གཡོས་མེ་སྦར་བདུད་རྩི་ཁོལ་ཉེས་
སྐྱོན་ལྦུ་བའི་ཚུལ་དུ་ཕྱིར་ཐོན། རིགས་ལྔའི་ས་བོན་ལ་ཕོག་འོད་འཕྲོས་སེམས་ཅན་གྱི་དོན་བྱས། ཚུར་འདུས་པས་རིགས་ལྔ་སོ་སོའི་ཕྱག་མཚན་དང་ཡུམ་རྣམས་དྲིལ་བུ་ལས་རིགས་ལྔ་ཡབ་ཡུམ་གྱི་སྐུར་གྱུར། རྗེས་ཆགས་ཀྱི་བདུད་རྩི་བབ་རྟ་མགྲིན་ཡབ་ཡུམ་ལྔར་ཐིམ། རྗེས་ཆགས་འོད་ཀྱིས་འཁོར་འདས་ལམ་གྱི་དྭངས་བཅུད་བསྡུས་རྟ་མགྲིན་ཡབ་ཡུམ་ལ་ཐིམ་ཆགས་པ་གཡོས་ནས་ཡབ་ཡུམ་འཁྲིལ་སྦྱོར་མཚམས་ནས་བྱང་སེམས་དཀར་དམར་མདོག་ལྔའི་རང་བཞིན་བབ། དམ་ཚིག་བདུད་རྩིར་ཐིམ་པས་ཁ་དོག་དྲི་རོ་ནུས་ལྡན་དེ་ལ། རྟ་མགྲིན་ཡབ་ཡུམ་གྱི་གསང་བ་ལྔའི་བྱིན་རླབས་ཡི་གེ་ལྔར་གྱུར་ཐིམ། དེ་ལྟར་འོད་ལྔའི་བདུད་རྩིའི་ཐིགས་པ་སྐར་མདའ་ལྟར་བབ་པས་བདུད་རྩི་འཁྱིལ་ཞིང་སྣོད་གང་བར་བསམ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། དེ་ནས་བདུད་རྩིར་འབེབས་སྔགས་མང་ཡང་གྲངས་ཚད་ཇི་འགྲུབ་བཟླ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་སིདྡྷི་ཕ་ལ་ཧཱུྃ་ཧྲཱི་ཥྛཿ འདི་དུས་ལ་འགྲུལ་བཅད་མཚམས་བསྡམ། སྙན་མི་སྙན་སྒྲ་དང་མཆོང་རྒྱུག་འཁྲབ་འུར་བསམ་ངན་གཏམ་ངན་དང་། ཁྱད་པར་བུད་མེད་དང་གྲི་བོ་སྤང་། དྲག་དལ་རན་པའི་སྲེས་རྫས་རྣམས་སོལ་བར་སོང་བའི་ཚད་དུ་བསྲེག གྲང་ནས་མཆོད་བསྟོད་གཏོར་མ་སྔར་ལྟར་ཕུལ། འདོད་དོན་གསོལ། ལྷ་གཤེགས་དལ་བསྡུ་བདུད་རྩི་དེ་ཧྲཱིཿརིང་ཆ་ཚེག་དྲག་ལྡན་པར་གསལ། རང་ཐུགས་འོད་ཀྱིས་རྟ་མགྲིན་ལྷ་ཚོགས་སྤྱན་དྲངས་བདུད་རྩིའི་ཕུད་མཆོད་ཐུར་མས་བླངས་ཏེ་མྱོང་ནས་ཀ་ཡ་སིདྡྷི་སོགས་ལྔས་དངོས་གྲུབ་བླང་། གསེར་དངུལ་དཀར་ཡོལ་སོགས་གཤའ་དཀར་རྡོ་ཉ་ཕྱིས་སོགས་ཀྱི་སྣོད་དུ་དམ་པར་བཅང་ལས་ངན་སྐྱེ་བོས་མ་རེག་གཙང་སྦྲས་འཆང་། བདུད་རྩི་དེ་ལ་ཁ་སྐྱུར་རྫས་སྔགས་ཀྱིས་ནད་སེལ་གདོན་
སྲུང་ཐུན་མོང་གི་གྲུབ་པ་སྣ་ཚོགས་བྱེད་པའི་ཁ་སྒྱུར་ཤིན་ཏུ་མང་པོ། ངན་སྐྱོབ་ཅན་བྱས་ན་གདོན་རིགས་འཇོམས་སོ། ༈ །གསེར་དངུལ་ཟངས་ལྕགས་ཐལ་བ་མུ་ཟི་གུ་གུལ་སྲོ་མ་ར་ཛ། ཤུ་དག་ཙི་ཏྲ་ཀ་ཚ་བ་གསུམ་རེ་སྐོན་སེང་ལྡེང་མགྲོན་ཐལ་དང་། དངུལ་ཆུ་ཞོ་ཕྱེད། སྟར་བུས་ཞོ་གཅིག་བཤིག་པ། གསེར་མདོག་ཆང་སྦང་ཁུ་བ་བ་ཆུ་གཉིས་ཁཎྚར་བཙོས་ལ་གོང་མ་རྣམས་དང་སྦྱར་རིལ་བུ་སྲན་མ་ཙམ་དྲིལ་ཐོ་རངས་ལྔ་བདུན་དགུ་སྐྱེད་བཏང་། དྲེག་གྲུམ་སུཪྻ་འབྲས་མཛེ་རྩ་ནད་ཚ་སྐྲན་དམུ་འོར་གྲང་རྣག་སྐེམ་པའི་རིན་ཆེན་ཚ་སྦྱོར་རོ། རིན་ཆེན་གྲང་སྦྱོར་རིལ་བུ་རྟ་རི་མ་ནི། ཨ་རུ་གསེར་མདོག༢༡་བཅོ་ལྔའི་འོད་འདུལ་ལ། གསེར་དངུལ་ཟངས་ལྕགས་བརྡར་ཕྱེ་སྔ་མ་གསུམ་ཞོ་ཕྱེད་ཕྱི་མ་སྲང་གང་བཅས་སོ་སོར་དུག་གཡའ་བྲལ་བ་བཏང་སྟེ་ཨ་རུ་བཅས་འདམ་འཐག་ཉིན་གཅིག་བྱ། དངུལ་ཆུ་སྲང་གང་གཤའ་དཀར་སེ་བ་ལྔ་ཞ་ཉེ་སེ་བ་ལྔ་བསྡོམ་ཏིལ་མར་བྲེ་གང་ཁོལ་ཐེབ་གསུམ་བྱ་མུ་ཟི་ཞོ་གང་བཏབ་དཀྲུག་ཡུན་དུ་བསྐོལ། འདྲེས་ནས་མར་ཁུ་བཞུར། དངུལ་ཆུ་ཆུ་གཙང་གིས་བཀྲུས་པ་དང་ཡང་སྟར་བུ་དང་མུ་ཟི་བཤིག་པའི་དངུལ་ཆུ་སེ་བ་རེ།མུ་ཏིག་སྲང་གང་ཁྲོབ་བརྡུང་ཟེ་ཚྭའི་ཆུར་བཙོས་ཆུ་གཙང་གིས་བཀྲུ། སྦལ་རྒྱབ་མདུང་རྩེ་གངས་ཐིག་ཅོང་ཞི་མཚལ་རྣམས་ཐུན་རེ་ཁྲོབ་བརྡུང་བོང་དམར་ཆུ་ལ་བཙོས་ཁུ་དོར། རྨ་བྱའི་མདོངས་དུག་གཟུགས་མོ་བྱི་ཐུར་ལྔ། མེ་ལོང་སྟེང་དུ་མེ་ཆེན་འོད་ཀྱིས་སེར་ཙམ་བསྲེགས་པ་དང་། ལྡུམ་སྟག་དུག་བྲལ་རྡོག༡༡ གུར་གུམ་གི་ཝཾ་ཞོ་གསུམ་རེ། བོང་དཀར་བྲག་ཇ་བསེ་རུ། སུ་མི་དམར་སེར་རྣམས་ཞོ་དོ་རེ། དོམ་མཁྲིས་གླ་རྩི་ཤ་ཆེན་ག་དུར་ཙན་དན་དཀར་དམར་ཨར་ནག་ཀྱི་ལྕེ་དཀར་པོ། སྲད་ནག་སྒོང་ཐོག་པ་
རྣམས་ཞོ་རེ་ཅུ་ལི་ཛཱ་སུག་ཀོ་བོང་དམར་ཡུངས་དཀར་ཉུང་མའི་ས་བོན། དཔའ་བོ་དཀར་སེར་དཔའ་རྒོད་རྣམས་ཞོ་ཕྱེད་རེ། རུ་རྟ་ཐུན་གཉིས་བཅས་སྨན་སྣ་ཞེ་གཅིག་པ་འདི་འདམ་འཐག་རིལ་བུ་སྲན་ཙམ་བྱ། སྦྱར་དུས་དུས་བཟང་བགེགས་བསྐྲད་སྲུང་འཁོར་བྱ་སྨན་སྲུང་གསོལ། འདིས་རྒྱ་ནད་བལ་ནད་མོན་དུག་སོགས་དུག་རིགས་ཀུན་དང་ཁྱད་པར་སྦྱར་དུག་གི་གཉེན་པོ་ཟླ་མེད། དུག་ཚབས་ཆེ་ན་ཀོ་ཐའི་བཤལ་རྗེས་རིལ་བུ་གསུམ་སོགས་བཏང་། དེ་ནས་ནད་སྟོབས་ཟུངས་སྦྱར་གཏོང་ཚོད་བྱ། འཇུ་དཀའ་ན་དྭངས་མ་གནས་འཇོག་དང་ལྟག་པ་སྤྲད་ནས་ནད་གཏིང་འདོན། རིན་ཆེན་རིལ་བུ་རྟ་རི་མ་ཞེས་པ་འདི། རྒྱ་ནག་གཏེར་མ་སྐྱེས་བུ་མེ་ལྷའི་ལུགས། ཀརྨ་པ་ཞྭ་དམར་ནག་ནས་བརྒྱུད། ཕྱག་ལེན་བཀའ་རྒྱ་བཅས་སྤེལ་བའོ། ༈ །རྒྱ་བཞི་གསེར་སྦྲུལ་སྟག་གི་ཤ་བུལ་ཏོག་མཛོ་དྲེའི་རྒྱུངས་བཅས་ཆུང་འཁོར་རྒྱུན་གཅོད། ༈ །དངུལ་ཐལ་བསེ་འབྲས་དར་མཚུལ་གྱིས། ཤ་རོ་དང་འབྲས་གཅོད་དོ། ༧ །ཚྭ་རིགས་ལ་རྒྱ་རྒྱམ་ཁ་མཚོ་ཝ་མཛེ་ལྕེ་ལན་པ་ཟེ་གད་ཐང་ཤིང་དྭ་ཚྭ་དང་། བུལ་ཏོག་ཡ་བཀྵ་ར་ཚ་ལ་མཚུར་རིགས་བཞི་བཅས་ལ། མ་བཅོས་རང་བྱུང་གི་ཚྭ་སྣ་ཉེར་གཅིག་བཤད། རྒྱ་ཁ་གཉིས་བཟོ་ཡང་བཏུབ་པས་དེ་དང་། རྩ་བ་རུ་ཚྭ། རྭ་ཐལ་མཚལ་ན་གུ་ཚྭ་ཟེ་ཚྭ་བིག་པཎ་དང་ཚྭ་བསྲེག་རིགས་བདུན་ནི། བཅོས་པའི་ཚྭ་རིགས་བཅུ་དྲུག་སྟེ་བསྡོམས་པས་ཚྭ་སྣ་སོ་བདུན་དུ་དབྱེ་བ་ཡོད། རྒྱ་ཚྭ་རང་བྱུང་རྒྱ་དཀར་ནག་ཧོར་ནས་འབྱུང་མདོག་ངེས་མེད་བྲག་གི་ཆགས་རྡོ་གཞན་འབྱར་བ་གྲུགས་ཉམས་མེད། རོ་ཤིན་ཏུ་ཚྭ། ཛི་ཧཱ་བྷི་ཏཧྲ་ཞེས་ལྕེ་འབིགས་བཟང་། བཟོས་པ་གྲུགས་ཉམས་ཁ་ཞག་དྭངས་སྙིགས་ཅན་ལྕེ་འབིགས་མི་ནུས། རྒྱ་དཀར་སྟོད་ཧོར་རྒྱ་ནག་གཉིས་བཟོས་
པ་སྔ་མ་ནི་བཟང་། རྒྱམ་ཚྭ་སྔོ་དྭངས་མི་སྒྲིབ་གསལ་བ་གྲུ་བཞིར་ཆགས་པ་རབ། དམར་མདངས་ཅན་འབྲིང་། ནག་སྔོ་སྣ་ཐུང་ཐ་མ་སྟེ། ཤིན་ཏུ་ལན་ཚྭ་མངར་བག་ལྡན། མཚོ་ཚྭ་མཚོ་ཕྲན་ལས་བྱུང་མདོག་སྔོ་རོ་མངར་གྲུ་བཞིར་ཆག་པ་རྒྱམ་ཚྭ་དང་ནུས་པ་འདྲ་བཟོ་རིགས་རྒྱུ་རུ་བཟང་། ཁ་རུ་ཚྭ་སྲ་མཁྲེགས་འོད་ལྡན་ཕོ་ཅོང་དབྱིབས་མདོག་ནག་སྔོ་དམར་སྨུག་སྐྱ་སེར་སོགས་འབྱུང་ཡང་། གཙོ་བོར་དམར་ནག་གི་རིགས་གཉིས་བཤད། ཕྱི་རུ་རྡོ་རྩི་ཆགས་ལ་རྡོ་གཞན་འབྱར་བ་རང་བྱུང་གི་རྟགས། རྭ་ཚ་རྭ་གཞོབ་དང་མུ་ཟིའི་དྲི་ཅུང་བྲོ་བའོ། །བཟོས་པ་ཁ་ཞབས་སྲུག་ཉམས་ཁོང་གསོབ་སྦུ་དབྱིབས་ཅན་མུ་ཟི་བྲོ་ཉམས་མེད་པའོ། །ཝ་ཚྭ་བྲག་དང་གྲོག་པོ་ལས་རིམ་ཆགས། བྱེ་མ་ཀ་རའི་གོང་བུ་འདྲིལ་བ་ལྟ་བུ་དང་། གོག་པོ་སྦུ་བའི་དབྱིབས་སོགས་མ་ངེས་འབྱུང་། ལན་ཚྭ་སྔ་མ་ལས་བྲོ་བ་དུག་ཚྭ་རྣོ་རེག་བྱ་ཅུང་གྲང་། མཛེ་ཚྭ་གྲོག་པོའི་ཁར་ཁ་བ་ལྟར་ཆགས་པ་དང་། ཡ་བཀྵ་རའི་འོག་གདན་དུ་སྐྱ་སོབ་ཚྭ་ལྟར་ཆགས་པ་དང་། བྲག་ངོས་ཚུར་ཁུ་ལྟར་ཆགས་པའང་འབྱུང་། ཤིང་ཚྭ་ད་ཚྭ་ལན་ཚྭའི་སྡེར་བཤད་ཀྱང་། ཤིང་གི་རིགས་ནི་ལྕེ་མྱང་ཚྭ་ཡིན་སྲབ་འཐུག་དབྱེ་གཉིས། ཚ་ཞིང་མངར་ཏེ་ལན་ཚྭའི་རོ་མི་གསལ། པ་ཡོངས་གྲགས་ཤིང་ཚྭའོ། །ལྕེ་མྱང་ཚྭ་ནི་ཚྭ་དཀར་རྒྱམ་ཚྭ་འདྲ་ལ་དམར་ཞད་ཅན། བུལ་ཏོག་རོ་འདྲ་རིམ་བྱང་ཚྭ་ཡི་རོ་ལྡན་རྒྱམ་ཚྭ་ལྕེ་མྱང་ཚ་གཉིས་ཚྭ་ཡི་མཆོག་ཏུ་ཟླ་ཟེར་ལས་བཤད། ཡང་འདི་ལ་སྐག་ཤིང་འདྲ་བ་མངར་ལ་མྱོང་ན་ལན་ཚྭ་རྣོ་ཞིང་རྣོ་བ་ཡོད་དོ། །ཚྭ་ལ་ནི་མཚོ་ལས་འཁྱག་ལྟར་ཆགས། རོ་ལན་ཚྭ་མངར་འཇམ་བུར་དྲི་བྲོ། མེར་བསྲེག་འཇུ་ཞིང་ལྦུ་དཀར་འཕྱུར་འཕེལ་དཀར་དྭངས་སྔོ་མཁྲེགས་འོད་ལྡན་ཤེལ་འདྲ་བཟང་། བྱི་བྲུན་མ་དང་དཀར་ཉོབ་ནུས་ཡལ་ངན། ད་མཚུར་ཞེས་བྱ་བ་འདི་ཡིས་
མིང་གི་རྣམ་གྲངས་ཡིན། ལན་ཚྭ་ནི་ཡུལ་སྣ་ཚོགས་ནས་མཚོ་དང་ས་འོག་ཆུ་མིག་ནས་འབྱུང་བ་འདེབས་ཚྭ་སྟེ་ཡུལ་གྱིས་སམ་བསྒྱུར་མདོག་དང་བ་བཟང་། རོ་ཡང་ཁ་ཞད་ཅན་ངན། བུལ་ཏོག་སོགས་ཀྱི་དྲི་ལྡན་ཞན་ནོ། །བ་ཚྭ་ནི་ཟེ་ཚྭ་བྲག་སྲུབ་ལས་འཁྱག་འདྲ། དྭངས་མ་དཀར་བ་སླད་མེད་བསྐོལ་མི་དགོས། ཁང་རྨང་གད་རལ་ལས་བྱུང་སྣུམ་འབོལ་བར་བསྐོལ་བཀྲུགས་དགོས། མེར་བཅུག་ཟིར་སྒྲ་ཙམ་མེ་སྟག་ཏུ་འགྱུར་བའོ། །གད་ཚྭ་ནི་གད་རལ་ལས་ཆགས་པ་ཚྭ་འདྲ་ཞིང་རྡུལ་ཅན་སྐམ་ལས་བྱུང་བས་སྐམ་ཚྭའང་ཟེར་ཁ་དོག་ཡུལ་རྗེས་འབྲང་། སྐམ་ཚྭས་བད་ཀན་བསྐྱེད་ཅིང་འཇུ་དཀའ་ལྕི་བས་དུད་འགྲོས་ཀྱང་ཟོས་པ་དུག་ལྟར་གཟེར་འཁུན་བཤལ་བའོ། །ཐང་ཚྭ་ཐང་ཤིང་རྩ་བར་སྡོང་རུལ་སོགས་ཤིང་ལས་བྱུང་བའི་ཚྭ་སྟེ་སྔ་མ་ལྟར་འཇུ་དཀའ་དུག་ཆེ་ཤིང་བྱུང་ཟེ་ཚྭ་དང་མི་ནོར་བ་མེ་ཡིས་གསལ། བུལ་ཏོག་དཀར་པོ་དཀར་ལྕི་ཁ་མངར་ཅན་སྨན་དུ་བཟང་། ཡུལ་ཚྭ་ལས་བྱུང་ཚྭ་ཁ་རྣོ་བ་ཞན་ནོ། །ཡ་བཀྵ་ར་བྲག་རལ་གད་ཕུག་སོགས་སུ་འབྱུང་། དཀར་འཇམ་ཁ་བ་བསྒང་འདྲ་བཅང་ན་ཁ་བ་ལྟར་ཁྲུག་ཁྲུག་ཟེར་བ་མངར་རྣོ་བཟང་། སྒྲ་མེད་གྱོང་རྩུབ་རོ་ཁ་བསྐ་ངན།མཚུར་རིགས་བཞི་ནི་རོ་སྐྱུར་ལ་བསྐ། མཚུར་དཀར་རྒྱ་གར་ནས་འབྱུང་ཚྭ་ལ་འདྲ་བ་དེ་ལས་དཀར་དྭངས་མཚེར་བ་དར་མཚུར་མཚུར་དཀར་ཤེལ་མཚུར་ཀྱང་ཟེར། མཚུར་སྔོན་ནི་ལ་ཐོ་ཋ་རང་བྱུང་མཐིང་ངམ་གཡུ་མདོག་རོ་མཚུར་འདྲ། རང་བྱུང་རྟགས་སུ་རྡོ་དྲེག་ཡོད། དེའི་མིང་བིག་པཎ་ཀྱང་ཟེར། སེར་མཚུར་ཕལ་ཆེར། བྲག་ལས་འབྱུང་། བྲག་དྲེག་སེར་པོ་ཆགས་པ་སྐྱུར་ཤས་ཆེ། ནག་མཚུར་ཤས་ཆེ་ས་སྔོན་གཡའ་མ་ལས་བྱུང་མདོག་དཀར་སེར་ཅུང་བསྐ། འདི་གཉིས་སྙ་ལོ་བྲ་བོ་ཨ་རུ་ར་སེ་འབྲུ་
བཞི་གང་རུང་གི་ཁུ་བར་བཏབ་པའི་ཁུ་བས་ཚོས་ཀྱང་རང་མདོག་སྟོན ༈ །ཚྭ་བཟོ་ལ། རྒྱ་ཚྭ་བཟོ་ལུགས་སྟོད་ཧོར་ལུགས། ཡ་བཀྵ་ར་སླད་བྲེ་གང་ལ་རྒྱ་ཚྭ་རང་བྱུང་ཕུལ་གང་བཏང་ཞིབ་བཏགས། རྫ་མ་ལུང་གཉིས་ཁ་རུབ་པར་སྣུམ་བྱུགས་ནང་བླུགས་ཁ་བཅད་མཐོ་སར་ཉི་ཟླ་གྲང་རླུང་ཕོག་སར་དོང་འདོམ་ཕྱེད་བྲུས་ནས་ཤིང་གཉིས་བཙུགས་པར་ལུང་གཉིས་དམ་བཏགས་བར་སྣང་དུ་ས་ལ་མ་རེག་པར་བཞག ཁ་བཀབ་ཆུ་རླུང་ནང་དུ་མི་འགྲོ་བར་བྱ། ཕར་འཇོག་ཚུར་ལེན་སྐར་མ་རྟ་ཆེན་དང་ཟླ་བ་ཕྲད་དུས་བྱས་ལ་ལོ་གཅིག་སྦ། དེས་རྒྱ་ཚྭ་རང་བྱུང་འབྱུང་བར་བཤད། ཡང་ན་ཟེ་ཚྭ་སླད་མེད་ལ། ལན་ཚྭ་མཆོད་རྟེན་རིས་ཅན་ཕྱེད་སྦྱར། རྒྱ་ཚྭ་བཟང་པོ་བཞི་ཆ་བཅས་བཏགས་ཀོང་བུར་བཞུས་ཆུ་ལྟར་གྱུར་ཚེ་རྡོ་གྲང་སྟེང་བྱོས། རྒྱ་ཚྭའི་དབྱིབས་མེད་ཀྱང་ནུས་པ་ཁྱད་མེད་དོ། ༈ །ཁ་རུ་ཚྭ་བཟོ་ལ་ལུགས་གསུམ་དང་པོ་བྱང་ཚྭ་ཤེལ་འདྲ་སྲང་གསུམ་བྱང་བུལ་ལེགས་པ་སྲང་བཞི་གནའ་རུ་སེར་ཧྲོབ་བསྲེགས་པ་སྲང་དྲུག་གི་ཕྱེ་མ་ཞིབ་བཏགས། ཚྭ་ལ་ཞོ་གང་གི་ཆུས་སྦྲུ་ལུང་ཐང་ཙམ་དྲིལ་བསྐོམས་ནས་ཀོང་བུར་སོལ་མེས་བཞུས་སྣོད་གཞན་དུ་བྱོས་པས་འགྲུབ། ཡང་ན་བྱང་ཚྭ་ཤེལ་འདྲ་ཆ་དྲུག་བུལ་ཏོག་ཕྱེད་གཉིས་ཞིབ་བཏགས་ཀོང་བུར་བཞུས་ལ་བྱོས་པའི་ཞུན་མ་ལ། ལོགས་སུ་ཚྭ་ལ་ཆུ་བཅད་ཆ་ཕྱེད་དང་། རྒྱ་ཚྭ་ཆ་གསུམ་གཡག་རྒོད་རྭ་གཞོབ་ཆ་བཞི་རྣམས་ཁྲོབ་བརྡུང་བརྒྱད་འགྱུར་ཆུར་གདུས་པའི་དྭངས་མ་བསིང་བར་གོང་གི་ཚྭ་ཞུན་དེ་ཞིབ་བཏགས་བཏབ་ལ་བསྐོལ་ཁཎྚ་བྱ་བའམ། ཡང་ན་ཀོང་བུར་བཞུ་བླུག་བྱས་པས་འགྲུབ་བོ། །དེ་ཡང་ཁ་དོག་དམར་བར་བཙག དམར་སྨུག་སྐག་དམར་སེར་གུར་གུམ། །སྔོན་པོ་རམ་གྱིས་བསྒྱུར་བར་བྱའོ། །བཟོ་ལུགས་གསུམ་ལ་ལན་ཚྭ་སྒོ་ང་གང་། སེར་མཚུར་བྱང་བུལ་སླད་མེད་སྒོ་ང་རེ། རྭ་སྣ་ཚོགས་ཚད་བསྲེགས་
ཕྱེ་དེ་ཡི་ཕྱེད། བསྲེགས་ཞུས་རྡོ་སྟེང་བླུག་པས་འགྲུབ། གང་ཡང་དང་པོ་གོང་བུ་དམར་ལྷང་བསྲེག དེ་ནས་ཚྭ་སྦྱར་བ་རྣམས་བླུགས་ནས་ཞུ་བར་བྱའོ། །རྩ་བ་རུ་ཚྭ་རང་བྱུང་ཡོང་ཅེས་བཤད་ཀྱང་སྔོན་ནས་ད་བར་མཐོང་རྒྱུ་མི་འདུག །བརྩ་ལའམ། རྒྱུ་ཙ་ཀ་ཞེས་མིང་བཏགས་པ་འདིའི་བཟོ་ཐབས་ནི། བྱང་ཚྭ་སྔོ་དྭངས་ཆ་ལྔ། ཚྭ་ལ་བཟང་པོ་ཆུ་བཅད་ཆ་གསུམ། རྒྱ་ཚྭ་ཟེ་ཚྭ་མཚུར་དཀར་སླད་མེད་རྣམས་ཆ་ཕྱེད་རེ་སྦྱར་བ་ཞིབ་བཏགས་ཆང་གིས་སྦྲུས་པ་མཐེབ་ཀྱུ་བྱས་བསྐོམས་འདྲེས་དཀྲུག་བྱ་ཞིང་བཞུས་ལ་བྱོས་པས་འགྲུབ་བོ། །རྭ་ཚྭ་གཡག་རྒོད་གནའ་བ་ར་ལུག་གླང་ཐུག་པོའི་རྭ་རྣམས་མེ་ལ་བདུགས་ཏེ་ཚིག་པ་སེར་པོར་སོང་བའི་ཕྱེ་ཆ་མཉམ་བསྡོམས་པའི་ཐུན་བསྐྱེད་ཀྱི་བྱང་ཚྭ་ལྷད་མེད་སྦྱར་ནས་ཞིབ་བཏགས་རང་ནུབ་ཀྱི་བ་ཆུ་དང་བརྒྱད་འགྱུར་གྱི་ཆུ་བཅས་ལ་བསྐོལ་བ་ལ། རྒྱ་ཚྭ་བུལ་ཏོག་ཚྭ་ལ་ཅུང་ཟད་འདེབས་བསྐོམ་འཐག་དྲག་པོས་མཆང་རྗེས་དོད་པ་ཙམ་དུས་གནའ་རུ་སྲབ་མོའི་བར་དུ་དམ་པར་བརྫངས། རེ་ཚལ་འདམ་སྦྱར་གྱིས་ཁ་བཅད་མཚམས་ནས་གྲིལ། བོང་མེ་ཆེར་འབར་ནང་དུ་བཅུག་སྟེ་ཞག་གཅིག་བཞག །ཕྱི་རྭ་གཞོབ་ཀྱི་ཐལ་བ་ལ་ནང་གི་ཚྭ་ར་སྙིང་འདྲ་བ། རྭ་བྲོ་ཞུན་ཐེབ་རབ། ནག་སོབ་ངན། ཕྱི་ཡི་རྭ་ཐལ་བར་མ་སོང་ན་སླར་ཡང་བསྲེག་པར་བྱ། གྲང་ནས་བཏོན་པའི་ནང་གི་ཚྭ་དེ་རྭ་ཚྭའོ། །ཐལ་ཚྭ་ནི་བེ་སེང་ལྡེང་ཚེར་མ་ཅན་ཤིང་དང་སྐྱེར་བའི་ཤུན་པ་རྣམས་བསྲེག་ཐལ་དཀར་པོ་སླེའུ་ནང་དུ་བརྫང་། སྨྱུག་ཕོར་སླས་ཕོར་དུ་བཅུག་ལ་རྐང་སྟེགས་ཀྱི་ཁར་བཞག་པའི་ཁ་ནས་ཆུ་གྲང་མ་འཁྲུག་པར་བྲན། འཇག་རིམ་བཞིན་ཞབས་སུ་ཟངས་རག་དང་མཁར་བ་མིན་པའི་སྣོད་གཙང་བཟེད། རྒྱ་ཚྭའི་རོ་ལྡན་མར་ནག་ལྟ་བུའི་ཁུ་བ་འཛག་པ་དེ་ཁནྜར་བྱས་ནས་
བསྐམས་པར་བྱས་པས་འགྲུབ་བོ། །ཡང་ན་ཤིང་སྡོང་རུལ་པ་བསྲེག་ཐལ་ལམ། ལྕུམ་ལྡོང་སྨྱུག་འདྲ་ཚིགས་པ་ཅན་ཁོ་བུད་ཅེས་དང་ཧོ་ཁོས་ཀྱང་ཟེར་བའི་ཐལ་བ་ལས་གོང་བཞིན་བྱས་པས་ཀྱང་འགྲུབ་སྟེ་རྒྱུའི་ཁྱད་པར་རོ། །ཐལ་ཚྭ་ཞུན་མ་དེ་བསྐམ་པར་ནམ་ཞིག་ན་ཞོད་ཀྱི་དུས་སུ་ཆུ་ལྟར་འཇུ་བས་སྤར་བུ་བཟང་པོར་ལག་ཚགས་དམ་པར་བྱ། དེ་ལྟར་ཞུན་ཕབ་རྒྱུ་མ་བྱུང་ན་ཡང་། ལྕུམ་སྡོང་རྣམས་ཞབས་རྡོལ་རྫ་མ་རླུང་མ་དེ་དོང་དུ་བསྲེགས་ན་སྙིང་པོ་ཚ་ཞུན་མཛེ་ཚྭའི་དབྱིབས་འདྲ་རྒྱ་ཚྭའི་རོ་ལྡན་གང་ཆགས་པ་གོང་གི་ཐལ་ཞུན་བྱས་པ་དང་འདྲའོ། །མཚལ་ཚྭའམ་ད་ཆུའི་ཚྭ་ནི་ཟེ་ཚྭ་བཟང་པོ་ཤེལ་འདྲ་སྲང་གསུམ། ཚྭ་ལ་བཟང་པོ་སྲང་གང་། རྒྱ་མཚལ་འདུལ་མ་ཞོ་གང་། དངུལ་ཆུ་བ་ཆུས་བཤིགས་པ་ཞོ་གང་བཅས་དཀྲུག་ཅིང་བསྐོལ་ནས་གར་སླ་ཞོ་ཙམ་དུས་གྲང་བཅུག་པས་ཞུན་དུ་ཆགས་པ་འདི་ལ་བདུད་རྩི་ད་ཆུ་ཟེར། རིན་ཆེན་ད་ཆུ་ཞེས་པ་མཚལ་དང་མ་ནོར་བ་གཅེས་སོ། །ན་གུ་ཚྭ་ནི་མཚོ་ཚྭ་སྔོ་དྭང་གྲུ་བཞི་མངར་བག་ཅན་མེར་བསྲེག་ཚག་སྒྲ་བཅས་ཡར་བ་དེ་སྲང་དོ་ཟེ་ཚྭ་བཟང་པོ་སྲང་གང་བསྲེས་ནས་རང་ནུབ་ཀྱི་ཆུར་གདུས་བསྐམས་ཀྱིས་འགྲུབ་བོ། །ཟེ་ཚྭ་ནི་རང་བྱུང་ལས་བཟོས་པ་མེད་ཀྱང་། བྲག་གམ་ཁང་རྨང་རྒས་པ་ནས་འབྱུང་བ་དེ་དྭངས་སྙིགས་འབྱེད་ཐབས། རང་ལས་བརྒྱད་འགྱུར་ཆུར་བཏབ་ནས་ལྷོག་ཙམ་བསྐོལ་ནས་ཞག་གཅིག་གྲུང་དུ་བཅུག་ལ་ནང་བར་བསེང་། སིགས་མ་བྲོ་བ་འདུག་ན་སླར་ཆུ་བསྣན་སོགས་ཀྱིས་དྭངས་མ་རྒྱ་ཁབ་ལྟར་ཆགས་པ་སླར་བསྐོལ་ཡང་ཆགས་སུ་བཅུག་པར་བྱའོ། །ནི་ལ་ཐོ་ཋའམ་བིག་པཎ་སག་རྩི་སག་རམ་རྩི་རྡོའམ། སྐྱུར་མོའི་ཚྭ་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཙམ་སྟེ་འདི་རྣམས་བཟོ་ཐབས་རྒྱ་ཚྭ་སྲང་། ཤེལ་མཚུར་ཞོ་ལྔ། ཚྭ་ལ་ཞོ་གང་། ཟངས་འཛོམ་ལ་རུག་མ་ཞིབ་བདར་ཕྱེ་མ་སྲང་གང་བསྲེས། ཆང་བཟང་དར་བ་ཆ་མཉམ་རང་ནུབ་ལ་སྦངས་ཏེ་
བསྲོས་ནས་དཀར་ཡོལ་ནང་དུ་ཞག་གསུམ་བསྙལ་པྲི་ཡངྐུའི་སྔོ་རློན་པས་ཁ་ཁེབ་བྱ། བསིལ་དང་སྐམ་དུ་སོང་མ་སོང་ལྟ་ཞིང་རུག་མ་མ་ཞུན་ན་ཕབ་དཀྲུགས་ལ་བསྙལ་མ་སྐམ་བར་ཡང་བསྐྱར་བས་མཐིང་སྔོན་ཚྭ་ཆུ་གཡའ་རོ་ལྡན་པ་བྱུང་ངོ་། །ཚྭ་བསྲེག་རིགས་བདུན་ནི་ཚ་བསྲེགས་ཆེན་མོ། །ཚ་རྙིང་སླད་བྲལ་ཕུལ་དོ། །འབྲོང་གཡག་དར་མའི་རྭ་ཕྱེ་ཕུལ་ཕྱེད། གཞན་རྭ་སྣ་ཚོགས་ཚད་བསྡུས་པ་ཕུལ་ཕྱེད། སྒྲོན་ཤིང་པི་ལིང་གཉིས་ཕུལ་རེ་རྣམས་གཙོ་བོ། འཁོར་སྔོ་ཡི་ཚ་བ་གསུམ་ཁྱོར་རེ། རྒྱམ་ཚྭ་ཁ་རུ་ཚྭ་ཟེ་ཚྭ་གསུམ་གཙོས་ཚྭ་སྣ་གང་ཚོགས་རིལ་མ་ཙམ།ཨ་རུ་གསེར་མདོག་རྡོག་གསུམ། མཆུ་སྙུང་རྡོག་པོ་གཉིས། བ་རུ་རྡོག་གཅིག སྐྱུ་རུ་དེ་མཉམ། བཟང་དྲུག་སེ་འབྲུ་སྡིག་སྲིན་ཙིཏྲ་ཀ་ཐུན་རེ། ཕུག་རོན་རིལ་མ་བྱ་སྒོང་གང་། བྱང་བ་གསུམ་དུར་བྱིད་ཐུན་གཅིག་སྟེ་འདི་གཉིས་མར་དུ་བཙོས་པ་དང་བཅས་པ་དེ་ཀུན་ཞིབ་བཏགས་བཞོ་ཕུལ་དོ་ཆང་ཕུལ་གསུམ་སྦྱར་ལ་དཀྲུག་ཅིང་ལྕགས་སྣོད་དུ་བཙོ། ཕྲུལ་བོར་སོང་ནས་སླར་ཁ་སྦྱོར་དུ་དུ་བ་མ་ཤོར་བར་ཉིན་ཕྱེད་ཙམ་བསྲེག །འོག་ནས་མེ་བཏང་སྟེང་ནས་རྡོས་མནན་སྲུབས་ཀྱི་མེ་སྔོན་པོ་ཡལ་ནས་གྲང་བཅུག །འདི་རང་གར་གཏོང་ན་པི་ལིང་མང་དུ་བརྔོས་ཕྱེ་ཐུན་རེ་ཚྭ་བསྲེགས་ཐུན་སྔ་ཕྱིར་ཆུ་སྐོལ་ཕུལ་ལམ་ཐང་དུ་བསྐོལ་ལ་བཏང་བསིལ་བའི་ཟས་སྤྱོད་སྤང་། ན་ཚ་ཅི་བྱུང་ཡང་མི་འཇིགས་པར་རླུང་བཅོས་བྱ། དེས་ཚ་གྲང་གི་སྐྲན་གང་ཡང་མར་ལ་ལྕགས་བསྲེགས་ལྟར་འགྲོའོ། །ཚྭ་བསྲེགས་འབྲིང་པོ་ལན་ཚྭ་དམར་པོ་སླད་བྲལ་ཆ་ལྔ་ལ། རྒྱ་རྒྱམ་ཁ་མཛེ་ཐལ་ཤིང་གི་ཚྭ་དང་ཚྭ་ལ་ཙི་ཏྲ་ཀ་ལ་ཕུག་སྐམ་པོ་ཆུ་རྩ་ལ་ལ་ཕུད། ཤུ་དག་ནག་པོ་ད་ལི་ཚ་བ་གསུམ། གཡག་རྒོད་ར་རྟ་རྨིག་བཙའ་གཞོབ། སྨན་ཆེན་བྲག་ཞུན་ཆ་མཉམ་ཆ་གཉིས་རྣམས་ཞིབ་བཏགས་བ་ཞོ་ཉིས་འགྱུར་སྦྱར་བཙོས་དྲིལ་བཏུབ་ཚེ་ཕབ་རྡོག་འདྲར་བྱས་བསྐམས་ནས་རྫ་བུམ་དུ་བང་མེས་དུ་བ་མ་ཤོར་བསྲེགས་
པས་འགྲུབ། འདི་སྦྱོར་བ་གཞན་སྡེའོ། །འདི་སྒེར་དུ་སྦྱོར་ན་འདི་ཆ་གཅིག་ལ་དབྱི་མོང་དཀར་པོའི་ལོ་མ་སྤྱང་ཚེར་དཀར་པོ་སྒ་ཚྭ་སྲུབ་ཀ་འབམ་པོའི་རྩ་ལོ་ལྔ་ཆ་གཅིག་ཐུན་བྱ། དུད་འགྲོན་ཅོང་ཞི་ཐལ་བ་ཟེ་ཚྭ་བཞི་རྣམས་ཆ་གཉིས་ཐུན་བྱས་པ། ཆ་གསུམ་སྦྱོར་བ་གི་ཝཾ་དང་པི་ལིང་ཚ་གྲང་གི་ཁ་བསྒྱུར་ཞིབ་བཏགས་ཐུན་རིམ་བསྐྱེད། ཆུ་སྐོལ་ཆང་དྲོན་ཚ་གྲང་རྟས་དབུལ། ནད་གཞི་ཚ་གྲང་གི་ཁ་འཛིན་སྦྱར། ཞག་ཉེར་ལྔའམ་ཟླ་གཅིག་བཏང་ན་སྐྲན་རིགས་མ་ལུས་བཤིག་པའི་ཐོག་རྒོད་ཡིན། ཚྭ་བསྲེག་ཆུང་བ། བྱང་ཚྭ་རོ་མངར་བ་བ་ཚྭ་མེད་པ་སྔོ་དྭངས་ཁྱོར་དོ། །འབྲོང་དང་བྱ་རྒོད་ཤ་བཟང་མཐེབ་ཙམ་རེ་སྦྱར་བ་ཞིབ་བཏགས་བ་ཞོ་ཕུལ་དོར་བཏབ། དཀྲུགས་བཙོས་ཆུ་ཆོད་ཕྲུལ་བོར་སོང་ཚེ་སྔ་མ་ལྟར་བསྲེག་ཚོས་ཚོད་ཞུན་དུ་འགྲོ། །རྒྱུད་དགོངས་ཚྭ་བསྲེགས་བསྡུས་པའོ། །ཕྱག་རྡོར་ལུགས་ཚྭ་བསྲེག བྱང་ཚྭ་སོགས་དང་མ་ཕུལ་དོ། རྟ་རྨིག་བཙའ་གཞོབ་ཚྭ་སྣ་ཚོགས་ཚད་པྲི་ཡངྐུ་རྣམས་ཆ་མཉམ་ཕུལ་གང་སྦྱར་བ་ཞོ་ཕུལ་དོ་ཨ་རག་ཕུལ་དོ་སྦྱར་བར་བཙོས་ནས་ཆུ་ཆོད་སྔར་ལྟར་བསྲེག་ཆིག་རྒྱུག་གིས་སྐྲན་རིགས་བརླག །སྦྱོར་བ་གཞན་ལ་སྦྱར་ཀྱང་མཆོག་འཇམ་དཔལ་ལུགས་ཚྭ་བསྲེག་ཚྭ་དམར་སླད་མེད་ཕུལ་དོ་ལ་དྭངས་སྔོའི་ཚ་བ་དྲུག་འབྲས་བུ་གསུམ་པྲི་ཡང་ཀུ་རྣམས་མཉམ་པ་ཕུལ་གང་བ་ཞོ་ཆང་སྦྱར་སོགས་སྔ་མ་བཞིན་བསྲེག ཆིག་རྒྱུག་གམ་སྦྱོར་གཞན་བསྡེབས་ཏེ་བཏང་། སྤྱན་གཟིགས་ལུགས་ཚྭ་བསྲེག བྱང་ཚྭ་དཀར་པོ་སླད་བྲལ་ཕུལ་དོ། ཅོང་ཞི་རིགས་ལྔ་རྡོ་རྒྱུས་རིགས་ལྔ་དུང་མགྲོན་ཤ་རུ་ཚྭ་ལ་མུ་ཟི་སེར་པོ་ཆ་མཉམ་བྱེ་ཕུལ་གང་སྦྱར་འདམ་བཏགས་དུང་ལེབ་འདྲ་བ་མང་བྱས་བསྐམས་ནས་ཀོང་བུར་བཞུས་རྡོ་གྲང་སྟེང་བྱོས་ཆིག་རྒྱུག་གཞན་སྦྱོར་སྐྲན་རིགས་འཇོམས། རིགས་འདུས་ཚྭ་བསྲེག་དྲང་སྲོང་ལུགས། བྱང་ཚྭ་སླད་མེད་ཕུལ་གང་ཁྱོར་གང་སྤྱན་གཟིགས་ལུགས་ཚྭ་བསྲེག་འཁྱོར་གང་། སྣ་ཚོགས་ཚྭ་རིགས་བསྡུས་པ་
དེ་མཉམ། འབྲོང་གཡག་དར་མའི་རྭ་དང་པྲི་ཡངྐུ། ལ་ཡི་ཚ་བ་གསུམ་འབམ་པོ་འབྲས་བུ་གསུམ་ཆ་མཉམ་ཕྱེ་ཕུལ་གང་། ལྕུམ་པགས་པ་བཤུས་ནས་ཉིན་ཉི་མར་སྐམ། མཚན་བསྡུས་ལ་གོས་བཀབ་བསྐམ་ཚྭ་ལངས་ནས་བ་ཚ་དཀར་པོ་ཆགས་ལྕེ་ལ་རེག་མི་བཟོད་པ་ཡོང་། ལྕུམ་སྐམ་ཀུན་ལ་ལག་ལེན་འདི་རང་དགོས། དཀར་རྩ་སྐམ་དབྱི་མོང་དཀར་པོ་གཉིས་ཁྱོར་བ་རེ་བཅས་བསྡོམས་པ་ཞོ་གཉིས་འགྱུར་ལ་གདུས་འཕྲུལ་སྲེག་ཀར་བུར་སྦྲང་གསུམ་སྦྱར་སྐྲན་རིགས་བཤིག །སྦྱོར་བ་གང་ལ་སྦྱར་ཀྱང་ཆོག་གོ། དངུལ་ཆུ་ནི་དངུལ་ཆུའི་རྡོ་བཞུས་ན་མི་འབབ་དུད་པ་ཡལ་བ་དུད་སྐྱ་དངུལ་དུམ་ཅན། དེ་དང་མཚལ་གང་ཡང་ཞིབ་པར་བཏགས་པས་ཕབ་ཕ་ཝང་ལོང་བུ་སྡོང་རོས་སྣེའུ་གསུམ་སླ་ངར་ཕབ། གཞན་དག་རྫ་མར་ཕབ། སྟེང་འོག་བར་རྫ་སྨྱུག་དོང་དབྱིབས་འདྲའི་ནང་འོག་རྫར་རྒྱུ་བས་སོ། །བར་རྫའི་དུད་ཁུང་ནས་སྟེང་རྫའི་ངོས་ལ་ཆགས། གཤམ་ནས་མེ་སྦར། དུ་རླངས་མི་ཤོར་བར་གཅག་ཁ་ཆོད་སླ་ངར་ཆུ་བླུག་མི་དྲོས་པར་བྱ། འོག་གཤམ་དཀར་པོར་སོང་དུས་གྲང་བཅུག་ཁ་ཕྱེ་བར་དང་སྟེང་ངོས་ཆགས་པའི་དངུལ་ཆུ་སྒྲོའམ་བལ་གྱིས་བསྡུ། ལྕགས་སྒྱེད་ཁར་སླ་ངའི་སྟེང་དུ་རྫས་བཀྲམ་སྟེང་དུ་ལྕགས་སློང་སྦུབ་པར་འདག་སྦྱར་སྟེང་ནས་ལྕགས་སམ་རྡོའི་ལྗིད་ཀྱིས་མནན། སྟེང་གི་རྒྱབ་འདམ་རའི་ནང་ཆུ་བླུག་བསྲེག ཁོག་མའི་ནང་དངུལ་རེག་ཚད་གོས་སོགས་དུམ་གཏུབ་བཀང་མཆིག་གི་ཡ་ཁེབ་སྟེང་སྤུབ་འོག་ཏུ་བཟེད་རྫ་བཟེད། ཁོག་མའི་རྒྱབ་ནས་མེ་བཏང་། བཟེད་ཞལ་དུ་བབ་པ་གླ་ཧེལ་སོགས་ནང་འབུར་སར་དངུལ་ཆུ་འདྲིལ། རོ་གོས་དང་རེ་ཧྲུལ་མཚལ་ཞིབ་ཉུང་ཤས་བསྲེ་ནས་ཀྱང་དེ་ལྟར་ཕབ་ཕུག་རོན་དང་སྡིག་པས་དངུལ་ཆུ་ཕབ་ལུགས་སྡིག་ཆེ་བས་བཞག །དེ་ལྟར་དངུལ་ཆུའི་རྒྱུ་བཅུ་ཡོད་གསུངས། སྟེང་ཁེབ་དྲོས་རྩི་ཆགས་ཀྱང་རུང་། དུ་བ་ཤོར་ན་མི་ཆགས་སྲ། དུ་བ་ཁ་སྣར་འཛེམ་དགོས། དུག་གིས་
མིག་སོགས་འགྲིབ། བྱེད་པོས་ཆང་འཐུང་གདོང་ལ་རྭ་ཚིལ་བྱུག་གསུངས། ཤིང་ཀུན་བཅོས་ན་སྒོག་སྐྱའི་རྩ་ལོ་ཤུན་སྦུར་མང་བསག༢ས་འཛིམ་རྒྱ་བ་ཀེ་ཛི་རི་སྒོག་བྱེའུ་སྒོག་སོགས་སྒོག་རིགས་ཀུན་གྱི་རྩ་ལོ་མེ་འབྲས་བཅས་ལེགས་བསྐམས་རྫ་མར་བརྫངས་རང་ཐག་གི་ལྟེ་མིག་སྟེང་ནས་སྦུབ་དོང་ཁ་བཅད། དེ་འོག་རྫ་ཕྲན་ནང་ར་དང་རྣ་བའི་ཀླད་པ་མ་རུལ་བཙོས་ནས་ཁྲག་མེད་པ་ཞོ་ལྟར་དཀྲུག་པ་ཁྱབ་བྱུག་བཟེད་ལ་བཞག །དུ་བ་མི་ཤོར་བར་བྱ་སྟེང་སྒོག་རྫ་དེ་ལྕི་སྐམ་མེ་བསྒོང་དལ་བུས་བསྲེག་གོ། གྲང་ནས་བཟེད་རྫའི་ཀླད་པ་དཀྲུག་བཞར་ལན་གསུམ་བསྐྱར། ཤིང་ཀུན་ཏུ་འགྱུར་རོ། །དེའི་དྲི་བཟང་ན་གོང་གི་ལག་ལེན་ལྟར་དྲི་བཟང་བ་བཅུད་ལེན་དང་། མ་བཟང་ན་སྲིན་ལ་ཕན་ནོ། །ཡང་གཅིག་སྒོག་རིགས་བསྡུས་པའི་ཁཎྚ་ནི། གར་སླ་ཞོ་ཙམ་ལ་ཤིང་ཀུན་གྱིས་ཁ་སྦོད་བཏབ་དཀྲུགས་རྫའམ་རྭ་ཡི་སྣོད་བླུག་ཁ་དགག་དྲི་ཙམ་མི་བྲོ་དམ་པར་བགྱིས། མེ་ཉི་ལ་བསྲོས་ཏེ་རིམ་སྐམ་ཁ་ཕྱེས་བླང་པས་ཤིང་ཀུན་བཟང་པོར་འགྱུར། འགའ་ཞིག་གིས་སྒོག་པ་བཙོས་ནས་བསྙལ་བ་སོགས་ལག་ལེན་འཁྲུལ་འབྱམས་ཡོད་ཅེས་གསུངས། ཤིང་ཀུན་རང་བྱུང་ཡོད། དྲི་མ་མི་ཁོག་ཆེ། འདི་རོ་ཙ་ལ་གཏོང་ན་དྲི་བཟང་བར་གཞུང་ལྟར་བྱ། ནད་གཞན་ལ་དྲི་མི་ཡལ་བར་སྤར་བུ་སོགས་སུ་ཚགས་བྱའོ། །མངྒ་ལཾ། ༈ །ཤོག་དྲིལ་སྐོར་གསུམ་ལས་ངོས་འཛིན་མན་ངག་གསེར་གྱི་ལྡེའུ་མིག་ཅེས་བྱ་བ་བཞུགས། རྗེ་གཡུ་ཐོག་པ་ཆེན་པོས་མཛད་པའི་ངོས་འཛིན་མན་ངག་གསེར་གྱི་ལྡེའུ་མིག་གི་དོན་མདོར་བསྡུས་པ། མ་ཧཱ་གུ་ཎ་ནཱ་ཐཱ་ཡ། རྗེ་ཉིད་ཀྱི་གསུང་ལས། རྒྱལ་སྲས་རྒྱན་མཛེས་ཡིད་འོང་གཞོན་ནུའི་གཟུགས། །ཚངས་དབྱངས་གསུང་གིས་ཆོས་སྒྲ་སྒྲོགས་པ་པོ། །འགྱུར་མེད་དོན་གྱིས་སེམས་ཅན་འདྲེན་མཛད་པ། །ཡི་དམ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །རླུང་གི་ནད་ལ་རྩ་ཆུ་ཕྱི་ཡུལ་གསུམ། །ཞེས་
གསུངས་ཏེ། ནད་ཀུན་ལ་རྩ་དང་ཆུ་དང་ཕྱི་ཡུལ་གྱི་རྟགས་གསུམ་རེས་བསྟན་ཅིང་གཞུང་ཚིགས་བཅད་དུ་བཞུགས་པ་འདིར་འཇུག་པ་བདེ་ཕྱིར་སྙིང་པོར་དྲིལ་ན། རླུང་གི་རྩ་ནི་རྐྱལ་སྟོང་འཆོལ་ལ་རྒོད། མནན་ན་མི་བཟོད་གཏིང་ན་འབོལ། ཡུན་དུ་མནན་ན་མྱུར་དུ་འཕར་མི་ནུས། དབུགས་བཞིན་འཕར་ཡང་གྲངས་ལ་ཡོངས་མི་སྡོད། དཔེ་ནི་གླ་རྒྱུན་སྒྲིལ་མ་མནན་པ་འདྲ། ཐོར་བུའི་རླུང་རྩ་དྲག་སྟོང་འཆོལ་ལ་རྒོད། ཐོག་བབ་རླུང་རྩ་གར་མཁན་ལག་པ་འདྲ། རླུང་ཆུ་དཀར་ཞིང་ཀུ་ཡ་མེད། གཏིང་དཀར་རླངས་མེད་དབུ་བ་སངས་སྐྱེན། གར་བླུག་སའི་སྣོད་ཀྱི་མདོག་ཏུ་འགྱུར། དཔེ་སྤྱི་བཞུར་ཁུ་བ་སླ་མོ་ལྟར་སྔོ། རྩ་ཆུ་གཉིས་ཀ་རླུང་དུ་མཐུན་པ་རླུང་ནད་དོ། །རླུང་གི་ཕྱི་ཡུལ་ནི་རླུང་གསང་རྣམས་སུ་གཟེར། གྲང་ཤུམ་བྱེད། སྦྲིད་པ་མང་། བ་སྤུ་ལོག མགོ་འཁོར། ཁ་སྐྱུར་ཞིང་ཆུ་སྐྱུར་འཐོར། སྒྱིད་སྐྱུར་མགོ་སྤུ་གཙེ། མིག་མཐིལ་ན། སོ་རྩ་གཙེ། ཡང་ཡང་ཚིགས་བཞི་ན། དེ་ལྟར་རླུང་རྟགས་ཐམས་ཅད་ཚང་ན་ཛཱ་ཏི་སོགས་ཀྱི་ཐང་གིས་བསྡུ་བའམ། བསྐུ་མཉེའི་སྦྱོར་སྡེ་བྱའོ། །རླུང་ཕྲན་ཕལ་པ་རང་གར་བཞག་ཀྱང་ཆོག མཁྲིས་ནད་རྩ་ནི་མཁྲངས་རྒྱས་འབུར་ལ་དྲག་རྒོད་ཅིང་འཕྲིག་ལ་འགྱུར་བར་དཀའ།སྟེང་ན་འབོལ་ལ་འོག་ན་གྲིམ་ཆུང་བྱེད། སྔ་འཐེན་ཕྱི་འཐེན་ཞར་ལ་འདྲིལ། མཁྲིས་ཆུ་རླངས་ཆེ་གཏིང་སེར་ཀུ་ཡ་ཆུང་ལ་ཡང་། འོག་ཏུ་མི་འགྲོ་སྟེང་དུ་འོང་། སྟེང་ན་སྤྲིས་མ་སྐྱ་འོད་ཆགས། སྣོད་ཀྱི་ཐ་མར་ཅུང་ཞིག་སྐྱ། དབུ་བ་སངས་སྐྱེན་སེར་གོར་སྣ་ཚོགས་བྱེད། འཁྱགས་པའི་དུས་སུ་འབྲི་མར་བཞུས་པ་ལྟ་བུའོ། །དེ་ལ་མེ་འོད་ལྟ་བུ་བྱུང་ན་མཁྲིས་ཁ་ཤོར། སྤྲིས་མ་སྔོ་ལྗང་བྱུང་ན་མཁྲིས་པ་འཁྲུགས་པ་ཡིན། ཀོ་ལེར་རླངས་པ་འཁོར་ན་གྲང་མཁྲིས་ཡིན། རླངས་པ་ཐལ་གྱིས་འཐུལ་ན་ཚ་མཁྲིས་ཡིན། མཁྲིས་པའི་ཕྱི་ཡུལ་ནི། མིག་ལ་བབ་ན་འུག་པའི་མིག་
ལྟར་སེར། ལྕེ་སེར་མཆུ་ཡང་རིམ་བཞིན་སེར། སྐབས་སུ་མགོ་ན་སྟོང་གླལ་སྒྱིད་པ་སྐྱུར། ལས་བྱས་འཁྲུགས་ན་ན་ཞིང་དལ་ན་བདེ། ཁ་ཁ་བ་དང་སྐོམ་དད་ཆེ་ཆུང་གིས་གསར་དང་རྙིང་པའི་ཁྱད་པར་ཤེས་པར་བྱ། མཆིལ་མ་དཀར་ན་ལོ་རུ་རྙིང་པའི་རྟགས། །མཁྲིས་རྩ་སེན་མོ་སེར་ན་མཁྲིས་བྱེར་ཡིན། །མགོ་ལུས་ཁྱབ་པར་སེར་ན་ཚ་འགྲམས་ཡིན། །དང་ག་ཐམས་ཅད་འགགས་ན་ཁ་ཤོར་ཡིན། །མགོ་སྤུ་སེར་ན་རུས་ལ་བབ་པ་ཡིན། །སྙིང་མི་དགའ་ཞིང་རྨི་ལམ་སྣ་ཚོགས་འོང་། །མཁྲིས་པ་མིག་སེར་ཙམ་ནི་སྤྱོད་ལམ་དང་ཟས་ཀྱིས་འཚོ། །ཤ་སེར་དཔྱིད་དང་དགུན་དུས་བདེ་སྙམ་བྱེད་ཅིང་དབྱར་དང་སྟོན་དུས་སུ་ན། ཁ་ཤོར་དང་ག་འགགས་པ་དང་ལུས་སྐམ་སྟེ་སེར་པོར་འགྲོ། རྟགས་དེ་རྣམས་ཕལ་ཆེར་ཚང་ན་མཁྲིས་པ་ཡིན། དེ་ལ་ཟས་བསིལ་བཅུད་ཡང་ལ་དྭངས་པ་བཏང་། སྤྱོད་ལམ་དལ་བསིལ་སྙོམ་པ་བསྟེན། སྨན་ཁ་བ་དང་བསྐ་བས་མཁྲིས་པ་སེལ་ཞེས། ཙ་ར་ཀ་དང་ཀླུ་སྒྲུབ་སྙིང་པོས་གསུངས། བད་ཀན་ནད་ཀྱི་རྩ་ནི་དལ་གཡུང་བྱིང་གུད་ཅན་ལ། སྐབས་སུ་ཕོ་མོ་མ་ནིང་གི་རྩ་ལྟར་འོང་། རེས་འགའ་བདེ་སྙམ་རྩ་མགོ་དང་རྩ་གཞུག་ཞར། ཁྱད་པར་དུ་མི་ནོར་བའི་རྟགས་པ། བད་ཀན་སྐྱ་བོ་དལ་ལ་གཏིང་ན་ལྷོད། ཡང་ན་བྱིང་ཞིང་གུད་ལ་དལ། བད་ཀན་སེར་པོ་ཁ་འབོལ་གཏིང་ན་མཁྲང་། སྨུག་པོའི་རྩ་ནི་གྱོང་ལ་ཐུང་བ་འོང་། ཁྲག་རྩ་བཞིན་དུ་མཁྲང་ཞིང་སྐབས་སུ་མ་ངེས་སྣ་ཚོགས་འོང་། བད་མཁྲིས་འདྲེས་ན་ཚ་གྲང་གོ་བཟློག་གི་རྩ་ཡང་འབྱུང་། གདོན་ལས་གྱུར་པ་བྱིང་རྒོད་གཉིས་ལྡན་དུ་འབྱུང་ངོ་། །བད་ཀན་ཆུ་ནི་མཆིན་ཆུ་གུར་གུམ་མདོག །སྣ་ཚོགས་འཁྲུགས་པ་འདམ་ཁུ་དུད་ཁུ་འདྲ། གཏིང་དུ་ཀུ་ཡ་མེད་པར་བསིལ་བ་དང་སླ་བ་སྤྱི་ཡི་རྟགས་སོ། །ཁྱད་པར་གྱི་རྟགས་བད་ཀན་སྐྱ་བོའི་རྩ་ནི་བྱིང་གུད་དལ་ལ་རབ་ཏུ་འདེགས། སེར་པོ་དེ་ལས་ཅུང་ཞིག་
མཁྲང་། སྨུག་པོར་གྱོང་ལ་ཐུང་བའི་རྩ་འོང་། གདོན་ལས་གྱུར་པ་བྱིང་རྒོད་གཉིས་ལྡན་དུ་འབྱུང་ངོ་། །བད་ཀན་དེ་རྣམས་ལ་ཆུ་འཁྲུགས་ནས་ལྡན་ཆུའམ་མངལ་ཆུ་ལ་ཁྲག་རིས་དང་། རྟ་བོང་གི་ཆུ་དང་འདྲ་བར་དཀར་བ་དང་། ཚིག་ཁུ་འདྲ་ཞིང་དམར་བ་དང་རྙོགས་མ་མང་ལ་ཁུ་རྩིགས་ཆགས་པ་དང་། ལོང་ཆུ་དང་མཁྲིས་ཆུ་ལྟ་བུའི་སྦུ་བ་ཆགས་པ་འབྱུང་ངོ་། །བད་ཀན་གྱི་ཕྱི་ཡུལ་ནི་མ་ཞུ་བ་ལས་སྐྱེས་པའི་ཕྱིར་དང་ག་མི་བདེ་སྔ་དྲོ་ཟས་ལེན་པར་མི་འདོད། ཉལ་སྙིང་འདོད་སྐྱུར་ལ་རབ་ཏུ་དགའ། ཤ་མར་དང་ཕྱེ་རྙིང་པས་གནོད་ཅིང་སློང་། གཤེར་པའི་ཟས་ཀྱིས་ཀྱང་སློང་། ལུས་ཉམས་ཆུང་བ་དེ་རྣམས་བད་ཀན་སྐྱ་བོའི་མཚན་ཉིད་དོ། །ཡར་སྐྱུག་མར་བཤལ་ཟས་མི་ལེན། ཚིག་པ་ཟ། ཡུན་རིང་དུ་ལབ་མི་འདོད། མགོ་འཁོར་ཞིང་མྱོས་པ་དང་རྨི་ལམ་སྣ་ཚོགས་མང་བ་བད་ཀན་སེར་པོའོ། །ཤ་དང་ཇ་དང་ལྕི་བའི་ཟས་ཀྱིས་སློང་།འཁྱག་དང་བང་དང་ཆང་སྐྱུར་དང་གྲོས་གནོད། ལུས་སྐམ། གཉིད་ལ་རེས་འཇོག་བྱེད། སོ་གཙེ། དོན་སྣོད་རྣམས་སྐབས་སུ་གཟེར། སྙིང་མི་དགའ་ཁ་ནས་ཆུ་མང་འཛག་པ་རྣམས་ཚང་ན་བད་ཀན་སྨུག་པོའོ། །ཆང་གིས་རྐྱེན་བྱས་ཁྲག་རྣམས་ཡར་སྐྱུགས་པ་དང་། འགྲུལ་གྱིས་རྐྱེན་བྱས་ཁྲག་ཐུར་དུ་འབྱམས་པ་དེ་ནི་བད་སྨུག་ནག་པོ་བྱ་བ་ཡིན། མིག་སྐྱ་ཟས་ཡི་གར་འདོད་ཀྱང་ཟོས་ན་སྐྱུགས་ཕོ་བ་ལ་དྲེག་པ་ནག་པོ་ཆགས་པ་དང་། རྐང་ལག་ཀུན་སྐམ་པ་དང་། བློ་ཆུང་འགའ་ཙམ་འབུད། མིད་པ་འཆུས་པ་རྣམས་བད་ཀན་འཁྲེན་པའི་རྟགས་ཡིན་ནོ། །བད་སྐྱ་སྤྱོད་ལམ་དང་ཟས་ཀྱིས་བཅོས། བད་ཀན་སེར་པོ་སྨན་གྱིས་བཅོས། སྨུག་པོ་ཕྱེད་ཤི་ཕྱེད་སོས་ཏེ། དམུ་རྡོ་སྨུག་པོ་ཕལ་ཆེར་ཤི་བ་མང་ངོ་། །དེ་ལྟར་རྩ་བ་ཉེས་པ་གསུམ་གྱི་རྟགས་བཤད་ནས་ནད་སྣ་ཚོགས་སོ་སོའི་རྟགས་ལ། རིམས་ཀྱི་རྩ་ནི་མ་ངེས་པ་འདི་ལྟར། རེས་འགའ་དར་ལྕེ་
བཞིན་དུ་སྦྱར། །ངེས་མེད་སྡོད་ཆུང་འཐེན་ཆུང་བྱེད། །ཆེ་ཆུང་རིང་ཐུང་སྣ་ཚོགས་བྱེད། །ཚ་བའི་རྟ་ལ་གྲང་བ་ཞོན་པ་དང་། །གྲང་བའི་རྟ་ལ་ཚ་བ་ཞོན་པ་གཉིས། །ཉིས་ལེན་རེས་འཇོག་སྣ་ཚོགས་ཚུལ་དུ་སྟོན། །ངེས་བཟུང་མེད་ལ་ཡང་ཡང་གདོན་གྱིས་བསྐྱོད། །རིམས་རྙིངས་པ་དེ་ཚད་པའི་རྩ་རུ་སྟོན། །རིམས་བྱེར་བ་དེ་རླུང་དང་ནོར་ར་རེ། །མི་ནོར་རྟགས་སུ་རིམས་རྩ་ཆུང་ལ་ཐུང་། །རིམས་སྨིན་པ་དེ་ཚ་བ་གསར་པ་འདྲ། །རིམས་ཀྱི་ཆུ་ནི་འཁྲུགས་ལ་རླངས་པ་ཆེ། །དྲི་མ་མི་ཞིམ་དྭངས་ཞིང་གཏིང་ན་འཁྲུགས། །རིམས་རྙིང་པ་ནི་རྟ་བོང་ཆུ་དང་འདྲ། །རིམས་འཁྲུགས་པ་ནི་དམར་ནག་འཇའ་ཚོན་ཁ། །རྒྱུ་མར་བབ་ན་ནག་པོ་སོལ་ཁུ་འདྲ། །ལོང་ལ་བབ་ན་ལོང་ཆུ་དམར་འོད་ཆགས། །དོན་ལ་བབ་ན་སྣ་ཚོགས་མདོག་ཚུལ་སྟོན། །རིམས་ཀྱི་ཕྱི་ཡུལ་སྲོ་མ་རཱ་ཙ་ལས། །ཉིན་གཅིག་པ་ནས་བདུན་པའི་བར་དང་། རྟགས་པའི་རིམས་དང་། ལྡང་དུབ་ཅན་དང་། བད་ཀན་དང་། མཁྲིས་རིམས་ཞེས་གསུངས་ཞིང་། རིམ་གྱིས་འཇུག རིམ་གྱིས་སྨིན། རིམ་གྱིས་འགོ་བའི་ཕྱིར་རིམས་ཞེས་བྱའོ། །དེ་ཡང་མགོ་འཁོར་ཁ་མངལ་སྒྱིད་སྐྱུར་གྲང་ཤུམ་བྱེད། ཚིགས་བཞི་བྱེ་བ་ལྟར་སྙམ་མེ་དང་ཉི་མར་མོས། མཇིང་པ་བསྒྱུར་དཀའ་མིག་མཐིལ་ན་བ་དང་། སོ་གཙེ་སྐྱུར་དང་ཤ་ལ་འདོད་པའོ། །རིམས་ཀྱི་རིགས་ལ་དྭངས་ལ་ཡང་བ་བཏང་། །མངར་དང་སྐྱུར་བ་དཀར་དམར་བཅུད་ཅན་སྤང་། །རིམས་སྨན་སྤྱི་བཞུར་ཏིག་ཏ་བ་ལེ་ཀ །སྲོ་ལོ་སྤང་རྒྱན་འབྲས་བུ་གསུམ་བཏང་འཚོ། །སྤྱོད་ལམ་སོས་དལ་ཡིད་འོང་བསིལ་བར་བྱ། །མེ་ཉིར་བསྲོ་དང་ཉིན་གཉིད་སྤང་བར་བྱ། །ཚད་པ་གསར་པའི་རྩ་ནི་རིམས་ལས་ཅུང་ཞིག་མྱུར། །གྲིམ་འབུར་མཁྲང་རྒྱས་རྒོད་ལ་གཏིང་དུ་འཆོལ། །ཚད་པ་ཆེ་བའི་སྟོབས་ཀྱིས་མེ་ལྟར་འབར། །མི་ནོར་རྟགས་སུ་རླུང་ལས་དྲག་ཤུགས་ཆེ། །ཚད་པའི་ཆུ་ནི་དམར་ལ་འཁྲུགས། །ལྦུ་
བ་སྔོ་དམར་ཁ་འཇའ་ཆགས། །རླངས་ཆེ་འཁྲུག་ཅིང་འཁྱག་དུས་ལྡོག །རླུང་ཚད་འོ་མ་ཁྲག་ཚད་རྟ་བོང་ཆུ། །བད་མཁྲིས་གཉིས་ནི་སེར་པོ་གུར་གུམ་མདོག །དེ་ལྟར་ལོག་ན་བསྐྱར་ལ་ཁོལ་གྲང་བྱ། །སྔར་དང་མཐུན་ན་སོ་སོའི་སྨན་དཔྱད་བྱ། །ཚད་པའི་ཕྱི་ཡུལ་གྲང་ཤུམ་བ་སྤུ་གཙེ། །ཁ་ཁ་སྐོམ་དད་ཆེ་ཞིང་གུང་གཉིས་ན། །གློ་མཆིན་དོན་ལ་གཟེར་བ་སྙམ་དུ་བྱེད། །ཉིན་གཉིད་མཚན་གཡེལ་ཅི་ཟོས་ཁ་བའོ། །དེ་ལ་ཁ་ཟས་བཅུད་སྤངས་ཉིན་གཉིད་སྲུང་། །སྒོ་གསུམ་དལ་དང་བསིལ་སར་བསྡད། །སྨན་ནི་ཤོག་དྲིལ་བཞིན་དུ་བྱ། །གཟེར་གྱི་རིགས་ལ་གཟེར་རྩ་ཙམ་ནི་དྲག་ལ་རྒོད། །ལེགས་པར་བརྟགས་ན་ཚད་པ་གསར་པ་འདྲ། །དུམ་ཆད་བྱེད་ཅིང་འཕྲལ་གྱིས་བསླད་པར་བྱེད། །སོ་སོ་མི་ནོར་རྟགས་སུ་འདི་ལྟར་འདོད། །རླུང་གཟེར་རྩ་ནི་སྟོང་ལ་ཡུན་གཅིག་འཕྲིག་ལ་རིམས་དང་མཐུན་ཆ་ཆེ། གཉན་གཟེར་རྩ་ནི་ཐུང་ལ་རིང་སྡོད་བྱེད་ཅིང་རྒྱུན་དུ་འཐེན་འཕྲིག་ཆུང་ངུ་བྱེད། མཁྲིས་པ་དང་ནི་ཁྲག་གཟེར་གཉིས་ནི་གཉན་པས་ཅུང་ཟད་མཁྲང་། མནན་ན་མཁྲང་ལ་འབུར་རྒྱས་གྲིམས་པའོ། །བད་ཀན་ལྷེན་གཟེར་རྩ་རྒྱུད་ཅུང་ཟད་རིང་། སྐབས་སུ་འཕྲིག་ཆུང་བྱེད་ཅིང་འཐེན་པས་གསལ། །སྨན་པ་བླུན་པོས་འདི་ལ་གདོན་རྩར་འདོགས། །ལེགས་པར་བརྟགས་ན་གཞན་བས་རྩ་སྣ་ཐུང་། །ངོ་བོ་གཟེར་ཡིན་འདི་ལ་རྩ་དྲག་ཕྱིར། །དྲག་པ་ཐམས་ཅད་གཟེར་གྱི་རྩ་རྒྱུད་དཔྱོད། །ཆུ་ནི་དཔེ་མི་འདུག་ཆད་དམ་མེད་པ་དཔྱོད། གཟེར་གྱི་ཕྱི་ཡུལ་ཞག་གསུམ་ལྔའི་གོང་ནས། མགོ་འཁོར་དང་ག་འགགས་ལ་རྨི་ལམ་སྤུན་འཚུབ་འདྲ་ལུས་ཀྱི་ཡན་ལག་ཉྭ་རེངས་གྲང་ཤུམ་བྱེད། །སྤྲོ་ཐུང་ཁ་བསླ་ལུས་ལ་ཀོ་ཙེར་གཟེར། །མགོ་ལུས་ཐམས་ཅད་བརྟགས་ན་མཆོད་རྟེན་རིས། །དེ་རྣམས་གཟེར་སྤྱིའི་རྟགས་ཡིན་ནོ། །བྱེ་བྲག་རླུང་གཟེར་རླུང་གསང་རྣམས་སུ་གཟེར་ཞིང་རླུང་རྟགས་འོང་། །
ཚ་གཟེར་ཁྲག་ཡིན་སྐོམ་དད་མེ་ལྟར་འབར། །མིག་རྩ་དམར་ལ་ལྕེ་རྩེ་ར་ལུག་འདྲ། །ལྕེ་གཞུང་སེར་ལ་ཁ་སོར་དྲེག་པ་ཆགས། །ལུས་ཀྱི་རྩ་རྣམས་གྲང་ཤུམ་ཚུལ་དུ་གང་སྟོང་ཆེ། །གཉན་གཟེར་ཤ་ལ་རྒྱུག་ཅིང་ཡང་ཡང་གཟེར་ལ་མངར་སྐྱུར་ཟས་ཀྱིས་སློང་། །གྲང་ཤུམ་བྱེད་ཅིང་སྔངས་སྐྲག་དྲག་པོ་བྱེད་ཅིང་ཁ་སོ་ན་བ་དང་། །རླུང་བཞིན་གཟེར་ཀྱང་ལེགས་པར་བརྟགས་ན་རླུང་ལྟར་གཟེར་མི་འཕོ། །ངོ་བོ་གདོན་ཡིན་འགྲུལ་དང་ཟས་ཀྱིས་སློང་། །བད་ཀན་ལྷེན་གཟེར་མཆིན་པའི་སྟེང་དུ་གཟེར། །དལ་དང་རྔུལ་གྲང་ས་ན་ཉལ་བས་ན། །ཤ་རུལ་ཆང་རུལ་ཡུངས་མ་གྲོ་ཡིས་གནོད། །བར་སྐབས་དག་ཏུ་སྲིན་གཟེར་བཞིན་དུ་ན་ཞིང་རྒྱུ་མར་བབ་ན་སྐྱུག་བཤལ་འོང་། །ལོང་བབ་ལོང་ཆུ་གྱེན་དུ་སྐྱུགས། །ཕོ་བར་བབ་ན་ཟས་ལ་འཁྲེན། །དོན་བབ་ན་ལུགས་དོན་དང་མཐུན། །སྲིན་གཟེར་རྩ་ནི་རེས་སྡོད་རེས་འཐེན་བྱེད། །ན་ལུགས་བཞིན་དུ་རྩ་ཡང་ངོ་མི་རྟག །འགྱུར་ལྡོག་བྱེད་པས་སྲིན་རྩར་གསལ། །སྲིན་ཆུ་མཚལ་དང་བཙོད་ཁུ་འདྲ། །དམར་ལ་མེ་འོད་ཆགས་ཤིང་དྭངས་བ་སྐྱེན། །སྲིན་གཟེར་ཕྱི་ཡུལ་ཕོ་བ་སྐམ་འདྲིལ་བྱེད། །ལྡང་དུབ་མནན་པས་མི་ནོན་དུབ་ཀྱིས་འགྲུལ་ཀྱང་དཔྱད། གནོད། །ལུས་ཀྱི་དྲོད་བཟློག་ཁ་མིག་ཐམས་ཅད་གཟེར། །ཤ་རུས་རྩ་རྒྱུས་རྣམས་ལ་གྲངས་མི་ནུས། །དེ་ལ་དབྱེ་ན་ཚ་སྲིན་གྲང་སྲིན་གཉིས། །ཚ་སྲིན་རྩ་ལ་རྒྱུག་ཅིང་ཚད་རྟགས་ཚང་། །གྲང་སྲིན་གྲང་ལ་བཞུར་ཞིང་གྲང་རྟགས་སྟོན། །ཚ་སྲིན་དམར་ལ་གྲང་སྲིན་སྔོ་ལ་དྭངས། །སྙོལ་དང་སློང་བ་སྲིན་གྱི་ཉམས་ལྟས་ཏེ། །གསོ་བཤལ་གཉིས་ཀྱིས་སྲིན་གྱི་གྲོང་ཁྱེར་འཇོམས། །ཡ་མའི་ནད་ཀྱི་རྩ་ནི་དལ་འཇམ་འཁྱོགས་དང་ཁ་མཁྲང་གཏིང་ན་འབོལ། །འཇོག་
མནན་བྱས་ན་ལན་རེ་སྔོ་མི་བཏུབ། །དཀར་པོ་རླུང་ལ་རླུང་རྟགས་རྩ་རུ་སྟོན། །ནག་པོ་ཅུང་ཞིག་མཁྲང་ཞིང་ཐུང་ལ་མཁྲེག །དེ་ལས་འགྱུར་བར་དཀར་ན་ཆུ་སེར་ཡིན། །ཆུ་ནི་ཀུ་ཡ་ནག་ལ་སྔ་ཕྱི་རིམ་གྱིས་འོད་མདངས་འགྱུར། །ཡ་མའི་ཁྲག་གི་ཡ་མ་འདྲ། ཆུ་ནི་ཚད་པའི་ཆུ་དང་མཚུངས། །གཉན་གྱི་ཡ་མའི། ཆུ་ནི་ངོས་བཟུང་མེད་པར་འགྱུར། །ཡ་མའི་ཕྱི་ཡུལ་རྔམ་དབྱུང་ལའང་རྟག ལ་མགོ་འཕང་དམའ། །རྩ་ལ་ཁྲེན་ན་རུས་པའི་གཏིང་སྟེང་འང་། དུ་ན། །མིག་མི་ཁྱོགས་ལ་ཁ་སོ་ཐམས་ཅད་ན། །ཁྱད་པར་མགོ་བོ་ཁབ་ཀྱིས་བཙག་པ་འདྲ། །གཉིད་ཆེ་གཉིད་ཆུང་དང་ག་རེས་འཇོག་བྱེད། །གླ་རྩི་སྒོག་པ་སྨན་དྲི་ཐམས་ཅད་དང་། །འབྲུ་མར་ར་ཕག་རི་དྭགས་ཤ་ཡིས་སློང་། །ཁ་གླལ་སྒྱིད་སྐྱུར་ན་སོའི་ཚུལ་དུ་ན། །འདི་ལ་དབྱེ་བ་དཀར་ནག་ཁྲ་བོ་གསུམ། །དཀར་པོ་མི་འདོད་ཡུལ་ནི་མགོ་ལ་གནས། །ཆུ་སེར་ནད་ཡིན་ཤ་རྩ་མཁྲིས་པ་འདྲ། །འདི་ལ་རྟགས་ནི་རྩེ་མགོ་ཡན་ཆད་ན། །ཐོར་པ་འབྲུམ་བུ་དཀར་པོ་འོང་བར་ངེས། །མཆིན་རྩ་རྒྱས་ལ་ཅུང་ཞིག་རྩ་སྐམ་འདྲ་བ་དཀར་པོའི་རྟགས། །ཡ་མ་ནག་པོ་ཕྱི་ཡུལ་གཞན་དང་འདྲ་ཞིང་མི་ནོར་རྟགས། །ལྕེ་ཡི་ར་མ་ལུག་གཉིས་ཐ་དད་མེད་ཅིང་ནག་པོར་འགྲོ། །ཁྱད་པར་མིག་རྩ་ཁྲག་གིས་རྒྱས་པའོ། །ཡ་མ་ཁྲ་བོ་ལ་ནི་དེ་གཉིས་རྟགས་རྣམས་ཕལ་ཆེར་ཚང་། །གཉན་སྲིན་མཚན་ཉིད་ལྷག་པར་སྐམ་ཁོལ་ཕྱེད། །བྱི་ནུའི་རིགས་ཐམས་ཅད་ལ་སྐྲངས་པ་ཡོང་དེ་སྦྱོངས་ཀྱིས་སྦྱངས་ན་འདིའི་གནོད་པ་སེལ། ཡ་མའི་རིགས་ལ་ཟས་ནི་སྣུམ་ལྕི་བཅུད་ཅན་སྤང་། །སྤྱོད་ལམ་ཚིག་སྙན་པ་དང་ཡིད་འོང་ལྡན་པར་བྱ། །སྣ་ནས་དུ་བས་བདུག་དང་བྱུག་པ་བྱ་ཞིང་ནང་དུ་ཁོང་སྨན་བཏང་། ཡ་མ་ནག་པོ་ངོས་ཟིན་ནས། །སྨན་ནི་ཤོག་དྲིལ་ནང་བཞིན་བྱ། །གག་པའི་རྩ་
ནི་ཐུང་ལ་སྦོམ། །འཁྱིག་རེས་བྱེད་ལ་ཕྱོགས་སུ་འཐོར་བ་འདྲ། །ཆུ་ནི་ཕལ་ཆེར་ཁྲག་གི་ཆུ་དང་མཐུན། །མི་ནོར་རྟགས་སུ་ཆུ་ལ་ཁྲག་རིས་འོང་། །ཕྱི་རྟགས་གདོན་གྱིས་བསླང་ནས་བཟའ་བཏུང་ཉེས་པས་གྲེ་བར་ཐོར་བ་འབྱུང་། །གཉིད་ལོག་པ་དང་དཀར་མངར་ཟས་གྲིབ་དག་གིས་སློང་། །གྲེ་བར་འབྲུམ་པ་དཀར་དམར་སྔོན་པོར་འགྲོ། །འབྲུམ་པ་དཀར་ན་རླུང་ཡིན་དམར་ན་ཁྲག་སྟེ་སྔོ་བ་རླུང་། །དེ་དག་ལྡན་ན་ནག་པོའི་ཁ་དོག་ཁོ་ན་ཡིན། །དཀར་མངར་སྐྱུར་དང་ཉིན་གཉིད་དྲག་དལ་སྤང་། །ཁོང་སྨན་འདེབས་སྨན་ཤོག་དྲིལ་བཞིན་དུ་བྱ། །གཉན་གྱི་ནད་ཀྱི་རྩ་ནི་གདོན་བཞིན་སྤུན། །ལེགས་པར་བརྟགས་ན་དུམ་བུར་ཆད་ཅིང་འོག་ཏུ་འཕྲིག །སྣ་ཚོགས་མི་འདྲ་སྤུན་འདྲ་ལྡང་བར་བྱེད། །ཆུ་དང་རྩ་མི་ཤེས་ཤིང་འགལ་བ་ལྟ་བུ་བྱུང་ན་ལྷོག་པ་ཡིན། །མི་ནོར་རྟགས་སུ་ས་ལྷོག་ནག་པོ་མནན་ན་གཏིང་དུ་མཁྲང་། །ཆུ་ལྷོག་ཆུ་སེར་རྩ་འདྲ་འཁྱིག་སྡོད་བྱེད། །རླུང་ལྷོག་རླུང་ལྟར་གཡོ་ཞིང་མི་ངེས་སོ། །མེ་ལྷོག་རྩ་ནི་སྣ་ཚོགས་ཚད་ནད་འདྲ། །ལྷོག་ཆུ་ཁ་དྭངས་གཏིང་རྙོགས་དྲི་ཆེ་དབུ་བ་མེད། །དཀར་དམར་སེར་སྔོ་འཇའ་ཚོན་འབྱུང་བས་ཤེས། །ལྷོག་པའི་ཕྱི་ཡུལ་གབ་ཟིན་གནས་སོགས་སྐྲངས་པ་འབར་འབུར་མང་བ་ལྷོག་པ་ཁྲ་བོ་མགོ་དགུ་འདི། གཉན་གྱི་ཕ་མྱེས་ཡིན་པས་གཉན་གཟེར་སྤྱི་ཡི་སྐབས་སུ་མདོར་བསྟན་ཡང་། ལྷོག་པའི་རིགས་རྣམས་མྱུར་དུ་སྲོག་ལ་རྒོལ་བས་ཕྱི་ཡུལ་བརྟགས་པ་གལ་ཆེའོ། །ལུས་ལ་ཞུགས་ན་འབྲུམ་པ་མེ་དབལ་ཟེར། །ཉྭ་ལ་ཞུགས་ན་ཉྭ་རེངས་བྱིན་ལྷོག་ཟེར། །ཤ་ལ་རྒྱས་པ་ཚད་པ་གསར་པ་འདྲ། །པགས་ལ་བབ་ན་མེ་ལྕེ་འཁོར་བར་འོང་། །གྲེ་བར་བབ་ན་ཡ་མ་གག་པར་འཛིན། །མགོ་ལ་བབ་ན་མགོ་གཟེར་ཐོག་བབ་ཡིན། །རུས་ལ་ཞུགས་ན་མགོ་འཁོར་སྟོང་སྐྱུགས་བྱེད། །སྐྱི་གཡའ་སོ་ག་ཙེ་མགོ་འཁོར་གྲང་
ཤུམ་བྱེད། མན་ངག་ཏུ་ཞག་གསུམ་བཞི་ནས་དྲོ་སར་ཐོར་པ་བཏོལ་ན་དེ་དུས་ནང་དུ་ཚ་ཚེག་ཅིག་འོང་ངོ་། །དེ་ཡང་རིགས་གསུམ་མི་ནོར་རྟགས་སུ་འབྲུམ་པ་དཀར་ཞིང་སྒང་ལ་འདྲིལ། དྲོ་སར་ཉུང་། གྲང་སར་མང་བ་འབྲུམ་པ་དཀར་པོའི་མཚན་ཉིད་དེ། འབྲུམ་ནད་སྐམ་ནད་ན་ལུགས་དཀར་པོ་དང་འདྲ་ལ། སྒེར་རྟགས་མགོ་ལུས་ཀུན་སྐྲངས། །སྔོན་རྒྱབ་བརླ་དང་ཕྲག་པ་སྒྱིད་ཁུག་རྣམས་སུ་རྡོལ། །ནད་འདི་ཁོང་དུ་བྱུང་ན་ཤ་རྩ་དམར་ཞིང་མིག་རྩ་ཁྲག་ཏུ་འོང་། །ཐོར་དབྱིབས་སྤྲ་མེ་མཆེད་པ་འདྲ། །དབང་པོ་མི་གསལ་ཁ་སྐོམ་སོ་སེར་བ། །དེ་དུས་ནང་དུ་ཁོང་སྨན་བཏང་། །དེ་ལ་གསང་བའི་སྨན་གཅིག་བཀོལ་ལུགས་ལྟོས། །འབྲུམ་པ་མེ་དབལ་ནག་པོ་སྲོག་ལ་མྱུར་དུ་རྒོལ། །རྒྱུ་མར་བབ་ན་ཁྲག་ཏུ་བཤལ་བ་ཡོད། །དོན་ལ་བབ་ན་འབྲུམ་དང་བཅས་ཏེ་འཆི། །འབྲུམ་བུ་མི་ཐོན་སྐམ་ནད་ཤི་ལ་ཁད། །དེ་ནི་གཉན་ལྷོག་རུས་ལ་བཟུང་བའམ། །འབྲུམ་པ་མེ་དབལ་ནག་པོའི་མཚན་ཉིད་ཡིན། །ཉྭ་རེངས་བྱིན་ལྷོག་ཁ་མངར་སྐྱུར་གྱིས་སློང་། །སྐད་ལོག་ངུ་བ་ཐོས་ཤིང་ངུ་དང་དགོད། །དེ་དུས་ལྡེའུ་མིག་བཞིན་དུ་བཅོས། །ཤར་རྒྱས་ག་བུར་སྦྱོར་སྡེས་བསད། །མེ་ལྕེ་འཁོར་བ་ལུས་རྒྱས་པར་འཁོར། །ལུས་ཀྱི་སྐེད་པ་འཁོར་བ་རེ་རེ་ཙམ། །ཕལ་ཆེར་ནད་འདི་རྐང་ལག་ལྕེ་ལ་འཕོག །མེ་ལྕེ་ཚོམ་བུ་ཉ་བཞིན་བརྒལ་ལ་འཚོམ། །འབྲུམ་བུ་དཀར་ནག་མཆོད་རྟེན་རིས་སུ་འོང་། །གྲང་ཤུམ་བྱེད་ཅིང་དཀར་མངར་སྐྱུར་གྱིས་གནོད། །དེ་གཉིས་ནང་དུ་ཁོང་སྨན་གཉན་དང་མཐུན། །ཕྱི་ནས་ཁྲག་སྣ་དུག་སྣས་བྱུག་པ་བྱ། །མེ་ལྕེ་འཁོར་ལོ་མེ་མདོག་དག་ཏུ་འོངས། །དེ་ལ་བྱུག་པས་ཐུབ་པར་འདོད་པ་ཡིན། །གཅོད་ཟུང་བཞི་ཡ་བརྒྱད་པོ་རྣམས་རྩ་བ་མ་ཞུ་བ་ལས་སྐྱེས་ཤིང་ས་འདྲ་ལྕི་ཞིང་གསོ་དཀའ་བར་གསོ་དཔྱད་
ཀྱི་གཞུང་ལུགས་ཆེན་མོ་རྣམས་སུ་གསུངས། དེ་ཡང་འོར་དང་སྐྱ་རྦབ་གཉིས་པོ་ཟུང་དུ་འབྲེལ་བའི། འོར་ནད་རྩ་ནི་འགྱུར་དཀའ་དུམ་ཆད་བྱེད། །གཏིང་དུ་འགྱུར་དཀའ་བ་དང་མི་དཀའ་བ། །སྨིན་དང་མ་སྨིན་གཉིས་སུ་ཤེས་པར་བྱ། །འོར་གྱི་ཆུ་ནི་རྒྱས་ཚད་བཞིན་དུ་དམར། །དོན་སྣོད་གང་བབ་དབང་གིས་སྣ་ཚོགས་འོང་། །བརྟགས་ན་ཅུང་ཞིག་ཁྲ་བོ་ལོང་ལོང་པོ། །ཟས་ཆུ་འདྲ་བཞིན་སྒང་དུ་རྩིག་མ་ཆགས། །ཕྱི་ཡུལ་དང་པོར་མིག་ཕུག་སྐྲངས་ལ་ཁ་སོ་འགུལ། །མགོ་སྤུ་བཙུགས་པ་འདྲ་བར་གཟིངས། །གཉིད་དང་དང་ག་རེས་འཇོག་བྱེད། །མི་ནོར་རྟགས་སུ་མིག་རྩ་ཁྲ་བོར་འགྲོ། །དེ་རྣམས་ཚང་ན་འོར་དུ་ངེས། །སྐྱ་རྦབ་རྩ་ཐུང་གཏིང་གྱོང་། །འགྱུར་དཀའ་མི་དཀའ་ནད་ཡུན་རིང་ཐུང་ཡིན། །ཕལ་ཆེར་མ་ཞུ་བ་དང་མཐུན་ཆ་ཆེ། །ཆུ་ནི་དཀར་ཞིང་རྩིག་མ་འཐུག །སྤྲིས་མ་སྐྱ་བོ་ཚོམ་བུ་རིས་སུ་འོངས། །ཕྱི་ཡུལ་ངར་གདོང་མིག་ཕུག་སྐྲངས། །དང་ག་མི་བདེ་སྤྲོ་ཐུང་ཚིག་པ་ཟ། །ཕལ་ཆེར་རླུང་བཅོས་བྱས་ན་ཕན་སྙམ་བྱེད། །མི་ནོར་རྟགས་སུ་མགོ་འདར་མིད་པ་འཆུས། །མ་ཞུ་བ་ལས་འོར་སྐྱེད་དེ་ལས་སྐྱ་རྦབ་འགྱུར། །སྐྱ་རྦབ་གཅོང་གི་ཕོ་བྲང་ཡིན་པས་བཅོས། །དྲེག་དང་གྲུམ་བུ་གཉིས་པོ་ཡ་ཟུང་གཅིག །ནད་གཞི་ཕལ་ཆེར་སྔར་ནད་གཞི་ལས་གྱུར། །དྲེག་རྩ་ཐུང་མཁྲང་གྲིམ། ཁྲག་ཚད་རྩ་འདྲ་ཁྱད་པར་ཅུང་ཞིག་གཡུང་། ཆུ་ནི་ངེས་མེད་ཚད་པ་འདྲ། །མི་ནོར་རྟགས་སུ་རྭ་གཞོབ་བྲོ། །ཕྱི་ཡུལ་རྐང་ལག་སྐམ་ཁོལ་བྱེད། །ལྡང་དུབ་བྱེད་ཅིང་ཡང་ཡང་མེ་ལྟར་འབར། །དེ་ལ་ཚ་དྲེག་གྲང་དྲེག་གཉིས་སུ་འདོད། །ཚ་དྲེག་ལྤགས་མདོག་དམར་ལ་རླངས་པ་ཆེ། །མི་ནོར་རྟགས་སུ་སྐྲངས་མདོག་མེ་འོད་ཆགས། །འདི་ལ་བསིལ་སྨན་གཏར་ཁ་ཁོ་ནས་བཅོས། །གྲང་དྲེག་རྐང་ལག་འཁུམ་ནས་འགུལ་མི་ནུས། །དེ་ལ་གཙོད་དང་བཏུད་
ཀྱིས་བཅོས་པར་བྱ། །གྲུམ་བུའི་རྩ་ནི་ཁ་དྲག་གཏིང་ན་འགྱུར། །གདོན་རྩ་བཞིན་དུ་སྔོར་མི་བཏུབ། །ཆུ་ནི་སེར་ལ་རླངས་པ་འོང་། །མི་ནོར་རྟགས་སུ་ངང་པའི་རྒྱབ་དང་འདྲ། །ཕྱི་ཡུལ་རྐང་ལག་བཞི་བོ་ན་རེས་བྱེད། །སྐམ་ཁོལ་བྱེད་པ་ཚིགས་པ་ཉྭ་བཞི་ཡིན། །ལྡང་རེས་བྱེད་པ་དཔྱི་མགོ་གཉིས་པོ་ཡིན། །གུམ་གྱིས་འཁུམ་པ་སྐེད་པ་ཉྭ་བཞི་ཡིན། །ནུབ་མོ་ན་ཞིང་མགོ་སྤུ་བྱི་བའོ། །དེ་ལ་བཅོས་དང་བྱེར་སྡུད་ཐང་གིས་བཅོས། །ནད་འདི་གཏར་སྲེག་གཉིས་ཀྱིས་སེལ་བར་ནུས། །གྲང་བའི་རྟགས་སུ་སྐྲངས་པ་ཡོད་པ་ཡིན། །ཚ་བའི་རྟགས་སུ་སྐམ་ཁོལ་སྣ་ཚོགས་བྱེད། །བཅུད་བཏང་མི་བཏང་བྱེ་བྲག་གཉིས་ཤེས་བྱ། །གློ་དང་སུར་ཡ་གཉིས་པོ་ཡ་ཟུང་གཅིག །གློ་ནད་འདིའི་གཞི་ཁྲག་ངན་ལུས་པ་ལ། །ནད་དང་མ་འཚམས་སྤྱོད་ལམ་སྔས་པས་འབྱུང་། །གློ་བའི་རྩ་ནི་ཐུང་ལ་རྩ་སྟོད་ཞན། །བརྟགས་ན་འོག་གཞི་འབུར་བ་འདྲ། །གློ་ཆུ་ངེས་མེད་སྣ་ཚོགས་ཀྱང་། །མི་ནོར་རྟགས་སུ་འོ་མདངས་དཀར་པོ་ཆགས། །ཕྱི་ཡུལ་གློ་ལུ་ལུད་པ་འབུད། །ཚད་གློ་སྤྱོད་ལམ་ཟས་ཀྱིས་སློང་། །དེར་ཡང་སོ་སོའི་མི་ནོར་རྟགས། །རླུང་གློ་གཟེར་འཕོ་རླུང་གསང་གཟེར། །ཐོ་རེངས་ལུད་པ་ལུ་ན་སྐྱ་སོབ་མང་། །ཚད་པ་དེ་ལྡོག་སྒེར་རྟགས་སོ་དྲེག་ཆགས། །ཟས་སུ་དཀར་གསུམ་མཛོ་མོའི་ཞོ་དང་ནི། །མཆོག་ཏུ་བསྔགས་པ་གྲོ་ཆང་བཏང་། །སྤྱོད་ལམ་དྲག་ཤུལ་མེ་དང་ཉི་མ་སྤང་། །སྨན་ནི་དཀར་པོ་དྲུག་སྦྱོར་ཤོག་དྲིལ་ནང་བཞིན་བྱ། །སུར་ཡ་གར་བབ་གནས་དེའི་མིང་གིས་ཕྱེ། །ནད་སྣ་ཚོགས་ལ་སྦྱོང་སྐྱུགས་ལོག་པ་སོགས། །གློ་བར་བབ་པ་གློ་ནད་སུར་ཡ་ཟེར། །ལུད་པ་སྐྱ་སོབ་སྦུ་ཆུང་ཅན་དུ་འབྱུང་། །རྩ་ལ་གདགས་སྲིབ་བྱེད་པ་ལྟ་བུ་འབྱུང་། །དེ་ཡང་རླུང་གྱུར་དགང་དང་ཐོ་
རེངས་ན། །ཁྲག་གྱུར་ནམ་ཕྱེད་དུས་སུ་ལྷག་པར་ན། །མཁྲིས་གྱུར་ཤ་སེར་སྐོམ་དད་ཆེ། །མཆིན་པ་སུར་ཡ་ཕལ་ཆེར་མཆིན་གནས་དེ་རུ་ན་ཞིང་གཟེར། །མཁལ་མ་སུར་ཡ་གྲང་ཤུམ་ཆུ་ངན་སྲི། །ཆུ་རྒྱུས་སུར་ཡ་ལུས་སྐམ་སེར། །འདི་ལ་རྩ་ཆུའི་བརྟགས་པ་དོན་ནད་སོ་སོར་མཐུན། །གར་བབ་པ་ཡི་དོན་སྣོད་གནས་སུ་བཅོས། །ཁྱད་པར་གདམས་པ་ཤོག་དྲིལ་ནང་བཞིན་ལ། །གསང་སྨན་རྣམས་ཀྱང་ལྡེའུ་མིག་ལས་བསྟན་པ་ལྟར་བྱའོ། །སྐྲན་དང་དམུ་ཆུ་གཉིས་པོ་ཡ་ཟུང་གཅིག །སྐྲན་ཞེས་བྱ་བ་མཆིན་རྩར་རླུང་ཞུགས་དུས། དུབ་ནས་ཟས་སྐོམ་བསྟེན་པས་སྐོམ་དང་རླུང་འདྲེས་ན་ཆུ་སྐྲན་ཆུ་དང་འདྲ་ལ་ཟས་དང་ཁྲག་འདྲེས་པས་ཚ་སྐྲན་མེ་ལྟར་འབར་བ་འབྱུང་། རྐྱེན་བཞི་འདྲེས་པ་ལས་རྒྱས་གདོན་སྐྲན་མེས་མི་ནོན། ཁ་ཅིག་གདོན་སྐྲན་ལ་གྲང་སྐྲན་ཟེར། ཚ་སྐྲན་ལ་མཆིན་གླང་ཟེར། དེ་ལྟར་ངོ་མ་ཤེས་ན་སྨན་བཅོས་ལོག་པར་འགྱུར། གྲང་སྐྲན་ཕལ་ཆེར་ཕོ་བའི་གནས་སུ་འབབ། །གྲང་སྐྲན་རྩ་ནི་འདར་དང་རྒོད་མེད་འཁྲིལ་ཞིང་འཐོགས། །མི་ནོར་རྟགས་སུ་ཚ་འབྲུམ་ཉིལ་བ་འདྲ། །དེ་ཡང་ཅུང་ཟད་བདེ་སྙམ་འཁྱག་ནས་ན། །དེ་ནི་རླུང་སྐྲན་ཆུའི་མཚན་ཉིད་ཡིན། །གྲང་སྐྲན་ཆུ་ནི་དཀར་ཞིང་སྤུ་འདྲ་མང་། །སྦུ་བ་མེད་ལ་སྟེང་ན་ལིང་ཚེ་འོང་། །ཀུ་ཡ་དམར་པོ་རྣ་སྤབ་སྐམ་པོ་འདྲ། །བསྐོལ་ན་ཅུང་སེར་སླ་བ་དང་། །གྲང་རྗེས་ཅུང་ཞིག་དམར་བ་ཡིན། །མི་ནོར་རྟགས་སུ་ཆུ་ལ་དྲི་མ་མེད། །གྲང་སྐྲན་ཕྱི་ཡུལ་ལུས་ལ་དྲེག་པས་ཁྱབ། །ཁ་སོ་ནག་ལ་སྔོ་མདངས་ལྡན། །ལེགས་པར་བརྟགས་ན་མིག་ལ་འཇའ་འོད་འཚེར། །མི་ནོར་རྟགས་སུ་གྲོད་པ་ཡུལ་གྲུ་འདྲ། །དོན་སྣོད་གར་བབས་སྟེང་དུ་དགུན་
དཔྱིད་ན། །རྟགས་ནི་དེ་རྣམས་ཚང་བའི་གྲང་སྐྲན་ལ། །ཟས་གསར་བཅུད་དང་དང་ག་གང་བདེ་བཏང་། །སྤྱོད་ལམ་དྲོ་སྐམ་གཅན་གཟན་ལྤགས་པ་བསྟེན། །སྨན་ནི་རྡོ་སྨན་ཤོག་དྲིལ་བཞིན་དུ་སྦྱར། །ཚ་སྐྲན་རྩ་ནི་མནན་ན་མཁྲང་དང་སྤུན། །སྐབས་སུ་ཚ་བ་ཐོག་བབ་ལྟ་བུར་རྒོད། །མི་ནོར་རྟགས་སུ་གཞན་པས་འགྱུར་བ་དཀའ། །དཔེ་ནི་རེ་བ་ཆུ་ལ་བཅུག་ལྟར་གྱོང་། །ཆུ་ནི་དམར་ལ་མེ་འོད་ཆགས། །སྟེང་ན་དྭངས་མ་ཆགས་ལ་རྩིགས་མ་མེད། །ཆུང་ངུ་ཡང་ཡང་གཏོང་སྙིང་འདོད་ལ་ཚ། །མི་ནོར་རྟགས་སུ་ཁྲག་རུལ་རྭ་གཞོབ་བྲོ། །ཕྱི་ཡུལ་ལུས་ནི་ཉམས་ཆུང་སྐོམ་ལ་དད། །ལེགས་པར་བརྟགས་ན་དྲོད་རྟགས་ཐམས་ཅད་ཚང་། །ནད་གཞི་ཕལ་ཆེར་མཆིན་པའི་སྟེང་དུ་འབབ། །ཕྱི་བལྟས་རུས་སྦལ་བཞིན་དུ་ཐག་ཐུག་མང་། །མི་འགྱུར་རྟགས་སུ་དང་ག་འགགས་པ་དང་། །སྐབས་སུ་ཚ་དྲོད་འཆུས་པས་ཟས་མི་ལེན། །གང་ནའི་སྟེང་དུ་དྲོད་མི་འཕྲོད་པ་འོང་། །ཟས་ནི་གསར་དང་ཡང་བ་བཏང་། །སྤྱོད་ལམ་སོས་དལ་ཡིད་འོང་བྱ། །སྨན་ནི་བསིལ་དང་ཁྲག་སྨན་གཏོང་། །གདོན་སྐྲན་རྩ་ནི་རེས་འཇོག་འཐེན་སྡོད་བྱེད། །ཆེ་ཆུང་རིང་ཐུང་གཡས་གཡོན་མི་མཉམ་གདོན་དུ་ཤེས། །ངོ་མི་རྟག་ལ་སྐབས་སུ་སྔོར་མི་བཏུབ། །ཆུ་ནི་ངེས་པ་མེད་ན་ཡང་། །མི་ནོར་རྟགས་སུ་སྲན་མའི་ཁུ་བ་འདྲ། །སྣོད་ལ་དྲེག་པ་ནག་པོ་ཆགས་པ་འོང་། །ཕྱི་ཡུལ་སྐྲངས་དང་ལུས་ཀྱི་ཁ་དོག་ནག །ཁ་ལ་དྲེག་པ་ནག་པོ་ཡང་ཡང་ཆགས། །མིག་རྩ་ཐམས་ཅད་རྟ་རྔ་ནག་པོ་འདྲ། །ལྡང་ཀྱོག་བྱེད་ཅིང་ཚ་གྲང་གཉིས་ཀ་གནོད། །སྨན་པ་གསར་བུས་སྨན་དཔྱད་ཆིག་འདེད་བྱེད། །ནད་དེ་མཛེ་འདྲ་ལ་ལས་གདོན་དུ་འཛིན། །སྦྱོར་བ་ལོག་ན་ཐམས་ཅད་འཆི་བར་འགྱུར། །
སྦྱོར་བ་ལེགས་ན་སོས་པར་འགྱུར་བ་སྲིད། །བད་ཀན་སྨུག་པོ་མཁྲིས་པ་ཁ་ཤོར་དང་། །གདོན་སྐྲན་ལོ་དང་ཟླ་བར་རྙིང་པ་རྣམས། །འཚོ་བར་མཐའ་གཅིག་ཁས་ལེན་མི་བྱ་སྟེ། །ཕལ་ཆེར་འཆི་དུས་བཏབ་ན་མཁས་པར་ཤེས། །དམུ་ཆུ་ཕལ་ཆེར་མ་ཞུ་ལས་བྱུང་ཞིང་། །ངལ་དུབ་དྲག་རྗེས་ཆུ་འཐུང་ལ་སོགས་པ། །མ་ལེགས་གྱུར་ཏེ་དོན་སྣོད་ཆུ་ཤོར་ཞིང་། །དེ་སྟེང་མ་ཞུའི་ཞག་ཆགས་ནས། །ཚ་གྲང་འདོམ་པའི་ནད་དུ་འགྱུར། །འདི་ལ་ཕྱི་ཆུ་ནང་ཆུ་བར་ཆུ་དང་། །རླུང་དང་བསྡོང་བ་བཞི་རུ་ཡོད་ལ་སྤྱིར། །དམུ་ཆུའི་རྩ་ནི་ནར་བ་སྟེ། །དཔེར་ན་གླང་རྒན་ཁ་ཆུ་འདྲ། །ཕྱི་ཡུལ་གཏིང་ན་མི་བདེ་མནན་ན་གསལ། །སྨན་པ་གཞོན་པས་ཚ་བ་དག་དང་ནོར། །མི་ནོར་རྟགས་སུ་ཅུང་ཞིག་དྲག་ཤུགས་ཆུང་། །ཕྱི་ཡི་ཆུ་ནི་གཉིད་དང་ཉི་མས་སྒྱུར། །མི་ནོར་རྟགས་སུ་རླངས་པ་དུམ་ཆད་བྱེད། །ཕྱི་ཡུལ་དང་པར་མིག་ཕུག་རྐང་བོལ་སྐྲངས། །བ་སྤུ་ལོག་ནས་སྟེང་དུ་འོད་ཟེར་འོང་། །ས་ན་ལ་སོགས་མི་འཕྲོད་པ་ཡིས་སློང་། །མགོ་ལུས་སྤུར་ཏེ་སྐྲངས་པ་འོངས། །སྐྲངས་པ་མནན་ན་ཆུང་དམའ་སླར་ཡང་ཤུལ་དུ་ལྡོག །མི་ནོར་རྟགས་སུ་སྐྲངས་པ་སྙི་བ་ཡིན། །དེ་ལ་ཟས་ནི་བཅུད་ལ་ཡང་བ་བཏང་། །སྤྱོད་ལམ་ཡིད་འོང་གོས་དྲོ་སྐམ་ས་ཁང་སྟེང་རླན་མེད་བསྟེན། །སྨན་ནི་ཤོག་དྲིལ་དང་ནི་ལྡེའུ་མིག་བཞིན་དུ་བྱ། །ཕྱི་ནས་ལུམས་དང་བྱུག་པ་བསྐུ་མཉེ་བྱ། །དེ་ལྟར་བྱས་ན་བར་ཆད་ནད་ལས་གྲོལ། །ནང་ཆུའི་རྩ་ནི་ཕྲ་ལ་ཅུང་ཞིག་ནར། །མ་ཞུ་བ་བཞིན་གཏིང་ན་མཁྲང་སྙམ་བྱེད། །འབོལ་བ་གསར་བ་ཅུང་ཙམ་ཧྲོད་ཧྲོད་བྱེད་རྣམས་སོ། །ཆུ་ནི་ཞོ་བཤལ་བཞིན་དུ་དཀར། །ལེགས་པར་མ་བརྟགས་རླུང་དང་ནོར་ར་རེ། །འཁྱགས་ན་འོད་ཆགས་མི་ནོར་རྟགས་སུ་འདོད། །ལ་ལར་
གདོན་འདྲ་རླངས་བ་ཆུང་བ་འོངས། །ཕྱི་ཡུལ་སྣོད་དུ་ཆུ་བླུག་ལྟར་ལུས་ནང་ཆུས་གང་། །གྲོད་པ་རྒྱ་རྫ་བཞིན་དུ་ཆེ། །རྐང་ལག་ཞགས་པ་བཞིན་དུ་ཕྲ། །ལྟེ་བ་གཟི་མིག་བཞིན་དུ་ཟླུམ། །ལུས་མདོག་སླང་བཞིན་དུ་ནག །དང་ག་ཚད་རྙིང་བཞིན་དུ་འགགས། །དེ་རྣམས་ཚང་ན་ཚ་ཆུའི་རྟགས། །ཟས་ནི་དང་ག་མི་བདེ་བ། །སྤང་ལ་གང་བདེས་ལུས་ཟུངས་བསྐྱེད། །སྤྱོད་ལམ་དལ་དང་སྐམ་སར་བསྡད། །སྨན་ནི་འོལ་ཁ་སྒྱུར་བ་དང་། །ཚ་ཆུ་གྲང་ཆུར་བསྒྱུར་བ་དང་། །མང་བསྐུལ་ཉུང་ངུ་དབྱུང་བ་དང་། །རྒྱུས་པས་བསྐུ་དང་ཅོང་ཞིས་བཤིག་པ་སོགས། །ཤོག་དྲིལ་མན་ངག་བཞིན་དུ་བྱ། །བར་ཆུའི་རྩ་ནི་འབུར་ནར་གཉིས་དང་ལྡན། །བར་ཆུ་འདྲིལ་བ་ཅུང་ཙམ་མཁལ་མི་བདེ། །ལེགས་པར་མ་བརྟག་མ་ཞུ་བ་དང་ནོར། །མི་ནོར་རྟགས་ལ་མ་ཞུ་བ་ལས་ཞན། །ཆུ་ནི་དམར་སྨུག་ཙན་དམར་ཁ། །གཏིང་ནས་དམར་ལ་འཁྲུགས་མདངས་ལྡན། །འོག་ཏུ་རྩིགས་མ་སྔོ་དམར་ཆགས། །ཕྱི་ཡུལ་དང་ག་བདེ་ལ་སྐྲངས། །སྐྲངས་པ་ཆེ་ཡང་བབ་གཞིར་ལྟུང་མི་སྲིད། །མི་ནོར་རྟགས་སུ་ལུས་ལ་འོད་ཟེར་ཆེ། །ཤེས་པ་ཡང་ལ་ལུས་པོ་ལྕི་བའོ། །དེ་ལ་ཟས་ནི་སྐམ་ལ་བཅུད་པ་བཏང་། །སྤྱོད་ལམ་སྐམ་སར་དལ་བར་བསྡད། །སྨན་ནི་ཤོག་དྲིལ་བཞིན་དུ་བཏང་། །བར་རླུང་རྩ་ནི་བད་རླུང་རྩ་དང་ནོར། །མི་ནོར་རྟགས་སུ་ཁོང་འདར་སྤུན་པ་འདྲ། །ཁ་ཅིག་རླུང་རྩ་འདྲ་བར་སྡོད་པ་སྟེ། །མི་ནོར་རྟགས་སུ་མ་ཞུ་བ་བཞིན་མཁྲང་། །ཆུ་ནི་དཀར་ལ་རླངས་པ་སྔོ། །སྦུ་བ་དཀར་པོ་ལྷོ་ཡི་ཕྱོགས་སུ་བལྟ། །མི་ནོར་རྟགས་སུ་འོད་མདངས་ཀོ་ལེར་ཁྱབ། །ཕྱི་ཡུལ་རླུང་གསང་རྣམས་ནས་བཟུང་། །མགོ་ལུས་ནད་རྣམས་ཀུན་དང་བསྡང་སྟེ་སྐྲངས། །
སྐྲངས་ཚུལ་བར་ཆུའི་ནད་དང་འདྲ་བ་ལ། །མི་ནོར་རྟགས་སུ་ཚིགས་བཞི་ཁོ་ནར་སྐྲངས། །སྐྲངས་པ་སྙི་ལ་མནན་ན་ཀོ་ལེར་སྡོད། །སྐབས་སུ་ཟས་དང་བསྐུ་མཉེས་འཕྲོད་སྙམ་བྱེད། །དེ་ལ་ཟས་སྐམ་བཅུད་ཅན་ཁོ་ནར་བཏང་། །སྤྱོད་ལམ་གོང་བཞིན་ཛཱ་ཏིའི་སྦྱོར་བ་སོགས། །ཤོག་དྲིལ་བཞིན་དུ་སྦྱར་བར་བྱ། །ནད་འདི་ཤ་སྐྱིའི་བར་དུ་རླུང་ཞུགས་པ་ཡིན་པས་མན་ངག་ཏུ་ཐུར་མ་བསྔགས་སོ། །ཁ་ཅིག་ཏུ་བ་སྤུའི་སྐྱི་ཁྲུས་ཀྱི་སྦྱོང་ཡང་བྱའོ། །མདོར་ན་དམུ་ཆུའི་ནད་འདི་ལ་ཚ་ཆུ་དང་གྲང་ཆུ་གཉིས་སུ་ཡོད་པས། ཚ་ཆུའི་རྟགས་སུ་སོ་དྲེག་ཆགས་ཁ་སྐམ་ལུས་དྲོད་ཚ། ཆུ་དམར་སྐོམ་དད་ཆེ། མིག་མདངས་སེར་མིག་རྩ་དམར་བ་རྣམས་འབྱུང་། །གྲང་ཆུ་ལ་རྟགས་སྐྲངས་པ་རླུང་གསང་མཐོ། མཆུ་དཀར། སོ་གཙེ། གཉིད་མི་ཕེབ། ལོང་ཀ་འཁྲོག་པ་འོང་། ཚ་ཆུ་གྲང་ཆུར་བསྒྱུར་བ་ལ། །སྨན་ནི་བུལ་ཏོག་དྲུག་སྦྱོར་སྟེང་། །ཚ་ལའི་ཁ་ཚར་བཏབ་པ་བསྟེན། །སྤྱོད་ལམ་གང་མི་འཕྲོད་པས་བསླང་། །དེ་ནས་འགྱུར་རྟགས་ཚང་བ་ན། །བཅོས་ཀ་སྨན་དང་ལོག་ནོན་རྣམས། །ཤོག་དྲིལ་ལྡེའུ་མིག་ནང་བཞིན་བྱ། །དེ་རྣམས་མ་ཞུ་བ་ལས་གྱུར་པ་ཡིན། །སྡེ་བཞི་ཡ་བརྒྱད་ཐམས་ཅད་ལེགས་བསྟན་པ། །ཁོ་བོའི་ཉམས་མྱོང་འབའ་ཞིག་བཀོད་པ་ཡིན། །མ་ཞུ་བ་ལ་རིགས་ནི་གསུམ་ཡོད་དེ། །དྭངས་མ་མ་ཞུའི་རྩ་ནི་མཁྲང་ལ་ཐུང་། །གློ་དང་མི་མཐུན་བརྟགས་ན་གྲང་རྟགས་ཚང་། །ཆུ་ནི་དམར་རམ་སེར་བ་འོང་། །མི་ནོར་རྟགས་སུ་ལིང་ཚེ་འཇའ་ཚོན་ཁ། །ཕྱི་ཡུལ་ལྷན་འོག་སོར་བཞིའི་འོག་ཏུ་གྲང་། །སྐྱུགས་བྲོ་ཁ་ནས་ཆུ་སྔོན་འོང་། །རེས་འགའ་རླུང་གསང་དང་རྒྱབ་ན་སྙམ་བྱེད། །ཟས་ནི་གང་ཟོས་དེ་སྟེང་ཕོག །མི་ནོར་རྟགས་སུ་སྒྲེགས་རུལ་སྣ་ཚོགས་འོང་། །དེ་ལ་ཟས་ནི་དར་བ་བསྐོལ་བ་བསྔགས། །སྨན་ནི་རྒྱ་ཚྭ་
ཐལ་བ་གསུམ་བཏང་བྱ། །སྤྱོད་ལམ་དྲོ་ཞིང་དལ་བ་བྱ། །རྩིགས་མའམ་ནི་སྙིགས་མ་མ་ཞུ་བའི། །རྩ་ནི་སྦོམ་དྲག་མཁྲང་རྒྱས་ཚད་རྩ་འདྲ། །ཁྱད་པར་ཅུང་མནན་གཏིང་དུ་འཆོར་ལ་རྒོད། །ལེགས་པར་བརྟགས་ན་དེ་ལས་ཅུང་ཞིག་སྦོམ། །ཆུ་ནི་སྐྱ་སེར་བོང་བུའི་ཆུ་དང་འདྲ། །ཁ་ཅིག་ཚད་པའི་ཆུ་དང་ནོར། །མི་ནོར་རྟགས་སུ་དཀར་སླ་དུམ་ཆད་བྱེད། །ཚགས་ཀྱིས་བཙགས་ན་ཆུ་རྩའི་ཁུ་བ་འདྲ། །ཕྱི་ཡུལ་ཕོ་བ་སྦོས་དང་དང་ག་འགགས། །ཁམ་སྐྱུགས་འཐོར་དང་ཕོ་མཚན་སྟེང་དུ་སྐྲངས། །མི་ནོར་རྟགས་སུ་ཁ་ཟས་རུལ་བས་གནོད། །ལྟོགས་འགྲང་གཉིས་ཀའི་དུས་ན་ན་བའོ། །དེ་ལ་ཆུ་བསྐོལ་ཆང་བསྐོལ་བུལ་ཏོག་བཏང་། །སྤྱོད་ལམ་ན་ས་སྤང་ཞིང་སྐམ་ས་བསྟེན། །སྨན་ནི་ཅོང་ཞི་ཐལ་སྡེ་བསྟེན། །གོ་ཐལ་ཚྭ་སྣས་གསར་པ་འཇུ་བར་འགྱུར། །དེས་ནི་བར་ཆད་ནད་ལས་རྣམ་པར་གྲོལ། །དྲང་སྲོང་ལུང་དང་དཔལ་ལྡན་ཕ་ཁོལ་གསུངས། །དྲང་སྲོང་ནད་ལ་བརྟགས་པ་ཕྱི་ཡུལ་གསུམ། །དགོད་ངུ་ཤ་རྩ་གཙེ་ཞིང་ཁ་སོ་འདལ། །རྐང་ལག་བཤལ་ཞིང་དུས་ཆེན་བརྒྱད་ལ་ན། །གཡས་འཁྱོགས་ གཡོན་འཁུམ་དཀར་ནག་རྩ་རུ ་འགྲེལ། །ལྟག་རྩ་དཔྲལ་བའི་མིག་འབྲས་གཉིས་ལ་འཁོར། །རླུང་གཟའ་རླུང་འདྲ་རླུང་གསང་རྣམས་ན་རྒྱས། །ཁྲག་ལ་ཁྲག་གཟའ་ཁྲག་གཏིང་ཁྲག་རྩ་རྒྱས། །རླུང་དང་བསྡོངས་ན་འཕྲིག་ཅིང་འགུལ་བ་དང་། །ཆུ་གཟའ་ཆུ་ལྟར་འབྲུབ་ཅིང་ཆུ་ལྟར་ཁོལ། །བད་ཀན་ལྡན་ན་ཆུ་དྭངས་བྱིང་ཞིང་འཐིབ། །ས་དང་ཆུ་འདྲེས་མི་གཙང་འཁྲུ་ཞིང་གཡུལ་འཐབ་འདྲ། །ཆུ་དང་མེ་འདྲེས་དར་སླེ་ཁྲ་མོ་འདྲ། །ར་མ་ལུག་འདྲེས་མཚེར་དང་མཆིན་པའི་ནད། །དོན་ལ་བབ་ན་བཅོས་ལོང་མེད་པར་འཆི། །རྐུན་བུའི་གཟའ་ནི་
མང་པོའི་གདོང་ན་ན། །ནད་གཞི་གང་ཡིན་འོག་ཏུ་གབ་པར་བྱེད། །ཁ་ཅིག་འདི་ལས་ནད་ངན་མཛེ་རུ་འཆི། །སྤྱི་བཅོས་སྒོས་བཅོས་གདམས་ངག་བཞིན་དུ་བྱ། །གསང་བའི་སྨན་ལྔ་རང་རང་དོན་དང་སྦྱར། །སྲུང་བའི་འཁོར་ལོ་ཁྲོ་བོ་སོ་སོར་བསྒོམ། །མི་འགྱུར་སླད་དུ་དུག་ཁྲག་འཁོར་ལོ་བཏགས། ༈ །མཆེ་ཅན་དུག་གཟེར་ནད་འདི་ལ། །སློང་སྨན་བཏང་ནས་བརྟག་པས་སོ་སོར་བརྟག །བཟུང་བའི་དུས་དང་ཁྱི་ཡི་ཁ་དོག་དང་། །བྱེ་བྲག་སྨན་རྣམས་གསེར་གྱི་ཐུར་མར་ལྟོས། །མང་གིས་དོགས་ནས་འདི་རུ་མ་བཀོད་དོ། །མོ་ནད་རྩ་ནི་ཆུ་སེར་རྩ་ཡིན་པས། །དལ་དང་མཁྲང་འབུར་རྒྱུ་བ་དཀའ་བ་སྟེ། །ལེགས་པར་བརྟགས་ན་རྩ་སྨད་ཞར་ཞིང་ནར་བ་འོང་། །མངལ་ཚད་སྐྱེས་ན་ཁྲག་ཚད་མེ་ལྟར་འབར། །མངལ་སྐྲན་ཞུགས་ན་མ་ཞུ་བ་དང་འདྲ། །ལེགས་པར་བརྟགས་ན་རྩ་དབང་གཞན་ལས་དམའ། །མོ་ནད་ཆུ་ནི་ངེས་མེད་བུ་སྣོད་ལ། །རུལ་དང་སྦོས་རྙོགས་ཁ་དོག་སྣ་ཚོགས་འོང་། །མོ་ནད་ཕྱི་ཡུལ་ཁ་སྐམ་ལུས་ཉམས་ཆུང་། །མངལ་ནས་ཁྲག་དང་སྦུ་བ་ཆུ་སེར་རླུང་སྒྲ་འབྱུང་། །ཆུ་སྔོ་ལུས་ལ་ཚ་ཙེག་དང་ནི་རྩ་སྦྲིད་དང་། །ཁ་སྐམ་བརླ་དང་སྐེད་པ་མཁལ་མ་ན། །གཏིང་དུ་བྱེར་ན་ཁ་སྐམ་ལུས་པོ་སྐྲངས་དབྱིབས་སོ་དྲེག་ཆགས། །མངལ་དུ་རླུང་སྐྱེས་ཁ་རུ་གཅིན་དྲི་བྲོ། །ཁ་ཅིག་ཆུ་ཁ་སྲིའམ་སྙི་ལས་དེ་ལྟར་འགྱུར། །དེ་རྣམས་མོ་ནད་སྤྱི་ཡི་རྟགས་སུ་འདོད། །མོ་ནད་རྗེས་ལ་ཚབ་དང་ཁྲག་ནད་གཞི། །མངལ་ནད་སྦྲུམ་ནད་བུད་མེད་སྦྱར་ནད་བཞི། །མངལ་འཁྱིམ་མངལ་ཁྲག་མངལ་རླུང་བུ་སྣོད་རུལ། །མདས་མ་བརྒྱབ་དང་རྣམ་པ་བཅུ་གསུམ་འདོད། །འདི་ཡི་ནད་ཚུལ་སོ་སོ་མ་ལུས་པ། །མ་བུ་ཆེ་ཆུང་ན་ཚུལ་རིང་བུ་གཉིས་ཀྱིས་བཅོས། །ཞེས་དང་། གཞན་ཡང་ལྡན་འདུས་ཀྱི་ནད་རྣམས་ཀྱི་རྟགས་དང་དེའི་བཅོས་དག་ཤོག་
དྲིལ་མ་བུ་བསྡེབས་པར་བཀོད་ཟིན་ཏོ། །ངོས་འཛིན་མེད་ན་བཅོས་ཐབས་མི་ཤེས་པས། །ལེགས་པར་བརྟགས་ནས་ངོ་བོ་གསལ་བ་ན། །ནད་རྣམས་སོ་སོའི་བཅོས་ཀ་ལེགས་པར་བྱ། །ངོ་མ་ཤེས་པར་རྟོལ་བཅོས་བྱས་པ་ན། །རང་དང་མི་ཕུང་མི་འདོད་སྣ་ཚོགས་འོང་། །དེ་བས་འཆི་དུས་བཏབ་ལ་སྤང་བར་བྱ། །འཆི་དུས་བརྟགས་པ་རྩ་ཆུ་ཕྱི་ཡུལ་གསུམ། །རྩ་ལ་འཆི་སྡོད་གྲངས་ནི་ངེས་ཅན་སྡོད། །ལག་སོར་གསུམ་ཆས་རེས་འཇོག་ཚུལ་དུ་མནན། །ལེགས་པར་བརྟགས་ན་བདུན་གྱི་གྲངས་ཀ་རུ། །ལན་གསུམ་བསྡད་ན་འཆི་རྩ་གཅིག་ཏུ་འདོད། །སླར་ཡང་མནན་པས་བཅུ་གསུམ་སྟེང་དུ་ལན་གསུམ་བསྡད། །དེ་ཡང་མོད་ལ་འཆི་རྩ་བར་མར་བཤད། །ཉེར་གཅིག་སྟེང་དུ་ལན་གསུམ་གསུམ་སྡོད་ན། །ལེན་པའི་འཆི་རྩ་ཞེས་སུ་བཤད། །ཚད་པའི་འཆི་རྩ་འོག་ཤ་ཆད་པ་འདྲ། །རླུང་གི་འཆི་རྩ་བཅུ་ཐིག་ཁ་བུན་འདྲ། །ཁྲག་གི་འཆི་རྩ་གླང་པོའི་ཁ་ཆུ་འདྲ། །བད་ཀན་འཆི་རྩ་རེ་བ་ཆུར་བཅུག་འདྲ། །དམུ་ཆུའི་འཆི་རྩ་རྟ་རྔ་སྒྲིམ་པ་འདྲ། །སྐྲན་གྱི་འཆི་རྩ་དར་པོ་རླུང་བསྐྱོད་འདྲ། །ལྷོག་པའི་འཆི་རྩ་གཏོར་བ་ལྟ་བུའོ། །མཆིལ་པས་རྒུན་བུ་ཐུ་བ་ལྟ་བུ་དང་། །དགོ་བ་གྱེན་ལ་འཛེགས་པ་ལྟ་བུ་དང་། །དེ་རྣམས་སྤྱི་ཡི་འཆི་ལྟས་རྩ་ཡིན་ནོ། །ཁྱད་པར་མི་ནོར་རྩ་ལ་འདི་ལྟར་བརྟགས། །བླ་རྩ་མེད་ན་ནད་མེད་ཡིན་ཡང་འཆི། །སྡོད་གསུམ་ཕྱུང་ན་ནོར་ལ་གོད་ཁ་འོངས། །རེས་འཇོག་བྱུང་ན་བུ་དང་ཆུང་མ་འཆི། །སྙི ང་རྩ་མེད་ན་ཞག་བཞི་དག་ན་ངན། །གློ་རྩ་མེད་ན་བཅུ་གསུམ་དག་ན་ངན། །མཁལ་རྩ་མེད་ན་ཁང་པ་མེ་ཡིས་འཚིག །མཚེར་རྩ་མེད་ན་ཉེ་དུ་བརླག་སྟེ་འགྲོ། །གདོན་གྱིས་བསྒྲིབས་པའི་རྩ་
ནི་ངོ་མི་རྟག །དེ་རྣམས་བྱེ་བྲག་ནད་ཅན་ནད་མེད་དང་། །གང་ལས་གྱུར་པའི་ཚུལ་ནི་ཞལ་ལས་དྲིས། །མི་ཡི་ཚེ་རྩ་མཁལ་མ་ཁྲག་འདྲེས་རྩ། །ལོ་གསུམ་དག་ན་འཆི་བའི་རྟགས་སུ་འདོད། །མཁལ་རྩ་སྟོར་ལ་སྙིང་རྩ་ལན་གསུམ་འཕར། །གླིང་བཞི་པོར་ལ་རྟགས་སུ་འདོད་པའོ། །སྙིང་རྩ་སྟོར་ནས་རླུང་རྩའི་སྡོད་བཞིན་དུ། །ངེས་མེད་འཇོག་པས་ཡང་ཡང་འཕར་བ་ནི། །ཡུལ་ལ་འཕོ་འཆུག་སྐྱས་ཀྱི་རྩ་རུ་འདོད། །རླུང་དང་ཆུ་བའི་འོག་ཏུ་སྟོར་ཏེ་འཆོལ། །རྟོག་དཔྱོད་བྱས་ན་གྲངས་ལ་ངེས་མེད་འཁྲུལ། །ཞང་པོ་ཞང་ཉེ་ལོ་གཅིག་ཚུན་དུ་འཕུང་། །དེ་སོགས་རྩ་མདོ་མེ་ལོང་ནང་དུ་བལྟ། །གློ་ནད་ཅན་ལ་མཚེར་རྩ་མེད་ན་འཆི། །བད་ཀན་ཅན་ལ་རླུང་རྩ་སྡོད་ན་འཆི། །རྒྱལ་པོ་ཕོ་བྲང་གནས་ནས་བསྐྱོད་ན་འཆི། །ནད་མ་གྲོལ་བར་ནད་རྩ་གྲོལ་ན་འཆི། །གདགས་སྲིབ་ལོག་ན་ཉི་མ་གསུམ་ན་འཆི། །ཆད་ནས་འདྲིང་ན་ཉི་མ་གསུམ་ན་འཆི། །འཁྱིག་ཅིང་སྡོད་ན་ཞག་གཅིག་དག་ན་འཆི། །རྩ་མགོ་སངས་ནས་ནད་མེད་རྩ་འདྲ་ལ། །སྐབས་སུ་རེས་འཇོག་བྱེད་ན་གཉེན་ལ་སྡོད། །སྙིང་རྩ་མི་བདེ་གཞན་རྣམས་སངས་པ་ན། །ནོར་ལ་ཆགས་པའི་རྩ་རུ་ཤེས་པར་བྱ། །འཆི་ཆུའི་འགྱུར་ལྡོག་རྣམས་ནི་འདི་ལྟར་རོ། །རླུང་ཅན་ཆུ་ལ་མེ་འོད་ཆགས་ན་འཆི། །བད་ཀན་ཆུ་ལ་ཁྲག་ཏུ་བྱུང་ན་འཆི། །ཁྲག་ཅན་ཆུ་ནི་སོལ་ཁུ་འདྲ་ན་འཆི། །དམུ་ཆུའི་ཆུ་ནི་སྐྲན་ཆུ་འདྲ་ན་འཆི། །ཚ་བ་གྲང་བར་ལོག་ན་མྱུར་དུ་འཆི། །གྲང་བ་ཚ་བར་མྱུར་དུ་ལོག་ན་འཆི། །རྩ་ཆུ་གཉིས་པོ་གདགས་སྲིབ་ལོག་ན་འཆི། །ལོ་འདབ་མར་ནག་ལྟ་བུ་དེ་བྱུང་ན། །ནད་རིགས་གང་མ་བྱུང་ཡང་འཆི་བར་འགྱུར། །འཁྲུགས་པའི་ཆུ་ནི་དྲི་མ་སངས་ན་འཆི། །གསལ་དང་
མདངས་ལྡན་རླངས་མེད་དོན་དང་སྣོད། །ཡང་འགྱུར་ཡང་མི་འགྱུར་བས་དོན་ཁྲག་གསལ། །དེ་དག་རྣམས་ནི་ཁྲག་གི་འཆི་ལྟས་ཡིན། །ཕྱི་ཡུལ་མིག་ཉམས་དང་གར་ཡང་མི་འོང་། །སྐོམ་དང་དབང་པོ་འགྲིབ་དེ་སྤྱི་རུ་འདོད། །ཚད་པའི་རྟགས་སུ་སོ་དམར་མགོ་མིག་འཁྱོགས། །ཁ་སྐམ་ཕྱི་བལྟས་རླུང་རྒོད་ཡང་ཡང་སྐྱེ། །མིག་དམར་མཆུ་དང་གདོང་དམར་རྡུལ་དྲེག་ཆགས། །རླུང་ལ་འཆི་རྐྱེན་གསོ་རྐྱེན་བརྟག་པ་བདེ། །མི་ནོར་རྟགས་སུ་དར་རྩ་ཆེན་བསྐྱོད་པ་འདྲ། །མཁྲིས་པའི་འཆི་ལྟས་དང་ག་འགགས་པ་དང་། །སུར་ཡར་གྱུར་ནས་ལུད་པ་དབུགས་མི་བདེ། །ཁྲག་དང་གཉན་ནི་བཅོས་མ་ཚུད་ན་འཆི། །ཚད་རྙིང་གཏིང་དུ་བྱིང་ཞིང་འཐིབས་པ་དང་། །བྱང་ཁོག་ནང་ནས་བྱིའུ་སྐད་འདོན་ན་འཆི། །སྐྲན་ནད་ཟུག་གཟེར་ཡང་ཡང་སྐྱེས་ན་འཆི། །དམུ་ཆུའི་འཆི་ལྟས་རྫོང་དྲུག་ཤོར་ན་འཆི། །བད་ཀན་འཆི་ལྟས་ཁྲག་མཚོ་རྡོལ་ན་འཆི། །འཆི་བའི་ཁྲག་ནི་ཁུ་བ་དང་ནི་མཁྲིས་ཁུ་འདྲ། །སྐྲན་ནི་གཏར་ཀ་མ་ཐེབས་སྨན་མི་ལེན། །འགྲུལ་གྱིས་སློང་ན་འཆི་བར་འགྱུར་བ་ཡིན། །རྩ་ཆུ་ཕྱི་ཡུལ་ཁྲག་དང་རྣམ་བཞི་ལ། །མི་འདོད་རྟགས་རྣམས་ཤར་བར་གྱུར་པ་ན། །འཆི་དུས་བཏབ་ལ་ནད་འདི་དོར་བ་གཅེས། །དེ་ལྟར་མི་འདོད་རྟགས་རྣམས་མ་ཤར་ཞིང་། །རྩ་དང་ཆུ་ལ་སྐྱེད་ཐོན་ཕྱི་ཡུལ་དུ། །ནད་དང་བྲལ་བའི་མངོན་རྟགས་རིམ་གསལ་ན། །བཅོས་ཀྱིས་ནད་སེལ་རང་གཞན་དོན་འགྲུབ་འགྱུར། །བདག་གིས་ངོས་འཛིན་འཕྲུལ་གྱི་མེ་ལོང་འདི་བརྩམས་པས། །སྲིད་པར་གནས་པའི་འགྲོ་བ་རིགས་དྲུག་པོ། །མི་མཐུན་ཉོན་མོངས་ནད་ལས་ཐར་བ་དང་། །བླ་མེད་བདེ་
བ་ཆོས་སྐུ་ཐོབ་གྱུར་ཅིག །ངོས་འཛིན་རྟགས་ཀྱི་མེ་ལོང་ཞེས་ནད་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་གཏན་ལ་འབེབས་པ་ལུང་དང་རིགས་པའི་བདག་ཉིད་ཆེན་པོ་གཡུ་ཐོག་ཡོན་ཏན་མགོན་པོ་ཞེས་བྱ་བས་མཛད་པ་དེ་ལས་ཕལ་ཆེར་ཚིག་སྣ་བསྡུས་ཤིང་། ཕལ་ཆེར་གཞུང་ཇི་བཞིན་དུ་མི་ཕམ་པས་བཀོད་པ་མགོན་པོ་དེའི་དགོངས་པ་དྲི་མེད་གསོ་རིག་གི་བསྟན་པ་རིན་པོ་ཆེ་མཆོག་ཏུ་རྒྱལ་ཞིང་རྒྱས་པར་གྱུར་ཅིག །རབ་ཚེས་མཛེས་བྱེད་ཆུ་ཡོས་ཟླ་བ་གཅིག་པའི་ཚེས་གཉིས་ལ་ནགས་ཆུང་མའི་རི་ཁྲོད་དུ་ཤོག་དྲིལ་སྐོར་ལས་དཔེ་བཤུ་བྱས། སླར་ཐུན་མོང་ལྕགས་ཁྱི་ཟླ་བ་དྲུག་པའི་ཚེས་བཅུ་དགུ་སྐོར་གཉིས་ཀ་དཔེ་བཤུ་གྲུབ་པ་འདི་རང་ལ་མཁོ་སྤྱད་ཡིན་གྱི་གཞན་ལ་རླུང་ཕྱོགས་ཙམ་མི་སྤེལ་མི་སྟོན་ཏེ་གཞུང་གི་བཀའ་འདྲ་མིན་དུ་བསླད་དོགས་པས་རེ་ཤིག་རང་དོན་བྱ། སླར་དབྱིངས་སུ་བསྟིམས་ཤིག །མངྒ་ལཾ༔ མ་དཔེ་དང་ལེགས་པར་བསྡུར་ཡོད། སླར་དཔེ་གཞན་བསྡུར་དགོས་འདུག་དགེ། མ་དཔེ་དང་བསྟུན་ནས་ལེགས་པར་ཞུ་བཅོས་གང་ཤེས་བགྱིས། དོན་གོ་རྒྱུ་མེད་པ་དང་། ཚིག་མི་ཚང་བ་འགའ་སྣང་བ་བཅོས་མ་ཤེས། སླད་ནས་དཔྱོད་མཛོད། ༈ །བྱུག་པའི་སྐོར། མེས་ཚིག་ལ། རྟའམ་བོང་བུའི་མཚེར་བ། སྲམ་བྲུན། དབྱི་ཆུང་། སྒོང་ཐོག་འབྲུ། བུལ་ཏོག སུག་པ། སྐྱེར་པ། མཁར་གོང་དཀར་པོ། དུར་རུས། ཤ་རུ་བཙའ་མ། ཆུ་བལ། ཆུ་རྩའི་ཕྱེ་མ་རྣམས་མར་ནག་གམ་རྐང་མར་དུ་བསྐོལ་བ་ཞོ་ཙམ་བྱུག ས་སྟེང་ན་འདི་ཟབ་གསུངས་སོ། །ཆུ་ཚན་གྱིས་ཚིག་པ་ལ། ས་མྱག །ཆུ་བལ། མ་གི་ཏ། མཁྲིས་སྣ་ལོ་བརྒྱད་ཆུ་སྦྱར་བྱུག རེག་པ་ཙམ་གྱིས་ཕན་པས་གསུངས། ༈ །ཅོང་ཞི་བྲག་ཞུན་སིནྡྷུ་ར། སྟར་ཞུན། བཙན་དུག་བསྲེགས་ཐལ་རྣམས་བའམ་རའི་ཀླད་པས་སྦྲུས་ལ་བྱུགས་པས་སྐྲང་པ་ཚ་གྲང་གང་ཡིན་
ཡང་འདི་མེད་གསོ་མི་ནུས་འདི་ལ་རེག་པས་ཟུག་ཞི་ཟེར། ཡང་སྐྲང་ཚ་གྲང་གང་ལ་ཡང་རི་ཤོ་སྤྱང་ཚེར་ལྕ་བ། མཁན་དམར། སྤྲུ་ནག བོང་ང་། རྟ་གསེབ་སྔོན་པོའི་སྦང་རྣམས་ཞིབ་བཏགས་ཨེ་ཀྲོ་ཏ་སྦྱར་གླ་རྩི་དྲི་ཐོན་བསྲེས་ཏེ་བྱུགས་པས་གཉན་སྐྲངས་སྐྲན་ཀུན་ཀུན་ལ་ཐེང་ཆོག་བདུད་རྩིའོ། །ཡང་གཉན་སྤྱི་འཇོམས་འབྱར་ནི། བྲག་ཞུན། བཙན་དུག་སྤྱང་བྲུན། ཆང་ཕབ། དུད་པ་རེ་ལྕག ལྕགས་ཀྱུ་བ། ཐར་ནུ། ཆུ་རྩ། མུ་ཟི། སྤྲུ་ནག སྟག་ཤ ཤུ་དག་རྣམས་བྱིས་པའི་ཆུར་སྦྱར་ལ་བྱུག་རླན་མ་བསྐམ་འབྱར་གྱི་གནད་དོ་ཞེས་གསུངས། འདི་རྣམས་ཟུར་མཁར་ཆོས་རྗེའི་ཁྱད་ཆོས་སོ། །བྱུག་སྨན་རེག་པ་འབུར་འཇོམས། གུ་གུལ་འཛིན་པ། དྲི་ཆེན་དགེ་སློང་སྔགས་པའི། མུ་ཟི། རི་བོང་བྱ་ཁྱི་སྤྱང་བྲུན། ཐར་ནུ་རེ་ལྕག་བྲག་ཞུན་སྟག་ཤ ཡུང་བ་ལྡོང་རོས་བ་བླ་སྤྲུ་ནག་རྩ་བ་ཆུ་རྩ་དུད་པ་སྨན་ཆེན་བཅས་ཞིབ་བཏགས། རང་ངམ་ཡོན་ཏན་ཅན་གྱི་དྲི་ཆུར་སྦྱར། གར་སླ་འོ་མ་ཙམ་བྱས་ལ། སྦྱར་ཚད་ལག་ལེན་ཞིབ་པར་ཞལ་ཤེས། སྐྲང་མགོ་མ་འབུར་བའི་རིགས་ལ་ཕྱི་ནས་བྱུགས་པས་རང་སྐོམ་ལ་འགྲོ། སྐྲང་མགོ་འབུར་ན་རྡོལ་མིག་འབུར་ཏེ་བཞག་མཐའ་ནས་བྱུག སྐྲང་པའི་འགྲོས་སྣ་ནོན་པ་གལ་ཆེ། རིམ་པས་གཅིག་སྐོམ་རྗེས་གཅིག་བྱུག་ནས་ཤོག་བུའི་སྲབ་མཐུག་ཙམ་དུ་བྱུག་རྗེས་འཇམ་ལ་མཉེན་པའི་ཤོག་དེབ་བཏགས། ནང་མ་རེ་བཞིན་རྙིང་པ་རོལ་མེད་བཀྲུས་ནས་གསར་པ་བྱུག་པས་ལྷོག་སྐྲང་དང་གཉན་སྐྲངས་སོགས་སྐྲངས་པ་ཐམས་ཅད་འདི་ཡིས་འཇོམས་པར་བྱེད་དེ་རྫ་མ་ལ་ཐོ་བ་བསྣུན་པ་དང་འདྲའོ། །སྨན་ཆེན་ཨ་རུ་ཤུ་དག་ཕུར་ནག་སྤྲུ་ནག་རྩ་བ་བྱ་ཟེ་སྦྲུལ་ཚིལ་ཕག་སྣ་ངུར་མཁྲིས་རྟ་བོན་ཐལ་བ་གུ་གུལ་བྲག་དྲེག་གླ་རྩི་རྣམས་ཞིབ་བཏགས་ཆུར་སྦྱར་བ་ཕྱིར་བྱུག་ཁོང་དུའང་
བཏང་ན་ཉྭ་ལོག་འཁྲུ་སྐྱུགས་གདུག་པའི་ནད་རིགས་ཀུན་འཇོམས་དཔལ་ལྡན་རྒྱུད་ཆེན་ལས་སོ། །སྨན་ཆེན་ཤུ་དག་ཐར་ནུ་མཚུར་ནག་རེ་ལྕག་རྩ་བ་མུ་ཟི་སེར་པོ་དྲུག་ཆ་མཉམ་ཞིབ་བཏགས། འཕྱི་བའམ་ར་ཡི་ཚིལ་ཞུན་ལ་སྦྱར་བ་བྱུག་ནས་ཉི་མར་བསྲེགས་ན་ཤུ་བ་གསར་རྙིང་ཐམས་ཅད་དང་རྨེན་འབྲས་གླང་ཤུ་མེ་དབལ་འཇོམས་ཞིང་། ས་ནད་དང་གཉན་གཟེར་གནོན་ཚབས་ཆེ་ན་ཟབ་ལག་ཅན། ཆུ་རྩ། གྲང་བ་ཆེ་ན་སྤྲུ་ནག་བསྣན། སྒ་དང་ཤ་རླུང་ཤས་ཆེན། ཆེན་བཏང་བར་བྱ། ཤེའུ་སྔོན་མོའི་ཁྱད་ཆོས་སོ། །ཤུ་བ་ལ། ཆུ་རྩ། བུལ་ཏོག གྲི་རུས། ལྡོང་རོས། ཤུ་དག་རྣམས་བྱུག ཡང་མུ་ཟི་རུ་རྟ། རི་བོང་རིལ་མ་བསྲེགས་ཐལ། སྲད་སེར། ཕ་ཝང་དྲེག་པ་ལི་ག་དུར་རྣམས་མར་ཁུས་བྱུག་ཉི་མར་བསྲེག་ཡང་ཤ་བ་གནའ་བ་མི་རྟ་ཁྱི་རྣམས་ཀྱི་རུས་པ་བསྲེགས་པ་དང་ཧོང་ལེན་སྤང་སྤོས་བཅས་ཆང་སྦྱར་བྱུག་པ་ཉི་མར་བསྲེག་པས་ཤུ་བ་འབྱང་བ་སེལ་ཞེས་ཤོག་དྲིལ་ལས་སོ། །རྒྱུད་ལས། དཱུ་རཱ་ཡུང་བ་བཏགས་ཏེ་བྱུག་པས་རྔོ་དང་ཤུ་བ་སེལ། གཞན་ཡང་མེ་དབལ་ཕོལ་མིག་ཁྱི་རྨ་སོགས་སེལ་བར་གསུངས་སོ། །ཤུ་ཐབས་བྱུང་བ་དང་ཤ་བཀྲ་ལ་བྱང་བ་ཅུ་གང་གུ་གུལ་ནག་པོ་མི་ཞུན་སྦྱར་ཏེ་བྱུག་པས་ཕན་ནོ། །ཡང་ཆུ་རྩ་མུ་ཟི་སྟག་ཤ་དོམ་མཁྲིས་བྲག་ཞུན་གླ་རྩི་ཁྱི་ལ་ཝ་རི་ནི་ལ་ཐོ་ཋར་བཅས་པ་བ་ཆུས་བྲན་པ་བྱུགས་པས་པགས་ནད་ཤུ་ཐོར་ཟ་ཀོང་མེ་དབལ་སོགས་སེལ། གློ་བུར་རམ་རྨ་རྒན་གྱི་ཤའུ་གསོ། ཁྱད་པར་རེག་དུག་གི་ཚ་བའི་ཟུག་གཟེར་བཟོད་མེད་ལ་བདུད་རྩིར་འགྱུར། རྣག་ཆུ་ཅན་ལ་སྐམ་འདེབས། པགས་ནད་གཞན་ལ་འདེ་གུ་བྱུག །རེག་དུག་གི་རྨ་ལ་ར་ཁྲག་སྦྱར་ཏེ་བྱུག ཁོང་དུ་ར་ཁྲག་དང་ག་བུར་བཏང་བར་བྱའོ། །བུད་མེད་ཀྱི་ནུ་མ་སྐྲངས་པར་འབེན་
ཐོག་གི་སྣུམ་བྱུག་ན་ཕན་ཟེར། འདིའི་སྣུམ་བྱུག་པས་སྐྲ་སྨིན་རྣམས་མདངས་ལེགས་ཞེས་ཟེར། བུད་མེད་བུ་བཙས་སམ་མ་བཙས་ཀྱང་རུང་སྟེ་ནུ་སྐྲང་ལ་ར་རིལ་ཁྱོར་ཕྱེད་ར་གཅིན་གྱིས་འདག་པ་བྱས་པ་འཐུག་པོར་བྱས་པ་ཞག་གཉིས་གཡོགས་པས་རྣག་རྡོལ་བའམ་རང་ཞིར་འགྱུར། རྣག་ཡོད་ཀྱང་མ་རྡོལ་ན། སྤང་རྩི་ཤིང་མངར་འོམ་བུ་གསུམ་བརྡུང་བའི་ཁུ་བ་དྲོ་འཇམ་གྱིས་བཀྲུ། རྣག་འབྱམ་ཤུ་དག་དཀར་པོ་འཇམ་པོར་བཞོག་པ་གར་རྡོལ་བའི་བུ་གར་མར་གྱིས་སྦྲུས་ལ་གཞུག །ཕྱིར་མི་འབུད་པར་བྱ། དམ་པར་བཅིང་ནུ་འདབ་ཡི་གེ་འདྲེ། ཞེས་པའམ་ཡང་ན་ཉ། ཞེས་པ་མཚལ་གྱིས་བྲིས་པས་འཁོར་བར་བྱ། ཉིན་གཅིག་ཤུ་དག་ལན་གཉིས་བྱུག་སླར་མར་གྱིས་བྱུག་པ་སེར་བུ་མ་ཤོར་བར་བྱས་པས་སོས་ངེས་ཡིད་ཆེས་ཅན་ནོ། །ཡང་བུ་བྱུང་ནས་སྐྲངས་ན། གནའ་བའི་སྤུ་གྲ་མ་ཉམས་པ་དང་། ཤིང་སྤེན་མའི་མགོ་གྲ་མ་ཉམས་པ། སེང་གེའི་རུས་པ་གསུམ་སླ་ངར་དུ་བ་མ་ཤོར་བསྲེགས་པའི་ཐལ་སྨན་གྱི་ཕྱེད་རུ་རྟ་དང་བསྲེས་པའི་རིལ་བུ་སེང་རུས་ཐང་གི་རྟ་བྱས་ཁོང་དུ་བཏང་། ཕྱེད་ཕག་ཚིལ་དང་སྦྱར་ཏེ་ཕྱི་ནས་བྱུག །ཕོལ་དུ་གྱུར་ཏེ་རྣག་གིས་ཟོས་ན། ཁྱུང་ལྔའི་སྟེང་གུ་གུལ་དཀར་ནག །བྱང་ཁྲ། རྒྱ་ཚྭ། མཚལ་དཀར་རྣམས་ཀྱིས་རྩ་བཤལ་བཏང་། འབྲས་གསུམ་སྐག་བཙོད་ཞུ་མཁན་སོ་ཐོག་རྨ་བྱའི་མདོངས་གླང་རོག་པོའི་རྭ། གུ་གུལ་ནག་པོ། དཀྱིལ་འཁོར་གྱིས་ཚོན་རྣམས་ར་འོར་སྦྱར་ལ་བྱུག་ས་འོག་ནས་བྱུང་རུས་པ་དཀར་པོ། ས་ཡི་དུང་ནི་འོད་ལྡན་དང་། །སེང་གེའི་རུས་པ་འདི་གཉིས་པོ། །ཆུར་གདུས་ཁུ་བ་ཁོང་དུ་སྐབས་སུ་བཏང་། ཁ་ཟས་གླ་བ་དགོ་བ་གནའ་བ་གསུམ་གྱི་ཤ་
བཏང་བ་མཆོག་གོ། རུས་འདུལ་ཟབ་མོའི་མན་ངག་ནི། རུས་པ་མི་རྟ་ཁྱི་ཕག་ཤ་རུ་བཙའ་མ་ལྔ་དང་། ཉ་ཕྱིས་དུང་འགྲོན་ཉ་རུས། འབྲུག་རུས་ཏེ་ཆུ་རུས་ལྔ་སྟེ་བཅུ་དང་། ཆུ་སེར་སྨན་སོ་ཐ༢ལ ། ཏིལ་དཀར་ན ༢ག ཟི་༢ར། གུར་གུམ་དཀར་ན༢ག བརྒྱད་པོ། ཆ་མཉམ་ཞིབ་བཏགས་ལོགས་སུ་བཞག་བྱས་ཏེ། སྤོས་དཀར་ཆ་གསུམ་ཚ་ལ་ཆ་གཅིག་དང་། གར་ཆང་ཆ་གཉིས་དེ་ལ་བསྲེ་སྨན་གྱི། ཚོད་དང་སྦྱར་བའི་འབྲུ་མར་རྙིང་པ་བླུག དབེན་སར་རྫ་སྣོད་ནང་དུ་སོལ་མེ་ལ་བསྐོལ། གདོན་གྱིས་ལུད་ཕྱིར་འགྲུལ་བསྲུང་འདྲེས་པར་དཀྲུག །དེ་ལ་གོང་གི་ཕྱེ་བཏབ་མ་འདྲེག་དཀྲུགས། དྲོ་འཇམ་དྲིལ་བཏུབ་དུས་སུ་རྡོ་སྟེང་བྱོ། །གཏུན་བརྡུང་འཐེམ་བྱས་སྤུ་རྡུལ་མི་ཤོར་བའི། །སྣོད་དུ་བཅངས་ལ་རྨ་དཀྲིས་ནམ་ཕྱེད་ཚེ། །མེ་ཉིར་བསྲོས་ཏེ་རྨ་སྟེང་དར་གྱིས་བཀབ། །དེ་སྟེང་རུས་འདུལ་བསླན་ལ་སྐྱི་དཀར་དཀྲི། །དཀྲིས་མ་བརྗེ་དུས་རྣག་དང་ཆུ་སེར་རྣམས། །ཆུ་དྲོན་གྱིས་བཀྲུ་འདི་ཡི་ཕན་ཡོན་ནི། །ཆུ་སེར་གྲང་བས་རྨ་གསར་རྨ་རྙིང་དང་། །འབྲས་ཆུ་སྐྲངས་པ་རྣག་རུ་མ་ཁུག་དང་། །རྩ་ཆད་རུས་ཆག་རྨ་ཡི་ཐབས་སོགས་ལ། །གཉེན་པོ་འདི་མཚུངས་མེད་དེ་ཀུན་ལ་གསང་། །པགས་ནད་ཤ་བཀྲ་ཞེས་པའི་ཤ་མདོག་ཁྲ་བོ་ལ། ཕག་ཚིལ་མུ་ཟི་རྒྱ་སྣག་སྦྲུལ་ཤ་བྱུགས་ན་ཕན། གཉན་མེ་ལྕེ་འཁོར་ལོ་ལ། མི་ཁྱི་ཕག་གསུམ་བྲུན་ནུས་བསྲེག་བྱུགས་ན་ཕན། དུང་དང་མགྲོན་བུ་ཆེ་བ་སོལ་མེར་དུ་བ་མ་ཤོར་བར་བསྲེགས་པའི་ཕྱེ་ཞིབ་མཆིལ་མས་སྦྱར་ཏེ། རྣག་འབུར་ཡོད་སར་རྨ་ཆེ་ཆུང་ཅིག་གོས་ཚད་དུ། ཤིང་བུའི་སྣེ་ལ་གར་སླ་ཞོ་ཙམ་བྱས་ཏེ། ཞག་གཅིག་ཐང་གསུམ་བཞིར་བྱུགས་ན། ལྕགས་སྲེག་གིས་ཕུག་མི་དགོས་པར་རང་རྡོལ་འོང་ངོ་། །ཤུ་བ་སྤྱི་འཇོམས་སྨན་ནི། གྲེས་མ། ཆུ་རྩ། ར་རུ། ཕབས། ལྷམ་སྐྲད་ལྔ་པོ་བསྲེག་ཐལ་ནག་པོའི་ཕྱེ་ཞིབ་
མར་དཀར་སྦྱར་ནས་ཤུ་བའི་སྟེང་དུ་བྱུག་སྟེ་ཉི་མར་བསྲེགས་པས་ཆོམ་གྱིས་འགྲོ། དེ་རྗེས་ལུག་རྭ་བསྲེགས། ཐལ་ནག་ཞིབ་བོ་དང་བཅས་འོ་མར་སྦྱར་ཏེ་བྱུགས་པས་གཏིང་འདོན་ཟབ། འདིས་ཤུ་བ་ཀུན་འཇོམས། ཁྱད་པར་རྟ་བོང་གི་འཕོང་ཤུལ་ཐེང་ཆོག་གོ། འབྲས་བུ་སྐྲངས་པར་བཙན་དུག་པི་ལིང་མར་རྙིང་སྦྱར་བྱུག་ཉི་མར་བསྲེགས་པས་ཕན་ནོ། །བ་བླ་སྡོང་རོས་མུ་ཟི་མུ་ཚལ་གུ་གུལ་ནག་པོ་རྣམས་བྱིས་པའི་ཆུ་ལ་སྦྱངས་ཏེ་བྱུགས་པའི་སྟེང་ཤོག་སྤྱིན་གླན་ལ་བཞག་ཞག་གཉིས་ནས་བླངས་ཏེ་བལྟས་པས་སྔར་ལྟར་མ་འགྱུར་བར་འདུག་ན་འབྲས་ཡིན། འགྱུར་ན་སྐྲངས་འབུར་གཞན་ཡིན། འབྲས་བརྟག་པའི་བྱུག་པའོ། །གསེར་མུ་ཟི། གཡེར་མ་སྦྲང་སྨྱོན་རྣམས་བྱིས་པའི་ཆུས་སྦྲུས་ལ་སྤར་བུའི་ནང་དུ་བཅུག་ཁ་ཤོག་བུས་བཅད་སྟེང་དུ་ས་སོར་བཞིས་བཀབ། དེ་སྟེང་ལྕི་མེ་སུམ་ཡར་དུ་བཏང་། དེ་ནས་བླང་སྟེ་སྨན་དེ་བསྐུས་པས་རུས་རོ་རྒྱུས་སྐྱོན་འགོག་ཅིང་ལེན་པའི་ཐབས་ཡིན་ནོ། །འཛེར་པ་ལ་སྤང་སྤོས་ཞིབ་བཏགས་བ་དམར་འོ་མ་དང་དེའི་ཆུའི་ལྡེ་གུ་བྱས་ལ། སྲོད་ཉལ་ཁར་ལག་པ་བཀྲུས་ལ་སྨན་དེ་འཛེར་པ་གར་ཡོད་དུ་བསྐུ་ཞིང་ལག་པས་འཛེར་པ་ཕུར། ནང་པར་ལག་པ་མི་བཀྲུ། དེའི་ནུབ་མོ་ཡང་སྔར་བཞིན་བྱ། དེའི་ནང་པར་ལག་པ་དག་པར་བཀྲུས་ལ། དེ་ལ་ཚྭ་བསྐུས་ནས་བ་ལང་ལ་ལྡག་ཏུ་གཞུག དེ་ལྟར་ལན་གསུམ་བྱས་ན་འཛེར་པ་ཐམས་ཅད་ལ་ཕན་ནོ། །འདི་གསུམ་རྒྱལ་པོའི་དཀོར་མཛོད་ལས་སོ། །བད་མཆུ་ལ། ཨ་རུ་བུར་མ་ཐར་ནུ་རྣམས་ཞོ་སྦྱར་བྱུག དར་དམར་བཀབ་སྟེ་བཞག ཞག་གསུམ་ནས་བསྡུ་དེས་འཚོའོ། །སྦང་མ་སེང་ཕྲོམ་རུ་རྟ་པི་ལིང་འབྲས་གསུམ་བཙོད་རྣམས་ཆ་མཉམ་སྦྲང་སྦྱར་ལྟོ་སྟོངས་རྙིལ་ལ་བྱུག་ན་སོ་སྲ།
ཆུ་སེར་ཀོ་ལའི་སྤྱི་ཁྲུས་ནི། རུ་རྟ་བྱང་བ་སྦོད་ཕོ་རིས་པི་ལིང་སྤོས་དཀར་རྒྱ་ཚྭ་རྣམས་ཞིབ་བཏགས་ཟོ་མར་སྦྱར་ནས་བསྐུས། ཡང་ན་ཆང་ལ་བསྣུར་ཏེ་བྱུགས་ནས་ཉི་མར་བསྡད་པས་ཕྲལ་དུ་ཕན། གླ་རྩི་དང་ནག་མཚུར་གྱི་གྲུང་ཆུ་ཁ་ནང་བཟུང་བས་མཁུར་བཀང་བྱས། ཡུན་ཙམ་ནས་ཕྱིར་ཕོ་ཁོང་དུ་མི་རྨིད། དེ་འདྲ་ལན་གསུམ་བྱས་པས་ཞག་རེ་གཉིས་ནས། ཁ་རུལ་དྲི་ངན་སེལ། རྙིལ་ཆད་པ་གསོ་བྱེད་ཛོ་ཀིའི་མན་ངག་གོ། གོང་མོའི་རིལ་མ། ཕ་བ་དགོ་དགོ། རེ་ལྗག །ཆུ་རྩ་ཐར་ནུ་ལྔ་པོ་ཆམ་བརྡུང་བྱས་པ་ལྕགས་སྣོད་དུ་ཅུང་ཞིག་བརྔོ། སླར་ཞིབ་བཏགས་མར་སྦྱར་བྱུགས་ནས་ཉི་མར་བསྟན་པས་རྒྱ་ཐོར་ཞི་བར་འགྱུར་རོ། །ཁྲག་གཅོད་ཐབས་རུས་པ་གང་རུང་བསྲེགས་ཐལ། ནས་བསྲེགས་ཐལ། རྫས་བསྲེགས་པའི་གྱོ་མོ་ཞིབ་བརྡུང་གསུམ་རྨ་ཁར་བཏབ་པས་ཆོད་དོ་ཞེས་རིག་པ་འབུམ་ཆེན་ལས་སོ། །གོ་སྙོད་གླ་རྩིའི་ཆུས་དགོང་མོ་ལྟེ་ཁུང་བྱུགས་ན་མིག་གསལ་གངས་ཀྱིས་མིག་མི་ཕྱིད་ཅེས་བི་མ་སྙིང་ཐིག་ལས་སོ། །རླུང་གིས་དཔུང་ཚིགས་གཟེར་ཞིང་ལག་པ་ཞ་བར་ལུག་རིལ་ཆང་བཙོས་ལུམས་ཀྱིས་ཕན། ཡང་ན་རྩ་བ་ལྔ་སྟེང་ལུག་རིལ་བསྣན་པས་ལུམས་མཆོག་གོ། ནི་ལ་ཀ་ཁང་རྩ་ལོ་རྐང་ཞིབ་བཏགས་ཆ་གཅིག ཤིང་ཀུན་དང་སྣུམ་ཆ་བཞི་བསྲེས་པས་ལྟེ་བར་བྱུགས་ན་སྦོ་འཁྲོག་གི་རླུང་རིགས་ཀུན་ལ་ཕན། ༈ །གཟི་མདངས་གཙོ་བོ་མུ་ཟི་མདངས་མེད་སྲད་མ་སྟེ་ཆ་བརྒྱད། དུར་བྱིད་ཐར་ནུ་ཤུ་དག་སྨན་ཆེན་སྔོའི་ཚ་བ་གསུམ། ཆུ་རྩ་བུལ་ཏོག་ཀྱི་ལྕེ་དཀར་པོ། སྟག་ཤ་བྲག་ཞུན་རེ་ལྕག་དུད་པ་རྒྱ་ཞུན་ཆ་རེ་བྱུག་པ་དང་ལུམས་བྱས་པས་འོར་སྐྱ་རྦབ་དྲེག་གྲུམ་ཆུ་སེར་རྩ་དཀར་གཟའ་ནད་ཀྱི་ཡན་ལག་རེང་འཁུམ་དང་ལུས་ཞུགས་སེལ། ༈ །མུ་ཟི་སེར་པོ།
བོང་ང་། བྱང་བུལ། པི་ལིང་། ཚྭ་རྙིང་། གྲེས་ཐལ་ཐུན་ཚད་མཉམ་རྟ་རྨིག་བཙའ་མ་མེར་བསྲེགས་ཐལ་བ་དང་ཆུ་རྩ་གཉིས་པོ་ཐུན་བལྡབ་མར་རྙིང་སྦྱར་བྱུག་ཟ་འཕྲུག་ཟ་ཀོང་སེལ་བའི་སྨན་མཆོག་གོ། ༈ །སྲིན་ཐོར་ལ། དྭ་རྩ། བྱི་ཏང་ཀ ཙི་ཏྲ་ཀ བཙན་དུག་སྦྱར་བ་བྱུགས་པས་སེལ། མར་ཞུན་ནང་དུ་དུ་བ་སུམ་གཉིས་ཚྭ་སུམ་ཆ་བཏབ། རྣམ་སྣང་ཅུང་ཟད་བསྲེ། མི་བསྐྱོད་པས་ཁ་སབ་སྟེ་བསྐོལ་ཞོ་ཙམ་སོང་དུས་བྱུགས་ན་ཤུ་བའི་སྨན་མཆོག་གོ། མུ་ཟི་སེར་པོ་ཐར་ནུ་རེ་ལྕག་རྩ་བའི་ཐལ་བ་མར་སྦྱར་བྱུགས་པས་ཟ་འཕྲུག་སེལ། ཤ་བཀྲ་ལ་མེ་ཏོག་ལྕེ་ཚའི་ཕྱེ་མ་ཕག་ཚིལ་སྦྱར་བྱུག་ཉི་མར་བསྲེགས་པས་དང་པོར་དཀར་པོར་འགྱུར་ཞིང་དེ་ནས་རིམ་གྱིས་སེལ་ལོ། ༈ །ཡུངས་ཀར། ཤུ་དག ཤིང་ཚྭ། སེང་ལྡེང་།མཚུར་རྣམས་བཏགས་ཏེ་དར་བས་བྱུགས་ན། གདོང་གི་ཤ་བཀྲ་ཤུ་བ་སྨེ་བ་སོགས་སེལ་ཞིང་གདོང་གི་མདངས་ལེགས་པར་འགྱུར། ཁྱི་ལུད། ཚྭ་སྣ་གསུམ། རྟ་ཡི་ཆུས་སྦྱར་བྱུགས་ངོ་མདོག་འགྱུར་བ་སེལ། ཡུངས་ཀར་ཤུ་དག་སེ་འབྲུ་ཞུ་མཁན་རྒྱ་ཚྭ་རྣམས་ཀྱི་ལྡེ་གུ་བྱུགས་པས་འབྲུམ་པ་ཁྱེ་མ་ངོ་ཤིག་སེལ་ཞིང་མདངས་ལེགས་སོ། །ཆུ་སེར་སོགས་བྱུག་པ་སྤྱི་སྨན་མང་སྦྱོར། ཨ་རུ། ཤུ་དག བོང་ང་ཆུ་སེར་སྨན་གསུམ། སྒ་སྐྱ། གོ་སྙོད། རུ་རྟ། ཐར་ནུ། ཆུ་རྩ། བུལ་ཏོག ཚྭ། ཕབས། མུ་ཟི། སེང་ལྡེང་ཁཎྚ། ཁང་རྒན་དུད་པ། རྟ་རྨིག་བཙའ་མ་དང་། རེ་ལྕག་བསྲེགས་ཐལ། རྭ་གཞོབ་རྣམས་དང་། སྔོ་ཡི་ཚ་བ་གསུམ། སྟག་ཤ བྲག་ཞུན། ཀྱི་ལྕེ་དཀར་པོ་རྣམས་བྱུགས་པས། ཆུ་སེར་དྲེག་གྲུམ་སོགས་དང་ལྤགས་ནད་རིགས་དྲུངས་ནས་འབྱིན། འདི་མར་རྙིང་ངམ་ཕག་
ཚིལ་སྦྱར་ཏེ་བྱུག །ཡང་ན་ཕག་ཚིལ་སྦྱར་བྱུག་གང་ཡང་ཉི་མའམ་མེར་བསྲོ་ཡང་ཡང་བསྐུ་མཉེ་བྱ། ཟ་འཕྲུག་ལ་སྔོན་བུ་བུང་ཆེར་བསྣན། ཞོ་སྦྱར་བྱུག་འདི་སྟེང་བ་བླ་ལྡོང་རོས་མཚུར་ནག །སྤྲུ་ནག །གུ་གུལ་སྦྱར། འཕྱི་བའམ་ར་ཚིལ་ཞུན་མས་བྱུག་སྟེ་མེའམ་ཉི་མར་བསྲེགས་ན་ཤུ་བ་རྨ་རོ་ཐོན། སྐྲངས་རིགས་ལ་ཆུར་སྦྱར་བྱུགས་པས་སེལ་ལོ། །མི་ཕམ་པས་ཕྱོགས་བསྡུས་སོ། །དེ་སྟེང་དུང་འགྲོན་ཐལ་མི་རྟ་ཁྱི་རུས་བསྲེག་པ། ར་དུག་པ་བཅས་བསྣན་ན་བཟང་། ཙན་དན་མར་ཁུར་སྦྱར་བྱུག་བཟང་། རྐང་པ་དྲེག་གྲུམ་ཆུ་སེར་གྱིས་སྐྲངས་པ་ལ། ཙི་སྟག་མོ་ཆུ་མ་རྩི་ཀྱི་ལྕེ། རྒྱ་ཚྭ། བྱང་བ། གཡེར་མ། སྤོས་དཀར། ཆིག་སྐྱེས། ཐལ་རྡོར། སོ་མ་ར་ཙ་དང་དགུ་སྦྱར་ནས་ན་སར་བཀྲུས་ནས་སྨན་དེ་བསྐུས་པས་ཆུ་སེར་ཆུ་བུར་འོང་། དེས་མ་བྱུང་ན་སྔོ་ཚ་བ་གསུམ་བསྣན་པས་ཐེ་ཚོམ་མེད། སྨན་གྱི་མཐའ་ལ་སྦྲང་རྩི་བུ་རམ་མ་བྱུག་ན་ཆུ་བུར་རྒྱ་ཆེན་པོར་མཆེད་པར་འགྱུར། ཟབ་བོ། །དངུལ་ཆུ་བཤིག་དང་ཟངས་ཐལ་ཕྱེ། དངུལ་ཐལ། སྨན་ཆེན་བསྲེགས་ཐལ། ནག་མཚུར། ཕུག་རོན་ནས་ཟན་བྲུན་རྣམས་སྦྲང་རྒོད་སྦྱར་ཏེ་མར་རྙིང་བྱུག་ནས་འབྲས་ལ་རེང་བུ་རྨ་གཏིང་དུ་བསྐྱལ། ཤོག་བུས་ཁ་བཀབ་ལ་བཞག་པས་ཅུར་འདོན་བྱེད་དོ་ཟབ། ཁ་ལྷོར་བསྟན་གྱི་ཉི་མའི་ལྡན་གྱི་མོ་དབྱི་མང་ས་འབྱར་ཐུང་བ་དེ་ཡིན་ནམ་དཔྱད། གཡི་ར་མེད་སྔོན་པོ་དེ་ཞིབ་བཏགས་སླ་ངའི་ནང་དུ་ནས་བདུན་ཚིག་པའི་བར་དུ་བསྲེག དེ་ནས་མར་བླུགས་ལ་ལེགས་དཀྲུག་སྐ་སླ་རན་པའི་ལྡེ་གུ་འབྲས་དང་རྨ་རྒན་གཉན་མེད་པ་དང་རྟ་བོང་གི་རྒལ་རྨ་སོགས་ལ་གླན་པས་ཕན། རྐང་འབམ་དང་ཤ་བཀྲལ། སླེ་ཏྲེས། སྦང་རྩི་དོ་བོ། བཙོད་མདུད། བྲག་ཞུན། ཨ་རུ་ར། སེང་ལྡེང་དྲུག་གི་ཐང་བཏང་བས་ཆུ་སེར་གྱི་ཚ་བ་ཆོག རྐང་ལག་སྐྲངས་པ་དང་ཚ་འཁྱུག་ལ། སྨན་ཆེན། བྲག་ཞུན།
ཀོ་བྱི་ལ། སྤོས་དཀར། སེང་ལྡེང་། བུལ་ཏོག་དྲུག་ཞིབ་བཏགས་རང་གི་དྲི་ཆུ་སྦྱར་བ་ཡང་ཡང་བྱུགས་པས་སྐྲངས་པ་གཞིལ་ཟུག་ཆོག །ཐང་མི་འཐུང་ན་རྩ་ནད་ཁོང་སྲུང་ལ་དངུལ་ཆུ་རིལ་བུ་དང་། ཁྱུང་ལྔའི་རིལ་བུ་བདུན་ཙམ་རེ་ཟའོ། །བྱད་ལ་ངོ་ཤིག་དང་སྲིན་བུ་བྱུང་ན་ཡུང་བ། ལྒ། ཞུ་མཁན་གསུམ་ཞིབ་བཏགས་ཆུར་སྦྱར་བྱུགས་པས་སེལ། སོལ་ཐལ། བྱ་བལ། རྡོ་ཞོ། བུལ་ཏོག ཡུང་བ། སྒ་སྐྱ། རྒྱ་ཚྭ། སེང་ཕྲོམ། ཆུ་མ་རྩི་རྣམས་ཞིབ་བཏགས་ཆང་སྐྱུར་སྦྱར་ནས་བྱུགས་པས་འཛེར་བ་དང་སྨེ་བ་ངོ་ཤིག་སེལ་བར་ཚེགས་མེད་དོ། ༈ །ཁྱེའུ་འཐུངས་ནུ་ཞོ་གུར་གུམ་སྦྱར་ཏེ་རྨ་ལ་བྱུགས་ན་ཤའུ་མི་ལྡོག་གསང་སྨན་ཡིན། རྨ་རྙིང་འཚོ་མི་འདོད་པ་དང་། སྙད་འདོགས་ཡོད་པ་ལ། བྲག་སྤོས། ཆུ་རྩ། ནུས་པ་ཅན་གྱི་དྲི་ཆེན་སྐམ་པོ་གསུམ་གྱི་ཕྱེ་མ་བཏབ་པས་སེལ་ལོ། །རྨ་འཚོ་སྨན་ལ།སོས་ཀའི་ཐར་ནུའི་ལོ་མའམ་མྱུ་གུ་སུམ་ཆ། དེའི་དུག་གསོད་དཔའ་སེར་དང་ཨ་རུ་རྒྱ་གར་མ་སུམ་གཉིས་དོམ་མཁྲིས་ཐུན་ཆེ་བ་གཅིག་བཅས་དེ་བཞི་སྦྱར་བ་རྨ་གང་ལ་བཏབ་ཀྱང་འཚོ་སྨན་སོས་སྟོབས་འདི་ལས་ཆེ་བ་མེད། ཐར་ནུའི་ལོ་མ་ཆེས་ན་སྐྲངས་འོང་བས་ཚོད་ཟིན་པར་བྱ།ནན་གྱིས་བསད། ལོག་ནོན་དུ་མགོ་མཇུག་བཟློག་བཟླས་བཏབ། རྨ་ཁ་ཆེ་དྲགས་པ་ལ། མཛེ་ཚྭ། དོམ་མཁྲིས། བྲག་སྤོས་ལྡུམ་བུ་རེ་རལ། བོང་ང་དཀར་པོ་ལྔ་མཚལ་གྱིས་མདོག་འགྱུར་ཙམ་བྱས་པ་ཞིབ་བཏགས། རྨ་ཁ་གུར་གྱིས་ཆུས་བཀྲུས་ལ་སྨན་སྐམ་འདེབས་བྱ་ཟབ་བོ། །སྐྲངས་འབུར་ལ་ཀོ་བྱི་ལ་དང་། མ་རྡ་ཕ་ལ་གཉིས་པོ་ཞིབ་བཏགས་བུ་རམ་བསྲེས་ཏེ་བསྐུས་པས་ཕན། ཁྱི་སྨྱོན་གྱིས་རྨུགས་པར། ཀོ་བྱི་ལ་དང་། ཤ་ཕོ་རུ་རྟ་གཉིས་ཞིབ་བཏགས་སྣུམ་བསྲེས་རྨར་བསྐུས་ཤིན་ཏུ་ཕན། །བྱང་བུལ་བཟང་པོ་ནུ་ཞོ་
སྦྱར་བྱུག་མེས་ཚིག་རྨ་ལ་ཕན། ལུས་ལ་ཕོལ་མིག་བྱུང་ན་ཡུ་མོ་མདེའུ་ཞིབ་བཏགས་བཏབ་པས་ཕན། སྤྱང་ཀིའི་བྲུན་དཀར་པོ་ཁྱི་ལུད་བཅས་ཞོ་ལ་སྦྱར་བའི་ལྡེ་གུ་བྱས་པ་ཚན་ཆེར་བྱུག་རྨ་ལ་སྐྱོན་མི་འཆོར་རོ། །རྨ་རེད་ཅིས་ཀྱང་མ་ཕན་པ་ལ་བྱུགས་པས་ཐུབ་བོ། །མེས་ཚིག་རྨ་ལ་ཁྱི་ཁྲག་སླེབས་ཆོག་ཡིན། སིནྡྷུ་རས་བྱུགས་ཀྱང་ཕན། ཐབ་རྒོད་ལ་སྲོ་མ་ར་ཙ་བ་ལང་གི་ཆུར་སྦྱར་ནས་བྱུག་པས་ཕན། རྟ་སྤུ་བསྲེགས་ཐལ་རྨ་ཁར་བཏབ་པས་ཁྲག་ཆོད། སྣ་ནང་བཏབ་ན་སྣ་ཁྲག་ཆོད། བྱིས་པ་ཁ་ལང་མཚལ་ཆེན་ར་འོའི་ནང་དུ་བརྡུངས་ལ། ཁ་ནང་རྙིལ་སོགས་ལ་བྱུགས་པས་ཐུབ་པ་ལག་བླང་མའོ། །རྐང་པའི་སེར་ཁ་མ་སོས་སྤྱིན་བཟང་བྱུག །སྐྲད་དུམ་ཞིག་གླན་ན་སོས། ཀོ་བྱི་ལ་བརྡར་བའི་ཁུ་བ་བྱུགས་པས་རྒྱ་ཤུ་སོགས་སེལ། ཁྱི་རྔོ་ལ་ཤོ་མང་གི་རྩ་བ་བརྡུང་ལ་མར་དང་སྦྱར་ཏེ་བྱུགས་ནས་ཉི་མར་བསྲེགས་པ་ལན་གཉིས་སམ་གསུམ་གྱིས་སེལ། རྐེད་པ་སོགས་ཆུ་སེར་གྱིས་ན་བར་རང་གི་དྲི་ཆུས་བཀྲུས་ནས་གཡེར་ཕྱེ་སྣུམ་བསྲེས་བྱུགས་ནས་མེར་བསྲོས་པས་ཕན། རླིག་འབྲས་སྐྲངས་པར་མིའི་ཐོད་པའི་རུས་པ་ཞིབ་བཏགས་ཆུར་སྦྱར་བྱུག་པས་ཕན། མཆུ་གས་པར་སྤྱི་བོར་མར་བྱུག་པས་ཕན། སེན་སྐྱི་གས་པར་ལྟེ་ཁུང་དུ་མར་བྱུག་པས་ཕན། ཉལ་སྟབས་སོགས་ཀྱིས་གཉའ་བ་རེངས་ཏེ་སྐེ་བསྒྱུར་མི་ཤེས་པ་ལ། སྐེ་དང་གཉའ་ལྟག་ཏུ་ཚྭ་དང་མར་སྦྱར་ཏེ་བྱུགས་ལ་ལག་པས་མཉེས་ན་ཕན། །བྱ་ཐི་བའི་སྒོ་ངའི་ནང་ཆུ་རྐང་བ་ལ་བྱུགས་ན་སེར་ཀ་མི་འོང་། ཕུག་རོན་གྱི་སྒོང་ཆུ་བརླ་གཉིས་དང་རྐང་ཞབས་སུ་བསྐུས་ནའང་དེ་བཞིན་ནོ། །མ་ནུ་ཁྲག་ཅན་ནམ། ཡང་ན་སྤོས་དཀར་ཕྱེ་མ་བྱུག་ཀྱང་སེར་ཀ་ལ་ཕན། །གཉན་
འབར་འབུར་ལ་སྦྲུལ་གྱི་ཁྲག་བྱུག་པས་ཕན། །གདོང་ལ་གྲོ་ཐིག་ཡོད་པ་ལ། ཁང་བྱིལ་གྱི་བྲུན་ཆུར་སྦྱར་ཉིན་བདུན་བྱུག་པས་སེལ། ལྡུམ་ཟངས་རྩིའམ་འཛེར་སྡུམ་མམ། ཡང་ན་རྒྱ་ཚྭ་དང་གླུམ་ཁུ་སྦྱར་བྱུགས་འཛེར་པ་ཞི། ཟླ་བ་ཉ་ཡི་དུས་སུ་ལམ་རྒྱ་གྲམ་གྱི་སས་འཛེར་པ་ཕྱིས་ནས་རང་གི་དྲི་ཆུས་བཀྲུས་པས་སེལ། བོང་བུའི་འོ་མ་བྱུགས་ན་འཛེར་པ་རང་སྐམ་ལ་འགྲོ། སྤྱི་ཐེར་ལ་རྟ་ཡི་ཀླད་པ་ཉིན་བདུན་བར་བྱུགས་ན་སྐྲ་སྐྱེ་ཞེས་བཤད། མཚན་གཉིད་བསང་འདོད་ན་ཙན་དན་དཀར་པོ་ཆུ་གྲང་ལ་སྦྱར་བས་མིག་ལ་བྱུག་ན་ཕན། སྤྱང་ཀིའི་སྙིང་བུད་མེད་ཀྱི་འོ་མར་བརྡར་ནས་མིག་ལ་བྱུགས་པས་ཞག་རེ་ལ་གཉིད་གཏན་མི་འོང་། མུ་ཟི་རང་གི་དྲི་ཆུས་བསྒྱུར་ལ་སོ་ཡི་ཕྱི་ནང་དང་རྙིལ་ཀུན་ལ་བྱུགས་ནས་མཉེས་ན་སོ་སྲ་བར་ངེས། ནག་མཚུར་ཏིལ་མར་དུ་བསྐོལ་བ་སོ་རྩར་བྱུགས་ན་སོ་ཡི་ཟུག་གཟེར་ཞི་ཞིང་སོ་སྲ། ཧོང་ལེན་ཆ་གཉིས། ཕོ་རིས་ཆ་གཅིག །ཚྭ་ལ་ཆ་ཕྱེད་རྣམས་ཞིབ་བཏགས་བ་ཆུར་སྦྱར་ཏེ་བྱུགས་ན་སོ་རྩ་སྲ་ལ་དམ་པར་འགྱུར་རོ། །འབྲི་མོག་དང་དྲེའུའི་ཚིལ་རྨ་ཤུ་ལ་བྱུགས་པས་འབྲུམ་ནག་གིས་འབྲུམ་རྗེས་མི་འོང་། རང་གི་དྲི་ཆུ་དྲོན་མོས་ཁ་བཤལ་ན་ཁ་ནད་སོ་ནད་ཀུན་ལ་ཕན། སྐྱེས་པ་གྲིར་ཤིའི་རུས་པ་བདར་བའི་ཕྱེ་མ་ལྟེ་བར་བྱུགས་ན་ཐིག་ལེ་འཛག་པ་ཆོད། རྐང་པ་སོགས་ཕྱིད་པར་ཡུངས་རྙིང་བསྲེགས་ཐལ་མར་དཀར་བསྲེས་ཏེ་བྱུགས་པས་ཕན་ནོ། །གྲི་རྨ་ལ་ཐིག་ཤོར་བ་ལ། དུད་པ་རལ་པ། ཆུ་རའི་སྟེང་གིས། སཱཙྪའི་འདབས། ལུག་གི་སོག་པའི་ཁྲུང་ཁྲུང་། སྒོའི་སྤྱི་འདི་ལ་ཤིང་དུར་ཁའི་ས་ཟེར། འཁོར་ནང་གི་ས་རྣམས་ཆུ་གཙང་གིས་སྦྲུས་པའི་འདགས། ཀོ་མོག་གི་སྤྲིས་མ་ཙམ་དུ་བྱུག །
ཁོང་དུ་ཤར་སོ་སོགས་སྨན་བཏང་བས་ཐུབ། སྦྲང་མའི་མདུང་བརྡེགས་པའི་དུག་ལ་ཚྭ་ཆུ་བྱུགས་པས་ཕན། མགོ་ལ་རྩ་འབུར་རྩ་འཁྱིག་བྱུང་ན། ཚྭ་བུལ་ཏོག་མེད་པ། གཡེར་མ། ཀྱི་ལྕེ་བ། ཞུ་མཁན། དཔལ་ཁ་བ། པི་ལིང་དྲུག་ཆོམ་བརྡུང་རས་ཐུམ་བྱས། ཆུ་དང་མར་ནག་བསྲེས་པའི་ནང་དུ་བསྐོལ་བའི་ཐུམ་པོ་གཉིས་ཙམ་གྱིས། རྩ་འབུར་དང་རྩ་འཁྱུག་སར་མནན་ཚན་དེས་དུག་བྱས་པས་ཞིའོ། །ཟབ། གཡུ་ཐོག་ཤོག་དྲིལ། སྤང་སྤོས། ཕ་ཝང་དྲེག་པ། ལི་ག་དུར། གོ་སྙོད་ཐུན་བསྐྱེད་བྱས་པ། འབའ་ཆ་ལ་གཞི་བྱས་ཏེ། མར་ནག་རབ། མེད་ན་མར་རྙིང་པར་བསྐོལ། སྨན་རྣམས་རས་ཐུམ་བྱས་པ་མར་ཁུའི་ནང་བཅུག་སྟེ་ཚ་མོ་བྱས་པ་རྩ་འབྲུམ་གར་ཡོད་སྟེང་དུ་གླན་པས་རྩ་གཏོའི་འཁྲུལ་འཁོར་ཞེས་རྩ་འབྲུམ་ལ་རྒོལ་བའོ། །བྱང་ཁོག་ཡན་ལག་གི་ཤ་གཉན་ཆོད་ནས་སྐྲངས་ན། དཀར་གོང་མཐེ་བོང་ཙམ་བསྲེགས་པ་འཁར་སྡེར་ནང་དུ་བཞག ནད་པ་རང་ངམ་ལོ་བརྒྱད་དྲི་ཆུས་དེ་སྟེང་བྲན་པའི་རླངས་པ་དྲོན་མོས་རྨ་ལ་བདུག་པས་ཤ་སྐྲངས་འདུལ་ཞིང་། ཁྲག་རོ་འཇུ་གཉན་སྐྲངས་གསོད་ཅིང་འཚོ་སླ་ཞེས་མི་ཉག་རྣམས་ཀྱི་རྨ་བཅོས་ཡིན། དེ་ཡང་རྨ་གསར་པའི་དུས་སུ་གཅེས། ཟབ་བོ། །ལུས་ཀྱི་རྫེམས་ལ་མཚོན་ཕོག་ནས་ཁྲག་ཕྱིར་མ་ལོན་ན། ཡོས་དྲོན་མོ་རས་ཁུག་ནང་དུ་བླུགས་པ་མདུན་བརྒྱབ་གཉིས་སུ་བསྡམ་ནས། ཁའི་ཕྱོགས་དམའ་བར་བྱས་ཏེ་བསྡད་ན་ཁྲག་འཁྱག་ཞུ་ནས་ཁྲག་རོ་དང་ཁྲག་གཉིས་ཀ་འབྱུང་། ཁྲག་བཤལ་བཏང་བ་འགྱང་ན་འདི་བྱས་པ་ཁྲག་སྦྱོང་སྟེ་ཟབ་བོ། །རྨ་འབྲས་སྐྲངས་རིགས་ཐམས་ཅད་ལ་བལ་དཀར་དྲི་མེད་མར་དཀར་ཞུན་མའི་ནང་དུ་བཙོས་པས་འབྱར་བྱས་ན་ཕན།
རྨ་ཡི་ཁྲག་མ་ཆོད་ན། རྟ་བོང་གི་ཕྱེ་མ་རྨ་ཁར་གླན་ཏེ་བསྡམས་ན་ཕན། ཡང་མིའི་དྲི་ཆེན་སླ་ངར་བསྲེགས་ཐལ་ཞིབ་བཏགས་ལྡེ་གུ་རྨ་ཁར་གླན་ཏེ་བསྡམས་ནས་བཞག་པས་ཕན། གཞང་ཁ་ལྷོད་པར་ཤ་མང་ལ་ཆང་བྲན་པའི་དྲོད་དུག་བྱས་ན་ཕན། མཁར་གོང་སྲིན་ཅན་ཆོ་ལོ་ཙམ་དུ་བརྡུངས་པ་སླ་ངར་བརྔོ་ཞིང་ཆང་ཕྲུས་བཏབ་ཆང་རྡོ་ལ་ཐིམ་ཚེ་སྒྱེ་མོར་བླུགས་ནས་མཁལ་མའི་ཐད་དུ་དྲོད་དུགས་བྱས་པས་ཕོ་བ་སྦོས་པ་ཞི་བར་འགྱུར། དེ་བཞིན་དུ་གླ་རིལ་ཆང་བྲན་དྲོད་དུགས་ཀྱིས་རྩ་དཀར་གྱིས་རྩ་རྒྱུས་ན་བར་ཕན། མཁན་པའི་དྲོད་དུགས་ཀྱིས་ཕོ་ལོང་འཁྲོག་པར་མྱུར་དུ་ཞི། ལྕུམ་རྩ་བུལ་ཏོག་དུད་པ་སོ་སོ་ཆ། ཨ་རུ་པི་ལིང་རྒྱམ་ཚྭ་རྣམས་ཞིབ་བཏགས་མར་དང་བསྲེས་པའི་རིལ་བུ་མཐེ་བོང་གི་དབྱིབས་འདྲ་བ་བཤང་ལམ་དུ་མས་ནས་བཅུག་པས་ལྟོ་སྦོས། ཕྱི་ས་འགག་པ། ཆུ་སྲི་བ། བད་ཀན་གྱི་སྐྲན། རླུང་ཁྲག་དང་བེ་སྣབས་འཁྱག་པ། རླུང་ནད་ཐམས་ཅད་དང་། ཁྲོང་སྲིན། གྲང་ནད་ཐམས་ཅད་སེལ། དྲི་མ་དང་རླུང་ལེགས་པར་རྒྱུ་ཞིང་རང་གནས་འཇོག །དེ་ལྟར་རེང་བུ་བཏང་ནས་སྨད་དུ་དྲེག་དུགས་བྱའོ། །ཕྱི་ས་འགགས་ན་སུག་པའི་ཕྱེ་མ་མར་བསྲེས་རེང་བུ་འཕོངས་སུ་བཅུག་ན་ད་ལྟ་ཉིད་དུ་སངས་ཀྱིས་ཞི་འགྲོའོ། ༈ །འདྲེན་དང་སྐྱུགས་ཀྱི་སྐོར་ལ། གློ་རྣག་འདྲེན་སྐེམ་ཐུན་མོང་མིན་པ་ནི། ཀྱི་ལྕེ་དཀར་པོ། པ་ཡག་པ། བེར་སྔ། ཟངས་རྩི་དཀར་པོ། མཚེ་དང་སྨན་སྣ་བཞི་པོ་དེ་ཞོ་རེ་རེ་མཉམ་པ་དང་། རུ་རྟ་ནམ་ཆ་གཉིས། བྲ་རྒོད་འཕྲལ་ཕྱེད། སྟར་བུ་དང་སྨན་རྟ་ཀ་ར་ཞོ་གསུམ་གསུམ་རྣམས་ཞིབ་བཏགས་རྟ་དང་བོང་བུའི་འོ་དྲོན་ཕུལ་རེས་ཕུལ་ཏེ་བཏང་བས།
སྐྱི་ཕུར་སོགས་གློ་རྣག་གི་ནད་རིགས་ཀུན་ལ་ཕན་ཏེ་འདྲེན་པར་བྱེད། རྣག་ཆད་ནས་སྨན་མི་བཏང་། རྣག་དང་གློ་ཁྲག་སྐྱོན་མེད་འདྲེས་ནས་བྱུང་ན་གོང་གི་སྨན་སྟེང་མཚལ་དཀར་དང་དོམ་མཁྲིས་ཐུན་ཆེ་ཙམ་རེ་བསྣན་ནས་བུ་རམ་དང་ཆང་སྦྱར་བས་འཕུལ་ཏེ་བཏང་ཟབ་བོ། །སུག་པ་དཀར་པོ་བསྲེགས་ཐལ་དང་། །ཀྱི་ལྕེ་དཀར་པོ་སྟར་བུ་དང་། །ཚྭ་ལ་མཛེ་ཚྭ་སྦྲང་སྦྱར་བཏང་། །གློ་སྦུབས་རྣག་རྣམས་རང་སར་སྐྱུག །འདི་ཡང་ཤིན་ཏུ་ཟབ་པ་ཡིན། །དུར་བྱིད་ཧོང་ལེན་མི་རུས་དང་། །སྦྲུལ་ཤ་སྦྱར་བའི་རིལ་བུ་ནི། །སྲན་མ་ཙམ་ཞིག་ཐོ་རངས་བཏང་། །དེ་ནས་བྱ་སྐད་རྟིང་མའི་དུས། །ག་བུར་ཅུ་གང་སྦྱར་བ་ཡིས། །རིལ་བུ་སྲན་མ་ཙམ་ཞིག་བཏང་། །ལྕག་འདེད་རྗེས་སོགས་སྤྱི་དང་མཐུན། །བྱང་ཁོག་སྟོད་ཀྱི་རྣག་ཆུ་ལ། །རྒྱ་མཚོ་ཡུར་བར་འདྲེན་པ་ལྟར། །མན་ངག་སྦྲུལ་གྱིས་འདྲེན་བཤལ་ཡིན། །རྣག་སྐྱུགས་ནས་ནི་མ་ཆོད་ན། །བ་ཡི་འོ་མ་བསྐོལ་གྲང་ལ། །ཤིང་མངར་བཏབ་ནས་བཏང་བས་ཆོད། །གལ་ཏེ་དེས་ཀྱང་ཆོད་དཀའ་ན། །གོང་གི་སྟེང་དུ་དོམ་མཁྲིས་ནི། །ཐུན་གཅིག་བཏབ་པས་ངེས་པར་འཆད། །ཤིན་ཏུ་ཟབ་བོ། །གློ་བའི་རྣག་སྐྱུག་ལ། ཤིང་མངར། ཤིང་ཚ། རུ་རྟ། སྟར་བུ། ལི་ག་དུར། པི་ལིང་རྣམས་ཆ་མཉམ་ཞིབ་བཏགས་རྟ་ཡི་འོ་མར་སྦྱར་བ་ལྟོ་སྟོངས་བཏང་། སྨན་མང་ཉུང་ནད་བབ་དང་སྦྱར། དཀར་པོ་གྱེན་འདྲེན་ཞེས་པའི་རྣག་སྐྱུག་ཤིན་ཏུ་ཟབ་པའོ། ༈ །བདུག་པའི་སྐོར་ནི། གུ་གུལ་ནག་པོ་ལ་ཆ་རྟ་བོན་སྤྱང་དང་ཁྱིའི་བྲུན་བོང་ནག་ཤུ་དག་སྒོག་སྐྱ་རྣམས་ཀྱི་དུད་པ། དྲི་ཚོར་ཙམ་གྱིས་གཟའ་རིགས་གང་ཡང་སོས་ཞེས་གྲགས། ཡང་ཤིང་ཀུན་མུ་
ཟི་ནག་པོ་གུ་གུལ་ནག་པོ། བོང་ང་ནག་པོ། །རྒྱ་སྐག །ཐང་ཕྲོམ་འབྲས་བུ། ར་དུག་མཚལ་དང་དགུ་པོ་ཞིབ་བཏགས་བདུག་པས་གཟའ་ལ་ཕན། གསེར་མདོག་གུ་གུལ་སྤོས་དཀར་གསུམ་ཆ་མཉམ་ཞིབ་བཏགས་མེ་ལ་བསྲེགས་པའི་དུ་བ་སྣར་བདུག་ན་གྲིབ་ཆམ་ཐོག་མཐའ་གཉིས་ལ་ཕན་ངེས་སོ། །ཐང་ཆུ་ཐང་ཤིང་པྲི་ཡང་ཀུ། །རུ་རྟ་བྱི་བའི་བྲུན་དང་ནི། །ཕྱུགས་ཀྱི་རྭ་དང་སྨྱུག་མའི་ཤུན། །ལ་ཆ་རྣམས་ནི་རའི་ཆུ་ངན། །གཞིབ་ལ་གྲིབ་སྐམ་བྱས་པ་ཡི། །བདུག་པ་འདི་ནི་མཆོག་གི་གཙོ། །གཟའ་རྣམས་ཀུན་ལས་རྣམ་པར་གྲོལ། །དེ་རུ་སྦྲུལ་ནི་མི་གནས་ཤིང་། །གང་གཞན་གདུག་ཅན་གཟའ་སོགས་ཀྱི། །ནད་ཀུན་མ་ལུས་འཇོམས་པར་བྱེད། །རིམས་དང་རྗེད་བྱེད་ཀྱང་ཉམས་བྱེད། །བུད་མེད་སྐལ་བ་ངན་པ་གང་། །རང་བྱུང་མེ་ཏོག་མེད་གྱུར་ཅིང་། །ཁྱིམ་ཐབས་དག་དང་ཕྱེ་བ་ཡང་། །འདི་ཡིས་མྱོས་ནས་སྐལ་བཟང་བྱེད། །བདུག་སྤོས་ལས་ཀུན་བྱེད་པ་སྟེ། །བྲམ་ཟེ་རྣམས་ཀྱི་གསང་བའོ། །བདུག་པ་དེ་ཡིས་སྔགས་ནི་འདི། །ཨོཾ་སུ་བྷི་ར་ཎ་ཏཱ་ཡེ་སྭཱ་ཧཱ༔ ཞེས་ནོར་བུ་བཟང་པོའི་རྟོགས་པ་ལས་གསུངས་སོ། ༈ །རྨ་ཡི་དྭགས་ཀྱིས་འཚོར་མི་སྟེར་བས་སྨན་གང་གིས་མ་ཕན་པ་ལ་བྱ་རོག་གི་བྲུན་ཞིབ་བཏགས་དུ་བ་མེད་པའི་མེར་བསྲེགས་པའི་དུད་པས་རྨ་ལ་བདུག་ན་ཕན་པ་གསང་བའི་གདམས་པའོ། །ཡན་ལག་གི་རྨ་བཅོས་པས་མི་སོས་པར་རེད་ན་ཁྱིའི་ཀླད་པ་རྨ་ལ་བདུག་པས་ཕན། བུད་མེད་བུ་སྐྱེས་ནས་མངལ་ཁྲག་མ་ཆོད་པ་ལ་འདོམས་ནས་འོམ་བུའི་དུད་པས་བདུག་ན་ཕན་
ཤ་བའི་མིག་རྣག་བདུག་པས་སྲིན་ལ་ཕན། ལ་ལ་ཕུད་བསྲེགས་པའི་དུ་བ་ཁ་ནང་བདུག་ན་སོ་སྲིན་ལ་ཕན། རྔ་མོའི་སྤུ་བསྲེགས་པའི་དུད་པ་སྣར་བདུག་ན་སྣ་ཁྲག་འཆད། སྣ་ཆམ་ལ་ཡོས་ཀྱི་རླངས་པས་སྣ་བུག་ནས་བདུག་པའམ། ནས་རྗེན་ཕྱེ་དང་ཏིལ་ནག་བསྲེས་པའི་དུ་བ་སྣར་བཏང་བས་ཕན། ཆམས་པས་སྣ་ཆུ་འཛགས་པ་གཅོད་ན། གུ་གུལ། སྤོས་དཀར། གླ་རྩི། ཨ་རུ་ར་བཞི་དུ་བ་མེད་པའི་མེར་བསྲེགས་པའི་དུད་པས་སྣ་ནང་བདུག་ན་སྣ་ཚ་བར་ཕན་ནོ། །ན་མོ་མཉྫུ་ཤྲཱི་བྷཻ་ཥ་ཛྱེ་རཱ་ཛཱ་ཡ། །ཐབས་ཀྱི་ཆོ་ག་གང་གིས་ནད་གསོ་བའི་མན་ངག་ལ། ཞུམ་བུའི་ལྕེ་མ་རུལ་གྲིབ་བསྐམ་ཕྱེ་མ་སེ་བ་བཅུ་དྲུག་རེ་ཁོང་དུ་བཏང་ན་ལྐུགས་པ་ཁ་འབྱེད་ཅིང་དབང་པོ་གསལ། གྲུམ་པའི་ཕོ་བ་རློན་པ་མགོ་ལ་གྱོན་ན་སྲིན་གྱི་ནད་རིགས་གཏན་ནས་བརླག་གོ། ཞིམ་བུའི་ལྤགས་པ་མགོ་ལ་གྱོན་ན་མགོ་ནད་སེལ། མི་ཕྱུགས་ཤ་མ་འཐོགས་ན། རྟ་དྲག་ཤུལ་དུ་བསྐྱོད་པའི་རྟ་སྟན་དྲོན་མོས་བཀབ་ལ་ལྕག་གིས་བྲབས་པས་ཕན། ཁྱི་སྨྱོན་གྱིས་རྨུགས་པ་འུག་པའི་སྐད་ཐོས་པས་དུག་སེལ་བ་ལ་ཕན། གོང་མོའི་སྐད་ཐོས་ཀྱང་ཕན་ལ་གོང་མོའི་སྐད་ཐོས་པས་གྲིབ་རྩོག་སེལ་བར་ཕན། ལུས་ལ་མཚོན་སོགས་ཀྱིས་རྨ་བྱུང་མ་ཐག་སྣ་བུག་གཉིས་བསུམ་སྟེ་སྒོག་སྐྱ་གཅིག་ཟོས་ན་བསྲུང་བྱ་གང་ཡང་འཛེམ་མི་དགོས་རྨ་སོས་པའི་མན་ངག་ཁྱད་པར་ཅན་ནོ། །སྟོད་དུ་སྣ་ཁྲག །སྨད་དུ་མངལ་ཁྲག །རྩ་ཆེན་མཚོན་བཅད་སོགས་ཁྲག་ཟག་པ་ལ། སྒྲོ་བ་རྙིང་པ་གསེར་མདོག་རྩི་བཞིན་བཏགས་ཐུན་ཆེན་པོ་ཆུ་གྲང་གིས་ཕུལ་བས་ཁྲག་སྐད་ཅིག་ལ་ཆོད་ཅེས་ཟུར་མཁར་ཆོས་རྗེའི་མན་ངག་གོ །
ཡན་ལག་སོགས་ལ་མདེའུ་ཟུག་རྔུ་ལུས་པ་དཔྱད་ཀྱིས་མ་ཐོན་ན། ན་ཆུང་མོ་ཞིག་ཞག་གཅིག་རུམ་དུ་བྱས་ལ་འདོད་པ་མ་སྤྱད་ན་དེས་འཐོན་པ་མན་ངག་གོ། མགོ་དང་ཡན་ལག་གི་རྣག་གཞུག་མ་ཆོད་ན་ཁྱིམ་བྱའི་ཤ་སོལ་བ་གཅིག་མཛོ་ཞོའི་ནང་དུ་བཙོས་ལ་བཏང་བས་ཐུབ་བོ། །རང་གི་སྐྲ་བཞར་ཐེབས་རེ་ལ་སྐྲ་ཁུས་ཁ་བཤལ་ན་སོ་སྲིན་གཏན་མི་འབྱུང་། རླིག་འབྲས་སྐྲངས་པ་ཤིན་ཏུ་ཆེན་པོ་ཅན་བཅོས་དཀའ་ལ་མི་ཐོད་མེར་བསྲེག་ཐལ་བ་ཐུར་མགོ་དོ་ཙམ་ཁོང་དུ་བཏང་བས་ཐུབ་བོ། །ནད་ཕྲན་སྒེར་བཅོས་སྐོར། ཚེར་ལྷོག་ཞེས་པ་ཚེར་མ་ཟུག་པའི་རྐྱེན་ལས་ལུས་སྟོད་སྨད་གང་ཡིན་སྐྲངས། གཟེར་བཟོད་མེད་འབྱུང་འདི་ལ་གཉན་ཡོད་ཀྱང་གཉན་བཅོས་གཞན་གྱིས་མི་ཕན་སྒེར་བཅོས་དགོས། དང་པོ་བྱུང་མ་ཐག་སྤུ་རྩ་གདུས་པའི་ཆིག་ཐང་བཏང་། ལོ་བརྒྱད་དྲི་ཆེན་དྲི་ཆུ་གི་ཝཾ་སྦྱར་བཏང་བཟང་། དེ་རྗེས་ཐང་ཕྲོམ་དཀར་པོ་གླ་རྩི་གུ་གུལ་ཤུག་ཚེར་བ་བླ་ཀོ་བྱི་ཞིབ་བཏགས་ལོ་བརྒྱད་དྲི་ཆུས་ཕུལ་བཏགས་གཉན་གསོད་ཅིང་ཅིང་ཚེར་མའི་དུག་དབལ་གཅོག །དཔྱད་གཏར་འཇིབ་རུ་བྱ་བ་བསྔགས། དེས་མ་ཕན་ཚ་བས་འདྲུལ་ཏེ་རྨ་རྣག་ཅན་གྱིས་ཟ་ཁུང་དུ་མ་དོད་པ་བྱུང་ན། རྩ་ལྟོ་ནས་ཚད་གཉན་སྦྱང་། དེས་ཀྱང་ཟུག་མ་ཆོད་ན་མུ་དངུལ་ག་བུར་ཙན་དན་དཀར་དམར་གླ་ནག་རྩི་གི་ཝཾ་དོམ་མཁྲིས་མཚལ་དཀར་གསེར་མདོག་བཙོད་མདུད་རྣམས་ཆ་མཉམ་ཕྱེ་རིལ་བསྟེན། ཁྲག་མང་གཏར། འོམ་བུའི་ཁཎྚར་དཀར་གོང་ཕྱེ་གཉིས་གསུམ་སུམ་ཆ་བསྲེས་ལ་བྱུག ནད་འདི་གདོན་བསྐྱེད་ཡིན་པས། རིམ་གྲོ་དཀར་ཆོས་ཇི་འགྲུབ་བྱ། བསྐང་བཤགས་འཆི་བསླུ་ཚེ་སྒྲུབ་འབད་ཅེས་གསུངས་དྷ རྨའི་ཁྱད་ཆོས་སོ། །གཉན་ཁ་
མེད་ཅེས་ལུས་ཀྱི་སྲིན་བུ་ལྷན་སྐྱེས་གཉེན་ནད་སྒེར་བཅོས་སྲིན་ནད་བཅོས་པར་སོང་གཉན་ངམ་རུ་ཞེས་པ་ཆོམ་པ་འདྲ་ལ། དང་པོར་ཁ་ལ་འབབ། དེ་ནས་སྟོད་ནས་མར་འབབ་པ་འདི་ལ་དང་པོ་མགྲིན་{ཨར་ནག་སོགས་རླུང་དང་གཉན་སྨན་ལྡན་པ་རུས་ཁུས་འཕུལ།}པ་དང་། མཐར་མར་གང་དུ་བབ་པར་རྔབས་རྭས་དྲང་པས་ཆུ་བུར་མང་པོ་བྱུང་ན་ཕན་གནད་འདི་ཟབ་བོ། །གཉན་རྣ་རྩ་ཕུས་འདེབས་ཞེས་དང་པོར་རྣ་བའི་རྩ་བར་སྐྲངས། རྩ་གྲིམ་ཆུ་དམར། རྣ་བའི་རྩ་འཕར་བས་ཕུས་ཕུས་ཟེར་བ་ལ། ཁྱུང་ལྔ་གུ་གུལ་སྟག་ཤ་མུ་དངུལ་བཏང་། གཉན་བྱུག་དང་གཉན་སྦྱོང་བྱ། གཉན་རིམས་པབ་ཏའམ་ཏྲེ་ཏྲེ་ཧོ་ཞེས་པ་སྲིན་བུའི་གཟུགས་རྩངས་པའི་མགོ་དབྱིབས་ཁ་ཆེ་སྦྲུལ་ལྟར་མཇུག་རིང་ཡན་ལག་མང་བ་རྟ་བླ་འདྲ་རླུང་གཤོག་ཅན་དེ་བར་སྣང་ཁམས་ནས་བ་སྤུ་སྣ་སྒོར་འཇུག །དེས་ཁྲག་སྲིན་དམར་ཟླུམ་བདུན་འཁྲུགས་ནས་གཉན་ནད་བྱེད། འདི་མགོ་ལ་ཀླད་གཟེར། གྲེ་བར་གག་པ། རོ་སྟོད་གཟེར་ཐུང་། ཕོ་བར་གཉན་གླང་། རྒྱུ་མར་རྒྱུ་གཟེར། པགས་པ་མེ་དབལ་ཚིགས་ལ་རྨེན་བུ། ཉ་ལ་ཉྭ་ལྷོག ཤ་རུས་རྩར་འབྲས། བརྒྱུངས་པར་འཛུམ་བུ། མཁྲིས་པར་རྩ་རྒྱུག་ལ་རིམས་སྨྱོན་ཏྲེ་ཏྲེ་ཧོ། རྒྱ་ནག་མིག་སེར། ནག་པོ་སུམ་འཁྲིལ་ཏེ་མིང་གསུམ་རྟགས། སྲོག་རྩ་དོན་སྣོད་གང་བབ་ཁོང་ལྷོག་ཟེར་ཞིང་། གཞན་ཡང་ཁ་མེད་འཁྱོན་པོ་བུ་འབར་འབུར་ཕུས་འདེབས་ངམ་རུ་སོགས་མིང་གཟུང་མི་ལང་བ་སྣ་ཚོགས་འབྱུང་། གཉན་སྤྱི་རྟགས་ཁྲོ་ཚིག་ཟ། ནད་གཞི་གང་ཡོད་གཟེར། དཀར་མངར་གནོད། སྐབས་སུ་འཁྲུ་སྐྱུགས་སོགས་བྱེད། འདི་ལ་དབེན་སར་མུན་ནང་བྱང་དུ་སྔས་བསྟན་བསྡད། འགྲུལ་
དང་རོལ་མོའི་སྒྲ་སོགས་འཛེམ། མགོ་ལ་མགོ་ཐང་གསུམ། གུ་གུལ་ཤུ་དག་སོགས་བཏང་། ཕོ་བར་གླང་ཐབས་གཉན་གླང་ལ། གར་ནག་བྲག་ཞུན་ཕུར་མོང་གྲེས་མའི་གེ་སར་ཐང་བཏང་། གཉན་ནད་འཁྱམ་པོ་ཞེས་སྐེ་ལྐོག་མཇིང་ལྡེབ་སོགས་སྐྲངས་འབུར་འབྱུང་ཟུག་ཆེ་སྲོག་རྒོལ་སྲིད། མིན་ན་ཡུན་ལོན་འབྲས་སུ་འགྱུར། ཁྱུང་ལྔ་གུ་གུལ་ཅན་བཏང་། ཆུ་རྩ་ཐར་ནུ་སོགས་བྱུག་རླངས་ཕྱིར་འདོན། །མ་ཐུབ་དྲག་པོ་བཅུ་གསུམ་བཤལ་གྱིས་སྦྱང་། །གཉན་འབར་འབུར་ཞེས་ལུས་སྟོད་སྨད་ངེས་མེད་དུ་སྐྲངས་འབུར་ཟུག་ཆེ་རྩ་ཆུ་ཚད་རྟགས་འབྱུང་། དེ་ལ་གཉན་བྱུག་བྱ། ཁྱུང་ལྔ་སོགས་ཁོང་སྨན་བཏང་། ༈ །བྱ་ཐབས་སྣ་ཚོགས། པདྨ་རྡོ་རྗེས་མ་བསླད་པའི། རཀྟ་དྲི་མེད་འབེབས་པ་ལ། རྒྱ་ཚྭ་སྡིག་སྲིན་ལྕམ་པ་ཡིས། ཐང་གིས་རྩ་ཁ་འབྱེད་པར་བྱ། རྒྱ་ཚྭ་ཟེ་ཚྭ་བྱི་ལའི་ཁྲག །ར་ཚིལ་ལ་སྦྱར་ལྟོ་སྟོང་ལ། །ཁོང་བཏང་ཐེ་ཚོམ་མེད་པར་འབབ། སྣོད་ནི་ཟངས་སམ་གསེར་དངུལ་དུ། བཟེད་ཅིང་གཞན་གྱིས་ཐུབ་པ་མིན། །གཅོད་ན་གཙོད་རུའམ་ར་ལུག་གི། །རྭ་ཡི་གཞོབ་ཀྱིས་གསང་བར་བདུག །ཟབ་གཏེར་མའོ། །ཀློང་སྡེ་རྡོ་རྗེ་ཟམ་པ་ལས། རིང་བསྲེལ་མ་ནོར་བ་གཅིག་སྲིན་བལ་ཨན་གཅིག་གིས་གྲིལ་ལ་མར་བྱུགས། མཐེ་བོས་དྲིལ་ལ་ཡེ་ཤེས་ཀྱི་རླུང་འགྱུར་དུས་སྣ་བུག་གཡོན་དུ་བཅུག་པ་དབུགས་ནང་དུ་དྲངས་པས་ཚ་སངས་བྱུང་ན་རྩ་ཀུན་ཏུ་རྒྱལ་བའི་ནང་དུ་ཚུད་རྟགས་ཡིན། དེ་རྗེས་འབྲས་ཕྱེའམ་ཡང་ན་སྲན་དཀར་གྱི་ཕྱེ་ཞིབ་མོའི་རིལ་བུ་སྲན་ཙམ་བྱས་ལ།
རང་གཞན་གང་རུང་གིས་རིལ་བུ་རེ་ལ་སྔགས་འདི་ལན་བདུན་བརྗོད་ནས་མིད་དོ། །ཏ་དྱ་ཐཱ། ཨོཾ་ག་ཏེ་ག་ཏེ། པཱ་ར་ག་ཏེ། པཱ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ། སོགས་ཤེར་ཕྱིན་སྔགས་སོ། །དེས་རིང་བསྲེལ་ཕྱིར་མི་འབྱུང་། རིང་སྲེལ་ཕལ་ཆེར་ལོངས་སྐུར་འགྱུར་བའི་རྟགས་ཡིན་པས་རང་ཡང་དེ་བཞིན་འགྱུར་རོ་ཞེས་གསུངས། ཡང་བྱེ་རིང་ལས། ཨུག་ཆོས་འབྲུ། བྱ་ཕོའི་ཟེ་སྒྲོ། གཡེར་མ་གསུམ་ཆང་སྦྱར་ལ། ཨོཾ་ཐང་ནན་མུ་རྟ་ཁྲག་ཤག་ཛཱ་སྭཱ་ཧཱ། སུམ་བརྒྱ་བཟླས་བཏབ་བུ་མོ་ལོ་བཅུ་གཉིས་སམ་བཅུ་བཞི་བཅོ་ལྔ་ཙམ་ལ་བྱིན་ན་པདྨ་རཀྟ་འབབས་སོ། །གཅོད་རན་ན། ཁོང་དུ་གླ་རྩི་བཏང་། ཕུ་ཤུད་ཀྱི་ཟེ་སྒྲོ་དང་། སྔགས་མཁན་གྱི་ལྕི་བའི་དུད་པ་འདོམས་སུ་བདུག་གོ། ཡང་ན་གླ་རྩི་ཤང་ཤང་མེ་ཏོག ཤུ་དག་གུ་གུལ་བྱང་ཁྲ་ཆང་སྦྱར་བཏང་། འབེབས་འདྲ། ཡང་ན་རྒྱ་ཚྭ། གླ་རྩི། ཟངས་གཡའ། ཉ་མཁར་བའི་ཀླད་པ་རྣམས་རིལ་བུ་སྲན་ཙམ་བཏང་། ཡང་ན། རྒྱ་ཚྭ་གླ་རྩི། བྱ་ཕོའི་ཟེ་བ་གྲིབ་མར་བསྐམས་པ་ལེགས་བཏུལ་ཆུར་སྦྱང་ལ། ཀྲིག་ནན། ཀྲིད་ཕྱུང་། ཀྲིད་ཕོབ། ཞེས་བརྒྱ་རྩ་བརྒྱད་བཟླས་བཏང་ཆུ་གྲང་སྦྱར་ལ། བས་འབེབ་བོ། །གཅོད་པ་ལ། གླ་རྩི་ཆུ་སྦྱར་ལ། ཨོཾ་ཧྲི་ཡ་ནོན། ཧྲི་ཁོག་འབྱུང་བ་ཆོད། ཞེས་བཏབ་ལ་བཏང་། རྫས་དེ་ལུས་ལ་འཆང་ཙམ་གྱིས་དྲེགས་པ་ཕོ་རྒྱུད་ཐམས་ཅད་འདུ་བ་སོགས་རྟེན་འབྲེལ་རྫས་ལ་མཁོ་ཆེ་བའོ། །སྔགས་བཤལ་ནི་རང་དམ་པར་བསྒོམས་ལ་ཆུ་གཙང་མར་སྔགས་འདི་བརྒྱ་རྩ་གཅིག་བཏབ་པས་འབྱུང་ངོ་། །ན་མ་ཏ་པ་ཤ་ནག་པོ་པ་ཏི་ཀས། ཤིན་ཏུ་ཟབ་བོ། །རྡོ་རྗེ་རྣལ་འབྱོར་
མའི་སྔགས་ཁྲུས་ནི། སྦྱོར་བ་བྱམས་སྙིང་རྗེ་བསྒོམ། དེ་ནས་རས་སམ་སྣམ་བུ་དཀར་པོའི་སྟེང་དུ་ནས་བཀྲམ་པས་ཨོཾ་ཨཱཿཧཱུྃ་བྲིས། ཆུ་གཙང་བྲེ་དོ་གསུམ་ཙམ་ལ། ལོ་ཚྭ་དམར་པོ་ཕྲོག་པ་བཏབ་ལ་ཨའི་སྟེང་དུ་བཞག་བྱེ་རུག་པ་དབྱར་ཟླ་འབྲིང་པོ་ལ་བརྔས་ཏེ་བསྐམ་ལ་ཞིབ་བཏགས་བཏབ། ཆུ་གྲང་སྦྱར་བཏང་ཕོ་མོའི་འདོད་ཆགས་ཞི་བར་འགྱུར་གསུངས། མཐར་མཆོད་པ་ལྔ་དང་གཏོར་མ་བཤམས། དེ་ནས་རྡོ་རྗེ་རྣལ་འབྱོར་མའི་བསྐྱེད་རིམ་བསྒོམ་ལ་ཨོཾ་གསུམ་མའི་སྔགས་བརྒྱ་རྩ་ཙམ་བཟླ། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ། བཛྲ་ཝརྞ་ནི་ཡེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་པའོ། །དེ་རྗེས་སྔགས་སྟོང་ཚོ་གཅིག་བཟླས་ཏེ། བརྒྱ་རྩ་རེ་སོང་བ་དང་ཆུ་ལ་ཐུད་ཐུད་རེ་བྱ། དེ་ནས་གཏོར་མ་བཏང་ལ་བསྙེན་པའོ། །དེ་ནས་ནད་པ་ལྟོ་བཀུག་ལ་ནང་སྔ་ཆུ་དེ་བཏང་བས་རླུང་མཁྲིས་བད་ཀན་གྲང་བ་སོགས་ཐམས་ཅད་ཁྲུས་སུ་སྦྱང་བར་འགྱུར་རོ། །ནད་ལེགས་པར་ཐོན་ཐོན་དུ་སྔགས་ཆུས་སྦྱངས་ཏེ་འཐུངས་པས་ཁྲུས་ཇི་འདོད་འབྱུང་། ནད་ཐོན་རྟགས་ཆུ་སྔོ་རྐྱང་འབྱུང་ངོ་། །ལས་སྦྱོར་དངོས་གཞིའོ། །ཁྲུས་སྔགས་ནི། ཨོཾ་བྷ་ར་ཧི། ཁ་ཊྭཱྃ་ག་བྷ་ར་ཧི། ཙ་མུནྟྲི་བྷ་ར་ཧི། ཀཾ་ཀ་ཧི་བྷ་ར་ཧི། ཞེས་པ་སྨྲ་བ་བཅད་ལ་མིས་མ་ཐོས་པར་བཟླའོ། །ལེགས་པར་སྦྱངས་པའི་རྗེས་ཟན་དྲོན་དང་ཚོ་ཁུས་བཅད། ཕྱི་རྗེས་གཅོད་པའི་སྨན་སོགས་གཞུང་དང་མཐུན་པར་སྤྱད། རྡོ་རྗེ་ཕག་མོའི་སྔགས་ཁྲུས་འདི་ཡིད་ཆེས་ཐོན་པ་ལགས་སོ། །ཨི་ཐི་ཧི་ཏཾ། མཛེ་དང་དམུ་ཆུ་སོགས་གསོ་དཀའ་བ་གསོ་སླ་བར་བྱེད་པ་དང་། ནད་དེ་དག་རང་ལ་འབྱུང་
དོགས་པས་རང་སྲུང་ནི། སྐྱབས་སེམས་རྗེས། རླུང་རོ་ལན་གསུམ་བུས་ལ་རང་གི་སྙིང་པདྨ་འདབ་མ་བཞི་པ་ཁ་ཕྱེ་བའི་ལྟེ་བར་སངས་རྒྱས་སྨན་བླ། འདབ་བཞིར་མདུན་ནས་བརྩམས་ཏེ་གཡས་བསྐོར་དུ་རྩིའི་ལྷ་མོ་གྲུབ་པའི་བློ་གྲོས་མ། སྨན་གྱི་ལྷ་མོ་ནོར་གྱི་རྒྱུན་མ། ནགས་ཀྱི་ལྷ་མོ་རྨ་བྱའི་མགྲིན། ཤིང་གི་ལྷ་མོ་འོད་འཆང་མ་བཞི་བཞུགས་པར་བསམ་ལ་རླུང་ཅུང་ཟད་རྔུབ་ཅིང་། སྨན་བླ་སྨན་གྱི་ལྷ་མོ་བཞི་དང་བཅས་པའི་སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་བདུད་རྩི་བྱུང་བས་རང་ལུས་གང་བར་དམིགས་ནས། ཨོཾ་བྷི་ཤ་ཙེ། མ་ཧ་བྷི་ཤ་ཙེ། ས་མུད་ག་ཙེ་སྭཱ་ཧཱཿ ཞེས་བརྒྱ་རེ་ནང་རེ་བཞིན་བཟླས་ནང་དམུ་ཆུ་སོགས་ནད་ཀུན་སྲུང་བའི་དམ་པར་འགྱུར། ནད་སྔར་ཡོད་རྩད་ནས་ཞི། སྨན་བླ་བརྒྱུད་པ་དང་བཅས་པའི་བྱིན་རླབས་ཞུགས་ནས་སྨན་སོགས་ཀྱིས་གཞན་ཕན་ཆེ། སྔགས་འདི་སྨན་གཟུངས་ཀྱི་སྙིང་པོ་སྒྲ་མཁའ་འགྲོའི་བརྡ་འགྱུར་བྱིན་རླབས་ཅན་གཏེར་ལུགས་སོ། །འདི་གལ་ཆེའོ། །རྒྱ་ལུགས་སྣ་ཐའི་སྦྱོར་བ་ནི། གུར་གུམ་ལི་ཤི་གི་ཝཾ་བསེ་རུ་མཚལ། །ཙན་དན་གླ་རྩི་འཇམ་འབྲས་བོང་ང་དཀར། །རུ་རྟ་འབྲས་བུ་གསུམ་དང་ཨ་གར་ནག །དྲི་ཞིམ་སྤང་སྤོས་ག་བུར་མཉམ་བྱས་ལ། །སུག་སྨེལ་ཀ་ཀོ་ལ་དང་ཀོ་བྱི་ལ། །སྨན་རྣམས་སྲང་རེ་སྣ་ཐ་སྲང་དོ་མཉམ། །ཕྱེ་མ་ཁབ་མགོ་རེ་ཚད་སྣ་ནང་བླུག །མགོ་སྲིན་ཡ་མ་དཀར་ནག་ཁྲ་གསུམ་སེལ། །མིག་གཉིས་མི་གསལ་བ་ལའང་ཤིན་ཏུ་ཕན། །ཁྱད་པར་ཆམ་པའི་ནད་ལ་མཆོག་ཏུ་བསྔགས། །འདི་ཉིད་རྒྱ་གར་མཁས་པའི་
ཁྱད་ཆོས་ཡིན། །ཞེས་འདུག་གོ། །སྣ་ཐ་ཁ་ཡི་སྦྱོར་བ་ནི། གཙོ་བོ་ཁ་ཆེ་ཅུ་གང་དང་། །ཙན་དན་དཀར་དམར་སྤང་རྒྱན་དཀར། །གི་ཝཾ་ཤིང་མངར་སྲོ་ལོ་དཀར། །ཨ་ཀྲོང་རྒུན་འབྲུམ་ལི་ག་དུར། །སྤོས་དཀར་ལི་ཤི་སྐྱུ་རུ་ར། །བོང་དམར་ནཱ་གིའི་རྟ་ལ་བསྐྱོན། །གྲིབ་དང་མི་གཙང་ནད་རིགས་ཀུན། །སེལ་བར་ས་ར་ཧ་ཡིས་གསུངས། །གཞན་ཡང་ཡོན་ཏན་བསམ་མི་ཁྱབ། །ཞེས་གྲུབ་ཆེན་དེ་ཉིད་ལ་མཁའ་འགྲོས་ལུང་བསྟན་པའོ། །ཞེས་འདུག །ཡང་སྣ་ཐ་ལ་སྦྱར་རྒྱུའི་སྨན་ནི་འདི་ལྟ་སྟེ། རྒྱ་མཚལ་ཙན་དན་དཀར་དམར་ཨ་ག་རུ། །ལི་ཤི་གུར་གུམ་གི་ཝཾ་ཀ་ཀོ་ལ། །བོང་དཀར་རུ་རྟ་སུག་སྨེལ་སྤང་སྤོས་དང་། །གླ་རྩི་འུ་སུ་འབྲས་བུ་གསུམ་སྲང་གང་། །སྣ་ཐ་སྲང་དོ་སྦྱར་བས་འདུས་ནད་རིགས། །ཁྱད་པར་ཡ་མ་དཀར་ནག་ཚད་རིགས་དང་། །ངག་གི་གྲེ་འཛེར་ལ་སོགས་སེལ་བ་དང་། །མིག་ལ་སོགས་པའི་དབང་པོ་གསལ་བར་གསུངས། །སྐད་གཉིས་སྨྲ་བ་དོན་གྱི་པཎྜི་ཏ། །སི་ཏུ་བསྟན་པའི་ཉིན་བྱེད་ཉིད་ཀྱིས་བཞེད། ༈ །སྦྲང་ཆང་བུར་ཆང་ནི། སྦྲང་བུར་གང་ཡིན་ཆུས་བསྐྱེད་སླ་མོ་ཚགས་ཀྱིས་བཙགས། ཅུང་བསྲོས་བུམ་པར་བླུགས། སྣོད་མ་གང་ཙམ་བྱ། ཕབས་ལེབ་གཅིག་གཅིག་ལ་སྐུད་པ་བཏགས་ཏེ། ཁ་ཆོད་ནས་ཆུ་ལ་མ་རེག་ཙམ་དུ་གཞུག་སྟེ་གོས་ཀྱིས་བྱིབས་ལ་བཞག་པས། ཞག་འགའ་ནས་ཆང་གི་རྣམ་པ་འབྱུང་། དེ་ཆུས་བསྐྱེད་སྦྲང་ཆང་བུར་ཆང་ཞེས་དམ་པའི་གསུང་བསྡུས་དཔེ་ཞིག་ལས་སོ། །དངུལ་ཆུ་༡ཞོ ། གཤའ་དཀར་སྐར་ལྔ། ཞ་ཉེ་སྐར་ལྔ་བཅས་སྣུམ་ནང་བསྐོལ་ལ་འདྲེས་པར་དཀྲུགས། ཨོཾ་ཨག་སོད། ཨིག་དུག་
སྦྲུལ་ནག་པོའི་མཆེ་བ་སོང་། ཁྲི་གསུམ་བཏབ་སྟེ་སེ་བ་དྲུག་རེ་ཐུན་རེ་བྱས། བ་མར་གྱིས་དྲིལ། ཆང་གར་མའམ་ཨ་རག་གིས་འཕུལ་ལ་བཏང་། གོས་དྲི་བར་བྱས་ནས་རྡུལ་འདོན། གྲང་རླུང་རྨ་གསར་སྦྲུམ་མར་སྤང་། གཞན་དུག་རིགས། ནད་རིགས། གཉན་ལྷོག །གག་པ་འཇོམས། ཁྱད་པར་དུག་འདྲེད་པའི་སྨན་མཆོག་ཡིན་ཞེས་དམ་པའི་མན་ངག་གོ། རྨ་སྐྲངས་སོགས་སྐམ་དུ་འཇུག་པ་ནི། རང་དམ་པར་བསྒོམ་སྙིང་རྗེ་ཚད་མེད་བསྐྱེད་དེ་ཚད་མེད་བཞི་བསྒོམས། ཏདྱ་ཐཱ། ཨོཾ་ཕ་རོལ་ཕུད་ཤི་རི་ཙི་སྭཱ་ཧཱ། ཞེས་རྨ་ལ་སུམ་བརྒྱ་དང་། འདམ་པ་ལ་བརྒྱ་རྩ་གསུམ། གཉིས་ཀའི་བར་དུ་བརྒྱ་རྩ་གསུམ་བཏབ། ཁམ་སའི་འདམ་པ་ལ། སྐྱེར་ཤུན། སྒོ་བྱི་བ་ཀྱི་ས། ལུག་གི་སོག་པའི་ཤ་མིན་རུས་མིན། རང་འཐག་ལྟེ་ཕྱེ། ཚ་ཚའི་ཆག་དུམ་རྣམས་བསྲེས་པའི་འདམ་པ་གླན་ཏེ་བཞག །ཐེ་ཚོམ་མེད་པར་བྱ་བ་དམ་ཚིག་ཡིན། བསྲུང་འཛེམ་མི་དགོས་ཞི་བར་ཕ་དམ་པའི་མན་ངག་གོ། ཡང་མཆོད་རྟེན་ན་བཟའ། བླ་མའི་བདུད་རྩི། ཚར་པ་དང་སྐྱེར་པའི་བར་ཤུན། འོམ་བུའི་ཤིང་། གཡག་ཤིང་སྒོ་བྱིའི་དང་། ཆུ་ར་མའི་འོག་དང་། རང་འཐག་གི་འོག སྒྱེད་པུའི་འོག་གི་ས་རྣམས་དང་། ཁྱི་ཕག་ལངས་ཤུལ་གྱི་ས། ཝ་ཁའི་རྡེའུ་རྣམས་སྦྱར་ལས་གཉེན་པོ་ཉིས་འགྱུར་བསྲེས་ནས་རྭ་ཡི་དབྱིབས་ལྟར་བཅོས། ཨོཾ་ནད་སོད། དབལ་ཞི། ས་ར་ས་ར་དབལ་ཆུམས་ཞེས་སུམ་བརྒྱ་བཏབ་པའི་སྔགས་ཆུས་སྦྱར་བས་རུས་རྣག་ཀུན་འདྲེན་པའི་མཆོག་གོ། དམ་པའི་གདམས་པའོ། །མགར་པའི་སོ་ཏོག ཐར་ནུའི་འོ་མའམ་ཞོ། ཆང་། མཚལ། མར་ནག ཆུ་བལ་ཏེ་རྫས་དྲུག་བསགས། ཆང་གིས་རྐང་བ་བཀྲུས། ཧ་རི་དྷ་ན་
ནཱ་ག་སིདྡྷི་སུབ་སུབ་སྭཱ་ཧཱཿ དར་རྒྱ༔ དར་དཀར་དམར་སྲུང་བའི་མཆོག་གོ། ཞེས་གསུངས། ལག་ལེན་སོགས་འབམ་ནག་པོ་ལྕགས་ནི་དངོས་གཞི་ཡིན། འགྲིམ་འགྲིམ་དབྱིངས་སྦོས་ལྷེན་ཁྲག་གཟེར་དང་། རྒྱུ་གཟེར་གདོན་སྐྲན་དྲེག་གྲུམ་ཀུན་སེལ་ལོ། །བྱེད་ཕུལ་གཏོར་མ་ཚོགས་ཀྱང་ཕུལ་ནས་བྱ་རོག་ཏུ་དམིགས། ཨོཾ་ཕོ་རོག་ཨུག་ཨུག འགོགས་འགོགས་ཆིར་ཆིར་ནནཿ ཟས་ནོར་ཚིག་མིང་བཅུ་གསུམ་འདི། །བཟླས་པས་རང་ཕུལ་བཏང་བས་འཆད། རོ་ལ་བཏབ་ན་འཆི་འཕྲོས་འཆད། །གཉན་དང་གག་ལྷོག་རིགས་དང་། མི་ཕྱུགས་ནད་ལ་ཐེང་ཆོག་ཡིན་ཞེས་པདྨས་གསུངས་སོ། །ཡང་ཐང་ཕྲོམ་དཀར་པོའི་མེ་ཏོག་གམ་འབྲས་བུ་སླ་ངར་སེར་ཙམ་བརྔོས་པ་ཐུན་གཅིག ཤ་སྦྲང་མིག་པོ་ཆེ་ཐུབ་གཅིག རྒྱ་རྩངས་ཤ་དང་ཀླད་པ། བོད་རྩངས་རླུང་འགམ་གྱི་དེ། ཕུག་རོན། རྒྱ་མཆིལ་བོད་མཆིལ་གྱི་ཀླད་པ་ཅི་མང་། བྱ་ཕོའི་ངར་སྒོང་། གསེར་མདོག་གི་རྩེ་མོ་སྲན་མ་ཙམ་པ། གོ་བོའི་གྲེ་བ་དེ་ཙམ། བྱི་ལ་སྟག་རིས་ཅན་ཕོའི་མཇུག་ཏོ། ཞིམ་བུའི་འབྲས་བུ་ཐུན་ཚད་རེ། སུག་སྨེལ་ཐུན་བཟང་གཅིག རྒྱ་ཚྭ་ཐུན་གཉིས། ཛཱ་ཏི་མཁལ་ཞོ་ཤིང་མངར་རྣམས་སྲན་མ་ཙམ་རེ་ལྕམ་པའི་འབྲས་བུ་ཐུན་ལོག སྡིག་པ་ཐུན་ལོག སྨན་སྒ་ཅུང་ཟད། སྐྱེས་དར་ག་བུར་ཙམ་བྱུང་། གཙང་གཡེར་རྡོག་པོ་ལྔ། ཐལ་རྡོར་རྡོག་བདུན། ཀ་ར་མཐེབ་ཚིགས་ཙམ་རྣམས་ཞིབ་བཏགས། མར་དཀར་སྦྱར་བའི་རིལ་བུ་ལུག་རིལ་ཙམ་དྲིལ། ཨ་རག་གམ་འོ་དྲོན། ཐ་མ་ཆང་བཟང་གིས་ཕུལ། དེས་ཟུངས་འཕེལ་སྲིད་རྒྱས་སོ། །དམ་པའི་གདམས་པ་ཟབ་མོའོ། །ལུག་གི་ཀླད་པར་མར་གསར་དང་། གཡེར་མས་བྲན་པ་བ ཙོས་ཏེ་ཟོས་
ནས་འོ་དྲོན་ལྟོ་རུ་བསྟེན་ན་བཅུད་ལོན་ནོ། །ར་ལུག་གི་འབྲས་བུ་མང་པོ་འོ་མར་བཙོས་ཁུ་བ་རང་ཐིམ་བྱ། སུག་སྨེལ་སྦྲང་སྦྱར་ནས་བསྲེ་བའང་ཡོད། ལུག་ཐོད་ཚེར་གྱི་ཁོག་སྨད་བཟང་བ་གཅིག ཁྱིམ་བྱ་མཚལ་ལུ་བུབས་གཅིག །སྲམ་དང་བྱི་བའི་མཇུག་ཏོ་རྣམས་ཞིབ་བཏགས་འོ་མར་བཏབ་ལ་བཙོ། བོད་རྩངས། རྨིགས་བུ། མཆིལ་པ། ཤིང་མངར། རྒྱ་ཚྭ་གོ་སྙོད་ཚ་བ་གསུམ་རྣམས་ཐུན་ཆེ་བ་རེ་བཏབ ། རྒྱ་རྩ་དུས་ཀྱི་ཤ་གང་འབྱོར་གྱི་ཕྱེ་བཏབ་སྟེ་ཟོས་ན་བཅུད་རྒྱས་སོ། །གནའ་བ་དང་ལུག་གི་མགོ་མཉམ་བརྡུང་བཙོས་པའི་ཁཎྚར། བུ་རམ་བྲེ་གང་། མར་བྲེ་བཞི་བཅས་བསྐོལ། ལུག་ཞོ་ཙམ་དུ་གྱུར་དུས། རུ་རྟ་ལི་ཤི། སུག་སྨེལ་སྡིག་སྲིན། ཆུ་སེར་སྨན་བརྒྱད་གང་འཛོམ་བཏང་། རླུང་ཤས་ཆེ་ན་སྒོག་སྐྱ། བད་ཀན་ཆེ་ན་ཅོ་གའི་མགོ་རྐེ་ཟོས་ན་རླུང་དང་བད་ཀན་གྱིས་རྣ་བ་འོན་པ་སེལ་ལོ། །ལྕགས་ཕྱེ་རྒྱ་ཚྭ་འབྲས་གསུམ་རྣམས་རྩ་བའམ་ཞོ་དཀྲུགས་ལ་སྦྱར་ཏེ་བསྐོལ། ནུབ་མོ་མགོ་ལ་བྱུགས་ནས། ནང་པར་འབྲས་གསུམ་སོ་བྱའི་ཁུ་བས་བཀྲུས་ན་སྐྲ་ནག་པོར་འགྱུར་རོ། །ཡང་དུང་སོལ་མེར་བསྲེགས་ནས་དམར་ལྷང་བ་དེ། ཆུ་གྲང་ལ་བཏབ། དེའི་ཕྱེ་མ་མར་སྦྱར། བྱུགས་ན་སྐྲ་ནག་པོར་འགྱུར། ཡང་ར་ཕོའི་རྭ་དང་སོ། །བྱ་རོག་ཕོའི་སྒྲོ། མགྲོན་ཐལ། ལྕགས་དྲེག ཐར་ནུ། ནག་མཚུར། རྔ་མ་གསུམ་བསྲེགས་པའི་ཐལ་བ། ཕྱེ་མ་གསུམ་བཙོས་པའི་ཁུ་བར་བཏབ་ལ། དེར་འོ་མ་དང་མར་ནག་བླུགས་ནས་དྲོན་མོ་དེ་སྐྲ་ལ་བྱུགས་ན་ནག་པོར་འགྲོའོ། །ཡང་བ་ལུའི་རྩ་བ་གྲིབ་བསྐམ་མེར་བསྲེགས་པའི་སོལ་ཕྱེ་དང་མར་དཀར་བསྲེས་ནས་བྱུགས་པས་ཟླ་བ་རེ་ལ་སྐྲ་ནག་པོར་འགྲོའོ། །ཕ་དམ་པའི་གདམས་པ་ལས་སོ། །འདི་རྣམས་ལས་ཕལ་ཆེར་ངེས་པ་མ་རྙེད། རང་གི་ཡ་ཀན་པདྨ་དམར་པོ་འདབ་
བཞི་ཁ་ཐུར་བསྟན་ལྟེ་བར་ཨོཾ། འདབ་བཞིར་ཤར་དུ། ཨ། བྱང་དུ་ཎི། ཧྲི་འང་། ནུབ་ཏུ་ཁ། ལྷོར་ཧཱུྃ། རྣམས་མགོ་ཐུར་བསྟན་བསམ། འབྲུ་ལྔ་བཟླས་པས་ཡི་གེ་རྣམས་ཞུ་སྨན་ཐིམ་བསམ་ལ་སྔགས་བཏབ། འདི་ཆུང་ལྔའི་བྱིན་རླབས་དང་། ཟ་དུས་ཀྱང་བྱ་ཞེས་འབྲུག་གི་བེ་བུམ་ཞིག་ན་སྣང་དགེ། སྨུག་པོ་ཆིག་ཐུབ་ཅེས་པ། སྦལ་རྒྱབ་ལ་རིགས་མང་དུ་ཡོད་པའི་ནང་ཚན། མདོག་སྨུག་འཚེར་དབྱིབས་གྲུ་བཞི་ཕྱི་ནང་རིམ་པ་ཅན་རྒྱ་ཤོག་བསྒྲིལ་བ་ལྟ་བུ། ཆུར་བཅུག་ན་ཆུ་སེར་པོར་འགྲོ་བཞིན། ཁྲག་མདོག་ཅན་དེ་བས་བཟང་། ཆུ་མཚལ་མདོག་ཏུ་བསྒྱུར་བ་མཆོག་དེ། རྡོའི་དར་ཡ་ཀན་ཞེས་བྱ་སྟེ་ལུག་ཤིག་ཙམ་ལ་ལུག་རེ་རི། དེ་ནི་སྨུག་པོ་ཆིག་ཐུབ་ཅེས་བྱའོ། །ཁ་དོག་དམར་སྨུག་ནག་ངམ་ཅན་ནོ། །དེ་གངས་ཆུ་ལ་བརྡར་ནས་མིག་ལ་བསྐུས་ན་ཉིན་མོ་ཡང་སྐར་མ་མཐོང་། རུས་མདེག་འཛིན་ཅིང་སྨད་དུ་བལྟས། །ཞེས་སོ། །སྨན་གྱི་ཕྲེང་བ་བཞུགས་སོ། །སྨན་པ་ཆེ་མཆོག་ཞབས་ལ་འདུད། །རྒྱ་གར་རྒྱ་ནག་ལ་སོགས་པའི། །འཐོར་བུའི་སྨན་བཅོས་སྣ་ཚོགས་པ། །བྱ་སླ་དོན་ཆེ་ཅུང་ཟད་འབྲི། །དེ་ལ་སྟེང་གྲིབ་ཀྱིས་གློ་བུར་དུ་བརྒྱལ་སོང་བ་ལ། དན་རོག་བརྡུངས་པ་ཤོག་གུར་འཕུར་ནས་སྣུམ་བླངས་པའི་ཤོག་བུ་སྣུམ་ཅན་དེ། མེར་བཅུག་པའམ་བསྒྲིམས་ནས་སྣར་བཏང་བས་སོས་ཡོང་། ༡ ཁ་མིག་ཡོ་བ་ལ་དན་ཁྲ་བརྡུངས་ནས་ཡོ་ཕྱོགས་
མ་ཡིན་པར་འབྱར་བྱེད་ཅིང་ལག་པས་འཕུར། ཡོ་དྲང་འཕྲལ་འབྱར་ལེན་ཅིང་ཆུས་བཀྲུ། ཡང་ན་ཉའམ་སྦྲུལ་གྱི་ཁྲག་ཡོ་ཕྱོགས་མིན་པར་བྱུག་པས་ཕན་ནོ། ༢ །ཡང་རླུང་ནད་ཀྱིས་མགོ་ལག་སོགས་འདར་བ་ལ་སྟར་ཀའི་ཚིལ་བརྡུངས་པ་ཞོ་གསུམ། སྤྲ་ཚིལ་ཞོ་གསུམ་བཅས་སྣོད་དུ་བཞག་པ། ཆང་ཚན་མོ་བླུགས་པའི་ཐང་འཐུང་ནས་རྡུལ་དབྱུང་ན་ཕན། ཡང་ཞག་གསུམ་སོང་ནས་སྨན་སྔ་མ་གཉིས་ཞོ་བཞི་རེ་སྦྱར་ནས་འཐུང་། ཡང་ཞག་གསུམ་ནས་ལན་གཅིག་བསྟན་དེས་ཕན་ནོ། ༣ །སྟེང་གྲིབ་ལྟ་བུའི་རླུང་གིས་ངག་ལྐུགས་པར། སྣུམ་ནག་སྲང་དོར་བྱ་སྒོང་གཅིག་བླུགས་ནས་བསྐོལ་ཏེ་འཐུང་ངམ་ཁར་བླུགས། ཡང་ན་ལྕགས་ཀྱི་བཙའ་དམར་པོ་ཅན་ཆུར་བསྐོལ་ནས་འཐུང་། དེས་ཁོང་ཁྲག་མཁར་བ་ལའང་ཕན། ༤ དབྱར་དུས་ས་བརླན་གྱིས་རྐང་པ་སྐྲང་བ་ལ་སྨན་སྒའི་ཐང་གིས་བཀྲུས་པས་ཕན། ༥ མགུལ་འགགས་ཟས་མི་ཐར་ཞིང་ལྷག་པར་སྐྱུགས་པ་ལ། སྒ་རློན་རྒྱ་མ་གང་ཆབ་ཁང་དུ་ཞག་ཡར་བཞག་བཏོན་བཀྲུས་མེར་བསྲེགས་པའི་སོལ་ཕྱེ་ཞོ་གསུམ་རེ་ཆུ་བསྐོལ་ཕུལ། གསུམ་ལྔ་ཙམ་ལ་སླར་བསྐྱལ་བས་ཕན། ཡང་ན་ཕྱེའུ་ལེབ་དཀར་ཆུང་། ཆང་སྐྱུར་ཁར་ཤི་བ་དེའི་རོ་བཏགས་པ་ཞོ་རེ་ཆང་གིས་ཕུལ། ༦ཡང་མགུལ་འགགས་དང་ཕོ་ཐོག་ལ་བྱ་རྡོ་བསྲེགས་པ་ཆུར་བཞུས་བསྐོལ་བ འི་སྙིགས་མ་དོར། ཁུ་བ་དྭངས་གྲུངས་བླངས་སླར་རྫ་སྣོད་དུ་བསྐོལ་ནས་སྐམ་པ་སྤར་བུར་བཅངས་ལ་ཁ་
དམ་པར་བཅད། བཞི་བཅུ་ཡན་དར་མར་སྐར་བཞི། རྒས་པ་སྐར་དོ་ཨ་རག་འཐུང་གང་ཐུབ་ཀྱིས་ཕུལ། དེས་སྲིན་བུ་སྐྱུགས་བཤལ་བྱུང་ན་ཕན། མ་བྱུང་ན་སླར་བསྐྱར། འབུ་མ་ཐོན་ཀྱང་ནད་ཞི་ན་ཕན།མ་ཞི་ན་སླར་བསྟེན། ༧ ཕོ་བ་ཚ་ཞིང་དབུགས་བསྡམ་པར། པི་ལིང་གི་རྩ་བ་སྲང་ལྔ་ཆུ་ཅོར་གསུམ་དུ་བསྐོལ་བ་ཆ་གཉིས་ལུས་པ་འཐུང་། ༨ རྟ་ཡི་ས་བོན་ལས་སྐྱེས་པའི་ཤ་མང་དེ་རྒྱ་ཡུལ་ནས་བྱུང་བ་ཡིན་ན་ཚྭ་ཁུ་དང་ཆང་གིས་བཀྲུས་པ་རྒྱ་ཐུར་གྱི་སྲང་སོ་གཉིས། ཆང་བཟང་བྲེ་ཉི་ཤུའི་ནང་སྦངས་ནས་དེའི་ཁུ་བཅུད་རིམ་པར་འཐུང་ན་ཁུ་བ་ཤིན་ཏུ་འཕེལ། ༩ སྣ་ཁྲག་མང་དུ་ཤོར་བ་ལ་བྱིས་པའི་འཚང་སྐྲ་མེས་བསྲེགས་པའི་ཐལ་བ་ཐུན་ཆེ་ཙམ་ཆང་གིས་ཕུལ། ཐལ་བ་དེ་སྨྱུག་སྦུབ་ནས་སྣར་བསྐྱལ། ཡང་ན་ཀཪྴ་པ་ཎི་བསྲེགས་ཐལ་སྣར་བླུགས། ནུ་མ་དང་རླིག་པ་སྐུད་པས་བཀྱིག་གོ ༡༠ །གྲུམ་སྟབས་རུས་ཚིགས་ན་བར་རྟ་ཡི་ལག་པའི་སེར་རུས་ཆང་གིས་བྱུགས་ནས་མེར་སེར་ཙམ་བསྲེགས་པའི་ཕྱེ་མ་ཆང་བྲེ་གསུམ་དུ་བླུགས་ནས་ཞག་གསུམ་བཞག་པའི་ཁུ་བ་ཉིན་རེ་ཕོར་ཆུང་གང་ཙམ་རེ་བསྟེན། ༡༡ ཡང་ཧ་ཤིག་ཆ་དྲུག །ཤིང་མངར་དང་བྲེ་གུ་གསེར་ཐིག་གི་ཐིག་ལེ་གཉིས་ཆ་རེ་སྦྱར་བའི་ཕྱེ་མ་ཞོ་དོ་ཆུ་བསྐོལ་གྱིས་ཕུལ་བས། གཅིན་རྙིང་པ། རྡེའུ། བྱེ་མ། འབྲས་ཁུ། ཁྲག་རྣག་གིས་ཆུ་འགགས་པ་ལ་ཕན། རྟ་དྲེལ་ལ་བཏང་ན་འབྲས་ཁུས་ཕུལ། གཞན་ཡང་རྩ་ནད་ཀྱི་རིགས་ཀུན་ལ་ཕན་ནོ། ༡༢ །བུ་དང་
ཤ་མ་མ་ཐོན་པ་ལ་དན་ཁྲ་བརྡུངས་ནས་རྐང་མཐིལ་བརླན་ཐོན་འཕྲལ་སྤྱི་བོར་སྦྱར་བ་ཟབ། ༡༣ མཚེ་ལྡུམ་རྐྱང་པ་སྣོད་དུ་བླུགས། དེར་ཆུ་ཚན་བླུགས། ཁ་སྣོད་ཀྱིས་བཀབ་ནས་ཅུང་ཟད་བཞག་ནས་མ་གྲང་པར་འཐུང་ན། རིམས་ཀྱིས་ལུས་ཚ་མགོ་ནད་གློ་སོགས་བྱུང་བ་ལ་ཕན་པ་གུ་ཧྱ། ༡༤ གླང་ཐབས་བཤལ་སྐྱུགས་ཡོང་བའི་ནད་ལ་ཆང་སྐྱུར་གྱི་སྐྱུར་རྩི་གང་རུང་ཅོང་ཙེ་གང་འཐུང་། ཅོང་རྩེ་ཞེས་པ་དཀར་ཡོལ་ཆུང་ངུ་མཆན། ནད་འདིས་རྐང་རྩ་འཁུམས་ན་བུས་མོ་མན་ཆད་ཆུ་གྲང་དུ་བཅུག ༡༥ །ཟས་ཡི་གར་མི་འོང་ཞིང་སྐྱུགས་པའི་ནད་ལ། ཡུངས་ཀར་གྱི་ཕྱེ་མ་ཅུང་ཟད་ཆང་གིས་ཕུལ། དེས་མ་ཕན་ན་བོང་ནག་གི་གཅིན་ཅོང་ཙེ་གང་འཐུང་ན་འབུ་སྐྱུགས་འོང་། དེས་ཕན། ༡༦ བད་ཀན་མགུལ་དུ་ཆགས་ནས་ངར་བ་ན། ཤ་ལ་ཡུ་རིང་གི་མེ་ཏོག་གམ། རྩ་བའམ། ལོ་མ་སྐམ་རློན་གང་རུང་གི་ཕྱེ་མ་བསྐོལ་ནས་ཁྱེའུ་སུས་འཐུང་། ༡༧ གླང་ཐབས་བཤལ་སྐྱུགས་མེད་པ་ལ་ཆུ་བསྐོལ་ལ་ཚྭ་བཏབ་པ་འཐུང་བས་སྐྱུགས་ན་ཕན། སྦྱིར་གླང་ཐབས་ལ་ལྟག་ཁུང་དུ་ལྷྭམ་བཀལ་གསུས་པའི་ཐོག་ཏུ་སྐམ་པ་དྲིལ། དེའི་ཐོག་ཏུ་ཡོབ་ཐོད་ལན་བདུན་བརྡེག ༡༨ གྲང་ནད་ཀྱིས་ཁམས་ཟག་པར་དང་རྐང་རྐེད་ན་བ། ཉམས་ཆུང་བ། སྟོད་ཚད་སྨད་གྲང་སོགས་ལ་ཤ་བའི་གྭ་དོར་ཆང་ལ་རླངས་ཚོས་བྱས་སྐམ་པའི་ཕྱེ་མ་སྦྲང་གིས་རིལ་བུ་སྲན་ཙམ་དྲིལ། ལྔ་བཅུ་རེ་འབྲས་ཐང་གིས་ཕུལ། ༡༩ ལའོ་ཀྱིན་ཞེས་པའི་ཉེ་དུ་ལ་འགོ་བའི་ནད་ལུས་སྐེམ་ཞིང་། སྐབས་སུ་ཕོ་བ་གཟེར་བ་བཤང་བ་དྲི་
དུགས་སྲིན་བུ་སྣ་ཚོགས་སྐབས་སུ་ཡོད་པའི་ནད་ལ་སྲམ་གྱི་མཆིན་པ་གྲིབ་སྐམ་བྱས་པའི་ཕྱེ་མ་ཅུང་ཟད་ཆུས་ཕུལ། ཡང་ན་ཁོང་སྲིན་སོགས་སྲིན་རིགས་ལ་བྱི་ཏང་ཀའི་ཕྱེ་མ་ཞིབ་པར་བཏགས་པ་སྦྲང་གིས་རིལ་བུར་དྲིལ་བ་བསྟེན་པས་སེལ། ༢༠ ཁྱི་སྨྱོ་ཕག་སྨྱོ་ལུག་སྨྱོ་ཟེར་བ་གློ་བུར་དེ་དག་གི་སྐད་འདོན་ཞིང་སྨྱོ་བ་དང་། བྱིས་པའི་ལྟོ་བའི་སྲིན་ནད་ལ་ཕག་རྒོད་ཀྱིས་མཁྲིས་པ་མཛུབ་མགོ་ཙམ་ཆུར་སྦངས་ནས་འཐུང་། ༢༡ བྱིས་སྦའི་ཆོམ་ལུགས་ལ་སྔོ་ཆུ་སྲིན་སྡེར་མོའི་ཕྱེ་མ་བཏབ་པས་ཕན། ༢༢ ཡང་ཟླ་མཚན་འབྱམས་པ་ལ། རྟ་དཀར་པོའི་ལུད་སྦང་བསྲེགས་ཐལ་ཞོ་གསུམ་བཞི་རེ་ཆང་བཟང་པོས་ཕུལ། ཡང་ལྕམ་པའི་རྩ་བ་རྒྱ་མ་གང་། ཆང་སྐྱུར་བཟང་པོ་རྒྱ་མ་གང་བཅས་མཉམ་བསྐོལ་རྒྱ་མ་ཕྱེད་ལུས་པའི་དྭངས་མ་དེ་ལྟོ་སྟོང་ཅོང་ཆུང་རེ་འཐུང་། ༢༣ གདོང་ལ་ཁྱེ་མ་དཀར་ནག་དམར་ཐིག་བྱུང་ན་ཤ་རུ་བསྲེགས་ཐལ་ཕག་མཁྲིས་དང་སྦྱར་ནས་བྱུགས། འདིས་མྱུར་དུ་སོས། ༢༤ གྲི་མཚོན་གྱི་རྨ་ལ་སྡིག་སྲིན་གྱི་ཕྱེ་མ་དང་ཐ་མ་ཁའི་ཕྱེ་མ་བཏབ་པས་ཕན། ཁྲག་ཆོད་ཡང་རྟ་སྤུ་བསྲེགས་ཐལ་རྨ་ལ་བཏབ་པས་ཁྲག་ཆོད། ༢༥ མེས་ཚིག་རྨ་ལ་རྒྱ་སྣག་བཟང་པོ་སྒོང་ཆུ་དཀར་པོར་བརྡར་ནས་མེས་ཚིག་འཕྲལ་ལན་གསུམ་བྱུགས། སྟེང་ནས་རྒྱ་ཤོག་རློན་པ་སྦྱར། དེས་ཆུ་བུར་མི་འབྱུང་། ༢༦ འབྲུག་རུས་ཀྱི་ཕྱེ་མ་ཆུ་དང་སྦྱར་ནས་བྱིན་ན་བྱིས་པ་སྔངས་བརྒྱལ་སོགས་ལ་ཕན། ༢༧ བྱིས་པ་
བད་ཀན་གྱིས་སྐེ་བགགས་ནས་ངར་སྒྲ་འཆོར་བ་ལ། དན་རོག་རྡོག་གཅག་ལྤགས་པ་བཤུས། ནང་གི་ཚིལ་བརྡུངས་ནས་རིལ་བུར་བྱ། སྲིན་བལ་གྱིས་དྲིལ་ནས་ཕོ་གཡས་མོ་གཡོན་གྱི་སྣར་བརྫོངས་པས་ཕན། ༢༨ བྱིས་པ་མཚན་ངུས་བྱེད་པ་ལ། མར་མེའི་སྡོང་བུར་ཆགས་པའི་དུད་རེ་ལ་དེ། སླར་ཡང་བསྲེགས་པའི་ཕྱེ་མ་ནུ་མའི་རྩེ་ལ་བྱུགས་ནས་བསྣུན་པས་ཕན། ཡང་ན། གྷི་ཝཾ་སྲན་ཙམ་ནུ་ཞོ་ལ་བརྡར་ནས་བླུད། ༢༩ བྱིས་པའི་ཁ་ལྕེ་འབྲུམ་ཐོར་དང་། མིག་གི་ཚག་ནད་ལ་སྲན་ལྗང་ཆུ་འཐག་ཕྱེ་ཅུང་ཟད་སེར་ཙམ་བརྔོས་པ་སྲང་བཞི། མྱང་རྩི་སྦྲས་ཀྱི་ཕྱེ་མ་སྲང་གང་། གླ་རྩི་དང་ག་བུར་སྐར་ལྔ་རེ། སྦྲང་བསྐོལ་པ་སྲང་བཞི་བསྲེས་ནས་རྡོ་གཞོང་དུ་ལེན་སྟོང་ཕྲག་བརྡུང་སྟེ་དཀར་ཡོལ་དུ་བཅང་། མིག་ལ་ཆུ་གྲང་སྦྱར་ནས་གཏིག །ཟ་འཕྲུག་ལའང་དེ་བཞིན་བྱུགས། ཁ་ཤུ་ལ་སྲན་མ་ཙམ་མུར། ༣༠ བྱིས་པ་ཟས་མ་འཕྲོད་པ་སོགས་ཀྱིས་སྦོས་པ་ལ། ལ་ཕུག་དཀར་པོ་བཙིར་བའི་ཁུ་བ་བླུད། ༣༡ ཟས་མ་ཞུ་བ་སོགས་ཀྱི་ཕོ་ནད་ལ་སྟར་ག་བསྲེགས་པའི་ནང་ཚིལ་ཟོས་པས་ཕན། ཡང་ན་བྱེའུ་ནས་ཟན་ཤ་ཡི་ཐང་བཏང་། གསུས་པའི་ཁར་བྲེ་བཞག་ལ་དེ་སྟེང་མེ་བཙའ་བཞག །༣༢ དར་མ་དང་བྱིས་པ་གཉིས་ཀའི་སྐྱུགས་མེར་དང་སྐྱུགས་པ་གཅོད་པར། ལ་ཕུག་ལོ་མ་བརྡུངས་བཙིར་ཁུ་བ་འཐུང་ན་ཕན། ༣༣ བྱིས་པ་བཤལ་སྐྱུགས་ཀྱི་ནད་ལ་སྲན་མ་ཆུ་ཞིབ་ཞོ་གསུམ་སྒོང་ཆུ་དཀར་པོ་དང་སྦྱར་ནས་
ཤོག་བུར་བླུག མཚོགས་སྨིན་ལ་སྦྱར་བས་ཆད། དེ་མ་ཐག་འབྱར་སྨན་ལེན། དེ་བཞིན་སྐྱུགས་ན་རྐང་མཐིལ་ལ་སྦྱར་ན་ཕན། ཡང་འཁྲུ་བ་མ་ཆོད་ན་བོང་ཤའི་ཁུ་བ་བཏང་། རྐེ་ལ་ལྡེ་མིག་བཏགས། ༣༤ བྱིས་པ་དང་དར་མ་གཉིས་ཀའི་བཤལ་སྨན། རྒྱའི་སུག་སྨེལ་ཁྲོབ་ཙམ་བརྡུང་སྒ་ཆུས་བྲན་ནས་བརྔོས་པ་ཞོ་དོ་གསུམ་ཆུ་ཅོང་དོར་བླུགས། ཕྱེད་འཐག་པར་བསྐོལ་དེར་སླར་ཡང་བུ་རམ་སྲང་གང་བླུགས། ལན་ཁ་ཡར་ཁོལ་ནས་འཐུང་། ༣༥ བྱིས་པའི་ནད་མངལ་དུག་གི་དམར་ཐིག་མཆེད་ན་སྙིང་གར་སླེབས་ན་འཆི་བས། དེ་ལ་སྨན་བུལ་ཏོག་ཆུར་བསྐོལ་བའི་གར་ཆུས་བྱུགས། ཚབས་ཤིན་ཏུ་ཆེ་ན་ལུག་རྒོད་རྭ་བསྲེགས་ཐལ་དང་སྒོང་ཆུ་དཀར་པོས་བྱུགས་པས་ཕན། ༣༦ ཡང་གཉན་འབྲས་ཀྱི་སྐྲངས་འབུར་ལ་སྒོག་གཅིག་མ་ཊཾ་ག་སུམ་བརྩེགས་ཙམ་གྱི་རྔམས་ཡོད་པ་བཤགས་ལ་སྦྱར། དེ་སྟེང་མཁན་དཀར་གྱི་མེ་སུམ་ཚོམ་དུ་བསྲེག དེ་ནས་སྒོག་པ་ཚུར་ལེན་དེས་ཟུག་མེད་ལ་ཟུག་སྐྱེ་བའམ། ཟུག་ཡོད་ལ་ཟུག་ཆག་ན་ཕན་རྟགས་ཡིན། གསར་དུས་ཕན་ངེས་སོ། ༣༧ །རྣ་ནད་ལ་བཙན་དུག་རློན་པ་རབ། མིན་ཀྱང་སྐོམ་པོ་སྤངས་ནས་ཆིག་བྷའི་ཤིང་ཐོག་ཆིབ་ཁ་ཞེས་དམར་རིལ་གྱི་ནང་སྙིང་ལྟར་བྱ་དགོས། རུས་པའི་དབྱིབས་སུ་གྲིས་བཅོས་ནས་རྣ་བར་བརྫོངས་ཤིང་ཡང་ཡང་བརྗེ། དེས་རྣ་བ་གཡའ་ཞིང་འུར་སྒྲ་བྱུང་བ་ལ་ཕན། ཡང་གཡི་རྩེ་ཞེས་
ཤིང་ཐོག་བ་ཚྭ་ཅན་དེའི་ཡུ་བ་འདོགས་མཚམས་དེ་མེ་ལ་ཅུང་ཟད་བསྲེགས་པའི་ཕྱེ་མ་སྨྱུག་སྦུབས་ནས་རྣ་བར་ཕུས་གདབ། ༣༨ ཡང་རྣ་བ་ནས་རྣག་འོང་ན་ལ་ཕུག་རུ་རྟའི་ཁུ་བ་བླུགས། རང་གི་ལག་པས་རྡེའུ་ནག་པོ་གཅིག་ནེམ་ནེམ་བྱེད། ༣༩ མིད་པ་སྐྲངས་ཤིང་དབུགས་ཐོན་མི་ཐུབ་པ་ལ། མི་ཡི་སེན་མོ་བྲེག་ནས་རྫ་མར་སེར་ཧྲོབ་མ་སོང་བར་བརྔོས་པའི་ཕྱེ་མ་སོག་སྦུབ་ནས་གྲེ་བར་བརྡས་པས། དེ་མ་ཐག་སྐྲངས་འཐོར་འགྲོ། ༣༩ མྱང་རྩི་སྤྲས་སྲང་དོ། ལྕེ་ཆུང་སྒ་སྲང་གང་བཅས་ཕྱེ་མ་བྱས་ནས། ཁ་ལྕེ་འབྲུམ་ཐོར་བྱུང་བར་བཏབ་ན་འཕྲལ་དུ་ཕན། ༤༠ ཡང་ལྕེ་བེམ་པ་དང་། ལྕེ་ཆུང་ན་བར་ནི་ལ་ཐོ་ཋ་ལྕགས་ཁེམ་དུ་བསྲེགས་པའི་ཕྱེ་མ་བཏབ་པས་སེལ། ༤༡ ཡང་ལྕེ་སྐྲངས་ཤིང་རྡོ་ལྟར་སྲ་བ་ལ་རྫ་མའི་དུད་པ་དང་། རྒྱ་ཚྭ་གཉིས་མཉམ་པའི་ཕྱེ་མ་ཆུ་མིག་གི་ཆུར་སྦྱར་ནས་བྱུགས་པས་ཕན། ༤༢ སོ་བརྡུང་བ་སོགས་ཕོག་ཐུག་གིས་འགུལ་པ་ལ་གཟེ་མའི་རྩ་བ་མེར་བསྲེགས་པའི་ཐལ་བ་བྱུགས་པས་ཕན། ༤༣ ལིང་ཏོག་གསར་རྙིང་རྭ་སོགས་ཕྱི་འགྲིབ། བར་འགྲིབ་སོགས་ཁྲག་ཤས་ཆེར་མེད་ན་ཐོག་མ་ནས་དང་། ཁྲག་ཤས་ཆེ་བ་གཏར་རྗེས་མེ་ཚུགས་ལེགས་པས། དེ་ལ་ནད་པ་ལུས་དྲང་པོར་སྲོང་། མིག་ཐད་ཀ་དྲང་པོར་བལྟས་པའི་རྒྱལ་མོའི་སྟེང་ནས། སྟེང་འོག་ཕྱི་ནང་བཞིར་ནད་པ་རང་གི་ཚོན་གང་གཞལ་མཚམས་ཀྱི་ཁ་གདོང་བཞི་ལ་གདབ། །
ཕྱི་ཟུར་དུ་མིག་གི་ཕྱི་གཤམ་ནས་མཚོན་གང་མཚམས་སུ་གདབ། གསེར་ཚུགས་མེ་ལ་བསྲེགས་པ་དང་སྣུམ་ལ་བསྒྲེ་བ་རེས་མོས་ཀྱི་མཐར་སྣུམ་ལ་རེག་པ་དང་། མེ་ལྷབ་འབར་ན་རྡེག་རན། རྡོ་ཧ་ཤིག་ཡིན་ན་མེ་འབར་རུང་ད་དུང་སྣུམ་ལ་བསྒྲེ་བ་དང་། མེ་ལ་བསྲེག་པ་ལན་གཅིག་གཉིས་བྱ་དགོས། ལིང་ཏོག་བཅོས་གཞན་གྱིས་མ་ཐུབ་པར་རྒྱལ་མོའི་སྟེང་དུ་འགྲོ་གྲབ་བྱུང་ན། ལིང་ཏོག་ཡོད་ཕྱོགས་ཀྱི་གོང་བཤད་གསང་གཉིས་སམ་རེ་རེ་བཏབ་པས་དེ་ཕྱོགས་སུ་འཐེན་འགྲོ། འགྲིབ་ལའང་ཕྱོགས་བཞི་གར་ཡོད་ངོས་སུ་མཐོང་བའམ་མཐོང་ཚུལ་ལ་དཔགས་ནས་གར་ཡོད་ངོས་སུ་ཕྱིར་ལ་འཐེན་ཕྱིར་མི་གདབ་ན་རྒྱལ་མོའི་སྟེང་དུ་མི་ཤོར་བར་འགྱུར། འགྲིབ་མཐོང་བྱེད་རྒྱལ་མོའི་ནང་ངོས་སུ་ཡོད་ན། ཕྱི་ཟུར་རྣ་བ་ངོས་ལྟ་བུར་མེ་གདབ་ན་རྒྱལ་མོའི་སྟེང་དུ་འཐེན་འགྲོ་བས་མ་ནོར་བ་གལ་ཆེ། ཡང་རྒས་ཁར་མིག་མི་གསལ་ན། རྐང་མཐིལ་གཉིས་ཆུས་དག་པར་བཀྲུས་ལ་ཕག་ཚིལ་མར་སྦྱར་བྱུགས། བཀུ་མཉེ་བྱས་པས་ཤིན་ཏུ་གསལ་ལོ། ༤༤ །རྣ་བ་རླུང་འོན་ལ་རྣ་བའི་བུ་ག་ནས་ཕྱོགས་བཞིར་ཚོན་རེ་གཞལ་བར་མེ་བཙའ་བྱ། ཤིང་ཀུན་ཉེར་ལྔའང་རྣ་བར་བླུགས། ༤༥ དུག་སྦྱོང་ལ་ཀོ་ཋ་རྡོག་གསུམ་ཙམ་ཆོལ་བརྡུང་བ་དཀར་ཡོལ་གང་ཙམ་ཆུ་ལ་ཇ་ཡུན་ཙམ་སྦང་། དེ་ནས་ཐེ་བོས་དྲག་ཏུ་བསྣུར་བའི་ཁུ་བ་གར་མོ་དེས་དུག་གི་སྨན་རིལ་བུར་དྲིལ། ལྷག་མ་སིང་པོས་མཚམས་སུ་ལྕག་བྱེད་
བཏང་བ་ཟབ། ༤༦ །ཙནྡ་དམར་པོ་བཙག་ཞིབ་བཏགས་ཁོང་དུ་བཏང་ཞིང་གང་ན་སར་བྱུག་པས་མེ་ལྕེ་འཁོར་ལོ་ལ་ཕན་ནོ། ༤༧ །བྲག་ཞུན་ཐང་ཁང་དུ་བཏང་བས་ཡན་ལག་གི་རྩ་རྒྱུས་འཁུམས་ཆད་གསར་རྙིང་རྨ་དང་། བུད་མེད་བཙས་རྗེས་རྐེད་པ་ན་བ་སོགས་འཇོམས། ༤༨ སོ་དུག་གི་རྨ་གསར་རྙིང་གང་ཡིན་ཀྱང་ཆུ་དྲོན་མོས་བཀྲུས་ལ་སྟོང་ཇ་དང་གོ་ཡུ་བསྲེས་པ་ཞོ་དོ་རེ་ནཱི་ལ་ཐོ་ཋ་དང་གླ་རྩི་ཞོ་ཕྱེད་རེ་ཞིབ་བཏགས་ནད་པའི་མཆིལ་མས་ཁུ་བ་བྱས་པ་བྱ་རོག་གི་སྒྲོས་རྨ་གར་ཡོད་ལ་བྱུགས་པས་མྱུར་དུ་སོས། ༤༩ འབྲས་བུ་སྐྲངས་པའི་ནད་ལ་འབྲས་གསུམ་གྱི་ཕྱེ་མ་བ་ཡི་ཆུས་བཏུང་བས་ཞག་བདུན་ནམ་བཅུ་བཞིའི་ཁོངས་སུ་གྲོལ། ༥༠ དྭངས་མ་འཛག་པ་ལ་སུག་སྨེལ་ཤེལ་ཀར་བཅས་ཞིབ་བཏགས་ཐུན་ཚད་ཉིས་འགྱུར་ཙམ་རེ་ཟོས་པས་ཕན། སྨན་གཏོང་རིང་སྐྱུར་དང་ལ་ཕུག་མི་ཟའོ། ༥༡ །བྱི་བྲུན་ཞིབ་པར་བཏགས་པ་ཆུར་ཞོ་ཙམ་སྦྱར་བ་ལྟེ་འོག་ནས་སྤུ་དཀར་ནག་མཚམས་ཡན་བྱུགས་པས་ཕན། ༥༢ ཡང་རྡེལ་ནད་ཆུ་འགགས་བཅོས་ཐབས་ཟབ་ཁྱད་ཅན་ཚ་ལ་ཆུ་བཅད་ཕྱེ་མ་ཅུང་ཟད་སྦུབས་ཐུར་གྱིས་གསང་གནས་སུ་བསྐྱལ་བས་དེ་འཕྲལ་དུ་ཕན། ཡང་ཐུན་ཆུང་རེ་ཆུ་བསྐོལ་གྱིས་ཕུལ་བས་རྡིལ་ནད་ཞི་བ་མྱུར་གྲུབ་བོ། ༥༣ །ཟ་འཕྲུག་གི་ནད་ལ་ཕོ་བ་རིས་མ་རི་ཙེ་དང་སིནྡྷུ་ར་གཉིས་ཆ་མཉམ་ཞིབ་བཏགས་མར་ལ་སྦྱར་བྱུགས་ཕན། ༥༤ གཉན་འབར་འབུར་ལ་ཉ་ལྕིབ་མེ་ལ་ཕྱེད་ཙམ་
བསྲེགས་པའི་ཐལ་བ་བའི་ཞོས་གཏའ་བྱས་ཐུན་ཆེ་ཙམ་ཉིན་བདུན་བར་བཏང་བས་ཕན། ༥༥ བུད་མེད་ཀྱི་མཚན་མ་ཆུང་ངུར་གཏོང་ན། གླ་རྩི་རུ་རྟ་ཞིབ་བཏགས་ཆ་མཉམ་སྦྲང་རྩིའི་རིལ་བུ་སྐྱུ་རུ་ར་ཙམ་བསྒྲིལ་མཚན་མར་བཅུག་པས་གྲུབ་བོ། །༥༦ ཡང་སྐྱེས་པའི་ཕོ་རྟགས་སྦོམ་རིང་མཁྲང་འདོད་ན། སོ་མ་རཱ་ཙ་དང་ཐང་ཕྲོམ་ཆ་སྙོམས་ཨ་མ་ཕ་ལའི་ཁུ་བ་དང་མཉམ་དུ་འདམ་བཏགས་བྱས་པ་རིལ་བུ་གྲིབ་སྐམ་བྱས། སྐྱེས་པ་གཞན་དར་མའི་ཆུ་ལ་ཞོ་ཙམ་བདར་བ་རིང་པར་ཕོ་རྟགས་ཀྱི་རྒྱབ་དང་། སྦོམ་མཁྲང་སྐྱེར་ལོ་མན་ཡོངས་རྫོགས་ལ་བྱུགས་པས་གྲུབ་བོ། །༥༧ རང་གི་ཁྲག་དང་། གྷི་ཝཾ་གིས་དཔྲལ་བར་ཐིག་ལི་བྱས་པས་གང་མཐོང་བའི་བུད་མེད་དབང་དུ་འགྱུར་རོ། །༥༨ ཨ་ར་ཛ་ར་ཀོ་ནི་ད་བ་རེ། ཨ་ར་ཛ་ར་གོ་ར་པ་ལ་བ་ཏི་ནི་ད་བ་རེ་དོ་ཧ་ཨི་ཧ་ནུ་མནྠ་ཀི། མེ་རི་བྷ་ཀྟི་གུ་ར་ཀི་ས་ཀྟི། ཕུ་རི་མནྟྲ་ཨི་ཤྭ་ར་པ་ཙ། ཡ་མས་མགོ་བོ་ཕྱེད་ན་བ་ལ་མི་གཞན་ཞིག་ལ་མགོ་བོ་ན་སར་འཛིན་དུ་བཅུག་ལ་རང་གིས་སྔགས་འདི་ཚར་བདུན་མ་སོང་བར་གྲི་རྩེས་ས་ལ་རི་མོ་མིག་མང་རིས་གང་མང་བྲིས། སྔགས་གྲངས་ཚང་བ་དང་། གྲི་རྩེ་རི་མོའི་དཀྱིལ་དུ་བཙུགས་ལ་ནད་གང་དུ་འདུག་དྲིས། གཞན་དུ་འཕོས། འདུག་ན་དེ་ནས་བཟུང་ལ་སྔར་ལྟར་བྱས་པས་ཟུག་གཟེར་འཕྲལ་དུ་ཆག་ནས། ནད་མེད་བདེ་བར་འགྱུར་བ་མྱོང་གྲུབ་བོ། །༥༩ སྔར་སྤྱོད་ཀྱི་སྐྱོན་ཡོན་དང་མདངས་བཟང་ངན་
འགྱུར་སོང་ན་ཀླུ་གདོན་གྱི་ནད་ཞུགས་པ་ཡིན་པས། སོར་མོ་ཉི་ཤུའི་སེན་སྙིང་མཚམས་དང་། སྐྲ་མཚམས་སུ་ཕྲེད་ལ་སོར་ལྔ། སེར་མདོག་ཐོན་ཙམ་བསྲེགས་པས་སེལ། ༦༠ ཚིགས་པ་དྲུག་པའི་ཕན་ཚུན་སོར་བཞི་རེ་གཅལ་བ་རྩ་ཧྲང་ངེ་ཡོད་པ་དེའི་ནང་དེ་བས་སུ་མེ་བཙའ་བཞག་ན་ཁྲག་རླུང་གིས་མགོ་ན་བ་དང་རྩ་དཀར་ལ་ཕན། ༦༡ བཅོ་བརྒྱད་པའི་གཡས་གཡོན་སོར་གསུམ་དང་ཁ་གསུམ་མེ་བཙའ་བཞག་པས། རླུང་། གྲང་བ། རྐེད་པ་ན་པ། མཁལ་རྩ་དྲལ་བ་རྣམས་ལ་ཕན། ༦༢ ཚིགས་པ་ལྔ་དྲུག་བདུན་མདུན་གྱི་དཀར་ནག་མཚམས་རྣམས་སུ་མེ་བཙའ་བཞག་པས་བྲང་ཚ་བ་དང་། སྟོད་ན་བ་སོགས་ལ་ཕན། ༦༣ སྟོད་འཚང་ལ་དེ་བཞིའི་སྟེང་རྐེ་སྟོང་ཅ་ར་ཁུང་དང་ལྔར་བཞག་པས་ཕན། ༦༤ པུས་མོར་ཚིགས་ཆུ་འདུག་ནས་བརྐྱང་བསྐུམ་དཀའ་བ་ལ་ལྷ་ངའི་ཕྱོགས་བཞིར་མེ་གདབ། ༦༥ རྨ་རྒན་ཡུན་རིང་འཚོར་མ་འདོད་པ་ལ་བྱ་རོག་བྲུན་མེར་བསྲེགས་དུ་བ་བདུག་ན་ཕན། ༦༦ མིག་ལྕིབས་སྐྲངས་པ་སོགས་སྲིན་སྐྲངས་རིགས་ལ་ཁ་ཤའི་ར་རྡོ་ལ་བདར་བའི་ཚུགས་ཚ་མོས་ཕན། ༦༧ རྒྱ་ཐོར་ལ། བཙན་དུག མི་ཡི་དྲི་ཆེན། སྨྱུག་ཤུན་ཇ་ཡི་མགོར་ཡོད་པ་དེ་ཨུག་ཆོས་འབྲས་བུ་དང་བཞི་ནུས་བསྲེགས་ཐལ་བ་རྨ་ལ་སྐམ་འདེབས་སམ། ཕག་ཚིལ་སྦྱར་ཏེ་བྱུགས་པས་ཤིན་ཏུ་ཟབ། ༦༨ ཤིག་རྒྱུན་བཅད་པ་ལ། རྒྱ་སྐྱེགས། གླ་རྩི་སྤྲུ་སྐྱ་
རྣམས་ཆང་དུ་བཏབ་ལ་དྲོད་ཕབས་ཏེ་ཞག་གཅིག་བསྙལ། དེ་ནས་རང་ལ་ཤིག་མེད་པར་བྱས་ན་ནང་སྔ་མོ་ཞོག་པ་གསུམ་ལ་ཁྱེམ་ཆེན་གང་རེ་འཐུང་། མི་འཁྲུགས་པའི་གཟུངས་བརྒྱ་རེ་འདོན། དེས་ལོ་གསུམ་ཤིག་མཚམས་ངེས་པར་ཆོད་ཟབ། ༦༩ ཤ་བའི་ཤ་སྐམ་པོ་དང་རའི་འོ་མར་སྦྱར་བ་བཏུང་བས་གཟའ་ནད་སེལ། ༧༠ ལྕགས་ཕྱེ་གཡའ་མེད་ཨ་རུའི་ཁུ་བར་བཞུས་པའི་ནང་དུ་སྐྱུ་རུ་ར་དང་ཤིང་མངར་གྱི་ཕྱེ་མ་བཏབ་པས་རིལ་བུ་སྲན་འཕོས་ཙམ་རེ་ཞོག་སྔར་ཟོས་པས་མིག་གི་རབ་རིབ་མཐའ་དག་སེལ་ལོ། །༧༡ མར་ཁུའི་དྭངས་མ་བུ་རམ་དང་སྦྱར་བས་རླུང་ནད་མ་ལུས་སེལ། ༧༢ འབྲས་གསུམ་གྱི་ཕྱེ་མ་མར་དང་སྦྲང་རྩི་སྦྱར་ལ་ཟོས་པས་ནད་ཐམས་ཅད་འཇོམས་ཞིང་དབང་པོ་གསལ། ༧༣ འཇམ་འབྲས་ལ་སྦུབ་བྱས་ནས་དངུལ་ཆུས་བཀང་སྟེ་སྲད་བུས་སྐེད་པ་ལ་བཅིངས་ན་ཁུ་བ་འཛིན་ནོ། །ཡང་ན་མགྲོན་བུའི་ནང་དུ་དངུལ་ཆུས་བཀང་ནས་ཁར་བཅུག་པས་དེ་བཞིན་ནོ། །ཡང་ཟངས་རྩི་དཀར་པོའི་ཁཎྚ་བྱས་ནས་ནང་རེ་རིལ་བུ་རེ་ཟོས་པས་ཀྱང་དེ་བཞིན་ནོ། །༧༤ ཕུག་རོན་གྱི་བྲུན་སྦྲང་རྩིར་བཏབ་ནས་ལིངྒ་ལ་བསྐུས་པས་འདོད་པའི་བུད་མེད་དེ་ཁྲག་འཛག་པར་བྱེད་དོ། །༧༥ དབྱར་རྩ་རྒུན་འབུ་མ་བརྡུང་པ་ཕུལ་དོ་འོ་མར་བཏབ། དེ་ནང་ཐང་ཕྲོམ་དཀར་པོ་ས་ཤིན་ཏུ་བསིལ་བར་སྐྱེས་པའི་རྩ་བ་ལུག་རིལ་ཙམ་དང་། ར་ལུག་གང་རུང་གི་ཐུག་འབྲས་ཡ་གཅིག་
བཅས་བཏབ་ལ་དལ་བུས་འོ་མར་རང་ཐིམ་དུ་བཙོས་ནས་གསུམ་ཀ་འདམ་འཐག་བྱས་ཏེ་རིལ་བུ་གླ་རིལ་ཙམ་བྱས་པ་བརྟེན་པས་འདོད་པ་མེ་ལྟར་འབར་ནས་རོ་ཙ་བའི་མཆོག་ཏུ་འགྱུར་རོ། །༧༦ རྩ་དུ་རྦ་ལ་ཡེ་དྷར་བཟླས་ནས་བྱིན་གྱིས་བརླབས་ཏེ་ཟོས་ན་ཚེ་འཕེལ་ལོ། །༧༧ དུས་སྙིགས་མའི་གཉན་རིམས་པརྦ་ཏའམ་ནག་པོ་སུམ་སྒྲིལ་སོགས་སུ་གྲགས་པ་རྐེ་སྐྲངས་པའམ། ཁོང་ལྷོག་ཏུ་བབས་ཏེ་གློ་བུར་དུ་འཆི་བའི་གཉན་རིམས་ལ་ཕུར་ནག་གི་ཐང་ལ་གླ་རྩི་བཏབ་པ་ཡང་ཡང་བཏུང་བ་འདི་ཁོ་ནས་ཕན། ༧༨ མིག་ན་བར་རྐང་པ་ཆུས་དག་པར་བཀྲུས་ལ་ཚིལ་ཆེན་གྱིས་བྱུགས། སྐེ་ལ་ལུང་ཐང་ནག་པོ་ཞིག་བཏགས། ཚྭ་རྡོག་པོ་གཅིག་ལག་ཏུ་ཐོགས་ལ་ཚེས་བཅོ་ལྔའི་ཟླ་བ་མིག་གིས་ཡུན་རིང་ཙམ་དུ་བལྟའོ། །༧༩ སྐྱིགས་བུ་མ་ཆོད་ན་རང་གི་ལག་པའི་མཐེ་བོང་དང་སྲིན་ལག་གིས་བར་དུ་ཡུངས་ཀར་སེར་པོ་མནན། །༧༩ མགོ་ན་ན་མེ་ལོང་གི་ནང་དུ་མགོ་ཡི་གཟུགས་བརྙན་འཆར་བཅུག་ལ་བཙོད་ཀྱི་མེས་བསྲེགས་པའི་ཐལ་བ་དེ་རྨ་བྱའི་སྒྲོས་ཕྱག་གོ ། ༨༠ མཇིང་པ་ན་ན་སྔས་འོག་སྲོ་མའི་ཐི་གུ་བཞག བལ་ཐིག་ཞིག་རྐེ་ལ་བཏགས། ༨༡ མཆིན་ནད་ཤིན་ཏུ་ཆེ་ན་ཨ་མྲྀ་ཏ་ཐུན་བཅུ་གཉིས་ཁོང་དུ་བཏང་། ༨༢ རླུང་ལ་མི་རུས་ལྷ་བ་ཅན་གྱི་དུ་བ་སྣར་བདུག ༨༣ མཁྲིལ་པ་ལ་ཀོ་ཀྲད་ཀྱི་དུ་བ་བདུག ༨༤ བད་ཀན་ལ་ར་ཡི་ཀླད་པ་བདུག ༨༥ འཁྲུགས་ལ་བདུད་རྩི་བསྲེག་
པའི་དུ་བ་བདུག༨༦ མིག་སེར་ལ་བྷོ་དྷི་རྩེ་བསྲེགས་པའི་དུ་བ་བདུག ༨༧ གཟེར་ནད་ལ་ཤ་བའི་རྭ་ཡི་དུགས་དང་དུ་བ་བྱའོ། །ཀླད་པ་ལ་ནད་ཞུགས་ན་གནམ་སྟོང་གི་ནུབ་མོར་ཕྱ་ཚང་ཀུ་བ་མགོ་ལ་བརྡེག་གོ ། ༨༩ སྙིང་ལ་ནད་ཞུགས་ན་ཀཱ་པ་ལ་མཚན་ལྡན་བྲང་ལ་བཀབ་པ་ལ་བྱིན་རླབས་ལྡན་པའི་བླ་མས་རྡོག་པས་རྡེག་ན་སོས། ༩༠ བྱིས་པ་ཆུང་ངུ་ན་ན་སྤྱི་གཙུག་མགྲོན་བུ། སྐེ་ལ་སྲན་མ། དཔུང་གཡོན་བལ་དམར་སྐུད་པ་སུམ་སྒྲིལ་བཏགས། ༩༡ དར་མ་ན་ན། ཟོར་བ་དང་ཐག་པ་སྦྲེལ་ནས་ཁོ་རང་གི་ཡིད་དུ་འོང་བ་གཅིག་གིས་གང་ན་སར་གླན་པས་སོས་སོ། ༩༢ །བུ་མོ་ན་ན་ཞང་པོའི་གཞུ་མཆོག་ལ་སོ་འདེབས་སུ་འཇུག་ཅིང་། ཐི་གུ་སྔོ་དམར་གྱིས་དཀྲིས་ལ་ཞང་པོའི་ཕྱོགས་སུ་གླན་པས་སོས་སོ། །༩༣ རྒན་རྒོན་ན་ན་རང་འཐག་གི་ཁར་སྒྱེད་པུ་བཞག་ལ། ཕྱིན་ཀ་ལོགས་སུ་བསྐོར་བ་བྱས་ནས་སོས་སོ། །༩༤ ཤིང་འཛེར་ཡན་ལག་ལ་ཟུག་ན་ཁྲག་འོང་བ་རང་གི་ཁས་འཇིབས་པས་ཕན། ༩༥ དུག་སྦྲུལ་གྱིས་རྨུག་ན་སྲེ་མང་ལྤགས་པ་བསླན་པས་ཕན། ༩༦ ཁྱི་སྨྱོན་གྱིས་རྨུག་ན་མི་ཞུན་བྱུགས། ༩༧ ཁྱི་ཡི་སོས་བཏབ་ན་འབྲས་བཏགས་པའི་ཕྱེ་མ་བྱུགས། ༩༨ གཟེར་ནད་བྱུང་ན་དར་སྐུད་སྔོ་དམར་གྱི་གླུད་བྱས་པའི་གང་ན་སར་ཁབ་ཀྱིས་ལོ་གྲངས་འདྲེན། ༩༩ མིག་ཏུ་རྡུལ་སོང་ནས་ཚབས་ཆེ་ན་ཆུ་རྒྱུན་ཕྲའུ་དལ་བུས་རྒྱུན་མ་ཆད་པར་མིག་ཏུ་
གཏིག །༡༠༠ སྦྲིད་པ་འདོན་མ་ཐུབ་པར་གདོང་སྦྲིད་ན་དེ་མ་ཐག་ཉི་མ་ལ་བལྟའོ། །༡༠༡ སྣ་ཆམས་བྱུང་འཕྲལ་གཞན་ལ་མ་བརྗོད་གོང་ཁང་སྟོང་ངམ། ལྷྭམ་ནང་དུ་ཁ་མཆུ་བཅུག་ལ་ཨ་ཁུང་ལ་ཆམས་པ་བྱུང་ཞེས་གཞན་གྱིས་མ་ཐོས་ཙམ་བརྗོད། ལྷྭམ་ནང་བཅུག་ན་ལྷྭམ་གྱི་སྣ་ཕར་འཕུར་ཚུར་འཕུར་ལན་གསུམ་བྱ་དེས་ཕན། ཡང་ན་རྐང་གཡས་མཐེ་བོས་སྣ་གཡོན་ལན་གསུམ་མཉེ། གཡོན་པའི་མཐེ་བོས་སྣ་གཡས་ལན་གསུམ་མཉེ། དེས་ཕན། ཡང་ན་བྱུང་འཕྲལ་རྩམ་པའམ་ཡོས་ཀྱི་དུ་བས་ནན་ཆེར་བདུག་པས་སྣ་ཆམ་ཕྲན་བུ་ལམ་ནས་ལྡོག ༡༠༢ བྱ་ཐི་བའི་སྒོང་རྐང་པ་ལ་བྱུགས་ན་སེར་ཀ་མི་འོང་། ༡༠༣ ཐང་ཕྲོམ་འབྲས་བུ། གཡེར་མ། ལྡུམ་བུ་རེ་རལ་གསུམ་གྲིབ་སྐམ་བྱས་མར་ཁ་ཚ་བ་དང་སྦྱར་ནས་ལུས་ལ་བྱུགས་ན་ལྗི་བས་མི་ཟ། སྲོ་ལོ་དཀར་པོ་དང་ལོ་བཙན་འཐེང་བོ་གཉིས་ཞིབ་ཏུ་བྱས་པའི་ཕྱེ་མ་ལྡེ་གུ་ལུས་ལ་བྱུགས་ན་ཁྱི་ཤིག་གིས་མི་ཟ། གཙོད་ཁྲག་མར་རྙིང་ད་ར་སྦྱར་ནས་བྱུགས་ན་ལྗི་བས་མི་ཟ་བ་མྱོང་གྲུབ། ༡༠༤ སྤང་རྒྱན་མེ་ཏོག་རང་གི་མགོ་ལ་བཙུགས་ན་སྦྲང་བུས་སོས་མི་འདེབས། ༡༠༥ ཞུ་མཁན་འབྲས་བུ། ཤ་དོར་བའི་རྩ་བ། ཁ་རུ་ཚྭ། ཡུངས་ཀར་ཚིལ་གྱིས་ལུས་ལ་བྱུགས་ན་དྲི་མི་ཆགས། ༡༠༦ བསེ་དྲི་འདོན་ཐབས་དང་གཉིད་ཆུང་ཐབས་ལ་དང་པོ་བུལ་ཏོག་གི་ཆུས་བཀྲུས། དེའི་ཤུལ་དུད་པ་བྱ་བལ་མ་དང་སྲན་མའི་མེ་
ཏོག་ཞིབ་བཏགས་བུ ལ་ཏོག་གི་ཆུར་སྦྱར་ཏེ་བྱུགས་ན་བསེ་དྲི་ངེས་པར་འདོན། ཡང་ན་ཤུགས་ཐལ་བྱུག་གོ། ཨོཾ་ཏྲི་དེ་ཐིབ་ཐིབ་སང་སང་སྭཱ་ཧཱ༔ སྔགས་དེ་རྒྱུན་དུ་བཟླས་ན་གཉིད་ཆུང་། ཚ་བས་ཧ་ཅང་རྨུགས་ན་ག་བུར་ཅུ་གང་ཏིགྚའི་གྲང་ཐང་འཐུང་ན་གཉིད་མེད། ཡང་སླེ་ཏྲེས་ལུག་མིག་གཉིས་བཏགས་ཏེ་དཔུང་པ་ལ་བཀུས་ན་གཉིད་མེད། ཡང་ལུག་མིག་སྐམ་པ་ཞིབ་བཏགས་དཔྲལ་བར་བཀུས་ན་གཉིད་ཆུང་། ༡༠༧ གདོང་མཛེས་པ་དང་ཡིད་དུ་འོང་བ། དབང་དུ་བྱེད་པའི་རྫས་ལ། རུ་རྟ། མུ་ཟི་སེར་པོ། ཐང་ཕྲོམ་བ་ཆུའམ་སྦྲང་སྦྱར་བྱུགས་པས་གདོང་གི་སྐྱོན་དག་ནས་པདྨ་གཞོན་ནུའི་མདངས་དང་ལྡན། བཙོད་སྐྱེར་པའི་བར་ཤུན་ལྡོང་རོས་བཙག་ཡུག་རྣམས་འོ་མར་བསྐོལ་བའི་ལྡེ་གུས་གདོང་ཉི་མ་འཆར་ཀ་བཞིན་དུ་མཛེས། ཡུངས་ཀར། བཙོད། བཙག་ཡུག་ལྡོང་རོས་ར་འོའི་ལྡེ་གུས་གདོང་ཟླ་བའི་མདོག་བཞིན་ནོ། །༡༠༨ མི་སྦལ་པ་བྱ་རྒོད་གསུམ་གྱི་རུས་པ་མཉམ་སྦྱོར་ཕོ་མོ་གང་ལ་བསྐུས་པ་དེ་ཡིད་དུ་འོང་། མིའི་ལྕེ་སྐམ་ཆུ་གྲང་དང་སྦྱར་ནས་བཏུང་ན་ལྷ་མོའང་དབང་དུ་འགྱུར་རོ། །བྱིས་པ་སོ་མ་སྐྱེས་པའི་ལྕེ་གྷི་ཝཾ་དང་སྦྱར་ནས་དཔྲལ་བར་ཐིག་ལེ་བྱས་པས་གང་བལྟས་པ་དང་ཁམས་གསུམ་པོའང་དབང་དུ་འདུ་བར་འགྱུར་རོ། །འདིར་སྨྲས་པ། དེ་ལྟར་རྒྱལ་དང་རྒྱལ་སྲས་ཀྱི། །ཕན་བྱེད་ལུང་གི་རྒྱ་མཚོ་ལས། །ཉེར་མཁོ་སྨན་གྱི་ཕྲེང་བ་བླངས། །འཚོ་བྱེད་མགུལ་པའི་རྒྱན་དུ་འབུལ། །ཞེས་
པའང་རྒྱུད་ཆེན་ཡན་ལག་དང་བཅས་པ་མང་དུ་ཐོས་ཤིང་། རྒྱ་བོད་བཀའ་གཏེར་གྱི་མན་ངག་སྣ་ཚོགས་པའི་དོ་ཤལ་མགྲིན་པར་དཔྱངས་པའི་འཚོ་བྱེད་དུ་མའི་རེ་བ་སྐོང་བའི་གསོས་སུ་དམིགས་ནས། བརྒྱ་རྩ་བརྒྱད་ཀྱི་གྲངས་ལྡན་གྱི་སྨན་ཕྲེང་འདིའང་ཚེ་རིག་འཛིན་པའི་མིང་ཅན། མི་ཕམ་རྣམ་རྒྱལ་རྒྱ་མཚོ་ཞེས་པས་ཟླ་ཀླུང་དལ་འབབ་ཀྱི་འགྲམ་མོ་ཧོར་དགོན་གསང་སྔགས་བཤད་སྒྲུབ་ཆོས་གླིང་དུ་བྲིས་པ་མངྒ་ལཾ།། ༄། །རྩ་རྒྱུད་རྡེའུ་འགྲེམ་མྱ་ངན་མེད་པའི་ལྗོན་པ་ཞེས་བྱ་བ་བཞུགས་སོ། །ན་མོ་མཉྫུ་ཤྲཱི་བྷཻ་ཥ་ཛྱ་རཱ་ཛཱ་ཡ། འདིར་རྩ་བ་ཐུགས་ཀྱི་བརྗོད་བྱ་ཐམས་ཅད་དཔེ་མྱ་ངན་མེད་པའི་ལྗོན་ཤིང་གི་ཚུལ་དུ་རྡེའུ་འགྲེམ་པ་ལ། གནས་ལུགས་ནད་གཞིའི་རྩ་བ། ངོས་འཛིན་རྟགས་ཀྱི་རྩ་བ། གསོ་བྱེད་ཐབས་ཀྱི་རྩ་བ་དང་གསུམ་ལས། དང་པོ་ཆུ་དང་ཆབ་རོམ་གྱི་ཚུལ་དུ་གནས་པ་གནས་ལུགས་ནད་གཞིའི་རྩ་བ། ཞེས་རྡེའུ་གཅིག་བཞག་གོ། རྩ་བ་དེ་ལ་སྡོང་པོ་དུ་ཡོད་ཐད་དཀར་ཆ་མཉམ་པར་བསྒྲིགས། སྡོང་པོའི་སྟེང་རང་རང་གི་ཡལ་ག་དུ་ཡོད་ཐད་དཀར་བསྒྲིགས། ཡལ་གའི་སྟེང་དུ་རང་རང་གི་ལོ་མ་དུ་ཡོད་སྟེང་དུ་བརྩེགས་ཏེ་བསྒྲིགས། དགོས་པ་དང་ཉིང་དགོས་མཚོན་པའི་མེ་འབྲས་ལྔ་པོ་ཟུངས་བདུན་གྱི་ལོ་མའི་རྩེར་རྒྱུ་སྐར་སྣར་མའི་དབྱིབས་ལྟར་བཞག །རྩ་སྡོང་སོགས་རྡོ་ཆེ་ཆུང་རིམ་པར་ཕྱེད་ཅིང་མེ་འབྲས་ལྔ་པོ་རྡོ་དཀར་བཞག་སྲོལ་མཛད་དོ། །རྩ་བ་དེ་ལས་གྱེས་པའི་སྡོང་པོ་གཉིས་ཡོད་པ་ནི། རྣམ་པར་མ་གྱུར་པ་ལུས་ཆུ་ལྟར་དུ་གནས་པའི་སྡོང་པོ༑ རྣམ་པར་གྱུར་པ་ལུས་ཆབ་རོམ་ལྟར་དུ་གནས་པའི་སྡོང་པོ་གཉིས་སོ། །
རྣམ་པར་མ་གྱུར་བའི་སྡོང་པོ་དེ་ལས་གྱེས་པའི་ཡལ་ག་གསུམ་ཡོད་པ་ནི། ནད་རླུང་མཁྲིས་བད་ཀན་གསུམ་གྱི་ཡལ་ག་ལུས་ཟུངས་བདུན་གྱི་ཡལ་ག་དྲི་མ་གསུམ་གྱི་ཡལ་གའོ། །ནད་ཀྱི་ཡལ་རྒྱས་པའི་ག་ལས་ལོ་མ་བཅོ་ལྔ་ཡོད་པ་ནི། རླུང་སྲོག་འཛིན་སྤྱི་བོར་གནས་པའི་ལོ་མ། གྱེན་རྒྱུ་བྲང་ལ་གནས་པའི་ལོ་མ། ཁྱབ་བྱེད་སྙིང་ལ་གནས་པའི་ལོ་མ། མེ་མཉམ་ཕོ་བ་ལ་གནས་པའི་ལོ་མ། ཐུར་སེལ་གཞང་ལ་གནས་པའི་ལོ་མ་སྟེ་རླུང་ལྔ། མཁྲིས་པ་འཇུ་བྱེད་ཞུ་དང་མ་ཞུའི་བར་ན་གནས་པའི་ལོ་མ། མདངས་བསྒྱུར་མཆིན་པ་ལ་གནས་པའི་ལོ་མ། སྒྲུབ་བྱེད་སྙིང་ལ་གནས་པའི་ལོ་མ། མཐོང་བྱེད་མིག་ལ་གནས་པའི་ལོ་མ། མདོག་གསལ་ལྤགས་ལ་གནས་པའི་ལོ་མ་སྟེ་མཁྲིས་པ་ལྔ། བད་ཀན་རྟེན་བྱེད་བྲང་ལ་གནས་པའི་ལོ་མ། མྱགས་བྱེད་ཕོ་བ་ལ་གནས་པའི་ལོ་མ། མྱོང་བྱེད་ལྕེ་ལ་གནས་པའི་ལོ་མ། ཚིམ་བྱེད་མགོ་ལ་གནས་པའི་ལོ་མ། འབྱོར་བྱེད་ཚིགས་མིག་ཀུན་ལ་གནས་པའི་ལོ་མ་བཅས་བད་ཀན་ཏེ་ཁྱོན་བཅོ་ལྔའོ། །གཉིས་པ་ལུས་ཟུངས་ཀྱི་ཡལ་ག་རྒྱས་པའི་ལོ་མ་བདུན་ཡོད་པ་ནི། ཁ་ཟས་བཟའ་བཏུང་གི་དྭངས་མའི་ལོ་མ། དེའི་དྭངས་མ་ཁྲག་གི་ལོ་མ། དེའི་དྭངས་མ་ཤའི་ལོ་མ། དེའི་དྭངས་མ་ཚིལ་གྱི་ལོ་མ། དེའི་དྭངས་མ་རུས་པའི་ལོ་མ། དེའི་དྭངས་མ་རྐང་གི་ལོ་མ། དེའི་དྭངས་མ་ཁུ་བ་དཀར་དམར་གྱི་ལོ་མ་
བཅས་ལུས་ཟུངས་བདུན་ནོ། །གསུམ་པ་དྲི་མའི་ཡལ་ག་ལ་ལོ་མ་གསུམ་ཡོད་པ་ནི། དྲི་མ་བཤང་བའི་ལོ་མ། དྲི་མ་གཅི་བའི་ལོ་མ། དྲི་མ་རྔུལ་བའི་ལོ་མ། དང་གསུམ་མོ་མཆན། དེ་ལ་སྤྱིར་ལུས་ཞེས་པ་ལ་ནད་མེད་དང་ནད་ཅན་གཉིས། ནད་མེད་པའི་ལུས་ཀྱང་ནད་ཟུངས་དྲི་མ་གསུམ་ཚོགས་པ་ཙམ་ཡིན་ལ། ནད་ཁམས་བཅོ་ལྔ་ཟུངས་བདུན་དྲི་མ་གསུམ་སྟེ་ཉེར་ལྔ་པོ་ཚོགས་པ་ལ་ལུས་ཞེས་བྱ་བ་དེས་མཚོན་ནས་རྩ་བ་དང་ཡན་ལག་གི་དབྱེ་བསྡུ་རྣམས་རྩ་སྡོང་ཡལ་ག་ལོ་མའི་ཚུལ་དུ་གཏན་ལ་ཕབ་ཤེས་པར་བྱའོ། །ད་ནི་གཉིས་པ་ཆབ་རོམ་ལྟར་ལུས་རྣམ་པར་གྱུར་པའི་སྡོང་པོ་ལ་གྱེས་པའི་ཡལ་ག་དགུ་ཡོད་པ་ནི། ནད་རྣམས་སྐྱེད་པར་བྱེད་པ་རྒྱུའི་ཡལ་གདེ་ལ་ལྷན་ཅིག་སྐྱེས་པ་རྐྱེན་གྱི་ཡལ་ག །རྒྱུ་རྐྱེན་ལྡན་པའི་ནད་ཉིད་འཇུག་པའི་སྒོ་དྲུག་གི་ཡལ་ག །ཞུགས་ནས་ལུས་ཀྱི་སྟོད་སྨད་བར་དུ་གནས་བཅས་པའི་ཡལ་ག །རྒྱུ་བར་བྱེད་པ་ལམ་གྱི་ཡལ་གན་སོ་ཡུལ་དུས་ཀྱི་དབང་གིས་ནད་འཕེལ་ཞིང་སྨིན་པའི་ཡལ་ག །འབྲས་བུ་སྲོག་གཅོད་པ་ནད་དགུ་ཡི་ཡལ་ག །བཅོས་ཉེས་སོགས་ཀྱི་རྐྱེན་ལས་ནད་གཞན་དུ་ལོག་པ་ལྡོག་རྒྱུ་བཅུ་གཉིས་ཀྱི་ཡལ་ག །མདོ་དོན་དྲིལ་ན་ཚ་གྲང་གཉིས་སུ་འདུ་བའི་ཡལ་ག་བཅས་དགུའོ། །དང་པོ་རྒྱུའི་ཡལ་ག་ལ་རྒྱས་པའི་ལོ་མ་གསུམ་ཡོད་པ་ནི། རྒྱུ་འདོད་ཆགས་ཀྱིས་རླུང་བསྐྱེད་པའི་ལོ་མ། ཞེ་སྡང་གིས་མཁྲིས་པ་བསྐྱེད་པའི་ལོ་མ། གཏི་མུག་གིས་བད་ཀན་སྐྱེད་པའི་ལོ་མ་དང་གསུམ་མོ། །གཉིས་པ་ལྷན་
སྐྱེས་རྐྱེན་གྱི་ཡལ་ག་ལ་ལོ་མ་བཞི་ཡོད་པ་ནི། དུས་དམན་ལྷག་ལོག་པའི་ལོ་མ། གདོན་གློ་བུར་དུ་འཚེ་བའི་ལོ་མ། ཁ་ཟས་བསིལ་དྲོད་མ་སྙོམས་པའི་ལོ་མ། སྤྱོད་ལམ་དྲག་དལ་མ་སྙོམས་པའི་ལོ་མ་བཅས་བཞིའོ། །གསུམ་པ་འཇུག་སྒོའི་ཡལ་ག་ལ་རྒྱས་པའི་ལོ་མ་དྲུག་ཡོད་པ་ནི། ནད་པ་གས་ལ་གྲམ་པའི་ལོ་མ། ཤ་ལ་རྒྱས་པའི་ལོ་མ། རྩ་ལ་རྒྱུ་བའི་ལོ་མ། རུས་ལ་ཞེན་པའི་ལོ་མ། དོན་ལ་བབ་པའི་ལོ་མ། སྣོད་དུ་ལྷུང་བའི་ལོ་མ་བཅས་དྲུག་ཡོད། བཞི་པ་གནས་ཀྱི་ཡལ་ག་རྒྱས་པའི་ལ་ལོ་མ་གསུམ་ཡོད་པ་ནི། བད་ཀན་ཀླད་པ་ལ་བརྟེན་སྟོད་ན་གནས་པའི་ལོ་མ། མཁྲིས་པ་མཆིན་མཁྲིས་ལ་བརྟེན་བར་ན་གནས་པའི་ལོ་མ། རླུང་དཔྱི་རྐེད་ལ་བརྟེན་སྨད་ན་གནས་པའི་ལོ་མ་བཅས་གསུམ་མོ། །ལྔ་པ་རྒྱུ་ལམ་གྱི་ཡལ་ག་རྒྱས་པའི་ལ་ལོ་མ་བཅོ་ལྔ་ཡོད་པ་ནི། རླུང་ལུས་ཟུངས་རྣམས་ཀྱི་ནང་ནས་རུས་པ་ལ་རྒྱུ་བའི་ལོ་མ། རླུང་དབང་པོ་རྣམས་ཀྱི་ནང་ནས་རྣ་བ་ལ་རྒྱུ་བའི་ལོ་མ། རླུང་སྙིགས་མ་རྣམས་ཀྱི་ནང་ནས་རེག་བྱའི་སྒོ་བ་སྤུ་ལ་རྒྱུ་བའི་ལོ་མ། རླུང་དོན་རྣམས་ཀྱི་ནང་ནས་སྙིང་དང་སྲོག་རྩར་ཞར་ལྷུང་དུ་རྒྱུ་བའི་ལོ་མ། རླུང་སྣོད་རྣམས་ཀྱི་ནང་ནས་ལོང་ལ་རྒྱུ་བའི་ལོ་མ་སྟེ་རླུང་གི་རྒྱུ་ལམ་ལྔ། མཁྲིས་པ་ལུས་ཟུངས་རྣམས་ཀྱི་ནང་ནས་ཁྲག་ལ་རྒྱུ་བའི་ལོ་མ། མཁྲིས་པ་དྲི་མ་རྣམས་ཀྱི་ནང་ནས་རྒྱུས་པ་ལ་རྒྱུ་བའི་ལོ་མ། མཁྲིས་པ་དབང་པོ་རྣམས་
ཀྱི་ནང་ནས་མིག་ལ་རྒྱུ་བའི་ལོ་མ། མཁྲིས་པ་དོན་རྣམས་ཀྱི་ནང་ནས་མཆིན་པ་ལ་རྒྱུ་བའི་ལོ་མ། མཁྲིས་པ་སྣོད་རྣམས་ཀྱི་ནང་ནས་སྣོད་མཁྲིས་དང་རྒྱུ་མར་རྒྱུ་བའི་ལོ་མ་སྟེ་མཁྲིས་པའི་རྒྱུ་ལམ་ལྔ། བད་ཀན་ལུས་ཟུངས་རྣམས་ཀྱི་ནང་ནས་དྭངས་མ་དང་ཤ་ཚིལ་རྐང་དང་ཁུ་བར་རྒྱུ་བའི་ལོ་མ། བད་ཀན་སྙིགས་མ་རྣམས་ཀྱི་ནང་ནས་བཤང་གཅི་ལ་རྒྱུ་བའི་ལོ་མ། བད་ཀན་དབང་པོ་རྣམས་ཀྱི་ནང་ནས་སྣ་ལྕེ་ལ་རྒྱུ་བའི་ལོ་མ། བད་ཀན་དོན་རྣམས་ཀྱི་ནང་ནས་གློ་མཚེར་མཁལ་མར་རྒྱུ་བའི་ལོ་མ། བད་ཀན་སྣོད་རྣམས་ཀྱི་ནང་ནས་ཕོ་བ་དང་སྒང་པར་རྒྱུ་བའི་ལོ་མ་སྟེ་བད་ཀན་གྱི་རྒྱུ་ལམ་ལྔ་སྟེ་ཁྱོན་བཅོ་ལྔའོ། །དྲུག་པ་ནད་སྨིན་པར་བྱེད་པ་ན་སོ་ཡུལ་དུས་ཀྱི་ཡལ་ག་རྒྱས་པའི་ལ་ལོ་མ་དགུ་ཡོད་པ་ནི། རྒས་པ་རླུང་གི་མི་ཡིན་པའི་ལོ་མ། དར་མ་མཁྲིས་པའི་མི་ཡིན་པའི་ལོ་མ། བྱིས་པ་བད་ཀན་གྱི་མི་ཡིན་པའི་ལོ་མ་བཅས་ན་སོའི་དབྱེ་བ་གསུམ། ངད་ཅན་གྲང་བ་རླུང་གི་ཡུལ་ཡིན་པའི་ལོ་མ། སྐམས་ས་ཚ་གདུང་ཆེ་བ་མཁྲིས་པའི་ཡུལ་ཡིན་པའི་ལོ་མ། རླན་ཅན་སྣུམ་བག་ལྡན་པ་བད་ཀན་གྱི་ཡུལ་ཡིན་པའི་ལོ་མ་བཅས་ཡུལ་གྱི་དབྱེ་བ་གསུམ། རླུང་ནད་དབྱར་དུས་དང་དགོང་དང་ཐོ་རངས་ལྡང་བའི་ལོ་མ། མཁྲིས་པ་སྟོན་གྱི་དུས་དང་ཉིན་གུང་མཚན་གུང་ལྡང་བའི་ལོ་མ། བད་ཀན་དཔྱིད་ཀྱི་དུས་དང་སྲོད་དང་སྔ་དྲོ་ལྡང་བའི་ལོ་མ་སྟེ་དུས་ཀྱི་དབྱེ་བ་གསུམ་བཅས་ཁྱོན་དགུའོ། །བདུན་
པ་འབྲས་བུ་སྲོག་གཅོད་པ་ནད་དགུའི་ཡལ་ག་རྒྱས་པའི་ལ་ལོ་མ་དགུ་ཡོད་པ་ནི། ལུས་ཟུངས་ཟད་ནས་སྨན་སྤྱད་མི་བཏུབ་པའི་ལོ་མ། འབྱུང་པོའི་གདོན་གྱིས་རྣམ་པར་འཚེ་བས་ཚེ་སྲོག་ཟིན་པའི་ལོ་མ། དུས་ལས་འདས་ཏེ་རླུང་ནད་སྲོག་རྟེན་ཆད་པའི་ལོ་མ། ཚ་བ་ལ་འདས་པའི་ལོ་མ། གྲང་བ་གཏིང་དུ་མཁར་བའི་ལོ་མ། ཚེ་དང་ལས་དང་བསོད་ནམས་ཏེ་འཚོ་བ་གསུམ་ཟད་པའི་ལོ་མ། ཚ་གྲང་གི་འདུ་བ་གཅིག་ཆོས་ན་གཅིག་སྐྱེ་བ་ལྟ་བུ་འདུ་བ་གཤེད་དུ་བབ་པའི་ལོ་མ། སྨན་དཔྱད་སོགས་ལོག་པའི་སྦྱོར་བ་མཚུངས་པས་ནད་ཀྱི་སྟོབས་བསྐྱེད་ནས་སྲོག་ལ་རྒོལ་བའི་ལོ་མ། ནད་སྲོག་གི་གནད་དུ་བབ་པའི་ལོ་མ་དགུའོ། །བརྒྱད་པ་ལྡོག་རྒྱུའི་ཡལ་ག་ལ་རྒྱས་པའི་ལོ་མ་བཅུ་གཉིས་ཡོད་པ་ནི། རླུང་ཞི་ནས་མཁྲིས་པར་ལྡོག་པའི་ལོ་མ། རླུང་ཞི་ནས་བད་ཀན་དུ་ལྡོག་པའི་ལོ་མ། མཁྲིས་པ་ཞི་ནས་རླུང་དུ་ལྡོག་པའི་ལོ་མ། མཁྲིས་པ་ཞི་ནས་བད་ཀན་དུ་ལྡོག་པའི་ལོ་མ། བད་ཀན་ཞི་ནས་རླུང་དུ་ལྡོག་པའི་ལོ་མ། བད་ཀན་ཞི་ནས་མཁྲིས་པར་ལྡོག་པའི་ལོ་མ། ཡང་རླུང་མ་ཞི་ནས་མཁྲིས་པར་ལྡོག་པའི་ལོ་མ། རླུང་མ་ཞི་ནས་བད་ཀན་དུ་ལྡོག་པའི་ལོ་མ། མཁྲིས་པ་མ་ཞི་ནས་བད་ཀན་དུ་ལྡོག་པའི་ལོ་མ། བད་ཀན་མ་ཞི་བར་རླུང་དུ་ལྡོག་པའི་ལོ་མ། བད་ཀན་མ་ཞི་བར་མཁྲིས་པར་ལྡོག་པའི་ལོ་མ་བཅས་བཅུ་གཉིས་སོ། །དགུ་པ་མདོ་
དོན་དྲིལ་བའི་ཡལ་ག་རྒྱས་པའི་ལ་ལོ་མ་གཉིས་ཡོད་པ་ནི། རླུང་དང་བད་ཀན་གཉིས་ཀྱི་ངོ་བོ་གྲང་བ་ཆུ་ཡིན་པའི་ལོ་མ། ཁྲག་དང་མཁྲིས་པ་ཚ་བ་མེ་ཡིན་པའི་ལོ་མ་གཉིས་སོ། །སྲིན་དང་ཆུ་སེར་གཉིས་ཚ་གྲང་ཐུན་མོང་འགྱུར་བ་ཅན་ཡིན་པ་སྒེར་ཐུབ་ཀྱི་ལོ་མ་མེད་དོ། །སྲིན་དང་ཆུ་སེར་སོགས་ཚ་བའང་ཡོད་གྲང་བའང་ཡོད་པས་རིགས་གང་ཡིན་ཀྱང་དེར་འདུ་སྟེ་ཚ་གྲང་ནི་དོན་འགལ་ཡིན་པས་གཉིས་ཀ་ཡིན་པའི་ཕུང་གསུམ་མེད་དེ་སྨུག་པོ་ཚ་གྲང་གི་ནད་སོ་སོ་རང་ས་ན་ཡོད་ཀྱི་ངོ་བོ་འདྲེས་པ་མེད་དོ། །ལྗོན་ཤིང་སྔ་མའི་ཚུལ་རྫོགས་སོ། །ད་ནི་གཉིས་པ་མེ་དང་དུ་བའི་ཚུལ་དུ་གནས་པ་ངོས་འཛིན་རྟགས་ཀྱི་རྩ་བ་ལ་འགྲིལ་པའི་སྡོང་པོ་གསུམ་ཡོད་པ་ནི། མིག་གིས་བལྟ་བའི་སྡོང་པོ། སོར་མོས་རེག་པའི་སྡོང་པོ། ངག་གིས་དྲི་བའི་སྡོང་པོ་དང་གསུམ། དང་པོ་བལྟ་བའི་སྡོང་པོ་ལས་གྱེས་པའི་ཡལ་ག་གཉིས་ནི། ལྕེ་ལ་བལྟ་བའི་ཡལ་ག །ཆུ་ལ་བལྟ་བའི་ཡལ་ག་གཉིས། ལྕེ་ལ་བལྟ་བའི་ཡལ་ག་ལ་རྒྱས་པའི་ལོ་མ་གསུམ་ནི། རླུང་གི་ལྕེ་ནི་དམར་ཞིང་སྐམ་ལ་རྩུབ་པའི་ལོ་མ། མཁྲིས་པའི་ལྕེ་ནི་བད་ཀན་གྱི་དྲེག་པ་སྐྱ་སེར་འཐུག་པོས་གཡོགས་པའི་ལོ་མ། བད་ཀན་གྱི་ལྕེ་ནི་སྐྱ་གླེགས་མདངས་མེད་འཇམ་ལ་རློན་པའི་ལོ་མ་གསུམ་མོ། །ཆུ་ལ་བལྟ་བའི་ཡལ་ག་གྱེས་པའི་ལ་ལོ་མ་གསུམ་ནི། རླུང་གི་ཆུ་ནི་ཆུ་འདྲ་ལྦུ་བ་ཆེ་བའི་ལོ་མ། མཁྲིས་ཆུ་དམར་སེར་དྲི་དུགས་རླངས་པ་ཆེ་བའི་ལོ་མ། བད་ཀན་ཆུ་ནི་དཀར་ལ་དྲི་རླངས་ཆུང་
བའི་ལོ་མ་གསུམ་མོ། །གཉིས་པ་རེག་པའི་སྡོང་པོ་ལ་ཡལ་ག་གསུམ་ནི། རླུང་གི་རྩ་ལ་རེག་པའི་ཡལ་ག །མཁྲིས་པའི་རྩ་ལ་རེག་པའི་ཡལ་ག །བད་ཀན་གྱི་རྩ་ལ་རེག་པའི་ཡལ་ག་དང་གསུམ། རླུང་གི་རྩ་ལ་རེག་པའི་ཡལ་ག་ལ་རྒྱས་པའི་ལོ་མ་གཅིག་ནི། རླུང་གི་རྩ་ནི་རྒྱལ་སྟོང་སྐབས་སུ་སྡོད་པའི་ལོ་མའོ། །མཁྲིས་པའི་རྩའི་ཡལ་ག་ལ་རྒྱས་པའི་ལོ་མ་གཅིག་ནི། མཁྲིས་པའི་རྩ་ནི་མགྱོགས་རྒྱས་གྲིམས་པར་འཕར་བའི་ལོ་མའོ། །བད་ཀན་གྱི་རྩའི་ཡལ་ག་ལ་རྒྱས་པའི་ལོ་མ་གཅིག་ནི། བད་ཀན་གྱི་རྩ་ནི་བྱིང་རྒུད་དལ་བར་འཕར་བའི་ལོ་མའོ། །གསུམ་པ་ངག་གིས་དྲི་བའི་སྡོང་པོ་ལ་གྱེས་པའི་ཡལ་ག་གསུམ་ཡོད་པ་ནི། རླུང་ནད་དྲི་བའི་ཡལ་ག །མཁྲིས་ནད་དྲི་བའི་ཡལ་ག །བད་ཀན་གྱི་ནད་དྲི་བའི་ཡལ་ག་དང་གསུམ། དང་པོ་རླུང་ནད་དྲི་བའི་ཡལ་ག་ལ་རྒྱས་པའི་ལོ་མ་བཅུ་གཅིག་ཡོད་པ་ནི། ཡང་ལ་རྩུབ་པའི་ཟས་སྤྱོད་རྣམས་ཀྱི་རྒྱུས་རླུང་སློང་བའི་ལོ་མ། རླུང་དེའི་རྐྱེན་གྱིས་གཡལ་འདར་བྱེད་པའི་ལོ་མ། བྱ་མྱང་བྱེད་པའི་ལོ་མ། གྲང་ཤུམ་བྱེད་པའི་ལོ་མ། དཔྱི་དང་རྐེད་པ་རུས་ཚིགས་མ་ལུས་པ་ཕན་པའི་ལོ་མ། གཟེར་བ་ངེས་མེད་དུ་འཕོ་བའི་ལོ་མ། སྟོང་སྐྱུགས་བྱེད་པའི་ལོ་མ། དབང་པོ་ལྔ་མི་གསལ་བའི་ལོ་མ། ཤེས་པ་འཚུབས་པའི་ལོ་མ། བཀྲེས་དུས་ན་བའི་ལོ་མ། སྣུམ་བཅུད་ཀྱིས་ཕན་པར་ངེས་པའི་ལོ་མ་བཅས་སོ། །
མཁྲིས་ནད་དྲི་བའི་ཡལ་ག་ལ་རྒྱས་པའི་ལོ་མ་བདུན་ཡོད་པ་ནི། རྒྱུ་རྣོ་ཞིང་ཚ་བའི་ཟས་སྤྱོད་ཀྱིས་མཁྲིས་པ་བསླང་བའི་ལོ་མ། མཁྲིས་པ་དེའི་རྐྱེན་གྱིས་ཁ་ཁ་བའི་ལོ་མ། མགོ་ན་བའི་ལོ་མ། ཤ་དྲོད་སྔར་བས་ཚ་བའི་ལོ་མ། ལུས་སྟོད་གཟེར་བའི་ལོ་མ། ཟས་སྐམ་ཞུ་དུས་ན་བའི་ལོ་མ། བསིལ་བས་ཕན་པར་ངེས་པའི་ལོ་མ་བཅས་སོ། །བད་ཀན་དྲི་བའི་ཡལ་ག་ལ་རྒྱས་པའི་ལོ་མ་བཅུ་གཅིག་ཡོད་པ་ནི། ལྕི་ལ་སྣུམ་པའི་ཟས་དང་སྤྱོད་ལམ་གྱིས་བད་ཀན་བསླང་པའི་ལོ་མ། བད་ཀན་གྱི་ནད་དེའི་རྐྱེན་གྱིས་དང་ག་མི་བདེ་བའི་ལོ་མ། ཁ་ཟས་འཇུ་བར་དཀའ་བའི་ལོ་མ། ཡང་ཡང་སྐྱུགས་ཤིང་ཕོ་བས་ཟས་མི་ལེན་པའི་ལོ་མ། ཁ་མངལ་བའི་ལོ་མ། ཕོ་བ་འཚིངས་པའི་ལོ་མ། སྒྲེགས་པ་བྱེད་པའི་ལོ་མ། ལུས་སེམས་ལྕི་བའི་ལོ་མ། ལུས་ཀྱི་ཕྱི་ནང་གཉིས་ཀ་གྲང་བའི་ལོ་མ། ཁ་ཟས་ཟོས་རྗེས་མི་བདེ་བའི་ལོ་མ། ཟས་སྤྱོད་གཉིས་ཀ་དྲོ་ན་ངེས་པར་འཕྲོད་པའི་ལོ་མ་བཅས་སོ། །ལྗོན་ཤིང་བར་མའི་ཚུལ་རྫོགས་སོ། །ད་ནི་གསུམ་པ་ཉི་མ་དང་བ་མོའི་ཚུལ་དུ་གནས་པ་གསོ་བྱེད་ཐབས་ཀྱི་རྩ་བ་དེ་ལའང་འགྲེམ་པའི་སྡོང་པོ་བཞི་ཡོད་པ་ནི། འཚོ་བ་ཟས་ཀྱི་སྡོང་པོ། བྱ་བ་སྤྱོད་ལམ་གྱི་སྡོང་པོ༑ སྦྱོར་བ་སྨན་གྱི་སྡོང་པོ། ཆ་བྱད་དཔྱད་ཀྱི་སྡོང་པོ་དང་བཞི། དང་པོ་འཚོ་བ་ཟས་ཀྱི་སྡོང་པོ་ལ་གྱེས་པའི་ཡལ་ག་དྲུག་ཡོད་པ་ནི། རླུང་ནད་ཟས་ཀྱི་
ཡལ་ག །རླུང་ནད་སྐོམ་གྱི་ཡལ་ག །མཁྲིས་པའི་ནད་ཟས་ཀྱི་ཡལ་ག །མཁྲིས་པའི་ནད་སྐོམ་གྱི་ཡལ་ག །བད་ཀན་གྱི་ནད་ཟས་ཀྱི་ཡལ་ག །བད་ཀན་གྱི་ནད་སྐོམ་གྱི་ཡལ་ག་དང་དྲུག་གོ། དང་པོ་རླུང་ནད་ཟས་ཀྱི་ཡལ་ག་ལ་རྒྱས་པའི་ལོ་མ་བཅུ་ཡོད་པ་ནི། རྟ་ཤའི་ལོ་མ། བོང་བུའི་ཤའི་ལོ་མ། འཕྱི་ཤའི་ལོ་མ། ལོ་ཤའི་ལོ་མ། ཤ་ཆེན་གྱི་ལོ་མ། འབྲུ་མར་གྱི་ལོ་མ། ལོ་མར་གྱི་ལོ་མ། བུར་སྨུག་གི་ལོ་མ། སྒོག་སྐྱའི་ལོ་མ། བཙོང་སྒོག་གི་ལོ་མ་བཅས་བཅུའོ། །རླུང་ནད་སྐོམ་གྱི་ཡལ་ག་ལ་རྒྱས་པའི་ལོ་མ་བཞི་ཡོད་པ་ནི། བཞོས་ཐོག་འོ་མའི་ལོ་མ། ལྕ་བ་ར་མཉེའི་ཟན་ཆང་གི་ལོ་མ། བུར་ཆང་གི་ལོ་མ། རུས་ཆང་གི་ལོ་མ་བཅས་བཞི། མཁྲིས་ནད་ཟས་ཀྱི་ཡལ་ག་ལ་ལོ་མ་ལྔ་ཡོད་པ་ནི། བ་རའི་མར་གསར་གྱི་ལོ་མ། རི་དྭགས་ཤ་གསར་གྱི་ལོ་མ། ར་ཤའི་ལོ་མ། སྐོམ་ཤའི་ལོ་མ། ནས་སྔོན་ཆག་ཚེའི་ལོ་མ་བཅས་ལྔའོ། །མཁྲིས་པའི་ནད་སྐོམ་གྱི་ཡལ་ག་ལ་རྒྱས་པའི་ལོ་མ་བདུན་ཡོད་པ་ནི། བ་རའི་ཞོ་ཡི་ལོ་མ། བ་རའི་དར་བའི་ལོ་མ། སྐྱ་བ་ཚོད་ཀྱི་ལོ་མ། ཁུར་ཚོད་ཀྱི་ལོ་མ།ཆབ་ཚའི་ལོ་མ། གངས་ལས་བླངས་པའི་ཆུ་བསིལ་གྱི་ལོ་མ། ཆུ་བསྐོལ་གྲང་གི་ལོ་མ་བཅས་རྒྱས་པའི་བདུན་ནོ། །བད་ཀན་སྐྱ་བོའི་ནད་ཟས་ཀྱི་ཡལ་ག་ལ་རྒྱས་པའི་ལོ་མ་དྲུག་ཡོད་པ་ནི། ལུག་ཤའི་ལོ་མ།
གཡག་རྒོད་ཀྱི་ཤའི་ལོ་མ། གཅན་གཟན་གྱི་ཤའི་ལོ་མ། ཉ་ཤའི་ལོ་མ། སྦྲང་རྩིའི་ལོ་མ། སྐོམ་སའི་འབྲུ་རྙིང་གི་ཟན་དྲོན་པོའི་ལོ་མ་བཅས་དྲུག་གོ། བད་ཀན་གྱི་ནད་སྐོམ་གྱི་ཡལ་ག་ལ་རྒྱས་པའི་ལོ་མ་གསུམ་ཡོད་པ་ནི། འབྲིའི་ཞོ་དར་གྱི་ལོ་མ༑ གར་ཆང་ནར་སོན་གྱི་ལོ་མ། ཆུ་བསྐོལ་གྱི་ལོ་མ་བཅས་གསུམ་པའོ། །གཉིས་པ་སྤྱོད་ལམ་གྱི་སྡོང་པོ་ལས་གྱེས་པའི་ཡལ་ག་གསུམ་ནི། རླུང་གི་གནས་དང་སྤྱོད་ལམ་གྱི་ཡལ་ག །མཁྲིས་པའི་གནས་དང་སྤྱོད་ལམ་གྱི་ཡལ་ག །བད་ཀན་གྱི་གནས་དང་སྤྱོད་ལམ་གྱི་ཡལ་ག་དང་གསུམ་མོ། །དང་པོ་རླུང་གི་སྤྱོད་ལམ་གྱི་ཡལ་ག་ལ་རྒྱས་པའི་ལོ་མ་གཉིས་ནི། གནས་དྲོ་སར་སྡོད་པའི་ལོ་མ། ཡིད་དུ་འོང་བའི་གྲོགས་བསྟེན་པའི་ལོ་མ། མཁྲིས་པའི་སྤྱོད་ལམ་གྱི་ཡལ་ག་ལ་རྒྱས་པའི་ལོ་མ་གཉིས་ནི། གནས་བསིལ་སར་འདུག་པའི་ལོ་མ༑ སྤྱོད་ལམ་དལ་བར་སྡོད་པའི་ལོ་མའོ། །བད་ཀན་གྱི་སྤྱོད་ལམ་གྱི་ཡལ་ག་ལ་རྒྱས་པའི་ལོ་མ་གཉིས་ནི། རྩོལ་བས་བཅག་པའི་ལོ་མ། གནས་དྲོ་ས་བསྟེན་པའི་ལོ་མའོ། །གསུམ་པ་སྦྱོར་བ་སྨན་གྱི་སྡོང་པོ་ལ་གྱེས་པའི་ཡལ་ག་བཅོ་ལྔ་ཡོད་པ་ནི། སྤྱིར་སྨན་ལ་རོ་དང་ནུས་པའི་དབང་གིས། རླུང་སྨན་རོའི་ཡལ་ག །རླུང་སྨན་ནུས་པའི་ཡལ་ག །མཁྲིས་སྨན་རོའི་ཡལ་ག །མཁྲིས་སྨན་ནུས་པའི་ཡལ་ག །བད་ཀན་གྱི་སྨན་རོའི་ཡལ་ག །བད་ཀན་གྱི་སྨན་ནུས་པའི་ཡལ་ག །
རོ་ནུས་དེ་དང་སྦྱར་ཐབས་ཀྱི་དབང་གིས་ཞི་སྦྱང་གཉིས་སུ་དབྱེ་བ་ལས། རླུང་ཞི་བྱེད་ཁུ་བའི་ཡལ་ག །རླུང་ཞི་བྱེད་སྨན་མར་གྱི་ཡལ་ག །མཁྲིས་པ་ཞི་བྱེད་ཐང་གི་ཡལ་ག །མཁྲིས་པ་ཞི་བྱེད་ཅུར་ནིས་ཀྱི་ཡལ་ག །བད་ཀན་ཞི་བྱེད་རིལ་བུའི་ཡལ་ག །བད་ཀན་ཞི་བྱེད་ཏྲེས་སམ་གྱི་ཡལ་ག །རླུང་སྦྱོང་བྱེད་འཇམ་རྩིའི་ཡལ་ག །མཁྲིས་པ་སྦྱོང་བྱེད་བཤལ་གྱི་ཡལ་ག །བད་ཀན་སྦྱོང་བྱེད་སྐྱུགས་ཀྱི་ཡལ་ག་དང་བཅོ་ལྔའོ། །རླུང་སྨན་རོའི་ཡལ་ག་ལ་རྒྱས་པའི་ལོ་མ་གསུམ་ཡོད་པ་ནི། རོ་མངར་བའི་ལོ་མ། རོ་སྐྱུར་བའི་ལོ་མ། རོ་ལན་ཚྭ་བའི་ལོ་མ་དང་གསུམ་མོ། །རླུང་སྨན་ནུས་པའི་ཡལ་ག་ལ་རྒྱས་པའི་ལོ་མ་གསུམ་ཡོད་པ་ནི། ནུས་པ་སྣུམ་པའི་ལོ་མ། ནུས་པ་ལྕི་བའི་ལོ་མ། ནུས་པ་འཇམ་པའི་ལོ་མ་དང་གསུམ་མོ། །མཁྲིས་སྨན་རོའི་ཡལ་ག་ལ་ལོ་མ་གསུམ་ཡོད་པ་ནི། རོ་མངར་བའི་ལོ་མ། རོ་ཁ་བའི་ལོ་མ། རོ་བསྐ་བའི་ལོ་མ་དང་གསུམ་མོ། །མཁྲིས་སྨན་ནུས་པའི་ཡལ་ག་ལ་རྒྱས་པའི་ལོ་མ་གསུམ་ཡོད་པ་ནི༑ ནུས་པ་བསིལ་བའི་ལོ་མ། ཡོན་ཏན་ནམ་ནུས་པ་སླ་བའི་ལོ་མ། ནུས་པ་རྟུལ་བའི་ལོ་མ་དང་གསུམ་མོ། །བད་ཀན་གྱི་སྨན་རོའི་ཡལ་ག་ལ་རྒྱས་པའི་ལོ་མ་གསུམ་ཡོད་པ་ནི། རོ་ཚ་བའི་ལོ་མ། རོ་སྐྱུར་བའི་
ལོ་མ། རོ་བསྐ་བའི་ལོ་མ་དང་གསུམ་མོ། །བད་ཀན་གྱི་སྨན་ནུས་པའི་ཡལ་ག་ལ་རྒྱས་པའི་ལོ་མ་གསུམ་ཡོད་པ་ནི། ནུས་པ་རྣོ་བའི་ལོ་མ། ནུས་པ་རྩུབ་པའི་ལོ་མ། ནུས་པ་ཡང་བའི་ལོ་མ་དང་གསུམ་མོ། །རླུང་ཞི་བྱེད་ཁུ་བའི་ཡལ་ག་ལ་རྒྱས་པའི་ལོ་མ་གསུམ་ཡོད་པ་ནི། སྲེ་ལོང་སོགས་རུས་ཁུའི་ལོ་མ། བཅུད་བཞིའི་ཁུ་བའི་ལོ་མ། ལུག་མགོ་རྙིང་པའི་མགོ་ཁྲོལ་གྱི་ལོ་མ་དང་གསུམ་མོ། །རླུང་ཞི་བྱེད་སྨན་མར་གྱི་ཡལ་ག་ལ་རྒྱས་པའི་ལོ་མ་ལྔ་ནི། ཛཱ་ཏི་གཙོར་བྱས་སྨན་མར་གྱི་ལོ་མ། སྒོག་སྐྱ་གཙོར་བྱས་སྨན་མར་གྱི་ལོ་མ། འབྲས་གསུམ་གཙོར་བྱས་སྨན་མར་གྱི་ལོ་མ། རྩ་བ་ལྔ་ཡི་གཙོར་བྱས་སྨན་མར་གྱི་ལོ་མ། སྨན་ཆེན་གཙོར་བྱས་སྨན་མར་གྱི་ལོ་མ་བཅས་ལྔའོ། །མཁྲིས་པ་ཞི་བྱེད་ཐང་གི་ཡལ་ག་ལ་རྒྱས་པའི་ལོ་མ་བཞི་ནི། མ་ནུ་གཙོར་བྱས་ཐང་གི་ལོ་མ། སླེ་ཏྲེས་གཙོར་བྱས་ཐང་གི་ལོ་མ། ཏིག་ཏ་གཙོར་བྱས་ཐང་གི་ལོ་མ། འབྲས་གསུམ་གཙོར་བྱས་ཐང་གི་ལོ་མ་བཅས་བཞིའོ། །མཁྲིས་པ་ཞི་བྱེད་ཅུར་ནིས་སམ་ཕྱེ་མའི་ཡལ་ག་ལ་རྒྱས་པའི་ལོ་མ་བཞི་ནི། ག་པུར་གཙོར་བྱས་ཕྱེ་མའི་ལོ་མ། ཙན་དན་གཙོར་བྱས་ཕྱེ་མའི་ལོ་མ། གུར་གུམ་གཙོར་བྱས་ཕྱེ་མའི་ལོ་མ། ཅུ་གང་གཙོར་བྱས་ཕྱེ་མའི་ལོ་མ་བཅས་བཞིའོ། །བད་ཀན་ཞི་བྱེད་རིལ་བུའི་ཡལ་ག་ལ་རྒྱས་པའི་ལོ་མ་གཉིས་ནི།
བཙན་དུག་གཙོར་བྱས་རིལ་བུའི་ལོ་མ༑ ཚྭ་སྣ་རྣམས་ཀྱི་རིལ་བུའི་ལོ་མ་དང་གཉིས་སོ། །བད་ཀན་ཞི་བྱེད་ཕྱེ་མའམ་ཏྲེས་སམ་གྱི་ཡལ་ག་ལ་རྒྱས་པའི་ལོ་མ་ལྔ་ནི། སེ་འབྲུ་གཙོར་བྱས་ཏྲེས་སམ་གྱི་ལོ་མ། ད་ལི་གཙོར་བྱས་ཏྲེས་སམ་གྱི་ལོ་མ། རྒོད་མ་ཁའི་ཏྲེས་སམ་གྱི་ལོ་མ། ཚྭ་བསྲེག་སྦྱོར་བའི་ཏྲེས་སམ་གྱི་ལོ་མ། ཅོང་ཞི་བསྲེག་ཐལ་བྱས་པའི་ཏྲེས་སམ་གྱི་ལོ་མ་བཅས་ལྔའོ། །རླུང་སྦྱོང་བྱེད་འཇམ་རྩིའི་ཡལ་ག་ལ་རྒྱས་པའི་ལོ་མ་གསུམ་ནི། སླེ་འཇམ་གྱི་ལོ་མ། བཀྲུ་འཇམ་གྱི་ལོ་མ། བཀྲུ་མ་སླེན་གྱི་ལོ་མ་དང་གསུམ་མོ། །མཁྲིས་པ་སྦྱོང་བྱེད་བཤལ་གྱི་ཡལ་ག་ལ་རྒྱས་པའི་ལོ་མ་བཞི་ནི།སྤྱི་བཤལ་གྱི་ལོ་མ། སྒོས་བཤལ་གྱི་ལོ་མ། དྲག་བཤལ་གྱི་ལོ་མ། འཇམ་བཤལ་གྱི་ལོ་མ་དང་བཞིའོ། །བད་ཀན་སྦྱོང་བྱེད་སྐྱུགས་ཀྱི་ཡལ་ག་ལ་རྒྱས་པའི་ལོ་མ་གཉིས་ནི། དྲག་སྐྱུགས་ཀྱི་ལོ་མ་འཇམ་སྐྱུགས་ཀྱི་ལོ་མ་གཉིས་སོ། །བཞི་པ་ཆ་བྱད་དཔྱད་ཀྱི་སྡོང་པོ་ལ་གྱེས་པའི་ཡལ་ག་གསུམ་ནི། རླུང་ནད་དཔྱད་ཀྱི་ཡལ་ག །མཁྲིས་ནད་དཔྱད་ཀྱི་ཡལ་ག་རྒྱས་པའི་བད་ཀན་ནད་དཔྱད་ཀྱི་ཡལ་ག་དང་གསུམ། རླུང་དཔྱད་ཀྱི་ཡལ་ག་ལ་རྒྱས་པའི་ལོ་མ་གཉིས་ནི། བསྐུ་མཉེ་བྱ་བའི་ལོ་མ། ཧོར་གྱི་མེ་བཙའ་བྱ་བའི་ལོ་མའོ། །མཁྲིས་པ་དཔྱད་ཀྱི་ཡལ་ག་ལ་རྒྱས་པའི་ལོ་མ་གསུམ་ནི། རྡུལ་དབྱུང་བྱ་བའི་ལོ་མ།
གཏར་ཁ་བྱ་བའི་ལོ་མ། བསིལ་ཆུའི་འཁྲུལ་འཁོར་བསྐོར་བའི་ལོ་མ་དང་གསུམ་མོ། །བད་ཀན་དཔྱད་ཀྱི་ཡལ་ག་ལ་རྒྱས་པའི་ལོ་མ་གཉིས་ནི། དྲོད་དུགས་བྱ་བའི་ལོ་མ། མེ་བཙའ་བྱའི་ལོ་མ་བཅས་སོ། །དེ་དག་གིས་ལྗོན་ཤིང་ཕྱི་མའི་ཚུལ་རྫོགས་སོ། །ད་ནི་རྡིལ་གྲངས་དེ་དག་ལྷག་ཆད་མེད་པར་གཏན་ལ་འབེབས་ཤིང་ཞར་བྱུང་དགོས་པ་དང་ཉིང་དགོས་མེ་འབྲས་ཀྱི་དཔེས་བསྟན་ནས་སྐབས་འདིས་མཇུག་བསྡུས་ཏེ། དུམ་བུ་ཕྱི་མ་གསུམ་ལ་རིམ་བཞིན་འཇུག་པར་གདམས་པ་དང་བཅས་པ་རྩིས་ཀྱི་ལེའུའི་དོན་ནི། གནས་ལུགས་ནད་གཞི་ངོས་འཛིན་རྟགས། གསོ་བྱེད་ཐབས་ཏེ་རྩ་བ་གསུམ། རྩ་བ་སྔ་མ་ལ་རྣམ་པར་གྱུར་མ་གྱུར་གཉིས། བར་མ་ལ་བལྟ་རེག་དྲི་བ་གསུམ། ཕྱི་མ་ལ་ཟས་སྤྱོད་སྨན་དཔྱད་བཞི་སྟེ་སྡོང་པོ་དགུ་རུ་དོན་དྲིལ་བའོ། །སྡོང་པོ་དང་པོ་ལ་ནད་ཟུངས་དྲི་མའི་ཡལ་ག་གསུམ། རྣམ་པར་གྱུར་པའི་སྡོང་པོ་ལ་རྒྱུ་རྐྱེན་འཇུག་སྒོ་གནས་པ་རྒྱུ་ལམ་ལྡང་དུས་འབྲས་བུ་ལྡོག་རྒྱུ་མདོ་དྲིལ་ཏེ་ཡལ་ག་དགུ། ལྟ་སྡོང་ལྕེ་ཆུ་གཉིས། རེག་པ་ལ་རྩ་མི་འདྲ་བ་གསུམ། དྲི་སྡོང་ལ་ཉེས་གསུམ་སོ་སོར་སློང་རྐྱེན་ན་ལུགས་གོམས་པས་དྲི་བ་གསུམ། ཟས་སྡོང་ལ་ཉེས་གསུམ་སོ་སོར་ཟས་སྐོམ་གྱི་ཡལ་ག་གཉིས་གཉིས་ཏེ་དྲུག་སྤྱོད་སྡོང་ལ་ཉེས་གསུམ་ལ་དབྱེ་བ་གསུམ། སྨན་སྡོང་ལ་ཉེས་གསུམ་སོ་སོའི་རོ་ནུས་དབྱེ་
བས་དྲུག །དེ་སྟེང་སྦྱར་ཐབས་ལ་ཞི་བྱེད་གཉིས་རེ་སྦྱར་བས་དྲུག །སྦྱོང་གསུམ་དཔྱད་སྡོང་ལ་ཉེས་གསུམ་སོ་སོར་དཔྱད་གསུམ་སྟེ་ཐམས་ཅད་བསྡོམས་པས་ཡལ་ག་བཞི་བཅུ་རྩ་བདུན་ནོ། །ཡལ་ག་དེ་རྣམས་ལས་གྱེས་པའི་ལོ་འདབ་ནི། སྡོང་པོ་དང་པོ་ལ་ནི་ནད་ལ་བཅོ་ལྔ། ཟུངས་བདུན། དྲི་མ་གསུམ་སྟེ། ལུས་ཀྱི་ཡན་ལག་ཉི་ཤུ་རྩ་ལྔའི་གྲངས་ཀྱི་ལོ་མ་དང་། རྣམ་པར་གྱུར་པ་ནད་སྡོང་ལ་ནད་ཀྱི་ཟིན་ཏིག་དེ་གནད་འདུས་པའི་ལོ་མ་དྲུག་ཅུ་རེ་གསུམ་ཡོད་པ་ནི་ལྗོན་ཤིང་སྔ་མ་ལའོ། །བལྟ་སྡོང་ལ་དྲུག །རེག་སྡོང་ལ་གསུམ། དྲི་བ་ལ་ཉེར་དགུ་ཡོད་པ་ནི་ལྗོན་ཤིང་བར་མ་ལའོ། །རླུང་ཟས་བཅུ་བཞི། མཁྲིས་ཟས་བཅུ་གཉིས། བད་ཀན་ཟས་སྐོམ་དགུ་བཅས་ཟས་སྡོང་ལ་ལོ་མ་སོ་ལྔ། སྤྱོད་སྡོང་ལ་ལོ་མ་དྲུག །སྨན་སྡོང་ལ་རོ་ནུས་ཀྱི་ལོ་མ་དགུ་དགུ་སྟེ་བཅོ་བརྒྱད། སྦྱར་ཐབས་ཁུ་པར་གསུམ། སྨན་མར་ལྔ། ཐང་དང་ཕྱེ་མ་ལ་བཞི་རེ་བཞི་རེ་སྟེ་བརྒྱད། རིལ་བུ་ལ་གཉིས། ཏྲེས་སམ་ལྔ། རླུང་འཇམ་རྩི། མཁྲིས་པ་བཤལ་བད་ཀན་སྐྱུགས་ལས་མི་འདའ་བའི་བཅོས་ཐབས་ལ་ལོ་མ་དགུ་སྟེ་ཁྱོན་སྨན་སྡོང་ལ་ལོ་མ་ལྔ་བཅུ་ཐམ་པ། དཔྱད་སྡོང་ལ་བདུན་ཏེ་དེ་དག་ནི་ལྗོན་ཤིང་ཕྱི་མ་ལའོ། །དེ་ལྟར་ནད་གཞི་ལ་ལོ་འདབ་གྱ་བརྒྱད། ངོས་འཛིན་ལ་སོ་བརྒྱད། གསོ་
ཐབས་ལ་གོ་བརྒྱད་དེ་ཁྱོན་བསྡོམས་པས་ཉིས་བརྒྱ་དང་བཞིར་ཡོད་པ་ཡིན་ནོ། །དེ་ལྟར་གསོ་རིག་ཉམས་སུ་བླངས་པ་ལས་ལུས་མིན་པར་གནས་པ་དང་། ན་བ་གསོ་བའི་ཚུལ་ལ་མཁས་པར་གྱུར་ནས་རང་གཞན་གྱི་དོན་ལ་འབད་པའི་རྒྱུས་གནས་སྐབས་ཐུན་མོང་གི་བདེ་བ་དང་། མཐར་ཐུག་ཐུན་མིན་གྱི་བདེ་བ་འགྲུབ་པ་དེ། མཚོན་བྱེད་རྣམ་པར་མ་གྱུར་པའི་སྡོང་པོའི་ཟུངས་བདུན་གྱི་ལོ་འདབ་ཀྱི་རྩེར། མེ་ཏོག་ཤིན་ཏུ་མཛེས་པ་གསར་པ་ཁ་བྱེ་མ་ཐག་པ་གཉིས་དང་། རོ་བཅུད་ཕུན་སུམ་ཚོགས་པའི་འབྲས་བུ་གསུམ་གྱིས་མཛེས་པར་བྱས་པ་ལས། དང་པོ་ནད་མེད་བདེ་བར་གནས་པའི་མེ་ཏོག་ཚེ་རིང་པོར་འཚོ་བའི་མེ་ཏོག་གཉིས་སོ། །གཉིས་པ་འབྲས་བུ་ནི། ལྷ་དང་མིའི་ཆོས་ལུགས་ཀྱི་ཆེ་བ་ཐོབ་པའི་འབྲས་བུ། ཟང་ཟིང་དང་འཕགས་ནོར་གྱིས་འབྱོར་པའི་འབྲས་བུ། གནས་སྐབས་དང་མཐར་ཐུག་རྣམ་གྲོལ་གྱི་བདེ་བ་འགྲུབ་པའི་འབྲས་བུ་དང་གསུམ་སྟེ། དེ་ལྟར་མེ་འབྲས་ལྔས་མཚོན་པའི་དགོས་པ་འདི་ནི་གསོ་རིག་ལ་ཡོད་པའི་དེ་འཛིན་པའི་འཚོ་བྱེད་པ་རྣམས་ལ་ཡོན་ཏན་གྱི་ཁྱད་པར་འདི་ལྟ་བུ་གྲུབ་པ་ཉིད་དོ། །ཕྱག་ན་མྱ་ངན་མེད་པའི་ལྗོན་ཤིང་ཅན། །རྒྱལ་བ་སྨན་གྱི་བླ་མའི་ཡེ་ཤེས་སྐུས། །ཡོན་ཏན་མགོན་ལ་གདམས་པའི་གནད་བཀྲོལ་བའི། །ཚུལ་དུ་ཡོངས་གྲགས་རྩ་རྒྱུད་
རྡེའུ་འགྲེམ་ལུགས། །ལྟ་ན་སྡུག་ཅེས་སྨན་གྱི་གྲོང་ཁྱེར་གང་། །བསིལ་ལྡན་འཛིན་མའི་གཞི་ལ་འཕོས་པ་ལྟའི། །དཔལ་སྤུངས་ཞེས་གྲགས་ཆོས་སྡེ་ཆེན་པོ་རུ། །གཞུང་ལུགས་འདི་ལ་ཐོག་མར་སྦྱོང་བའི་ཚེ། །མི་ཕམ་བློ་གྲོས་དྲི་མེད་ཅེས་བྱ་བ། །རང་ལོ་ཉེར་གཉིས་སོན་པ་གང་དེ་ཡིས། །རབ་ཚེས་གསར་འཆར་རབ་བྱུང་མེ་ཡོས་ལོར། །སློབ་དཔོན་མཁས་པའི་ཞལ་རྒྱུན་བཞིན་དུ་བཀོད། །བྱང་ཕྱོགས་འདི་ན་སྨན་གྱི་བཤད་པ་དང་། །ལག་ལེན་གནད་ལ་འགྲན་བྲལ་ཆོས་སྡེ་འདིར། །གསོ་དཔྱད་བསྟན་པའི་སྣང་བ་མི་ཉམས་ཤིང་། །གོང་ནས་གོང་འཕེལ་འགྲོ་ཀུན་བདེ་གྱུར་ཅིག །མངྒ་ལཾ། །ལྗོན་ཤིང་དང་པོའི་དཔེ་བྲིས། ལྗོན་ཤིང་བར་མའི་དཔེ་བྲིས། ལྗོན་ཤིང་མཐའ་མའི་དཔེ་བྲིས་བཅས་རྫོགས། ཝཾ་ལག ཡེ་ལག རྣམ་པར་མ་གྱུར་སྡོང་པོ། རྣམ་པར་གྱུར་པའི་སྡོང་པོ། མིག་གིས་ལྟ་བའི་སྡོང་པོ། སོར་མོས་རེག་གི་སྡོང་པོ། འཚོ་བ་ཟས་ཀྱི་སྡོང་པོ། གནས་ལུགས་ནད་གཞིའི་རྩ་བ། ངོས་འཛིན་རྟགས་ཀྱི་རྩ་བ། གསོ་བྱེད་ཐབས་ཀྱི་རྩ་བ། བྱ་བ་སྤྱོད་ལམ་སྡོང་པོ། སྦྱོར་བ་སྨན་གྱི་སྡོང་པོ། ཆ་བྱད་དཔྱིད་ཀྱི་སྡོང་པོ།
༄། །བྱང་ཁོག་ཡུལ་ཐིག་སོགས་ཤིན་ཏུ་གསལ་བར་བཀོད་པ་བཻཌཱུར་ཡའི་མེ་ལོང་ཞེས་བྱ་བ་དགྱེས་པར་བཞུགས་སོ། །ཨོཾ་རང་བྱུང་པདྨ་འཇམ་པའི་རྡོ་རྗེ་ནི། །ཟག་མེད་ཡེ་ཤེས་བདུད་རྩིའི་སྐུར་སྣང་བ། །ཁྱབ་བདག་སྨན་རྒྱལ་ཡིད་བཞིན་ནོར་བུ་དེ། །བྱང་ཆུབ་བར་དུ་སྙིང་དབུས་དགྱེས་པར་བཞུགས། །དོན་སྣོད་གནད་གསང་ཡུལ་ཟལ་རྗེན་པ་རུ། །སྟོན་བྱེད་བྱང་ཁོག་ཐིག་གི་ལག་ལེན་ནི། །ཁོད་སྙོམས་སྟན་ལ་ལུས་སྲང་སྐྱིལ་ཀྲུང་འདུག །ལག་གཉིས་པུས་མོའི་སྟེང་བཀབ་རྐེ་མདའ་བསྲང་། །ཡོ་མེད་ཐད་ཀར་བལྟ་ཞིང་མི་འགུལ་བར། །མགྲིན་པ་ཡིད་ཙམ་རྒུར་ལ་བཞག་པར་བྱ། །ལག་པ་གྱེན་དུ་བསྐྱོད་པས་དཔུང་ཚིགས་སྟེང་། །གཉེར་མ་ཤིག་གེ་འོང་བ་དཔུང་འཛུམ་སྟེ། །དེ་ཡི་དབུས་དྲང་རྟགས་གདབ་སྔར་ལྟར་འདུག །མདུན་རྒྱབ་དཔུང་འཛུམ་གཉིས་སུ་གནས་ཐིག་བཏབ། །སྐེ་སྟོང་སྒྲོག་ཆར་གཉིས་ཀྱི་བར་ནས་ནི། །མཚན་མའི་དཀྱིལ་དུ་མདུན་གྱི་གཞུང་ཐིག་གདབ། །དེ་ནས་མདུན་རྒྱབ་
དོན་སྣོད་སྲང་བཙལ་བའི། །དང་པོ་འཇལ་བྱེད་ཚད་ཀྱི་རིམ་པ་ནི། །མཐེ་བོང་རྩེ་མོའི་ཚིགས་དེའི་ཚིགས་མཚམས་ནས། །སེན་བྲེག་དཀར་ནག་བར་ལ་ཚོན་གང་ཟེར། །ཚོན་དེའི་ཕྱེད་ནི་སོར་མོ་གཅིག་ཡིན་ལ། །སོར་མོ་གཅིག་གི་ཕྱེད་ལ་ཕུན་ཞེས་ཟེར། །དོན་དུ་ཚོན་གྱི་བཞི་ཆ་གཅིག་ཡིན་ནོ། །སོར་མོ་བཞི་འམ་ཚོན་དེ་ཆག་གང་ཟེར། །ཕུན་དང་སོར་མོ་ཚོན་གསུམ་གོང་ནས་གོང་། །ཉིས་གདབ་ཡིན་པར་རབ་ཏུ་ཤེས་པར་བྱ། །སོར་མོ་ལྔའམ་ཚོན་གཉིས་སོར་གཅིག་ལ། །མཁྱིད་གང་ཞེས་གྲགས་ཁུ་ཚུར་བཅིང་བྱས་ནས། །མཐེ་བོང་ནེའུ་ལེའི་རི་མོ་དབུས་ཟླུམ་པོ། །མཛུབ་ཚིགས་ལ་སྦྱར་མི་མངོན་ཙམ་བྱས་པའི། །ཚད་དང་འདྲ་བ་ཉིད་དུ་རྣམ་པར་བཞག། །སོར་མོ་དྲུག་གམ་ཚོན་གསུམ་མཛུབ་གང་སྟེ། །མཛུབ་མོའི་རྩེ་ནས་རྒྱབ་ཀྱི་ཚིགས་འབུར་གྱི། །མཐའ་ཡི་བར་ཚད་དག་དང་མཉམ་པར་ཤེས། །ཚོན་དྲུག་དག་གམ་སོར་མོ་བཅུ་གཉིས་ལ། །མཐོ་གང་ཞེས་བྱ་མཐེབ་མཛུབ་ཤད་བརྐྱང་བའི། །བར་ཚད་ཉིད་དུ་རྣམ་པར་བཞེད་པ་སྟེ། །མཐོ་དེའི་དོ་ནི་གྲུབ་མོའི་ཚིགས་མགོ་ནས། །མཐེ་ཆུང་རྩ་བའི་ཚིགས་ཀྱི་བར་ཚད་དོ། །དེ་ལ་ཁྲུ་གང་ཞེས་བྱ་བསྐུམ་ཁྲུ་ཡིན། །མཐེ་བོང་མཛུབ་མོ་གུང་མོ་སྲིན་ལག་དང་། །མཐེའུ་ཆུང་ཞེས་བྱ་སོར་མོ་ལྔ་རིམ་བཞིན། །སོར་མོའི་
ཚད་ནི་སོར་མོ་བར་ཚིགས་ཀྱི། །སྦོམ་ཕྲ་ཚད་ཡིན་དེ་དག་སྙོམས་དཀའ་བས། །ཐམས་ཅད་ཚོན་ལས་གཞལ་བར་བདེ་བར་སྣང་། ༈ །དེ་ནས་གཞལ་བྱ་ལུས་ཀྱི་ཆ་ཚད་ལ། །དང་པོ་མདུན་གྱི་ཐིག་ནི་གདབ་ལུགས་ནི། །རྐེ་སྟོང་ཚོན་གང་ཐུར་དུ་འཇལ་བ་དང་། །ནུ་འཕྲག་གཉིས་ཏེ་གསུམ་པོ་ཐིག་གིས་སྦྲེལ། །དེ་གསུམ་སྟེང་ནས་ནང་དུ་ཚོན་རེ་བསྐུམ། །སྔར་ལྟར་ཐིག་གདབ་དབུས་སུ་རྒྱལ་པོ་སྙིང་། །ལག་སོར་ལྔ་པོ་རྩེ་བསྡུས་ལྟ་བུའི་ཚད། །སྙིང་གི་རྩེ་ནས་འཕྲེད་ལ་ཐིག་གདབ་ཅིང་། །གཡས་གཡོན་ལྷག་མ་སོ་སོར་ཆ་བཞིར་བགོ། རྩེ་མོ་གྲུ་གསུམ་གློ་བུ་མཛོད་སྣ་སྟེ། །དེ་འོག་གཡས་གཡོན་གཉིས་རེ་རིམ་བཞིན་མར། །བྱ་སྒབ་ཐུག་ཁབ་སྟེའུ་མིག་དགྲ་ལྕེ་གཉིས། །གློ་བ་བུ་ལྔ་ཞེས་གྲགས་སྙིང་མཐར་བསྐོར། །ནུ་མ་གཉིས་ནས་ཕྱི་རྒྱབ་མཆན་ཁུང་ངོས། །ཐད་དྲང་ཚོན་རེ་གཞལ་ཞིང་དེ་སྟེང་ནས། །ཐུར་དུ་ཚོན་གང་གཞལ་སར་རྟགས་བྱས་ཏེ། །དེ་གཉིས་སྟེང་ནས་སྐེ་སྟོང་གནམ་ཐིག་དང་། །གཞུང་ཐིག་འབྲེལ་མཚམས་བཏབ་པའི་གྲུ་གསུམ་པོ། །གློ་བ་མ་ལྔའི་མཐའ་ཆགས་གནས་པ་ཡིན། །སྙིང་དང་གློ་བུ་གློ་མའི་ས་ཁྱོན་ནི། །ཚོན་གང་དག་ནི་ཕྱི་རིམ་ཆེ་བ་ཡིན། །གློ་མའི་མཐའ་ཆགས་རྟགས་གཉིས་དེ་སྟེང་ནས། །གྱེན་གྲང་གནམ་ཐིག་འབྲེལ་བའི་
བར་གྲུ་གསུམ། །སྟོང་ན་ཕུན་རོན་གསང་ཡིན་ཕུག་རོན་ཞིག །ཤོང་ཙམ་མདའ་གསང་ཕྱལ་མོ་ཞེས་ཀྱང་ཟེར། །ཕྱི་ནང་ཟང་ཐལ་ཕུག་ཀྱང་མི་སྐྱོན་གསུངས། །གནམ་ཐིག་སྟེང་ནས་ཐུར་དུ་མཚོན་བདུན་པ། །ལྷེན་སྣའི་རུས་པ་དེ་ཡི་རྩེ་མོ་ནས། །རྒྱབ་ཀྱི་ཚིགས་པ་བརྒྱད་དང་བཅུ་གསུམ་པར། །ཐིག་འཐེན་བར་མ་མི་འཆུག་ཆེད། །རྩིབ་རིང་སྟེང་ནས་གྱེན་ཚོན་གང་ཡིན་ནོ། །རྩིབ་མ་ཀུན་གྱི་འོག་མ་རྩིབ་ཐུང་སྟེ། །དེ་ནས་ཡར་བརྩིས་བཞི་པའི་རྩིབ་རིང་ཟེར། །དཀྱུས་མཆན་དབུས་དྲང་ཐིག་གདབ་མཆན་འགོ་ནས། །སོར་མོ་བཅུ་གསུམ་གཞལ་བའི་སྣ་དང་གཅིག །ཚིགས་པ་བཅུ་དང་བཅུ་གཅིག་བར་དག་གི། །སྟེང་ནས་ལྷན་སྣར་སྔར་ལྟར་གདབ་པ་སྟེ། །སྟེང་ནས་མས་རིམ་མཆིན་བྲི་དཀར་ཁྲ་ནག །དེ་ནི་གཡས་གཡོན་གཉིས་ཆར་བྱ་བའོ། །ལྷེན་སྣའི་རྩེ་ནས་ལྟེ་བའི་བར་ཚད་ཀྱི། །ཕྱེད་དབུས་དྲང་པོའམ་ལྷེན་ནས་ཚོན་དོ་ན། །གཞུང་ཐིག་བཏབ་ནས་གཡས་ གཡོན་ཐད་དྲང་པོ། །ཚོན་གསུམ་རེ་བཞག་དེ་རུ ་རྟགས་གཅིག་བྱ། །རྟགས་དེ་གཉིས་དང་ལྟེ་བ་ལྷེན་སྣ་བཞི། །ཐིག་གིས་སྦྲེལ་བའི་གྲུ་བཞི་ཕོ་བའི་ཡུལ། །དབང་དུ་སོར་བརྒྱད་ཞེང་སོར་བཅུ་གཉིས་སོ། །ཡང་ན་ནུ་མ་གཉིས་ནས་བྲང་དཀྱིལ་བར། །ཕོ་བའི་ཞིང་ཚད་ཡིན་ཏེ་དེ་
ལའང་། །སོར་མོ་བཅུ་གཉིས་དག་ཏུ་ཡོད་པ་ཡིན། །ཡང་ན་ནུ་མ་གཉིས་ནས་བྲང་དཀྱིལ་གྱི། །གཞུང་ཐིག་བར་གྱི་ཚད་དེས་ལྟེ་བ་དང་། །ལྷེན་སྣའི་བར་ལྡེབས་དབུས་ནས་འཕྲད་{དི་ལྷེན་སྣ་ནས་ཚོན་དོ་གཞལ་བ་དེ་ཡིན། ཕོ་གསང་དགུ་ལས་དབུ་མ་ཞེས་བྱ་}ཐིག་གདབ།ལྷེན་སྣ་ལྟེ་བའི་སྟེང་ནས་ཐིག་དེའི་སྟེང་། །གཡས་གཡོན་འཕྲེད་ལ་འཐེན་པས་གྲུབ་པ་སྟེ། །འདི་ནི་དཔལ་ལྡན་རྒྱུད་ཀྱི་དགོངས་པ་ཡིན། །ལྷེན་རུས་དང་ནི་ཚིགས་པ་བརྒྱད་པ་ཡི། གཡས་སུ་ཚོན་གང་ཕྲེད་ལ་སོང་བའི་རྩེར། །རྟགས་བྱ་རྣ་ཤལ་འབུག་པ་གང་ཡིན་པ། །གུང་མཛུབ་རྩེས་བཟུང་ནེའུ་ལེའི་རི་མོ་རྟགས་གཉིས་བར་དུ་བསྐོར། །གྲུ་མོས་གར་སླེབ་ས་ལ་རི་མོ་བྱ། །མཆིན་དྲི་དང་ནི་རི་མོ་དེའི་བར། །ཕོ་བའི་ཆ་ཤས་བཅས་པ་གར་ཡོད་ཁྱོན། །མཆིན་པའི་གནས་ཡིན་པར་ནི་རབ་ཏུ་བཤད། །ལྷེན་སྣ་ལྟེ་བའི་བར་གྱི་དབུས་དྲང་པོར། །དེ་ནས་འཕྲེད་ལ་སོར་བདུན་བཅལ་བའམ། །ཕོ་ཟུར་གཡས་ནས་ཐད་དུ་སོར་གང་གཞལ། །དེ་ནི་མཁྲིས་པ་གནས་པའི་ས་ཡིན་ཏེ། །འཕྲེད་ལ་སོར་གསུམ་གྱེན་དུ་སོར་དྲུག་པ། །རྩ་བ་ནས་ནི་རིམ་པ་གྱེན་དུ་ཕྲ། །ཕལ་ཆེར་སོར་མོ་དོ་གསུམ་ཙམ་གྱིས་ནི། །མཆིན་པའི་འོག་ཏུ་དཔྱང་ཞེས་འགའ་ཞིག་བཞེད། འདི་ལ་དཔེ་ཁ་ཅིག་ཏུ་མཆིན་པའི་ཟུར་ནས་སོར་བདུན་པ་ཟེར། དཔྱད།
གཡོན་གྱི་རྩིབ་ཐུང་སྣ་ནས་ཕོ་ཟུར་བར། །འཕྲེད་ལ་མཛུབ་གཞུང་ཐིག་གདབ་གོང་གྱེན་དུ་སོར་ལྔ་པ། །དབུས་ནས་ཡས་མན་སོར་མོ་ཕྱེད་གསུམ་རེ། །མཚེར་པའི་ཡུལ་ཐིག་གྲུ་བཞིར་གདབ་པ་དེ། །ཕལ་ཆེར་མཆིན་དྲིའི་འོག་ཏུ་གནས་པར་གསུངས། །ལྟེ་བའི་སྟེང་དང་འོག་ཏུ་ཚོན་རེ་རེ། །གཞལ་བའི་ས་ནས་འཕྲེད་དུ་ཐིག་གཉིས་གདབ། །གཞུང་ཐིག་སྟེང་ནས་གཡས་གཡོན་ཚོན་བཞི་རེའི། །མཚམས་སུ་རྟགས་བྱ་དེའི་སྟེང་ནས་ནི། །གོང་འོག་བར་སྦྲེལ་དཀྱུས་སུ་ཚོན་བརྒྱད་དང་། །དཔངས་སུ་ཚོན་དོ་ལོང་ཀའི་ཡུལ་ཡིན་ཏེ། །འཕྲེད་ལ་ཆ་གསུམ་བགོས་པའི་སུམ་མཁྱོགས་ཅན། །གཡས་པ་ཁྲག་ལོང་གཡོན་པ་སྲིན་ལོང་སྟེ། །དབུས་མ་རྩམ་ལོང་ཞེས་ཟེར་ལོང་ཀའི་ཡུལ། །དེ་འོག་ཚོན་དོ་གཞལ་བར་ཚོན་རེ་སར། །འཕྲེད་ཐིག་རེ་རྒྱབ་དཀྱུས་ཚད་ལོང་དང་མཉམ། །གོང་མ་རྒྱུ་སྟོད་འོག་མ་རྒྱུ་སྨད་གནས། །དེ་ཟུར་གཉིས་ནས་མཚན་མའི་གཞུང་ཐིག་ལ། །ཐིག་རྩེ་འདུས་པའི་གྲུ་གསུམ་ལྒང་བའི་ས། །དེ་ནས་རྒྱབ་ཀྱི་ཡུལ་ཐིག་བསྟན་པ་ནི། །ཚིགས་པ་གསུམ་དང་དགུ་ལ་འཕྲེད་ཐིག་གདབ། །ཚིགས་པ་བཞི་ནས་ཆག་གང་གྱེན་དུ་གསེག །ཚིགས་པ་བརྒྱད་ནས་མཁྱིད་གོང་མཐུར་ལ་གསེག །དེ་གཉིས་འཕྲེད་ཐིག་
གཉིས་པོ་དག་དང་བསྟུན། །དེ་དག་སླེབ་མཚམས་བཞི་པོར་རྟགས་བྱ་སྟེ། །གོང་མ་གཉིས་ཀྱི་རྩེ་ནས་བཞི་པར་གདབ། །འོག་མ་གཉིས་ཀྱི་རྩེ་ནས་བརྒྱད་པར་གདབ། །སྟེང་འོག་གཉིས་སྦྲེལ་གྲུ་བཞི་ལྟ་བུ་སྟེ། །དེ་ནས་གསུམ་བརྒྱད་སྟེང་ནས་འཕྲེད་དུ་གདབ། །དབུས་མ་དེ་ཡང་ཆ་གསུམ་མཉམ་པར་བགོ། སྟེང་ནས་རིམ་བཞིན་ཕྲག་མགོ་གཉིས་དང་ནི། །དེ་བཞིན་གློ་བའི་སྒང་གཉིས་རྩིབ་གཉིས་དང་། །དེ་ནས་གཤམ་དང་ཐ་མ་ཟག་སྣའོ། །དེ་དག་གློ་བ་མ་ཡི་ཡུལ་ཆོད་ཡིན། །སྨད་ཀྱི་རྒྱབ་ཐིག་ཚིགས་པ་བཅུ་གསུམ་པའི། {སྟེང་གི་འཕྲེད་ཐིག་རྒྱབ་དེའི་དཀྱུས་ཚད}།ཐོག་ནས་གཡས་གཡོན་སོར་མོ་བདུན་རེའི་དཀྱུས། །དཔངས་སུ་སོར་ལྔ་གྲུ་བཞིར་བཅད་པ་ནི། །དཀྱུས་སོར་བཅུ་བཞི་དཔངས་སོར་ལྔ་པ་གང་། །མཁལ་མ་གཡས་གཡོན་{རྣ་མདུན་ཚིགས་ལ་བརྟེན་པ་ཡིན}ཚིལ་དང་བཅས་པའི་ས། །ཚིགས་པ་བཅུ་བཞིའི་སྟེང་ནས་གཡས་གཡོན་དུ། །ཚོན་རེ་གཞལ་བ་རྣ་བའི་མཐའ་བསྐོར་བ། །ཇི་ལྟ་བ་བཞིན་ཡ་ཡོ་མེད་པར་བཞག །དེ་ནི་མཁལ་འབྲས་གནས་པའི་ཚད་ཡིན་ནོ། །ཚིགས་པ་བཅུ་དྲུག་ནས་ནི་གཡས་གཡོན་དུ། །ཚོན་བཞི་གྱེན་དུ་ཚོན་དོ་ལོང་བའི་རྒྱབ། །དེ་འོག་ཚོན་དོ་ལོང་མཉམ་རྒྱུ་སྟོད་སྨད། །དེ་ཡི་ཟུར་ནས་གཞུང་ཆུང་རྩེར་གདབ་པའི། །གྲུ་གསུམ་གཉེ་མ་ཞེས་བྱ་དྲི་ཆེན་སྣོད། །
དེ་ལྟར་དོན་སྣོད་ཡུལ་ཐིག་ནག་འགྲོས་སུ། །བཀོད་ནས་སླར་ཡང་མགོ་ཡི་ཐིག་ཚད་དང་། །ཐུར་མའི་དབྱེ་གསང་རིམ་པས་བཤད་པ་ལ། །མི་ཕམ་པ་ཡིས་བཀོད་པ་དགེ་གྱུར་ཅིག །རིན་ཆེན་དངུལ་ཆུའི་སྦྱོར་བའི་རྟོགས་པ་བརྗོད་པའི་གཏམ། ངོ་མཚར་འཆི་མེད་གྲུབ་པའི་རྣ་རྒྱན་ཞེས་བྱ་བ་བཞུགས་སོ། ༈ ཨོཾ་ཨ་ཐ། བཀྲ་ཤིས་གང་ཞིག་སྲིད་དང་ཞི་བ་ཡི། །ཤེས་བྱའི་ཁོངས་སུ་བླ་ན་མེད་གྱུར་པ། །འཇམ་དཔལ་དཔའ་བོ་ཞེས་གྲགས་རྒྱལ་ཀུན་གྱི། །ཡེ་ཤེས་སེམས་དཔར་གྱུར་པའི་མགོན་དེས་སྐྱོངས། །གྲགས་པ་དྲི་མེད་ཟླ་བའི་འོད་ཟེར་ནི། །སྲིད་དང་ཞི་བའི་ཁམས་སུ་རབ་ཁྱབ་པ། །རྒྱལ་ཀུན་སྙིང་རྗེའི་རང་གཟུགས་རྡོ་རྗེ་འཛིན། །ཕྲིན་ལས་རྒྱ་མཚོའི་དཔལ་དེ་རྒྱལ་གྱུར་ཅིག །ཕྱི་ནང་རྟེན་འབྲེལ་མཐུན་པའི་གནད་གསང་ལས། །མཚུངས་པ་མེད་པའི་སྨན་མཆོག་གྲུབ་པའི་དཔྱིད། །ངོ་མཚར་རྟོགས་པ་གཏམ་དུ་གླེང་བ་ན། །མཁས་པ་རྣམས་ཀྱིས་བརྩེ་བས་རྗེས་བཟུང་མཛོད། །དེ་ལ་འདིར་དཔལ་ལྡན་དུས་ཀྱི་འཁོར་ལོ་སོགས་རྒྱུད་སྡེའི་དགོངས་པ་དང་། གསོ་རིག་བདུད་རྩི་སྙིང་པོའི་བཞེད་པ་བཞིན་རིན་ཆེན་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ཕྱག་བཞེས་དཔལ་རྡོ་རྗེ་རྣལ་འབྱོར་མའི་གདམས་པ་དེ་ཉིད་གྲུབ་ཐོབ་ཨོ་རྒྱན་པ་ནས་བཟུང་སྟེ། དེང་གི་བདག་ཅག་རྣམས་ཀྱི་འཁོར་ལོའི་མགོན་པོའི་
བར་དུ་བཟུང་ལ་བར་མ་ཆད་པའི་མཐོང་གོམས་ཀྱི་སྲོལ་རང་རེ་རྣམས་ཀྱི་མིག་སོགས་དབང་པོའི་སྤྱོད་ཡུལ་དུ་གྱུར་པའི་རྟོགས་པ་མདོར་བསྡུས་བརྗོད་ན། ཕུན་སུམ་ཚོགས་པ་ལྔའམ་རྣམ་གྲངས་ཀྱི་ཚུལ་དུ་ཕྱེ་ན་འཕགས་ནོར་གྱི་གྲངས་སུ་རྟོགས་པར་བྱ་བ་ལས། དང་པོ་གང་དུ་བཅའ་གཞི་ཤོམ་པའི་གནས་ཕུན་སུམ་ཚོགས་པ་ནི། སྤྱིར་སེམས་ཅན་རང་རང་གི་བག་ཆགས་སྣ་ཚོགས་པའི་ལས་ཀྱིས་རྣམ་པར་བཀྲམ་པའི་ཞིང་བསམ་གྱིས་མི་ཁྱབ་པར་སྣང་བ་ལས། བྱེ་བྲག་ཏུ་གྱུར་པ་མི་མཇེད་འཇིག་རྟེན་གྱི་ཁམས་ཞེས་རྒྱལ་བ་ཤཱཀྱ་སེངྒེ་ཉིད་ཀྱིས་ཐུགས་བསྐྱེད་དང་སྨོན་པས་བདག་གིར་མཛད་པའི་ཞིང་ཁམས་འདིར། གླིང་བཞི་པའི་འཇིག་རྟེན་གྱི་ནང་ཚན། ལྷོ་ཕྱོགས་འཛམ་བུའི་ཤིང་གིས་ཉེ་བར་མཚན་པའི་གླིང་། དེ་ལའང་ཡུལ་ཆེན་པོ་དྲུག་ལ་སོགས་པའི་རྣམ་པར་ཕྱེ་བ་ལས་བྷོ་ཊའི་ཡུལ་ཞེས་སྤྲུལ་པའི་ཆོས་རྒྱལ་རྣམས་ཀྱིས་མཐའ་བཞིའི་མཁས་གྲུབ་མ་ལུས་པ་སྤྱན་དྲངས་ནས་དམ་ཆོས་ཉི་མ་ལྟར་གསལ་བར་མཛད་པའི་ཡུལ་ཁྱད་པར་ཅན་ཡིན་ལ། དེ་ལས་བྱེ་བྲག་མདོ་ཁམས་ཆུ་བོ་ཆེན་པོ་བཞི་དང་སྒང་དྲུག་གིས་མཚན་པའི་ནང་ཚན། ཟླ་བའི་ཆུ་ཀླུང་ཡན་ལག་བརྒྱད་ལྡན་དལ་གྱིས་འབབ་ཅིང་འབྲི་ཟླའི་སྒང་གཉིས་ཀྱི་བར་དུ་ཆུད་པ། སངས་རྒྱས་གཉིས་པ་པདྨ་ཐོད་ཕྲེང་རྩལ་གྱི་བྱིན་གྱིས་བརླབས་པ་སྦས་པའི་གནས་མཆོག་རོང་བཞི་ཤོད་ཆེན་བཅོ་བརྒྱད་དུ་གྲགས་པ་ལས་ཉག་ཤོད་ཨ་འཛི་
ལུང་ཞེས་རིག་འཛིན་གྲུབ་པའི་སྐྱེས་མཆོག་མང་པོས་བྱིན་གྱིས་བརླབས་ཤིང་། གནས་དང་གཏེར་གྱི་མཛོད་དུ་མས་མངོན་པར་བརྒྱན་པ། རྣམ་སྣང་ལོ་ཙཱ་བ་ཆེན་པོའི་རྣམ་འཕྲུལ་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་པས་གསང་སྔགས་རྡོ་རྗེ་རྩེ་མོའི་བསྟན་པ་སྲུང་བའི་གནས་སུ་རྡོ་རྗེའི་ལུང་གིས་བསྔགས་ཤིང་། ཁྱད་པར་ལང་གྲོ་ལོ་ཙཱ་བ་དཀོན་མཆོག་འབྱུང་གནས་ཀྱི་ཡེ་ཤེས་སྒྱུ་འཕྲུལ་དྲ་བའི་རོལ་གར། ཁྲག་འཐུང་པདྨ་དྲག་པོ་དང་དབྱེར་མ་མཆིས་པའི་ཧེ་རུ་ཀ་ཆེན་པོ་ཀློང་གསལ་མདོ་སྔགས་གླིང་པ་དང་། ཕྱིས་བྱོན་གྱི་གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་རྒྱལ་པོ་སྤྲུལ་པའི་གཏེར་སྟོན་བསམ་གཏན་གླིང་པའི་རྒྱལ་ཚབ་རིག་འཛིན་མཐུ་སྟོབས་གླིང་པ་སོགས་ཀྱིས་སྣོད་བཅུད་ཡེ་ཤེས་ཆེན་པོའི་རྟེན་དང་བརྟེན་པར་བསྒྲུབས་པའི་ནོར་འཛིན་གྱི་ཐིག་ལེ་ལྕགས་མདུད་རི་ནང་ཞེས་ཡོངས་སུ་གྲགས་པ་སྟེ། དེ་ཡང་རེ་ཞིག་ལོག་སྨོན་གྱི་འབྲས་བུ་དུས་སུ་སྨིན་པའི་བསྟན་འགྲོར་འཚེ་བའི་ངང་ཚུལ་ཅན་དུ་གྱུར་པ་མི་སྲུན་གྱིས་ཉེ་བར་བཟུང་ཡང་། རྩ་གསུམ་སྲུང་མའི་བྱིན་རླབས་ཀྱི་མཐུ་དང་། སེམས་ཅན་སྤྱི་མཐུན་གྱི་བསོད་ནམས་དང་། དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་ཀྱི་དཔུང་གིས་ཉེ་བར་བསྐུལ་བའི་གནམ་བསྐོས་དགའ་ལྡན་གྱི་ཕོ་བྲང་གི་ལྷ་དམག་བྱེ་བའི་ཚོགས་ཀྱིས་རྣམ་པར་བཅོམ་ནས་བདེ་བའི་ཁྲིམས་གཉིས་ཉི་ཟླའི་སྣང་བ་དུས་གཅིག་ཏུ་གསལ་
བར་བྱས་པ་དེའི་ཚེ་ཁྲིམས་ཀྱི་ཁ་ལོ་སྒྱུར་བའི་ཕྲིན་ལས་ཀྱི་བྱེད་པོ་༧གོང་མ་མཆོད་ཡོན་ཉི་ཟླ་ཟུང་འབྲེལ་གྱི་བཀའ་ལུང་ནོར་བུའི་ཅོད་པན་སྤྱི་བོར་འཆིང་བའི་ཁྲིམས་བདག་ཆེན་པོ་གང་གི་ཞབས་ཟུང་པདྨ་དཀར་པོ་མཐའ་བཞིའི་སྐྱེ་བོ་ཡོངས་ཀྱི་གཙུག་ཏུ་བཀོད་པར་གྱུར་ཏོ། །དྲག་པོའི་ལྷ་དམག་འདུ་བའི་བ་དན་ནི། །དགྲ་ལྷ་འགྱུ་བའི་རླུང་གིས་ཉེར་སྤྱོད་པ། །འཇིགས་རུང་སྤྲིན་ནག་འཁྲུགས་པའི་འབྲུག་སྒྲ་བཞིན། །དཀར་ཕྱོགས་རྣམ་པར་རྒྱལ་བའི་དཔའ་ངར་བསྐྱེད། །འཇིགས་པའི་རྩུབ་འགྱུར་ཚལ་དུ་ལྷ་རྣམས་ཀྱིས། །དྲག་པོའི་རྒྱ་མཚོ་འཐུང་བའི་གནས་སྐབས་བཞིན། །མི་ལ་དགྲ་བླའི་གཟི་བྱིན་ཉེར་ཐེབས་པས། །སྡིག་ཅན་སྲོག་ལ་དུས་མཐའི་མེ་བཞིན་རྔམ། །ངང་ཚུལ་སྦྲུལ་གདུག་ཁྲོ་བའི་རྗེས་འགྲོ་བ། །རང་བཞིན་ཕན་མེད་གནོད་པའི་སྦྱོར་བ་ཅན། །ལོག་སྨོན་རྣམ་པར་རྒྱས་པའི་དུག་ལྗོན་གྱི། །མི་བཟད་ཚང་ཚིང་དྲག་པོའི་ཞུགས་ལ་སྦར། །གོང་མ་མཆོད་ཡོན་ཉི་ཟླའི་སྣང་བ་ཡིས། །ས་འདི་ཀུན་ནས་རྣམ་པར་ཁྱབ་མོད་ཀྱང་། །གློ་བུར་འཚུབས་འགྱུར་དུས་ཀྱི་སྤྲིན་ཞི་བས། །སྐྱེ་རྒུར་ཕན་བདེའི་དཔྱིད་དེ་ལྷག་པར་མངོན། །དེ་ཚེ་ཁྲིམས་གཉིས་ལས་ཀྱི་ཁ་ལོ་པ། །མི་སྲུན་གླང་པོ་འཛིན་པའི་ལྕགས་ཀྱུ་བཞིན། །དགེ་བའི་རྒྱལ་ཐབས་ཆེན་པོའི་རྒྱལ་རྔ་དེ། །བློ་ཆེན་མངའ་བ་གང་གི་ཕྱག་ཏུ་བཞག །དེ་ནས་དེ་ཡི་ཚེ་
སྙན་གྲགས་ཟབ་མོའི་སྒྲ་དབྱངས་རྣམ་པར་རྒོད་པའི་གཡུ་འབྲུག་འཁྱུག་ཅིང་འགྲོ་བ་ལྟ་བུས་མཚོན། དགེ་བའི་ས་དཔྱད་བཟང་པོར་གྱུར་པ་འབྲུག་མོ་རྫོང་དུ་གྲགས་པའི་གནས་སུ་ཕ་རོལ་གྱི་དཔུང་གིས་རྣམ་པར་མི་ཕྱེད་ཅིང་ཕྲིན་ལས་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་གནས། བཙན་པའི་རྫོང་ཆེན་པོ་ཕྱོགས་ཀྱི་རི་རྣམས་ཀྱི་རྩེ་མོར་སྲ་བརྟན་མཐོ་བའི་རྫོང་གཡོགས་དུ་མས་ཡོངས་སུ་བསྐོར་ཞིང་། ཉེ་སྐོར་དུ་མཛེས་པའི་ཁང་བཟང་བརྒྱ་ཕྲག་དག་གིས་བརྒྱན་པའི་དབུས་ན་ལྷུན་སྡུག་མཛེས་ལ་བརྗིད་པའི་ཕོ་བྲང་ཕྱི་ནང་ཀུན་ཏུ་ཡ་ཡོ་མེད་པར་སྲ་བརྟན་འཇམ་ལ་རྒྱ་ཡངས་པ། ཕ་རོལ་གྱི་དཔུང་འཇོམས་པའི་རྣོ་མཚོན་རྣམ་པར་འབེབས་པའི་འཕྲུལ་ཁུང་དུ་མ་དང་ལྡན་ཅིང་། རྫོང་གི་ཆས་སུ་ཉེ་བར་མཁོ་བ་ཁྲོན་པའི་ཆུ་ལ་སོགས་པ་དང་བཅས་པ། སྐད་དང་གོས་ཀྱི་བྱེ་བྲག་མི་འདྲ་བའི་སྐྱེ་བོ་དུ་མས་ཡོངས་སུ་གང་ཞིང་། སྤྲེའུ་དང་ནེ་ཙོ་དང་དོམ་དང་ཤ་བ་ལ་སོགས་པའི་དུད་འགྲོ་དུ་མའི་ཚོགས་དང་མི་རྣམས་ཕན་ཚུན་རྣམ་པར་རྩེ་བ། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་དུ་མ་དང་ཆོས་དང་སྲིད་ཀྱི་ཡོན་ཏན་དུ་མས་ཉེ་བར་མཐོ་བའི་དམ་པའི་ཚོགས་ཀྱིས་བསྟི་བ་དགའ་ལྡན་ཀུན་ཁྱབ་ཆོས་རྫོང་ཞེས་མིང་དོན་དང་ལྡན་པ་བཀྲ་ཤིས་པའི་གླིང་། ལུགས་གཉིས་ཀྱི་འདུན་ས་ཆེན་པོ་དཔལ་དང་འབྱོར་པའི་ཁྱད་པར་དུ་མས་མངོན་པར་གཏམས་པ། ཕྱོགས་
ལས་རྣམ་པར་རྒྱལ་བའི་དགེ་མཚན་གྱི་སྣང་བ་གསར་པ་གོང་དུ་འཕེལ་བའི་ཕོ་བྲང་ཆེན་པོར་སྦྱོར་བ་ཡོ་བྱད་ཀྱི་སྟ་གོན་མ་ཚོགས་པ་མེད་པ་མངོན་པར་འདུ་བགྱིས་ཏེ་རིན་ཆེན་དངུལ་ཆུ་གྲུབ་པའི་བྱ་བ་ལ་ཞུགས་སོ། །དེར་ནི་མཛེས་པའི་ལྗོན་ཤིང་དུ་མ་ཡིས། །ཕྱོགས་ཀྱི་ཐ་གྲུ་ཀུན་ནས་རབ་བསྐོར་ཞིང་། །ཡིད་འོང་ལེགས་པར་འབབ་པའི་ཆུ་རྒྱུན་དང་། །དགའ་བའི་སྒྲ་འབྱིན་འདབ་ཆགས་རྣམ་པར་རྒྱུ། །རྒྱལ་བ་ཀུན་དངོས་མཚོ་སྐྱེས་རྡོ་རྗེ་ཡིས། །ཡེ་ཤེས་སྒྱུ་འཕྲུལ་དྲ་བས་ཉེར་བརླབས་པ། །རྩ་གསུམ་སྲུང་མ་འདུ་བའི་གནས་འདི་ནི། །ཐེག་མཆོག་བསྟན་པ་དར་བའི་ཡུལ་དུ་བསྔགས། །ལྷ་ཀླུ་མི་ཡི་འབྱོར་པའི་དངོས་པོ་དང་། །ཐེག་ཆེན་དམ་ཆོས་བདུད་རྩིའི་གཏེར་རྣམས་ཀྱིས། །གནས་ཀུན་ཕྱུར་བུར་གཏམས་པའི་དངོས་པོ་ཡང་། །སྐལ་མེད་རྣམས་ལ་མི་སྣང་ཕྱག་རྒྱས་བཏབ། །དེ་དེར་སྟོང་ལྡན་མཛེས་པའི་ཁང་བཟང་ཚོགས། །འབྱོར་པའི་ཁྱད་པར་དུ་མས་མངོན་མཐོ་བ། །དབང་པོ་ཀུན་འདྲེན་དགའ་བའི་ལྕགས་ཀྱུ་ཅན། །དེ་ནི་སུམ་རྩེན་འཛིན་མར་འཕོས་པ་བཞིན། །དྲི་མེད་ཟླ་ཤེལ་གསར་པའི་མདངས་མཚུངས་པའི། །ལྷུན་སྡུག་མངོན་པར་མཐོ་བའི་རྫོང་ཆེན་པོ། །ཁང་བཟང་དུ་མས་བསྐོར་བའི་བསྟི་གནས་ན། །མི་རྣམས་དགའ་བའི་སྒྲ་དབྱངས་རྣམ་པར་སྒྲོགས། །སྲ་བརྟན་མཐོ་བར་གྱུར་བའི་ཕོ་བྲང་དེ། །ཕ་རོལ་དཔུང་གིས་རྣམ་པར་མི་ཕྱེད་ཅིང་། །
དཔའ་མཛངས་སྐྱེ་བོའི་ཚོགས་ཀྱིས་རབ་གཏམས་པ། །དེ་ནི་གཞན་སྟོབས་འཇོམས་པའི་རྡོ་རྗེར་མཚུངས། །དགེ་བའི་རྒྱལ་ཁྲིམས་གསེར་གྱི་རི་བོ་ཡིས། །བག་མེད་སེམས་ཀྱི་རྒོད་པ་ནོན་གྱུར་པས། །ཕན་ཚུན་ཞི་ཞིང་བྱམས་པའི་ངང་ཚུལ་གྱིས། །སྐྱེ་བོའི་ཚོགས་ནི་དལ་བུས་རྣམ་པར་རྒྱུ། །དྲག་པོའི་མཆེ་སྡེར་ལྡན་པ་གདུག་པའི་གཟུགས། །མིག་སྨན་མདངས་མཚུངས་སྤྲིན་གྱི་དྲ་བ་ནས། །ཟླ་གཞོན་མངོན་པར་བཀྲ་བའི་རོལ་རྩེད་བཞིན། །མདོག་ནག་ཐུགས་དཀར་དོམ་གྱིས་རྔམ་བག་སྟོན། །དཔག་བསམ་ལྗོན་པར་མཚུངས་པའི་རྭ་མཛེས་པའི། །བག་ཕེབས་རི་དྭགས་དཀྱུ་བའི་ནེའུ་གསིང་ནི། །དྲི་མེད་མར་གད་ཞུན་མའི་རྒྱ་མཚོ་བཞིན། །མཐོང་ན་མངོན་པར་དགའ་བའི་རོ་ཡང་སྟེང་། །སྣ་ཚོགས་མི་སྐད་སྨྲ་བའི་འདབ་ཆགས་དང་། །མི་ཡི་སྤྱོད་པ་རྩོམ་པའི་གཅན་གཟན་སོགས། །མི་གཅིག་ལུས་ལྡན་དུད་འགྲོའི་ཚོགས་རྣམས་ཀྱང་། །རྣམ་མང་ལས་ཀྱི་འཁྲུལ་འཁོར་ངོམས་པ་བཞིན། །འབབ་པའི་ཆུ་ཀླུང་རྣམ་མང་བྱ་ཚོགས་ཀྱིས། །ཀུན་ནས་མངོན་པར་དཀྲིགས་པའི་སྒྲ་འབྱིན་ཅིང་། །ནོར་སྲུང་གཏུམ་པོ་རྒྱུ་བའི་ཅོ་སྒྲ་ནི། །མི་ཟད་ཆུ་གཏེར་འཁྲུགས་པའི་རྔམ་སྒྲ་བཞིན། །ཆུ་ཀླུང་མ་ལུས་ཀུན་ནས་འདུས་གྱུར་པའི། །ཆུ་གཏེར་ཆེ་བཞིན་མཐའ་བཞིའི་སྐྱེ་བོ་ཀུན། །རང་དབང་མེད་པར་ཤུགས་ཀྱིས་འོང་བ་
ཡི། །སྣ་ཚོགས་གཏམ་དང་སྤྱོད་པའི་གཟིགས་མོ་ངོམས། །རྣམ་མང་བཟོ་ལ་མཁས་པའི་སྐྱེ་བོ་དང་། །རིག་གཞུང་གཞན་ལ་བྱང་བའི་བློ་ལྡན་ཚོགས། །རང་རང་བྱ་བའི་རྣམ་འགྱུར་ངོམས་པ་ན། །འཛད་མེད་ངོ་མཚར་དབང་པོའི་ཡུལ་ལ་རྒྱུ། །དེ་ནས་དེ་ལྟ་བུའི་གནས་སུ་གང་གིས་སྒྲུབ་པའི་སྦྱིན་བདག་ནི། །གོང་སྨོས་ལྟར་བོད་དང་བོད་ཆེན་པོ་དང་། །མ་ཧཱ་ཙི་ན་དང་མོ་གོལ་གྱིས་མཚོན་པའི་སྐད་རིགས་མི་གཅིག་པའི་རྒྱལ་ཁམས་དུ་མར་ཐུབ་བསྟན་རིན་པོ་ཆེ་བླ་ནས་བླར་སྤེལ་བའི་མངའ་བདག་ཏུ་གྱུར་པ། ནོར་འཛིན་ཡངས་པའི་སྐྱེ་རྒུ་ཆོས་བཞིན་དུ་སྐྱོང་བ་ལ། ཚེ་རིང་གནམ་གྱི་ཤེ་མོང་གིས་བསྐོས་པས་རིས་སུ་མ་ཆད་པའི་འགྲོ་བ་ཡོངས་ཀྱི་སྐྱབས་དང་མགོན་དང་དཔུང་གཉེན་གཅིག་པུར་གྱུར་པ། འཕགས་མཆོག་སྙིང་རྗེའི་དབང་ཕྱུག་ངུར་སྨྲིག་གར་གྱིས་རྣམ་པར་རོལ་པ། ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ་པོ། ཐམས་ཅད་མཁྱེན་གཟིགས་ཆེན་པོ་ཏཱ་ལའི་བླ་མ་བཛྲ་དྷཱ་ར་ཞེས་གྲགས་པའི་རྒྱལ་མཚན་སྲིད་པ་གསུམ་ན་མངོན་པར་མཐོ་བ། གང་གི་གསང་བ་གསུམ་གྱི་ཡེ་ཤེས་སྣང་བས་བྱིན་གྱིས་བརླབས་པའི་གནམ་སའི་དབང་ཕྱུག་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་ཉིན་མོར་བྱེད་པའི་སྣང་བ་མདོ་ཁམས་ཐ་གྲུར་འདྲེན་པའི་ཤིང་རྟ་པ། གཙུག་ལག་ཟུང་གི་མཁྱེན་རབ་ཀྱི་བློ་གྲོས་པདྨ་ལྟར་རྒྱས་པས་གཞན་
དྲིང་མི་འཇོག་པའི་རྣམ་དཔྱོད་འཆང་བ། ཆོས་དང་ནོར་དང་འདོད་དང་ཐར་པ་སྟེ་སྡེ་བཞིའི་དཔལ་གྱིས་མངོན་པར་མཐོ་བ། བསོད་ནམས་ཀྱི་སྟོབས་དང་དཔའ་མཛངས་འཕྲུལ་གྱི་ཁྱད་པར་ཆེན་པོས་ཡངས་པའི་སྐྱེ་རྒུ་མཐའ་དག་ཟིལ་གྱིས་གནོན་པ། སྤྱི་ཁྱབ་ཆེན་པོ་ཚེ་རིང་དཔལ་དང་ལྡན་པའི་མཚན་གྱིས་སྙན་གྲགས་དབྱར་སྐྱེས་ཀྱི་རྔ་སྒྲ་ལྟར་ཀུན་ཏུ་རྣམ་པར་གསལ་བ། དེ་ཉིད་གང་གིས་བསྒྲུབས་པའི་སྦྱིན་བདག་ཕུན་སུམ་ཚོགས་པ་སྟེ། དེ་ཡང་ཁྲིམས་བདག་ཆེན་པོ་འདི་ཉིད་ཀྱིས་འབངས་རྣམས་དགེ་བཅུའི་ཁྲིམས་ལ་བཙུད་དེ་བཀའ་བཙན་པའི་སྟོབས་ཀྱིས་ཕྱོགས་ཀྱི་སྐྱེ་བོ་ཐམས་ཅད་ཀྱི་མི་སྲུན་ངང་ཚུལ་ཉེ་བར་བཏང་སྟེ། ཕན་ཚུན་མི་གནོད་པའི་རང་བཞིན་དུ་གྱུར་པས་སྐྱེ་བོ་ཐམས་ཅད་བདེ་ཞིང་བག་ཕེབས་པ་དང་། ལྷག་པར་སྐྱེ་རྒུའི་ཕན་བདེའི་རྩ་ལག་རྒྱལ་བསྟན་རིན་པོ་ཆེ་འཛིན་པ་འདུས་པའི་སྡེ་དང་བཤད་སྒྲུབ་ཀྱི་བྱ་བ། བསྟན་རྩ་སོ་སོར་ཐར་པའི་ཕྱག་བཞེས་ཀྱི་སྲོལ་བཙུགས་ཤིང་། མི་ཉམས་གོང་འཕེལ་གྱི་ཚུལ་དུ་མཛད་པ་དང་། རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་སོགས་འདི་རྫོགས་ལྡན་གྱི་སྐལ་པར་བསྒྱུར་བའི་བསོད་ནམས་མངའ་ཐང་གི་ལག་རྗེས་ཅི་སྙེད་ཅིག་མཆིས་པ་ལས། འདིར་སྐབས་སུ་བབས་པ་སྐྱེ་འགྲོ་མང་པོ་ལ་འཚོ་བའི་སྲོག་སྦྱིན་ཅིང་ནད་ཀྱི་སྡུག་བསྔལ་ཞི་བའི་རིན་ཆེན་སྨན་མཆོག་བསྒྲུབས་པའི་ཚུལ་འདི་ལྟ་བུ་ནི། བྱང་སེམས་བདག་ཉིད་ཆེན་པོ་རྣམས་ཀྱིས་ཀྱང་སྨོན་པའི་གནས་སུ་མཛད་ཅིང་། སློབ་པ་ལམ་གྱི་གནས་སྐབས་སུ་གཞན་ཕན་ལྷུར་མཛད་པའི་གཙོ་བོར་ཉམས་སུ་བླངས་པའི་ཚུལ་ཐེག་ཆེན་གྱི་མདོ་སྡེ་རྣམས་ལས་སྟོན་ལ། རིགས་པའི་རྟགས་ཡང་དག་གིས་
འགྲུབ་པའི་དོན་ཆེན་པོ་ཉེ་བར་དང་ལྡན་པ་ཡིན་ཅིང་། བྱེ་བྲག་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་མཐོང་བརྒྱུད་ཆད་ཁ་མར་གྱུར་བས་གངས་ལྗོངས་སྤྱི་ལ་ཕན་པའི་ལྷག་བསམ་གྱིས་དྲངས་པའི་སྨན་ཐམས་ཅད་ཀྱི་རྒྱལ་པོ་རིན་ཆེན་རིལ་ནག་ཆེན་མོ་ལ་སོགས་པའི་སྦྱོར་སྡེའི་རྩ་བར་གྱུར་པའི་དངུལ་ཆུ་བཙོ་བཀྲུ་ཆེན་པོ་མཛད་པ་ཡིན་ལ། དེ་ལྟ་བུ་འབྱོངས་པའི་རྒྱུ་ནི་ལྷག་བསམ་དང་། བསོད་ནམས་དང་། དབང་གིས་ཕྱུག་པའི་ཆེན་པོ་དག་མ་གཏོགས་ཕལ་གྱིས་བསྒྲུབ་པར་དཀའ་བ་ན་ཡང་། འདིར་དངུལ་ཆུ་དང་གཉེན་པོའི་སྨན་ལ་སོགས་པ་ཉུང་བ་མ་ཡིན་པ་ཤིན་ཏུ་རྒྱ་ཆེ་བ་དག་སྐད་ཅིག་བདེ་བླག་གིས་བསྒྲུབ་པའི་བདག་རྐྱེན་མཛད་པ་སྟེ། སྐྱེས་ནས་ཐོབ་པའི་ཤེས་རབ་ཟབ་མོ་ཡིས། །རྣམ་དཔྱོད་ཟུར་མིག་ལྕགས་ཀྱུས་གང་ཐེབས་པའི། །ཤེས་བྱ་དེ་ཡང་མཛེས་མས་གཞོན་ཡིད་བཞིན། །ལུས་པ་མེད་པར་ཐུགས་ཀྱི་དཔལ་བེར་དྲངས། །ཐུབ་པ་མཆོག་གི་ཐུགས་ནས་ལེགས་འདོམས་པའི། །རྨད་བྱུང་རྒྱུ་འབྲས་རྟེན་ཅིང་འབྲེལ་བའི་ལམ། །འཇིག་རྟེན་ཡང་དག་ལྟ་བའི་ལྷ་ལམ་ནས། །དགེ་བའི་ཁྲིམས་ཆེན་ཉི་ཟླའི་སྣང་བ་འབར། །ཚུལ་བཞིན་སྤྱོད་ལ་དགྱེས་པའི་སྤྱན་བཟང་ནི། །འཛུམ་མདངས་ཨུཏྤལ་གཡོ་བས་མངོན་དགའ་ཞིང་། །རྨད་བྱུང་ཆོས་ལ་སེམས་པའི་ཐུགས་དེ་ནི། །དྲི་མེད་ཟླ་བ་རྒྱས་པའི་དཀྱིལ་འཁོར་བཞིན། །སྔོན་བསགས་བསོད་ནམས་སྟོབས་ཀྱིས་རབ་བསྐྲུན་པ། །ཕས་རྒོལ་མི་སྲུན་འཇོམས་པའི་མཐུ་དཔུང་ཤུགས། །མྱོས་པའི་གླང་པོ་སྟོང་
གིས་མཚོན་མིན་པ། །ཕོངས་པ་རྣམས་ལ་སྲོག་གི་སྐྱབས་སུ་གྱུར། །ཚུལ་ལྡན་རྣམས་ལ་ཀུན་དགའི་རོར་གྱུར་པ། །དྭངས་གསལ་བདུད་རྩིའི་ཐིག་ལེ་མངོན་བཀྲ་ཡང་། །ཚུལ་མིན་སྤྱོད་པའི་སྙིང་ལ་འབབ་པའི་མེ། །ཀུན་ནས་མི་བཟད་སྲེག་པའི་འོད་རྣོན་འགྱེད། །མི་བཟད་སྟོབས་ནུས་འབར་བའི་མཆེ་སྡེར་གྱིས། །རློམ་པས་རྣམ་པར་འགྱིང་བའི་གླང་པོ་བརྒྱ། །དྲེགས་མེད་བག་ཡོད་གནས་ལ་མངོན་སྦྱར་བ། །ཆེ་རྒུའི་གངས་རིར་འགྱིང་བའི་གདོང་ལྔ་ཉིད། །བསོད་ནམས་གསེར་གྱི་སྙིང་པོའི་སྤྲིན་ཆེན་ནི། །གྲགས་པའི་འབྲུག་སྒྲ་སྙན་པོས་མངོན་མཐོ་བ། །ཡིད་བཞིན་ཐོགས་མེད་དབང་གི་གློག་ཕྲེང་གཡོ། །སྐྱེ་རྒུར་ལོངས་སྤྱོད་ནོར་བུའི་ཆར་པ་འབེབས། །འདི་ན་གཅེས་པ་ཀུན་གྱིས་མཐར་ཐུག་པ། །རིན་ཆེན་སྲོག་ལུས་འཛེམས་པའི་ནད་ཆེན་དགྲ། །ཉེ་བར་གཞིལ་བ་བདུད་རྩིའི་སྨན་བསྒྲུབ་པའི། །སྙིང་སྟོབས་ཟླ་བ་གསར་པའི་འཛུམ་མདངས་ངོམས། །དེ་ནས་དེ་ལྟ་བུའི་སྦྱིན་བདག་གིས་ཉེ་བར་སྤྱན་དྲངས་པའི་སྨན་སྦྱོར་བ་པོ་འཚོ་བྱེད་གྲུབ་པའི་ཚོགས་ཀྱི་གཙོ་བོ་སྟོན་པ་ཕུན་སུམ་ཚོགས་པ་ནི་རིག་པའི་གནས་ལྔ་ཡན་ལག་དང་བཅས་པའི་རིགས་ལམ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་པའི་པཎྜི་ཏ་ཆེན་པོ། རིས་སུ་མ་ཆད་པའི་བསྟན་པ་ཐམས་ཅད་ཀྱི་གསལ་བྱེད། བརྟན་སོགས་ཡན་ལག་བཞི་དང་བྱང་སེམས་
རྒྱལ་བའི་སྲས་ཀྱི་བསླབ་བྱ་རྣམ་པར་དག་པས་རྒྱུད་ཕྱུག་པ་དང་། དེ་ཉིད་རྣམ་པ་བཅུ་ལ་སོགས་པ་མདོར་ན་མདོ་དང་སྔགས་ཀྱི་གཞུང་ལུགས་མཐའ་ཡས་པ་འཆད་ཅིང་སྤེལ་བའི་སློབ་དཔོན་གྱི་མཚན་ཉིད་ཡོངས་སུ་ཚང་བ། དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་འཇམ་མགོན་སྤྲུལ་པའི་སྐུ་རིན་པོ་ཆེ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ། ཇི་སྐད་དུ། འཕགས་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཕྱག་རྒྱའི་ཏིང་ངེ་འཛིན་གྱི་མདོ་ལས། འདི་དང་ལྡན་པ་འདྲེན་པར་གྱུར་ཏེ་བློ་གྲོས་མཐའ་ཡས་བློ་གྲོས་མཆོག །ཕྱོགས་བཅུའི་སངས་རྒྱས་བྱེ་བ་ཕྲག་བརྒྱ་མང་པོ་དག་གིས་དགོངས་པར་འགྱུར། །མདོ་སྡེ་བརྒྱ་ཡི་ཚུལ་དག་ཤིན་ཏུ་རབ་འབྱེད་བསམ་ཡས་དཔག་མེད་དེ། །མདོ་སྡེ་འདི་ལ་རབ་ཏུ་སྦྱོར་བ་མི་ཟད་གཟུངས་ཐོབ་རྙེད་པར་འགྱུར། །ཅེས་དང་། ལང་ཀར་གཤེགས་པའི་མདོ་ལས། དེ་ཡི་འོག་ཏུ་བྱས་དུས་ལ། །འདྲེན་པ་བློ་གྲོས་ཞེས་བྱ་བ། །ཤེས་བྱ་ལྔ་རྣམས་སྟོན་པ་པོ། །དཔའ་བོ་ཆེན་པོ་འབྱུང་བར་འགྱུར། །ཅེས་དང་། ཏིང་འཛིན་རྒྱལ་པོ་ལས། གང་གི་ལག་ན་ཏིང་འཛིན་མཆོག་ཡོད་པ། །རྒྱལ་བ་བྱམས་པ་གྲགས་པ་མཐའ་ཡས་བཞིན། །སེམས་ཅན་རྣམས་ཀྱི་དོན་མང་བྱེད་འགྱུར་ཞེས། །བློ་གྲོས་མཐའ་ཡས་དེ་ནི་རླངས་ལུང་བསྟན། །ཞེས་དང་། སྒྱུ་འཕྲུལ་རྡོར་སེམས་ཐུགས་ཀྱི་ཐིག་ལེའི་རྒྱུད་ལས། འཇིག་རྟེན་ཁ་བ་
ཅན་ཞེས་སུ། །པདྨའི་སྙིང་པོ་ཀུན་དགའ་དང་། །བློ་གྲོས་མཐའ་ཡས་ལ་སོགས་པས། །འཛིན་པ་བསྟན་པ་རྒྱས་པར་འགྱུར། །ཞེས་ཡང་དག་པར་རྫོགས་པའི་སངས་རྒྱས་ཆགས་བྲལ་གྱི་རྣམ་པར་སྣང་བ་མཉམ་མེད་ཤཱཀྱ་སེང་གེ་དང་། ལོངས་སྤྱོད་རྫོགས་པའི་སྐུ་རྡོ་རྗེ་འཆང་ཆེན་པོའི་དཔལ་གྱི་མགུར་ནས་བློ་གྲོས་མཐའ་ཡས་པའི་མཚན་གྱི་སྒྲ་དབྱངས་ཀྱིས་ལུང་བསྟན་ཅིང་། ཚད་མར་གྱུར་ཅིང་ཡེ་ཤེས་དང་ཆོས་ཀྱི་སྤྱན་དང་ལྡན་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་ཀྱང་དེ་དེ་བཞིན་ནོ་ཞེས་མངའ་གསོལ་བའི་ཤེས་བརྗོད་མེ་ཏོག་དཀར་པོའི་ཆར་ཆེན་པོ་ཕབ་པས་འཛམ་གླིང་ཆོས་ཀྱི་ཤིང་རྟ་ཆེན་པོར་ཡོངས་སུ་གྲུབ་པ། སངས་རྒྱས་གཉིས་པ་པདྨ་ཐོད་ཕྲེང་སྩལ་གྱིས་ཀྱང་རྣམ་སྣང་ལོ་ཙཱ་བ་ཆེན་པོའི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་དུ་རྡོ་རྗེའི་ལུང་གིས་བསྔགས་པའི་དོན་བཞིན་འགྲན་ཟླ་བྲལ་བའི་མཁས་གྲུབ་ཆེན་པོ་ཉིད་དགྱེས་ཞལ་ཟླ་བ་དྭངས་པས་མངོན་པར་གཟིགས་ཏེ་སློབ་བུའི་ཚོགས་ཀྱིས་ཡོངས་སུ་བསྐོར་ནས་བཞུགས་སོ། །གང་གི་རྣམ་དཔྱོད་མཁྱེན་པའི་ཞགས་པ་ཡིས། །ཤེས་བྱ་རྒྱ་མཚོའི་ཕ་མཐར་ཡོངས་སུ་འཁྱུད། །རིགས་ལམ་མ་ལུས་སྨྲ་བའི་ལྗགས་ཀྱི་རྩེས། །རྨོངས་པའི་འཁྲི་ཤིང་གཅོད་པར་བྱེད་པ་བཞིན། །ཕྱོགས་རེའི་མིག་དང་ཕྱོགས་ལྷུང་དབང་གྱུར་པའི། །མཁས་རློམ་རྒྱུ་སྐར་བྱེ་བའི་སྣང་བ་ཀུན། །ཀུན་ནས་
བསྒྲིབས་ལ་མུན་པའི་ལས་མཛད་ཀྱང་། །རྒྱལ་བསྟན་གསལ་བྱེད་ཉི་ཟླའི་འོད་བཟང་འཕྲོ། །ཕུང་ཁམས་སྐྱེ་མཆེད་དག་པའི་ལྷ་སྐུར་འབྱོངས། །སྣང་ཚད་མི་དམིགས་སྟོང་པའི་གཤིས་སུ་མཁྱེན། །ཟུང་འཇུག་ཡེ་ཤེས་རྡོ་རྗེའི་སྐུ་བརྙེས་ཀྱང་། །སྲིད་པར་རྗེས་སུ་བརྩེ་བའི་སྒྱུ་གར་སྟོན། །གསོ་དཔྱད་མདོ་རྒྱས་མ་ལུས་ཁོང་དུ་ཆུད། །ལག་ལེན་ཀུན་ལ་ཐོགས་རྡུགས་ཉམ་ང་མེད། །གང་གི་གཟིགས་པས་བདུད་རྩིའི་བཅུད་འབེབས་པ། །དེ་ནི་དྲང་སྲོང་ཚོགས་ཀྱི་ཁྱུ་མཆོག་ཉིད། །སྐྱེ་བར་གོམས་པའི་གཞན་ཕན་སྨོན་ལམ་གྱིས། །མཚུངས་མེད་བློ་གྲོས་ཉི་མའི་མཐུ་ཐོབ་པ། །བཅུ་ཕྲག་རིགས་ལམ་སྦྲང་རྩི་འཛིན་པའི་ཚལ། །སྐྱོང་ལ་དཔའ་བའི་གཉེན་མཆོག་གཅིག་པུར་གྱུར། །མཁས་མང་ཅོད་པན་ནོར་བུའི་རྐང་སྟེགས་ལ། །གང་གི་ཞབས་ཟུང་རྣམ་པར་མཆོད་གྱུར་པ། །སྐབས་གསུམ་ཆུ་ཡིས་འཁྲུད་མིན་རྨོངས་པའི་དྲི། །མ་ལུས་དྲུངས་ནས་འབྱིན་པའི་དག་བྱེད་ཆེ། །མཐའ་ཡས་ཤེས་བྱ་ཀུན་གྱི་མཐར་འགྲོ་བ། །མཚུངས་མེད་ཤེས་རབ་ཟབ་མོའི་ལུས་མཆོག་ཅན། །བློ་གྲོས་མིག་དང་ལྡན་པས་དེ་མཐོང་ན། །སྙིང་དབུས་ངོ་མཚར་དགའ་བའི་ཆུ་གཏེར་གཡོ། །མཚུངས་མེད་རྣམ་སྣང་ལོ་ཙཱ་ཡེ་ཤེས་སྐུ། །གང་འདུལ་མོས་ངོར་སྣང་བའི་དྲིན་ཅན་རྗེ། །རབ་འབྱམས་ཤེས་བྱ་འཆད་ལ་མི་ཞུམ་པ། །དེ་ནི་རི་དྭགས་རྒྱལ་པོའི་ཚུལ་གྱིས་གནས། །དགྱེས་
པའི་ཞལ་རས་མངོན་པར་དགའ་བ་ལས། །བསླབ་སྟོན་ལེགས་བཤད་བདུད་རྩིའི་འོད་སྦྱིན་ཅིང་། །ཕན་བདེའི་ཟིལ་དངར་འབུམ་གྱི་བཅུད་འབབ་པ། །དེ་ནི་དྲི་མེད་ཟླ་བ་རྒྱས་པ་བཞིན། །བཅུད་རྒྱལ་བདུད་རྩིར་སྒྲུབ་པའི་ཕྱག་བཞེས་མཚོ། །རྣམ་དཔྱོད་དྲི་མ་མེད་པའི་ཛ་ཧུ་ནས། །ཟོལ་མེད་མངོན་སུམ་འཐུང་བའི་ཞལ་གྱི་སྒོ། །ལེགས་བཤད་ཆུ་གཏེར་འཁྲུགས་པས་རྣམ་པར་མཛེས། །འཇམ་མགོན་ཡེ་ཤེས་ཉི་མ་དགྱེས་པའི་འོད། །ཐུགས་གསང་དཔལ་བེར་སེམས་པའི་མགོན་པོ་ནི། །གཞན་ཕན་དྲི་མེད་བདུད་རྩིའི་བས་འཁྲུགས་པ། །དེ་ནི་ལྷ་ཡི་ཆུ་གཏེར་ཆེ་བཞིན་ནོ། །དེ་ནས་དེ་ལ་སྨན་པའི་རྒྱུ་དྲུག་ཚང་བའི་འཚོ་བྱེད་གཞུང་ལུགས་སྨྲ་བའི་འཁོར་ཕུན་སུམ་ཚོགས་པས་ཡོངས་སུ་བསྐོར་ཏེ། དཔེར་ན་རྒྱུ་སྐར་གྱི་ཁྲོད་ན་ཟླ་བ་ཉ་གང་བ་བཞིན་དུ་རྣམ་པར་བཞུགས་སོ། །དེ་ཡང་འདུས་པའི་འཁོར་དེ་དག་ནི་ཚེ་རིག་འཛིན་པ་མུ་ཏིག་གི་ཕྲེང་བ་བརྡོལ་པའི་རྒྱ་མཚོ་ཆེན་པོ་སྡེ་བཞི་དགེ་བ་བཅུས་མཐོ་བའི་རྒྱལ་ཁམས་སྤྱི་དང་། ཁྱད་པར་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་དང་། རྫོང་སར་བཀྲ་ཤིས་ལྷ་རྩེ་སོགས་ཕྱོགས་དང་ཡུལ་གྲུ་ཐ་དད་པ་ནས་འདུས་ཏེ། ཀུན་ཀྱང་བློ་གྲོས་ཀྱི་མིག་རྣམ་པར་བཀྲ་བས་གསོ་དཔྱད་ཀྱི་དོན་དང་ལག་ལེན་ལ་སེམས་པའི། སྡོམ་བརྩོན་འདུལ་བ་འཛིན་པ་འཕགས་ནོར་གྱི་གྲངས་དང་ཐབས་ཅིག་
ཏུ་རིན་ཆེན་དངུལ་ཆུ་གྲུབ་པའི་ལས་རྣམ་པར་བརྩམས་སོ། །གསོ་བྱ་འབྱུང་འཁྲུགས་ཉེས་གདོན་ལ་སོགས་ནས། །གསོ་བྱེད་ཐབས་ཀྱི་གཉེན་པོ་ཐོགས་མེད་དུ། །འབེབས་བྱེད་གསོ་བ་རིག་པའི་གཞུང་ལུགས་ལ། །བློ་གྲོས་རྣམ་པར་ཡངས་པའི་འཁོར་གྱིས་བསྐོར། །ལྷག་བསམ་ལང་ཚོའི་ཆ་ཤས་རབ་རྫོགས་ཤིང་། །རྣམ་དཔྱོད་ཐོགས་པ་མེད་པའི་མིག་བཟང་གཡོ། །གཞན་ཕན་སྦྱོར་བ་བདུད་རྩིའི་ཆར་འབེབས་པ། །འདུ་བའི་འཁོར་འདི་རྒྱ་མཚོའི་ལྷ་ལྟ་བུ། །མིག་ཟུང་འཛུམ་པས་གཙོ་བོའི་ཞལ་ལ་བལྟ། །རྣ་བས་བསླབ་ཚིག་བདུད་རྩིའི་བཅུད་འཐུང་ཞིང་། །རྐང་པའི་འགྲོས་སྟབས་གུས་པས་བསྐྱོད་བཞིན་དུ། །དོན་མཐུན་རིན་ཆེན་གྲུབ་པའི་བྱ་བར་ཞུགས། །དེ་ནས་དེ་ལྟ་བུའི་གནས་འཁོར་སྟོན་པ་ཕུན་སུམ་ཚོགས་པའི་སྐབས་དེར། །གང་ལས་སུ་བྱ་བའི་དངོས་གཞི་ཕུན་སུམ་ཚོགས་པ་སྨན་རྒྱལ་ཀུནྡ་དཀར་པོ་དེ་ཉིད་རང་བཞིན་གདུག་ཅིང་རྩུབ་པའི་ཁམས་དང་ལྡན་ཡང་ལེགས་པར་གྲུབ་ན་ཡོན་ཏན་གྱི་ཁྱད་པར་དུ་མ་དང་ལྡན་ཅིང་འགྲོ་སྲོག་འཚོ་བའི་བདུད་རྩི་མཚུངས་པ་མེད་པ་ཉིད་ཡིན་ཏེ། རབ་དཀར་དུང་གི་མདངས་དང་ལྡན་པའི་ཆུ། །བསྐལ་པར་གནས་ཀྱང་སྐེམ་མེད་བདུད་རྩིའི་གཟུགས། །ངོ་མཚར་ཀུནྡ་དཀར་པོ་བཅུད་ཀྱི་རྒྱལ། །དྲི་མེད་ཟླ་བ་ཞུན་མའི་རྫིང་བུ་བཞིན། །མ་བཏུལ་ལོག་པའི་
དུག་གིས་སྲོག་འབྱིན་ཅིང་། །བཏུལ་ན་འཆི་མེད་སྲོག་གི་དཔལ་སྟེར་བ། །བདེ་ངོགས་འདོད་རྒུར་བྱེད་པའི་རིན་ཆེན་འདིས། །ཀུན་རྟོག་འཁོར་བའི་སེམས་ལ་འགྲན་པ་བཞིན། །ཆུང་ངུར་གྱུར་ཀྱང་ཆེ་བའི་བརྗིད་ལྡན་པ། །དུག་ནུས་མི་གཡོ་ལྕི་བའི་མངལ་ཁུར་ཅན། །འབིགས་བྱེད་རྣོ་ངར་མདུང་ཐུང་ཐོགས་གྱུར་པ། །རླུང་བཞིན་མི་སྡོད་གཡོ་བའི་དངོས་འདི་ཅི། །ངང་བཞིན་གདུག་ཅིང་རྩུབ་པའི་ཁམས་ལྡན་པ། །གྲུབ་ན་དོན་ཆེན་བདུད་རྩིའི་ནུས་སྟེར་བའི། །སྲིད་འདིར་སྨན་བཟང་གྲུབ་པའི་རྒྱལ་པོ་རུ། །བདེ་མཆོག་དགྱེས་པའི་ཀུནྡ་རྣམ་པར་བབས། །ལྕགས་ཀྱུ་དང་བྲལ་གདུག་པའི་གླང་པོ་བཞིན། །གཟུང་དཀའ་སྦྲུལ་གདུག་ཁྲོ་བོའི་རྗེས་འགྲོ་གང་། །རྩི་མཆོག་ཐབས་ཀྱི་གཉེན་པོས་ལེགས་ཐུལ་པས། །དུལ་བའི་རྟ་བཞིན་འདི་ན་སྨན་དུ་གནས། །དེ་ནི་བརྟན་དང་གཡོ་བའི་དྭངས་བཅུད་ཀྱི། །སྙིང་པོ་གཅིག་ཏུ་འདྲིལ་བའི་བདུད་རྩི་བཞིན། །རྨད་བྱུང་ལྟ་ན་སྡུག་པའི་ཁ་དོག་དང་། །འཆི་མེད་རྡོ་རྗེའི་སྲོག་གི་དཔལ་ཡང་སྟེར། །མཛེས་པའི་ལང་ཚོ་འཇོམས་པ་རྒས་པའི་དགྲ། །གང་ལ་བརྟེན་ན་རབ་ཏུ་ཞི་འགྱུར་བ། །དེ་ནི་ལྷ་དང་བཅས་པའི་འཇིག་རྟེན་ན། །མཐུ་ཆེན་རྣམ་པར་མངའ་བའི་སྨན་མཆོག་ཉིད། །ཟབ་མོའི་གནད་ཀྱིས་གཙུན་པའི་ཨ་མྲྀ་ཏ། །ཕྲ་བའི་ཡུངས་འབྲུའི་ཚད་ཙམ་
སུས་མྱོང་བ། །དེ་ནི་མཁའ་སྤྱོད་གྲུབ་པའི་གནས་འཛིན་ཅེས། །བདེན་པར་སྨྲ་བའི་ལྗགས་ལས་རྣམ་པར་གྲགས། །བཞི་བརྒྱ་རྩ་བཞིའི་གཉེན་པོ་ཟླ་མེད་པ། །འཐུང་ན་ཐུན་མོང་གྲུབ་པའི་དཔྱིད་ཀྱང་སྦྱིན། །ཕྱི་ནང་རྟེན་འབྲེལ་གནད་ཀྱི་རྫས་ཆེན་པོ། །མཐུ་ནུས་ཕུལ་བྱུང་སྨན་གྱི་རྒྱལ་པོར་གྱུར། །དེ་ནི་བསམ་འཕེལ་ཡིད་བཞིན་ནོར་ལས་ཀྱང་། །དོན་ཆེན་ཉིད་ཀྱིས་འཇིག་རྟེན་འདིར་གནས་མོད། །ལེགས་སྦྱོར་མན་ངག་ཟབ་མོའི་མིག་མེད་པ། །རྨོངས་པའི་ཚོགས་ཀྱི་ལག་ཏུ་རྣམ་པར་འཕྱན། །ཟབ་མོའི་མན་ངག་མཐོང་བའི་ཕྱག་རྒྱ་ཡིས། །ཉེར་བཅིངས་འཆི་མེད་གྲུབ་པའི་ཨ་མྲྀ་ཏ། །ཁམས་དྲུག་ལྡན་པ་རྡོ་རྗེའི་གྲོང་ཁྱེར་དུ། །ཞུགས་ཚེ་ལྕགས་ལ་གསེར་འགྱུར་རྩི་བཞིན་གྱུར། །དེ་ནས་བདུད་རྩི་ཀུནྡའི་རང་བཞིན་དེ་ཉིད་ནམ་བསྒྲུབས་པའི་དུས་ཕུན་སུམ་ཚོགས་པ་ནི། སྤྱིར་མུན་པའི་བསྐལ་པ་མ་ཡིན་པར་རྣམ་འདྲེན་བཞི་པས་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྒྲོན་མེའི་བསྐལ་པ་བཟང་པོ། དེ་ལས་ཀྱང་ཐུབ་བསྟན་ལྔ་བརྒྱ་ཕྲག་དྲུག་པ་སྒྲུབ་པའི་ཚུལ་ཁྲིམས་ཀྱི་དུས་སུ་གྱུར་པ་མདོ་སྔགས་ཀྱི་བསྟན་པ་ཁྱད་པར་ཅན་ཉི་མ་ལྟར་གདལ་པ། རབ་བྱུང་བཅོ་ལྔ་པའི་ནང་ཚན་ཨངྒི་ར་ཞེས་ཆུ་ཕོ་སྤྲེལ་གྱི་གནམ་ལོ་གསར་དུ་ཤར་བའི་ནང་ཚན་ནག་པའི་ཟླ་བ་སྟེ། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དུ་དུས་འཁོར་རྩ་རྒྱུད་གསུངས་པའི་དུས་བཟང་དང་འབྲེལ་བའི་དཔྱིད་ཀྱི་
དཔལ་རྣམ་པར་རྒྱས་པ་ན། འབྲུག་གི་སྒྲ་སྙན་པོ་ནི་དལ་བུར་སྒྲོགས། མཁའ་ལ་དགའ་བའི་སྤྲིན་གྱི་བླ་བྲེ་ནི་བྲེས། ས་ལ་འབྱུང་བའི་དྲོ་གྲང་སྙོམས་པས་ནང་གི་དགའ་སྟོན་འཕེལ་བའི་དུས་ཀྱི་དཀར་ཕྱོགས་ཀྱི་དགའ་བ་དང་པོ་གཟའ་རྒྱུ་སྐར་འཕྲོད་བྱེད་སྦྱོར་བ་བཀྲ་ཤིས་པའི་ཉི་མ་བཟང་པོའི་དུས་ཀྱི་སྔ་དྲོ་ཉི་མའི་དཀྱིལ་འཁོར་མཐོང་བ་ཐོག་མའི་ཚེ་ཏ་རྐཱལ་ཏེ་དུས་དགེ་བའི་གནས་སྐབས་སུ་ལས་ཀྱི་མགོ་ཚུགས་པ་ནས་བཟུང་སྟེ་རིམ་པས་ལག་ལེན་རྒྱུན་ཆགས་སུ་མཛད་པ་ནི། ལྔ་ཕྲག་གསུམ་ལྡན་རབ་བྱུང་གྲངས་ཀྱི་ཁོངས། བདུད་རྩིའི་ཆུ་གཏེར་གཡོ་བའི་དབང་ལྡན་པ། །རྩལ་འབྱིན་ཀ་པི་ཀ་ཡི་བགྲང་བྱ་སྟེ། །འཆི་མེད་མཚོ་འཁྲུངས་རྒྱལ་བའི་དུས་བཟང་ཉིད། །དེར་ནི་རྩི་ཤིང་མེ་ཏོག་སྣ་ཚོགས་ཀྱིས། །འབྱུང་བའི་ལང་ཚོ་འཐུང་བས་གཟི་འབར་ཞིང་། །མངོན་དགའ་གསར་པའི་རྒྱན་བཟང་སྤུད་པ་བཞིན། །ཡིད་འོང་རྣམ་པར་ངོམས་པའི་དཔྱིད་དེ་ཕེབས། །དལ་བུར་སྒྲོགས་པ་སྙན་པའི་འབྲུག་སྒྲ་དང་། །མཐོང་ན་དགའ་བའི་ཡིད་འཛིན་སྤྲིན་གྱི་གཟུགས། །དྲི་བསུང་རྣམ་པར་འཕྲོ་བའི་མེ་ཏོག་ཚལ། །སོས་ཀའི་དུས་ཀྱི་དགའ་སྟོན་ཉམས་སུ་མྱོང་། །དྭངས་པའི་མཁའ་ལ་ཆུ་ཤེལ་དབང་པོ་ཡི། །ཆ་ཤས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་དང་། །ལྷན་ཅིག་རྩེ་བའི་༼༡༣འདོད་པའི་རྒྱུ་སྐར་ནི། །ཟླ་བ་བསྟན་མཚན་མོའི་དུས་དང་འགྲོགས་པ་བཞིན་དུ་
འགྲོ། །དེ་ནས་གཟུགས་ཀྱིས་འཕེལ་བའི་རི་བོང་འཛིན། །ཚེས་གྲངས་བསྟན་བཅུ་བཞི་ཆ་ཡིས་རྣམ་པར་སྤངས་པའི་གཟུགས། །རྣོ་ལྡན་མཆེ་བའི་རྩེ་མོ་གཟིངས་པ་བཞིན། །དང་པོའི་ཁྱིམ་གྱི་ཐོག་མར་རྣམ་པར་རྒྱུ། །རྒྱུ་སྐར་བསྟན། སྔོན་ཚེ་ཕྱོགས་བཅུའི་སྨན་གྱི་བཅུད་བསྡུས་པས། །གང་གི་དཀྱིལ་འཁོར་བདུད་རྩིའི་རང་བཞིན་དུ། །ཉེ་བར་བསྒྲུབས་པ་བུ་གར་འཛག་པ་ཡང་། །དུས་འདིའི་ཞག་གི་བདག་པོར་ཤུགས་ཀྱིས་འགྲིག །རེས་གཟའ་བསྟན། དེ་ནས་དེ་ལྟ་བུའི་གནས་དུས་སྟོན་འཁོར་ལས་སུ་བྱ་བ་ཕུན་སུམ་ཚོགས་པའི་རྒྱུ་རྐྱེན་རྟེན་ཅིང་འབྲེལ་བའི་གནས་སྐབས་ན། རིན་ཆེན་དངུལ་ཆུ་དེ་ཉིད་ཐབས་ཕུན་སུམ་ཚོགས་པའི་སྒོ་ནས་ཅི་ལྟར་འདུལ་སྦྱོང་བགྱིས་པའི་ཚུལ་ནི། དེ་ཡང་རབ་ཏུ་གཡོ་བའི་ཁམས་དེ་ཉིད་སྐྱོན་དང་བྲལ་བའི་གཉེན་པོ་ཚ་བ་གསུམ། སྐྱུར་གསུམ། ཚྭ་སྣ་དང་། སྒོག་སྣུམ་ཤ་ཆང་། ཀྵ་ར་ལྔ། ཟད་ཕྱེད་ཁམས་བརྒྱད། འཆིང་བྱེད་ལྕགས་བརྒྱད་དང་བཙུན་མོ་དང་སྤྲད་པ་ལ་སོགས་པས་རིམ་པར་གཡའ་བ་ཕྱི་བ་དང་དུག་འདོན་པ་དང་། བཅུད་དུ་བཀུག་སྟེ་ཐབས་ཀྱིས་འཆིང་པ་ལ་སོགས་པའི་ལག་ལེན་ལུ་གུ་རྒྱུད་དུ་བར་མ་ཆད་པར་ཉམས་སུ་བསྟར་བ་ལས། དང་པོ་གོང་སྨོས་ཀྱི་ཚེས་༡དུས་ལ་དངུལ་ཆུ་སྲང་སུམ་བརྒྱ་དང་གོ་བཞིའི་གྲངས་སུ་ལོངས་པ་ལ་སྒ་པི་ཕོ་གསུམ་སོ་སོར་སྲང་བཞི་བཅུ་རེ་ཐ་དད་དུ་ཕྱེ་མར་བྱས་ནས་དར་ཚགས་ལ་དྲངས་པའི་ཕྱེ་ཞིབ་དངུལ་ཆུ་སྲང་རེ་དང་ཚ་བ་
གསུམ་སོ་སོར་ཐུར་མགོ་རེ་གྲངས་སྤྲད་པའི་དངུལ་ཆུ་སྲང་རེ་ལ་ཚ་བ་གསུམ་ཐུར་མ་རྩེ་མོའི་གྲངས་སུ་བྱས་པ་དེ་ཡང་མི་འཆུགས་པའི་སླད་དུ་ཡིག་ཆའི་གཞུང་སྨོས་ཀྱི་སྲང་གྲངས་དང་སྦྲགས་ཏེ། ཕྱེ་མ་ལ་ཆུ་ཡིས་ནེམ་ཟིམ་གཏོར་བ་ཐང་རྐྱལ་དུ་བཞག་ནས་ཁ་དམ་པར་བསྡམ་ཞིང་མི་བདུན་གྱི་གྲལ་བསྟར་ཏེ། ལུས་སྐྱིལ་ཀྲུང་དྲང་པོ། ལག་པ་གཡོན་འོག །གཡས་སྟེང་དུ་བྱས་ཏེ་དྲོད་དང་མ་བྲལ་བར་དལ་བུས་མཉེ་ཞིང་མཉེས་པའི་བྱ་བ་ལ་ཞུགས་ཏེ། ཅི་ཙམ་མཉེ་བའི་ཚད་ཉིན་གཅིག་ཏུ་གསུངས་ཀྱང་འདི་སྐབས་མི་རེ་ལ་དངུལ་ཆུ་སྲང་ང་དྲུག་ལྷག་བཅས་ཐོབ་བའི་ལས་རྫབས་ལྕི་བས་ཞག་གཉིས་ཀྱི་བར་དུ་འཕུར་བསུབ་བྱས་སོ། །དེ་ལྟར་ལས་མགོ་འཛུགས་པའི་སྐབས་སུ་འཇའ་སྤྲིན་གྱི་མུ་ཁྱུད་རྣམ་པར་བཀྲ་བའི་ལྡིང་གུར་ངོམས་པ་དང་། སྤྲིན་གྱི་མྱུ་གུ་བདུད་རྩི་དང་མཚུངས་པའི་ཐིགས་ཕྲེང་ཐོག་མར་འཐོར་བ་སོགས་དགེ་མཚན་གྱི་ལྟས་དུ་མ་དང་བཅས་ཏེ་བྱ་བ་ལ་ཞུགས་སོ། །སྨན་རྣམས་དྲི་ཡིས་ཕྱོགས་ཀྱི་ཐ་གྲུ་ཀུན། །རྣམ་པར་ཁྱབ་པ་མཛེས་པའི་ཁང་བཟང་ན། །དགའ་བའི་སྒྲ་འབྱིན་སྐྱེ་བོའི་ཚོགས་རྣམས་ཀུན། །བདུད་རྩི་སྨན་གྱི་དངོས་གྲུབ་བསྒྲུབ་ལ་བརྩོན། རྒྱལ་སྲིད་བདུན་གྱི་གྲངས་ལྡན་སྐྱེ་བོ་ཡིས། །དལ་བུས་ཟླ་བ་ཟིལ་པའི་དྲི་འབྱིན་པ། །སྐྱིལ་ཀྲུང་ལུས་བསྲངས་ཟིམ་བུའི་སྤྱོད་པ་ཅན། །ཞི་བའི་བསམ་གཏན་སྒོམ་པར་བྱེད་པ་བཞིན། །
དེ་ཚེ་བཀྲ་ཤིས་དུ་མའི་གཟུགས་ལྡན་པ། །དགེ་བའི་ལྟས་བཟང་ཡིད་དུ་འོང་བའི་སྤྲིན། །དྲི་མེད་བཻ་ཌཱུར་མེ་ལོང་དང་འདྲ་བའི། །དྭངས་པའི་མཁའ་དབྱིངས་ངོས་ལ་རྣམ་པར་རྒྱུ། །མཐོང་ན་མངོན་པར་དགའ་བའི་འཇའ་རིས་ནི། །ཁ་དོག་རབ་བཀྲ་ཤིན་ཏུ་ཟླུམ་པའི་དབྱིབས། །མུ་ཁྱུད་གཉིས་ལྡན་རྨ་བྱའི་མདོངས་ལྟ་བུ། །གདུགས་བཞིན་སྤྱི་བོར་ལྷ་ཡིས་རྣམ་པར་བཀྲམ། །ཉི་མའི་སྣང་བ་འགོག་མིན་དགའ་བའི་སྤྲིན། །འཇའ་འོད་བདུད་རྩིའི་ཟེགས་མ་རབ་འཁྲུགས་པས། །དྲང་སྲོང་རིག་འཛིན་དགྱེས་པའི་དབུགས་དབྱུང་གསུང་། །ལེགས་སོའི་མཐུན་འགྱུར་གནང་བའི་གོ་སྐབས་མཐོང་། །དེ་དེར་ཆེ་མཐོརཏྣའི་ཁྲི་བཟང་ལ། །མཆོད་ཡོན་ཉི་ཟླ་སྣང་བའི་དཔལ་འབར་བཞིན། །བག་ཕེབས་རྣམ་པར་བཀྲ་བའི་ཞལ་བཟང་གིས། །སྐྱེ་བོའི་ཚོགས་ལ་ཀུན་དགའ་རབ་ཏུ་བྱིན། །དེ་ནས་དེ་ཡི་ཚེ་ལས་ཀྱི་མགོ་བརྩམས་པའི་ཉིན་ནས་བཟུང་སྐྱབས་མགོན་རིན་པོ་ཆེ་དཔོན་སློབ་རྣམས་ཀྱིས་སྔ་དྲོ་སྨན་རྒྱལ་ལོངས་སྐུའི་སྒྲུབ་ཐབས་ཀྱི་སྒོ་ནས་གནས་དང་སྒྲུབ་པོ་ཡོ་བྱད་ཐམས་ཅད་ཡེ་ཤེས་ཀྱི་ཕྱག་རྒྱས་ཉེ་བར་བརླབས་ཤིང་། ཕྱི་དྲོ་དམ་ཅན་སྡེ་དགུའི་སྐོང་གསོལ་མཛད་དེ་བར་ཆད་སེལ་ཞིང་ཕྲིན་ལས་བསྒྲུབ་པའི་རིམ་པ་རྣམས་རྒྱུན་ཆགས་སུ་མཛད་ཅིང་། མཁའ་འགྲོའི་གདམས་པའི་བདུད་རྩི་སྨན་མཆོག་སྒྲུབ་པ་འདི་བཀའ་གཉན་ཅིང་བྱིན་རླབས་ཀྱི་ཚན་ཁ་ཉེ་བར་ལྡན་པའི་ཕྱིར། ཐུན་
མོང་བཟོ་མགར་གྱི་ལས་ལྟ་བུ་ཞིག་དང་ཤིན་ཏུ་མི་འདྲ་བའི་ཁྱད་པར་གྱིས། དམ་ཚིག་དང་གཙང་སྦྲ་གལ་ཆེ་བས་ཕྱི་ནང་གི་མཚམས་དང་བསང་བྱིན་འབེབས་སོགས་ཅི་ཙམ་ནུས་པ་དེ་ཙམ་བདུད་རྩི་ལེགས་པར་གྲུབ་ཅིང་གེགས་མེད་པར་མངོན་སུམ་གྱི་བློས་མཐོང་བ་དང་། གནས་སྐབས་ཉེ་བའི་རྒྱུའི་དབང་དུ་ན་ལས་བྱེད་པ་པོ་རྣམས་བློ་གྲོས་ཀྱི་རྩལ་དང་། ལག་བཟོ་བའི་ཚུལ། ལག་ལེན་གྱི་ཉམས་གཏིང་དུ་སློང་མ་སློང་གི་ཁྱད་པར་ཆེ་བས་སྐྱབས་མགོན་ཉིད་ཀྱི་བཀའ་བཞིན་བདག་ཅག་རྣམས་ཀྱིས་ཀྱང་འབད་པས་ལས་ཐམས་ཅད་མངོན་པར་བགྱིས་པ་ཡིན་ཅིང་། དེ་ནས་ཚ་བ་གསུམ་གྱི་བྱེ་རླན་གྱི་ཁུད་ནས་དངུལ་ཆུ་ཕྱོགས་གཅིག་ཏུ་བཀྲ་བ་སྟེ། ལྷག་མ་ཅུང་ཟད་ལུས་པ་རྣམས་ཆུས་ཡང་ནས་ཡང་དུ་བཤལ་ཅིང་ཆུ་ཁར་ལྡིང་བ་སོགས་མི་མངོན་པའི་དངུལ་ཞག་ཕྲའུ་རྣམས་ཚགས་བྱས་ཏེ་སྐམས་ནས་ཤུག་ཐལ་གྱིས་འཕུར་བས། འདྲིལ་བ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚྭ་བུལ་དར་ཚགས་ལ་དྲངས་པའི་ཕྱེ་ཞིབ་ཁྱོར་ཚད་ཀྱི་ཁྱེམ་བུ་ལ་ཁ་བཅད་དུ་དྲངས་ཏེ་དངུལ་སྲང་རེ་ལ་ཁྱོར་རེ་རེ་སྟེ། བསྡོམས་པའི་ཟུང་གྲངས་སུ་བྱས་པའི་ནང་དུ་སྐམ་འདུལ་ཉི་མ་གཅིག་གི་ཡུན་དུ་བྱས་པ་དང་། དགོང་མོ་ཚྭ་བུལ་གྱི་རོ་རྣམས་ཆུ་དྲོན་གྱིས་བཤལ་བཞུས་བྱས་ཏེ་དག་པར་སྦྱངས་པའི་དངུལ་ཆུ་སླར་སྣོད་དུ་བཞག །དེ་ཙམ་གྱི་སྐབས་སུ་ཡང་གཡའ་དག་པའི་ཤེལ་གྱི་མེ་ལོང་ལྟར་གཟུགས་བརྙན་
ས་ལེར་འཛིན་པ་ཞིག་ཏུ་སྣང་ངོ་། །གཡོ་མེད་ཞི་བའི་བསམ་གཏན་རྒྱ་མཚོ་ཆེར། །ལྷག་མཐོང་གཟའ་སྐར་བཀྲ་བས་རབ་མཛེས་པ། །འདུས་པའི་ཚོགས་ཀྱི་ཐུགས་ནི་རྩེ་གཅིག་ཏུ། །རིགས་འདུས་སྨན་པའི་རྒྱལ་པོ་ཉིད་དུ་བཞེངས། །དད་དང་དམ་ཚིག་གཙང་མས་ཉེར་བསྐུལ་བ། །དབྱིངས་ནས་སྲས་བཅས་རྒྱལ་བའི་བྱིན་རླབས་བཅུད། །རྒྱ་མཚོ་ཆེ་ལ་ཆར་གྱི་རྒྱུན་བཞིན་དུ། །གནས་དུས་རྫས་ལ་བདུད་རྩིའི་བྱིན་ཀྱང་དབབ། །རྨད་བྱུང་གསོ་བ་རིག་པའི་རྒྱུད་རྒྱལ་ཆེ། །འཛིན་ལ་སྲུང་སྐྱོབ་རྡོ་རྗེའི་དམ་བཞེས་པ། །དགུ་ལྡན་ཆོས་སྐྱོང་དྲག་པོའི་སྡེ་རྣམས་ཀྱང་། །རོ་མཉམ་རྡོ་རྗེའི་དམ་ལ་རྣམ་པར་བཞག །བཤད་དང་སྒྲུབ་པ་ཕྱོགས་སུ་མ་ལྷུང་བའི། །དྲང་སྲོང་གསུང་གི་བདུད་རྩིའི་སྤྲིན་ཞོན་པ། །ལག་ལེན་ཟབ་མོའི་སྒྲ་ལྡན་དབྱར་གྱི་རྔས། །གསོ་རིག་བསྟན་པའི་དཔྱིད་ཀྱང་གནས་པར་སྟོན། །སྔོན་ཚེ་རྒྱ་མཚོ་བསྲུབས་ལས་ཉེར་སྐྱེས་པའི། །འཇིགས་པའི་དུག་ཆེན་ཀླུ་དང་དྲང་སྲོང་དང་། །རྫས་དང་བཙུན་མོའི་ཐབས་ཀྱིས་ཉེར་བཏུལ་བ། །དེང་འདིར་སྨན་མཆོག་གྲུབ་པའི་རྟེན་འབྲེལ་ཏེ། །ཐབས་དང་ཆོ་ག་གཉེན་པོའི་ལེགས་བྱས་ཀྱིས། །དུག་ཆེན་བདུད་རྩིར་སྒྱུར་བའི་མན་ངག་ཅིག །འཕགས་མཆོག་ཐུགས་ཀྱི་དཔལ་བེ་ནས་དྲངས་པ། །བརྒྱུད་པའི་ཕྱག་ལེན་སྙིང་གི་མཚོ་རུ་བསྐྱིལ། །གཟུང་དཀའ་རྣམ་པར་གཡོ་བའི་རང་བཞིན་ཅན། །རིམ་གྱིས་བརྟན་པར་གྱུར་པའི་ཆོས་ཉིད་
འདིས། །ཀུན་རྟོག་རྣམ་པར་གཡོ་བའི་སྐྱེ་བོ་ལ། །ཞི་བའི་བསམ་གཏན་སྒོམ་པར་གདམས་པར་འདྲ། །དྲི་མའི་སྐྱོན་གྱིས་ཀུན་ནས་བསྒྲིགས་པའི་ཚོགས། །ཕྲ་ཞིང་ཕྲ་བར་འགྱུར་པའི་མཐའ་ཉིད་ལ། །དྲི་མེད་དག་པའི་མེ་ལོང་རྗེས་འགྲོ་བ། །དེས་ནི་དག་པའི་ཚུལ་ཁྲིམས་བསྲུང་བར་བསྐུལ། །ཐབས་དང་གཉེན་པོ་སྦྱངས་པའི་རྩོལ་བ་ལས། །ཟླ་ཤེལ་དྲི་མེད་གསར་བའི་འོད་འགྱེད་པ། །དེས་ནི་ཐོས་བསམ་སྒོམ་པའི་བྱེད་རྩོལ་ལས། །ཟབ་མོའི་ཤེས་རབ་འཆར་བའི་གདམས་པ་འདོམས། །དུག་བཅས་དུག་མེད་ཅི་ལྟར་སྦྱར་བའི་རིམ། །དུག་ཅན་གང་གིས་སྦྱང་བའི་གཉེན་པོ་བཞིན། །སྡུག་བསྔལ་རང་བཞིན་ཅན་གྱི་འཁོར་བ་ལས། །གང་གིས་ལྡོག་པའི་གདམས་པ་རྣམ་པར་སྟོན། །མདོ་ལྟར་བདེན་བཞིའི་སྒོ་ནས་ཞུགས་ཏེ་དྲན་པ་ཉེར་བཞག་བཞི་སྒོམ་པ། རང་བཞིན་རྣམ་དག་རྡོ་རྗེའི་སེམས་ཀྱི་དབྱིངས། །གློ་བུར་ལས་རླུང་དྲི་མས་རབ་བསྐྱོད་པ། །ཐབས་མཆོག་བླ་ན་མེད་པས་ཡོངས་གཞིལ་ནས། །སྔགས་ལྟར་ཐབས་ཀྱི་རླུང་སེམས་དབུ་མར་འཆང་བ། གཞན་ཕན་དྲི་མེད་བདུད་རྩིའི་ཐིག་ལེར་སྟོན། །དེ་ནས་རིམ་པར་ཉིན་ལྔ་ཡི་བར་ཀྵ་ར་ལྔ་སྟར་ཁུ་ཅུང་ཟད་སོགས་ཀྱིས་འདུལ་བསུབ་ལེགས་པར་བྱས་པས་དངུལ་ཆུའང་རིམ་པས་གཡུང་དུ་སོང་བ་དང་། སྐྱོན་གྱི་ཆ་དག་པ་དང་། ནུས་པ་བཟང་པོས་ཁྱད་དུ་གྱུར་པ་ཡིན་ཅིང་། དེ་དག་གི་བར་དང་མཚམས་
རྣམས་སུ། དག་པའི་ཆུ་དྲོད་ལྡན་གྱིས་ཡང་དང་ཡང་དུ་བཀྲུ་བ་དང་། དངུལ་ཆུ་ཕྲན་བུ་ཡང་ཇི་འབྱོར་དུ་བསགས་ཤིང་མཚན་མོ་གཡའ་མི་འཕེལ་བའི་ཕྱིར་སྟར་ཁུ་གྲུང་པོ་ལ་བཞག་སྟེ། ཐམས་ཅད་དུ་དངུལ་ཆུ་དེ་དག་གི་བྱ་བ་ལ་སེམས་པར་གྱུར་ཏོ། །འབིགས་བྱེད་རབ་ཏུ་གཡོ་བའི་ཁམས་ཆེན་པོ། །ཉེས་པའི་སྐྱོན་དང་བྲལ་བ་ཉིད་ཀྱི་སླད། །མི་གཅིག་མདངས་ལྡན་བདུད་རྩིའི་རྫིང་བུ་ལྔར། །དག་བྱེད་ཁྲུས་ཀྱི་ཆོ་གར་ཡང་དག་ཞུགས། །སྐྱོན་དག་སླར་ཡང་སྐྱེ་བར་མི་བྱེད་ཅིང་། །དངོས་ལ་གཅེས་པར་བཟུང་བའི་སྒོ་ནས་དེར། །ཕྲ་མོའི་ཚོགས་ཀྱང་རྣམ་པར་སྡུད་པ་དེས། །ཡང་དག་སྤོང་བ་བཞི་ནི་འདོམས་པ་བཞིན། །ངེས་མེད་རྣམ་པར་རྒྱུ་བའི་སྟོབས་ལྡན་ཅིང་། །སྲིད་པ་ཀུན་ཏུ་འཁྲིད་པའི་ཤུགས་འཆང་བ། །རྣམ་རྟོག་ཡིད་ཀྱི་བཞོན་པ་ཅུང་ཟད་ཅིག །ཐུལ་བས་ཏིང་འཛིན་བདེ་བའི་རོ་དེ་མྱང་། །འདི་དག་གི་སྐབས་སུ་ཟུར་བཀོལ་འཆིང་བྱེད་རིན་ཆེན་ལྕགས་རིགས་བརྒྱད་པོ་དེ་དག་སྦྲང་གཤོག་དང་ཕྱེ་མར་བྱས་པ་ལ། རང་རང་གི་དུག་འདོན་དང་གཡའ་ཕྱི་བའི་ཆོ་ག་ལག་ལེན་གྱི་གཞུང་ལྟར་ཚད་ལྡན་དུ་བྱས་ཏེ་བསྲེག་རྫ་གའུ་ཁ་སྦྱར་དང་བུམ་པ་ཁ་ཆོད་ཉིས་ལྡན་སོགས་སྣོད་བཟང་པོར་བཞག་སྟེ། ལྕགས་དཀྲིས་བརྒྱབས་པས་འདམ་གྱིས་བྱིབས་ནས་ས་ཐབ་ལ་མེ་སྒྱོགས་ཀྱི་དྲྭ་སྟེགས་ཡང་བར་བཀོད་དེ། འོག་ནས་ཤིང་སྐམ་གྱི་མེ་སྦར་བའི་མེ་ལྕེ་ཐུར་དུ་འཁྱིལ་བའི་
འཕྲུལ་ཐབ་ལ་བཀྲམ་སྟེ་བདེ་བླག་ཏུ་ཐལ་བ་ཉིད་དུ་བྱས་ཤིང་། དེ་དང་འབྲེལ་བར་ཟད་བྱེད་ཀྱི་ཁམས་བརྒྱད་པོའང་དུག་བཏོན་ནས་ཕྱེ་ཞིབ་ཀྱི་ཕུང་པོར་མི་བརླག་པའི་ཆས་སུ་བཞག་སྟེ་ཐལ་བར་བྱས་སོ། །རིན་ཆེན་དངུལ་ཆུ་འཆིང་བའི་ལྕགས་རིགས་བརྒྱད། །ལ་ལ་དག་ནི་སྦྲང་གཤོག་ཚུལ་གྱིས་ཏེ། །ཁ་ཅིག་ཕྱེ་མར་བྱས་པའི་ཕུང་པོ་ལ། །མ་དག་སྐྱོན་གྱི་དྲི་མ་རྨང་ནས་བཤིག །ཕྲ་མོའི་ང་ཡང་འབྱུང་བའི་སྐབས་མེད་པས། །སྲ་བརྟན་རྫ་ཡི་གའུར་རྣམ་པར་བསྡམས། །དེ་ནི་ཚ་ངར་ལྡན་པའི་མེ་ཡི་དབུས། །གཉེན་པོའི་རྫས་ཀྱིས་རབ་ཏུ་གཞོམ་ཞིང་གཞིག །དྲག་པོའི་མེ་ལྕེ་འབར་བའི་རྩེ་མོ་ནི། །གྱེན་དུ་བསྐྱོད་པ་འདྲིལ་ཞིང་འཁྱིལ་བའི་གཟུགས། །འཇིགས་རུང་གཤིན་རྗེ་ཁྲོས་པའི་ལྗགས་བཞིན་གཡོ། །སྲ་བའི་ལྕགས་ཀྱང་ཐལ་བའི་ལས་སུ་བྱས། །འདི་ནི་ཤིན་ཏུ་བརྟན་པའི་དངོས་དེ་ཡང་། །མཐེབ་མཛུབ་དག་གིས་ཕྱི་མར་གཏོང་ནུས་པ། །ཐབས་ཆེན་ལས་ཀྱིས་སྦྱངས་པའི་སྨན་མཆོག་འདི། །བཅོས་རྡུགས་ནད་མང་འཇོམས་པའི་ཐོ་བ་ཡིན། །ཕན་མིན་ནུས་པ་ཟ་བའི་སྨན་གྱི་ཁམས། །བཀྲ་ཤིས་དག་གི་གྲངས་སུ་གང་གྱུར་པ། །རང་རང་གཉེན་པོའི་སྟོབས་ཀྱིས་ལེགས་བཏུལ་པས། །ཕུན་ཚོགས་བདུད་རྩི་གྲུབ་པའི་དཔྱིད་དུ་གནས། །དེ་ནས་ཡང་རིན་ཆེན་དངུལ་ཆུ་དེ་ཉིད་རིམ་པས་ཞག་རེ་རེར་ཚྭ་སྣའི་ཕྱེ་མའི་གྲུངས་
ཆུ་ཆུ་གྲང་སྟར་ཁུ་བཅས་པ་དང་། །བ་ཆུ་དང་སྐྱུར་གསུམ་སྦྱར་བ་དང་། རྫ་གྱོ་འདམ་བཏགས་ཀྱི་ཕྱེ་མའི་ཆུ་རྣམས་ཀྱིས་འདུལ་བར་བྱས། དེ་ནས་ཆང་བཟང་དྲོད་ལྡན་དང་། སྒོག་སྐྱ་བཙོས་ནས་སྙིགས་མ་དོར་བའི་ཁུར་བ་གཉིས་ཀྱིས་ཞག་གཉིས་གཉིས་ཏེ་བཞིར་འདུལ། དེ་རྗེས་ཚགས་ཤ་གསར་རྙིང་གི་དྭངས་ཁུ་དང་། མར་རྙིང་ཆུ་ཚན་ལ་བསྐོལ་བའི་ཞག་དང་སྙིགས་མ་དོར་བའི་ཆུ་གཉིས་ཀྱིས་ཞག་རེ་རེ་འདུལ་བས་ཉིན་དང་པོ་ནས་བརྩམས་ཏེ་འདི་བར་ཞག་དངོས་བཅུ་དྲུག་གི་གྲངས་ཡིན་ནའང་། ད་ལན་སྔར་ཚ་བ་གསུམ་སྐབས་ཞག་གཅིག་འཕར་བའི་ཞག་རི་གཟུགས་ཀྱི་གྲངས་སུ་སོན་པའོ། །དེ་ལ་དང་པོ་ཚྭ་བུལ་ནས་མར་རྙིང་གི་ཆུའི་བར་གྱི་གཉེན་པོ་རྣམས་ཀྱིས་ཇི་ལྟར་འདུལ་བའི་ཚུལ་ནི། འོག་ཏུ་ཁད་མཉམ་ཞིང་བུག་རྡོལ་མེད་པའི་ཁྲོ་སྣོད་དུ་དངུལ་ཆུ་བླུགས་ལ་ས་འབོལ་ལྟ་བུ་བརྟན་པའི་གདན་ལ་བཞག་རྩེ་མོར་རྡོ་ཡིས་མཚན་པའི་དབྱུག་ཐོ་དེ་ཡི་རྡོ་ངོས་ཞབས་སུ་བསྟན་ཏེ། སྟེང་འོག་མི་འཆུག་པའི་ཤིང་རྒྱ་གྲམ་གྱིས་མཚན་པ་ཡུ་བའི་རྩེ་ནས་ཐག་པས་འབྲེལ་ཏེ་སྣོད་དུ་བསྒྱུར་བདེ་བ། མཐོ་དམན་གྱི་སྐྱོན་མེད་པར་བྱས་ཏེ་དལ་བུས་རྒྱུན་མ་ཆད་པའི་ཚུལ་གྱིས་བསྐོར་ཞིང་བསྲུབ་པའི་བྱ་བ་ལ་བརྩོན་པར་གྱུར་ཅིང་། དེ་དག་གི་སྐབས་སུ་ལག་ལེན་ལ་གཙང་སྒྲོས་ཐོན་པའི་ཁྱད་པར་དུ་མ་དང་། སྨན་དང་དངུལ་ཆུ་རྣམས་ཀྱི་ཚད་ལ་སོགས་པ་ཡིག་ཆའི་གཞུང་དང་མཐོང་བ་བརྒྱུད་པའི་ཕྱག་ལེན་རྣམ་དག་ལྟར་
ཉམས་སུ་བསྟར་ཞིང་། ན་རཀྵ་ར་ནས་སོ་ཕག་གི་ཆུའི་བར་ཐུན་གསུམ་དང་ཆང་ནས་མར་རྙིང་བར་ཐུན་གཉིས་སུ་ཡང་ནས་ཡང་དུ་དག་པའི་ཆུ་དྲོད་ལྡན་ཁོ་ནས་བཀྲུ་བཤལ་བྱ་བ་དང་དངུལ་ཆུ་ཕྲན་བུ་ཡང་མི་བརླག་པར་རྒྱུན་བསྡམས་པར་བྱས། དེ་དག་གི་སྐབས་སུ་དངུལ་ཆུ་རིམ་པས་གཡུང་བ་སོགས་ཡོན་ཏན་གྱི་ཁྱད་པར་རྣམས་གོང་འཕེལ་དུ་གྱུར་ཅིང་། དེ་ཡི་ཆས་སུ་ཉེ་བར་མཁོ་བའི་སྣ་ཚོགས་མདོག་མི་གཅིག་པའི་སྨན་སྦྱོར་རྣམས་སོ་སོར་བཏུལ་བའི་ཕྱེ་མ་དག་དྲི་ཡི་ངད་ལྡང་ཞིང་རྡུལ་ཕྲན་གྱིས་གནས་ཀུན་བསྒྲིབས་པར་གྱུར་ཏོ། །འབིགས་བྱེད་རབ་ཏུ་གཡོ་བའི་ཁམས་དེ་ནི། །དག་པའི་སྣོད་ལ་རྣམ་པར་བཞག་བཞིན་དུ། །སྣ་ཚོགས་སྐྱོན་འབྱིན་ཁུ་བས་ཉེར་བཀླུབས་པ། །ཆུ་འཛིན་དབུས་ན་གནས་པའི་ཟླ་བ་བཞིན། །ནོར་བུའི་དབྱིབས་འཛིན་རེག་ན་འཇམ་པའི་རྡོ། །རྩེ་མོར་བསྒྲོན་པ་དབྱུ་གུའི་མགོ་བོ་ནི། །རྒྱ་གྲམ་ཤིང་གིས་མཚན་པ་ཐག་པས་སྦྲེལ། དེ་ནི་འབབ་སྟེགས་ཀུནྡའི་མཚོ་ལ་ཞུགས། །ཕན་ཚུན་རྣམ་པར་བསྐྱོད་ཅིང་བསྒུལ་བའི་ཚེ། །འུར་འུར་ཅེས་པའི་སྒྲ་ཆེན་རབ་སྒྲོགས་པ། །མཁའ་ལ་དབྱར་སྐྱེས་རྔ་ཡི་སྒྲ་བཞིན་དུ། །ལྔ་གསུམ་ཞག་གི་གྲངས་ལ་རྣམ་པར་ལྡིར། །རྣམ་མང་རིན་ཆེན་གླིང་གི་མཚོ་བཞིན་དུ། །སྣ་ཚོགས་མདངས་ལྡན་སྨན་གྱི་བྱེ་མའི་ཚོགས། །དུ་མར་སྤུངས་པའི་དངོས་པོ་འདི་དག་ཀྱང་། །
གསེར་སོགས་རིན་ཆེན་ཞུ་བའི་ཆུ་གཏེར་བཞིན། །དེ་ཡི་རྡུལ་ཕྲན་ཀུན་ནས་རབ་འཁྲིགས་པ། །དཔྱིད་དུས་གཡོ་བའི་ན་བུན་ཇི་བཞིན་ཏེ། །ཀུནྡའི་རང་བཞིན་སྦྱངས་པའི་ཆུ་རྣམས་ཀྱང་། །རྣམ་པར་འཁྱིལ་བ་ཆུ་ཀླུང་བདག་པོ་བཞིན། །ཟབ་མོའི་མན་ངག་སེམས་པའི་ཐབས་དག་གིས། །དོན་ཆེན་བདུད་རྩིའི་གནས་ལ་རབ་འདུན་ནས། །རྩོལ་བས་རབ་སྦྱངས་ཞི་བའི་ཚུལ་གྱུར་པ། །ཏིང་འཛིན་རྫུ་འཕྲུལ་རྐང་པའི་རྗེས་སུ་སྙོགས། །མི་སྡོད་ཤུགས་ཀྱིས་གཡོ་བ་འཁོར་བའི་སེམས། །ཀུན་ནས་ཁ་ལོ་སྒྱུར་བའི་ལས་རླུང་གི། བཞོན་པ་མན་ངག་ཟབ་མོའི་སྲབ་ཀྱིས་གཅུན། །དེ་ཚེ་བསམ་གཏན་ཞི་བའི་ལམ་དུ་འགྲོ། །བཀྲུ་ཚེ་དག་པའི་ཆུ་དང་ཐབས་མཁས་ཀྱིས། །ཉེ་བར་སྦྱངས་པའི་བདུད་རྩིའི་བཅུད་རྒྱལ་ཡང་། །ཅུང་ཟད་བརྟན་པའི་ངང་ཚུལ་འཛིན་པ་ཡིས། །དཀའ་བ་རྣམ་པར་ཉམས་པའི་ཚུལ་ཡང་སྟོན། །དེ་ནས་དངུལ་ཆུ་དེ་དག་དྲི་མ་མེད་པའི་ཆུས་ཡང་ཡང་བཤལ་ཏེ་ཕྱོགས་གཅིག་ཏུ་བཞག་ལ། ས་སྟེགས་གྲུ་བཞི་ཡངས་པའི་ནང་དུ་ལྕགས་ལས་བྱས་པའི་རྐང་གསུམ་བརྟན་པའི་ཁར་རྡོ་ཁོག་གི་ནང་དུ་ཅོང་ཞི་ཕྲམ་ཕྲོམ་བརྡུངས་པ་སོར་གང་གི་ཚད་དུ་བཀོད་ལ་དེ་སྟེང་འཇུ་བྱེད་ཚིལ་ལྔ་བཞུས་པའི་ཞུན་གྱི་སྟེང་དུ་བདུད་རྩི་བཅུད་ཀྱི་རྒྱལ་པོ་བཞུགས་སུ་གསོལ་ཞིང་། སྐྱུར་གསུམ་གྱི་ཁུ་བ་དྭངས་མ་བླུགས་ཏེ་སྣོད་ཆ་གསུམ་གྱི་ཆ་གཉིས་བཀང་། ཆ་གཅིག་སྟོང་པར་བཞག་པ་ཚད་ཐུར་
གྱིས་ཐིག་བླངས། རས་ཤིན་ཏུ་ཚགས་དམ་པ་བཞི་ལྟེབ་ཀྱིས་ཁ་ཁེབས་རྡོ་རྗེའི་མགུལ་ནས་སྲད་བུས་དམ་པོར་བཅིངས་ཤིང་དེ་སྟེང་རྡོ་ཡི་ཁ་ཁེབས་བཞག །བར་ཐམས་ཅད་རས་དང་ཤོག་གུས་དམ་པར་བཅད། ཚད་ཐུར་དང་སབ་ཆུ་གཞུག་པའི་ཕྱིར་ཁ་ཁེབ་རས་བཅས་བུ་ག་མཐེ་མོ་ཤོང་པའི་ཚད་ཙམ་བརྟོལ་ཏེ་རྡོ་གོར་མོས་ཁ་བཅད་ལ་བཞག །དེ་ཡི་འོག་ཏུ་མེ་ཁྲོལ་གྱི་ངད་ཀྱིས་རིམ་པས་ལྷོག་ཁོལ་ཙམ་གྱི་རྒྱུན་ཆེ་ཆུང་དུ་མ་སོང་བར་བྱས་ཤིང་། ལྕི་བའི་མེ་ཁྲོལ་རིམ་པས་བཞག་ལ་ཅི་ཙམ་འཐགས་པ་དེ་ཙམ་གྱིས་སྐྱུར་གསུམ་ཆུ་སབ་པ་དང་ནང་རེ་བཞིན་ཚིལ་ཞུན་ཚོམ་རེ་བཏབ། དེ་དག་གི་སྐབས་སུ་འཕྱུར་རྐྱེན་མི་བྱེད་པའི་སླད་དུ་སབ་ཆུ་ཐམས་ཅད་དྲོད་ལྡན་ཁོ་ན་དང་། འགྲིལ་འགྲུལ་སྤྱི་དང་ཁྱད་པར་ཁྱི་དང་བུད་མེད་ཀྱིས་འགོམས་ཡུགས་ལ་སོགས་པའི་གྲིབ་བསྲུངས་ཞིང་ཉིན་མཚན་བརྒྱད་ཀྱི་བར་དུ་ཡེངས་མེད་ཐུན་དུ་བཅད་དེ་བཙོ་བའི་བྱ་བ་བྱས་ཤིང་། ལག་ལེན་གྱི་ཞིབ་ཆ་མཐའ་དག་ཡིག་ཆའི་གཞུང་དང་མཁྱེན་པའི་རྩལ་གྱིས་སྦྱར་བའི་རྣམ་པ་དུ་མ་དང་བཅས་ཏེ་རིན་ཆེན་བསྒྲུབས་ནས་མཐར་མེ་བཅད་དེ་རྡོ་ཁོག་གྲང་རྗེས་ཁ་ཕྱེས་ནས་དངུལ་ཆུ་ཕྱོགས་གཅིག་ཏུ་བསྡོམས་པའི་ཚེ། བདུད་རྩི་དར་ཡ་ཀན་དེ་ཉིད་ཞོ་ལྟར་སྐ་བའི་རྣམ་པ་དང་། ཁ་དོག་སྟོན་ཀའི་ཟླ་བ་ལྟར་གསལ་པར་གྱུར་ཏོ། །དྲི་མེད་རྡོ་ལས་བྱུང་བའི་ཟ་མ་ཏོག །སྲ་འཇམ་དབྱིབས་
ལེགས་ཀྱི་ནི་སྣོད་དག་ཏུ། །འབྲུ་སྣའི་གཟུགས་མཚུངས་རྡོ་བཅུད་རྒྱལ་པོ་ནི། །རྣམ་པར་བཀྲམ་སྟེ་གཡོ་བ་མེད་པར་བཞག །གསུམ་དང་ལྔ་ཡི་གྲངས་སུ་གང་གྱུར་པ། །སྐྱུར་བའི་རོ་དང་སྣུམ་པའི་ཡོན་ཏན་ཅན། །གཉིས་ཀྱི་བར་ན་གནས་པ་རབ་མཛེས་པ། །དྲི་མེད་ཟླ་བ་ཞུ་བའི་ཚུལ་གྱིས་གནས། །སྲེག་པའི་ཚ་བར་གཡོ་བའི་དངོས་པོ་ནི། །དུ་བའི་གོས་དང་བྲལ་བའི་རྣམ་པ་ཅན། །འདོར་ལེན་རྒྱུན་མ་ཆད་པའི་ཚུལ་གྱིས་ནི། །ཐོས་ཙམ་ནང་གི་སྒྲ་དབྱངས་བརྒྱུད་མར་བསྐུལ། །གདུག་པའི་སྦྲུལ་བཞིན་འཇིགས་པའི་དུག་ཆེན་གྱི། །དབུགས་རླངས་མི་བཟད་ཀུན་ནས་འཕྲོ་བའི་ཁ། །གཉེན་པོའི་སྨན་མཆོག་འཇུག་པའི་སྐབས་མིན་པ། །སྲབ་འཇམ་རས་བཟང་དག་གིས་རྣམ་པར་བསྒྲིབས། །དུས་དང་དུས་སུ་ལྕགས་ཀྱི་བྱ་ར་བས། །འཆུགས་མེད་ཚད་ལ་ངེས་པ་རྙེད་པའི་ཚེ། །རེག་བྱ་ཚ་ལ་སྐྱུར་བའི་རོ་ལྡན་ཆུ། །རྒྱ་མཚོའི་བས་བཞིན་དུས་ལས་ཡོལ་མེད་འབབ། །ཉིན་མོ་དང་ནི་མཚན་གྱི་ཆུ་ཀུན་ཏུ། །སྐད་ཅིག་གཡེལ་མེད་བརྩོན་པའི་དར་ཆེན་ནི། །དོན་ཆེན་གནས་ལ་དད་པའི་རླུང་གིས་བསྐྱོད། །དེ་ནི་དྲན་པའི་བྱ་ར་རྣམ་པར་བསྐུལ། །ཟབ་མོའི་གནད་གསང་མཐོང་བའི་རྣམ་དཔྱོད་དང་། །ཡེངས་མེད་རྩེ་གཅིག་སེམས་པའི་བསམ་གཏན་གཉིས། །ཟུང་དུ་འབྲེལ་བའི་གནས་སྐབས་དེ་དག་ནི། །རིན་ཆེན་དངུལ་ཆུ་གྲུབ་པའི་ལས་ལ་དབང་། །དེས་
ནི་རྣམ་གྲོལ་ཐར་པའི་གོ་འཕང་ལ། །འཇུག་པའི་རྒྱུ་ཡི་གཙོ་བོ་ཉིད་གྱུར་པ། །དད་བརྩོན་དྲན་པ་ཏིང་འཛིན་ཤེས་རབ་ཀྱི། །གདམས་ངག་ལེགས་པར་འདོམས་པའི་ཚུལ་ཡང་སྟོན། །སྐད་ཅིག་མི་སྡོད་འཁོར་བའི་སེམས་དང་ནི། །ཕན་ཚུན་འགྲན་པ་ལྟ་བུར་གང་གྱུར་པ། །དུག་ཅན་གཡོ་བ་མཆོག་གི་རོ་དེ་ནི། །རབ་དཀར་བཀྲ་ཤིས་ཞོ་ཡི་གཟུགས་སུ་གནས། །དྲི་མེད་ལྟ་ན་སྡུག་པའི་མདངས་ལྡན་དེ། །བདུད་རྩི་ག་བུར་འཛག་པ་དང་མཚུངས་པས། །དགའ་བའི་ཁྱད་པར་དུ་མས་རབ་བརྒྱན་པའི། །འཚོ་བྱེད་སེམས་ཀྱི་ཀུནྡ་རྣམ་པར་བཞད། །བདེ་བའི་རང་བཞིན་བདུད་རྩིའི་ཐིག་ལེ་དེ། །བཞུ་བའི་ཐབས་མཆོག་ལྷན་སྐྱེས་ཙནྜ་ལཱི། །བཞི་ལྡན་མན་ངག་སྟོབས་ཀྱིས་ཉེར་བསྐུལ་བ། །དེ་ནི་སྨན་ཆེན་སྒྲུབ་པའི་ཐབས་སུ་གནས། །ཐབས་དེ་ཉེ་བར་གོམས་པའི་རྒྱུ་ལས་ནི། །ཉེར་སྨིན་གསུམ་བདེ་གསལ་མི་རྟོག་ལྡན་འབྲས་བུའི་ལྗོན་བཟང་ཞིག །རྣམ་གྲོལ་མྱུར་དུ་འགྲུབ་པའི་དཔྱིད་སྟོན་པ། །དེ་ནི་སྐལ་བཟང་སྙིང་ལ་རྣམ་པར་གནས། །དེ་ནས་དེ་ལྟར་བཙོ་ཆེན་ལེགས་པར་གྲུབ་རྗེས་སླར་ཡང་ཁམས་བརྒྱད་དང་བོང་དམར་མུ་ཟིའི་ཕྱེ་མའི་གྲུངས་ཆུ་དང་སྐྱུར་གསུམ་སྣུམ་ནག་བཅས་ཚད་སོགས་གཞུང་ལྟར་དང་། བཙོ་བའི་ལག་ལེན་སྔ་མ་ལྟར་གྱི་ཉིན་མཚན་སྦྲེལ་མ་བཞིར་བཙོས་པས་སྔར་གྱི་ནུས་པ་བརྟན་པར་གྱུར་ཏེ་ཡོན་ཏན་གྱི་
ཁྱད་པར་ཆེར་འཕེལ་བར་གྲུབ་པ་ཡིན་ནོ། །དགུ་ཡི་གྲངས་སུ་གནས་པའི་སྨན་རྣམས་ནི། །དུག་འཇོམས་གཉེན་པོའི་ཕྱེ་མ་དང་ལྡན་པ། །དག་པའི་ཆུ་ལ་སྦྱངས་པའི་ཁུ་བ་དང་། །ཆང་མཚུར་སྟར་བུའི་ཆུ་དང་རོ་གཅིག་པ། །འབྲུ་ལས་བྱུང་པའི་སྣུམ་གྱིས་ཉེར་བཏབ་སྟེ། །དེ་དབུས་དྲི་མེད་ཟླ་བའི་ཟིལ་པ་བཅུན། །མེ་ཡིས་ངད་ཀྱིས་ཅུང་ཟད་ཁོལ་བཞིན་དུ། །ཉིན་མཚན་ཆུ་གཏེར་གྲངས་ལ་བརྒྱུད་མར་སྦྱངས། །འབད་པ་དུ་མས་ཡང་དང་ཡང་བཀྲུས་པ། །དག་པའི་རིན་ཆེན་བརྟན་པའི་ངང་ཚུལ་ཅན། །འདིས་ནི་ལམ་ལ་སློབ་པའི་གང་ཟག་གི། དབང་པོ་སྟོབས་སུ་གྱུར་པའི་གནས་སྐབས་མཚོན། །ངན་རྟོག་ལས་རླུང་ཀུན་ནས་ཟ་བ་ཡི། །བདེ་སྟོང་མཆེ་བ་རྣོན་པོ་རབ་གཙིགས་པ། །མི་ཤིགས་ཨ་བ་དྷཱུ་ཏཱིའི་སྦྲུལ་ཆེན་གྱི། །སྲོག་གི་སྟོབས་ནུས་རྣམ་པར་འཕེལ་བར་གྱུར། །དེ་ཚེ་གཟུང་འཛིན་བྱིས་པའི་ཚོགས་རྣམས་ཀྱང་། །ཕན་ཚུན་རྣམ་པར་འབྱེར་པའི་ངང་ཚུལ་འཛིན། །ཐོག་མེད་བདེན་ཞེན་ཞགས་པའི་འཆིང་བ་རྣམས། །དལ་བུས་རྣམ་པར་དཀྲོལ་བའི་ཚུལ་ལ་མཁས། །དེ་ལྟར་བཙོ་འབྲིང་ལེགས་པར་གྲུབ་རྗེས་སྨན་ཆེན་ཁྱོར་གང་གི་ཕྱེ་མ་དར་ཚགས་ལ་དྲངས་ནས་ཆང་གི་འདམ་འཐག་བྱས་པའི་ཕྱེ་སྐམ་སླར་ཡང་རྡོ་གཞོང་དུ་བཏུལ་བ་དང་། ལྕགས་བརྒྱད་ཀྱི་ཐལ་བ་རྣམས་ཚད་ལྟར་དན་རོག་སྣུམ་དང་འདྲེས་པའི་མར་ནག་དངུལ་ཆུ་ལས་
སོར་དོ་མཐོ་ཙམ་བླུགས་ལ་ཐུར་ཚད་ཁ་ཁེབས་མེ་སོགས་སྔོན་བཞིན་དུ་དལ་བུས་རྒྱུན་མ་ཆད་པར་ཉིན་མཚན་གཉིས་ཏེ་ཉིན་ཞག་ཕྲུགས་གཅིག་ལ་བཙོས། བཙོ་བ་གསུམ་པོ་དེ་དག་གི་སྐབས་སུ་རང་རང་གི་སབ་ཆུ་སྣོན་པ་དང་། མེ་ཤེད་ཆེ་ཆུང་། ཚུར་ལེན་ཚེ་ཆུ་ཁོལ་མས་བཀྲུ་བཤལ་མང་པོ་བྱ་བ་སོགས་ཤིན་ཏུ་ཞིབ་པའི་བློས་དངུལ་ཕྲན་བུ་ཡང་མི་འཐོར་བའི་གནད་ཀྱི་ཐབས་དུ་མ་དང་བཅས་པ་རྗེ་ཉིད་ཀྱི་ཞལ་གྱི་ལེགས་བཤད་འཚོ་བྱེད་རྣམས་ཀྱིས་རྣ་བས་བཅུད་དུ་འཐུངས་ཤིང་སྙིང་གི་དཔལ་བེའུར་སིམ་བཞིན་ལག་ཏུ་བསྟར་བས་དུག་ཅན་མི་སྡོད་པའི་དངུལ་ཆུ་ལས་སུ་རུང་ཞིང་། ཞོ་ལྟར་སྐ་ལ་ཤིང་བུ་འཛིན་པ་དག་པའི་ཁ་དོག་ཟླ་བ་སྦྲིན་དང་བྲལ་བ་ལྟར་གྱུར་ཅིང་། དངུལ་ཆུ་དེ་དག་རྗེན་པ་ཞོ་ཕྱེད་དོ་ཀུན་གྱིས་མཐོང་སར་དངོས་སུ་འཐུང་ཡང་ལུས་ལ་བཅུད་དུ་འགྱུར་ཏེ་མ་གནོད་པའི་ཡ་མཚན་བཅས། བདུད་རྩིར་གྲུབ་པའི་དགའ་བ་ཅིར་ཡང་འཕེལ་བར་གྱུར་ཏོ། །གདུག་ཅན་ཆང་གིས་སྦགས་པའི་ཕྱེ་མ་དང་། །ལྕགས་བརྒྱད་ཐལ་བས་ཉེར་བཏབ་སྣུམ་གྱི་དབུས། །འཕྲོག་བྱེད་ས་བོན་ཀུན་ནས་གནས་གྱུར་བ། །མེ་ཡི་ངད་ཀྱིས་དལ་བུས་རྣམ་པར་བསྐོལ། །བརྩོན་པས་ཡོངས་སུ་སྦྱངས་པའི་ཐ་མ་ནི། །རབ་དཀར་ཟླ་ཞུན་འཁྱིལ་པའི་རྗེས་འགྲོ་བ། །དེ་ཡང་མི་གཡོ་ཞི་བའི་ཚུལ་འཛིན་པས། །འཚོ་བྱེད་སྙིང་ལ་ཀུན་དགའི་བདུད་རྩིར་གྱུར། །གཞུང་
དང་མན་ངག་དྲན་པའི་སྟོབས་ཀྱིས་འདིར། །ཤིན་ཏུ་སྦྱངས་པའི་བདུད་རྩི་དྲི་མེད་པ། །རིས་བྲལ་འགྲོ་ལ་སྲོག་གི་ཟུང་སྟེར་ཞིང་། །མི་བཟད་ནད་མང་འཇོམས་པའི་གཉེན་པོར་གྲུབ། །ལུས་སྐྱེས་ཕྲ་མོའི་ཚད་ཙམ་སུས་མྱོང་པ། །བདེ་འཇོམས་རིག་པ་རྩུབ་མོས་སྲོག་འཕྲོག་ཁམས། །ཉུང་མིན་གཅིག་པུར་འཐུང་བའི་ལུས་ཅན་དེ། །སླར་ཡང་བདེ་བར་མངོན་སུམ་མཐོང་འདི་རྨད། །གནས་ལུགས་ཇི་བཞིན་མཁྱེན་པའི་ཤེས་རབ་ནི། །ཡན་ལག་དུ་མའི་འཁོར་དང་ཉེར་ལྡན་པ། །ཉོན་མོངས་དུག་ཆེན་འཇོམས་པའི་གཉེན་པོ་ཡི། །བདུད་རྩི་མཚུངས་པ་མེད་པ་བྱང་ཆུབ་ལམ། །བློ་ཆེན་འཕགས་པའི་ཐུགས་ལ་ཡང་མངའ་བ། །དེ་ནི་ཉེས་མང་འཛིན་པ་འཁོར་བའི་སེམས། །གཉེན་པོས་རྣམ་པར་སྦྱངས་པའི་འབྲས་མིན་ཞེས། །བདུད་རྩི་གྲུབ་པའི་ཚུལ་འདིས་རྣམ་པར་གཞལ། །ཡེ་ཤེས་རླུང་གི་རྟེན་དུ་གང་གྱུར་པ། །ལྔ་ལྡན་འཁོར་ལོའི་སྲོག་ཏུ་གནས་པ་ཉིད། །འཆིང་བྱེད་རྣམ་པར་དཀྲོལ་པའི་ཚུལ་མཁས་པ། །ཟག་མེད་མེ་ཡི་འོད་བཟང་རྣམ་པར་འཕྲོ། །དངོས་པོའི་སྤྲོས་མཚན་ཀུན་ནས་རབ་ཞི་བ། །ཁས་ལེན་ཀུན་དང་བྲལ་བའི་སྟོང་པ་ཉིད། །བདེ་ཆེན་ཐབས་ཀྱི་རྣམ་པར་རོ་མཉམ་པའི། །སྣང་སྟོང་རྡོ་རྗེའི་ཡེ་ཤེས་མངོན་དུ་གཟིགས། །ཐབས་ཀྱི་ལེགས་པར་བསྒྲུབས་པའི་བཅུད་རྒྱལ་ནི། །སླར་ཡང་དུག་གི་གནས་སྐབས་མི་འཛིན་ཉིད། །
དེ་བཞིན་ཟག་མེད་ལམ་གྱི་ཆོས་ཐོབ་པ། །དེ་ནི་ནམ་ཡང་སྲིད་པའི་རྒྱ་མཚོར་མིན། །དེ་ནས་དངུལ་ཆུ་མུ་ཟི་དང་སྦྱར་བའི་སྟ་གོན། གནས་གཙང་ཞིང་ཡིད་དུ་འོང་བར་ནམ་མཁའ་དང་ཉི་ཟེར་གྱི་གསེང་བུག་ཤོག་བུ་སོགས་ཀྱིས་བཀབ་ལ་མེད་པར་བྱས། འདུལ་མཁན་རབ་བྱུང་སྡོམ་གཙང་གིས་བྱས་ཞིང་གྲིབ་བསྲུངས། འདུར་ཚེ་ཐོག་མཐའ་ཀུན་ཏུ་བདུད་རྩིར་སྒྲུབ་པའི་སྔགས་རྒྱུན་དབྱངས་སུ་བྱེད་བཞིན་པའི་ངང་ནས། རྡོ་གཞོང་འཇམ་པོ་མེ་ཉིས་རན་པར་བསྲོས་པའི་ནང་དུ་མུ་ཟི་དུག་ཕྲལ་དངུལ་ཆུ་དང་ལྗིད་མཉམ་ཀྱི་ཕྱེ་མ་དར་ཚགས་ལ་དྲངས་པའི་དཀྱིལ་ཀྱོང་བུར་བཅུད་རྒྱལ་བླུགས། །རྡོ་མདི་ལ་ཡང་བསྲོས་ནས་སྐམ་འདུལ་ཉི་མ་གཉིས་ཀྱི་བར་དུ་བྱས་པ་དེ་ཚེ་དྲི་མེད་ནམ་མཁའི་ཁ་དོག་ལྟར་གྱུར་ཅིང་། དེ་ནས་ཕྱོགས་བསྡུམས་བྱས་ལ་སྔར་གྱི་འདུར་ཁང་དུ་ཟད་འཆིང་བཅུ་དྲུག་པོའི་ཐལ་བ་ཚད་ལྡན་གྱི་ཕྱེ་མ་འདམ་འཐག་གི་གྲུངས་ཆུ་ཡང་ཡང་སབ་ནས་མཐར་ལྷག་མ་མ་ལུས་པ་འགྲོ་ངེས་བྱས་ནས་འདམ་འཐག་ཞག་ངེས་དང་། དེ་གར་འདུལ་བཞིན་པའི་ངང་ནས་རང་བཞིན་གྱིས་སྐམ་བཅུག་པའི་སྐམ་འཐག་ཉིན་གསུམ་བཅས་ཆུ་ཁར་བཏབ་པ་སྤྲིན་ལྟར་ལྡིང་བའི་བར་དུ་བྱས་ཤིང་། ཞར་ལ་ལོ་གྲངས་ཅི་ཙམ་སོང་ཡང་མི་ཞིག་པའི་མན་ངག་བཅས་བདུད་རྩི་ཡང་དག་པར་གྲུབ་པ་ཡིན་ཏེ། དག་པའི་རྡོ་འཇམ་ཡངས་པའི་སྣོད་ཉིད་དུ། སྐྱོན་བྲལ་ས་བཅུད་ཕྱེ་མ་རབ་
བརྡལ་བ། །དེ་དབུས་དྲི་མེད་བཅུད་ལྡན་བདུད་རྩི་ནི། །དལ་བུས་རྣམ་པར་བསྲུབ་པའི་ལས་ལ་ཞུགས། །དྲང་སྲོང་བརྒྱུད་པའི་ཕྱག་བཞེས་མ་འཆུགས་པའི། །ཐབས་ཀྱིས་ཉེ་བར་བསྒྲུབས་པའི་ཨ་མྲྀ་ཏ། །ཐབས་ཤེས་མཉམ་པར་སྦྱོར་བའི་གནས་སྐབས་སུ། །གཞན་ཕན་བདུད་རྩིའི་སྙིང་པོ་མངོན་སུམ་ཉིད། །དུར་སྨྲིག་ཐུན་མཚམས་སྤྲིན་གྱི་བླ་གོས་ཅན། །ཚུལ་དག་ཟླ་བ་དགྱེས་པའི་དཀྱིལ་ལྟ་བུ། །དགེ་སྦྱོང་ཚོགས་ཀྱི་སོར་མོའི་འདུ་བྱེད་ཀྱིས། །ཡང་ཡང་རྣམ་པར་བསྲུབས་པའི་གནས་ལ་སྦྱར། །དྲང་སྲོང་རིག་འཛིན་བརྒྱུད་པའི་བྱིན་རླབས་ཟེར། །སྙིང་དབུས་ཀུནྡར་སིམ་པའི་འཚོ་བྱེད་ཚོགས། །ཀུན་ནས་རྣམ་པར་དགྱེས་པའི་ཞལ་བཟང་གིས། །བདུད་རྩིའི་སྔགས་ཀྱི་སྒྲ་དབྱངས་བརྒྱུད་མར་བསྒྲགས། །དེ་ནས་བརྒྱད་གཉིས་གྲངས་ལྡན་སྨན་གྱི་ཚོགས། །དྲག་པོའི་མེ་ཡིས་སྦྱངས་པའི་ཁམས་དེ་དག །ཚད་དང་ལྡན་པ་དག་བྱེད་ཀྱིས་བགྲངས་པའི། །དྭངས་མའི་ཆུ་ཡིས་ཡང་ཡང་བྲན་ཅིང་བཏུལ། །དེས་ནི་དྲུག་ནས་བརྒྱ་སྟོང་བྱེ་བའི་བར། །བདུད་རྩི་བཅུད་ཀྱི་རྒྱལ་པོའི་སྟོབས་འཕེལ་ཞིང་། །ཕྲ་ཞིང་ཕྲ་བར་གྱུར་པའི་སྐྱོན་རྣམས་ཀྱང་། །ལྷག་མ་མེད་པའི་རིན་ཆེན་ཡང་དག་གྲུབ། །མཁྱེན་པའི་ཆ་ཤས་རྫོགས་པའི་རི་བོང་འཛིན། །ངག་སོགས་ཡང་དག་འཕགས་ལམ་འོད་འཕྲོ་ཞིང་། །རྒྱལ་བ་དགྱེས་པའི་ལྷ་ལམ་དུ་འགྲོ་བ། །དེ་ནི་དྲི་མེད་སྦྱངས་པའི་ཀུནྡ་
བཞིན། །རང་གི་ཆོས་ཀྱི་དེ་ཉིད་ལེགས་མཐོང་ནས། །རྒྱུད་རྣམས་ཡོངས་སུ་དག་པའི་ཁྱད་པར་ཅན། །གཞན་ཕན་དྲི་མ་མེད་པའི་གཏེར་གྱུར་པས། །རབ་དཀར་སྐྱོན་བྲལ་སྨན་བཟང་མཚོན་པར་ནུས། །འཆིང་བྱེད་རྩ་ཡི་མདུད་པ་ཉི་ཤུ་གཅིག །ཟབ་མོའི་ཐབས་ཀྱིས་རྣམ་པར་བཀྲལ་བ་ལས། །བཅུ་ལྡན་ས་ཡི་ཡོན་ཏན་གོང་འཕེལ་པ། །དེ་ནི་རིན་ཆེན་ཁམས་འདིས་རྣམ་པར་མཚོན། །བཅུ་གཉིས་གྲངས་དང་ལྡན་པའི་ཡོན་ཏན་ནི། །བརྒྱ་སྟོང་ལ་སོགས་འགྱུར་གྱི་ཁྱད་ཞུགས་པའི། །འཕགས་ལམ་ས་ཡི་རྟོགས་པ་མངོན་གྱུར་བཞིན། །རིན་ཆེན་ཁམས་འདི་ཡོན་ཏན་རྣམ་པར་འཕེལ། །ཆིག་སྟོང་བརྒྱད་བརྒྱའི་གྲངས་སུ་གང་གྱུར་པའི། །བཅུ་གཉིས་དུས་སྦྱོར་རླུང་གི་སྟོབས་འགགས་པ། །ནམ་མཁའི་འཁོར་ལོར་འཆིང་བའི་ཀུནྡ་ནི། །འཕོ་མེད་བདེ་བའི་དཔྱིད་དུ་རྣམ་པར་འཁྱིལ། །ཟག་མེད་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས། །སྒྲིབ་པའི་བག་ཆགས་ཀུན་ནས་འཇོམས་པ་བཞིན། །ཉེས་ཚོགས་ཡང་དག་ཟད་པའི་བཅུད་ལྡན་ནི། །དྭངས་པའི་ཆུ་ལ་སྤྲིན་བཞིན་རྣམ་པར་ལྡིང་། །སྒྲིབ་པ་ཀུན་སྤངས་རྒྱལ་བའི་ཡེ་ཤེས་སྤྲིན། །འཛད་མེད་དམ་ཆོས་བདུད་རྩིའི་ཆར་འཛིན་ཞིང་། །སྲིད་པའི་མཁའ་ལ་རྟག་ཏུ་ཁྱབ་བརྡལ་བ། །རིན་ཆེན་གྲུབ་པའི་ཚུལ་འདིས་མཚོན་པ་བཞིན། །དེ་ནས་དེ་ལྟར་འབད་པའི་སྒོ་དུ་མ་ནས་བསྒྲུབ་ཅིང་འགྲུབ་པའི་སྨན་
ཆེན་དེ་ཉིད་གླ་ཧེལ་གྱི་ཁུག་མ་བུག་རྡོལ་མེད་པ་སྐྱི་ནང་བསྟན་དུ་བཞག་ལ། ཁ་དམ་པར་བཅིངས་བཻཌཱུར་ཡའི་མདངས་དང་ལྡན་པའི་དར་དང་ཟ་འོག་གི་ཁུག་མ་སྣ་ཚོགས་སུ་བླུགས་ཤིང་། ཁ་བྱང་ལྷ་རྫས་རེག་བྱའི་ངོས་ལ། ཨ་པདྷཱ་ཏུ་གི་རི་རཱ་ཛ་ན་ནྟཱིས་མནྟ་པཱུརྟ་ཀུ་ཊེ་པྲ་བྷ་བ་པཉྩ་ད་ཤ་ཀཱངྒི་ར་ས་མྦ་ཏྶ་ར་བྲྀ་ཥ་བྷ་ཙཻ་ཏྲཽ་མཧཱ་པཱ་ཀ་ཤོ་དྷཱ་ནཾ་བི་དྷི་བྷྱཿ སུ་ཤོ་དྷི་ཏ་ར་སཱི་མཧཱ་ཤཱི་ཏ་ཡུ་ཛཱ་མཱ་ར་ཎཱ་མྲྀ་ཏ་རས་ར་ཛཱ་སྭ་སྟི། ཞེས་ལེགས་སྦྱར་དང་དེ་ཉིད་བོད་སྐད་དུ་གྱུར་པ། མདོ་ཁམས་རི་རྒྱལ་དགའ་ལྡན་ཀུན་ཁྱབ་རྫོང་དུ་རབ་བྱུང་བཅོ་ལྔ་པའི་ཆུ་ཕོ་སྤྲེལ་ལོ་ཁྱུ་མཆོག་ནག་པ་ཟླ་བར་བཙོ་བཀྲུ་ཆེན་མོའི་ཚོགས་ལེགས་པར་སྦྱངས་པའི་དངུལ་ཆུ་གྲང་སྦྱོར་ཆེན་མོ་འཆི་མེད་བདུད་རྩི་བཅུད་ཀྱི་རྒྱལ་པོ་དགེ་ལེགས་འཕེལ། ཞེས་མཚན་རྒྱས་པ་སུམ་ཕབ་དང་། ཁ་བྱང་བསྡུས་པ། བཙོ་བཀྲུ་ཆེན་མོས་སྦྱངས་པའི་བདུད་རྩི་བཅུད་ཀྱི་རྒྱལ་པོ་ཞེས་བསྡུས་པ་སྟེ། དེ་གཉིས་གསེར་དང་སྣག་ཚས་བྲིས་པའི་མིང་གིས་མངའ་གསོལ་ནས་མཆོད་གྲལ་དུ་བཞག་སྟེ་ཡེ་ཤེས་ཀྱི་བདུད་རྩི་ཆེན་པོར་བྱིན་གྱིས་བརླབས་ནས། དེང་ཕྱིན་ཆད་ཁྱི་བུད་མེད་ཀྱིས་རེག་པ་དང་། ཉི་ཟེར་དང་ནམ་མཁའ་མཐོང་བར་མི་བྱ་ཞེས་དམ་ཚིག་དང་ཕན་ཡོན་གྱི་ཚོགས་ལུང་ནས་ཇི་ལྟར་འབྱུང་བ་ལྟར་༧སྐྱབས་མགོན་མཆོག་གི་དཔལ་གྱི་མགུར་ནས་དགྱེས་པའི་གསུང་གི་སྣང་བ་བསྩལ་བ་བཞིན་ཐམས་ཅད་དགའ་བ་དང་གུས་པ་ཆེན་པོས་དང་དུ་ཉེ་བར་བླངས་
ཏེ་རིན་ཆེན་ཡང་དག་པར་གྲུབ་པའི་དགའ་སྟོན་ལ་རྣམ་པར་རོལ་པར་གྱུར་ཏོ། །ཐབས་དང་འབད་པ་དུ་མས་ཡང་དང་ཡང་། །སྐྱོན་གྱི་ཆ་རྣམས་ཀུན་ནས་རབ་བསལ་ཞིང་། །ཕན་པའི་ཡོན་ཏན་བཅུད་དུ་ལོན་པ་ཡི། །རིན་ཆེན་གྲུབ་པའི་བྱ་བ་མཐར་ཕྱིན་ཏོ། །བདེ་མཆོག་དགྱེས་པ་ཆེན་པོའི་ཀུནྡ་ནི། །སྤྲོས་བྲལ་སྟོང་པའི་དབྱིངས་སུ་རོ་གཅིག་པ། །མི་ཤིགས་རྡོ་རྗེ་ནམ་མཁའི་མདངས་ལྟ་བུ། །སྙིང་པོར་གྲུབ་པའི་བདུད་རྩི་མཚུངས་པ་མེད། །ཉེས་པའི་སྐྱོན་དང་ཀུན་ཏུ་རྟོག་པའི་དྲི། །རྣམ་དག་སྤྲིན་བྲལ་ཟླ་རྒྱས་ལྟར་གྱུར་ཀྱང་། །གཞན་ཕན་བདུད་རྩི་བྱེ་བའི་འོད་དཀར་ཅན། །སྐལ་བཟང་ལྷ་ལམ་ཡངས་པར་དལ་གྱིས་ཐོན། །དེ་ནི་ཕྱོགས་དང་རིས་སུ་མ་ཆད་པའི། །འགྲོ་ལ་རིན་ཆེན་སྲོག་གི་དཔལ་སྟེར་བའི། །བདུད་རྩི་མཚུངས་པ་མེད་པ་ཉིད་ཡིན་ཏེ། །རྣམ་མང་སྨན་མཆོག་གྲུབ་པའི་རྒྱལ་པོར་གྱུར། །ལྕི་འབིགས་རྩི་ཡི་དུག་ལས་རྣམ་གྲོལ་བ། །དྲི་མེད་ཀུནྡ་གསར་པའི་བདུད་རྩི་འདིས། །ཉེས་གསུམ་སྐྱོན་གྱི་མུན་པ་མཐར་མཛད་པའི། །རྒྱལ་བ་ཉི་མ་དྲན་པའི་གོ་སྐབས་བསླངས། །དྲི་མེད་མཐོན་མཐིང་ནམ་མཁའི་མདངས་ལྟ་བུ། །གཞན་ཕན་བདུད་རྩི་འབུམ་གྱི་ཟེགས་མ་ཅན། །ཀླུ་དབང་གདེངས་ཀར་བརྟེན་པའི་ནོར་བུ་ལ། །སྣ་ཚོགས་ཚུལ་གྱིས་འཁུ་བར་བྱེད་དམ་སྙམ། །ལང་ཚོ་རྣམ་པར་འགྱུར་བའི་གནས་སྐབས་ཀྱང་། །བཏང་ནས་མངོན་དགའ་ལྷ་ཡི་ལུས་
སྟེར་ཞིང་། །དེ་ཡང་མཁའ་སྤྱོད་ཐེམ་སྐས་ལ་འཁྲིད་པས། །ལྷ་རྣམས་ཀྱི་ནི་བདུད་རྩིའི་དཔལ་ལ་འགྲན། །འབྱུང་འཁྲུགས་ཉེས་པའི་རྙོག་པ་དྭངས་བྱེད་ཅིང་། །དུག་ཆེན་ཟུག་རྔུའི་རྩ་བ་དྲུངས་ནས་འབྱིན། །འབྱུང་གདོན་བྱད་ཕུར་སྒྲིབ་པའི་རི་བོ་སྟེ། །དྲང་སྲོང་རྣམས་ཀྱི་བཅུད་ལེན་སྙིང་པོའང་ཡིན། །རྣམ་པ་མང་པོ་སྨན་གྱི་ཁམས་དག་ཀྱང་། །གང་དང་ལྡན་པས་ཟག་མེད་དུ་སྡོམ་པ། །གྲུབ་པའི་རིན་ཆེན་བཅུད་ཀྱི་རྒྱལ་པོ་ནི། །གསོ་དཀའི་ནད་ཆེན་འབྱིན་པའི་དཔལ་དུ་གྱུར། །རྒྱལ་རྣམས་དགོངས་པ་རྟག་ཁྱབ་ནམ་མཁའི་ཀློང་། །ཚད་མེད་ཐུགས་རྗེའི་སྤྲིན་གྱིས་ཡོངས་གཏམས་པ། །དེ་ལས་རྣམ་མང་སྐྱེ་རྒུར་ཕན་བདེའི་ཆར། །མཁའ་འདི་ཇི་སྲིད་འཛད་པ་མེད་པར་འབབ། །འདིར་ནི་སྲས་བཅས་རྒྱལ་བའི་སྨོན་ལམ་གྱིས། །གྲུབ་པའི་རིན་ཆེན་སྲོག་འཚོའི་བཅུད་ཆེན་པོ། །མྱ་ངན་བསམ་གྱིས་མི་ཁྱབ་ཡོན་ཏན་གྱི། །དངོས་དང་བརྒྱུད་པའི་རྒྱུར་ཡང་རྣམ་པར་འགྱུར། །དེ་སླད་འབྱུང་བའི་རྟེན་འབྲེལ་ལས་འཁྲུངས་པ། །མཆོག་གི་རོ་ནི་འཇིག་རྟེན་འདིར་གནས་ཤིང་། །དེ་དག་ཡང་དག་གྲུབ་པའི་དྲང་སྲོང་ཡང་། །སྐྱེ་རྒུ་བསོད་ནམས་དཔལ་ལས་ཉེ་བར་འབྱུང་། །འོན་ཀྱང་དེང་དུས་བསྒྲུབས་པའི་རིན་ཆེན་བཅུད། །རྣམ་པ་དུ་མའི་ཡོན་ཏན་ཁྱད་འཕགས་པ། །ངོ་མཚར་ཨུཏྤལ་རྒྱས་པའི་ཚལ་མཐོང་ཚེ། །བདག་ཡིད་དགའ་བའི་བུང་བ་
རྣམ་པར་འགྱུར། །དེ་ཚེ་གཙུག་ལག་ཟུང་གི་རྣམ་དཔྱོད་སྤྱན། །དྲི་མེད་པདྨའི་འདབ་ལྟར་རབ་ཡངས་པ། །མི་དབང་བཀའ་ལུང་སྐུ་ཞབས་ཕུན་རབ་ནོར་བུའི་ཅོད་པན་ནི། །རྩེད་འཇོའི་ཚུལ་གྱིས་རྩོམ་པོ་མ་ཏི་བི་མ་ལ་འཁྱོགས་འགྲོའི་གདེངས་ཀར་བཞག །དེ་ཚེ་རྩོམ་པོ་དེ་ལ་ལེགས་པར་བཤད་པ་ཡི། །ལྗགས་བཟང་རིང་དུ་རྐྱོང་བ་མེད་ན་ཡང་། །གང་ཤར་རྨོངས་བཤད་བསྲེས་པའི་ཚིག་སྣ་ཚོགས། །བཅས་བཅོས་མེད་པར་ཡི་གེའི་ལམ་དུ་སྤེལ། །འོན་ཀྱང་ཕུན་སུམ་ཚོགས་པའི་ཁྱད་པར་གྱི། །རིན་ཆེན་སྨན་མཆོག་བསྒྲུབས་པའི་གནས་སྐབས་དེའི། །ངོ་མཚར་གཏམ་གྱི་ཕྲེང་བར་གང་སྤེལ་བ། །དེ་ནི་རྟེན་འབྲེལ་དགེ་བའི་སླད་དུ་ཕུལ། །ནང་གི་རྣམ་པར་དཔྱོད་པའི་ས་བོན་ནི། །ཉེར་མཚོན་ངག་གི་མྱུ་གུ་ཉིད་ཡིན་ཕྱིར། །འགལ་བར་མཆིས་ན་མཁས་པ་རྣམས་ཀྱིས་བདག །རྨོངས་པར་རིག་ནས་བརྩེ་བས་རྗེས་བཟུང་མཛོད། །བསྐུལ་བྱེད་མི་དབང་ཆེན་པོའི། བཀའ་བཞིན་རྗེས་སུ་བསྒྲུབ་སླད་གནས་སྐབས་ཀྱི། །མཐོང་གོམས་རྟོགས་པ་བརྗོད་པའི་ངག་དེ་དག །ངན་རྟོག་དྲི་མས་དབང་དུ་མ་བྱས་པར། །བློ་གྲོས་རྣམ་པར་འཕེལ་བ་ཙམ་དུ་དམིགས། །བརྗོད་བྱ་དོན་གཉིས་ཕུན་ཚོགས་བཅུད་འཇོ་བ། །ལེགས་པར་བརྗོད་ལས་དགེ་བ་གང་ཐོབ་ཉིད། །དེས་ནི་སྡུག་བསྔལ་མེས་གདུང་སྲིད་པའི་ཁམས། །དམ་ཆོས་བདུད་རྩིའི་ཆར་གྱིས་བསིལ་གྱུར་ཅིག །སྐྱེ་བ་ཀུན་ཏུ་མགྲིན་པའི་འོ་མཚོ་ཆེར། །དབྱངས་
ཅན་ངང་མོ་གཞོན་ནུས་མཛེས་བྱས་ཤིང་། །དམ་ཆོས་སྙན་པའི་སྒྲ་དབྱངས་བསྒྲགས་པ་ཡིས། །རྒྱལ་རྣམས་མངོན་པར་དགྱེས་པ་བྱེད་གྱུར་ཅིག །འཕོ་མེད་བདེ་ཆེན་ཀུནྡའི་རང་བཞིན་ནི། །སྤྲོས་བྲལ་སྟོང་པའི་བཙུན་མོར་རོ་གཅིག་པས། །བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཁམས། །ཁྱབ་བདག་སྨན་གྱི་རྒྱལ་པོར་འགྲུབ་གྱུར་ཅིག །རབ་དཀར་ལས་སྨོན་སྟོབས་ཀྱིས་ཉེར་འབྲེལ་ཞིང་། །སྲོག་འཚོའི་བཅུད་ལེན་བདུད་རྩི་རབ་བསྒྲུབ་པའི། །མཆོད་ཡོན་ཉི་ཟླ་རྟག་ཏུ་གསལ་གྱུར་ཅིང་། །འགལ་རྐྱེན་སྤྲིན་གྱིས་གཡོ་བ་མེད་གྱུར་ཅིག །སྐྱེ་རྒུའི་ཉེས་མང་ནད་ལ་རྩིར་གྱུར་པའི། །ཕན་བདེའི་བསིལ་ཟེར་ཀུན་ནས་རབ་འཕྲོ་བ། །འཚོ་བྱེད་ཟླ་བ་འབུམ་གྱི་དཀྱིལ་འཁོར་རྣམས། །ལྷན་ཅིག་མཛེས་པས་ས་འདི་སྣང་གྱུར་ཅིག །འདི་ཡི་ལག་ལེན་རྒྱས་སྤྲོས་ཀྱི་ཞིབ་ཆ་ནི་སྐྱབས་རྗེ་མཆོག་གི་ལྗགས་བསྒྲིགས་གནང་བའི་སྐོར་ལས་ཤེས་པར་བྱ་ཞིང་འདི་ནི་གནས་སྐབས་ཀྱི་མཐོང་གོམས་ཀྱི་ཚུལ་མདོར་བསྡུས་ཏེ་སམ་ཊ་ལ་བརྟེན་པར་ངག་གི་ལམ་དུ་ཅི་དྲན་དུ་སྤེལ་བ་ངག་སྒྲོས་མི་དག་པ་ཡོད་ལས་ཆེ། གང་ན་གཏི་མུག་མུན་པའི་ཚོགས་འཇོམས་ཤིང་། །མཐོང་ན་རྣམ་དཔྱོད་ཀུནྡའི་ཁ་འབྱེད་པ། །དྲི་མེད་ཤེས་རབ་འོད་ཀྱི་ཟེར་འཕྲེང་ཅན། །སྐྱོན་བྲལ་ངག་གི་ཟླ་བ་རྒྱལ་གྱུར་ཅིག །གཞན་ཕན་བསམ་པའི་ཞིང་ལས་ཉེར་སྨིན་པ། །མྱོང་ན་མཚུངས་མེད་ཞི་བའི་རོ་མཆོག་ཅན། །མི་ཟད་སྡང་བའི་ཟུག་རྔུ་རབ་འཇོམས་པའི། །ངག་ཚིག་དྲི་མེད་སྨན་གྱི་ལྗོན་པ་རྒྱལ། །ཕྱོགས་ལྷུང་འདམ་གྱིས་རྣམ་
པར་མ་གོས་པ། །ཆགས་པའི་རྙོགས་པ་དྭངས་པའི་དྲི་བཟང་ཅན། །མཐོང་ན་ཡང་ཡང་དགའ་བའི་གཏེར་གྱུར་པ། །ཕན་བདེའི་ངག་བཟང་པདྨའི་ཚལ་དེ་རྒྱལ། །དྭངས་པའི་མེ་ལོང་ངོས་ལ་བྱད་གཟུགས་བཞིན། །གང་སེམས་སྐྱོན་ཡིན་གང་གི་དབང་གྱུར་པ། །ལེགས་པར་རྟོགས་པའི་ངག་ཚིག་དེ་དག་གིས། །བྱེད་པོར་གུས་དང་ལྡོག་པའི་ཚུལ་ཡང་སྟོན། །ཞར་ལ་སྨྲས་སོ། །དགེ་ལེགས་འཕེལ། ཞེས་རིན་ཆེན་དངུལ་ཆུ་སྦྱོར་བའི་རྟོགས་པ་བརྗོད་པའི་གཏམ། ངོ་མཚར་འཆི་མེད་གྲུབ་པའི་རྣ་རྒྱན་ཞེས་བྱ་བ་འདི་ནི་སྡེ་བཞིའི་དཔལ་གྱིས་མངོན་པར་མཐོ་བའི་སྤྱི་ཁྱབ་ཆེན་པོ་ཚེ་རིང་དཔལ་ལྡན་ཞེས་གྲགས་པ་དེ་ཉིད་ཀྱིས་རིན་ཆེན་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ཕྱག་ལེན་རྒྱས་པར་སྦྱོར་བའི་སྐབས་སུ། ལག་ལེན་གྱི་གནས་རྣམས་ཚིགས་སུ་བཅད་པའི་ལམ་ནས་དྲངས་པའི་རྟོགས་བརྗོད་འདི་ལྟ་བུ་དགོས་ཞེས་བཀའ་སྩལ་བར་བརྟེན་ནས། འཇམ་མགོན་བླ་མ་མཁྱེན་བརྩེའི་དབང་པོ་དང་འདྲེན་མཆོག་བློ་གྲོས་མཐའ་ཡས་ལ་སོགས་པའི་དམ་པ་དུ་མའི་ཞབས་རྡུལ་ལ་སྤྱི་བོས་རེག་པའི་སྐལ་བཟང་ཐོབ་པ་བནྡེ་མི་ཕམ་རྒྱ་མཚོའམ། མིང་གཞན་མ་ཏི་བི་མ་ལར་འབོད་པས་གང་དྲན་ཐོལ་བྱུང་བཅས་བཅོས་མེད་པར་ཡི་གེ་བྲིས་པའི་རྟེན་འབྲེལ་གྱིས་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དཔལ་ལྡན་གསོ་བ་རིག་པའི་བསྟན་པ་རིན་པོ་ཆེ་འཆད་ཉན་སྤེལ་གསུམ་གྱི་སྒོ་ནས་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །སླར་སྨྲས་པ། གསོ་བ་རིག་པའི་གཞུང་ལུགས་འབུམ་ཕྲག་གི། དོན་གྱི་བཅུད་ཕྱུང་ལག་ལེན་དམར་ཁྲིད་འདི། །དྲང་སྲོང་གཡུ་ཐོག་སླར་ཡང་དངོས་སྣང་བ། །མི་ཕམ་རྣམ་པར་རྒྱལ་བའི་ཁྱད་ཆོས་ཡིན། །བློ་གྲོས་རྒྱ་མཚོའི་དཔལ་ལ་རོལ་བ་དང་། །སེམས་ཅན་སྡུག་བསྔལ་རྒྱུ་འབྲས་ནད་སེལ་ཕྱིར། །ཕྱོགས་གཅིག་བཀོད་པ་དགེ་བ་འདི་ཡི་མཐུས། །སྨན་གྱི་བླ་མའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་ཞེ་ཆེན་པ་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་བརྗོད་པ་དགེ་ལེགས་སུ་གྱུར་ཅིག །།མངྒ་ལཾ།། །།