Nitartha Digital Library
Tibetan
གླེགས་བམ་བཅུ་གཉིས་པ།

2 occurrences of དེའི་འོག་ཏུ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
 
ཐེག་ཆེན་བསྡུས་པའི་སྙིང་པོ་མཆན་བཅས།
  
  
  
  
  
  


2 occurrences of དེའི་འོག་ཏུ་
[Clear Hits]

 
previousཐེག་ཆེན་བསྡུས་པའི་སྙིང་པོ་མཆན་བཅས།next

ཐེག་ཆེན་བསྡུས་པའི་སྙིང་པོ་མཆན་བཅས།


MR12_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་ཆེན་བསྡུས་པའི་སྙིང་པོ་མཆན་བཅས་བཞུགས་སོ། །


MR12_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མཉྫུ་ཤྲཱི་མེེ་ཏྲི་ན་ཐཱ་ཡ། འདིར་ཤིང་རྟ་ཆེན་པོ་འཕགས་པ་ཐོགས་མེད་ཀྱི་བསྟན་བཅོས་ཆེན་པོ་ཐེག་པ་ཆེན་པོ་བསྡུས་པའི་གཞུང་གི་དོན་གནད་སྙིང་པོ་རང་གི་ཡིད་ལ་འཇིག་པའི་སླད་དུ་ཚིག་སྣ་བསྡུས་ཏེ་བཀོད་པ། ཟབ་ཅིང་རྒྱ་ཆེ་བའི་ཐེག་པ་ཆེན་པོ་ལ་ངེས་ཤིང་དོན་ཁོང་དུ་ཆུད་བའི་ཚུལ་གྱིས་ཤིན་ཏུ་ཞུགས་པའི་བྱང་ཆུབ་སེམས་དཔས། ཐེག་པ་ཆེན་པོའི་ཟབ་པ་དང་རྒྱ་ཆེ་བའི་བདག་ཉིད་བརྗོད་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་མངོན་སུམ་དུ་བཞུགས་བཞིན་པ་ཉིད་ཀྱི་སྤྱན་སྔར་འདི་ལྟ་སྟེ། ཐེག་པ་ཆེན་པོ་ལས་བརྩམ་ནས། ཆོས་མངོན་པ་ཤིན་ཏུ་རྒྱས་པའི་ཐེག་པ་ཆེན་པོའི་མདོ་ལས།སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གསུང་ཁྱད་པར་རྣམ་པ་བཅུས་ཁྱད་པར་དུ་འཕགས་པ་གསུངས་ཏེ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གསུང་ཞེས་བྱ་བའི་གནས་ཀྱི་ཁྱད་པར་


MR12_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གཞི་སྟེ། རྒྱུ་དང་རྟེན་གྱི་ཕྱིར་གྱིས་ཁྱད་པར་དུ་འཕགས་པ། སྟོན་པ་ཚདམའི་སྐྱེས་བུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུང་ཞེས་བྱ་བའི་རང་བཞིན་དུ་གྱུར་པ་དེ་མཚན་ཉིད་ཀྱི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པ་དང་། ཤེས་བྱའི་མཚན་ཉིད་དེ་ལ་འཇུག་པའི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པའི་གསུང་དང་ཞེས་སོགས་གསུངས་པ་ལྟར་དོན་བསྡུ་ན། གནས་ཀྱི་ཁྱད་པར་དུ་འཕགས་པ་དང་། དེ་བཞིན་མཚན་ཉིད་དང་། དེ་ལ་འཇུག་པའི་ཁྱད་པར་དུ་འཕགས་པ་དང་། འཇུག་པ་དེའི་རྒྱུ་འབྲས་ཀྱི་ཁྱད་པར་དུ་འཕགས་པ་དང་། དེའི་རྒྱུ་འབྲས་བསྒོམ་པ་རབ་ཏུ་དབྱེ་བའི་ཁྱད་པར་དུ་འཕགས་པ་དང་། བསྒོམ་པའི་དབྱེ་བ་ལ་ཁྱད་པར་དུ་འཕགས་པ་དང་། ལྷག་པའི་ཚུལ་ཁྲིམས་ཀྱིས་ཁྱད་པར་དུ་འཕགས་པ་དང་། ལྷག་པའི་སེམས་ཀྱིས་ཁྱད་པར་དུ་འཕགས་པ་


MR12_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ལྷག་པའི་ཤེས་རབ་ཀྱི་ཁྱད་པར་དུ་འཕགས་པ་དང་། དེའི་འབྲས་བུ་སྤངས་པའི་ཁྱད་པར་དུ་འཕགས་པ་དང་། ཡེ་ཤེས་ཀྱི་ཁྱད་པར་དུ་འཕགས་པ་བཅུ་གསུངས་སོ། །འདི་ལྟར་ཉན་ཐོས་ཀྱི་ཐེག་པར་མ་བསྟན་པའི་གནས་བཅུ་འདི་ནི། ངོ་བོ་ཉིད་གསུམ་གྱི་རྒྱུ་ཤེས་བྱའི་གནས་ཐ་སྙད་དུ་ཕྲ་ཞིང་ཟབ་པ་ཀུན་གཞིའི་རྣམ་ཤེས། གཞན་དབང་། ཀུན་བརྟགས། ཡོངས་གྲུབ་སྟེ་ངོ་བོ་ཉིད་གསུམ་ཤེས་བྱའི་མཚན་ཉིད། རྣམ་པར་རིག་པ་ཙམ་ནི་གང་གིས་ཤེས་བྱའི་མཚན་ཉིད་དེ་ལ་འཇུག་པ། ཕར་ཕྱིན་དྲུག་ནི་དེ་ལ་འཇུག་པའི་རྒྱུ་འཇིག་རྟེན་པའི་སྤྱིན་སོགས་དང་འདས་པའི་སྦྱིན་སོགས་འབྲས་བུ། བྱང་ཆུབ་སེམས་དཔའི་ས་བཅུ་ནི་དེའི་རྒྱུ་འབྲས་ཀྱི་འཇུག་པ་གོམས་པར་བྱེད་པ་བསྒོམ་པའི་རབ་དབྱེ། སྒོམ་པ་དེ་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་མི་དགེ་མི་བྱེད་པ་ལྷག་པའི་ཚུལ་ཁྲིམས། དཔའ་འགྲོ་མཁའ་མཛོད་སོགས་ཀྱི་ཏིང་ངེ་འཛིན་ལྷག་པའི་ནང་གི་སེམས་ཀྱི་བསླབ་པ། རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷག་པའི་ཤེས་རབ། མི་གནས་པའི་མྱང་འདས་འབྲས་བུ་སྟེ་སྒྲིབ་གཉིས་སྤངས་པ་ཆེན་པོ། མི་རྟོག་པའི་ཡེ་ཤེས་མཐར་ཐུག་པའི་དབང་གིས་ངོ་བོ་ཉིད་དང་ལོངས་སྤྱོད་རྫོགས་པ་སྤྲུལ་པའི་སྐུ་གསུམ་འབྲས་བུ་ཡེ་ཤེས་སོ། །འདི་དག་ཉན་ཐོས་ལ་མ་བསྟན་པར་བྱང་ཆུབ་སེམས་དཔའ་རྣམས་ལས་བརྩམས་ནས་ཐེག་པ་ཆེན་པོའི་ཁྱད་པར་འཕགས་ཆོས་སུ་བསྟན་ནོ། །དེའི་ཕྱིར་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་ནི་འདི་དག་སྟེ་བྱང་ཆུབ་ཆེན་པོ་སྒྲུབ་ཅིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་འཐོབ་པའི་ལམ་ཁྱད་པར་པ་འདི་ཡིན་པས།


MR12_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་ཐོས་ཀྱི་ཐེག་པ་ལ་དེ་མེད་པས་ཐེག་པ་ཆེན་པོའི་གྲངས་སུ་ཆུད་པ་མིན་ནོ། །ཤེས་བྱའི་གནས་རྟེན་འབྲེལ་བསྟན་པ་ཀུན་གཞིའི་རྣམ་ཤེས་ལ་འདུས་ཏེ་ནང་གི་རྟེན་འབྲེལ་ཟབ་མོ་ཡིན་པ་དང་ཀུན་གཞི་དེ་ལ་ཇི་ལྟར་སྣང་བའི་མཚན་ཉིད་དང་རྣམ་རིག་ཙམ་གྱི་དོན་དེར་འཇུག་པ་དང་། རྣམ་རིག་ཙམ་ཡིན་པ་དེ་ཡི་རྒྱུ་འབྲས་ཕར་ཕྱིན་དང་དེ་ས་བཅུར་གོང་ནས་རབ་དབྱེ་བ་གོང་དུ་གོམས་པའི་དང་། །ས་དག་གི་བསླབ་པ་གསུམ་ཡོངས་སུ་དག་པ་དང་དེ་ལས་འབྲས་བུ་སྤངས་པ་མྱང་འདས་དང་། །རྟོགས་པའི་ཡེ་ཤེས་ཐོབ་པས་འདི་བཅུ་བསྟན་པའི་ཐེག་པ་ནི་ཐེག་དམན་ལས་མཆོག་ཏུ་གྱུར་ཅིང་ཁྱད་པར་འཕགས། །གནས་བཅུ་བསྟན་པ་འདི་འདི་ལྟར་ཉན་ཐོས་ཀྱི་ཐེག་པ་གཞན་ན་མ་མཐོང་ལ། །འདི་དག་བྱང་ཆུབ་མཆོག་གི་རྒྱུར་མཐོང་བས། །གནས་བཅུ་བསྟན་པས་ཁྱད་ཞུགས་གང་ཡིན་པ། །ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀར་འདོད་དོ། །འདི་དག་གི་གོ་རིམ་ནི། འདི་ལྟར་ཐོག་མར་བྱང་ཆུབ་སེམས་དཔའི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་རྣམས་ཀྱི་རྒྱུ་ལ་མཁས་པར་བྱའོ། །དེའི་འོག་ཏུ་རྟེན་འབྲེལ་གྱི་མཚན་ཉིད་ལ་མཁས་པས་ཀུན་བརྟགས་མེད་པ་དང་། གཞན་དབང་ཡོད་ཀྱང་དེ་ལྟར་མིན། ཡོངས་གྲུབ་ཡོད་པས་སྒྲོ་སྐུར་གྱི་མཐའ་སྤང་ངོ་། །དེའི་རྗེས་སུ་མཚན་ཉིད་ཤིན་ཏུ་རྟོགས་ནས་སེམས་སྒྲིབ་པ་ལས་གྲོལ་ཏེ་རྣམ་པར་རིག་ཙམ་དུ་ཤེས་ཤིང་ལྷག་བསམ་རྣམ་པར་དག་པ་ལ་བརྟེན་ནས་ཕར་ཕྱིན་དྲུག་སྒྲུབ་བོ། །ཕར་ཕྱིན་དེ་དག་ས་བཅུར་གོང་ནས་གོང་དུ་བསྐལ་པ་གྲངས་མེད་གསུམ་སྒོམ་མོ། །དེ་ལས་བསླབ་གསུམ་ཡོངས་སུ་རྫོགས་ནས་འབྲས་བུ་མྱང་འདས་དང་།


MR12_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མེད་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱས་ཏེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་བོ། །ཞེས་གསུངས་པ་འདིར་ཐེག་ཆེན་གྱི་ལམ་ཐམས་ཅད་རྫོགས་པ་ཡིན་ནོ། །དང་པོ་ཀུན་གཞིའི་རྣམ་ཤེས་བསྒྲུབ་པ། མངོན་པའི་མདོ་ལས། ཐོག་མ་མེད་པའི་དུས་ཀྱི་དབྱིངས་སམ་རྒྱུ་དེ་ནི། འཁོར་བའི་ཆོས་རྣམས་ཀུན་གྱི་འབྱུང་བའི་གནས་ཡིན་ཏེ། དབྱིངས་དེ་ཡོད་པས་ན་ཁམས་གསུམ་གྱི་འགྲོ་ཀུན་དང་། དེ་སྤངས་པས་མྱ་ངན་འདས་པའང་འཐོབ་པར་འགྱུར། །རྣམ་བྱང་གི་གནས་མ་ཡིན་ཏེ། དེ་ཀུན་གཞིས་མ་བསྡུས་ཀྱང་རྟེན་ཙམ་ཡིན་ནོ། །ཞེས་དང་། ཆོས་ཀུན་གྱི་ས་བོན་ཐམས་ཅད་པའི། །རྣམ་པར་ཤེས་པ་ནི་ཀུན་གཞི་སྟེ། །དེ་བས་ཀུན་གཞི་རྣམ་ཤེས་ཏེ། །དམ་པ་བྱང་སེམས་དག་ལ་ངས་བཤད་དོ། །ཞེས་གསུངས། ཅིའི་ཕྱིར་ཀུན་གཞིའི་རྣམ་ཤེས་ཞེས་བྱ་ན། སྐྱེ་བའི་ཆོས་ཀུན་ནས་ཉོན་མོངས་པ་ཐམས་ཅད་དེ་དང་དེའི་འབྲས་བུའི་དངོས་པོ་དེར་སྦྱོར་བའམ། ཀུན་གཞིའི་རྣམ་ཤེས་དེ་ཡང་དེ་དག་གི་རྒྱུའི་དངོས་པོ་དེ་དག་ཏུ་སྦྱོར་བའི་ཕྱིར་རོ། །ཡང་ན་སེམས་ཅན་སྣ་ཚོགས་པ་དག་ཀུན་གཞིའི་རྣམ་ཤེས་དེའི་བདག་ཉིད་དུ་སྦྱོར་བས་སོ། །དགོངས་འབྲེལ་ལས་འགྲོ་བ་དྲུག་གི་སེམས་ཅན་གྱི་རིས་སྐྱེ་གནས་བཞིའི་བསྡུས་པ་དེ་དག་སྐྱེ་གནས་སུ་ལུས་འགྲུབ་པ་དེའི་དང་པོར་རྟེན་པ་དང་བཅས་པའི་དབང་པོ་གཟུགས་ཅན་ལེན་པ་དང་མིང་དང་མཚན་མ་རྣམ་རྟོག་ལས་ཐ་སྙད་འདོགས་པའི་སྤྲོས་པའི་བག་ཆགས་ལེན་པ་ལ་བརྟེན་ནས་ས་བོན་ཐམས་ཅད་ཀྱི་སེམས་རྣམ་པར་སྨིན་ཅིང་འཇུག་ལ་རྒྱས་ཤིང་འཕེལ་བ་དང་ཡངས་པར་འགྱུར་རོ་ཞེས་གསུངས་པ་ལྟར་རོ། །དེ་ནི་ལེན་པའི་རྣམ་ཤེས་ཞེས་བྱ་སྟེ། དགོངས་འགྲེལ་ལས། ལེན་པའི་རྣམ་པར་ཤེས་པ་འཇིག་རྟེན་པས་མ་རྟོགས་པས་


MR12_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ཤིང་ཉན་ཐོས་བསམ་རྟོགས་པའི་ཕྲ་བ། ཀུན་ཉོན་གསུམ་གྱི་ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ་སྟེ། རྡོར་ཏིང་མ་སྐྱེད་པར་དུ་རྒྱུན་ཆགས་པས། དེ་བསྟན་ན་བདག་ཏུ་རྟོགས་པར་གྱུར་ན་མི་རུང་ཞེས། །འདི་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་གསུངས། ཅི་ཕྱིར་ལེན་པའི་རྣམ་ཤེས་ཞེས་བྱ་ན། དབང་པོ་གཟུགས་ཅན་ཐམས་ཅད་ཀྱི་རྒྱུ་ཡིན་པ་དང་། ལུས་ཅན་ཉེ་བར་ལེན་པའི་གནས་སུ་གྱུར་པའི་ཕྱིར་ཏེ། འདི་ལྟར་ཚེ་ཇི་སྲིད་སྐྱེས་ནས་མ་ཤིའི་བར་དུ་རྗེས་སུ་འཇུག་གི་བར་དུ། དེས་དབང་པོ་གཟུགས་ཅན་ལྔ་པོ་མ་ཞིག་བར་ཉེ་བར་བཟུང་བས་ཡིན་གྱི་མ་བཟུང་ན་ཤི་ལུས་བཞིན་དུ་རུལ་བར་འགྱུར་བ་དང་། ཀུན་གཞིའི་ཤེས་པ་དེ་ལུས་ཐམས་ཅད་ལེན་པའི་གནས་སུ་འགྱུར་ཕྱིར། འདི་ལྟར་ཉིང་མཚམས་སྦྱོར་བ་སྔ་ཕྱིའི་མཚམས་སྤྲེལ་བ་ན་ཡང་ཀུན་གཞིའི་རྣམ་ཤེས་དེས་ལུས་ཕྱི་མ་མངོན་པར་འགྲུབ་པ་སྟེ་དེ་ལ་ལུས་ཐམས་ཅད་ཀྱི་ས་བོན་ཡོད་པས་ལུས་ཉེ་བར་འཛིན་པའི་ཕྱིར་ལུས་བཟུང་བ་ཡིན་པའི་ཕྱིར་རོ། །ཀུན་གཞིའི་རྣམ་ཤེས་དེ་ནི་སེམས་ཞེས་བྱ་སྟེ་ཆོས་ཀྱི་བག་ཆགས་སྣ་ཚོགས་པ་རྣམས་ཀུན་ནས་བསགས་པའི་ཕྱིར་རོ། །ཡིད་ནི་གཉིས་ཏེ་རྣམ་ཤེས་འགགས་མ་ཐག་པའི་ཡིད་ཅེས་བྱ་བ། དེ་མ་ཐག་པའི་རྐྱེན་དུ་གྱུར་པ་རྣམ་པར་ཤེས་པ་སྐྱེ་བའི་གནས་དང་༡ ། ཉོན་ཡིད་ནི་བག་ཆགས་སོགས་འཁོར་བཞི་ལྡན་ངར་འཛིན་དེ། དེ་ནི་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པའི་གནས་སོ། །འཇུག་ཤེས་ནི་གཟུགས་སོགས་སོ་སོའི་ཡུལ་ལ་རྣམ་པར་རིག་པའི་ཕྱིར་རྣམ་ཤེས་སོ། །དེས་ན་བཅོམ་ལྡན་འདས་ཀྱིས་སེམས་དང་ཡིད་དང་རྣམ་ཤེས་ཞེས་གསུངས་སོ། །


MR12_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་ཡིད་མེད་ན་མ་རིག་པ་ཆགས་སོགས་ཉོན་མོངས་པ་གཞན་དང་མ་འདྲེས་པ་མེད་པའི་སྐྱོན་དང་། མིག་ཤེས་སོགས་ལྔ་པོ་དག་དང་ཆོས་མཚུངས་པའམ་འདྲ་བ་མེད་པར་ཡང་འགྱུར་རོ་ཏེ་མིག་ཤེས་སོགས་ལ་སོ་སོའི་རྟེན་མིག་སོགས་ཡོད་ཀྱང་། ཡིད་ལ་ནི་ཉོན་ཡིད་རྟེན་ཡིན་ལ་དེ་མེད་ན་ལྔ་པོ་དང་མི་འདྲ་བར་རྟེན་མེད་དུ་འབྱུང་བར་འགྱུར་རོ། །དེ་ཉིད་བཤད་པ་འདི་ལྟར་རྣམ་ཤེས་ཚོགས་ལྔའི་རྟེན་རང་དང་ལྷན་ཅིག་འགྱུར་བ་ནི་མིག་སོགས་སོ། །ངར་འཛིན་པས་ན་ཡིད་ཅེས་བྱ་བའི་ངེས་ཚིག་མེད་པའི་སྐྱོན་དུ་ཡང་འགྱུར་རོ་ཏེ་དེ་མ་ཐག་པའི་ཡིད་ནི་འགགས་པའི་ཕྱིར་དེ་ལྟར་མི་བརྗོད་དོ། །འདུ་ཤེས་མེད་པ་དང་འགོག་སྙོམས་བྱེ་བྲག་མེད་པར་འགྱུར་ཏེ། སྔ་མ་རྣམ་ཤེས་གཞན་འགགས་ཀྱང་ཉོན་ཡིད་ཡོད་པ་ཉིད་ཀྱིས་ཕྱེ་བ་དང་འགོག་སྙོམས་ལ་ཉོན་ཡིད་འགགས་ཏེ་མེད་པས་སོ། ༧ །འདུ་ཤེས་མེད་པར་ཉོན་ཡིད་མེད་ན། དེར་སྐྱེ་བ་གཞན་ཐོག་མ་འབྱུང་མ་ཐག་ཏུ་ཉོན་མོངས་ཅན་མིན་པར་འགྱུར་རོ་ཏེ་ངར་འཛིན་མེད་ན་ངར་འཛིན་རྒྱུ་མེད་དུ་སྐྱེ་བར་འགྱུར་རོ། ༧ །དགེ་མི་དགེ་ལུང་མ་བསྟན་པའི་སེམས་ཐམས་ཅད་ལ་དུས་ཀུན་དུ་ངར་འཛིན་འབྱུང་བར་དམིགས་ན་ཡང་། གཞན་དུ་ན་ངར་འཛིན་མེད་ན་ངར་འཛིན་དེ་མི་དགེ་བའི་སེམས་ཁོ་ན་དང་དེ་མཚུངས་པར་ལྡན་རུང་གི་དགེ་དང་ལུང་མ་བསྟན་ལ་དེ་མཚུངས་ལྡན་དུ་འབྱུང་མི་རིགས་ན་ཡང་། དེ་ལྟར་མ་ཡིན་པས་སྦྱིན་སོགས་དགེ་བའི་སེམས་ལའང་ངར་འཛིན་འཇུག་པས་སོ། །དགེ་སོགས་དང་ལྷན་ཅིག་འབྱུང་བ་དང་། མཚུངས་ལྡན་དུ་ཀུན་དུ་འབྱུང་བས་གོང་བཤད་སྐྱོན་འདིར་ཉོན་ཡིད་འདོད་པ་ལ་མི་འགྱུར་རོ། །འདིར་ཚིགས་སུ་བཅད་པ། ཉོན་ཡིད་མེད་ན་མ་འདྲེས་པ་ཡི་མ་རིག་པ་མེད་པ་དང་།


MR12_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

མིག་ཤེས་སོགས་ལྔ་པོ་དག་དང་ཡིད་ཤེས་འདྲ་བ་ཉིད་དུ་ཁས་བླངས་དེ་འགལ་ཏེ་མིག་ཤེས་ལ་མིག་སོགས་བདག་པོའི་རྐྱེན་ནམ་གནས་ཡིན་ན། ཡིད་ལ་ཉོན་ཡིད་མེད་ན་དེ་མེད་པས་སོ། །གཞན་གྱི་གཞུང་ལས་གང་ལྷན་ཅིག་སྐྱེས་པའི་གནས་མེད་པའི་རྣམ་པར་ཤེས་པ་ཅི་ཡང་མེད་དོ་ཞེས་ཁས་བླང་ངོ་། །ཀུན་གཞི་གནས་མིན་ནམ་ཞེ་ན་མིན་ཏེ། བདག་པོའི་རྐྱེན་དུ་བརྗོད་པས་འདོད་པའི་ཕྱིར་རོ། །ཀུན་གཞི་ནི་ཡིད་ཤེས་ཀྱི་རྒྱུའི་རྐྱེན་ཡིན་ནོ། །ཉོན་ཡིད་ནི་བདག་པོའི་རྐྱེན་ཡིན་ནོ། །གང་དག་སྙིང་ལ་གནས་པའི་གཟུགས་ཅི་ཡང་རུང་བ་ཞིག་ཡིད་ཤེས་སྐྱེ་བའི་གནས་སོ། །ཞེས་སྨྲ་བ་རྣམ་རྟོག་ཙམ་དུ་ཟད་དོ། །གཟུགས་ལ་བརྟེན་པའི་མིག་ཤེས་སོགས་བཞི་ནི་ད་ལྟའི་ཡུལ་ཡོད་པ་ལ་རྟོག་གི་འདས་མ་འོངས་ལ་རྟོག་པར་མི་འགྱུར་རོ་དང་། འདུ་ཤེས་མེད་པ་དང་འགོག་སྙོམས་ཀྱི་སྙོམས་པར་འཇུག་པའི་ཁྱད་པར་ཡོད་སྙམ་ན་མི་འཐད་དེ་ངོ་བོ་ལ་ཐ་དད་མེད་པས་སོ། །དེས་ན་བྱེ་བྲག་ཁྱད་མེད་པར་འགྱུར་བ་དང་། ངར་སེམས་པའི་ཕྱིར་ཡིད་དོ་ཞེས་པའི་ངེས་ཚིག་མེད་པའི་སྐྱོན་དུ་འགྱུར་རོ། །འདུ་ཤེས་མེད་པའི་གནས་སུ་ཉིང་མཚམས་སྦྱོར་བའི་སྐྱེ་བའི་རྒྱུན་ལ། །ངར་འཛིན་མེད་པའི་སྐྱོན་དུ་འགྱུར་ཏེ་སྐྱེ་བའི་རྒྱུན་ལ་ཉོན་མོངས་མེད་པའི་མི་འཐད་དེ་སྐྱེ་སྲིད་ཉོན་མོངས་ཅན་ཡིན་ནོ། །དེའི་རྒྱུ་ངར་འཛིན་པ་དང་ལྡན་པར་ནི། །རྣམ་པ་ཀུན་ཏུ་མི་འཐད་དོ། །གལ་ཏེ་ངར་འཛིན་མེད་པའི་རྒྱུད་ཅན་ཡིན་ན་འཕགས་པས་སྨད་པའི་གནས་སུ་མི་རིགས་ཏེ་བསྔགས་པའི་འོས་སོ། །ཉོན་མོངས་ཅན་གྱི་ཡིད་མེད་ན། །མ་འདྲེས་པའི་མ་རིག་པ་མེད་པ་དང་ལྔ་པོ་དང་འདྲ་བ་གཉིས་མེད་གསུམ་པོ་ནི་སྙོམས་འཇུག་གི་བྱེ་བྲག་ངེས་ཚིག་ངར་འཛིན་མེད་པ་དང་འགལ་བར་འགྱུར། །དེ་མེད་ན་ནི་ངར་འཛིན་པ། །ཀུན་ན་ཡོད་པར་མི་འགྱུར་རོ། །མ་འདྲེས་


MR12_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མ་རིག་པ་ནི་ཡང་དག་པའི་དོན་མཐོང་བ་ལ་འཇུག་པ་ཡི། །སེམས་ཀྱི་བགེགས་སུ་རྟག་གྱུར་དང་། །དགེ་མི་དགེ་ལུང་མ་བསྟན་གྱི་སེམས་ཀྱི་གནས་སྐབས་ཀྱི་དུས་རྣམས་ཀུན་ཏུ་འབྱུང་བ་དེ། །སྦྱིན་པ་སྦྱིན་ཚེ་ང་སྦྱིན་པོ་སྙམ་པ་སོགས་མ་འདྲེས་པ་ཡི་མ་རིག་འདོད། །ངར་འཛིན་པ་དང་ལྡན་པ་ནི་མ་རིག་མེད་ན་མི་འབྱུང་ངོ་། །མ་རིག་པ་ཡང་སེམས་བྱུང་ཡིན་པས་གནས་མེད་པར་མི་འབྱུང་ཏེ། དེའི་གནས་ནི་ཉོན་ཡིད་མིན་པ་གཞན་མེད། སྦྱིན་པ་བྱེད་པའི་ཚེ་ང་སྦྱིན་པ་བྱེད་དོ། །ཞེས་སེམས་པས་སོ། །དགེ་སེམས་ནི་མ་རིག་པའི་གནས་སུ་མི་རུང་ངོ་། །ཉོན་ཡིད་ནི་ཉོན་མོངས་ཅན་ཡིན་པས་བསྒྲིབ་ལ་དགེ་མི་དགེར་ལུང་མ་བསྟན་ནོ། །ཀུན་གཞིའི་རྣམ་ཤེས་མ་གཏོགས་པར་སེམས་ཀྱི་ལུས་གསུམ་པ་མི་དམིགས་ཏེ། ཞེས་པ་སེམས་དང་ཡིད་དང་རྣམ་ཤེས་གསུམ་གྱི་སྒྲའི་ལུས་སམ་སྒྲ་ཡི་གདགས་གཞི་ནི། ཡིད་ནི་འགགས་མ་ཐག་པའི་རྣམ་ཤེས། རྣམ་ཤེས་ནི་དྲུག་པོ་ཚོགས་དྲུག་གོ་ཞེས་ཐ་དད་དུ་འབྱེད་པར་ཡོངས་སུ་གྲགས་ཀྱང་། སེམས་ནི་ཀུན་གཞི་ཡིན་པར་དོན་གྱིས་ཤེས་སོ་གསུངས། ས་བོན་ཐམས་ཅད་པ་ཀུན་གཞིའི་རྣམ་ཤེས་ལས་ཡིད་དང་རྣམ་ཤེས་གཞན་འབྱུང་ངོ་། །འཇུག་ཤེས་ཀྱིས་བསྡུས་པའི་ཆོས་ཀྱི་ས་བོན་ནུས་པའི་ཁྱད་པར་ཅན་སྣ་ཚོགས་རྣམ་པ་ཐ་དད་པ་རྣམས་ཀྱིས་ཀུན་ཏུ་བསགས་ཤིང་གང་བར་བྱས་པའི་ཕྱིར་རོ། །ཞེས་སེམས་ཀྱི་ངེས་ཚིག་གསུངས་པའོ། །ཅིའི་ཕྱིར་ཉན་ཐོས་ཀྱི་ཐེག་པར་ཀུན་གཞི་འམ་ལེན་པའི་རྣམ་ཤེས་དེ་མ་བསྟན་ཞེ་ན། དེ་ནི་ཤེས་བྱ་ཕྲ་མོ་རྟོགས་དཀའ་བར་བསྡུ་བའི་ཕྱིར་ཏེ། ཉན་ཐོས་རྣམས་ཤེས་བྱ་ཕྲ་བ་ཐམས་ཅད་ལྷག་པར་ཤེས་པ་ལ་གཏོགས་པ་མིན་ཏེ། འཁོར་བའི་སྡུག་བསྔལ་ཞི་བའི་


MR12_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཙམ་འདོད་པས། དེ་དག་ལ་ཀུན་གཞིའི་རྣམ་ཤེས་དེ་བསྟན་པ་མེད་པར་ཡང་། བདག་དོན་འབའ་ཞིག་ཐོབ་པའི་རྒྱུ་སྡུག་བསྔལ་སོགས་ཤེས་པར་གྱུར་པས་ཉོན་སྒྲིབ་རགས་པ་ཉིད་ལས་རྣམ་གྲོལ་གྲུབ་པའི་ཕྱིར་མ་བསྟན་ཏོ། །བྱང་སེམས་རྣམས་ཤེས་བྱ་ཐམས་ཅད་ལ་ལྷག་པར་བརྟགས་ཤིང་ཤེས་པ་ལ་གཏོགས་པ་ཡིན་ལ་དེ་དག་ལ་དེ་བསྟན་ཏེ། ཤེས་བྱ་ཕྲ་བ་དེ་ཤེས་པ་མེད་པར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་སླ་བ་མ་ཡིན་ནོ། །འོན་ཀྱང་མིང་གི་རྣམ་གྲངས་ཙམ་གྱི་ཉན་ཐོས་ཀྱི་ཐེག་པར་ཡང་བསྟན་ཏེ། གཅིག་ལས་འཕྲོས་པའི་ལུང་དེ་བཞིན་གཤེགས་པ་འབྱུང་བའི་ཕན་ཡོན་རྣམ་པ་བཞི་བསྟན་པའི་མདོ་ལས། སྐྱེ་དགུ་ད་ལྟའི་ཀུན་གཞི་ལ་ཀུན་ཏུ་དགའ་བ་ཞེས་མདོར་བསྟན། འདས་པའི་དུས་ཀྱི་ཀུན་གཞི་ལས་ཡང་དག་པར་བྱུང་བ། མ་འོངས་པའི་ཀུན་གཞི་ལ་མངོན་པར་དགའ་བ་ཅན་ལ། ད་ལྟ་བའི་ཀུན་གཞི་སྤང་བའི་ཕྱིར་ཆོས་བསྟན་ན་ཉན་འདོད་ལ། ཞེས་པ་ནས། ངོ་མཚར་རྨད་དུ་བྱུང་བའི་ཆོས་འདི་ཡང་འཇིག་རྟེན་དུ་འབྱུང་ངོ་ཞེས་པའི་བར་དང་།ཕལ་ཆེན་སྡེ་པའི་ལུང་ལས་ཀྱང་། རྩ་བའི་རྣམ་ཤེས་ཞེས་འབྱུང་བ་དང་། ས་སྟོན་སྡེ་པའི་ལུང་ལས། འཁོར་བ་ཇི་སྲིད་པའི་ཕུང་པོ་རྣམས་ཞེས་པའི་རྣམ་གྲངས་ཀྱིས་ཀྱང་དེ་བསྟན་ཏོ། །ལ་ལར་སེམས་མེད་པའི་གནས་སྐབས་གཟུགས་གཟུགས་མེད་དང་འདུ་ཤེས་མེད་སོགས་སེམས་རྒྱུན་ཆད་པར་སྣང་ཡང་ཀུན་གཞིའི་རྣམ་ཤེས་རྒྱུན་བརྟན་པ་ལ་དེ་དག་གི་སེམས་ཀྱི་ས་བོན་རྒྱུན་མི་འཆད་པའི་ཕྱིར་རོ། །ཀུན་གཞིའི་རྣམ་ཤེས་དང་། སེམས་དང་། རྩ་བའི་རྣམ་ཤེས་དང་། ལེན་པའི་རྣམ་


MR12_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་དང་། འཁོར་བ་ཇི་སྲིད་ཕུང་པོ་དང་། སྲིད་པའི་ཡན་ལག་ཅེས་བརྗོད་པ་དེ་ནི་ཀུན་གཞིའི་རྣམ་ཤེས་ཀྱི་ལམ་པོ་ཆེ་ཐོག་མར་བཏོད་བ་ཡིན་ནོ། །ཉན་ཐོས་པ་ཁ་ཅིག་སེམས་དང་ཡིད་དང་རྣམ་ཤེས་ཚིག་འབྲུ་ཐ་དད་ཀྱང་དོན་གཅིག་སྙམ་པ་མི་འཐད་དེ། ཡིད་དང་རྣམ་ཤེས་ཐ་དད་པར་དམིགས་པ་བཞིན། སེམས་ཀྱང་དོན་ཐ་དད་ཡོད་པས་དེ་གསུམ་འབྱེད་པ་ཡིན་ནོ། །གོང་དུ་ཀུན་གཞི་ཞེས་གསུངས་པ་ཉེར་ལེན་ཕུང་པོ་ལྔ་ལ་ཀུན་གཞིར་གསུངས་སོ་ཞེས་དང་། ཡང་བདེ་ཚོར་འདོད་ཆགས་དང་བཅས་པ་དང་། འཇིག་ལྟ་ལ་ཀུན་གཞིར་གསུངས་སྙམ་ན། ཉན་ཐོས་ཀྱི་ཐེག་པར་བཞག་པའི་ཚུལ་ལྟར་དེ་ལྟར་བཞག་པ་ལ་མི་རུང་བ་མེད་ཀྱང་། དངོས་ཀྱི་བརྗོད་དོན་ཀུན་གཞི་མ་ཤེས་པར་ལུང་དོན་དེ་ལྟར་བཟུང་ན་ཡང་། མ་རྨོངས་པ་རྣམས་ཀྱིས་ཀུན་གཞིའི་རྣམ་ཤེས་ལ་བཟུང་བ་ནི་ཆེས་བཟང་སྟེ། ཉེར་ལེན་ཕུང་ལྔ་ཤིན་ཏུ་སྡུག་བསྔལ་བའི་ངན་སོང་དུ་སྐྱེས་པ་དག་དང་མི་མཐུན་པས་ཤིན་ཏུ་འདོད་པ་མེད་པས་དེ་དག་ལ་དགའ་ཞིང་སྦྱོར་བ་མི་རིགས་ཏེ་དེ་དག་དེ་དང་འབྲལ་བར་འདོད་པས་སོ། །བདེ་ཚོར་ཆགས་བཅས་ཀྱང་བསམ་གཏན་བཞི་པ་ཡན་ཆད་ན་མེད་ཅིང་། བདེ་ཚོར་དེ་ལྡན་གྱི་སེམས་ཅན་རྣམས་དང་མི་མཐུན་པས་དེ་དག་དེར་ཡང་སྦྱོར་བ་མི་རིགས་སོ། །འཇིག་ལྟ་ཡང་ཆོས་འདི་བ་བདག་མེད་ལ་མོས་པ་དང་མི་མཐུན་པས་དེ་དག་དེ་ལ་སྦྱོར་བར་མི་རིགས་སོ། །ཀུན་གཞིའི་རྣམ་ཤེས་ལ་ནང་གི་བདག་གི་ཐ་སྙད་འདོགས་པའི་གཞིའི་དངོས་པོར་ཁས་བླངས་པ་ནི། ཤིན་ཏུ་སྡུག་བསྔལ་བའི་ངན་སོང་བ་རྣམས། སྡུག་བསྔལ་གྱི་ཕུང་པོ་ཞིག་པར་འདོད་


MR12_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། ཀུན་གཞི་རྣམ་ཤེས་ལ་བདག་ཏུ་ཆགས་པས་བཅིངས་པ་དེ་དག་དེ་ཞིག་པར་འདོད་པ་མིན་ནོ། །བསམ་གཏན་བཞི་པ་ཡན་ཆད་ན་བདེ་བ་མེད་ཀྱང་། ཀུན་གཞིའི་སེམས་ལ་བདག་ཏུ་ཆགས་པ་རྗེས་སུ་འབྲེལ་བ་ཡོད་ཅིང་། ཆོས་འདི་པ་རྣམས་ལ་བདག་ལྟ་དང་མི་མཐུན་ཟིན་ཀྱང་། སེམས་ཀུན་གཞིའི་རྣམ་ཤེས་ལ་བདག་ཆགས་རྗེས་སུ་འབྲེལ་བ་ཡོད་དོ་སྟེ་ཡོད་པ་ཙམ་བཟློག་མི་ནུས་སོ། །ཀུན་གཞིའི་རྣམ་ཤེས་ཀྱི་མཚན་ཉིད་ནི། རང་གི་མཚན་ཉིད་རྣམ་པར་བཞག་པ་དང་། རྒྱུ་ཉིད་དུ་བཞག་པ་དང་། འབྲས་བུ་ཉིད་དུ་བཞག་པ་གསུམ་ལས། དང་པོ། ཀུན་ཉོན་གྱི་ཆོས་རྣམས་ཀྱི་བག་ཆགས་ལ་བརྟེན་ནས་ས་བོན་ཡོངས་སུ་འཛིན་མི་ནུས་པ་དང་ལྡན་པས་ན། དེ་ནི་ཆོས་གཞན་སྐྱེ་བའི་རྒྱུ་མཚན་ཉིད་དོ། །གཉིས་པ་དེ་ནི་ཆོས་ཐམས་ཅད་སྐྱེད་པའི་ནུས་པ་ཡོད་པས་ས་བོན་ཐམས་ཅད་པ་ཉིད་ཀྱིས་ཕྱིར་ཀུན་ཉོན་གྱི་རྒྱུ་ཉིད་དུ་དུས་ཐམས་ཅད་དུ་གནས་པའོ། །གསུམ་པ། ཐོག་མ་མེད་པའི་དུས་ནས་ཀུན་ཉོན་གྱི་བག་ཆགས་ལ་བརྟེན་ནས་ཀུན་གཞི་དེ་བྱུང་བའོ། །བག་ཆགས་ཞེས་པ་འདི་ཅི་ཞིག་མིང་འདིའི་བརྗོད་བྱ་ཅི་ཞེ་ན། ཆོས་གང་ལ་དེ་དང་ལྷན་ཅིག་འབྱུང་བ་དང་འགགས་པ་ལ་བརྟེན་ནས་སླད་ཀྱིས་དེ་འབྱུང་བའི་རྒྱུ་མཚན་གང་ཡིན་པ་དེ་ནི་མིང་འདིའི་བརྗོད་བྱ་སྟེ།དཔེར་ན་ཏིལ་ལ་མེ་ཏོག་གིས་བསྒོས་པ། ཏིལ་དང་མེ་ཏོག་ལྷན་ཅིག་འབྱུང་ཞིང་འགགས་ཀྱང་ཏིལ་རྣམས་མེ་ཏོག་དེའི་དྲི་གཞན་འབྱུང་བའི་རྒྱུ་མཚན་ཉིད་དུ་འབྱུང་བ་དང་། འདོད་ཆགས་སོགས་སྤྱོད་པ་རྣམས་ཀྱི་འདོད་ཆགས་སོགས་ཀྱི་


MR12_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

བག་ཆགས། འདོད་ཆགས་སོགས་དང་ལྷན་ཅིག་འབྱུང་ཞིང་འགགས་ཀྱང་སེམས་ནི་དེའི་རྒྱུ་མཚན་ཅན་དུ་འབྱུང་བ་དང་། མང་ཐོས་རྣམས་ཀྱི་མང་ཐོས་ཀྱི་བག་ཆགས་ཀྱང་། ཐོས་པ་དེ་ཡིད་བྱེད་དང་ལྷན་ཅིག་འབྱུང་ཞིང་འགགས་ཀྱང་སེམས་ནི་དེ་བརྗོད་པའི་རྒྱུ་མཚན་ཉིད་དུ་འབྱུང་སྟེ། བག་ཆགས་དེས་ཟིན་པ་ལ་ཆོས་འཛིན་པ་ཞེས་བྱ་བ་ལྟར། ཀུན་གཞིའི་རྣམ་ཤེས་ལ་ཡང་ཚུལ་དེ་ལྟར་བག་ཆགས་ཀྱི་ཁམས་སྣ་ཚོགས་པར་བལྟའོ། །ཀུན་གཞི་རྣམ་ཤེས་ལ་ཡོད་པའི་ས་བོན་དེ་དག་ཐ་དད་དམ། ཐ་དད་པ་མིན་ཞེ་ན། ས་བོན་ལ་མྱུ་གུའི་དབྱིབས་སོགས་སྐྱེད་པའི་ནུས་པ་ས་བོན་ལས་ཐ་དད་མིན་ལ། ས་བོན་གྱི་ནུས་པ་དང་དོན་གཅིག་མིན་པ་བཞིན་དུ་དེ་དག་རྫས་སུ་ཐ་དད་པ་དང་ཐ་དད་མིན་པའང་མིན་མོད་ཀྱི། ཆོས་གང་དེ་འབྱུང་བའི་མཐུའི་ཁྱད་པར་ཅན་ཀུན་གཞི་རྣམ་ཤེས་དེ་འབྲས་བུ་བཞིན་བྱུང་བ་ལ་ས་བོན་ཐམས་ཅད་པ་ཞེས་བྱའོ་སྟེ། ༧ །ཀུན་གཞི་རྣམ་ཤེས་དང་། ཀུན་ཉོན་གྱི་ཆོས་དེ་དག་དུས་མཉམ་དུ་གཅིག་གི་རྒྱུ་ཉིད་དུ་གཅིག་འགྱུར་བ་ཇི་ལྟར་བལྟ་ན། དཔེར་ན་མར་མེའི་མེ་ལྕེ་འབྱུང་བ་དང་། སྙིང་པོ་ཚིག་པ་ཕན་ཚུན་དུས་མཉམ་པ་དང་། མདུང་ཁྱིམ་ཡང་དུས་མཉམ་པ་གཅིག་ལ་གཅིག་བརྟེན་ནས་མི་འགྱེལ་བ་བཞིན་དུ་བལྟའོ། །འདིས་ཆོས་གཉིས་དུས་མཉམ་དུ་ཡོད་པ་ལྷན་ཅིག་འབྱུང་བའི་རྒྱུ་རྒྱུ་དངོས་སུ་རུང་བར་གྲུབ་བོ། ༧ །ཇི་ལྟར་ཀུན་གཞིའི་རྣམ་ཤེས་ཀུན་ཉོན་གྱི་ཆོས་རྣམས་ཀྱི་རྒྱུ་ཡིན་པ་དེ་ལྟར། ཀུན་ཉོན་གྱི་ཆོས་རྣམས་ཀྱང་ཀུན་གཞིའི་རྣམ་ཤེས་ཀྱི་རྒྱུའི་རྐྱེན་ཉིད་དུ་རྣམ་པར་བཞག་སྟེ། དེ་དག་ཕན་ཚུན་རྒྱུར་གྱུར་བ་ལས་རྒྱུའི་རྐྱེན་གཞན་མ་དམིགས་


MR12_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

པས་སོ། ༧ །བག་ཆགས་ཐ་དད་མིན་ལ་སྣ་ཚོགས་མིན་པ་དེ་ཉིད་ཆོས་ཐ་དད་སྣ་ཚོགས་ཀྱི་རྒྱུར་ཅི་ལྟར་རུང་ཞེ་ན། དཔེར་ན་ཚིག་གུའི་རྩི་སྣ་ཚོགས་ཀྱིས་བསྒྱུར་བའི་རས་སྣ་ཚོགས་སུ་མི་སྣང་བ། སྐུད་པ་སྣ་ཚོགས་ཀྱིས་བཅིངས་བའི་གོས་ལ་སྣ་ཚོགས་མི་སྣང་ཡང་གང་ཚེ་ཚོན་གྱི་སྣོད་དུ་བཅུག་པ་དེའི་ཚེ་རས་ལ་ཚོན་རྣམས་ཀྱི་དབྱེ་བ་ཐ་དད་སྣ་ཚོགས་དུ་མ་སྣང་བ་དེ་བཞིན་ཀུན་གཞིའི་རྣམ་ཤེས་ལ་བག་ཆགས་བསྒོས་པ་ཡང་། བག་ཆགས་ཀྱི་དུས་ན་སྣ་ཚོགས་སྨིན་ཡང་། འབྲས་བུ་མངོན་པར་འགྲུབ་པའི་རྐྱེན་དང་ཕྲད་པའི་ཚོན་སྣོད་དུ་མངོན་པར་ཕྱོགས་པ་ན་སྣ་ཚོགས་ཚད་མེད་པ་སྟོན་ཏེ། འདི་ནི་ཐེག་པ་ཆེན་པོ་ལས་སོ་སྐྱེས་རྟོགས་དཀའ་ཞིང་ཕྲ་བ་དགྲ་བཅོམ་རྣམས་ཀྱིས་ཀྱང་རྟོགས་དཀའ་བས་མཆོག་ཏུ་ཟབ་པའི་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བའོ། །མདོར་བསྡུ་ན་རྟེན་འབྲེལ་ནི་གཉིས་ཏེ། ངོ་བོ་ཉིད་རྣམ་པར་འབྱེད་པ་ཅན་དང་སྡུག་པ་དང་མི་སྡུག་པ་རྣམ་པར་འབྱེད་པ་ཅན་ནོ། །དང་པོ་ཀུན་གཞིའི་རྣམ་ཤེས་ལ་བརྟེན་ནས་ཆོས་རྣམས་འབྱུང་བ་སྟེ། ཀུན་གཞིའི་ངོ་བོ་ཉིད་ཆོས་སྣ་ཚོགས་པར་རྣམ་པར་འབྱེད་པའི་དངོས་པོར་འགྱུར་བའི་ཕྱིར་རོ། །སྟེ་རྟོགས་དཀའ་བ་ཕྲ་བའི་དོན་ཏོ། །གཉིས་པ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཏེ། བདེ་འགྲོ་ངན་འགྲོའི་སྡུག་པ་དང་མི་སྡུག་པའི་དབྱེ་བ་སྣ་ཚོགས་ཀྱི་རྐྱེན་གྱིས་དངོས་པོར་འགྱུར་བའི་ཕྱིར་ཏེ་རགས་པ་རྟོགས་སླ་བ་ཡིན་པའི་ཕྱིར་རོ། །རྟེན་འབྲེལ་དང་པོའི་དོན་ལ་རྨོངས་པ་དག་ཁ་ཅིག་གིས་ཆོས་རྣམས་གཙོ་བོའི་རང་བཞིན་གྱི་རྒྱུ་ལས་བྱུང་བར་རྟོག །ཁ་ཅིག་སྔོན་བྱས་པའི་རྒྱུ་ལས་བྱུང་བར་འཛིན། དེ་བཞིན་


MR12_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་གིས་སྤྲུལ་པ་དང་། གང་ཟག་གི་བདག་ནི་རྒྱུ་ལས་བྱུང་བ་དང་། ཆད་ལྟ་བས་རྒྱུ་མེད་པ་དང་རྐྱེན་མེད་པར་བྱུང་བར་རྟོག་གོ། །རྟེན་འབྲེལ་གཉིས་པ་ལ་རྨོངས་པས་བདག་ལ་ལས་བྱེད་པོ་དང་འབྲས་བུ་ཟ་བ་པོར་རྟོག་སྟེ། དཔེར་ན་དམུས་ལོང་དུ་མ་གླང་པོ་ཆེ་མ་མཐོང་བ་དག་གིས་གླང་པོ་ཆེའི་སྣ་ལ་རེག་ནས་གླང་པོ་ཆེ་བཤོལ་མདའ་ལྟ་བུའོ་ཞེས་སྨྲ། མཆེ་བ་ལ་རེག་པས་གཏུན་ཤིང་ལྟ་བུར་སེམས། རྣ་བ་ལ་རེག་པས་ཞིབ་མ་ལྟ་བུ་ཞིག་གོ་སོགས་ཟེར་བ་ལྟར། རྟེན་འབྲེལ་གཉིས་པོའི་དོན་མི་ཤེས་པ་མ་རིག་པས་དམུས་ལོང་ལྟ་བུ་རྣམས་ཀྱིས། གླང་པོ་ཆེ་ལྟ་བུའི་ཀུན་གཞིའི་རྣམ་པར་ཤེས་པའི་ངོ་བོ་ཉིད་སྔར་བསྟན་པའི་རང་གི་མཚན་ཉིད་དང་རྒྱུ་འབྲས་སུ་འགྱུར་ཚུལ་མི་ཤེས་པས། རང་བཞིན་དང་སྔོན་བྱས་དང་དབང་ཕྱུག་སོགས་རྒྱུར་འཛིན་པ་དང་། རྒྱུ་མེད་པར་ཡང་འཛིན་ཏེ། ཟ་བོ་དང་བྱེད་པོར་ཡང་འཛིན་ཏོ། །མདོར་བསྡུ་ན་ཀུན་གཞིའི་རྣམ་པར་ཤེས་པའི་ངོ་བོ་ཉིད་ནི། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཆོས་ཐམས་ཅད་ཀྱི་ས་བོན་ཐམས་ཅད་པ་སྟེ། དེས་ཁམས་གསུམ་པའི་རིས་ཀྱི་ལུས་མི་མཐུན་སྣ་ཚོགས་དང་འགྲོ་བ་ལྔ་པོ་ཐམས་ཅད་བསྡུས་སོ། །ཕྱི་རོལ་གྱི་དངོས་པོ་དང་ནང་ཀུན་གཞིའི་རྣམ་ཤེས་དང་མི་གསལ་བ་ལུང་མ་བསྟན་པའོ། །ཀུན་གཞིའི་རྣམ་ཤེས་དགེ་མི་དགེ་གཉིས་དང་ཀུན་རྫོབ་ཕྱི་རོལ་ཏེ་དེའི་ས་བོན་ཉིད་དང་ནི། །དམ་པའི་དོན་ཀུན་གཞིའི་རྣམ་ཤེས་ཏེ་ཆོས་ཐམས་ཅད་ཀྱི་ས་བོན་ཐ་སྙད་པའི་དོན་དམ་མོ་དེ་དག་ཀུན། །ས་བོན་རྣམ་པ་དྲུག་ཏུ་འདོད། །དེ་དག་སྐད་ཅིག་པ་དང་ས་བོན་དང་དེ་འཛིན་ལྷན་ཅིག་བྱུང་པ། །དེ་ནི་ཇི་སྲིད་གཉེན་པོ་སྐྱེས་ཀྱི་བར་དུ་རྒྱུན་ཆགས་


MR12_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འབྱུང་བར་འདོད། །ས་བོན་དེ་ཡང་སོ་སོར་ངེས་དང་རྐྱེན་ལ་ལྟོས་པ་དང་། །ས་བོན་ལས་རང་རང་གི་འབྲས་བུས་བཟུང་བས་བསྒྲུབ་པའོ། །བརྟན་པ་བསྒོ་བཞི་ལུང་མ་བསྟན་པ་ལ་བསྒོ་བྱ་བ་ཡིན་ལ། དེ་ལ་ཆོས་ཐམས་ཅད་ཀྱི་རྒྱུ་ནི་ཀུན་གཞིའི་རྣམ་ཤེས་དེ་ལ་ཆོས་ཐམས་ཅད་སྣང་བའི་བག་ཆགས་བཞག་པས་སོ། །འབྲས་བུའང་དེ་ཉིད། དེ་ཉིད་ལ་བསྒོས་པའི་ཕྱིར། ངོ་བོ་ཉིད་ནི་རྣམ་པར་སྨིན་པའི་རྣམ་ཤེས་ས་བོན་ཐམས་ཅད་པ་ཞེས་བྱ་ལ། གང་བདག་ཉིད་ཀྱི་ངོ་བོ་སོ་སོར་ཐོབ་པ་ནི་རྣམ་པར་སྨིན་པའོ། །དེ་ལ་ས་བོན་ཐམས་ཅད་ཀྱིས་བསྒོས་པ་ནི་ཐམས་ཅད་པའོ། །མི་བརྟན་པ་རླུང་ལྟ་བུ་ལ་བསྒོ་བྱ་མིན། ལུང་བསྟན་པ་ལ་བསྒོ་བྱ་མིན་ཏེ་དྲི་མི་ཞིམ་པ་ལ་དྲི་ཞིམ་བཞིན་ནོ། །བསྒོ་བར་འོས་པ་ལ་བསྒོ་ཡི། མི་འོས་པ་ལ་མ་ཡིན་ཏེ་རྡོ་བ་དང་གསེར་དངུལ་སོགས་ལ་དྲི་ཞིམ་བཞིན་ནོ། །སྐད་ཅིག་མ་ལ་ལྟ་ན་འབྱུང་རྒྱུན་ཆགས་སོགས་དེ་དག་ཀུན་གཞིའི་རྣམ་ཤེས་ལ་ཡོད་ཀྱི་འཇུག་ཤེས་ལ་ནི་དེ་ལྟ་བུའི་མཚན་ཉིད་མེད་དོ། །དེས་ན། བསྒོ་བྱ་དེ་སྒོ་བར་བྱེད་དང་འབྲེལ་བ་ལས། །སྒོ་བར་བྱེད་ཀྱི་དེ་ནི་གཞན་ནི་དེ་ལྟར་མིན་པ། །དེ་ནི་བག་ཆགས་མཚན་ཉིད་དོ་དེའི་ཀུན་གཞིའི་བག་ཆགས་བསྒོ་བར་འཐད་དོ། །འཇུག་ཤེས་དྲུག་པོ་དག་ལ་བག་ཆགས་དང་འབྲེལ་མེད་དེ། །མིག་སོགས་རྟེན་གཞན་དང་གཞན། དམིགས་པ་གཞན། ཡིད་བྱེད་གཞན་པའི་ཐ་དད་གསུམ་དང་འབྲེལ་བའི་ཕྱིར། ༧ །སྐད་ཅིག་འགགས་པ་དེ་དང་ལྷན་ཅིག་འབྱུང་བ་མེད་པའི་ཕྱིར། །འཇུག་ཤེས་ཀྱི་རིགས་ལ་འབྲེལ་བ་མེད་ཀྱང་བསྒོའོ་ཞེས་བྱ་ན་ནི་གཞན་ལས་གཞན་དུ་ཐལ་བར་འགྱུར་ཏེ། མིག་སོགས་གཟུགས་དང་བར་རིགས་མཐུན་པས་སོ། ༧ །ཕྱི་དང༡་ནང་གི་ས༡་བོན་དེ། །བསྐྱེད་པ༢་དང་ནི་མཐར་ཐུག་གི་བར་དུ་


MR12_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

འཕེན༢་པར་བྱེད་པར་འདོད། །ཕྱིའི་ས་བོན་མ་བཏབ་ནང་གི་ཤི་བ་འཕེན་པའི་ཕྱིར། །མདའ་ནི་གང་དུ་འགྲོ་བའི་ལམ་གྱི་བར་དུ་མི་ལྟུང་བཞིན། །ཕྱི་རོལ་གྱི་ས་བོན་ཇི་ལྟ་བ་བཞིན་དུ་ནང་གི་ས་བོན་ནི་དེ་ལྟར་མིན་པར་ཚིགས་སུ་བཅད་པ། །ཕྱི་རོལ་གཞན་ལུག་གི་རྭ་ལས་དུ་རྦ་སོགས་དང་ས་ལུ་སོགས་ས་བོན་མ་བཏབ་པའམ། །ནང་གི་ས་བོན་ནི་དེ་ལྟར་འདོད་པ་མ་ཡིན་ཏེ། །ཐོས་སོགས་བག་ཆགས་མེད་ན་ནི། །དེ་འབྲས་ཐོས་པ་སོགས་སྐྱེ་བ་མི་རིགས་ཕྱིར། །བྱས་དང་མ་བྱས་འཇིག་དང་ཕྲད། །ཉེས་པར་འགྱུར་བས་འགལ་ཕྱིར་རོ། །ནང་གི་ས་བོན་ཕྱིར་རོལ་གྱི་ས་བོན་རྐྱེན་ཡིན་ཏེ། །འདི་ལྟར་ཀུན་གཞིའི་ཤེས་པ་དེ་ནི་བག་ཆགས་ཀྱི་རྟེན་ནོ། ༧ །འཇུག་པའི་རྣམ་ཤེས་གཞན་གང་ཡིན་པ་ལུས་དང་ལྷ་སོགས་འགྲོ་བ་ཐམས་ཅད་དུ་ཉེ་བར་སྤྱོད་པ་ཅན་ཏེ་དམིགས་པ་དང་རྣམ་པ་ཡོངས་སུ་མ་ཆད་བས་སོ། །དབུས་མཐའ་རྣམ་འབྱེད་ལས། གཅིག་ཀུན་གཞིའི་རྣམ་ཤེས་ནི་རྐྱེན་གྱི་རྣམ་པར་ཤེས། །གཉིས་པ་འཇུག་ཤེས་ཀྱི་རྣམ་ཤེས་ནི་ཉེ་བར་སྤྱོད་པ་ཅན། །ཚོར་བས་ཉེ་བར་སྤྱོད་དང་འདུ་ཤེས་ཀྱིས་ཡོངས་སུ་གཅོད་པ་དང་། །དེ་ཡི་འཇུག་བྱེད་འདུ་བྱེད་ཉིད་སེམས་ལས་བྱུང་། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །ཀུན་གཞི་དང་འཇུག་ཤེས་ཀྱི་རྣམ་ཤེས་དེ་གཉིས་གཅིག་གི་རྐྱེན་གཅིག་ཡིན་པ་ནི། ཆོས་མངོན་པའི་མདོ་ལས།ཆོས་རྣམས་ཀུན་ཀུན་གཞིའི་རྣམ་པར་ཤེས་པ་བསྐྱེད་པ་ལ་སྦྱོར། །ཀུན་གཞིའི་རྣམ་ཤེས་དེ་དག་ལ་ཡང་ཀུན་གཞི་དེ་དེ་བཞིན་སྦྱོར་རོ། །དེ་ལྟ་ན་དེ་གཉིས་ཕན་ཚུན་འབྲས་བུའི་དངོས་པོ་དང་། །རྒྱུ་ཡི་རྐྱེན་གྱི་དངོས་པོར་རྟག་ཏུ་སྦྱོར། །གང་ཚེ་ཀུན་གཞིའི་


MR12_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཤེས་རྒྱུ་ཡིན་ཚེ་དེ་འབྲས་བུ་ཡིན། དེ་རྒྱུ་ཡིན་ཚེ་ཀུན་གཞིའི་རྣམ་ཤེས་འབྲས་བུའོ། །ཞེས་གསུངས་སོ། །རྟེན་ཅིང་འབྲེལ་འབྱུང་གསུམ་སྟེ། འཁོར་བའམ་ངོ་བོ་ཉིད་དང་། འདོད་མི་འདོད་འགྲོ་བས་བྱེད་པ་དང་། ལུས་ཉེ་བར་སྤྱོད་པ་ཅན་ནོ། །མ་ལ་བུ་རྣམས་བདག་ཅག་ནི་ཁྱོད་ཀྱི་ཡིན་ནོ། །མས་ཀྱང་ཁྱོད་ངའི་ཡིན་ནོ་ཞེས་བརྗོད་པ་ལྟ་བུའོ། །གལ་ཏེ་རྟེན་འབྲེལ་དང་པོ་ངོ་བོ་ཉིད་འབྱེད་ལ་རྣམ་ཤེས་དེ་དག་ཕན་ཚུན་རྒྱུའི་རྐྱེན་ཡིན་ན། རྟེན་འབྲེལ་གཉིས་པ་ལ་ཀུན་གཞི་དེ་གང་གི་རྐྱེན་ཡིན་ཞེ་ན་དངོས་སུ་ན མ་རིག་སོགས་ཀྱི་དབང་གིས་འདུ་བྱེད་འབྱུང་བས་རྒྱུའི་རྐྱེན་ཡིན་ཡང་བདག་པོའི་རྐྱེན་ཏོ། །ཡང་ཉེ་བར་སྤྱོད་པ་ཅན་གྱི་རྟེན་འབྲེལ་ལ་རྣམ་ཤེས་དྲུག་པོ་རྐྱེན་དུས་སྐྱེ་ཞེ་ན། མིག་དབང་སོགས་བདག་པོ་དང་། གཟུགས་སོགས་དམིགས་པ་དང་། མཚུངས་པ་དེ་མ་ཐག་པའི་རྐྱེན་རྣམས་ཀྱིས་སྐྱེའོ། །དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམ་པ་གསུམ་པོ། །འདི་ལྟར་འཁོར་བ་ངོ་བོ་ཉིད་འབྱེད་པ་པ་དང་། འདོད་པ་དང་། མི་འདོད་པའི་རྟེན་འབྲེལ་གཉིས་པ་འགྲོ་བ་པ་དང་། ཉེ་བར་སྤྱོད་པ་ཅན་གྱི་རྟེན་འབྲེལ་གྱི་རྐྱེན་ནི་བཤད་མ་ཐག་པ་བཞི་པོ་འདི་དག་ཡིན་ནོ། །དེ་ལྟར་ཀུན་གཞིའི་རྣམ་ཤེས་ཀྱི་རྣམ་གྲངས་དང་མཚན་ཉིད་ཀྱིས་རྣམ་པར་བཞག་པའོ། །ཇི་ལྟར་ཀུན་གཞིའི་རྣམ་ཤེས་རྣམ་གྲངས་དང་མཚན་ཉིད་ཀྱིས་བསྟན་པ་ལྟར་འཇུག་པའི་རྣམ་ཤེས་ལ་མིན་ཞེ་ན། དེ་ལྟར་བཞག་པའི་ཀུན་གཞིའི་རྣམ་ཤེས་དེ་མེད་ན། ཀུན་ཉོན་གསུམ་དང་འཇིག་རྟེན་འདས་པ་གཉིས་རྣམ་བྱང་མི་རུང་བས་སོ། །ཇི་ལྟར་ན་ཀུན་གཞིའི་རྣམ་ཤེས་མེད་ན། ཉོན་མོངས་པས་ཀུན་ནས་ཉོན་མོངས་པའི་བག་


MR12_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ས་བོན་དུ་བྱས་པ། རྣམ་ཤེས་ཚོགས་དྲུག་ལ་བཞག་མི་རུང་སྟེ། མིག་ཤེས་གང་ཞིག་ཆགས་སོགས་ཉོན་མོངས་དང་ཉེ་ཉོན་གང་དང་ལྷན་ཅིག་སྐྱེས་པ་འགགས་པ་མིག་ཤེས་དེ་ཉིད་ལ་འདོད་ཆགས་སོགས་དེ་དག་གི་རྒྱུ་ས་བོན་གྱི་དངོས་པོར་བྱེད་པའི་བག་ཆགས་བསྒོ་ཡི་རྣ་ཤེས་སོགས་གཞན་ལ་མིན་ནོ། །མིག་ཤེས་དགགས་ནས་རྣ་ཤེས་སོགས་རྣམ་ཤེས་གཞན་གྱིས་བར་ཆོད་པ་དེ་ལ་འདོད་ཆགས་སོགས་ཀྱི་བག་ཆགས་མེད་ཅིང་། བག་ཆགས་ཀྱི་གནས་མིག་ཤེས་ཀྱང་མི་དམིགས་ཏེ། དེ་འགགས་ཤིང་གཞན་གྱིས་བར་ཆོད་པ་ཡིན་ལ། འདས་པ་གང་ཞིག་ད་ལྟ་མེད་པ་དེ་ལས་ཆགས་སོགས་དང་བཅས་པར་འབྱུང་མི་རུང་ཏེ་འདས་པའི་ལས་རྣམ་སྨིན་བྱུང་ཟིན་པ་ལས་རྣམ་སྨིན་གྱི་འབྲས་བུ་འབྱུང་བ་བཞིན་ནོ། །འདས་པའི་ལས་ལས་རྣམ་སྨིན་འབྱུང་བ་ནི་དེའི་བག་ཆགས་ལས་སོ། ༧ །མིག་ཤེས་གང་ཞིག་ཆགས་སོགས་དང་ལྷན་ཅིག་འབྱུང་བ་དུས་མཉམ་པའི་རྣམ་ཤེས་དེ་ལ་ཡང་བག་ཆགས་བསྒོ་མི་རུང་ངོ་འདོད་ཆགས་མིག་ཤེས་ལས་སྐྱེ་བ་དེ་ཇི་ལྟར་རིགས། རེ་ཤིག་འདོད་ཆགས་ལ་རང་ཉིད་རང་ནི་མ་ཡིན་ཏེ། འདོད་ཆགས་ནི་མིག་ཤེས་དེ་ལ་བརྟེན་པའི་ཕྱིར་དང་གནས་པས་གནས་ལ་བསྒོ་ཡི་བཟློག་པ་མི་རིགས་པས་སོ། །རང་ཉིད་ལ་བྱེད་པ་འགལ་བས་སོ་གསུངས། རང་གི་རྒྱུན་མི་བརྟན་པའི་ཕྱིར་རོ། །ཁ་ཅིག་གིས་མི་འདོར་ཏེ་རྣམ་ཤེས་ཡང་མི་བརྟན་པའི་ཕྱིར་རོ། །རྣམ་ཤེས་གཞན་རྣ་ཤེས་སོགས་ལའང་མིན་ཏེ། དེ་དག་གི་གནས་མིག་སོགས་ཐ་དད་པའི་ཕྱིར། མིག་ཤེས་ཀྱི་འདོད་ཆགས་རྣ་ཤེས་སོགས་དེ་དག་དང་ལྷན་ཅིག་འབྱུང་བ་དང་འགགས་པ་མེད་པས་སོ། །མིག་ཤེས་རང་གི་


MR12_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་ལ་མིག་ཤེས་རང་གི་བག་ཆགས་མིན་ཏེ། རང་གི་དངོས་པོ་ལ་བསྒོ་བྱ་སྒོ་བྱེད་ལྷན་ཅིག་འབྱུང་བ་དང་འགགས་པ་མེད་དོ་དེ་གཉིས་མེད་པས་སོ། །དེ་ལྟར་མིག་ཤེས་ལ་ཆགས་སོགས་ཉོན་མོངས་དང་ཉེ་བའི་ཉོན་མོངས་པས་བག་ཆགས་བསྒོས་པར་མི་རུང་ངོ་། །མིག་གི་རྣམ་ཤེས་དེ་ལ་རྣམ་པར་ཤེས་པས་གཞན་གྱིས་བསྒོས་པར་ཡང་མི་རུང་སྟེ། མིག་ཤེས་བཞིན་འཇུག་ཤེས་གཞན་ལ་ཅི་རིགས་སུ་ཤེས་པར་བྱའོ། ༧ །གང་ས་གོང་ལ་འདུ་ཤེས་མེད་པ་ནས་འཕོས་ཏེ་འདོད་ཁམས་འདིར་སྐྱེས་པ་རྣམས་ཀྱི་རྣམ་ཤེས་ཉོན་མོངས་པར་གྱུར་བ་ཐོག་མ་ཉིད་དེ་ཡང་ས་བོན་མེད་པར་འགྱུར་ཏེ། ཉོན་མོངས་བའི་བག་ཆགས་དེ་གནས་བསྒོ་བྱའི་འཇུག་ཤེས་དྲུག་དང་བཅས་པ་སྔར་འགགས་ནས་འདས་ཏེ་མེད་པའི་ཕྱིར་རོ། ༧ །ཉོན་མོངས་པའི་གཉེན་པོའི་རྒྱུན་ཞུགས་ཀྱི་མཐོང་སྤང་སྤོང་བའི་ལས་ཀྱི་རྣམ་ཤེས་བྱུང་ན་དེ་མིན་གཞན་འཇིག་རྟེན་པའི་རྣམ་ཤེས་ཐམས་ཅད་ནི་འགགས་ཏེ་མེད་ན། ཀུན་གཞིའི་རྣམ་ཤེས་མེད་པར་གཉེན་པོའི་རྣམ་ཤེས་དེ་ལ་ནི་བསྒོམ་སྤང་གི་ཉོན་མོངས་དང་ཉེ་ཉོན་གྱི་ས་བོན་དང་བཅས་པར་མི་རུང་སྟེ། རྣམ་བྱང་དང་ཉོན་མོངས་པ་ངོ་བོ་ཉིད་ཀྱིས་འགལ་བས་ལྷན་ཅིག་འབྱུང་ཞིང་འགགས་པ་མེད་པའི་ཕྱིར་རོ། །དེས་ན་ཉོན་མོངས་པའི་ས་བོན་ཅི་ལ་གནས་ཞེས་སོ། ༧ ། ཀུན་གཞིའི་རྣམ་ཤེས་མེད་ན། མཐོང་ལམ་ དེའིའོགཏུ next hit་འཇུག་ཤེས་འབྱུང་བ་ན། སྔར་གྱི་བག་ཆགས་དེ་རྟེན་ནམ་གནས་དང་འཇུག་ཤེས་བཅས་པ་འདས་ནས་ཡུན་རིང་སོང་བས་མེད་པ་ཡིན་ཕྱིར་རྗེས་ཀྱི་འཇུག་ཤེས་དེ་དག་ས་བོན་མེད་པ་ལས་སྐྱེ་བར་འགྱུར་རོ། །དེས་ན་རྒྱུ་མེད་ལས་སྐྱེ་བར་འགྱུར་


MR12_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། དེས་སྔར་གོམས་པའི་དགེ་མི་དགེ་དང་ཐོས་སོགས་དྲན་པས་ན་སེམས་རྒྱུད་མ་ཆད་པར་ཤེས་ནུས་སོ། །དེ་ལྟར་ཀུན་གཞི་མེད་ན་ཉོན་མོངས་པའི་ཀུན་ཉོན་འབྱུང་བར་མི་རུང་ངོ་། ༧ །ལས་ཀྱི་ཀུན་ནས་ཉོན་མོངས་ཇི་ལྟར་མི་རུང་ཞེ་ན། ཀུན་གཞིའི་རྣམ་ཤེས་མེད་ན་འདུ་བྱེད་ཀྱི་རྐྱེན་གྱིས་མིག་སོགས་འཇུག་ཤེས་ཀྱི་རྣམ་ཤེས་ཆགས་སོགས་དང་ལྷན་ཅིག་ཅན་འབྱུང་བར་ཀུན་གཞི་མི་འདོད་པར་འཇུག་ཤེས་དྲུག་གིས་སྐྱེ་བ་ལེན་ནམ་སྙམ་ན། མིག་ཤེས་སོགས་འདོད་ཆགས་སོགས་དང་ལྷན་ཅིག་སྐྱེས་པ་དེ། སྔོན་གྱི་འདུ་བྱེད་ལས་བྱུང་མི་རིགས་ཏེ་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་འབྱུང་བའི་ཕྱིར་རོ། །སྔར་གྱི་མིག་ཤེས་སོགས་ནི་སྐད་ཅིག་མའི་ཚུལ་ཅན་ཡིན་པས་དེ་རྣམས་འགགས་ནས་ཡུན་རིང་སོང་བ་དེ། ད་ལྟར་ཉིང་མཚམས་སྦྱོར་དུས་ཀྱི་མིང་གཟུགས་ཀྱི་རྐྱེན་དུ་མི་རུང་སྟེ་ཉེས་པ་མང་དུ་འགྱུར་རོ། །ཉེས་པ་འདིར་དོགས་ནས་ཉིང་མཚམས་སྦྱོར་དུས་ཀྱི་རྣམ་ཤེས་ལ་འདོད་ན་དེ་ཡང་མི་རུང་སྟེ། ཉིང་མཚམས་སྦྱོར་བའི་རྣམ་ཤེས་ཀྱི་དུས་ན། བསོད་ནམས་དང་བསོད་ནམས་མིན་པ་དང་མི་གཡོ་བའི་འདུ་བྱེད་འགགས་ནས་ཡུན་རིང་སོང་བ་ཡིན་ལ། ༧ །དེའི་བར་མཚམས་སྤྲེལ་བྱེད་ཤེས་པའི་རྒྱུན་བརྟན་པ་གང་ཡང་བཞག་ཏུ་མེད་པས་སོ། །རང་ཆགས་སྡང་གིས་ཉིང་མཚམས་སྦྱོར་བའི་སེམས་ནི་ལུང་མ་བསྟན་མིན་ལ། རྣམ་སྨིན་ནི་ལུང་མ་བསྟན་ཡིན་པས་དེ་འདུ་བྱེད་ཀྱི་རྐྱེན་ཅན་དུ་མི་རུང་ངོ་། །འཇུག་ཤེས་འདུ་བྱེད་དང་མཚུངས་པར་ལྡན་པ་རྣམས་ཀུན་གཞི་རྣམ་ཤེས་ལ་བག་ཆགས་བསྐྱེད་ན་ནི་རུང་ངོ་། །འདུ་བྱེད་ཡོངས་སུ་བསྒོས་པའི་རྣམ་ཤེས་དེ་མེད་ན། འབྲས་བུ་འབྱིན་པར་མངོན་དུ་ཕྱོགས་པར་གྱུར་བའི་ལེན་པའི་རྐྱེན་གྱིས་སྲིད་པ་མི་རུང་སྟེ། བག་ཆགས་ཀྱི་གནས་སྐབས་ཀྱིས་ལས་ཀྱི་རྣམ་སྨིན་དངོས་སུ་ཕྱོགས་པའམ་འཇུག་པ་རྙེད་པ་སྲིད་པ་


MR12_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་གྱིས། ཉིང་མཚམས་སྦྱོར་བའི་རྣམ་ཤེས་ནི་མ་ཡིན་ནོ། །བག་ཆགས་ཀྱིས་བསྒོས་པའི་རྣམ་ཤེས་མི་འཐད་དེ་ཡོད་པར་མ་གྱུར་ན། འབྲས་བུ་མངོན་དུ་འབྱིན་པར་ཕྱོགས་པར་གྱུར་པ་ན་ལས་དེ་གང་དུ་གནས་ན་སྲིད་པར་འགྱུར། དེ་ལྟར་ཀུན་གཞི་རྣམ་ཤེས་མེད་ན་ལས་ཀྱི་ཀུན་ནས་ཉོན་མོངས་ཀྱང་མི་རུང་ངོ་མི་རུང་ཞིང་། འདུ་བྱེད་རྐྱེན་གྱིས་རྣམ་ཤེས་འབྱུང་བ་དེ་མེད་ན་ལེན་པའི་རྐྱེན་གྱིས་སྲིད་པ་མི་རུང་བའི་ཕྱིར་རོ། ༧ །སྐྱེ་བའི་ཀུན་ཉོན་ཇི་ལྟར་མི་རུང་ན། ཉིང་མཚམས་འབྲེལ་བའམ་སྦྲེལ་བ་ནི་སྔ་ཕྱི་བར་མ་ཆད་དུ་སྦྲེལ་བ་སྟེ་དེ་མི་རུང་བའི་ཕྱིར་ཏེ། འདི་ལྟར་མཉམ་པར་མ་བཞག་པའི་ས་ནས་ཤི་འཕོས་པའི་ཡིད་བར་དོའི་སྲིད་པར་གནས་ཚེ། ཡིད་ཤེས་ཆགས་སྡང་གི་ཉོན་མོངས་ཅན་གྱིས་ཉིང་མཚམས་སྦྱོར་བ་སྤྲེལ་ཏེ་སྐྱེ་ལ། ཡིད་ཤེས་ཉོན་མོངས་ཅན་དེ་བར་དོའི་སྲིད་པར་གཏོགས་པས་དེ་འགགས་ལ་རྣམ་ཤེས་མའི་མངལ་དུ་སྐྱེ་སྲིད་ཀྱང་བསྡུས་པ་ནུར་ནུར་པོ་ཉིད་དུ་བརྒྱལ་ལོ། །བརྒྱལ་ན་བརྒྱལ་བ་ལ་བརྟེན་ནས་མའི་མངལ་དུ་མི་འཇུག་སྟེ། དེས་ན་ཡིད་ཤེས་བརྒྱལ་ན་ནི། བརྒྱལ་ལ་བརྟེན་ནས་མའི་མངལ་དུ་མི་འཇུག་སྟེ། བརྒྱལ་བ་ཞེས་པ་མངལ་དུ་སྐྱེས་པ་དང་། རྣམ་པར་སྨིན་པ་བཟུང་བ་ཡིན་ལ། སྐྱེ་སྲིད་བཟུང་བ་དེ་ལ་བརྟེན་ནས་དད་སོགས་དགེ་བ་དང་། ཆགས་པ་དང་མཚུངས་ལྡན་གྱི་མི་དགེ་བ་དང་། བདེ་སྡུག་གི་ཚོར་བ་མྱོང་བ་རྣམས་དང་ལྡན་པ་རྣམ་པ་རྟོག་པ་ཅན་གྱི་ཡིད་ཤེས་ཕྱི་མའི་གནས་སྐབས་རྣམས་སུ་རིམ་པས་འབྱུང་དགོས་ཀྱང་། བརྒྱལ་བའི་ཚེ་ཡིད་ཤེས་འགགས་ལ་མེད་པས་དེས་ཁུ་ཁྲག་གི་རང་བཞིན་གྱི་ལུས་བཟུང་ནས་གནས་སྐབས་ཕྱི་མ་ཇི་ལྟར་སྐྱེ་སྟེ་མངལ་དུ་ཞུགས་པའང་མ་ཡིན་པར་འགྱུར་ཏེ། ཞུགས་པ་པོའི་ཤེས་པ་བརྒྱལ་ཡོད་པར་སླར་


MR12_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱོད། དེས་ན་དེའི་ཚེ་སེམས་ཀྱི་མངོན་པར་འདུ་བྱེད་ལ་མི་ལྟོས་པ་རྣམ་སྨིན་གྱི་བདག་ཉིད་ཅན་ལུང་དུ་མ་བསྟན་ན། དམིགས་རྣམ་མ་ཆད་པ་བཏང་སྙོམས་དང་མཚུངས་པར་ལྡན་པའི་ཡིད་བརྒྱལ་བ་ཞེས་པ་དེ་དང་། གང་དེ་ལ་བརྟེན་པའི་འདུ་བྱེད་ཅན་རྣམ་སྨིན་མིན་པ་ལུང་བསྟན་པ། དམིགས་རྣམ་རིས་ཆད་པ། བདེ་སྡུག་གི་ཚོར་བ་དང་མཚུངས་ལྡན་གྱི་ཡིད་ཤེས་ཞིག་དང་། ཡིད་ཤེས་གཉིས་ལྷན་ཅིག་ཡོད་དགོས་ན་དེ་ནི་མདོ་དང་འགལ་ཏེ། ཁྱེད་ནི་འདི་སྐད་འདོན་ཏེ། རྣམ་པར་ཤེས་པ་གཉིས་ལྔ་ཕྱི་མེད་པར་འབྱུང་བ་གནས་མ་ཡིན་ཞིང་གོ་སྐབས་མེད་དོ་ཞེས་མི་སྨྲའམ། དེ་གཉིས་ཡིད་ཤེས་གཅིག་མ་ཡིན་ཏེ། རང་བཞིན་ཐ་དད་པའི་ཕྱིར་རོ། །རྣམ་སྨིན་རྒྱུན་ཆད་ན་ནི་སྲོག་རྒྱུན་ཆད་པར་འགྱུར་ལ། རྣམ་སྨིན་མེད་ན་འགྲོ་བ་ལྔ་ཡང་མེད་པར་འགྱུར་རོ། །ཡིད་ཤེས་བརྒྱལ་བ་དེ་ཡིད་ཤེས་སུ་མི་རིགས་ཏེ། གང་ཡིད་ཤེས་ཉིད་དུ་རང་གཞན་གཉིས་ཀ་ལ་ངེས་པའམ་རྟག་པ་དེ་ཉིད་རྟག་ཏུ་ཉོན་མོངས་ཅན་གནས་མ་ཡིན་ཏེ། དགེ་མི་དགེ་ལུང་མ་བསྟན་གསུམ་ཡོད་པས་སོ། །དེ་དཔེར་ན་དུས་ཕྱི་ལ་འབྱུང་བའི་ཡིད་ཤེས་བཞིན་ནོ། །ཉིང་མཚམས་སྦྱོར་བའི་སེམས་ཐམས་ཅད་ནི། ཐམས་ཅད་དུ་ཉོན་མོངས་ཅན་གནས་ཡིན་ཏེ། བར་དོའི་སྲིད་པས་བསྡུས་པའི་གནས་སྐབས་སྐྱེ་བའི་སྲིད་པར་དམིགས་པ་ནི་ཁམས་ཐམས་ཅད་ན་རྟག་པ་ཉོན་མོངས་ཅན་གནས་ཡིན་ཏེ། སྐྱེ་བའི་སྲིད་པ་ཉོན་མོངས་ཅན་ཞེས་འདོད་པས་སོ། །དེས་ན་ཁོ་རང་གི་དམ་བཅས་པའི་སྐྱོན་གྱིས་ཆོས་ཅན་རང་གི་ངོ་བོ་ཉིད་ལས་བཟློག་པར་བསྟན་པའོ། །ཡང་ན་ཉོན་མོངས་བཞི་དང་མཚུངས་ལྡན་ཉོན་མོངས་ཅན་གནས་ཡིན་པའི་ཕྱིར། ཉིང་མཚམས་སྦྱོར་བའི་སེམས་ཉོན་མོངས་པ་ཅན་དུ་འགྱུར་རོ། །ཡིད་ཤེས་ནི་རང་གཞན་གཉིས་ཀས་རང་ཡུལ་ལ་དམིགས་པར་ཁས་ལེན་ཏེ། འཇུག་ཤེས་སོ་


MR12_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

སོའི་ཡུལ་རྣམ་པར་རིག་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཉིང་མཚམས་སྦྱོར་བའི་སེམས་བརྒྱལ་བ་ནི་དེ་ལྟར་རང་གི་དམིགས་པ་མི་གཅོད་པས་ཡིད་ཤེས་མ་ཡིན་ནོ། །འདི་འགོག་སྙོམས་ཀྱི་སེམས་དང་མཚུངས་པར་ཕྱིར་བརྒལ་མི་རུང་སྟེ་དེ་ནི་ཡིད་ཤེས་སུ་མི་འདོད་པའི་ཕྱིར་རོ། །དེ་ལྟར་ནའང་འདིར་དམིགས་པ་མི་དམིགས་པས་ཡོངས་སུ་མི་གཅོད་པ་ཡིན་གྱི། མེད་པ་ཉིད་མ་ཡིན། དེ་ལ་ཡིད་ཀྱི་ཡུལ་ཆོས་མེད་པ་ནི་མ་ཡིན་གྱི། ཡོད་བཞིན་ཡོངས་སུ་མི་གཅོད་དོ། །ཡིད་ཤེས་ཀྱི་གནས་མིག་སོགས་ཡོངས་སུ་མ་རྫོགས་པའི་ཕྱིར་ཡིད་ཤེས་གཉིས་ལྷན་ཅིག་མའི་མངལ་དུ་འཇུག་པར་འགྱུར་རོ། །ཡིད་ཤེས་བརྒྱལ་བ་དེ་ཡིད་ཤེས་སུ་མི་རིགས་ཏེ། ཉིང་མཚམས་སྦྱོར་བའི་ཡིད་ཤེས་ནི་དུས་རྟག་ཏུ་ཉོན་མོངས་པ་ཅན་གནས་ཡིན་པ་ཁས་བླང་དང་ཡིད་ཤེས་ཀྱི་དམིགས་པ་གང་ལ་ཡང་མི་དམིགས་པའི་ཕྱིར་རོ། །ཅི་མངལ་དུ་ཡིད་ཤེས་ཡོད་ཀྱང་སྐབས་དེར་བརྒྱལ་བ་ཡིན་དུ་ཆུག་ཀྱང་། ཡིད་ཤེས་དེ་ཉིད་ས་བོན་ཐམས་ཅད་པ་ཡིན་ནམ། འོན་ཏེ་ས་བོན་ཐམས་ཅད་ལ་གང་དེ་ཉིད་ལ་བརྟེན་ནས་མངལ་དུ་ཞུགས་པ་ཡིན།གལ་ཏེ་ས་བོན་ཐམས་ཅད་པ་ཡིན་ན་དེ་ཀུན་གཞིའི་རྣམ་ཤེས་ཀྱི་རྣམ་གྲངས་ཀྱི་མིང་དུ་བཞག་པ་ཡིན་ནོ། །ས་བོན་ཐམས་ཅད་པ་ཡིན་ཡང་ཅི་སྟེ་དེ་ལ་བརྟེན་པ་དེ་ས་བོན་ཐམས་ཅད་པ་ཡིན་ན་ནི། དེས་ན་གང་ས་བོན་ཀྱི་གནས་ཀྱི་དངོས་པོའི་རྒྱུར་གྱུར་པའི་རྣམ་ཤེས་དེ་ཡང་ས་བོན་ཐམས་ཅད་པ་མ་ཡིན་ན། གང་རྟེན་པ་འབྲས་བུར་གྱུར་པ་དེ་ས་བོན་ཐམས་ཅད་པར་རུང་རེ་སྐན། དེ་ཕྱིར་རྣམ་ཤེས་ཁུ་ཁྲག་གི་དབུས་སུ་བརྒྱལ་བཞིན་པ་དེ་ཡིད་ཤེས་མ་ཡིན་ཏེ། དེ་ནི་རྣམ་པར་སྨིན་པའི་


MR12_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གཞིའི་རྣམ་པར་ཤེས་པ་ས་བོན་ཐམས་ཅད་པ་ཞེས་བྱ་བར་གྲུབ་བོ། ༧ །དེར་མ་ཟད་ཉིང་མཚམས་སྦྱོར་བ་སྦྲེལ་ཟིན་པ་རྣམས་ཀྱི་དབང་པོ་གཟུགས་ཅན་པ་འཛིན་པར་བྱེད་པ་ཡང་། ཀུན་གཞིའི་རྣམ་ཤེས་དེ་ལས་གཞན་པའི་རྣམ་སྨིན་གྱི་རྣམ་ཤེས་སུ་མི་འཐད་དེ། དེ་མ་ཡིན་པའི་རྣམ་ཤེས་རྣམས་ནི་གནས་སོ་སོར་ངེས་པ་དང་རྒྱུན་མི་བརྟན་པའི་ཕྱིར་རོ། །རྣམ་ཤེས་ཀྱིས་ཟིན་པ་མེད་པའི་དབང་པོ་གཟུགས་ཅན་ནི་ཡོད་པར་མི་རུང་ངོ་། །རྣམ་ཤེས་ནི་ཀུན་གཞིའི་རྣམ་ཤེས་དང་དེའི་རྐྱེན་གྱིས་མིང་མིང་བཞི་དང་གཟུགས་ནུར་ནུར་པོ་སོགས་མདུང་ཁྱིམ་ལྟར་གཅིག་ལ་གཅིག་བརྟེན་པའི་ཚུལ་གྱིས་འདུག་པ་གང་ཡིན་པ་དེ་ཡང་། རྣམ་སྨིན་གྱི་རྣམ་ཤེས་མེད་ན་མི་རུང་ངོ་། །རྣམ་ཤེས་གཞན་ནི་སེམས་ཅན་འབྱུང་པོ་རྣམས་ཀྱི་ཟས་སུའང་མི་རུང་སྟེ་སྙོམས་འཇུག་གཉིས་དང་འདུ་ཤེས་མེད་པ་ལ་མ་ཁྱབ་པའི་ཕྱིར་རོ། །ཀུན་ཤེས་མེད་ན་རྣམ་སྨིན་གྱི་རྣམ་ཤེས་དྲུག་པོ་གང་ཡར་རུང་བས་ཁམས་གསུམ་པའི་སེམས་ཅན་རྣམས་ཀྱི་ཟས་བྱེད་པ་ནི་མི་དམིགས་སོ། ༧ །འདོད་ཁམས་འདི་ནས་འཕོས་ཏེ་ཁམས་གོང་མ་མཉམ་པར་བཞག་པའི་སར་སྐྱེ་བ་ན། ཡིད་ཤེས་ཉོན་མོངས་ཅན་མཉམ་བཞག་མིན་པས་སྐྱེ་བར་མཚམས་སྦྱོར་བར་མི་རུང་སྟེ། སྐྱེ་བའི་ས་བོན་མཉམ་བཞག་མིན་པའི་སེམས་པ་དེའི་རོ་མྱོང་བའི་ཉོན་མོངས་ཅན་གྱི་ས་བོན་དང་ལྡན་པ་ཀུན་གཞི་མིན་པ་གཞན་དེ་མི་འཐད་དོ། །འདོད་པ་ན་སྤྱོད་པའི་སེམས་ནི་གོང་མའི་ས་བོན་དང་ལྡན་པ་མིན་ཏེ། དེ་གཉིས་ལྷན་ཅིག་འབྱུང་བ་དང་འགགས་པ་མེད་པས་སོ། །མཉམ་བཞག་གི་སེམས་ཀྱང་ས་བོན་དང་ལྡན་པ་མིན་ཏེ། གཅིག་ཉིད་ས་བོན་


MR12_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

དང་ས་བོན་ཅན་གྱི་དངོས་པོར་མི་རུང་ངོ་། །གཟུགས་ན་སྤྱོད་པའི་སེམས་ཚེ་རབས་གཞན་དུ་ཐོབ་པ་ཡང་ས་བོན་དུ་མི་རུང་སྟེ། བག་ཆགས་ཀྱི་ཀུན་གཞིའི་རྣམ་ཤེས་མེད་པས་སོ། །གཟུགས་ཀྱི་རྒྱུད་ཀྱང་ས་བོན་ཅན་མ་ཡིན་ཏེ་གཟུགས་ཁས་མི་ལེན་པའི་ཕྱིར་རོ། །དེ་བས་ན་ཐོག་མ་མེད་པའི་དུས་ཅན་པ་དེའི་ས་པའི་སེམས་གང་ལ་བག་ཆགས་གནས་པའི་ཀུན་གཞི་རྣམ་ཤེས་ལ་ངེས་པར་གནས་བཅའ་བར་བྱ་དགོས་སོ། །ཡང་གཟུགས་མེད་ཁམས་སུ་སྐྱེ་བའི་རོ་མྱོང་བའི་ཉོན་མོངས་ཅན་གྱི་དགེ་སེམས་ཡོད་པ་རྣམས་ལ། ཉོན་མོངས་ཅན་གྱི་དགེ་སེམས་ཀྱང་། ཀུན་གཞིའི་རྣམ་ཤེས་ས་བོན་ཐམས་ཅད་པ་མེད་ན། ས་བོན་མེད་ཅིང་གཞི་མེད་རྣམ་པར་སྨིན་པ་མེད་ཅེས་པར་འགྱུར་རོ་དེའི་ཚེ་སེམས་སེམས་བྱུང་ཐམས་ཅད་དེའི་དངོས་པོར་འགྱུར་ཕྱིར་རོ། །གཟུགས་མེད་དེ་ཉིད་ན་འཇིག་རྟེན་ལས་འདས་པའི་སེམས་མངོན་པར་བྱེད་ཚེ། གཞན་འཇིག་རྟེན་པའི་སེམས་མེད་པས་དེའི་རྣམ་སྨིན་གྱི་འགྲོ་བ་ལྡོག་པར་འགྱུར་རོ་དེ་ལྷག་མེད་མྱང་འདས་སུ་འགྱུར་རོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་སྐྱེས་པ་རྣམས། རང་ས་ན་ཟག་མེད་ཀྱི་ལམ་མེད་པས་ཅི་ཡང་མེད་པའི་སྐྱེ་མཆེད་པའི་སེམས་ལ་བརྟེན་པའི་འཇིག་རྟེན་འདས་པའི་སེམས་མངོན་དུ་བྱེད་པ་ན། དེ་དག་གི་འགྲོ་བ་གཉིས་ཀ་ལྡོག་པར་འགྱུར་ཏེ། འཇིག་འདས་ཀྱི་སེམས་དེའི་གནས་ནི།སྲིད་རྩེ་དང་ཅི་ཡང་མེད་དེ་གཉིས་གང་གི་འགྲོ་བའང་མ་ཡིན་ལ། མྱང་འདས་ཀྱི་འགྲོ་བ་ལྷག་བཅས་མྱང་འདས་པའི་ཡང་གནས་སུ་མི་རུང་ངོ་མྱང་འདས་ནི་འགྲོ་བས་བསྡུས་པ་མིན་ནོ། ༧ །ཡང་ལེགས་བྱས་ཅན་ནམ་ཉེས་བྱེད་དག་འཆི་བ་ན། ལུས་


MR12_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

སྨད་དམ་སྟོད་ནས་དྲོད་རིམ་ཡལ་འགྱུར་ཡང་ཀུན་གཞི་རྣམ་ཤེས་མེད་པར་མི་རུང་སྟེ། དེའི་ཚེ་ཡིད་ཡོད་ཀྱང་ལུས་གཏོང་བ་ནི་ཀུན་གཞིའི་རྣམ་ཤེས་སོ། །དེ་ལྟར་སྐྱེ་བའི་ཀུན་ཉོན་ནི་ས་བོན་ཐམས་ཅད་པ་ཀུན་གཞིའི་རྣམ་ཤེས་ཉིད་མེད་ན་མི་རུང་ངོ་། །ཇི་ལྟར་འཇུག་ཤེས་རྣམས་ལ་འཇིག་རྟེན་པའི་རྣམ་བྱང་མི་རུང་ན། འདོད་པ་ལ་ཆགས་བྲལ་མིན་ཅིང་གཟུགས་ཁམས་ཀྱི་སེམས་ཐོབ་པ་མིན་པས། འདོད་པའི་དགེ་སེམས་ཀྱིས་འདོད་པའི་འདོད་ཆགས་བྲལ་ཕྱིར་རབ་ཏུ་སྦྱོར་བ་ན། འདོད་པ་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བའི་སེམས་དེ་ཡང་། གཟུགས་ན་སྤྱོད་པའི་སེམས་དང་ལྷན་ཅིག་འབྱུང་བ་དང་འགགས་པ་མེད་ཕྱིར་དེས་བསྒོས་པར་མི་རུང་བས་དེ་ས་བོན་དུ་མི་འགྱུར་རོ། །གཟུགས་སྤྱོད་ཀྱི་སེམས་འདས་པ་ཚེ་རབས་དུ་མར་སེམས་གཞན་གྱིས་བར་དུ་བཅད་བ་དེ་ཡང་མདོ་སྡེ་པ་ལྟར་བཞེད་འགགས་ཟིན་ནས་མེད་པའི་ཕྱིར་མཉམ་བཞག་གི་རྗེས་ཀྱི་སེམས་དེའི་ས་བོན་དུ་མི་རུང་ངོ་། །དེ་བཞིན་ཆགས་བྲལ་གྱི་ས་བོན་ཐམས་ཅད་ལ་གང་ལ་གང་ཅི་རིགས་སུ་སྦྱར་བར་བྱའོ། །དེའི་ཕྱིར་གང་ཞིག་ས་བོན་ཐམས་ཅད་པ་རྣམ་པར་སྨིན་པའི་རྣམ་ཤེས་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་པ་དེ་ནི་གཟུགས་ན་སྤྱོད་པ་མཉམ་པར་བཞག་པའི་སེམས་དེའི་རྒྱུའི་རྐྱེན་ཡིན་ལ། སྦྱོར་བྱུང་དགེ་སེམས་དེ་ནི་བདག་པོའི་རྐྱེན་ཡིན་པར་གྲུབ་བོ། །དེ་བཞིན་དུ་འཇིག་རྟེན་འདས་པའི་རྣམ་བྱང་ཡང་། ས་བོན་ཐམས་ཅད་པ་རྣམ་སྨིན་རྣམ་ཤེས་མེད་ན་མི་རུང་སྟེ། གཞན་གྱི་སྒྲ་ལ་བརྟེན་པ་དང་། སོ་སོ་རང་གི་ཚུལ་བཞིན་ཡིད་བྱེད་ཀྱི་རྒྱུ་ལས་ཡང་དག་པའི་ལྟ་


MR12_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

བ་འབྱུང་ངོ་ཞེས་རྒྱལ་བས་གསུངས་ན། གཞན་གྱི་སྒྲ་ལས་ཡིད་བྱེད་དེས། རྣ་ཤེས་སམ། ཡིད་ཤེས་སམ། དེ་གཉིས་ཀར་བག་ཆགས་བསྒོས་པ་ཡིན་གྲགས་ན། རྣ་ཤེས་ལ་ནི་ཚུལ་བཞིན་ཡིད་བྱེད་མི་འབྱུང་ཞིང་། ཡིད་ཤེས་དེ་ཡང་དེ་ལས་གཞན་པའི་རྣམ་ཤེས་གཡེང་བས་བར་ཆོད་ལ། གང་ཚེ་ཚུལ་བཞིན་ཡིད་བྱེད་དང་མཚུངས་ལྡན་གྱི་སེམས་བྱུང་བ་དེའི་ཚེ། ཡིད་ཤེས་ལ་ཐོས་པའི་བག་ཆགས་བསྒོས་པ་དེ་ཉིད་ནི། བག་ཆགས་དང་བཅས་པ་འགགས་ཤིང་ཡུན་རིང་ལོན་ཏེ་མེད་ན། ཕྱིས་དེའི་ས་བོན་ཚུལ་བཞིན་ཡིད་བྱེད་དང་མཚུངས་ལྡན་གྱི་སེམས་གང་ལས་འབྱུང་བ་ཡིན། གང་ཚུལ་བཞིན་ཡིད་བྱེད་དང་མཚུངས་ལྡན་འཇིག་རྟེན་པའི་སེམས་དེ་ནི། ཡང་དག་པའི་ལྟ་བ་དང་མཚུངས་པར་ལྡན་པའི་འཇིག་རྟེན་འདས་པའི་སེམས་དང་ནམ་ཡང་ལྷན་ཅིག་སྐྱེ་བ་དང་འགག་པ་མེད་པ་དེའི་ཕྱིར་དེས་བསྒོས་པ་མ་ཡིན་ནོ། །མ་བསྒོས་ས་བོན་དུ་མི་རུང་སྟེ། དེའི་ཕྱིར་འཇིག་རྟེན་འདས་པའི་རྣམ་བྱང་ཡང་ས་བོན་ཐམས་ཅད་པ་རྣམ་སྨིན་གྱི་རྣམ་ཤེས་མེད་ན་མི་རུང་ཏེ། ཐོས་པའི་བག་ཆགས་ཀྱིས་དེའི་ས་བོན་འཛིན་པར་མི་རིགས་སོ། །ས་བོན་ཐམས་ཅད་པའི་རྣམ་སྨིན་གྱི་རྣམ་ཤེས་ཀུན་གཞི་རྣམ་ཤེས་དེ་ཀུན་ཉོན་གྱི་རྒྱུ་ཡིན་ན། དེ་འཇིག་རྟེན་འདས་པའི་སེམས་ཀྱི་ས་བོན་དུ་ཇི་ལྟར་རུང་སྟེ། འདས་པའི་སེམས་ནི་འཇིག་རྟེན་པ་དང་མ་འདྲེས་པ་སྟེ། དེས་ན་དེའི་བག་ཆགས་མེད་ལ་དེའི་ཕྱིར་ས་བོན་གང་ལས་འབྱུང་བ་བརྗོད་དགོས་སོ་ཞེ་ན། ཆོས་དབྱིངས་ཤིན་ཏུ་རྣམ་དག་གི་རྒྱུ་མཐུན་པ་ཐོས་པའི་བག་ཆགས་ཀྱི་ས་


MR12_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

བོན་ལས་འདས་པའི་ས་བོན་དེ་འབྱུང་ངོ་། །ཐོས་པའི་བག་ཆགས་དེ་ཡང་ཅི་ཀུན་གཞིའི་རྣམ་ཤེས་ཀྱི་ངོ་བོ་ཡིན་ནམ། ཡིན་ན་དེའི་གཉེན་པོའི་ས་བོན་དུ་ཇི་ལྟར་རུང་། ངོ་བོ་མིན་ན་ས་བོན་དེའི་གནས་ཅི་ཞིག་ཡིན་ཞེ་ན། སངས་རྒྱས་རྣམས་ཀྱི་བྱང་ཆུབ་ལ་བརྟེན་ནས་ཐོས་པའི་བག་ཆགས་སུ་གྱུར་པ་གང་ཡིན་པ་གནས་གང་ལ་འཇུག་པ་དེ། ལྷན་ཅིག་འདུག་པའི་ཚུལ་གྱིས་རྣམ་པར་སྨིན་དོན་གསང་ལས་འདིར་ཀུན་གཞིའི་མ་སྨྲོས་པ་ནི། ཀུན་གཞིའི་རྣམ་ཤེས་ནི་ས་བརྒྱད་པའི་བྱང་སེམས་ཀྱི་རྒྱུད་དང་། དགྲ་བཅོམ་དང་རང་སངས་རྒྱས་ཀྱི་རྒྱུད་ལ་མེད་པས་དེས་རྣམ་བྱང་གི་བག་ཆགས་འཛིན་པར་མ་ཁྱབ་པའི་ཕྱིར་རོ། །དེ་དག་གི་རྒྱུད་ན་རྣམ་པར་སྨིན་པའི་རྣམ་ཤེས་ནི་ཡོད་དོ་གསུངས་པའི་རྣམ་ཤེས་ལ་འཇུག་སྟེ་འོ་མ་དང་ཆུ་བཞིན་ནོ། །དེ་ཀུན་གཞིའི་རྣམ་ཤེས་མ་ཡིན་ཏེ། དེའི་གཉེན་པོའི་ས་བོན་ཡིན་པའི་ཕྱིར་རོ། །དེ་ཡང་བག་ཆགས་ཆུང་ངུ་ལ་བརྟེན་ན་འབྲིང་། འབྲིང་ལས་ཆེན་པོར་འགྱུར་ཏེ། ཐོས་བསམ་བསྒོམ་པ་ལན་མང་དུ་བྱ་བ་དང་ལྡན་པའི་ཕྱིར་རོ། །ཐོས་པའི་བག་ཆགས་ཀྱི་ས་བོན་ཆུང་འབྲིང་ཆེན་པོ་ཡང་ཆོས་སྐུའི་ས་བོན་དུ་བལྟ་སྟེ། ཀུན་གཞིའི་རྣམ་ཤེས་ཀྱི་གཉེན་པོ་མི་རྟོག་ཡེ་ཤེས་ཀྱི་རྒྱུ་ཡིན་པས། ཀུན་གཞིའི་རྣམ་ཤེས་ཀྱི་ངོ་བོ་ཉིད་མིན་པ་དང་དུག་དང་དེའི་གཉེན་པོའི་སྨན་ལྷན་ཅིག་པ་བཞིན་ནོ། །འཇིག་རྟེན་པ་ཡིན་ཡང་འཇིག་རྟེན་ལས་འདས་པ་ཆོས་དབྱིངས་ཤིན་དུ་རྣམ་དག་གི་རྒྱུ་མཐུན་པ་ཡིན་པས་འཇིག་རྟེན་འདས་པའི་སེམས་ཀྱི་ས་བོན་དུ་གྱུར་པའོ། །འདི་ནི་འཇིག་རྟེན་ལས་འདས་པའི་སེམས་མ་བྱུང་དུ་ཟིན་ཀྱང་། ཉོན་མོངས་ཀུན་དཀྲིས་ཀྱི་གཉེན་པོ་དང་།


MR12_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ངན་སོང་དུ་འགྲོ་བའི་གཉེན་པོ་དང་། ཉེས་བྱས་ཐམས་ཅད་དེངས་པར་བྱེད་པའི་གཉེན་པོ་ཡིན་ནོ། །སངས་རྒྱས་བྱང་སེམས་དང་འཕྲད་པའི་རྗེས་སུ་མཐུན་པའོ། །དེས་ན་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་རྣམས་ཀྱི་འཇིག་རྟེན་པ་ཡིན་ཡང་ཆོས་ཀྱི་སྐུར་བསྡུས་པ་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་རྣམ་པར་གྲོལ་བའི་ལུས་སུ་བསྡུས་པར་ཡང་བལྟའོ། །དེ་ནི་ཀུན་གཞི་རྣམ་ཤེས་མ་ཡིན་གྱི། ཆོས་སྐུ་དང་རྣམ་གྲོལ་གྱི་ལུས་སུ་བསྡུས་པ་སྟེ།ཆུང་འབྲིང་ཆེན་པོ་ཇི་ལྟར་རིམ་གྱིས་འཕེལ་བ་དེ་ལྟ་བུར། རྣམ་པར་སྨིན་པའི་རྣམ་ཤེས་འབྲི་ཞིང་རང་ཉིད་གནས་པར་འགྱུར་རོ། །གནས་རྣམ་པ་ཐམས་ཅད་པ་ཡོངས་སུ་གྱུར་པ་ན། རྣམ་སྨིན་གྱི་རྣམ་ཤེས་ས་བོན་ཐམས་ཅད་པ་ཡང་ས་བོན་མེད་པར་འགྱུར་བ་དང་། རྣམ་པ་ཐམས་ཅད་དུ་སྤངས་པ་ཡང་ཡིན་ནོ། །ཇི་ལྟར་ཀུན་གཞི་རྣམ་ཤེས་དང་། དེ་མ་ཡིན་པ་ཆུའོ་བཞིན་དུ་ལྷན་ཅིག་གནས་པ་རྣམས། རྣམ་པ་ཐམས་ཅད་དུ་འགྲིབ་པར་འགྱུར་ཞེ་ན། ངང་པས་ཆུ་ལས་འོ་མ་འཐུངས་པ་ལྟ་བུ་དང་། འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་ན། མཉམ་བཞག་མིན་པའི་སའི་བག་ཆགས་འགྲིབ་ནས་མཉམ་བཞག་གི་སའི་བག་ཆགས་འཕེལ་ནས་གནས་གྱུར་པ་བཞིན་ནོ། ༧ །འགོག་སྙོམས་ལ་འཇུག་པ་རྣམ་བྱང་དེའི་ལུས་ལ་རྣམ་ཤེས་མི་འབྲལ་བར་གསུངས་པ་དེའི་ཕྱིར་ཡང་། ཀུན་གཞིའི་རྣམ་ཤེས་དང་མ་བྲལ་བར་རིགས་པར་བྱ་སྟེ། ཀུན་གཞིའི་རྣམ་ཤེས་དེའི་གཉེན་པོར་འགོག་སྙོམས་སྐྱེ་བ་ནི་མ་ཡིན་ནོ་འཇུག་ཤེས་དམིགས་རྣམས་རིས་ཆད་མ་ཞི་བའི་གཉེན་པོ་སྐྱེད་


MR12_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །སྙོམས་འཇུག་དེ་ལས་ལངས་པ་རྣམས་ཀྱི་གདོད་འཇུག་ཤེས་འབྱུང་བ་འབྱུང་བ་མ་ཡིན་ཏེ། རྣམ་སྨིན་གྱི་རྣམ་ཤེས་རྒྱུན་ཆད་ནས་ཉིང་མཚམས་སྦྱོར་བ་མ་གཏོགས་པར་གཞན་དུ་འབྱུང་བ་མེད་པའི་ཕྱིར་རོ། །གང་ཡང་འགོག་སྙོམས་ལ་ཡིད་ཤེས་ཡོད་པས་སེམས་དང་བཅས་ཞེས་སེམས་པ་དེ་མི་རུང་སྟེ། ཡོད་ན་འདུ་ཤེས་དང་ཚོར་བ་མ་ཁེགས་པས་སྙོམས་འཇུག་དེ་མི་རུང་བའི་ཕྱིར་དང་། ཡིད་ཤེས་ཀྱི་དམིགས་རྣམ་མ་དམིགས་པའི་ཕྱིར་རོ་ཡིད་ཤེས་དམིགས་རྣམས་མེད་པ་མི་སྲིད་དོ། །འགོག་སྙོམས་དེ་མི་དགེ་དང་ལུང་མ་བསྟན་དུ་མི་རིགས་པས། དགེ་སེམས་མངོན་གྱུར་མེད་ཀྱང་དགེ་རྩ་དང་མཚུངས་ལྡན་དུ་འགྱུར་བའི་ཕྱིར་དང་། རེག་པ་དམིགས་པས་འདུ་ཤེས་དང་ཚོར་བ་འབྱུང་བར་འགྱུར་བའི་ཕྱིར་དང་། གནས་སེམས་མ་བཀག་པར་འདུ་ཤེས་ཙམ་རྒྱུན་ཆད་པ་ཙམ་གྱི་མཉམ་བཞག་ཡིན་པར་འགྱུར་བ་མི་རིགས་ཏེ་སེམས་ཁེགས་པས་འདུ་ཤེས་མི་ཁེགས་པ་དང་། ཡིད་མི་སྤོང་ན་སེམས་པ་དང་དད་སོགས་དགེ་རྩ་ཀུན་ཏུ་འབྱུང་བར་འགྱུར་བའི་ཕྱིར་དང་། རྟེན་སེམས་ལས་བརྟེན་པ་འདུ་ཤེས་སོགས་ཐ་དད་དུ་དབྱེ་མི་རུང་བའི་ཕྱིར་དང་། འདུ་ཤེས་མེད་པའི་སྙོམས་འཇུག་གི་དཔེ་ཡོད་པའི་ཕྱིར་དང་ཡང་ན་འབྱུང་འབྱུང་འགྱུར་བཞིན་སེམས་དང་སེམས་བྱུང་ཐམས་ཅད་མི་རུང་ཀྱང་ངོ་། །གལ་ཏེ་སེམས་ཐམས་ཅད་ཀུན་གཞིའི་རྣམ་ཤེས་བཞིན་དུ་སེམས་གཞན་གྱི་ས་བོན་ཅན་དུ་ངེས་པར་འགྱུར་ན། ལྷག་མེད་མྱང་འདས་སུ་འཇུག་པའི་སེམས་ཐ་མ་གཏན་ལྡོག་མིན་པར་སེམས་གཞན་གྱི་ས་བོན་དུ་འགྱུར་བའི་ཕྱིར་མི་རུང་བར་འགྱུར་རོ། །གསལ་བའི་སེམས་ཡོད་ན་ཚོར་འདུ་གཉིས་ཡོད་དེ་ཀུན་ཏུ་འགྲོ་བ་ཉིད་ཡིན་པ་ལས་དེ་བཞིན་དུ་མེད་པའི་ཕྱིར། ཡིད་ཤེས་མ་ཡིན་ཏེ་དགེ་མི་


MR12_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་ལུང་མ་བསྟན་པར་མི་འཐད་པའི་ཕྱིར་དེ་ཡང་མི་རུང་ངོ་། །གང་ཡང་མདོ་སྡེ་པ་དག་གཟུགས་དང་སེམས་ཀྱི་སྐད་ཅིག་རྣམས་སྔ་ཕྱི་མཇུག་ཐོགས་སུ་ཕྱི་མ་འབྱུང་བ་ཆོས་རྣམས་ཀྱི་ས་བོན་ཉིད་དུ་རྟོག་པ་ན་ཀུན་གཞིའི་ཅི་བྱ་སྙམ་པ་དེའི་ཡང་སྐྱོན་གོང་མ་བཞིན་དུ་མི་འཐད་ཀྱི་སྟེང་དུ། གཟུགས་མེད་པ་ནས་ཤི་འཕོས་པ་གཟུགས་དང་། འདུ་ཤེས་མེད་པ་ནས་ཤི་འཕོས་པ་དང་། འགོག་སྙོམས་ལས་ལངས་བའི་སེམས་དེ་ཡང་མི་རུང་ངོ་སྟེ་སྔ་མ་མེད་པས་སོ། །དེ་མ་ཐག་པའི་རྐྱེན་ཉིད་དུ་རུང་བ་ལ་མ་གཏོགས་པར་དགྲ་བཅོམ་པའི་ཐ་མའི་སེམས་ཀྱང་མི་རུང་བར་འགྱུར་རོ། །དེ་ལྟར་ས་བོན་ཐམས་ཅད་པའི་རྣམ་སྨིན་གྱི་རྣམ་ཤེས་མེད་ན་ཀུན་ཉོན་དང་རྣམ་བྱང་མི་རུང་ངོ་། །དེ་ལྟར་ན་ཀུན་གཞིའི་རྣམ་ཤེས་ཡོད་པ་དང་དེའི་མཚན་ཉིད་ཇི་ལྟར་བཤད་པ་འགྲུབ་བོ། །འདིར་ཚིགས་སུ་བཅད་པ། བྱང་ཆུབ་སེམས་དཔའ་དགེ་བ་བཟང་པོའི་སེམས། རྣམ་པར་ཤེས་པ་ལྔ་སྤངས་པ་ཡིད་ཤེས་ནི། ཟག་བཅས་བརྩལ་བ་དེ་ལས་གཞན་པ་ཟག་མེད་ལ། སེམས་ཀུན་གཞིའི་ཤེས་པ་ནི་ཟག་མེད་ཀྱི་སེམས་ལ་མི་མཐུན་ཕྱོགས་བག་ཉལ་དུ་ཡོད་པར་མི་རུང་ངོ་ཇི་ལྟར་ས་བོན་ཐམས་ཅད་པ་མེད་པར་འགྱུར་བར་བྱེད་ཅེས་དྲིས་པའོ། །གལ་ཏེ་ཟག་བཅས་ཀྱི་སེམས་དེའི་གཉེན་པོར་གྱུར་པ་ཡིན་ཞེས་བྱར་འདོད་ན། །དེས་དེ་སྤངས་པ་མིན་ཕྱིར་མི་རུང་ངོ་གཉེན་པོ་ནི་སྤང་བ་མིན་ཏེ་སྤང་བའི་རྒྱུ་ཡིན་ལ། གྱུར་པ་ནི་སྤངས་པའི་འབྲས་བུའོ། །གཉེན་པོ་དེ་ནི་སྤངས་བ་ཡིན་ན་ཡང་། སྤོང་བྱེད་དང་དེའི་འབྲས་བུའི་རྒྱུ་འབྲས་ཐ་དད་མེད་པར་འགྱུར། །གལ་ཏེ་ས་བོན་དང་འཇུག་ཤེས་རྣམས་བྲལ་བའམ། །དེས་ནི་ས་བོན་གྱི་


MR12_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་མེད་པར་འགྱུར་བར་འདོད་ན། །ས་བོན་དེ་ཡོད་ན་མེད་པར་རུང་གི་དེ་མེད་པར་ནི་ཐལ་བའམ་དངོས་མེད་བྱས་པ་དེ་གཉིས་མེད་དེ། །དེའི་ཕྱིར་ཟག་སེམས་ཟག་མེད་དུ་འགྱུར་བ་རུང་བ་མ་ཡིན་ནོ། ༧ །ཀུན་གཞིའི་རྣམ་ཤེས་འདིའི་རབ་དབྱེ་ནི་མདོར་བསྡུ་ན་གསུམ་སྟེ། མངོན་པར་བརྗོད་པའི་ལྷ་ཡི་མིག་སོགས་སྣ་ཚོགས་སྤྲོས་པའི་བག་ཆགས་ཀྱི་བྱེ་བྲག་དང་། འཇིག་ལྟའི་བདག་ལྟའི་བག་ཆགས་ཀྱི་བྱེ་བྲག་དང་། སྲིད་པའི་ཡན་ལག་གི་བག་ཆགས་ཀྱི་བྱེ་བྲག་གིས་འདུ་བྱེད་ཀྱི་སྲིད་པ་སྣ་ཚོགས་འགྲུབ་བོ། །ཡང་རྣམ་པ་བཞི་ནི་སྐྱེ་བ་འཕེན་པའི་རབ་དབྱེ། རྣམ་པར་སྨིན་པའི་རབ་དབྱེ། རྒྱུ་ཉིད་དུ་རབ་དབྱེ། མཚན་ཉིད་ཁོ་ནས་རབ་དབྱེས་སོ། །དང་པོ་རྣམ་པར་སྨིན་པའི་བག་ཆགས་གསར་དུ་ཐོག་མར་འབྱུང་བ་སྟེ། འཕེན་བྱེད་ཀུན་གཞིའི་རྣམ་ཤེས་དེ་མེད་པ་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་ཤེས་དང་། ལེན་པའི་རྐྱེན་གྱིས་སྲིད་པ་མི་རུང་ངོ་། །དེ་ལ་རྣམ་པར་སྨིན་པས་རབ་ཏུ་དབྱེ་བ་ནི། གང་འདུ་བྱེད་དང་སྲིད་པའི་རྐྱེན་གྱིས་འཕང་བས་འགྲོ་བ་རྣམས་སུ་ཀུན་གཞིའི་རྣམ་ཤེས་ཉིད་རྣམ་པར་སྨིན་པ་སྟེ། དེ་མེད་ན་ས་བོན་མེད་པས་ཡང་འབྱུང་བའི་ཆོས་དབང་པོ་གཟུགས་ཅན་རྣམས་སྐྱེ་བར་མི་རུང་ངོ་། །རྒྱུ་ཉིད་དུ་རབ་ཏུ་དབྱེ་བ་ནི། གང་ཀུན་གཞིའི་རྣམ་ཤེས་དེ་ཉིད་ལ་ཡིད་ཀྱིས་བདག་ཏུ་འཛིན་པའི་རྒྱུ་ཉིད་དེ། དེ་མེད་ན་ཡིད་ཀྱིས་བདག་ཏུ་འཛིན་པའི་དམིགས་པ་མི་རུང་ངོ་། །མཚན་ཉིད་ཀྱིས་རབ་དབྱེ་ནི། གང་དེའི་ཐུན་མོང་གི་མཚན་ཉིད་དང་། ཐུན་མིན་གྱི་མཚན་ཉིད་དང་། ཚོར་བ་མེད་པར་འབྱུང་བའི་ས་བོན་གྱིས་མཚན་ཉིད་དང་། ཚོར་བ་དང་བཅས་པར་འབྱུང་བའི་ས་བོན་གྱི་


MR12_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་དོ། ༈ །ཐུན་མོང་ནི་སྣོད་ཀྱི་འཇིག་རྟེན་གྱི་ས་བོན་གང་ཡིན་པའོ། །ཐུན་མིན་སོ་སོ་རང་གི་སྐྱེ་མཆེད་ཀྱི་ས་བོན་གང་ཡིན་པའོ། །ཐུན་མོངས་པ་སྣོད་རྣམས་ཚོར་བ་མེད་པར་འབྱུང་བའི་ས་བོན་ནོ། །ཐུན་མིན་ནི་ཚོར་བཅས་སོ། །གཉེན་པོ་ལམ་བདེན་བྱུང་ན་ཐུན་མིན་ནང་གི་སྐྱེ་མཆེད་དྲུག་གི་ས་བོན་འགགས་ཏེ་མི་མཐུན་པའི་ཕྱོགས་དག་གོ། །ཕྱི་སྣོད་ཐུན་མོང་བ་གཞན་གྱིས་རྣམ་པར་རྟོག་པས་ཡོངས་སུ་ཟིན་པ་ས་དང་ཆུ་སོགས་ལ་ནི་རྣལ་འབྱོར་བ་རྣམས་ཀྱིས་ནམ་མཁའ་ལྟར་དག་པ་སོགས་མཐོང་བ་རྣམ་པར་དག་པར་འགྱུར་ཏེ་མེས་མི་ཚིག་ཆུས་མི་ཁྱེར་སོགས་དང་། ནང་གི་སྐྱེ་མཆེད་ཀྱི་རྣམ་རྟོག་འགགས་པ་རྣལ་འབྱོར་བ་རྣམས་ཀྱི་ནང་གི་མོས་པ་ཐ་དད་པས་དངོས་པོ་གཅིག་ལ་རྡོ་ལའང་གསེར་དངུལ་སོགས་བལྟ་བར་བྱ་བ་ཐ་དད་པ་དམིགས་པ་བཞིན་ནོ། །ཐུན་མོང་གི་རྒྱུ་ལས་བྱུང་བའི་སྣོད་སོགས་ཀྱི་དངོས་པོའི་ཆགས་པའམ་འཆིང་བ་སྤང་དཀའ་དང་། ཡོངས་སུ་ཤེས་པར་བྱ་བ་དཀའ་བར་འདོད། །ཕྱི་རོལ་མཚན་མ་ཆེན་པོ་སྣོད་ཀྱི་དངོས་པོ་ལས། །རྣལ་འབྱོར་པ་ཡི་མོས་པ་ཐ་དད་སེམས། སེམས་ཅན་ཐུན་མོང་གི་ངོར་སྣང་བ་དེ་ནི་འགགས་པར་མ་གྱུར་ཀྱང་། །དག་པ་རྣམས་ཀྱིས་ཇི་ལྟར་མཐོང་བ་དག་ལ། །སངས་རྒྱས་ཀྱི་གཟིགས་པ་རྣམ་པར་དག་ཕྱིར། །སངས་རྒྱས་ཞིང་ནི་རྣམ་པར་དག་པ་ཉིད་དོ། །ཐུན་མིན་གང་ཡིན་པ་ཚོར་བ་དང་བཅས་སུ་འབྱང་བའི་ས་བོན་ཏེ། ཐུན་མོང་དེ་མེད་དུ་ཟིན་ན་སྣོད་ཀྱི་འཇིག་རྟེན། ཐུན་མིན་དེ་མེད་ན་སེམས་ཅན་གྱི་འཇིག་རྟེན་འབྱུང་བའི་བྱེ་བྲག་མི་རུང་ངོ་། ༧ །ཡང་དབྱེ་སྒོ་གཞན། གནས་ངན་ལེན་གྱི་མཚན་ཉིད་ལས་སུ་


MR12_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

མི་རུང་བའོ། །དང་། ཤིན་སྦྱངས་པའི་མཚན་ཉིད་ལས་རུང་ལས། དང་པོ་ཉོན་མོངས་དང་ཉེ་ཉོན་གྱི་ས་བོན། གཉིས་པ་ཟག་བཅས་དགེ་ཆོས་ཀྱི་ས་བོན་ནོ། །དེ་གཉིས་མེད་ན་ཀུན་གཞིའི་རྣམ་སྨིན་གྱི་གནས་ཀྱི་དབང་གིས་ལས་སུ་མི་རུང་བ་དང་ལས་རུང་གི་བྱེ་བྲག་མི་རུང་བར་འགྱུར་རོ། ༧ །ཡང་སྤྱད་ཟིན་དང་། མ་སྤྱད་པའི་མཚན་ཉིད་ནི། དང་པོ་དགེ་མི་དགེའི་རྣམ་སྨིན་སྨིན་ཟིན་དང་། གཉིས་པ་མངོན་བརྗོད་ཀྱི་བག་ཆགས་ཀྱི་ས་བོན་ཏེ། ཐོག་མེད་ནས་སྤྲོས་པ་འབྱུང་བའི་ས་བོན་ནོ། །དེ་མེད་ན་ལས་ཀྱི་རྣམ་སྨིན་སྤྱད་ཟིན་མི་རུང་ལ། མངོན་བརྗོད་ཀྱི་བག་ཆགས་གསར་དུ་འབྱུང་བ་ཡང་མི་རུང་ངོ་། ༧ །ཡང་དཔེའི་མཚན་ཉིད་ནི། ཀུན་གཞིའི་རྣམ་ཤེས་དེ། སྒྱུ་མ་སྨིག་རྒྱུ་རྨི་ལམ། རབ་རིབ་ལྟ་བུའི་སྣང་ནི་སྣང་ཡང་དེ་ལྟར་མེད་པའི་ཕྱིར་རོ། །དེ་ལྟ་བུ་མེད་ན་སྣང་བ་ལྟར་བདེན་པར་འཛིན་པ་ཡང་དག་མིན་པའི་ཀུན་རྟོག་གི་ས་བོན་འཛིན་པའི་ཚུལ་གྱིས་ཀུན་གཞིའི་ཉིད་ཀུན་ཉོན་གཟུང་བ་ཕྱིན་ཅི་ལོག་གི་རྒྱུ་ཉིད་དུ་མི་རུང་ངོ་། །ཡང་ས་བོན་མཐའ་དག་ཉིད་དང་། མཐའ་དག་མིན་པའི་མཚན་ཉིད་དེ། འཆིང་བ་ཀུན་ལྡན་རྣམས་ཀྱི་མཐའ་དག་གོ། །མཐའ་དག་མིན་པ། འཇིག་རྟེན་པའི་ཆགས་བྲལ་རྣམས་ཀྱིས་འཆིང་བ་ཅི་རིགས་ཉམས་པར་བྱས། ཉན་ཐོས་དང་བྱང་སེམས་སློབ་པ་རྣམས་ཀྱིས་ཕྱོགས་གཅིག་བཏོན་བྱས། དགྲ་བཅོམ་དང་རང་རྒྱལ་སངས་རྒྱས་རྣམས་ཀྱིས་ཉོན་སྒྲིབ་མཐའ་དག་བཏོན་པའི་མཚན་ཉིད་དོ། །ཤེས་སྒྲིབ་ཅི་རིགས་དང་། སངས་རྒྱས་ཀྱིས་སྒྲིབ་གཉིས་མཐའ་དག་བཏོན་པའོ། །དེ་མེད་ན། ཀུན་ཉོན་རིམ་གྱིས་ལྡོག་པར་


MR12_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

མི་རུང་ངོ་། ༧ །ཅིའི་ཕྱིར་དགེ་མི་དགེའི་ཆོས་རྣམས་ཀྱི་རྣམ་པར་སྨིན་པ་མ་བསྒྲིབ་ལུང་མ་བསྟན་པའི་རྣམ་པར་སྨིན་པ་ཞེས་བྱ་ན། འདི་ལྟར་མ་བསྒྲིབ་ལུང་མ་བསྟན་ནི། དགེ་མི་དགེ་གང་དང་ཡང་འགལ་བ་མེད་དེ།དགེ་མི་དགེ་ནི་ཕན་ཚུན་མི་མཐུན་ནོ། །རྣམ་སྨིན་དེ་ཡང་དགེ་མི་དགེར་འགྱུར་ན་ཀུན་ཉོན་ལྡོག་པར་མི་རུང་ངོ་། །དེ་བས་ན་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ནི་མ་བསྒྲིབ་ལུང་དུ་མ་བསྟན་པ་ཉིད་དོ། །ཤེས་བྱའི་གནས་བཤད་ཟིན་ཏོ། །༈ །།ཤེས་བྱའི་མཚན་ཉིད་ནི། གཞན་དབང་གི་མཚན་གཟུང་འཛིན་དུ་རྟོག་པ་ལས་ཉོན་གྱི་གཞན་དབང་ཅན་ཉིད་དང་། གཟུང་འཛིན་དང་བདག་གཉིས་སུ་བཏགས་པ་དོན་ལ་མེད་པ་ཀུན་བརྟགས་པའི་མཚན་ཉིད་དང་། ཀུན་ཏུ་བཏགས་ཀྱང་དེ་མ་གྲུབ་པ་ཡོངས་སུ་གྲུབ་པའི་མཚན་ཉིད་གསུམ་མོ། །གཞན་དབང་ནི། གང་ཀུན་གཞིའི་རྣམ་ཤེས་ཀྱི་ས་བོན་ཅན། ཡང་དག་མིན་པའི་ཀུན་རྟོག་གིས་བསྡུས་པའི་རྣམ་རིག་སྟེ། དེ་ཡང་ལུས་དབང་པོ་གཟུགས་ཅན་དང་། ལུས་ཅན་ཉོན་ཡིད་དང་།ཟ་བ་པོའི་རྣམ་པར་རིག་པ་ཡིད་ཤེས་དང་། ཕྱིའི་སྐྱེ་མཆེད་དེའི་ཉེ་བར་སྤྱད་བྱའི་རྣམ་རིག་དང་། རྣམ་ཤེས་ལྔ་པོ་དེ་ལ་ཉེ་བར་སྤྱོད་པའི་རྣམ་རིག་དང་། དུས་གསུམ་དུས་ཀྱི་རྣམ་རིག་དང་། གཅིག་སོགས་གྲངས་ཀྱི་རྣམ་རིག་དང་། གྲོང་སོགས་ཡུལ་གྱི་རྣམ་རིག་དང་། མཐོང་ཐོས་སོགས་གཞི་ཐ་སྙད་ཀྱི་རྣམ་པར་རིག་པ་དང་། ངའོ་ངའི་འོ་ཞེས་བདག་དང་དེ་མིན་ལ་གཞན་གྱི་བྱེ་བྲག་གི་རྣམ་རིག་དང་། ལྷ་མི་བདེ་འགྲོ་ངན་སོང་གསུམ་ངན་འགྲོའི་འཆི་འཕོ་བ་དང་སྐྱེ་བའི་རྣམ་པར་རིག་པའོ། །དེ་ལ་ལུས་


MR12_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལུས་ཅན་ཟ་པ་པོའི་རྣམ་རིག་དང་། དེས་སྐྱེད་བྱ། དེ་ལ་སྤྱོད་པ། དུས་གྲངས། ཐ་སྙད་ཀྱི་རྣམ་རིག་གང་ཡིན་པ། མངོན་པར་བརྗོད་པའི་བག་ཆགས་ཀྱི་ས་བོན་ལས་བྱུང་བའི་ཕྱིར་རོ། །ངའོ་ངའི་འོ་གཞན་ནོ་ཞེས་བདག་གཞན་གྱི་བྱེ་བྲག་གི་རྣམ་རིག་བདག་ལྟའི་བག་ཆགས་ཀྱི་ས་བོན་ལས་སོ། །བདེ་འགྲོ་ངན་འགྲོའི་འཕོ་སྐྱེའི་རྣམ་རིག །རྟེན་འབྲེལ་བཅུ་གཉིས་ཀྱི་སྲིད་པའི་ཡན་ལག་གི་བག་ཆགས་ཀྱི་ས་བོན་ལས་སོ། །རྣམ་རིག་འདི་རྣམས་ཀྱིས་ཁམས་དང་འགྲོ་བ་སྐྱེ་གནས་ཐམས་ཅད་བསྡུས་པ་གཞན་དབང་གི་མཚན་ཉིད་སེམས་ཀྱི་སྣང་བར་སྨིག་རྒྱུ་ཆུར་སྣང་བའི་གཟུགས་འཛིན་གཉིས་སུ་སྣང་བ་ལྟ་བུ་གཞན་དབང་། ཆུར་སྣང་བ་ཆུ་དངོས་སུ་བཟུང་སྟེ་དེར་བཏགས་པ་ཀུན་བརྟགས། ཆུ་དེ་ནི་གཏན་བྲལ་བ་ཡོངས་གྲུབ་ལྟ་བུའོ་ཡང་དག་མིན་པའི་ཀུན་རྟོག་སྣང་ཚུལ་གྱི་ངོས་ནས་བསྟན་ནོ། །ཇི་སྐད་སྨོས་པའི་རྣམ་རིག་འདི་རྣམས་ཀྱི་རྣམ་པར་རིག་པ་ཙམ་ལོག་པར་ཡོངས་སུ་རྟོག་པ་ཉིད་གཟུང་འཛིན་གྱི་དངོས་པོར་བཞག་ནས་ཡང་དག་མིན་རྟོག་གིས་བསྡུས་པ་ཕྱི་དོན་ཡོད་པ་མ་ཡིན་པ་དང་། དེར་སྣང་བའི་རྣམ་རིག་ནོར་བའི་དོན་སྣང་བའི་གནས་གང་ཡིན་པ་འདི་ནི་སྣང་བ་ལ་དེ་ལྟར་གྲུབ་པའི་གཞན་དབང་གི་མཚན་ཉིད་དོ། ༧ །ཀུན་བརྟགས་ནི་གཟུགས་སོགས་དོན་མེད་ཀྱང་རྣམ་རིག་ཙམ་དོན་དུ་སྣང་བའོ་ལ་དོན་དུ་ཡོད་པར་བརྟགས་པའོ། ༧ །ཡོངས་གྲུབ་ནི། གཞན་དབང་གི་མཚན་ཉིད་དེ་ལ་སེམས་ལས་གཞན་པའི་དོན་གྱི་མཚན་ཉིད་དེ་གཏན་མེད་པའོ། །རྣམ་པར་རྟོག་པས་བརྟགས་པའི་དོན། །ཀུན་ཏུ་བརྟགས་པའི་ངོ་བོ་ཉིད། །རྣམ་པར་རྟོག་པ་གཞན་གྱི་དབང་། །དེ་ཡི་སྟོང་ཉིད་ཡོངས་སུ་གྲུབ། །ཅེས་སོ། ༧ །ལུས་


MR12_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཅན་ཟ་བ་པོའི་རྣམ་རིག་ནི་མིག་སོགས་ནང་གི་ཁམས་དྲུག་གོ། །དེས་སྤྱད་བྱའི་རྣམ་རིག་གཟུགས་སོགས་ཕྱིའི་ཁམས་དྲུག དེ་ལ་སྤྱོད་པའི་རྣམ་རིག་མིག་ཤེས་སོགས་ཁམས་དྲུག །རྣམ་རིག་ལྷག་མ་རྣམས་རྣམ་རིག་འདི་དག་གི་རབ་ཏུ་དབྱེ་བར་རིག་པར་བྱའོ། །རྣམ་རིག་འདི་དག་ལས་གཞན་པའི་ཕྱི་དོན་མེད་ཕྱིར་རྣམ་རིག་ཙམ་མོ། །འདི་ལ་དཔེ་ཅི་ཡོད་ཅེ་ན། རྨི་ལམ་སོགས་བཞིན་ཏེ། རྨི་ལམ་ན་དོན་མེད་པར་རྣམ་ཤེས་ཙམ་ཉིད། གཟུགས་སྒྲ་དྲི་རོ་རེག་བྱ། ཁང་ཁྱིམ་ནགས་ཚལ་ས་དང་རི་སོགས་དོན་སྣ་ཚོགས་ཀྱི་རྣམ་པར་སྣང་བ་བཞིན་དུ་ཐམས་ཅད་རྣམ་རིག་ཙམ་དུ་ཁོང་དུ་ཆུད་པར་བྱའོ། །སོགས་སྒྲས། སྒྱུ་མ་སྨིག་རྒྱུ་རབ་རིབ་ཀྱང་ངོ་། །གལ་ཏེ་རྨི་ལམ་ལ་སོགས་པ་བཞིན་དུ་སད་དུས་ཀྱང་ཐམས་ཅད་རྣམ་རིག་ཙམ་དུ་ཟད་ན། རྨི་ལམ་ལ་རྣམ་རིག་ཙམ་དུ་ཤེས་པ་བཞིན་སད་དུས་ཀྱང་དེ་ལྟར་ཅིས་མི་ཤེས་ཞེ་ན། དེ་ཁོ་ན་ཉིད་ཤེས་པས་གཏི་མུག་ལས་སད་པ་རྣམས་ལ་དེ་ལྟར་ཤེས་པ་འབྱུང་སྟེ། རྨི་ལམ་རྨིས་བཞིན་མ་སད་པ་ལ་མི་འབྱུང་གི་སད་པ་ལ་འབྱུང་བ་བཞིན་ནོ། །དེ་ཉིད་ཤེས་ནས་མ་སད་པ་རྣམས་ཀྱིས་རྣམ་རིག་ཙམ་དུ་ཇི་ལྟར་རྗེས་སུ་དཔག་པར་བྱ་ཞེ་ན། ལུང་དང་རིགས་པས་ཏེ། ལུང་ནི་བཅོམ་ལྡན་འདས་ཀྱིས་མདོ་སྡེ་ས་བཅུ་པར།ཁམས་གསུམ་པ་འདི་ནི་སེམས་ཙམ་མོ་ཞེས་དང་། དགོངས་འགྲེལ་ལས། བྱམས་པས་ཞུས་ནས་བཀའ་སྩལ་པ། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་དེ་སེམས་ལས་ཐ་དད་མ་ཡིན་ཏེ་རྣམ་ཤེས་ནི་དམིགས་པ་རྣམ་པར་རིག་པ་ལ་


MR12_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་གྱིས་རབ་ཏུ་ཕྱེ་བ་ཅན་ཡིན་ནོ་ཞེས་དང་། དེ་ཐ་དད་མིན་ན་སེམས་དེས་སེམས་དེ་ཇི་ལྟར་འཛིན་ཞེས་ཞུས་པར། བྱམས་པ་ཡང་དག་པར་ན་ཆོས་གང་ཡང་ཆོས་གང་ལ་མི་འཛིན་མོད་ཀྱི། འོན་ཀྱང་རྣམ་པ་གང་ཡིན་དེར་དེ་ལྟར་སྐྱེས་པའི་སེམས་གང་ཡིན་པ་དེ་ནི་དེ་ལྟར་སྣང་ངོ་། །ཞེས་དང་། དེའི་དཔེར་ནང་གི་གཟུགས་ཀྱི་རྐྱེན་བྱས་ཏེ་མེ་ལོང་ལས་གཟུགས་ཉིད་མཐོང་ཡང་། གཟུགས་བརྙན་མཐོང་ངོ་སྙམ་དུ་སེམས། དེ་ལ་ནི་གཟུགས་དེ་དང་གཟུགས་བརྙན་སྣང་བ་དེ་དོན་ཐ་དད་པར་སྣང་ངོ་དེ་ལ་གཟུགས་བརྙན་ཉིད་མེད་པས་ཐ་དད་དུ་མིན་ནོ། །དེ་བཞིན་དེ་ལྟར་སྐྱེས་པའི་སེམས་དེ་ཡང་དེ་ལས་དོན་ཐ་དད་པར་སྣང་ངོ་། །ཞེས་ལུང་འདིས་རིགས་པ་ཡང་བསྟན་པ་ཡིན་ནོ། །མཉམ་བཞག་གི་སེམས་ལ་ཤེས་བྱའི་གཟུགས་བརྙན་རྣམ་པར་བསྔོས་པ་སོགས་གང་དང་གང་མཐོང་དེ་ཉིད་རང་གི་སེམས་མཐོང་བ་ལས་དོན་གཞན་མེད་པ་བཞིན། འདིས་གང་སྣང་ཐམས་ཅད་རྣམ་རིག་ཙམ་དུ་དཔག་པར་བྱའོ། །རྣམ་པར་བསྔོས་པ་སོགས་སྔར་མཐོང་བ་དྲན་པའི་ཤེས་པ་ཡིན་པར་མི་རུང་སྟེ། དམིགས་པ་དེ་མངོན་སུམ་པའི་བློས་མདུན་དུ་བཞག་ནས་གསལ་བར་སྣང་བའི་ཕྱིར་རོ། །ཐོས་བསམ་ལས་བྱུང་བའི་བྲན་པའི་རྣམ་ཤེས་ནི་འདས་པ་ལ་དམིགས་པའི་ཕྱིར། འདས་པ་དོན་དུ་མེད་ཀྱང་དེར་སྣང་བའང་རང་རིག་རྣམ་རིག་ཙམ་མོ། །མིག་སོགས་གཟུགས་ཅན་རྣམས་རྣམ་རིག་ཙམ་ཡིན་ན། དེ་དག་གཟུགས་སུ་མཚུངས་ཤིང་རྒྱུན་བརྟན་པར་ཇི་ལྟར་འཇུག་ཅེ་ན། ཕྱིན་ཅི་ལོག་སོགས་ཀུན་ཉོན་གྱི་གཞི་འམ་རྒྱུ་ཉིད་དུ་གནས་པའི་ཕྱིར་དེ་ལྟར་རྒྱུན་བརྟན་པར་སྣང་ངོ་། །དེ་


MR12_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་མིག་སོགས་རྒྱུན་ཆགས་པ་མིན་ན་ཕྱི་དོན་དུ་སྣང་བ་མི་འབྱུང་ཞིང་། མ་བྱུང་ན་གཟུང་འཛིན་དུ་ཞེན་པའི་སྒྲིབ་གཉིས་ཀྱིས་ཉོན་མོངས་བར་མི་འགྱུར་ལ། མ་གྱུར་ན་སྒྲིབ་པ་ལས་གྲོལ་བའམ་རྣམ་བྱང་ཡང་ཡེ་ནས་མེད་པར་འགྱུར་ཏེ། ༧ །དོན་ལ་མེད་ཀྱང་དེ་ལྟར་སྣང་བ་ཡོད་ཕྱིར་འཁྲུལ་གྲོལ་འཐད་དོ། ༧ །འཁྲུལ་བའི་རྒྱུ་དང་འཁྲུལ་བ་ནི། །གཟུགས་སུ་སྣང་བ་ཉིད་ཀྱི་རྣམ་པར་རིག་པར་འདོད། །དེ་འདྲའི་རྣམ་པར་རིག་པ་མེད་ན་ནི། །གཟུགས་ཅན་མིན་པ་འཛིན་པའི་རྣམ་རིག་དང་ཅིག་ཤོས་གཟུགས་ཀྱང་མེད། །ཅི་ཕྱིར་ལུས་ལུས་ཅན་ཟབ་པོའི་རྣམ་རིག་དང་། དེས་སྤྱད་བྱ། དེ་ལ་སྤྱོད་པའི་རྣམ་རིག་རྣམས་ལུས་ཐམས་ཅད་ལ་ལྷན་ཅིག་འབྱུང་ཞིང་འདུས་པར་འབྱུང་ཞེ་ན། གནས་གང་དུ་སྐྱེ་བ་དང་དེའི་ཉེ་བར་སྤྱོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་ལུས་མཐའ་དག་མངོན་པའི་ཕྱིར་རོ། །ཅིའི་ཕྱིར་དུས་ཀྱི་རྣམ་རིག་སོགས་ཇི་སྐད་སྨྲོས་པ་དེ་ལྟར་འབྱུང་ཞེ་ན། ཐོག་མེད་ཀྱི་དུས་ཀྱི་འཁོར་བའི་རྒྱུན་དུས་ཀྱི་རྣམ་རིག་མི་འཆད་པ་དང་། སེམས་ཅན་གྱི་ཁམས་དང་སྣོད་འཇིག་རྟེན་གྱི་ཡུལ་ཁམས་དང་། དེར་ཕན་ཚུན་ཐ་སྙད་ཀྱི་བྱ་བ་སྒྲུབ་པ། ཡོངས་སུ་གཟུང་བ་བདག་གཞན་ཉེ་བར་སྤྱད་པའི་བྱེ་བྲག །བདེ་འགྲོ་ངན་འགྲོའི་ལས་འབྲས་སྨིན་པ་འདོད་མི་འདོད་ལ་སྤྱོད་པའི་བྱེ་བྲག་དང་། སྐྱེ་བ་དང་རྒ་ཤི་འཆི་འཕོ་སྐྱེ་བ་མྱོང་བའི་རབ་དབྱེ་སྟེ་དེ་དག་རེ་རེ་ནས་དཔག་ཏུ་མེད་པའི་ཕྱིར་རོ། །ཇི་ལྟར་རྣམ་རིག་འདི་དག་ལ་རྣམ་པར་རིག་པ་ཙམ་ཉིད་དུ་གནས་པར་འགྱུར་བའི་ཕྱིར་རྣམ་རིག་ཙམ་ཞེས་བརྗོད་ཞེ་ན། མདོར་བསྡུ་ན་རྣམ་པ་གསུམ་གྱིས་ཏེ། དེ་ཙམ་དུ་ཟད་པས་ནི་ཕྱི་དོན་མེད་པ་སྟོན་པ་


MR12_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དེ་ལ་རྒྱས་པར་བྱས་ན་གཞན་གཟུང་རྣམ་དང་འཛིན་རྣམ་གཉིས་སུ་དབྱེ་བ་ཉིད་ཀྱིས་རྣམ་པར་རིག་པ་དེ་ཡང་ཡུལ་ཉིད་རྒྱུ་མཚན་དང་། ཡུལ་ཅན་གྱི་འཛིན་པའམ་ལྟ་བ་དང་བཅས་པའི་ཕྱིར་རོ། །ཆོས་སྣ་ཚོགས་ཅིག་ཅར་འབྱུང་བས་ནི་དུ་མ་སྣ་ཚོགས་ཀྱི་རྣམ་པར་འབྱུང་བའི་ཕྱིར་ཏེ། དེ་ལྟར་རྣམ་རིག་གཅིག་དང་གཉིས་དང་དུ་མར་སྣང་བ་འདི་དག་ཐམས་ཅད་རྣམ་རིག་ཙམ་ལས་དོན་གཞན་མེད་པ་རྣམ་རིག་གཅིག་པུ་ཙམ་ཡིན་ལ། མིག་སོགས་ལྔའི་རྣམ་རིག་གཟུང་བ་ནི་ཡུལ་གཟུགས་ལ་སོགས་པ་རྒྱུ་མཚན་དུ་བྱས་པ་ཡིན་པ་དང་། དེ་དག་གི་རྣམ་ཤེས་གཟུགས་ལ་ལྟ་བ་ནས་རེག་བྱ་ལ་ལྟ་བ་སྟེ། རྒྱུ་མཚན་དང་ལྟ་བའི་ཆ་གཉིས་དང་བཅས་པའོ་དེའི་ཕྱིར་སྐྱེ་མཆེད་བཅུ་གཉིས་སོ། །ཡིད་ཀྱི་རྣམ་རིག་ནི་མིག་སོགས་ནས་ཆོས་ལ་ཐུག་པའི་བར་གྱི་རྣམ་རིག་ཐམས་ཅད་ཀྱི་རྒྱུ་མཚན་དང་བཅས་ཤིང་། ཡིད་ཤེས་ཀྱི་རྣམ་རིག་ནི་དེ་ཀུན་ལ་ལྟ་བ་དང་བཅས་པ་སྟེ། ཡིད་ཤེས་ནི་རྣམ་པར་རྟོག་པ་དང་། རྣམ་རིག་སྣང་བ་ཐམས་ཅད་ཀྱིས་བསྐྱེད་པའི་ཕྱིར་རོ། །རྣམ་རིག་དེ་ཙམ་དང་མིག་ཤེས་སོགས་གཉིས་དང་སྣ་ཚོགས་ཉིད་ཀྱི་སེམས་ཙམ་གྱི་དོན། །རྣལ་འབྱོར་བ་རྣམས་རྟོགས་པར་འདོད། །དེ་ལྟ་བུའི་སེམས་ཙམ་ལ་ནི་ཞུགས་གྱུར་པ། །ཡུལ་དེ་དང་བྲལ་ན་དེ་ཕྱིར་སེམས་དེ་ཡང་དམིགས་སུ་མེད་དོ། །གཟུང་འཛིན་བྲལ་བའི་སོ་སོ་རང་རིག་གི་གནས་སོ། ༧ །བྱང་སེམས་རྣམ་ཤེས་ཚོགས་གཅིག་པར་སྨྲ་བ་ཁ་ཅིག་གིས་ཡིད་ཤེས་དེ་ཉིད་མིག་སོགས་རྟེན་དེ་དང་དེ་ནས་བྱུང་བ་ན་མིག་ཤེས་སོགས་དེ་དེའི་མིང་ཐོབ་སྟེ། སེམས་པ་གཅིག་པུ་ལ་ལུས་དང་ངག་གི་ལས་ཞེས་བྱ་བ་བཞིན་ནོ་སྙམ་དུ་འདོད་དོ། །དེ་བཞིན་ཉོན་མོངས་ཅན་དུ་གྱུར་


MR12_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཉོན་ཡིད་ཅེས་སོ་ཞེ་ན། ལན་བཏབ་པ། མིག་སོགས་རྟེན་ཐམས་ཅད་དུ་ཡིད་ཤེས་དེ་འབྱུང་བ་སྣ་ཚོགས་ཀྱི་རྣམ་པས་གཉིས་སུ་སྣང་བ་འབྱུང་སྟེ། གང་ཞེ་ན་དེ་ནི་དོན་ཙམ་དུ་སྣང་བ་གཟུང་བ་དང་། དེ་འཛིན་པའི་རྣམ་པར་རྟོག་པར་སྣང་བའི་ཕྱིར་རོ། །དེས་ན་དེ་མི་རྟོག་པའི་སྐྱོན་མེད་དོ། །གཟུགས་ཁམས་ན་ཡིད་ཤེས་ལུས་ལ་གནས་པའི་ཕྱིར། ཁམས་དེ་ལས་གཞན་པའི་དབང་པོ་གཟུགས་ཅན་མིག་སོགས་ལུས་ལ་གནས་པ་བཞིན་དུ་གནས་ཐམས་ཅད་དུ་རེག་བྱ་ལ་འཛིན་པར་སྣང་བའང་འབྱུང་ངོ་མཉམ་པར་བཞག་པ་ཁོང་ལྕི་བ་དང་། ཡང་ན་མྱོང་བ་གཅོད་པས་སོ། །གཅིག་པུར་སྨྲ་བའི་བྱང་ཆུབ་སེམས་དཔས་ལུང་ཁུང་སྨོས་པ་གང་ཞིག་ཁོག་པ་གཟུགས་ཅན་གྱི་ལུས་མེད་ཕུག་ལུས་ཀྱི་ནང་ན་གནས་ཤིང་། །ཉེ་བ་མིན་པའི་ཡུལ་ཤེས་བྱ་ཐམས་ཅད་ལ་རིང་དུ་འགྲོ་ལ་གཅིག་པུར་རྒྱུ་སྟེ་གཉིས་པ་མེད་པས་སོ། །གདུལ་བར་དཀའ་བའི་དམུ་རྒོད་དེ་བཟུང་དཀའ་བས་སེམས་འདུལ་དེས་དབང་དུ་བྱེད་པ། དེ་ནི་དོན་དམ་པའི་བྲམ་ཟེར་སངས་རྒྱས་ངས་བཤད་དོ། །ལུང་གཉིས་པ་ཡང་དབང་ལྔའི་སྤྱོད་ཡུལ་ཡིད་ཀྱིས་མྱོང་སྟེ། ཡིད་ནི་འདི་དག་གི་རྟོན་པའོ་རྟོན་པ་ནི་དེའི་དབང་གིས་འགྲུབ་པས་སོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །ཡང་ལུང་གསུམ་པ་སྨོས་པ་སྐྱེ་མཆེད་བཅུ་གཉིས་བསྟན་པ་ལས། རྣམ་པར་ཤེས་པའི་ཚོགས་དྲུག་ནི་ཡིད་ཀྱི་སྐྱེ་མཆེད་དོ་ཞེས་གསུངས་པ་ལྟ་བུའོ། ༧ །གང་དུ་ཀུན་གཞིའི་རྣམ་རིག་ནི། དོན་གྱི་རྣམ་རིག་རྣམ་པར་འཇོག་པ་དེར་ཡང་། དེ་ལས་གཞན་པའི་ལུས་སོགས་ཀྱི་རྣམ་རིག་ཐམས་ཅད་ནི་ཀུན་ཤེས་དེའི་རྒྱུ་མཚན་གྱིའམ་དམིགས་པའི་རྣམ་རིག་གོ། འདས་མ་ཐག་པའི་ཡིད་དང་


MR12_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཤེས་ཀྱི་རྣམ་རིག་རྟེན་ཉོན་ཡིད་དང་བཅས་ནི་ཀུན་གཞིའི་རྣམ་ཤེས་དེའི་ལྟ་བ་ཡིན་པར་རིག་པར་བྱའོ། །དེ་ལྟར་རྣམ་པར་རིག་པ་རྒྱུ་མཚན་དུ་གྱུར་པ་དེ་ཉིད་དེའི་ལྟ་བ་འབྱུང་བའི་རྒྱུ་མཚན་ཡིན་པའི་ཕྱིར། ཇི་ལྟར་དོན་ལས་དེ་འཛིན་འབྱུང་བ་བཞིན་མིག་སོགས་རྣམ་རིག་དོན་ལྟར་སྣང་བའི་རྒྱུ་མཚན་དེ་སྣང་བ་ན་དེ་འཛིན་ཡིད་ཤེས་ལྟ་བ་དང་རྩ་བའི་རྣམ་ཤེས་དེ་འབྱུང་བའི་རྟེན་གྱི་བྱ་བ་བྱེད་དོ། །དེ་ལྟར་ན་རྣམ་རིག་འདི་དག་ཐམས་ཅད་ནི་རྣམ་པར་རིག་པ་ཙམ་ཉིད་དུ་གནས་པ་ཡིན་ནོ། ༧ །ཇི་ལྟར་དོན་དངོས་སུ་སྣང་བཞིན་དེ་མེད་པར་ལྟ་ཞེ་ན། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་རྣམ་པར་རིག་པ་ཐམས་ཅད་ཀྱི་དོན་མེད་པར་ཁོང་དུ་ཆུད་པར་འགྱུར་གསུངས་པའི་དོན། དང་པོ་རྣམ་ཤེས་མི་མཐུན་པའི་རྒྱུ་མཚན་ཉིད་ཤེས་པས་ནི། དཔེར་ན་ཆུ་གཅིག་ལ་ཡི་དྭགས་རྣག་ཁྲག་དུད་འགྲོ་དང་མི་ཆུ་དང་ལྷ་རྣམས་ཀྱིས་བདུད་རྩི་སོགས་དངོས་པོ་གཅིག་ལ་སོ་སོའི་རྣམ་རིག་ཐ་དད་པ་མཐོང་བ་ལྟ་བུ་དང་། གཉིས་པ་དོན་ནམ་དམིགས་པ་མེད་པའི་རྣམ་རིག་དམིགས་པས་ནི། དཔེར་ན། འདས་པ་དང་། མ་འོངས་པ་དང་། རྨི་ལམ་དང་། གཟུགས་བརྙན་ལ་དམིགས་པ་ལྟ་བུ་དང་སྟེ་དེ་དག་རྣམ་རིག་ལས་ཐ་དད་པའི་དོན་མེད་པས་སོ། །འབར་པ་མེད་པར་ཡང་ཕྱིན་ཅི་ལོག་མེད་པར་འགྱུར་བ་ཤེས་པས་ནི། གལ་ཏེ་ཇི་ལྟར་དམིགས་པ་བཞིན། །དོན་རྣམས་ཡང་དག་ཉིད་རྟོགས་ན། །ཡང་དག་མཐོང་བས་ལུས་ཅན་རྣམས། །འབད་པ་མེད་པར་གྲོལ་བར་འགྱུར། །དོན་ཡོད་ན་དོན་དུ་དམིགས་པའི་རྣམ་ཤེས་ཀྱིས་འབད་མེད་དུ་དེ་ཁོ་ན་ཉིད་དུ་ཤེས་པའི་ཕྱིར། སེམས་ཅན་སུ་ཡང་ཕྱིན་


MR12_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ལོག་མེད་པར་འགྱུར་བ་དང་། རྣམ་པར་ཤེས་པ་གསུམ་གྱི་རྗེས་སུ་མཐུན་པར་ཤེས་པས་ནི། འདི་ལྟར་བྱང་སེམས་དང་། བསམ་གཏན་པ་ཉན་རང་སོགས་སེམས་ལ་དབང་ཐོབ་པ་རྣམས་ལ་རང་གི་སེམས་ཀྱི་མོས་པའི་དབང་གིས། དེ་ལྟ་དེ་ལྟར་ས་གསེར་དུ་སྣང་། ཆུ་སར་སྣང་བ་སོགས་དོན་དེ་སྣང་བ་དང་༡། ཞི་གནས་ཀྱི་ཏིང་འཛིན་ཐོབ་པའི་ཞི་ལྷག་དང་ལྡན་པའི་རྣལ་འབྱོར་བ། མདོ་སྔགས་སོགས་ཀྱི་ཆོས་ལ་བསམ་སྟེ་ཤེས་རབ་ཀྱིས་ལྷག་མཐོང་ལ་བརྩོན་པ་རྣམས་ལ་མི་རྟག་སོགས་དུ་མའི་རྣམ་པར་ཡིད་ལ་བྱེད་པ་ཙམ་དུ་དོན་སྣང་བ་ད ང༢་། རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་ནས་དེ་ལ་གནས་པ་རྣམས་ལ་དོན་ཐམས་ཅད་མི་སྣང་ངོ་སྟེ་དོན་ཡོད་ན་དེ་ལ་མི་སྣང་བར་མི་འགྱུར་རོ་ཞེས་གསུངས་པ་ལྟ་བུ་སྟེ། དེ་ལྟར་བཤད་མ་ཐག་པ་དོན་ཤེས་པ་རྣམ་པ་གསུམ་གྱི་རྗེས་སུ་མཐུན་པ་དང༣་། གཏན་ཚིགས་གོང་མ་རྣམས་ཀྱིས་སེམས་ལས་གཞན་པའི་དོན་མེད་པར་ཐམས་ཅད་རྣམ་རིག་ཙམ་དུ་གྲུབ་བོ། ༧ །ཡི་དྭགས་དུད་འགྲོ་མི་རྣམས་དང་། །ལྷ་རྣམས་ཇི་ལྟར་རིགས་རིགས་སུ། །ཆུ་གཅིག་ལ་ཡི་དྭགས་ཀྱིས་རྣག་ཁྲག །མིས་ཆུ་དང་། དུད་འགྲོས་བཏུང་བ། ལྷ་རྣམས་ཀྱིས་བདུད་རྩི་ནམ་མཁའ་མཐའ་ཡས་ནམ་མཁའ་ལྟ་བུ་དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་རང་ཉིད་ཀྱི་ངོ་བོས་མ་གྲུབ་པར་འདོད་པ་ཡིན། །འདས་སོགས་མ་འོངས་དམིགས་དེ་བཞིན་རྨི་ལམ་དང་། །གཟུགས་བརྙན་རྣམ་པ་གཉིས་ལ་ཡང་། །དམིགས་པ་ཡོད་པ་མ་ཡིན་པས། །དེ་ལ་དམིགས་པར་རུང་ཕྱིར་རོ། །དོན་ནི་དོན་དེ་ཉིད་དུ་དོན་དམ་པར་གྲུབ་གྱུར་ན། དེའི་ཡུལ་ཅན་གྱི་ཤེས་


MR12_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་དེ་དེའི་རྣམ་པར་རྟོག་པ་མེད་མི་འགྱུར། །རྣམ་རྟོག་མེད་པ་དེ་མེད་པས་ན་སངས་རྒྱས་ཉིད། །འཐོབ་པར་འཐད་པ་མ་ཡིན་ནོ་རྣམ་པར་མི་རྟོག་པའི་ཡེ་ཤེས་གཟུང་འཛིན་མེད་པ་མི་སྲིད་པས་སོ། །བྱང་ཆུབ་སེམས་དཔའ་དབང་ཐོབ་དང་། །རྣལ་འབྱོར་བ་ལ་འདི་ལྟར་ཡང་། །མོས་པའི་དབང་གིས་ས་ལ་སོགས། །དངོས་པོ་དེ་ལྟར་དམིགས་པར་འགྱུར། །འདི་ལ་སུ་ཞིག་བློ་ལྡན་ཞིང་། །རྣམ་རྟོག་ཞི་བ་གྲུབ་པ་ཐོབ་པ་ཡི། །ཆོས་ཀུན་ཡིད་ལ་བྱེད་པ་ལ། །ཡིད་ལ་གང་བྱས་དེ་ལྟར་དོན་རྣམས་སྣང་ཕྱིར་དང་། །མི་རྟོག་ཡེ་ཤེས་རྒྱུ་བ་ལ། །དོན་ཀུན་སྣང་བ་མེད་ཕྱིར་ཡང་། །དོན་མེད་ཁོང་དུ་ཆུད་པར་བྱ། །དེ་གཟུང་བ་དེ་མེད་པས་ན་དེ་འཛིན་པའི་རྣམ་རིག་ཀྱང་མེད་དོ། །དེའི་ཕྱིར་གཟུང་འཛིན་མེད་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་གྲུབ་བོ། ༧ །གལ་ཏེ་རྣམ་རིག་ཙམ་དོན་སྣང་བའི་གནས་སུ་གྱུར་པ་གཞན་དབང་གི་ངོ་བོ་ཉིད་ཡིན་ན། དེ་ཇི་ལྟར་གཞན་གྱི་དབང་ཡིན་ཤེས་པར་བྱ་བ་དང་ཅིའི་ཕྱིར་གཞན་དབང་ཞེས་མིང་དེ་སྐད་བརྗོད་པར་བྱ་ཞེ་ན། རང་གི་བག་ཆགས་ཀྱི་ས་བོན་གཞན་ལས་སྐྱེས་ཕྱིར་གཞན་དབང་དང་། སྐྱེས་ནས་སྐད་ཅིག་གིས་འགག་པས་གཞན་དབང་ཞེས་བྱའོ་རང་དབང་གིས་མ་སྐྱེས། རང་དབང་དུ་མི་གནས། རྒྱུའི་སྟོབས་ཀྱིས་བྱུང་ཞིང་འགགས་པས་སོ། །གལ་ཏེ་དེ་ལ་གནས་པའི་དོན་མེད་བཞིན་སྣང་བ་ཀུན་བརྟགས་པའི་ངོ་བོ་ཉིད་ཡིན་ན། ཇི་ལྟར་ཀུན་བརྟགས་ཡིན་ལ། ཅིའི་ཕྱིར་ཀུན་བརྟགས་ཞེས་བྱ་ཞེ་ན། ཡིད་ཤེས་ཀུན་རྟོག་དཔག་ཏུ་མེད་ཀྱི་རྣམ་པ་ཅན་གྱི་ཕྱིན་ཅི་ལོག་འབྱུང་བའི་རྒྱུ་མཚན་ཅན་ཡིན་པས་ཀུན་བརྟགས་


MR12_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ལ། རང་གི་མཚན་ཉིད་མེད་ལ་བློའི་ཀུན་རྟོག་ཙམ་དུ་དམིགས་པས་ཀུན་བརྟགས་ཞེས་བརྗོད་དོ། །གལ་ཏེ་ཀུན་བརྟགས་དེ་གཏན་མེད་པའི་མཚན་ཉིད་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡིན་ན། ཇི་ལྟར་ཡོངས་སུ་གྲུབ་ལ། ཅིའི་ཕྱིར་ཡོངས་གྲུབ་ཅེས་བྱ་ཞེ་ན། དེ་ལས་གཞན་དུ་མི་འགྱུར་བའི་ཕྱིར་ཡོངས་སུ་གྲུབ་པའོ། །རྣམ་པར་དག་པའི་དམིགས་པ་ཡིན་པ་དང་། དགེ་ཆོས་ཀུན་གྱི་མཆོག་ཡིན་པས་ན་མཆོག་གི་དོན་གྱིས་ཡོངས་གྲུབ་ཅེས་བྱའོ། །དོན་གསང་ལས། ཀུན་བརྟགས་ནི་སོ་སོའི་སྐྱེ་བོའང་ཤེས་པར་བྱ་བ་ཁོ་ན་སྟེ། དེ་ནི་གཅིག་ཏུ་མངོན་པར་ཞེན་པའི་ཕྱིར་རོ། །རྣམ་པར་གཏན་ལ་དབབ་པ་ལས། བརྟགས་པ་ནི་ཤེས་པ་གང་གིས་དམིགས་པ་མ་ཡིན་ནོ་ཞེས་གསུངས། མེད་པའི་ཕྱིར་གང་གི་རྟེན་དུ་མི་འགྱུར་བའི་དོན་ཡིན་གྱི་སྒྲོ་བཏགས་པར་ཡང་ཡུལ་དུ་མི་འགྱུར་བ་མ་ཡིན་ཏེ། འདི་ལྟར་ལུང་དེ་ལས་སོ་སོའི་སྐྱེ་བོའི་ཤེས་པས་དམིགས་པའོ་ཞེས་འབྱུང་བ་བཞིན་ནོ། །གཞན་དབང་ནི་འཇིག་རྟེན་འདས་པའི་རྗེས་ཐོབ། དག་པ་འཇིག་རྟེན་པ་དང་། སོ་སྐྱེས་ཤེས་པས་ཀྱང་རང་རིག་པའི་སྒོ་ནས་ཤེས་བྱ་ཡིན་ནོ། །འོ་ན་ཡོངས་གྲུབ་དེ་མ་མཐོང་བར་གཞན་དབང་མི་མཐོང་ཞེས་འབྱུང་བ་ཅི་ཡོད་ཞེ་ན། དེ་ནི་གཞན་དབང་མ་ལུས་པར་མངོན་སུམ་པ་དགག་པ་ལྟ་བུར་བྱ་བ་ཡིན་པས་ཉེས་པ་མེད་དོ། །རྣམ་པ་གཅིག་ཏུ་ན་སོ་སྐྱེའི་རང་རིག་གིས་བཟུང་ཀྱང་ཀུན་བརྟགས་པས་དབེན་པར་ངེས་པར་མི་བཟུང་བའི་ཕྱིར། གཞན་གྱི་དབང་རང་རིག་པ་ཡོད་ཀྱང་ངེས་པར་མ་ཟིན་པའི་ཕྱིར་ན་ཡང་། ཡོངས་གྲུབ་འདི་མ་མཐོང་བ་ཞེས་སྨྲོས་པ་ཡིན་ནོ། །ཡོངས་སུ་གྲུབ་པ་ནི། ཡུལ་དེ་བཞིན་ཉིད་རྟག་པ་དང་། དེའི་ཡུལ་ཅན་


MR12_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པའི་ཡེ་ཤེས་མི་རྟག་པའི་མཚན་ཉིད་དེ། དེ་ནི་དོན་དམ་པ་དང་རང་རིག་པའི་སྒོ་ནས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ཤེས་པར་བྱ་བ་ཡིན་ནོ་གསུངས། དེ་ཡང་ཀུན་ཏུ་བརྟགས་པར་བྱ་བ་གཞན་དབང་ཐ་སྙད་དུ་ཡོད་པ་ལས་གཞིར་བྱས་པ། བརྟགས་བྱེད་ཐོག་མེད་ནས་མངོན་པར་བརྗོད་པའི་སྤྲོས་པའི་བག་ཆགས་མཐའ་ཡས་པའི་ས་ལས་བྱུང་བ། ཡིད་ཀྱི་རྣམ་ཤེས་གང་ཞིག་བདག་དང་བུམ་སོགས་ཆོས་ཀྱི་རྣམ་པ་མཐའ་ཡས་པའི་སྒོ་ནས་རྣམ་པ་ཐམས་ཅད་དུ་རྟོག་པར་བྱེད་པ་ནི་བརྟགས་བྱ་གཞན་དབང་གི་ཆ་དེ་ལ་ཀུན་ཏུ་རྟོག་པའོ། །དེ་ལྟར་བརྟགས་བྱ་གཞན་དབང་ལ། ཡིད་ཤེས་ཀུན་རྟོག་ཅན་དེས་དེའི་མིང་དུ་དམིགས་ཤིང་མིང་གི་དོན་དེ་དེའི་མཚན་མར་བཟུང་ནས་དེར་མངོན་པར་ཞེན་པས་ངོ་བོ་དང་ཁྱད་པར་བརྗོད་པའི་ངག་ཀུན་ནས་སློང་ཞིང་། མཐོང་ཐོས་བྱེ་བྲག་ཕྱེད་པ་སོགས་སམ་རྣམ་པ་སྣ་ཚོགས་པའི་ཐ་སྙད་བྱེད་ཅིང་། དོན་དུ་མེད་པར་ལ་ཡོད་པར་སྒྲོ་འདོགས་པར་བྱེད་དེ། དེ་ལྟར་བརྟགས་པ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་དོ། །ཅི་ངོ་བོ་ཉིད་གསུམ་པོ་འདི་ཐ་དད་དམ་ཐ་དད་མ་ཡིན་པ་གང་ཡིན་ཞེ་ན། ཐ་དད་དུ་མི་དམིགས་པས་ཐ་དད་ཀྱང་མིན་ལ་ཐ་དད་མིན་པའང་མིན་ཏེ་ཡོད་པ་དང་མེད་པའི་ཕྱིར་ཏེ་དེ་གཉིས་སུ་བརྗོད་བྱ་མིན་ནོ། །རྒྱུ་མཚན་གཞན་ལ་བརྟེན་པའི་རྣམ་གྲངས་ཀྱིས་གཞན་དབང་གི་ངོ་བོ་ཉིད་ལ་ཀུན་བརྟགས་དང་ཡོངས་གྲུབ་ཏུའང་བརྗོད་དེ། ཀུན་རྟོག་གི་རྒྱུ་མཚན་ཡིན་པ་དེས་ཀུན་དུ་བརྟགས་པའི་གཞན་དབང་ལ་ཀུན་བརྟགས་སུ་འོང་། །དེ་ལྟར་བརྟགས་པ་དེ་ལྟར་མ་གྲུབ་པས་ཀུན་བརྟགས་ཀྱི་ཆོས་ཉིད་ལ་


MR12_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་ནས་དེ་ལ་ཡོངས་གྲུབ་ཏུའང་བརྗོད་པ་ཡོད་དོ། །གཞན་དབང་གི་ངོ་བོ་ལ་དབྱེ་བ་དུ་ཡོད་ཅེ་ན། །མདོར་བསྡུ་ན་གཉིས་ཏེ། བག་ཆགས་ཀྱི་ས་བོན་གྱི་རྒྱུ་ལ་རག་ལས་པའི་གཞན་གྱི་དབང་དང་། རྣམ་པར་བརྟགས་ཚེ་ཀུན་ཉོན་དང་རྣམ་བྱང་གི་ངོ་བོ་ཉིད་བརྟགས་བྱ་མིན་ཚེ་མ་གྲུབ་པ་རྣམ་བྱང་དུ་འགྱུར་བས། །གཉིས་ཀར་རག་ལས་པའི་གཞན་དབང་ངོ་། །ཀུན་བརྟགས་ལ་ཡང་བུམ་པ་ལྟ་བུའི་ངོ་བོ་ཉིད་དུ་མིག་སོགས་ཀྱི་དངོས་པོ་ཙམ་ཀུན་ཏུ་རྟོག་པ་དང་། བུམ་པ་རིང་པོ་ལྟ་བུ་ཁྱད་པར་དུ་མིག་མི་རྟག་སོགས་ཁྱད་པར་ཀུན་ཏུ་རྟོག་པས་བཏགས་པ་གཉིས་སོ། །ཡོངས་གྲུབ་ལའང་འགྱུར་མེད་ཡོངས་གྲུབ་རང་བཞིན་གྱིས་ཡོངས་སུ་གྲུབ་པ་རང་བཞིན་རྣམ་དག་གམ་དྲི་བཅས་དེ་བཞིན་ཉིད་དང་། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་རྣམ་པར་དག་པས་ཡོངས་སུ་གྲུབ་པ་དྲི་མེད་དེ་བཞིན་ཉིད་གཉིས་སོ། །ཡང་དབྱེ་སྒོ་གཞན་ཀུན་ཏུ་རྟོག་པ་ནི་རྣམ་པ་བཞི་སྟེ། ངོ་བོ་ཉིད་དུ་ཀུན་ཏུ་རྟོག་པ་དང་། ཁྱད་པར་དུ་ཀུན་ཏུ་རྟོག་པ་དང་། ཐ་སྙད་ལ་བྱང་བ་རྣམས་ཀྱི་ཀུན་ཏུ་རྟོག་པ་མཁས་པ་རྣམས་ཀྱི་ཚིག་སྔོན་དུ་བཏང་ནས་རང་གི་བསམས་པ་བརྗོད་པ་དང་། མ་བྱང་བ་མི་མཁས་པ་རྣམས་ཀྱི་ཀུན་རྟོག་གོ་བ་ལང་སོགས་ཀྱི་སྟེ་དེ་དག་རྣམ་རྟོག་ཀྱང་མིང་བརྗོད་མི་ནུས་སོ། །ཡང་རྣམ་པ་ལྔ་སྟེ། མིང་ལ་བརྟེན་དེ་དོན་གྱི་ངོ་བོ་ཉིད་ལ་ཀུན་ཏུ་རྟོག་པ། མིང་འདིའི་དོན་འདིའོ་ཞེས་རྟོག་པ་དང་། དོན་ལ་བརྟེན་ཏེ་མིང་གི་ངོ་བོ་ཉིད་ལ་ཀུན་ཏུ་རྟོག་པ། དོན་ལྟོ་ལྡིར་བ་འདིའི་མིང་བུམ་པ་ཞེས་པ་འདི་ཡིན་ནོ་སྙམ་པའི་རྟོག་པ་ལྟ་བུའོ། །མིང་ལ་བརྟེན་ཏེ་མིང་གི་ངོ་བོ་ལ་རྟོག་པ་ནི། མིང་བརྗོད་ཀྱང་དེའི་དོན་མ་རྟོགས་ནས་


MR12_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཅིའི་མིང་ཡིན་སྙམ་དུ་རྟོག་པའོ། །དོན་ལ་བརྟེན་ཏེ་དོན་གྱི་ངོ་བོ་ལ་རྟོག་པ་ནི། མིང་མ་ཤེས་པའི་དོན་ལ་ཀུན་ཏུ་རྟོག་པའོ། །མིང་དོན་གཉིས་ཀར་བརྟེན་ཏེ་གཉིས་ཀར་རྟོག་པ་ནི་དོན་འདི་ལྟ་བུའི་བདག་ཉིད་འདིའི་མིང་ནི་འདིའོ་ཞེས་སུ་རྟོག་པའོ། །ཐམས་ཅད་བསྡུ་ན་རྣམ་པར་རྟོག་པ་རྣམ་པ་བཅུ་སྟེ། རྩ་བའི་རྣམ་པར་རྟོག་པ་ནི་འདི་ལྟ་སྟེ་ཀུན་གཞིའི་རྣམ་ཤེས་སོ། །མཚན་མའི་རྣམ་རྟོག་གཟུགས་སོགས་ཀྱི་རྣམ་རིག་གོ་འདི་ཞེས་མཚན་མར་བྱེད་པས་སོ། །མཚན་མར་སྣང་བའི་རྣམ་རྟོག་ནི་རྟེན་དང་བཅས་པའི་མིག་ཤེས་སོགས་དེ་ལས་མཚན་མར་སྣང་བས་གོས་ཀྱི་རྣམ་རིག་གོ། མཚན་མར་འགྱུར་བའི་རྣམ་རྟོག་ནི། ལུས་འགྱུར་བ་རྒ་བ་སོགས་དང་། བདེ་ཚོར་སོགས་དང་། ཆགས་སོགས་དང་། གནོད་པ་དང་དུས་ཀྱི་ཡོངས་སུ་འགྱུར་བ་སོགས་དང་། སེམས་ཅན་དམྱལ་བའི་འགྲོ་བ་སོགས་ངན་སོང་དང་། འདོད་ཁམས་ལ་སོགས་པས་གཟུགས་གཟུགས་མེད་གཉིས་དེ་འགྱུར་བའོ། །མཚན་མར་སྣང་བ་འགྱུར་བའི་རྣམ་རྟོག་ནི། ཇི་སྐད་སྨོས་པའི་འགྱུར་བ་ཉིད་ཀྱིས་མཚན་མར་སྣང་བ་དེ་གཞན་དུ་འགྱུར་བའོ། །གཞན་གྱིས་བསྟན་པའི་རྣམ་རྟོག་ནི། དམ་པ་མིན་པའི་ཆོས་མཉན་པའམ། དམ་པའི་ཆོས་མཉན་པའི་རྗེས་སུ་ཞུགས་པའི་རྣམ་རྟོག་གོ། །ཚུལ་བཞི ན་མིན་པའི་རྣམ་རྟོག་ནི། དམ་པ་མིན་པའི་ཆོས་མཉན་པ་ལས་བྱུང་བ། བསྟན་པ་འདི་ལས་ཕྱི་རོལ་བ་རྣམས་ཀྱི་རྣམ་པར་རྟོག་པ་ལྟ་བུའོ། །ཚུལ་བཞིན་གྱི་རྣམ་རྟོག་ནི། དམ་པའི་ཆོས་མཉན་པ་ལས་བྱུང་བ་ཆོས་འདི་བ་རྣམས་ཀྱི་རྣམ་པར་རྟོག་པའོ། །མངོན་པར་ཞེན་པའི་རྣམ་


MR12_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་ནི། ཚུལ་མིན་ཡིད་བྱེད་ལས་བྱུང་འཇིག་ལྟའི་རྩ་བ་ཅན་གྱི་ལྟ་བར་སོང་བ་ཚངས་པ་དྲ་བའི་མདོ་ལས་གསུངས་པ། སྔོན་དང་ཕྱི་མ་དབུས་ལ་རྟོག་པས་དབྱེ་བ་དྲུག་ཅུ་རྩ་གཉིས་དང་མཚུངས་ལྡན་གྱི་རྣམ་རྟོག་གོ། མི་རྟོག་པའི་ཡེ་ཤེས་ལས་རྣམ་པར་གཡེང་བའི་རྣམ་རྟོག་ནི། བྱང་སེམས་རྣམས་ཀྱི་སྤང་བྱའམ་རྣམ་པར་རྟོག་པ་བཅུ་སྟེ། དངོས་པོ་མེད་པའི་མཚན་མའི་རྣམ་པར་གཡེང་བ་དང་། དངོས་པོའི་མཚན་མའི་རྣམ་པར་གཡེང་བ་དང་། སྒྲོ་འདོགས་པའི་རྣམ་པར་གཡེང་བ་དང་། སྐུར་བ་འདེབས་པའི་རྣམ་པར་གཡེང་བ་དང་། གཅིག་པ་ཉིད་དུ་རྣམ་པར་གཡེང་བ་དང་། ཐ་དད་པ་ཉིད་དུ་རྣམ་པར་གཡེང་བ་དང་། ངོ་བོ་ཉིད་དུ་རྣམ་པར་གཡེང་བ་དང་། ཁྱད་པར་དུ་རྣམ་པར་གཡེང་བ་དང་། མིང་ཇི་ལྟ་བ་བཞིན་དུ་དོན་དུ་རྣམ་པར་གཡེང་བ་དང་། དོན་ཇི་ལྟ་བ་བཞིན་དུ་མིང་དུ་རྣམ་པར་གཡེང་བའོ། །དེ་ལྟར་དངོས་པོ་མེད་པར་རྣམ་པར་རྟོག་པའི་གཉེན་པོའི་དོན་དུ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཉིད་དུ་ཡོད་བཞིན་དུ་ཞེས་སོགས་ཐ་སྙད་དུ་ཡོད་པར་བསྟན་ནས་གསུངས་སོ། །དངོས་རྟོག་གི་གཉེན་པོར་བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་ཞེས་དང་། སྒྲོ་འདོགས་པའི་གཉེན་པོར་བྱང་ཆུབ་སེམས་དཔའི་མིང་ཡང་དག་པ་བརྗེས་སུ་མི་མཐོང་། དེ་བཞིན་ཤེར་ཕྱིན་དང་། སྤྱོད་ཅེས་བྱ་བར་དང་། གཟུགས་ཚོར་འདུ་ཤེས་འདུ་བྱེད་རྣམ་པར་ཤེས་པའི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་ཅིའི་ཕྱིར་ན། འདི་ལྟར་མིང་ནི་ངོ་བོ་ཉིད་ཀྱིས་སྟོང་ངོ་ཞེས་སོགས་གསུངས་སོ། །སྐུར་འདེབས་ཀྱི་གཉེན་པོར་སྟོང་པ་ཉིད་ཀྱིས་ནི་མ་ཡིན་ནོ་ཏེ་སྟོང་པ་ཉིད་ཀྱིས་སྟོང་པར་བྱས་


MR12_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

པ་མིན་ཀྱང་ཆོས་ཉིད་ཡོད་པས་སོ་གསུངས། ཞེས་དང་། གཅིག་པ་ཉིད་དུ་རྟོག་པའི་གཉེན་པོར། གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་གཟུགས་མ་ཡིན་ནོ་ཞེས་སོགས་དག་པ་དང་མ་དག་པ་ལ་དམིགས་པས་སོ་དང་། ཐ་དད་དུ་རྟོག་པའི་གཉེན་པོར། གཟུགས་ནི་སྟོང་པ་ཉིད་ལས་གཞན་པ་ཡང་མ་ཡིན་ཏེ། ཀུན་བཏགས་པའི་གཟུགས་ཉིད་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །ཞེས་དང་། ངོ་བོ་ཉིད་དུ་རྟོག་པའི་གཉེན་པོར། རབ་འབྱོར་འདི་ལྟ་སྟེ་གཟུགས་ཞེས་བྱ་བ་འདི་ནི་མིང་ཙམ་ཞེས་སོགས་སོ་གཟུགས་ཉིད་མི་དམིགས་པའོ། །ཁྱད་པར་དུ་རྟོག་པའི་གཉེན་པོར། གཟུགས་སོགས་ཀྱི་ངོ་བོ་ཉིད་ནི་མ་སྐྱེ་མི་འགག །ཀུན་ནས་ཉོན་མོངས་པ་མ་ཡིན། རྣམ་པར་བྱང་བ་མ་ཡིན་ནོ། །ཞེས་དང་། མིང་ཇི་ལྟ་བ་བཞིན་དོན་དུ་རྟོག་པའི་གཉེན་པོར།མིང་བཅོས་མ་ལ་ཆོས་དེ་དག་སོ་སོར་རྟོག་ནས། མིང་གློ་བུར་གྱིས་རྗེས་སུ་ཐ་སྙད་འདོགས་ཏེ། ཇི་ལྟར་ཇི་ལྟར་རྗེས་སུ་ཐ་སྙད་འདོགས་པ་དེ་ལྟ་དེ་ལྟར་མངོན་པར་ཞེན་ཏོ་ཞེས་དང་། དོན་ཇི་ལྟ་བ་བཞིན་མིང་དུ་རྟོག་པའི་གཉེན་པོར། བྱང་ཆུབ་སེམས་དཔའ་མིང་དེ་དག་ཐམས་ཅད་དོན་ཇི་ལྟ་བ་བཞིན་དུ་ཡང་དག་རྗེས་སུ་མི་མཐོང་ངོ་། །ཡང་དག་པར་རྗེས་སུ་མི་མཐོང་བས་མངོན་པར་ཞེན་པ་མེད་དོ་ཞེས་དོན་ཇི་ལྟ་བ་བཞིན་དུ་ཞེས་བྱ་བར་དགོངས་པའོ། །གཟུགས་ལ་ཇི་ལྟ་བ་དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུ་ཡང་སྦྱར་བར་བྱའོ། །རྣམ་གཡེང་བཅུ་པོ་འདི་དག་གི་གཉེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྟན་ཏེ། དེ་ལྟར་ན་ཤེར་ཕྱིན་གྱི་དོན་མཐའ་དག་མི་མཐུན་པའི་ཕྱོགས་དང་དེའི་གཉེན་པོ་དང་བཅས་པ་འདི་ཉིད་དུ་


MR12_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པར་བྱའོ། །གལ་ཏེ་རྣམ་གྲངས་གཞན་གྱིས་གཞན་དབང་གི་ངོ་བོ་ཉིད། མཚན་ཉིད་གསུམ་ཀར་ཡང་འགྱུར་ན། དེ་གསུམ་ཁྱད་མེད་པར་ཇི་ལྟར་མི་འགྱུར་ཞེ་ན། རྣམ་གྲངས་གང་གིས་གཞན་དབང་ཉིད་ཡིན་པས་ན།དེས་ཀུན་བརྟགས་དང་ཡོངས་གྲུབ་མིན་པ་སོགས། གཞན་གཉིས་ཀར་ཡང་དེ་བཞིན་ནོ། །གཞན་དབང་ཀུན་བརྟགས་པའི་ངོ་བོར་སྣང་བ་དེ་དེའི་བདག་ཉིད་མིན་པར་ཅིས་མངོན་ཞེ་ན། བུམ་སོགས་ཀྱི་མིང་གི་སྔ་རོལ་ན་དེ་དང་དེའི་བློ་སྐྱེ་བ་མེད་པས་དེའི་བདག་ཉིད་དུ་འགལ་བ་དང་། དོན་གཅིག་ལ་ཡང་མིང་མང་པོ་ཡོད་པས་གཞན་དབང་གི་བདག་ཉིད་མང་པོར་ཐལ་བས་འགལ་བ་དང་། མིང་ངེས་པ་མེད་པས་དེའི་ངོ་བོའམ་བདག་འདྲེས་པར་འགལ་བ་ཉིད་ཀྱི་ཕྱིར་ཏེ་འགྲོ་ལྡིང་བ་རྣམས་རྣ་བ་ལ་མིག་ཟེར། འབྲས་ཆན་ལ་ཆོམ་རྐུན་ཟེར། མཆུ་ལ་ཐ་དད་པ་ཟེར་བ་ལྟ་བུའོ། །མིང་དོན་ངོ་བོ་ཉིད་ཀྱིས་གཅིག་ན་རྣ་བ་སོགས་ཀྱི་དོན་འཆོལ་བར་འགྱུར་རིགས་ན་དེ་མི་འཐད་དོ། །མིང་གི་སྔ་རོལ་ན་མིང་དེས་བཏགས་ནས་ཁྱད་པར་དུ་བྱས་པའི་དོན་དེའི་བློ་མེད་པའི་ཕྱིར། མིང་མང་བའི་ཕྱིར་དང་མིང་མ་ངེས་པའི་ཕྱིར། གཞན་དབང་དེ་ཡི་བདག་ཉིད་བདག་མང་པོ་དང་། །བདག་འདྲེས་པར་འགལ་བས་གཞན་དབང་ཀུན་བཏགས་མིན་པར་གྲུབ་པར་འགྱུར། །ཆོས་རྣམས་མེད་ཀྱང་དེར་སྣང་ལ་དམིགས་པ་ཡོད་པ་དང་། །ཀུན་ནས་ཉོན་མོངས་མེད་ཀྱང་ཕྱིས་རྣམ་དག་ཡོད་པ་ནི། །སྒྱུ་མ་ལ་སོགས་མེད་པ་དམིགས་པ་དང་འདྲ་དང་། །དེ་བཞིན་ནམ་མཁའ་སྤྲིན་དང་བཅས་པ་དང་བྲལ་བ་འདྲར་ཤེས་པར་བྱ། ༧ །ཡང་བརྒལ་བ་ཇི་ལྟར་སྣང་བ་དེ་བཞིན་དུ་མེད་དུ་ཟིན་ན། །གཞན་དབང་གི་ངོ་བོ་ཉིད་རྣམ་པ་


MR12_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱིས་དུས་ཐམས་ཅད་དུ་མེད་པར་ཅིས་མི་འགྱུར། གཞན་དབང་དེ་མེད་ན་ཡོངས་སུ་གྲུབ་ཀྱི་ངོ་བོ་ཡང་མེད་དེ་དུས་ཐམས་ཅད་དུ་མེད་པར་ཇི་ལྟར་མི་འགྱུར་ཞེ་ན། གཞན་དབང་དང་ཡོངས་གྲུབ་ཀྱི་ངོ་བོ་ཉིད་མེད་དུ་ཟིན་ན། ཀུན་ཉོན་དང་རྣམ་བྱང་གཏན་མེད་པར་འགྱུར་ན་ཡང་ཀུན་ཉོན་དང་རྣམ་བྱང་དམིགས་པའི་ཕྱིར། ཐམས་ཅད་དུ་མེད་པ་མ་ཡིན་ནོ། །གཞན་གྱི་དབང་དང་ཡོངས་སུ་གྲུབ། །རྣམ་པ་ཀུན་ཏུ་ཡོང་མིན་ན། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་དག །དུས་ཀུན་དུ་ནི་མེད་པར་འགྱུར། ༧ །གཞན་དབང་གི་ངོ་བོ་ཉིད་ཇི་ལྟ་བུར་རིག་པར་བྱ་ཞེ་ན། སྒྱུ་མ་སྨིག་རྒྱུ་རྨི་ལམ་མིག་ཡོར་གཟུགས་བརྙན་བྲག་ཆ་ཆུ་ཟླ་སྤྲུལ་པ་ལྟ་བུར་རིག་པར་བྱའོ། །ཡོངས་གྲུབ་ཀྱི་ངོ་བོ་ཇི་ལྟར་རིག་པར་བྱ་ན། རྣམ་པར་བྱང་བའི་ཆོས་བཞི་བསྟན་པས་རིག་པར་བྱ་སྟེ། རང་བཞིན་གྱི་རྣམ་པར་བྱང་བ་ནི། རང་བཞིན་རྣམ་དག་དེ་བཞིན་ཉིད་གཞན་དུ་མི་འགྱུར་བས་སོ་དང་། ཀུན་བཏགས་མེད་པས་སྟོང་པ་ཉིད་དང་། བདེན་པའི་མཐར་ཐུག་པས་ཡང་དག་པའི་མཐའ་དང་། གཟུགས་སོགས་ཀྱི་མཚན་མ་མེད་པ་དང་། དོན་དམ་པ་ཡེ་ཤེས་མཆོག་གིས་ཐོབ་བྱ་སྟེ། རྣམ་བྱང་གི་ཆོས་རྣམས་ཀྱི་དབྱིངས་དྲུག་ཀྱང་དེ་ཡིན་ནོ། །དྲི་མ་མེད་པར་རྣམ་པར་བྱང་བ་ནི། གློ་བུར་བྲལ་དག་དེ་ཉིད་སྒྲིབ་པ་ཐམས་ཅད་དང་མི་ལྡན་པའོ། །དེ་ཐོབ་པའི་ལམ་རྣམ་པར་བྱང་བ་ནི། རྟོགས་པའི་ཆོས་ཡུལ་བྱང་ཆུབ་དང་ཕྱོགས་མཐུན་གྱི་ཆོས་སུམ་ཅུ་རྩ་བདུན་ཐམས་ཅད་དང་། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའོ། །ལམ་དེ་བསྐྱེད་པའི་ཕྱིར་དམིགས་པ་རྣམ་པར་བྱང་བ་ནི་ཐེག་པ་ཆེན་པོའི་ལུང་གི་ཆོས་བསྟན་པ་སྟེ། འདི་ལྟར་


MR12_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་རྣམ་བྱང་གི་རྒྱུ་ཡིན་པའི་ཕྱིར་ཀུན་བརྟགས་མ་ཡིན་ལ། ཆོས་དབྱིངས་རྣམ་དག་གི་རྒྱུ་མཐུན་ཡིན་པས་གཞན་དབང་མ་ཡིན་ནོ། །རྣམ་པ་བཞི་པོ་འདིས་རྣམ་བྱང་གི་ཆོས་ཀུན་བསྡུས་པ་ཡིན་ནོ། །བྱུང་རྟེན་གཞན་དབང་སྒྱུ་མ་ལ་སོགས་བསྟན། །ཀུན་བརྟགས་ལ་བརྟེན་ནས་དེ་ཡི་ངོ་བོ་ཉིད་མེད་པ་བསྟན། །རྣམ་པར་དག་པ་བཞིར་བརྟེན་ནས། །ཡོངས་སུ་གྲུབ་པ་བསྟན་པ་ཡིན་ཏེ། །དག་པ་དེ་ནི་རང་བཞིན་དང་། །དྲི་མ་མེད་དང་ལམ་དང་དམིགས། །རྣམ་པར་དག་པའི་ཆོས་ཀྱི་རྣམས་ནི། །རྣམ་པ་བཞི་པོས་བསྡུས་པ་ཡིན། །གཞན་དབང་གི་ངོ་བོ་ཉིད་ཅིའི་ཕྱིར་སྒྱུ་མ་ལ་སོགས་པ་ལྟ་བུར་བསྟན་ཞེ་ན། གཞན་དབང་ལ་གཞན་དག་ནོར་བ་ཉིད་དུ་སོམ་ཉི་ཟ་བ་བཟློག་པའི་ཕྱིར་རོ། །དེ་བཤད་པ་ཇི་ལྟར་ཕྱིན་ཅི་ལོག་གམ་ནོར་བའི་སོམ་ཉི་ཟན། གཞན་དག་འདི་སྙམ་དུ་དོན་མེད་པ་ཇི་ལྟར་ཤེས་པའི་སྤྱོད་ཡུལ་དུ་འགྱུར་སྙམ་དུ་སེམས་པ་དེ་དག་གི་སོམ་ཉི་བཟློག་ཕྱིར་སྒྱུ་མ་ལྟ་བུ་ཉིད་དོ་སྒྱུ་མའི་གླང་པོ་མེད་ཀྱང་དམིགས་པ་བཞིན་གཟུགས་སོགས་མེད་ཀྱང་སེམས་ལ་སྣང་ངོ་། །སེམས་སེམས་བྱུང་འབའ་ཞིག་གཟུགས་དོན་མེད་པ་རྣམས་ཇི་ལྟར་དབྱུང་སྙམ་པའི་ཐེ་ཚོམ་བཟློག་ཕྱིར་སྨིག་རྒྱུ་ཆུའི་རྣམ་པར་སྣང་བ་ལྟ་བུ། དོན་མེད་ན་འདོད་པ་དང་མི་འདོད་པའི་ཉེ་བར་སྤྱོད་པ་ཇི་ལྟར་འགྱུར་སྙམ་པ་རྨི་ལམ་ན་འདོད་པའི་དོན་མྱོང་བ། དོན་མེད་ན་ལས་དགེ་མི་དགེའི་འབྲས་བུ་འདོད་པ་དང་མི་འདོད་པ་ཇི་ལྟར་འགྲུབ་སྙམ་པར་གཟུགས་ཀྱི་ཆ་འདྲ་བ་གཟུགས་བརྙན། ཇི་ལྟར་གཟུགས་ཀྱི་དོན་མེད་བཞིན་དུ་གཟུགས་བརྙན་ལ་གཟུགས་ཀྱི་བློ་འབྱུང་ཡང་གཟུགས་ཀྱི་དོན་ཡོད་པ་མིན་པ་བཞིན་ཞེས་དབྱིག་


MR12_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་གསུངས། འདི་ཡང་གཟུགས་དངོས་མེ་ལོང་དེར་སྣང་བ་ལྟ་བུར་བཤད་འདུག །གཟུགས་ཀྱི་ངོ་བོ་ཉིད་སྣང་བའི། གཟུགས་བརྙན་མེད་དེ་གསུངས། རྐྱེན་ལས་དེ་འདྲའི་གཟུགས་ཀྱི་ངོ་བོ་ཉིད་སྣང་ཡང་གཟུགས་གཟུགས་བརྙན་གཉིས་སུ་འཛིན་ནོ། །དོན་མེད་ན་རྣམ་ཤེས་སྣ་ཚོགས་ཇི་ལྟར་འབྱུང་སྙམ་པར་མིག་ཡོར་བག་འདྲ་བའི་རྩེད་མོ་སྣ་ཚོགས་ལྟ་བུ། གྲིབ་མའི་རྩེད་མོ་འདོད་པའི་དབང་གིས་རྣམ་པ་སྣ་ཚོགས་པར་བསྒྱུར་བར་བྱེད་པ་དེ་ན་མིག་ཡོར་གྱི་དོན་མེད་བཞིན་སྣ་ཚོགས་སུ་སྣང་བ་ཞེས་གསུངས། དོན་མེད་པའི་ཐ་སྙད་སྣ་ཚོགས་ཇི་ལྟར་འབྱུང་སྙམ་པར་བྲག་ཆ་ལྟ་བུ། དོན་མེད་ན་ཡང་དག་པའི་ཏིང་འཛིན་གྱི་སྤྱོད་ཡུལ་ཇི་ལྟར་འབྱུང་སྙམ་པར་ཆུ་ཟླ་ལྟ་བུ་ཆུ་དྭང་བ་བཞིན་མི་དྭང་བར་གཟུགས་བརྙན་ལྟ་བུའི་དོན་སྟོན། དོན་མེད་ན་བྱང་སེམས་ཕྱིན་ཅི་མ་ལོག་པ་རྣམས་སེམས་ཅན་གྱི་དོན་བྱ་བ་ཇི་ལྟར་བསྒྲུབ་སྙམ་དུ་སོམ་ཉི་ཟ་བ་བཟློག་ཕྱིར་ལུས་འཛིན་པ་སོགས་ནི་སྤྲུལ་པ་ལྟ་བུ་ཉིད་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་ཅི་ལས་དགོངས་ཏེ་ཚངས་པས་ཞུས་པར། དེ་བཞིན་གཤེགས་པས་འཁོར་བ་ཡང་མི་དམིགས། མྱ་ངན་ལས་འདས་པ་ཡང་མི་དམིགས་ཞེས་བསྟན་ཞེ་ན། གཞན་དབང་གི་ངོ་བོ་ཉིད་ཀུན་ཏུ་བརྟགས་པ་དང་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་འཁོར་བ་དམིགས་ན་དེའི་མྱང་འདས་ཅི་ཞིག་སྟེ་འཁོར་བ་དང་མྱང་འདས་བྱེ་བྲག་མེད་པ་ལས་དགོངས་ནས་བསྟན་ཏེ། འདི་ལྟར་གཞན་དབང་གི་ངོ་བོ་དེ་ཉིད་ཀུན་ཏུ་བརྟགས་པའི་ཆོས་ནི་འཁོར་བའོ། །ཡོངས་སུ་གྲུབ་པའི་ཆོས་ནི་མྱ་ངན་ལས་འདས་པའོ། ༧ །ཆོས་མངོན་པའི་མདོ་ལས། ཆོས་ནི་གསུམ་སྟེ། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། དེ་གཉིས་ཀའི་


MR12_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་གཏོགས་པའོ་ཞེས་གསུངས་པ་ཅི་ལས་དགོངས་ཏེ་གསུངས་ཤེ་ན། གཞན་དབང་གི་ངོ་བོ་ཉིད་ལ་ཀུན་བརྟགས་པའི་ངོ་བོ་ཉིད་ཡོད་པ་ནི་ཀུན་ཉོན་གྱི་ཆར་གཏོགས་ལ། ཡོངས་གྲུབ་ཀྱི་ངོ་བོ་ཉིད་ཡོད་པ་རྣམ་བྱང་གི་ཆར་གཏོགས་པས་གཞན་དབང་ནི་དེ་ལྟར་གཉིས་ཀའི་ཆར་གཏོགས་པའོ། །འདི་ལ་དཔེ་ནི། ས་ཁོང་ན་གསེར་ཡོད་པ་ལ་ནི་འབྱུང་བ་སའི་ཁམས་སྲབ་དང་འབྱུང་གྱུར་ས་ནི་ཁ་དོག་དབྱིབས་དང་གསེར་གྱི་ས་བོན་གསུམ་དམིགས་སོ། །ས་ཁམས་ཙམ་ལ་ནི་མེད་པའི་ས་དམིགས་ལ་ཡོད་པའི་གསེར་མི་དམིགས་ཏེ། འདི་ལྟར་མེས་རེག་ན་ས་མི་སྣང་ལ་གསེར་སྣང་ངོ་། །སའི་ཁམས་ནི་སར་སྣང་བ་ལ་དེའི་བདག་ཉིད་མིན་པ་ལོག་པར་སྣང་ངོ་། །གསེར་དུ་སྣང་བ་ན་དེ་བཞིན་དུ་དེའི་བདག་ཉིད་ཡིན་པས་སྣང་ངོ་། །དེ་བས་ན་སའི་ཁམས་ནི་ས་དང་གསེར་གཉིས་ཀའི་ཆར་གཏོགས་པའོ། །དེ་བཞིན་དུ་གཞན་དབང་གི་རྣམ་པར་རིག་པ་ལ་མི་རྟོག་ཡེ་ཤེས་ཀྱིས་མེས་མ་རེག་ན། རྣམ་རིག་དེ་ཡང་ཡང་དག་མ་ཡིན་པ་ཀུན་བརྟགས་པའི་ངོ་བོ་ཉིད་དུ་སྣང་གི། ཡང་དག་པ་ཡོངས་གྲུབ་ཀྱི་ངོ་བོ་ཉིད་དུ་མི་སྣང་ལ། མི་རྟོག་ཡེ་ཤེས་ཀྱིས་མེས་རེག་ན། རྣམ་པར་རིག་པ་དེ་ཡང་དག་པ་ཡོངས་གྲུབ་ཀྱི་ངོ་བོར་སྣང་གི། ལོག་པར་ཀུན་ཏུ་བརྟགས་པའི་ངོ་བོ་ཉིད་དུ་ནི་མི་སྣང་ངོ་། །དེ་ལྟར་ན་ཡང་དག་མིན་རྟོག་ཀུན་བརྟགས་པའི་རྣམ་རིག་གང་ཞིག་གཞན་དབང་གི་ངོ་བོ་ཉིད་དེ་ནི་ཀུན་བྱང་ངམ་བརྟགས་ཡོངས་གཉི་གའི་ཆར་གཏོགས་པ་སྟེ། ཁོངས་ན་གསེར་ཡོད་པ་ལ་སའི་ཁམས་བཞིན་ནོ། །བཅོམ་ལྡན་འདས་ཀྱི་ལ་ལར་ཆོས་ཐམས་ཅད་


MR12_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་གོ་ཞེས་བསྟན། ལ་ལར་མི་རྟག་གོ་ཞེས་བསྟན། ལ་ལར་རྟག་མི་རྟག་གཉིས་ཀ་མ་ཡིན་པར་བསྟན་པ་ཅི་ལས་དགོངས་དེ་ལྟར་བསྟན་ཞེ་ན། གཞན་དབང་གི་ངོ་བོ་ཉིད། ཡོངས་སུ་གྲུབ་པའི་ཆོས་རྟག་པ་དང་། ཀུན་བརྟགས་ཀྱི་ཆོས་མི་རྟག་པ་དང་། གཉིས་ཀའི་ཆོས་གཉིས་ཀ་མ་ཡིན་པ་འདི་ལ་དགོངས་ནས་དེ་ལྟར་བསྟན་ཏོ། །བདེ་བ་དང་སྡུག་བསྔལ་དག་ཀྱང་གཉིས་སུ་མེད་པ་དང་། དགེ་མི་དགེ། སྟོང་མི་སྟོང་། བདག་བདག་མེད། ཞི་མ་ཞི། ངོ་བོ་ཉིད་ཡོད་པ་དང་མེད་པ། སྐྱེས་པ་དང་མ་སྐྱེས་པ། འགགས་མ་འགགས། གཟོད་མ་ནས་ཞི་མ་ཞི། རང་བཞིན་གྱིས་མྱ་ངན་ལས་འདས་མ་འདས། འཁོར་བ་དང་། མྱ་ངན་འདས་པ་གཉིས་སུ་མེད་དོ་ཞེས་བྱ་བ་ལ་སོགས་པའི་རབ་ཏུ་དབྱེ་བ་དག་གིས་བཅོམ་ལྡན་འདས་ཀྱི་ལྡེམ་པོ་ངག་ཏུ་བསྟན་པ་ཐམས་ཅད་འདི་ལྟར་རྟག་མི་རྟག་ལ་སོགས་པའི་རྣམ་གྲངས་བསྟན་པ་བཞིན་དུ་ངོ་བོ་ཉིད་གསུམ་ལས་བརྩམ་སྟེ་བསྟན་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །ཇི་ལྟར་སྣང་བ་ལྟར་མེད་པས་ཆོས་རྣམས་ཡོད་མིན་ཞིང་། །ཇི་ལྟར་ཆོས་རྣམས་དུ་མར་སྣང་བ་ཡང་ཡིན་ནོ། །དེ་བཞིན་ཆོས་ཡོད་པ་དང་ཆོས་མེད་པ་ནི། །དེ་གཉི་གའི་ཆ་ལ་གཉིས་སུ་མེད་པའི་དོན་དུ་བསྟན། །ཆ་རེས་དེ་དག་མེད་པ་དང་། །ཡོད་པ་ཞེས་ནི་རབ་ཏུ་བསྟན། །གཉི་གའི་ཆོས་ནི་ཡོད་མིན་ཞིང་། །མེད་པའང་མིན་ཞེས་བརྗོད་པ་མཛད། །བདག་དང་ཆོས་སམ་གཟུང་བ་དང་འཛིན་པར་ཇི་ལྟར་སྣང་བ་དེ་བཞིན་མེད། །དེ་ཕྱིར་མེད་ཅེས་བརྗོད་པ་མཛད། །གང་ཕྱིར་མེད་བཞིན་དུ་སྤྲོས་པའི་བག་ཆགས་ཀྱིས་དེ་ལྟར་སྣང་གྱུར་པ། །དེ་ཕྱིར་


MR12_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ཅེས་བརྗོད་པ་མཛད། །རྐྱེན་གྱི་ཁ་ན་ལས་པས་རང་གི་ངོ་བོ་མེད་པ་དང་བདག་ཉིད་མེད་པའི་ཕྱིར་སྔར་འགགས་ནས་མེད་པས་སོ། །ད་ལྟ་བ་ཡོད་ཀྱང་སྐད་ཅིག་གིས་འཇིག་པས་རང་གི་དངོས་ལ་མི་གནས་ཕྱིར་འདི་ནི་ཉན་ཐོས་དང་ཐུན་མོང་བའི་ངོ་བོ་མེད་པའོ། །རྟག་པའམ་གཟུགས་སོགས་དོན་དུ་གཟུང་བ་བཞིན་དུ་དེ་མེད་ཕྱིར་སེམས་ཙམ་པས་སོ། །ངོ་བོ་ཉིད་མེད་དུ་བཞེད་པ་ཡིན་ལ། དེ་ལྟར་ངོ་བོ་ཉིད་ནི་མེད་པ་ཡིས། །སྐྱེ་མེད་འགག་མེད་སོགས། ཕྱི་མ་ཕྱི་མ་བརྟེན་པར་བྱས་ཏེ། །སྐྱེ་མེད་འགག་མེད་གཟོད་ཞི་དང་། །རང་བཞིན་མྱ་ངན་འདས་པར་གྲུབ། །ཏེ་སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་ཕྱི་མ་བཤད་པ། ངོ་བོ་ཉིད་མེད་པས་མ་སྐྱེས་པའོ། །མ་སྐྱེས་པའི་ཕྱིར་མ་འགགས་པ། མ་འགགས་པས་བཟོད་ནས་ཞི་བ། གཟོད་ནས་ཞི་ཕྱིར་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་སོ། །ཞེས་དགོངས་པ་བཤད་པའོ། །ཡང་དགོངས་པ་བཞི་དང་ལྡེམ་པོར་དགོངས་བཞིས་སངས་རྒྱས་ཀྱི་གསུང་ཐམས་ཅད་ཁོང་དུ་ཆུད་པར་བྱའོ། །དགོངས་པ་རང་གི་ཡིད་ལ་བཞག་པ་ཙམ་ཡིན་གྱི་ཕ་རོལ་ལ་ལྟོས་པ་ཁས་མི་ལེན། ལྡེམ་པོར་དགོངས་པ་དེ་ཉིད་ཕ་རོལ་གཟུད་པ་ལ་ལྟོས་པའོ། །ཞེས་བཤད། དེ་གང་ཞེ་ན། སངས་རྒྱས་ཐམས་ཅད་ཀྱི་ཆོས་མཉམ་པ་ཉིད་ལ་དགོངས་པ། ང་ཉིད་དེའི་དུས་ན་སངས་རྒྱས་རྣམ་གཟིགས་སུ་གྱུར་ཏོ་ཞེས་གསུངས་པ་ལྟ་བུ། དུས་གཞན་ལ་དགོངས་པ། སངས་རྒྱས་རིན་ཆེན་མང་གི་མཚན་བཟུང་བས་བླ་མེད་བྱང་ཆུབ་ཏུ་ངེས་པར་འགྱུར་རོ་ཞེས་དང་། དགེ་རྩ་དེས་ནམ་ཞིག་ཐོབ་པ། པ་ཎ་གཅིག་གིས་སྟོང་བསྒྲུབས་པོ་ལྟ་བུ་སྨོན་ལམ་བཏབ་པ་ཙམ་གྱིས་


MR12_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ་ཞེས་གསུངས་པ་ལྟ་བུ། དོན་གཞན་ལ་དགོངས་པ། སངས་རྒྱས་གངྒཱའི་ཀླུང་གི་བྱེ་སྙེད་ལ་བསྙེན་བཀུར་བྱས་ན་ཐེག་པ་ཆེན་པོའི་ཆོས་ཀྱི་དོན་ཁོང་དུ་ཆུད་པར་འགྱུར་རོ་ཞེས་ཚིག་དོན་མ་ཡིན་གྱི་རྟོགས་པའི་ཆོས་ལ་དགོངས་ནས་གསུངས་པ་ལྟ་བུ། གང་ཟག་གི་བསམ་པ་ལ་དགོངས་པ་ནི། འདི་ལྟར་གང་ཟག་ཁ་ཅིག་སེར་སྣ་ཅན་ལ་སྦྱིན་པ་བསྔགས་ལ། ལ་ལར་སེར་སྣ་མེད་པ་ལ་དེ་ཙམ་བསྔགས་པ་མིན་པའང་གསུངས་པ་ལྟར། ཚུལ་ཁྲིམས་དང་འཇིག་རྟེན་པའི་བསྒོམ་པ་ཁ་ཅིག་ཀྱང་དེ་བཞིན་དུའོ། །ལྡེམ་དགོངས་བཞི་ནི། གཞུག་པ་ལ་ལྡེམ་པོར་དགོངས་པ་ནི། ཉན་ཐོས་ཀྱི་ཐེག་པའམ། ཐེག་པ་ཆེན་པོར་གང་ཟག་དང་ཆོས་ཀྱི་ངོ་བོ་ཉིད་དང་ཁྱད་པར་ཀུན་རྫོབ་ཀྱི་བདེན་པའི་ཚུལ་དུ་བསྟན་པའོ། །ཉན་ཐོས་ཀྱི་ཐེག་པ་ལ་གཟུང་ཕྱིར་རྫུས་ཏེ་བྱུང་བའི་སེམས་ཅན་ཡོད་དོ་ཞེས་དང་། ཐེག་ཆེན་ལ་གཟུང་བའི་ཕྱིར་གཟུགས་སྟོང་པའོ་ཞེས་པ་ལྟ་བུ་ཞེས་སྟོང་ཉིད་དྲང་དོན་དུ་བྱས་པ་འདྲ། ཆད་པར་འགྱུར་གྱིས་འཇིགས་པའི་སྐྱེ་བོའི་དབང་གིས་སོ་གསུངས། ཤེས་བྱའི་མཚན་ཉིད་ལ་ལྡེམ་པོར་དགོངས་པ་ནི། གང་དུ་ཆོས་ཀྱི་མཚན་ཉིད་བསྟན་པས་ངོ་བོ་ཉིད་གསུམ་པོ་དག་སྟོན་པའོ། །གཉེན་པོ་ལ་ལྡེམ་པོར་དགོངས་པ་ནི་གང་དུ་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོ་བསྟན་པའོ། །བསྒྱུར་བ་ལ་ལྡེམ་པོར་དགོངས་པ་ནི། གོང་དུ་སྒྲས་བརྗོད་བྱའི་དོན་གཞན་དུ་བརྗོད་ལ། བརྗོད་བྱ་དངོས་པོའི་དོན་ཉིད་གཞན་དུ་སྟོན་པ་སྟེ། རྣམ་གཡེངས་ནི་སྙིང་པོ་མེད་ལ་སྙིང་པོར་ཤེས། །རྟག་བདེ་སོགས་ལས་ཕྱིན་ཅི་ལོག་ལ་ཤིན་ཏུ་གནས། །སེམས་ཅན་དོན་དུ་དཀའ་སྤྱད་ཀྱི་ཉོན་མོངས་ཀུན་ནས་རབ་ཉོན་མོངས། །


MR12_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །ཐེག་པ་ཆེན་པོའི་ཆོས་འཆད་པར་འདོད་པས་མདོར་བསྡུ་ན། རྣམ་པ་གསུམ་གྱིས་བཤད་པར་བྱ་སྟེ། རྟེན་ཅིང་འབྲེལ་འབྱུང་གོང་དུ་བཤད་ཟིན་པ་བསྟན་པ་དང་། རྟེན་འབྱུང་གི་ཆོས་རྣམས་ཀྱི་མཚན་ཉིད་བསྟན་པ་དང་། བཤད་ཟིན་པའི་དོན་བསྟན་པས་བཤད་པར་བྱའོ། །དེ་ལ་རྟེན་ཅིང་འབྲེལ་འབྱུང་བསྟན་པ་ནི། ཆོས་རྣམས་སྤྲོས་པའམ་བརྗོད་པའི་བག་ཆགས་ལས་བྱུང་སྟེ། དེ་དག་ཉིད་ལས་དེ་ཞེས་ཇི་སྐད་གསུངས་པ་ལྟ་བུ་སྟེ། རྣམ་པར་སྨིན་པ་དང་འཇུག་པའི་རྣམ་ཤེས་དག་ཕན་ཚུན་རྐྱེན་དུ་གྱུར་པས་འབྱུང་བའི་ཕྱིར་རོ། །འཇུག་ཤེས་ཀྱི་མཚན་ཉིད་ཀྱི་ཆོས་དེ་དག་ནི། རྒྱུ་མཚན་དང་ལྟ་བ་དང་དབང་དྲུག་ཤེས་དྲུག་དང་བཅས་པའི་རྣམ་པར་རིག་པའི་ངོ་བོ་ཉིད་དོ། །དེ་དག་ཀྱང་གནས་ཀྱི་གནས་ཀྱི་མཚན་ཉིད་གཞན་དབང་དང་། ཀུན་བརྟགས་པའི་མཚན་ཉིད་དང་། ཆོས་ཉིད་ཀྱི་མཚན་ཉིད་ཡོངས་གྲུབ་བོ། །འདིས་ནི་ངོ་བོ་ཉིད་གསུམ་གྱི་མཚན་ཉིད་བསྟན་པ་ཡིན་ཏེ།རྒྱུ་མཚན་ལྟ་དང་བཅས་པ་ལས། དེ་དག་ལ་མཚན་ཉིད་གསུམ་ཞེས་བྱ། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དེ་དག་གི་མཚན་ཉིད་ཇི་ལྟར་བཤད་པར་བྱ་ན། གཞན་དབང་གི་མཚན་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་ནི་མེད་ལ།ཡོངས་སུ་གྲུབ་པའི་མཚན་ཉིད་དེ་ན་ཡོད་ན། དེ་ཁོ་ན་མ་མཐོང་བ་དང་མཐོང་བས་དུས་གཅིག་ཏུ་དེ་གཉིས་ཀ་རིམ་བཞིན་ཡོད་པའམ། མེད་པར་མི་དམིགས་པའམ་དམིགས་པའོ། །དེ་ཁོ་ན་མ་མཐོང་བས་གཞན་དབང་གི་ངོ་བོ་ཉིད་ལ་ཡོངས་གྲུབ་མེད་པར་


MR12_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་། ཀུན་བརྟགས་ཡོད་པར་མཐོང་། དེ་དང་དུས་གཅིག་ཏུ་དེ་ཁོ་ན་མཐོང་བས། གཞན་དབང་དེ་ལ་ཀུན་བརྟགས་མེད་པར་མཐོང་། ཡོངས་གྲུབ་ཡོད་པར་དམིགས་པས་སོ། །གཞན་དབང་གི་ངོ་བོ་ཉིད་ལ། ཀུན་བརྟགས་མེད་པ་དང་། ཡོངས་གྲུབ་ཡོད་པའི་ཕྱིར་འབྱུང་སྟེ། ཡོངས་གྲུབ་དེ་དམིགས་པ་ན་ཀུན་བརྟགས་དེ་མི་དམིགས་པའི་ཕྱིར་རོ། །ཡོངས་གྲུབ་དེ་མི་དམིགས་པ་ན་ཀུན་བརྟགས་དེ་དམིགས་པའི་ཕྱིར་རོ། །གཞན་དབང་ལ་ནི་ཀུན་བརྟགས་པ་དོན་གཞན་དུ་མེད། །ཡོངས་སུ་གྲུབ་པ་དེ་ནི་ཡོད། །དེ་ཕྱིར་གཞན་དབང་དེ་ལ་བརྟགས་ཡོངས་གཉི་ག་ཡང་། །ཀུན་བརྟགས་མི་དམིགས་ཡོངས་གྲུབ་དམིགས་པ་མཉམ་པ་ཡིན། །ཞེས་ཇི་སྐད་བཤད་པ་ལྟ་བུའོ། །བཤད་ཟིན་པའི་དོན་བཤད་པ་གང་ཞེ་ན། འདི་ལྟ་སྟེ། ཚིག་སྔར་བཤད་ཟིན་པ་དེ་ཚིག་ལྷག་མ་རྣམས་ཀྱིས། དེ་ལ་ཡོན་ཏན་གྱི་དབང་དུ་བྱས་པའམ། དོན་གྱི་དབང་དུ་བྱས་ནས་རྣམ་པར་ཕྱེ་སྟེ་བཤད་པའོ། །ཡོན་ཏན་གྱི་དབང་དུ་བྱས་པ་ནི་འདི་ལྟ་སྟེ། ཤིན་ཏུ་རྣམ་པར་དག་པའི་བློ་མངའ་བ། ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་ཀུན་ཏུ་སྤྱོད་པ་ཆགས་སོགས་གཉིས་མི་མངའ་བ་ཤེས་བྱ་ལ་ཤིན་ཏུ་སྒྲིབ་པ་མེད་པར་འཇུག་པའི་ཡོན་ཏན། བསྟན་པ་དང་ཐུགས་སུ་ཆུད་པའི་ཆོས་གཉིས་ལ་གཞན་པས་དེ་མིན་པར་ཕྱིར་ཟློག་ཏུ་མེད་དེ། དེ་ལས་འཕགས་པའི་ཆོས་མེད་པས་སོ། །རང་གི་ཐུགས་སུ་ཆུད་པའི་ཆོས་བསྟན་པ་དང་མཐའ་གཉིས་ཀྱི་མཚན་ཉིད་མེད་པའི་ཆོས་ལ་དེ་བཞིན་ཉིད་མཆོག་ཏུ་ཤེས་པར་རམ་གཞོལ་བར་མཛད་པ་ཡི་ཡོན་ཏན། སངས་རྒྱས་ཀྱི་གནས་པས་ལྷུན་གྲུབ་རྒྱུན་མི་གཅོད་པ་གནས་པ་ཡི་ཡོན་ཏན། སངས་རྒྱས་ཐམས་ཅད་ཀྱི་ཆོས་སྐུ་ལ་གནས་པ་དང་དགོངས་པ་


MR12_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་ཐ་དད་མེད་པའི་ཡོན་ཏན་མཉམ་པ་ཉིད་བརྙེས་པ། སྒྲིབ་པ་མི་མངའ་བས་རྟོགས་པར་ཐུགས་སུ་ཆུད་པ་སྒྲིབ་པ་ཀུན་གྱི་གཉེན་པོ་བསྒོམ་པའི་ཡོན་ཏན། དེ་ལ་གཞན་དུ་བརྒོལ་བས་ཕྱིར་མི་ལྡོག་པའི་ཆོས་དང་ལྡན་པ་མུ་སྟེགས་ཅན་ཐམས་ཅད་ཀྱིས་མི་ཐུབ་པའི་ཡོན་ཏན། འཇིག་རྟེན་དུ་སྐྱེས་ཀྱང་འཇིག་རྟེན་པའི་ཆོས་ཀྱི་སྤྱོད་ཡུལ་གྱིས་མི་འཕྲོག་པ། ཆོས་སྣ་ཚོགས་རྣམ་པར་བཞག་པ་བསམ་གྱིས་མི་ཁྱབ་པ་ཡི་ཡོན་ཏན། དུས་གསུམ་མཉམ་པ་ཉིད་དུ་ཐུགས་སུ་ཆུད་པ་དྲི་བ་ཐམས་ཅད་ལུང་སྟོན་པའི་ཡོན་ཏན། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པའི་སྐུ་དང་ལྡན་པ་ལོངས་སྐུ་དང་སྤྲུལ་སྐུ་སྟོན་པའི་ཡོན་ཏན། ཆོས་ཐམས་ཅད་ལ་ཐེ་ཚོམ་མེད་པའི་ཡོན་ཏན་ཡེ་ཤེས་མངའ་བ། སྤྱོད་པ་ཐམས་ཅད་དང་ལྡན་པའི་བློ་མངའ་བ་སྣ་ཚོགས་ཀྱིས་འཇུག་པར་མཛད་པའི་ཡོན་ཏན། སླད་མར་ཆོས་འབྱུང་བ་མཁྱེན་པ་ཡི་ཡོན་ཏན་ལ་ནེམ་ནུར་མེད་པ། རྣམ་པར་མ་བརྟགས་པའི་སྐུ་མངའ་བ་མོས་པ་ཇི་ལྟ་བ་བཞིན་དུ་སྟོན་པའི་ཡོན་ཏན། ཡེ་ཤེས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཡང་དག་པར་མནོས་པ་སྐུ་དཔག་ཏུ་མེད་པ་སེམས་ཅན་འདུལ་བར་སྦྱོར་བའི་ཡོན་ཏན།སངས་རྒྱས་ཀྱི་གནས་པ་གཉིས་སུ་མེད་པ་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཆོས་སྐུ་མཉམ་པ་ལ་ཕར་ཕྱིན་རྣམས་འགྲུབ་པའི་ཡོན་ཏན། དེ་བཞིན་གཤེགས་པ་མ་འདྲེས་པའི་རྣམ་པར་ཐར་པར་མཛད་པའི་ཡེ་ཤེས་ཀྱི་མཐར་ཕྱིན་པ་མོས་པ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་ཞིང་མ་འདྲེས་བ་སྟོན་པའི་ཡོན་ཏན། མཐའ་དང་དབུས་མེད་པའི་སངས་རྒྱས་ཀྱིས་མཉམ་པ་ཉིད་དུ་ཐུགས་སུ་ཆུད་པ་སངས་རྒྱས་སྐུ་གསུམ་གྱི་ཡུལ་ཡོངས་སུ་མ་ཆད་པའི་ཡོན་ཏན། ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ཕྱོགས་ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། དུས་


MR12_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་མའི་མཐའི་མུར་ཐུག་པ་མི་ཟད་པའི་ཡོན་ཏན་ཞེས་སངས་རྒྱས་ཀྱི་ཡོན་ཏན་རྣམས་བསྟན་པའོ། །དེ་ཡང་ཤིན་ཏུ་རྣམ་པར་དག་པའི་བློ་མངའ་བ་ཞེས་པའི་ཚིག་འདིས་རྣམ་པར་དབྱེ་བ་ནི་ཚིག་ལྷག་མ་རྣམས་ཡིན་པ་རིག་པར་བྱ་སྟེ། དེ་ལྟར་ཆོས་དེ་ཉིད་ལེགས་པར་བཤད་པ་ཡིན་ནོ། །དེ་ལ་སངས་རྒྱས་རྣམས་ཀྱི་བློ་ཤིན་ཏུ་རྣམ་པར་དག་པ་ཞེས་པ་འདི་ནི་ཡོན་ཏན་བཅུ་དགུས་བསྡུས་པར་རིག་པར་བྱ་སྟེ། ཤེས་བྱ་ལ་ཤིན་ཏུ་སྒྲིབ་པ་མེད་པར་འཇུག་པའི་ཡོན་ཏན་དང་། ཡོད་མེད་གཉིས་སུ་མེད་པའི་དེ་བཞིན་ཉིད་མཆོག་ཏུ་རྣམ་དག་ཤེས་པར་མཛད་པ་སོགས་ཀྱིས་སོ། །དོན་གྱི་དབང་དུ་བྱ་བ་ནི། བྱང་ཆུབ་སེམས་དཔའ་ཆོས་སུམ་ཅུ་རྩ་གཉིས་དང་ལྡན་ན་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། སུམ་ཅུ་རྩ་གཉིས་གང་ཞེ་ན།སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་བྱ་བའི་ལྷག་པའི་བསམ་༡པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་གཅིག་ནས་གཅིག་ཏུ་སྦྱོར་བའི་ལས་ལ་འཛུད༢་པ་དང་། བདག་ཅི་རི་ཞེས༣་ཕྱིན་ཅི་མ་ལོག་པའི་ལས་ཡོངས་སུ་ཤེས་པ་བདག་ཤེས་བཞི་གསུངས་དང་། ང་རྒྱལ༤་བཅོམ་པ་གཞན་གྱིས་བྱེད་དུ་མ་བཅུག་པར་བདག་ཉིད་སྦྱོར་བའི་ལས་དང་། ལྷག་པའི་བསམ༥་པ་བརྟན་པ་མི་འཁྲུགས་པའི་ལས་དང་། བཅོས་མ་མ་ཡིན་པའི་བྱམས༡་པ་ཟང་ཟིང་དང་མ་འབྲེལ་བའི་ལས་དང་། མཛའ་བ༢་དང་མི་མཛའ་བ་ལ་སེམས་སྙོམས་ཕན་འདོགས་པ་དང་གནོད་བྱེད་ལ་ཆགས་སྡང་མེད་པའི་ལས་པ་དང་། མྱ་ངན་ལས་འདས་པའི་མཐའི་བར་༣ དུ་གཏན་དུ་མཛའ༤་བ་ཚེ་རབས་གཞན་དུ་ཡང་རྗེས་སུ་འཇུག་པ་དང་བཅོས་མིན་སོགས་ཚིག་གསུམ་གྱིས་ཟང་ཟིང་མེད་པའི་ལས་སུ་བཤད་དོ་དང་། ཚིག་རན་༡ པ་ཚིག་གིས་དེ་དང་མཐུན་པའི་ངག་གི་ལས་དང་།


MR12_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཀྱི་འཛུམ༢་པའི་བཞིན་གྱིས་བསོང་བོར་སྨྲ༧་བ་དང་ལྷག་བསམ་དང་མཐུན་པའི་ལས་གཉིས་སོ། །བདེ་སྡུག་མཉམ་པའི་ལས་སྙིང་རྗེ་ཆེན་པོ་ཡོངས་སུ་མ་ཆད་པ་སྡུག་བསྔལ་ཅན་ལ་སྙིང་རྗེ། བདེ་བ་ཅན་ལ་མ་ཡིན་པ་ལྟ་བུ་མིན་པར། བདེ་སྡུག་བཏང་སྙོམས་ཅི་ཡང་རུང་འདུ་བྱེད་སྡུག་བསྔལ་ཅན་ཀུན་ལ་མཉམ་པོར་བརྩེ་བའི་ཕྱིར་རོ། །དམ་བཅའི་ཁུར་བླངས་པ་རྣམས་ཀྱིས་སྒྱིད་ལུག་པ་མེད་པ༨་མི་ཞུམས་པའི་ལས་དང་། ལོག་སྒྲུབ་ཀྱིས་ཡིད་ཡོངས་སུ་མི་སྐྱོ་བ༩་མི་བཟློག་པའི་ལས་དང་། མདོ་སོགས་ཐོས་པ་དང་དོན་གྱིས་ངོམས་མི་མྱོང་བ༡༠་ཐབས་ཡོངས་སུ་འཛིན་པའི་ལས་དང་། བདག་གི་འཁྲུལ་པ་རྣམས་ལ་ཉེས་པར་ལྟ༡༠་བ་དང་། གཞན་གྱི་འཁྲུལ་བ་རྣམས་ལ་མི་༢གཤེ་བར་བསྒོ་བ༡༡་ཚིག་གཉིས་ཀྱིས་མི་མཐུན་པའི་ཕྱོགས་ལས་འདུན་པ་བཟློག་པའི་ལས་དང་། སྤྱོད་ལམ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་ཡོངས་སུ་སྦྱོང་བར༡༢་བྱེད་པ་རྒྱུན་མི་ཆད་པར་ཡིད་ལ་ཕྱེད་པའི་ལས། སྤྱོད་ཡུལ་དག་པའི་མདོ་ལས་གསུངས་པ་བཞིན་ནོ་དང་། རྣམ་པར་སྨིན་པ་ལ་མི་རེ་བའི་སྦྱིན༡༣་པ་དང་༡ ། སྲིད་པའི་འགྲོ་བར་སྐྱེ་བ་ཐམས་ཅད་ལ་མི་གནས་པའི་ཚུལ་ཁྲིམས༢་དང་། སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་བཟོད་པ་དང༣་། དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་སྡུད་པའི་བརྩོན་འགྲུས༤་དང་། གཟུགས་མེད་དུ་མི་སྐྱེ་བའི་ཁམས་རྣམ་པར་བསལ་བའི་བསམ་གཏན༥་དང་། ཐབས་དང་ལྡན་པའི་ཤེས༦་རབ་སྟེ་ཕར་ཕྱིན་དྲུག་ལ་ཡང་དག་པར་སྦྱོར་བ་དང་། བསྡུ་བའི་དངོས་པོ་བཞིས༡༩་ཟིན་པའི་ཐབས༧་དང་ཚིག་བདུན་གྱིས་ཁྱད་པར་དུ་འགྲོ་བའི་ལས་སོ། །ཆོས་སྨྲ་བའི་བཤེས་གཉེན་ཚུལ་ཁྲིམས་དང་ལྡན་པ་རྣམས་དང་ཚུལ་ཁྲིམས་འཆལ་


MR12_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྣམས་ལ་གཉིས་སུ་མེད་པའི་བྱམས༡་པ་སྐྱེས་བུ་དམ་པ་བརྟེན་པ་དང་། གུས་པར་བྱས་ཏེ་ཆོས་ཉན་པ་དང༢་། གུས་པར་བྱས་ཏེ་དགོན་པར་གནས༣་པ་དང་། འཇིག་རྟེན་གྱི་རྣམ་རྟོག་བཟང་པོ་མ་ཡིན་པ་སྤོང་བ་དང་ཆགས་པའི་གླུ་གར་སོགས་སྣ་ཚོགས་དག་ལ་མི་དགའ་བ༤་དང་། ཐེག་པ་དམན་པ་མི་འདོད་པ་དང༥་ཐེག་པ་ཆེན་པོའི་ཕན་ཡོན་ལ་ལྟ་༢༤བ་དང་ཚིག་འདི་གཉིས་ཡིད་ལ་བྱེད་པའི་ཡོན་ཏན་ནོ། །སྡིག་པའི་གྲོགས་པོ་ཡོངས་སུ༦་སྤོང་བ་དང་། བདག་དགེ་བའི་བཤེས་གཉེན་ལ་བརྟེན༢༥་པ་དང༢༥་སྟེ་གྲོགས་ཀྱི་ཡོན་ཏན་གཉིས་སོ། །ཚངས་པའི་གནས་པ་བཞི་ཡོངས་སུ་སྦྱོང་བ༡་དང་ཚད་མེད་པ་ཡོངས་སུ་དག་པ། མངོན་པར་ཤེས་པ་ལྔས་རྣམ་པར་རྩེན་པ༢་མཐུ་ཐོབ་པ་དང་། ཡེ་ཤེས་ལ་རྟོན་པ༣་སོ་སོ་རང་གིས་རྟོགས་པའི་ཡོན་ཏན་བསྟན་ཏེ་ཚད་མར་བཤད་ཀྱི་དོན་ཙམ་ཤེས་པ་ནི་མིན་ནོ། །དེ་ལྟར་ཚིག་གསུམ་གྱིས་གྲུབ་པའི་ལས་སམ་རྟགས་སོ་དང་། ༧ སྒྲུབ་པ་དང་ལོག་པར་སྒྲུབ་པ་ལ་གནས་པའི་སེམས་ཅན་རྣམས་མི་ག༡ཏོང་བ་ཚོགས་ཡོངས་སུ་༢སྡུ༩ད་པའི་ཡོན་ཏན་དང་། ཚིག་གཅིག་ཏུ་ཆད་པ༢་ཐེ་ཚོམ་མེད་པར་འདོམས་ཤིང་རྗེས་སུ་སྟོན་པ་དང་། ཆོས་ཀྱི་བདེན་པ་གཅེས་སུ་བྱེད་པ༣་ཆོས་དང་ཟང་ཟིང་གིས་སྡུད་པ་དང་། བྱང་ཆུབ༣༣་ཀྱིས་སེམས༤་ཀུན་ཉོན་ཅན་མིན་པ་དེ་སྔོན་དུ་འགྲོ་བ་ཞེས་ཚིག་བཞིས་དེས་འཇོག་པའི་ལས་སོ། །ཇི་སྐད་གསུངས་པ་ལྟ་བུ་སྟེ། ཚིག་འདི་རྣམས་ཀྱིས་ཀྱང་ཚིག་དང་པོ་རྒྱས་པར་བཤད་པའམ་རབ་ཏུ་དབྱེ་བར་རིག་པར་བྱའོ། །དེ་ཇི་ལྟར་ཞེ་ན། སེམས་ཅན་ཐམས་ཅད་ལ་ཕན་བདེ་བྱ་བའི་ལྷག་པའི་བསམ་པའི་ཚིག་འདི་ནི་ལྷག་བསམ་དེས་གཞན་ལ་འཇོག་པའི་ལས་བཅུ་དྲུག་གིས་རབ་ཏུ་དབྱེ་བར་རིག་པར་བྱ་སྟེ། དེ་ལ་ལས་བཅུ་དྲུག་ནི། གཅིག་ནས་གཅིག་ཏུ་


MR12_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་པའི་སྦྱོར་བའི་ལས༡་དང་། ཕྱིན་ཅི་ལོག་མེད་པའི་ལས༢་དང་། གཞན་གྱིས་བྱེད་དུ་མ་བཅུག་པར་ལྷག་པའི་བསམ་པས་བདག་ཉིད་སྦྱོར་བའི་ལས་༣ དང་། མི་འཁྲུགས་པའི་ལས༤་དང་། ཟང་ཟིང་དང་མ་འདྲེས་པ་དང་། ཕན་འདོགས་པ་དང་། གནོད་པ་བྱེད་པ་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་མེད་པ་དང་། ཚེ་རབས་གཞན་དུ་ཡང་རྗེས་སུ་འཇུག་པ་དང་། ཚིག་གསུམ་གྱིས་ཟང་ཟིང་མེད༥་པའི་ལས་དང་། ཚིག་གཉིས་ཀྱིས་དེ་དང་མཐུན་པའི་ངག་དང་ལུས་ཀྱི་ལས༦་དང་། བདེ་སྡུག་གཉིས་སུ་མེད་པར་མཉམ་པ་ཉིད་ཀྱི་ལས༧་དང་། མི་ཞུམ་པའི་ལས༨་དང་། མི་བཟློག་པའི་ལས༩་དང་། ཐབས་ཡོངས་སུ་འཛིན་པའི་ལས༡༠་དང་། ཚིག་གཉིས་ཀྱིས་མི་མཐུན་པའི་ཕྱོགས་ལས་འདུན་པ་བཟློག་པའི་ལས༡༡་དང་། རྒྱུན་མི་འཆད་པར་དེ་ཡིད་ལ་བྱེད་པའི་ལས༡༢་དང་། ཕར་ཕྱིན་དྲུག་ལ་ཡང་དག་པར་སྦྱོར་བའི་ལས་དང་། བསྡུ་བའི་དངོས་པོ་ལ་སྦྱོར་བ་དང་། ཚིག་བདུན་གྱིས་ཁྱད་པར་དུ་འགྲོ་བའི་ལས༡༣་དང་། སྐྱེས་བུ་དམ་པ་ལ་བརྟེན་པ༡་དང་།དམ་པའི་ཆོས་གུས་པར་ཚུལ་བཞིན་ཉན་པ༢་དང་། དགོན་པ་ལ་གནས་པ༣་དང་། རྣམ་པར་རྟོག་པ་བཟང་པོ་མ་ཡིན་པ་ཆགས་པས་གླུ་གར་སོགས་འཇིག་རྟེན་པའི་བྱ་བ་སྣ་ཚོགས་ཡོངས་སུ་སྤོང་བ་དང༤་། མདོའི་ཚིག་གཉིས་ཀྱིས་ཡིད་ལ་བྱེད་པའི་ཡོན་ཏན་དང༥་། གཉིས་ཀྱིས་གྲོགས་ཀྱི་ཡོན་ཏན་དང༦་། ཚིག་དྲུག་གིས་གྲུབ་པར་བྱ་བའི་ཕྱིར་སྦྱོར་བའི་ལས༡༤་དང་དེ་ནི་གང་གིས་ཐུབ་བྱེད་དོ། །ཚད་མེད་པ་ཡོངས་སུ་དག་པ་དང་། མཐུ་ཐོབ་པ་དང་། རྟོགས་པའི་ཡོན་ཏན་དང་། ཚིག་གསུམ་གྱིས་གྲུབ༡༥་པའི་ལས་དང་།


MR12_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་སྒྲུབ་ཅན་མི་གཏོང་བའི་སྙིང་རྗེས་ཚོགས་ཡོངས་སུ་སྡུད་པའི་ཡོན་ཏན་དང་། ཐེ་ཚོམ་མེད་པར་འདོམས་ཤིང་རྗེས་སུ་སྟོན་པ་དང་ཐེ་ཚོམ་ཅན་གྱི་ཚིག་གཟུང་ངོས་སུ་མི་འགྱུར་རོ། །ཁ་ཙམ་མིན་པའི་བདེན་པ་གཅེས་སྤྲས་སུ་བྱེད་པ་གཅིག་ནི་ཆོས་དང་ཟང་ཟིང་གིས་སྡུད་པ་དང་། བྱང་ཆུབ་སེམས་ཀྱིས་ཟིན་པས་སེམས་ཀུན་ཉོན་ཅན་མིན་པ་དང་། ཚིག་བཞིས་དེས་འཇོག་པའི་ལས་དང་༡༦། ཚིག་འདི་རྣམས་ཀྱིས་ཚིག་དང་པོ་རབ་ཏུ་དབྱེ་བར་རིག་པར་བྱའོ། །དང་པོའི་ཚིག་ནི་ཉེར་བཟུང་ནས། །ཚིག་དེ་རབ་ཏུ་དབྱེ་བ་ནི་ཀུན་ནས་ཡོན་ཏན་རྗེས་སུ་འགྲོ་བ་སྟེ་རྣམ་དག་བློ་སོགས་བཞིན་ནོ། །དང་པོའི་ཚིག་ནི་ཕན་བདེའི་བསམ་པ་ཉེར་བཟུང་ནས། །ཐ་དད་དོན་གྱིས་ཐ་དད་ཚིག །ཅེས་ཇི་སྐད་གསུངས་པ་ལྟ་བུའོ། །ཤེས་བྱའི་མཚན་ཉིད་ཀྱི་ལེའུ་གཉིས་པའོ། ༈ །གསུམ་པ་ཤེས་བྱའི་མཚན་ཉིད་ལ་ཇི་ལྟར་འཇུག་པ་བལྟ་བར་བྱ། ཞེ་ན། མང་དུ་ཐོས་པས་རྒྱུད་བསྒོས་པའི་གནས་ཀུན་གཞིའི་རྣམ་ཤེས་ཀྱིས་བསྡུས་པ་མ་ཡིན་ལ། ཀུན་གཞིའི་རྣམ་ཤེས་ཀུན་ཉོན་གྱི་རྒྱུ་ཡིན་པ་ལྟར་འདི་ཡང་རྣམ་བྱང་གི་ས་བོན་ཡིན་པ་ཚུལ་བཞིན་ཡིད་ལ་བྱེད་པས་བསྡུས་པ། མདོ་སོགས་ཆོས་དང་བདག་མེད་སོགས་དོན་སྣང་བ་སྣ་ཚོགས་སྣང་བ་འབྱུང་བའི་ཚུལ་ཅན། གཟུང་བའི་དངོས་པོའི་གནས་ལྟ་བུར་སྣང་བ། ལྟ་བ་རྣ་བའི་རྣམ་ཤེས་དང་བཅས་པའི་ཡང་ན་ལྟ་བ་དང་བཅས་ཏེ་གཟུང་འཛིན་རྣམ་རྟོག་གཞན་ཡིད་ཀྱི་བརྗོད་པ་རྣམས་ཀྱི་ས་བོན་གང་ཡིན་པའོ། །ཤེས་བྱའི་མཚན་ཉིད་ལ་འཇུག་པ་པོ་སུ་ཞེ་ན། སེམས་ཀྱི་རྒྱུད་ཐེག་པ་ཆེན་པོའི་ཆོས་མང་དུ་ཐོས་པས་བསྒོས་པ། སངས་རྒྱས་འབྱུང་བ་ཚད་མེད་པ་མཉེས་པར་བྱ་བ་ནི་མངོན་དུ་བྱེད་པ་


MR12_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་འདིས་དེ་ཐོབ་པ། གཅིག་ཏུ་མོས་པ་མི་ཕྱེད་པ་ཅན་གྱི་མང་ཐོས་སོགས་འདི་གསུམ་གྱིས་དགེ་རྩ་ལེགས་པར་བསགས་པའི་ཕྱིར། བསོད་ནམས་ཡེ་ཤེས་ཀྱི་ཚོགས་ལེགས་པར་བསགས་པའི་བྱང་ཆུབ་སེམས་དཔའོ། །གང་དུ་འཇུག་ཅེ་ན། ལྟ་བ་དང་བཅས་པའི་ཆོས་དང་དོན་སྣང་བའི་ཡིད་ཀྱི་བརྗོད་པ་ཐེག་པ་ཆེན་པོའི་ཆོས་ཀྱི་རྒྱུ་ལས་འབྱུང་བ་དེ་ཉིད་འཇུག་བྱའི་ཡུལ་ཡིན་པས་གཞི་ཉིད་དུ་བརྗོད་ལ། མོས་སྤྱོད་ཀྱི་ས་དང་། མཐོང་སྒོམ་མཐར་ཕྱིན་པའི་ལམ་ལ་འཇུག་སྟེ། མོས་སྤྱོད་དུ་ཆོས་ཐམས་ཅད་རྣམ་རིག་ཙམ་དུ་རྗེས་སུ་སྒྲོགས་པ་ལ་མོས་པ་དང་། མཐོང་ལམ་དུ་དེ་ཇི་ལྟ་བཞིན་སེམས་ཅན་མེད། ཆོས་མེད། གཟུང་བ་མེད། འཛིན་པ་མེད་པར་རབ་ཏུ་རྟོགས་པ་དང་། བསྒོམ་ལམ་དུ་ཉོན་ཤེས་ཀྱི་སྒྲིབ་པ་ཐམས་ཅད་ཀྱི་གཉེན་པོ་བསྒོམ་པ་དང་།མཐར་ཕྱིན་པའི་ལམ་དུ་སྒྲིབ་པ་མེད་པའི་ཕྱིར་རབ་ཏུ་རྟོགས་པ་རྣམ་པ་བཞིའི་རིམ་པ་དེ་བཞིན་འཇུག་གོ། ཇི་ལྟར་ཐབས་གང་གིས་འཇུག་ཅེ་ན། ཚོགས་གཉིས་ཀྱི་དགེ་བའི་རྩ་བའི་སྟོབས་བསྐྱེད་པ་དང་། དེར་སེམས་མི་ཞུམ་པར་བྱ་ཕྱིར་རྣམ་པ་གསུམ་གྱིས་སེམས་སྦྱོང་བ་དང་། གནས་བཞི་སྤོང་བ་དང་། མདོ་སོགས་ཆོས་དང་དེས་བརྗོད་བྱའི་དོན་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་བསྒོམ་པ་ལ་རྟག་ཏུ་གུས་པར་བྱས་ཏེ་སྦྱོར་བ་ལ་བག་ཡོད་པས་འཇུག་གོ། རྣམ་པ་གསུམ་གྱིས་སེམས་སྦྱོང་བ་ནི། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྣམས་ཀྱིས་མིར་གྱུར་པ་དཔག་མེད་པ་དག་སྐད་ཅིག་གཅིག་ལ་དུས་མཉམ་པར་བླ་མེད་རྫོགས་བྱང་དུ་འཚང་རྒྱ་བས་བདག་གིས་ཀྱང་དེ་ཅིས་མི་ཐོབ་སྙམ་དུ་ཞུམ་པ་མེད་པར་བྱེད་པ་ནི་སེམས་སྦྱོང་བ་དང་པོའོ། །བྱང་ཆུབ་སེམས་དཔའ་


MR12_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པ་གང་གིས་སྦྱིན་སོགས་ཕར་ཕྱིན་རྣམས་ལ་ཀུན་ཏུ་སྤྱོད་པའི་བསམ་པ་སེར་སྣ་མེད་པ། འདོད་པ་ལ་རྣམ་རྟོག་མེད་པ། གནོད་སེམས་མེད་པ། ལེ་ལོ་མེད་པ། གཉིད་རྨུགས་མེད་པ། མ་རིག་པ་མེད་པ་དེ་བདག་གིས་ཐོབ་སྟེ། བསམ་པ་ཁྱད་འཕགས་ཐོབ་ན་སྦྱིན་སོགས་ངང་གིས་འབྱུང་བས་དེས་བདག་ཚེགས་ཆུང་ངུས་ཕར་ཕྱིན་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ་སྙམ་པ་སྦྱོང་བ་གཉིས་པའོ། །འཇིག་རྟེན་པའི་སྒྲིབ་པ་དང་བཅས་པའི་དགེ་ཆོས་དང་ལྡན་པ་རྣམས། འཕྲལ་དུ་ཤི་ན་འཕྲལ་དུ་འདོད་པ་བཞིན་ལུས་ཕུན་སུམ་ཚོགས་པར་སྐྱེ་ན། བདག་མི་མཐུན་ཕྱོགས་སྤངས་པ་དགེ་བ་སྒྲིབ་པ་མེད་པའི་དགེ་བ་དང་ཤིན་ཏུ་ལྡན་པ་འཕྲལ་དུ་ཐམས་ཅད་ཕུན་སུམ་ཚོགས་པར་ཅིས་མི་འགྱུར་སྙམ་པ་ནི་སེམས་སྦྱོང་བ་གསུམ་པའོ། །དོན་དེ་ཚིགས་སུ་བཅད་པ། གང་ཕྱིར་སེམས་ཅན་དཔག་མེད་པ། །མིར་གྱུར་སྐད་ཅིག་རེ་རེ་ལ། །རྫོགས་པའི་བྱང་ཆུབ་ཐོབ་གྱུར་པ། །དེ་ཕྱིར་ཞུམ་པར་མི་བྱའོ། །བསམ་པ་གང་གིས་ལེགས་པའི་ཡིད་དགེ་སེམས་ཀྱིས། །སྦྱིན་པ་ལ་སོགས་བྱེད་པ་ཡི། །བསམ་པ་ནི་རྫོགས་བྱང་གི་ཕྱིར་དང་སེམས་ཅན་ཕན་བདེའི་ཕྱིར་བྱེད་པའོ་དེ་ཐོབ་བརྟན་པ་བྱང་སེམས་རྣམས་ཀྱི། །སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་ཏེ་འཇིག་རྟེན་མིན་པ་ཉིད་དུ་བརྗོད། །འཇིག་རྟེན་པའི་དགེ་བ་དང་ལྡན་པ་ཤི་མ་ཐག །འདོད་བཞིན་སྲིད་རྩེའི་བར་གྱི་ཕུན་སུམ་ཚོགས་ལུས་ཐོབ་ན། །མི་མཐུན་ཕྱོགས་སྤངས་པ་ཡི་དགེ་ལྡན་འཕྲལ་དུ་ཡང་། །སངས་རྒྱས་ཀྱི་བར་གྱི་ཕུན་སུམ་ཚོགས་པ་ཅིས་མི་འཐོབ། ༧ །གནས་བཞི་སྤོང་བ་ནི། ཡིད་ལ་བྱེད་པ་སྤངས་པས་ཉན་རང་གི་ཡིད་བྱེད་ཡོངས་སུ་སྤོང་བ་དང་། །ཡིད་གཉིས་


MR12_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

དང་སོམ་ཉི་སྤངས་པས་ཐེག་པ་ཆེན་པོ་ལ་ཐེ་ཚོམ་ཐམས་ཅད་མེད་པ་དང་། ཆོས་ལ་མངོན་ཞེན་སྤངས་བས་ཐོས་པ་དང་བསམ་པའི་ཆོས་ལ་ང་དང་ང་ཡིར་འཛིན་པའི་མངོན་ཞེན་ཡོངས་སུ་སྤང་བ་དང་། རྣམ་པར་རྟོག་པ་སྤངས་པས་ཏིང་ངེ་འཛིན་གྱི་བློའི་མདུན་ན་གནས་པ་དང་བཞག་པའི་མཚན་མ་ཐམས་ཅད་ཡིད་ལ་མི་བྱེད་ཅིང་རྣམ་པར་མི་རྟོག་པའི་ཕྱིར་རོ། ༧ །གཟུགས་སོགས་མཚན་མ་གང་ཞིག་རང་བཞིན་གྱིས་མདུན་དུ་གནས་པའམ་བཞག་དང་། །གང་ཡང་བདག་ཉིད་ཀྱིས་ཆེད་དུ་བརྩལ་ཏེ་ཏིང་ངེ་འཛིན་གྱི་མཚན་མ་ལ་གནས་པ་རྣམས། །ཀུན་ལ་བློ་ལྡན་མི་རྟོག་ན། །བྱང་ཆུབ་དམ་པ་ཐོབ་པར་འགྱུར་གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ལ་མཚན་མར་མངོན་ཞེས་མི་བྱའོ། ༧ །བྱེད་པ་གང་གིས་ཇི་ལྟར་བྱ་བ་ལ་འཇུག་ཅེ་ན། །ཐེག་ཆེན་ཆོས་ཐོས་པས་བག་ཆགས་ཀྱི་རྒྱུ་ལས་བྱུང་བ། ཚུལ་བཞིན་ཡིད་ལ་བྱེད་པས་བསྡུས་པ། མདོ་སོགས་ཆོས་དང་དོན་སྣང་བ་ལྟ་བ་དང་བཅས་པའི་ཡིད་ཀྱི་བརྗོད་པ་བྱེད་པོ་དང་། སྦྱོར་བ་ཡོངས་སུ་ཚོལ་བ་བཞི་སྟེ། བྱ་བ་མིང་དང་དོན་དང་ངོ་བོ་ཉིད་དང་། བྱེ་བྲག་ཏུ་བཏགས་པ་ཡོངས་སུ་ཚོལ་བ་རྣམས་དང་། ཡང་དག་ཇི་ལྟ་བ་བཞིན་རྟོགས་པའི་དུས་ན་ཡོངས་སུ་ཤེས་པ་བཞི་སྟེ། མིང་དང་དོན་གྱི་དངོས་པོ་དང་དེའི་ངོ་བོ་ཉིད་དང་ཁྱད་པར་དུ་བཏགས་པ་བཞི་དང་། ངོ་བོ་ཉིད་དང་ཁྱད་པར་གྱི་དོན་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པ་རྣམས་ཀྱིས་འཇུག་སྟེ་དེ་དག་མིང་དམིགས་པའི་ཕྱིར་རོ། །དེ་ཡང་འདི་ལྟར་བྱང་སེམས་རྣམ་རིག་ཙམ་ལ་འཇུག་པར་བརྩོན་པ་དེ་ལྟ་བུ་དེ་ལྟར་གྱུར་པ་དེ། ཡི་གེ་དང་དོན་སྣང་བའི་ཡིད་ཀྱི་བརྗོད་པ་དེ་ལ་ཡི་གེའི་


MR12_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་དུ་གྱུར་པའི་མིང་དེ་ཡང་ཡིད་ཀྱི་རྟོག་པ་ཙམ་དུ་ཟད་པ་ཡང་དག་པར་རྟོག་གོ། ཡི་གེ་ལ་བརྟེན་པའི་དོན་དེ་ཡང་ཡིད་ཀྱི་བརྗོད་པ་ཙམ་དུ་ཉིད་དུ་ཡང་དག་པར་རྟོག་གོ། མིང་དེ་ཡང་དོན་དེའི་ངོ་བོ་ཉིད་དང་། ངོ་བོ་དེའི་ཁྱད་པར་དུ་བཏགས་པར་ཟད་པ་ཙམ་དུ་ཡང་དག་པར་རྟོག་གོ། དེའི་ཕྱིར་ཡིད་ཀྱི་བརྗོད་པ་ཙམ་དུ་ཟད་པ་ཉིད་དུ་དམིགས་ཤིང་། མིང་དང་བཅས་པའི་དོན་གང་ཞིག་ངོ་བོ་ཉིད་དང་ཁྱད་པར་དུ་བཏགས་པ་ཡི་སྒྲ་གཉིས་དང་བཅས་ཤིང་། ངོ་བོ་ཉིད་དང་ཁྱད་པར་དུ་བྱས་པའི་དོན་གཉིས་བཅས་པ་ཕྱི་རོལ་ལྟར་ཀུན་བརྟགས་པའི་དོན་གྱི་མཚན་ཉིད་དུ་མི་དམིགས་པ་ན། ཐབས་སུ་གྱུར་པ་ཡོངས་སུ་ཚོལ་བ་བཞི་དང་། དེ་ཡི་འབྲས་བུ་ཡང་དག་པ་ཇི་བཞིན་ཡོངས་སུ་ཤེས་པ་བཞི་པོ་དག་གིས་ཡི་གེ་དང་དོན་སྣང་གི་ཡིད་ཀྱི་རྣམ་པར་རྟོག་པ་དེ་དག་ལ་རྣམ་པར་རིག་པ་ཙམ་ཉིད་དུ་འཇུག་གོ། དེ་ཡང་མིང་ཡོངས་སུ་ཚོལ་བའི་འབྲས་བུ་མིང་མི་དམིགས་པ། དངོས་པོ་ཡོངས་སུ་ཚོལ་བའི་འབྲས་བུ་དངོས་པོ་མི་དམིགས་པ། དེ་བཞིན་དུ་ངོ་བོ་ཉིད་དང་ཁྱད་པར་དུ་གདགས་པ་ལ་སྦྱར་ཏེ་བཞིའོ། །རྣམ་རིག་ཙམ་ལ་འཇུག་ཅེས་ཇི་སྐད་བྱ། ཅི་འདྲ་བར་འཇུག་ཅེ་ན། རྣམ་རིག་དེ་ཙམ༡་ཉིད་དང་། འདིར་ཕྱི་དོན་མེད་པ་འབའ་ཞིག་མིན་ཏེ། རྣམ་པར་རིག་པའི་དོན་གྱིས་ཀྱང་དོན་མེད་པ་ཡིན་ནོ། །སྐྱེ་མཆེད་བཅུ་གཉིས་དང་འཇིག་རྟེན་པའི་དོན་གྱི་ཐ་སྙད་ཀྱི་རྗེས་སུ་ཞུགས་པ་ཇི་ལྟ་བུ་ཞེ་ན་རྒྱུ་མཚན་ལྟ་བ་དང་བཅས་པ༢་གཉིས་ལས་སྐྱེ་མཆེད་བཅུ་གཉིས་སུ་བཏགས་པ་དང་། ཅི་གཉིས་པོ་རིགས་གཞན་ནམ་མིན་ཞེ་ན། རྣམ་ཤེས་གཅིག་ཉིད་སྣ་ཚོགས་ཀྱི་རྣམ་པ་ཉིད༣་ལ་དུས་གཅིག་སྣང་ཞིང་འཇུག་སྟེ། དེ་ལྟ་ན་མིང་དང་དོན་དང་ངོ་བོ་ཉིད་དང་ཁྱད་པར་དུ་བཏགས་པ་དང་།


MR12_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཉིད་དང་ཁྱད་པར་གྱི་བཏགས་དོན་རྣམ་པ་དྲུག་པོ་དོན་མེད༡་པ་ཉིད་དང་། དེ་དག་མེད་བཞིན་སྣང་བ་གཟུང་བ་དང་འཛིན་པའི་དངོས་པོར་ཉེ་བ༢ར་གནས་པ་དང་། ལྷན་ཅིག་ཏུ་སྣ་ཚོགས༣་ཀྱི་དོན་སྣང་བ་འགྱུར་བའི་ཕྱིར་རོ། ༧ །དཔེར་ན་མུན་ཁུང་ན་སྦྲུལ་དུ་སྣང་བའི་དོན་མེད་པར་ཐག་པ་ལ་དེའི་བློ་འཇུག་པ་བཞིན་དུ། དེས་ན་སྦྲུལ་མེད་པའི་ཕྱིར་ཐག་པ་ལ་སྦྲུལ་དུ་འཛིན་པ་ནི་ནོར་བའམ་འཁྲུལ་བ་སྟེ། དེའི་དོན་རྟོགས་པ་རྣམས་ནི་ཐག་པ་ལ་སྦྲུལ་གྱི་བློ་ལྡོག་ཅིང་ཐག་པའི་བློར་གནས་པ་བཞིན་ནོ། །ཐག་པ་དེ་ཡང་རྣམ་པ་ཕྲ་མོར་གཞིག་པར་བྱས་ན་ཐག་འཛིན་ཡང་ནོར་བ་སྟེ། ཐག་པ་ནི་ཁ་དོག་དང་དྲི་དང་རོ་དང་རིག་པའི་མཚན་ཉིད་ཅན་གྱི་དུ་མའི་ཚོགས་པ་ཡིན་པའི་ཕྱིར་རོ། །ཇི་ལྟར་ཁ་དོག་ལ་སོགས་པར་དབྱེ་བའི་བློ་ལ་བརྟེན་ཏེ་ཐག་པའི་བློ་ཡང་བཟློག་པར་བྱ་བ་དེ་བཞིན་དུ། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱི་དོན་ཤེས་པའི་བློ་ལ་བརྟེན་དེ་ཡི་གེ་སོགས་དང་དོན་རྣམ་པ་དྲུག་སྣང་བའི་ཡིད་ཀྱི་རྟོག་པ་དེ་དག་ལ་ཇི་ལྟར་སྦྲུལ་གྱི་བློ་བསལ་བ་བཞིན་དུ་དོན་རྣམ་པ་དྲུག་པོ་དེ་ལ་དེ་ལྟར་གྲུབ་པ་ཡང་དག་པའི་དོན་བསལ་ན། རྣམ་པར་རིག་པ་ཙམ་གྱི་བློ་ཡང་རྣམ་པར་གཞིག་པར་བྱ་བ་ཉིད་ཡིན་ནོ། །དེ་ལྟར་བྱང་ཆུབ་སེམས་དཔའ་འདིས་ཡིད་ཀྱི་བརྗོད་པ་དོན་སྣང་བའི་དོན་གྱི་མཚན་ཉིད་ལ་འཇུག་པས། ཀུན་བརྟགས་པའི་ངོ་བོ་ཉིད་ལ་འཇུག་པ་ཡིན་ནོ། །རྣམ་པར་རིག་པ་ཙམ་ལ་འཇུག་པས། གཞན་གྱི་དབང་གི་ངོ་བོ་ཉིད་ལ་འཇུག་པ་ཡིན་ནོ། ༧ །ཡོངས་གྲུབ་པའི་ངོ་བོ་ཉིད་ལ་ཇི་ལྟར་འཇུག་ཅེ་ན། རྣམ་པར་རིག་པ་ཙམ་གྱི་འདུ་ཤེས་ཀྱང་བཟློག་ནས་འཇུག་


MR12_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་གཟུང་བ་མེད་ན་འཛིན་པའང་མེད་པའི་ཕྱིར་རོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་དོན་གྱི་འདུ་ཤེས་རྣམ་པར་བཤིག་པ་དེ་ལ་ཡིད་ཀྱི་བརྗོད་པ་ཐོབ་པའི་ཆོས་ཀྱི་བག་ཆགས་ཀྱི་རྒྱུ་ལས་བྱུང་བ་དེ་དག་དོན་དུ་སྣང་བ་ཐམས་ཅད་འབྱུང་བའི་སྐབས་མེད་པ་ཡིན་ནོ། །གཟུང་བ་མེད་པ་དེས་ན་རྣམ་པར་རིག་པ་ཙམ་དུ་སྣང་བ་ཡང་མི་འབྱུང་སྟེ། གང་གི་ཚེ་མདོ་སོགས་ཆོས་གང་ཡིན་པ་འདི་ཐམས་ཅད་ནི་མིང་ཙམ་མོ་ཞེས་དོན་ཐམས་ཅད་ལ་རྣམ་པར་མི་རྟོག་པའི་མིང་ལ་གནས་ཤིང་། ཐམས་ཅད་མིང་ཙམ་ཁོ་ན་སྟེ། །རྟོག་པ་ཐམས་ཅད་འཇུག་པ་མེད། །མིང་དུ་སྣང་བའི་རྣམ་རིག་ལ། །མིང་ཞེས་ཉེ་བར་འདོགས་པར་བྱེད། །ཅེས་བཤད་པ་ལྟ་བུའོ། །ཆོས་ཀྱི་དབྱིངས་ལ་སོ་སོ་ཡང་དག་པར་རིག་པས་མངོན་སུམ་གྱི་ཚུལ་གྱིས་གནས་པ་དེའི་ཚེ། བྱང་ཆུབ་སེམས་དཔའ་དེའི་དམིགས་པར་བྱ་བ་དང་།དམིགས་པར་བྱེད་པ་གཉིས་ཀ་མེད་པར་མཉམ་པས་དེ་གཉིས་ཀྱི་ཁྱད་པར་དུ་བྱར་མེད་པ་མཉམ་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་འབྱུང་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་འདི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་ཞུགས་པ་ཡིན་ནོ། །གཟུགས་སོགས་ཆོས་དང་ལྷ་སྦྱིན་དང་དད་པས་རྗེས་འབྲང་སོགས་གང་ཟག་མདོ་སྡེ་སོགས་ཆོས་དང་དེའི་བརྗོད་བྱའི་དོན། །བསྡུས་པ་ཆོས་ཐམས་ཅད་བདག་མེད་པ་ལྟ་བུ་དང་ནི་གཟུགས་བདག་མེད་ཚོར་བ་བདག་མེད་སོགས་རྒྱས་དང་ཡིག་འབྲུ་ཨ་སོགས་རིགས། །མ་དག་པ་སོ་སྐྱེ་དང་དག་པ་འཕགས་པ་དང་མཐའ་ཤེར་ཕྱིན་དང་ས་བཅུ་པ་སོགས་བསྡུས་དོན་ལ་དམིགས་པ། རབ་ཏུ་དབྱེ་བས་མིང་གི་ཡུལ། །དེ་ལྟར་ན་བྱང་སེམས་འདི་ཤེས་བྱའི་མཚན་ཉིད་ལ་རྣམ་རིག་ཙམ་ཉིད་དུ་འཇུག་པས་ཞུགས་པ་ཡིན་ཏེ། དེར་ཞུགས་པས་ས་རབ་ཏུ་དགའ་བ་ལ་ཞུགས་


MR12_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ཏེ། ཆོས་ཀྱི་དབྱིངས་མངོན་སུམ་དུ་ལེགས་པར་རྟོགས་པ་དང་། དེ་བཞིན་གཤེགས་པའི་རིགས་ནི་ཆོས་དབྱིངས་ཡིན་ལ་དེ་རྟོགས་ཤིང་སངས་རྒྱས་ཀྱི་སྲས་སུ་སྐྱེས་པ་དང་། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་སྙིང་པོ་ཡོད་པར་མཐོང་བས་སེམས་བདག་མེད་པར་མཉམ་པ་དང་། བྱང་སེམས་ཐམས་ཅད་ལ་སེམས་མཉམ་པ་དང་དེ་དག་གི་གནས་གང་ཡིན་པ་དེ་བདག་གི་ཡང་ཡིན་པས་སོ། །སངས་རྒྱས་ཐམས་ཅད་ལ་དེ་དག་གི་ཆོས་སྐུ་གང་ཡིན་པ་འཐོབ་པའི་ཕྱིར་སེམས་མཉམ་པ་ཐོབ་པ་ཡིན་ཏེ། དེ་ནི་དེའི་མཐོང་ལམ་ཡིན་ནོ། །ཅིའི་ཕྱིར་ཡང་རྣམ་རིག་ཙམ་དེ་ལ་འཇུག་ཅེ་ན། འདྲེས་པའི་ཆོས་ལ་དམིགས་པ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཐེག་ཆེན་ཐམས་ཅད་ཀྱི་བསྟན་དོན་མདོར་བསྡུས་ཏེ་དམིགས་པའོ་འཇིག་རྟེན་ལས་འདས་པའི་ཞི་ལྷག་གི་ཤེས་པ་དང་། དེའི་རྗེས་ཐོབ་ཆོས་རྣམས་ཀྱི་རྒྱུ་འབྲས་ངོ་བོ་ཉིད་དང་བླ་ན་ཡོད་མེད་སོགས་སྣ་ཚོགས་ཀྱི་གཟུང་འཛིན་གྱི་རྣམ་ཅན་རྣམ་པར་རིག་པའི་ཤེས་པས། ཀུན་གཞི་རྣམ་པར་ཤེས་པའི་ས་བོན་གཟུགས་སོགས་རྒྱུ་མཚན་དང་བཅས་པ་ཐམས་ཅད་སྤངས་ནས་ཆོས་ཀྱི་སྐུ་ལ་རེག་པར་འགྱུར་བའི་ཐེག་ཆེན་ཐོས་པའི་བག་ཆགས་ཀྱི་ས་བོན་སྤེལ་ཏེ་དེ་བཞིན་ཉིད་རྟོགས་པས་གནས་གྱུར་ནས་སངས་རྒྱས་ཀྱི་ཆོས་སྟོངས་སོགས་ཐམས་ཅད་ཡང་དག་པར་འགྲུབ་པའི་སྒོ་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པའི་ཕྱིར་འཇུག་གོ། ༧ །རྗེས་ལ་ཐོབ་པའི་ཤེས་པ་དེ་ནི་ཀུན་གཞི་རྣམ་པར་ཤེས་པ་རྒྱུ་ཐམས་ཅད་རབ་ཏུ་སྐྱེ་བ་དང་། འབྲས་བུ་རྣམ་པར་རིག་པའི་མཚན་མ་ཐམས་ཅད་ལ་ཞེས་གཞན་དབང་གི་ངོ་བོ་ཇི་བཞིན་མཐོང་བས་སྒྱུ་མ་ལྟ་བུ་ལ་ཉིད་ལ་སོགས་པར་ལྟ་བས་རང་བཞིན་གྱིས་ཕྱིན་ཅི་ལོག་དང་ནོར་བ་མེད་པར་


MR12_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་འབྱུང་ངོ་། །དེས་ན་བྱང་སེམས་དེ་ཇི་ལྟར་རྩྭ་སོགས་ལ་སྔགས་ཀྱིས་སྒྱུ་མ་བྱས་པའི་ཆོས་རྣམས་ལ་སྒྱུ་མ་མཁན་བཞིན་དུ། ཆོས་རྣམས་རྒྱུ་དང་འབྲས་བུར་བཅས་པ་སྟོན་པ་ལ་ཡང་དུས་ཐམས་ཅད་དུ་ཕྱིན་ཅི་ལོག་མེད་པ་ཡིན་ནོ། །རྗེས་ཐོབ་འདི་རྣམ་པར་མི་རྟོག་པ་ཡང་མིན། རྣམ་རྟོག་ཀྱང་མིན་ཏེ་ཉོན་མོངས་མེད་པས་སོ། །རྣམ་རིག་ཙམ་ཉིད་ལ་འཇུག་པ་དེ་ལ། ཏིང་འཛིན་བཞི་ལ་གནས་པའི་ངེས་འབྱེད་ནི་བདག་མེད་པའི་དེ་ཉིད་མཐོང་བ་ཡིན་ལ་དེ་དང་ཆ་མཐུན་སྦྱོར་ལམ་བཞི་ཇི་ལྟར་བལྟ་ཞེ་ན། ཡོངས་ཚོལ་བཞི་པོ་དེས་བཟུང་བའམ་ཕྱི་དོན་མེད་པར་བཟོད་པ་ཆུང་ངུའི་ཚེ་སྣང་བ་ཐོབ་པའི་ཏིང་འཛིན་ཏེ་ངེས་འབྱེད་ཆ་མཐུན་གྱི་དྲོ་བར་ངོ་བོར་གྱུར་བའོ། །བཟོད་པ་ཆེན་པོའི་ཚེ་སྣང་བ་མཆེད་པའམ་གསལ་བའི་ཏིང་འཛིན་རྩེ་མོའི་གནས་སོ། །ཡང་དག་པ་ཇི་བཞིན་ཡོངས་ཤེས་བཞི་པོ་དག་ལ་དོན་མེད་པར་རྣམ་རིག་ཙམ་ཡིན་པར་ཤེས་པ་ཉིད་དུ་ཞུགས་པ་དང་། དེ་ལ་ཕྱི་དོན་ནི་མེད་པ་ལ་ངེས་པ་ནི་དེ་ཁོ་ནའི་དོན་གྱི་ཕྱོགས་གཅིག་སྟེ་གཟུང་བ་ཙམ་འགོགས་པ་ལ་ཞུགས་པ་རྗེས་སུ་སོང་བའི་ཏིང་ངེ་འཛིན། བདེན་པའི་རྗེས་སུ་མཐུན་པ་ནི་གཟུང་བ་མེད་པར་བརྟེན་ནས་འཛིན་པ་མེད་པར་རྟོགས་པ་འབྱུང་བས་བཟོད་པའི་གནས་སོ། །གང་གི་འོག་ཏུ་རྣམ་པར་རིག་པ་ཙམ་གྱི་འདུ་ཤེས་རྣམ་པར་འཇིག་པ་དེ་ནི་མཐོང་ལམ་སྔ་ལོག་དེ་མ་ཐག་པའི་ཏིང་ངེ་འཛིན་ཏེ། འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་གནས་སུ་བལྟའོ། །ཏིང་ངེ་འཛིན་འདི་དག་མཐོང་ལམ་གྱི་མངོན་པར་རྟོགས་པ་དང་ཉེ་བས་ཡིན་པར་གྱུར་པས་ངེས་འབྱེད་ཆ་མཐུན་ཞེས་སུ་བལྟ་བར་བྱའོ། །དེ་ལྟར་ས་ལ་ཞུགས་ཏེ་མཐོང་ལམ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམ་པར་རིག་པ་ཙམ་


MR12_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ་ཞུགས་པ་དེ་ལ་བསྒོམ་པའི་ལམ་ལ་ཇི་ལྟར་སྦྱོར་ཞེ་ན། ཇི་ལྟར་སའི་རང་སྤྱིའི་མཚན་ཉིད་ས་ཐོབ་པའི་རྟགས་སོགས་ཀྱི་རྣམ་བཞག་རྣམ་པར་གནས་པ་བསྟན་པ་བྱང་ཆུབ་སེམས་དཔའི་ས་བཅུ་པ་མདོ་སྡེ་ཐམས་ཅད་བསྡུས་པ་ཉིད་དུ། དམིགས་པ་སྣ་ཚོགས་པ་ཉེ་བར་གནས་པ་རྣམས་ལ། ཆོས་ཐམས་ཅད་བསྡོམ་ནས་སམ་འདྲེས་པ་ལ་དམིགས་པ་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པ་དང་། དེའི་རྗེས་ལས་ཐོབ་པའི་ཞི་གནས་དང་ལྷག་མཐོང་གི་ཤེས་པས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོར་གོམས་པར་བྱས་པའི་ཕྱིར་སེམས་སེམས་བྱུང་དེ་གནས་གྱུར་ནས། སངས་རྒྱས་ཀྱི་སྐུ་རྣམ་པ་གསུམ་ཐོབ་པར་བྱ་བའི་ཕྱིར་སྦྱོར་རོ། །ཉན་ཐོས་ཀྱི་མངོན་རྟོགས་དང་། བྱང་སེམས་ཀྱི་མངོན་རྟོགས་གང་ཡིན་པ་འདི་གཉིས་བྱེ་བྲག་ཅི་ཡོད་ཅེ་ན། ཁྱད་པར་བཅུས་བྱང་སེམས་ཀྱི་མངོན་པར་རྟོགས་པ་འཕགས་ཏེ། དམིགས་པའི་ཁྱད་པར་ཐེག་ཆེན་གྱི་ཆོས་ལ་ཐོས་བསམ་བསྒོམ་པས་དམིགས་པ་དང་། ཉེ་བར་བརྟོན་པའི་ཁྱད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་བརྟན་པར་བྱ་པའི་ཕྱིར་དགེ་རྩ་སྟོབས་བསྐྱེད་པ་དང་། རྟོགས་པའི་ཁྱད་པར་ཆོས་དང་གང་ཟག་གཉིས་ཀ་ལ་བདག་མེད་པར་རྟོགས་པ་དང་ཉན་ཐོས་ནི་གང་ཟག་གི་བདག་མེད་རྟོགས་པ་ཙམ་མོ། །མྱ་ངན་ལས་འདས་པའི་ཁྱད་པར་མི་གནས་པའི་མྱང་འདས་ཡོངས་སུ་འཛིན་པ་དང་། སའི་ཁྱད་པར་ས་བཅུ་ལ་ངེས་པར་འབྱུང་བ་དང་ཉན་ཐོས་ལས་བཅུའི་རྣམ་བཞག་མེད་དོ། །ཡོངས་སུ་དག་པའི་ཁྱད་པར་ཉོན་མོངས་པའི་བག་ཆགས་སྤོང་བ་དང་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བའི་ཕྱིར་དང་ཉན་ཐོས་ལ་དེ་མེད་དོ། །


MR12_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དང་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་ཐོབ་པའི་ཁྱད་པར་ནི་རྒྱུ་དེས་སེམས་ཅན་ཡོངས་སུ་སྨིན་བྱེད་ཀྱི་སྦྱོར་བ་རྒྱུན་མི་གཅོད་པའི་ཕྱིར་དང་། སྐྱེ་བའི་ཁྱད་པར་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་འཁོར་ལོས་བསྒྱུར་བའི་སྲས་ལྟ་བུ་དང་ཉན་ཐོས་ནི་བྲན་གྱི་བུ་ལྟ་བུའོ། །སྐྱེ་འབྱུང་གི་ཁྱད་པར་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་དུས་ཐམས་ཅད་དུ་བརྫུས་ཏེ་སྐྱེ་སོགས་ཀྱི་སྐྱེ་འབྱུང་ཡོངས་སུ་འཛིན་པ་དང་ཉན་ཐོས་ནི་མངལ་སྐྱེས་ཕལ་ལོ། །འབྲས་བུའི་ཁྱད་པར་སྟོབས་བཅུ་མི་འཇིགས་བཞི་མ་འདྲེས་པ་བཅོ་བརྒྱད་སོགས་འབྲས་བུའི་ཡོན་ཏན་ཚད་མེད་པ་འགྲུབ་པའི་ཕྱིར་རོ། །ཚིགས་སུ་བཅད་པ། མིང་དང་དངོས་པོ་གཉིས་ཕན་ཚུན་དུ། །གློ་བུར་དོན་ལ་མིང་བློ་བུར་སོགས་ཡིན་པར་རིག་པས་དཔྱད་དེ་ཡོངས་སུ་བཙལ་ལོ། །ངོ་བོ་ཉིད་དང་ཁྱད་པར་དུ་བཏགས་པ་རྣམ་པ་གཉིས་པོ་ལ། །བཏགས་པ་དེ་ཙམ་ལས་དེ་ལྟར་གྲུབ་པ་མེད་པ་ཉིད་དུ་བཙལ་བར་བྱ། །ཡང་དག་ཇི་བཞིན་ཡོངས་ཤེས་པས། །དོན་དེ་ལ་མེད་པར་ནི་མིང་དང་། ངོ་བོ་དང་། ཁྱད་པར་དུ་བཏགས་པའི་རྟོག་པ་གསུམ་དུ་ཤེས་པ་དང་། །རྟོག་པ་གསུམ་པོ་དེ་དོན་དུ་མེད་ཕྱིར་ཡང་དེ་མི་འཛིན་པས་དེ་མེད་པར། །མཐོང་བ་ངོ་བོ་ཉིད་གསུམ་ལ་ཚུལ་བཞིན་འཇུག་པ་ཡིན། །ཚིགས་བཅད་དང་པོའི་ཕྱེད་མིང་དོན་གློ་བུར་ཤེས་པས་ཀུན་བརྟགས་པའི་ངོ་བོ་ཉིད་ལ་ཞུགས། ཕྱེད་འོག་མས་གཞན་དབང་གི་ངོ་བོ་ཉིད་རྟོགས། ཚིགས་བཅད་གཉིས་པས་རྟོག་པར་ཟད་ཀྱི་དངོས་པོར་མ་ཡིན་ནོ་ཞེས་རྟོག་པ་རྣམས་ཀྱང་མེད་པར་མཐོང་བས་ཡོངས་གྲུབ་ལ་འཇུག་གོ། །འདི་ལྟར་རྣལ་འབྱོར་གྱི་རྣམ་པར་དབྱེ་བ་ལས་གདམས་པའི་ཚིགས་སུ་བཅད་པ། བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་ལ་མཉམ་


MR12_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་པས། །ཆོས་དང་དོན་དུ་སྣང་བའི་གཟུགས་བརྙན་རང་གི་ཡིད་དུ་མཐོང་བ་ནི། རང་སེམས་ཙམ་སྟེ་དེ་ལས་གཞན་པའི་དོན་གྱི་འདུ་ཤེས་བཟློག་ནས་སུ། །རང་གི་སེམས་མཉམ་པར་བཞག་པའི་སེམས་དེ་ཉིད་དེ་ལྟར་སྣང་བའི་འདུ་ཤེས་ངེས་པར་གཟུང་ནས། །དེ་ལྟར་ནང་དུ་སེམས་མཉམ་བཞག་ལ་གནས་སོ། །དེའི་ཕྱིར་གཟུང་བ་མེད་པར་རབ་རྟོགས་བྱོས། །གཟུང་བ་མེད་པ་དེ་ཕྱིར་དེའི་འཛིན་པ་ཡང་མེད་པར་རྟོགས་པ་ཉིད་ཀྱིས། །རྒྱུ་དེས་ན་དམིགས་པ་མེད་ལ་རེག་གོ། ཞེས་སོ། །འདི་ལྟར་ཐེག་པ་ཆེན་པོའི་མདོ་སྡེ་རྒྱན་ལས་ཡང་མངོན་པར་རྟོགས་པའི་ཚིགས་བཅད་འབྱུང་བ། བྱང་ཆུབ་སེམས་དཔས་སྦྱིན་སོགས་བསོད་ནམས་མི་དམིགས་པའི་ཡེ་ཤེས་ཀྱི། །ཚོགས་རྣམས་མང་པོ་མཐའ་ཡས་ཡུན་རིང་པས་ཕ་རོལ་མེད་བསགས་ཏེ། །མདོ་སོགས་ཀྱི་ཆོས་ལ་སེམས་པ་ལེགས་པར་རྣམ་གནས་ཕྱིར། །དོན་རྣམས་ཀྱི་རྣམ་པ་ནི་ཡིད་ཀྱིས་བརྗོད་པའི་རྒྱུས་བྱུང་བར་རྟོགས་པ་ཚོགས་ལམ་མོ། །བརྗོད་པ་ཙམ་དུ་དོན་ནི་ངེས་ཤེས་ནས། །དོན་མེད་པར་སེམས་སྣང་བ་དེ་འདྲ་བ་ཡི་སེམས་ཙམ་ཉིད་སྦྱོར་ལམ་ལ་གནས། །དེ་བས་ན་གཟུང་འཛིན་གཉིས་ཀྱི་མཚན་ཉིད་བྲལ་བ་ཡི། །ཆོས་ཀྱི་དབྱིངས་ནི་ངེས་པའི་མངོན་སུམ་ཉིད་དུ་འགྱུར་སྦྱོར་ལམ་བསྟན་ཏོ། །སེམས་ལས་དོན་གཞན་མེད་པར་ནི་བློས་རྟོགས་ནས། །དོན་མེད་པར་དེ་ཕྱིར་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །བློ་དང་ལྡན་པས་གཟུང་འཛིན་གཉིས་པོ་མེད་རྟོགས་ནས། །གཟུང་འཛིན་དེ་དང་མི་ལྡན་པའི་ཆོས་ཀྱི་དབྱིངས་མཐོང་ལམ་ལ་གནས། །རྟོག་མེད་ཤེས་སྟོབས་རྣམ་པར་མི་རྟོག་པའི་ཡེ་ཤེས་གཟུང་འཛིན་གཉིས་མེད་མཉམ་པའི་རྗེས་སོང་བས། །


MR12_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

བློ་དང་ལྡན་པས་ཕྱི་ནང་གི་ཆོས་ཀུན་ནས་དུས་རྟག་པར་ཡང་། །ཀུན་ཉོན་དེའི་གནས་སམ་རྒྱུའི་ཐིབས་པོ་ཀུན་གཞིའི་རྣམ་ཤེས་ཀུན་ཉོན་གྱི་བག་ཆགས་ཉེས་པར་བསགས་པ་སེལ་ཏེ། །དཔེར་ན་རྩི་སྨན་ཆེན་པོས་དུག་ནི་སེལ་བ་བཞིན་བསྒོམ་ལམ་མོ། །ཐུབ་པས་གསུངས་པའི་མཛེས་པའམ་ལེགས་ཆོས་ལེགས་པ་བཞག་པ། །མདོ་ཐམས་ཅད་ཀྱི་བརྗོད་བྱའི་རྩ་བ་གཅིག་པུ་མདོ་སྡེ་ཐམས་ཅད་བསྡུས་པའི་མ་མོ་ས་བཅུ་པ་ལས་གསུངས་པའི་ཆོས་དབྱིངས་དང་རྗེས་ཐོབ་དྲན་པ་དང་བཅས་ལ་བྱང་སེམས་དེས་བློ་བཞག །མདོ་སོགས་ཀྱི་ཆོས་དོན་སྣ་ཚོགས་དྲན་པའི་རྒྱུད་ནི་རང་སེམས་ཀྱི་རྟོག་པ་ཙམ་ཤེས་ནས། །མི་རྟོག་པ་དང་རྗེས་ཐོབ་དེས་ཡོན་ཏན་རྒྱ་མཚོའི་ཕ་རོལ་དུ་བརྟན་པ་རྣམས་མྱུར་དུ་འགྲོའོ། །བསྐལ་ཆེན་གྲངས་མེད་གསུམ་གྱིས་བགྲོད་དགོས་པས་མྱུར་དུ་ཞེས་ཇི་སྐད་བྱ་ཞེ་ན། བརྟགས་པ་ཙམ་དུ་ཟད་པའི་ཕྱིར། དུས་གསུམ་བརྟག་པ་ལས། རྨི་ལམ་ན་ནི་ལོ་གཅིག་ཀུན། །ཡུད་ཙམ་གྱིས་ཀྱང་དམིགས་པ་སྟེ། །དེས་ན་དཔག་མེད་དུས་དག་ཀྱང་། །སྐད་ཅིག་ཉིད་དུ་འདུས་པར་འགྱུར། །ཞེས་པ་ལྟ་བུའོ། །བརྩོན་འགྲུས་སྦྱོང་བ་རྣམས་ལ་དུས་རིང་ཡང་ཐུང་ངུས་འདའ་བར་སྣང་ལ། བརྩོན་ཞན་རྣམས་ལ་དུས་ཐུང་ཡང་རིང་བར་སྣང་ངོ་། །ཞེས་སོ། །དེ་ལྟར་ཤེས་བྱའི་མཚན་ཉིད་བསྟན་པ་དེ་ལ། བཞི་པ་དེའི་རྒྱུ་དང་འབྲས་བུ་བསྟན་པ་ཇི་ལྟར་བལྟ་ཞེ་ན། སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་དྲུག་གིས་འཇུག་གོ། ཕ་རོལ་ཕྱིན་པ་དྲུག་གིས་རྣམ་རིག་ཙམ་ལ་ཇི་ལྟར་འཇུག །ཇི་ལྟར་ཕར་ཕྱིན་དྲུག་པོ་དག་དེ་ལ་འཇུག་པའི་འབྲས་བུ་ཅི་ཡིན་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་ལོངས་སྤྱོད་རྣམས་ལ་ཀུན་ཏུ་མ་ཆགས་


MR12_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཚུལ་ཁྲིམས་རྣམས་ལ་ལྟུང་བ་མེད་པ། སྡུག་བསྔལ་རྣམས་ལ་འཁྲུག་པ་མེད་པ། བསྒོམ་པ་ལ་ལེ་ལོ་མེད་པ། རྣམ་པར་གཡེང་བའི་རྒྱུ་གོང་བཤད་ཕར་ཕྱིན་གྱི་མི་མཐུན་ཕྱོགས་དེ་དག་ཡོད་ན་སྦྱིན་སོགས་ལ་མི་འཇུག་པས་རྣམ་པར་གཡེང་བའོ་འདི་དག་ལ་མི་འཇུག་པར་སེམས་རྩེ་གཅིག་ཏུ་བྱས་ནས་ཚུལ་བཞིན་དུ་ཆོས་རྣམས་ལ་ཤེས་རབ་ཀྱིས་རབ་ཏུ་རྣམ་པར་འབྱེད་ཅིང་། ཕར་ཕྱིན་དྲུག་ལ་བརྟེན་ནས་རྣམ་པར་རིག་པ་ཙམ་གྱི་ཕར་ཕྱིན་ཉིད་ལ་འཇུག་གོ། རྣམ་རིག་ཙམ་ལ་ཞུགས་པའི་བྱང་སེམས་ཀྱིས་ནི། ལྷག་བསམ་དག་པས་ཡོངས་སུ་ཟིན་པའི་འབྲས་བུའི་ཕར་ཕྱིན་དྲུག་པོ་ཉིད་འཐོབ་སྟེ། འདི་ལྟར་བྱང་སེམས་འདི་ཡི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཀུན་ཏུ་སྤྱོད་པས་སྦྱོར་བ་བྱེད་བཞིན་པ་མེད་ཀྱང་། ཕར་ཕྱིན་དང་ལྡན་པའི་ཆོས་ཟབ་མོ་བསྟན་པ་ལ་མོས་པ་དང་། ཕར་ཕྱིན་རྣམས་ལ་ཡོན་ཏན་དུ་ལྟ་བས་རོ་མྱང་བ་དང་། བདག་གཞན་གྱིས་སྦྱིན་སོགས་བྱས་པ་ལ་རྗེས་སུ་ཡི་རངས་པ་དང་། མ་འོངས་པ་ན་ཁྱད་པར་འཕགས་པར་བྱེད་འདོད་པའི་སྨོན་པས་མངོན་པར་དགའ་བས་ཡིད་ལ་བྱེད་པས་ཀྱང་། དུས་རྟག་པར་རྒྱུན་མི་འཆད་པའི་ཚུལ་དུ་ཕར་ཕྱིན་དྲུག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །འདིར་ཚིགས་སུ་བཅད་པ། བྱང་ཆུབ་སེམས་དཔའ་རྣམ་དག་གི། མོས་སྤྱོད་དུ་དཀར་པོའི་ཚོགས་ཆོས་རྣམས་ཀུན་རྫོགས་དང་། །བཟོད་རྣོན་བཟོད་པ་ཆེན་པོ་ཐོབ་དང་བྱང་སེམས་རང་གི་ཐེག་པ། །ཆོས་བདག་མེད་པ་ཟབ་ཅིང་ནམ་མཁའི་མཛོད་སོགས་ཀྱི་ཏིང་འཛིན་རྒྱ་ཆེ་ཞིང་མཐུ་དང་ལྡན་པ་བསྟན་པ་ལ་དམིགས་པ། ཡིད་ལ་བྱེད་པས་རྟོག་པ་རྣམ་རིག་ཙམ་དུ་རྟོག་པའི་ཕྱིར་དང་། །གཉེན་


MR12_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མི་རྟོག་ཡེ་ཤེས་ཐོབ་པའི་ཕྱིར། །འདོད་པ་འདུན་པ་དང་ནི་མོས་པ་དད་པ་དང་རང་གི་མཚན་ཉིད་དམ་ངོ་བོ་ཉིད་ཀྱིས་དག་པའོ། །དག་པ་ནི་ལྷག་པའི་བསམ་པ་དག་པ་ཉིད་བཤད་བྱ་རྩ་བའོ། །དེའི་སྔ་ལོགས་སུ་བསམ་པ་དག་པ་ཡང་ཆོས་རྒྱུན་གྱི་ཏིང་འཛིན་ཐོབ་པས་དེ་ལ་མཉམ་པར་བཞག་པས་དེར། །རྟགས་སངས་རྒྱས་རྣམས་ནི་མཐོང་བས་ན། །རང་ཉིད་བྱང་ཆུབ་དང་ཉེ་བར་རྟོགས་གྱུར་ནས། །དེས་བྱང་ཆུབ་ཚེགས་མེད་པར་ནི་ཐོབ་ཕྱིར་རོ། །ཚེགས་མེད་པ་ནི། དེ་ཐོབ་བྱེད་ཀྱི་ཐབས་རྙེད་པས་བྱང་ཆུབ་དང་ཉེ་བར་མཐོང་ལ། ཚོགས་གོམས་པར་བྱས་པས་ཡོངས་སུ་སྨིན་པའི་ཤུགས་ཀྱིས་ཚེགས་མེད་པར་ཡང་འཐོབ་བོ། །ཚིགས་བཅད་འདི་དག་གིས་རྣམ་པ་བརྒྱད་ཀྱིས་ལྷག་བསམ་དག་པའི་མཚན་ཉིད་མཐའ་དག་བསྟན་པ་ཡིན་ཏེ། ཚོགས་དང་བཟོད་པ་དང་། དམིགས་པ་དང་། ཡིད་བྱེད་དང་། གཉེན་པོ་དང་། རང་གི་མཚན་ཉིད་དང་། རྟགས་དང་། ཕན་ཡོན་གྱིས་ཏེ་ཚིགས་བཅད་རྩ་བ་རྣམས་དང་གོ་རིམ་བཞིན་སྦྱར་ཏེ་རིག་པར་བྱའོ། །ཕར་ཕྱིན་དེ་དག་གི་གྲངས༡་ངེས་དང་དེ་ཡི་མ༢ཚན་ཉིད་དང་། །གོ་རིམ༣་དང་ངེས་ཚིག༤་དང་གོམས་བྱ་བསྒོམ་པའི་ཡོན་ཏན༥་དང་། །རབ་ཏུ་དབྱེ་དང༦་བསྡུ༧་དང་མི་མཐུ༨ན་ཕྱོགས། །ཡོན་ཏན༩་ཕན་ཚུན་རྣམ་ངེས་ཤེས་པར་༡༠བྱ་། ༧ །དང་པོ་གྲངས༡་རྣམ་པར་བཞག་པ། ཅིའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ཁོ་ན་ཡིན་ཞེ་ན། མི་མཐུན་པའི་ཕྱོགས་དང་གཉེན་པོ་རྣམ་པར་བཞག་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་འགྲུབ་པའི་གཞིའི་གནས་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་མཐུན་པས་དྲུག་ཉིད་དེ། མི་མཐུན་པའི་གཉེན་པོ་ཇི་ལྟ་བུ་ཡིན་ཞེ་ན། འཁོར་བ་ལས་མི་འཕགས་པའི་


MR12_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུའི་གཉེན་པོ་སྦྱིན་པ་དང་ཚུལ་ཁྲིམས་ཀྱི་ཕར་ཕྱིན་གཉིས་ཏེ། མི་འཕགས་པའི་རྒྱུ་ནི་ལོངས་སྤྱོད་ལ་ཆགས་པ་དང་། ཁྱིམ་ལ་ཆགས་པའོ། །སྤགས་པ་ལྡོག་པའི་རྒྱུ་ཡི་གཉེན་པོ་ནི་བཟོད་བརྩོན་གཉིས་ཏེ། ལྡོག་པའི་རྒྱུ་སེམས་ཅན་གྱིས་ལོག་སྒྲུབ་ལས་བྱུང་བ་དང་། ཡུན་རིང་པོར་དགེ་ཕྱོགས་ལ་བརྩོན་པས་སྐྱོ་བའོ། །སྤགས་ནས་མི་ལྡོག་པ་ཆུད་ཟ་བའི་རྒྱུ་ཡི་གཉེན་པོ་བསམ་གཏན་དང་ཤེས་རབ་ཕར་ཕྱིན་ཏེ། ཆུད་ཟ་བའི་རྒྱུ་རྣམ་གཡེང་དང་འཆལ་བའི་ཤེས་རབ་བོ། །དེ་ལྟར་མི་མཐུན་ཕྱོགས་དང་གཉེན་པོས་གྲངས་རྣམ་པར་བཞག་གོ། ཡང་རྣམ་པར་མི་གཡེང་བའི་རྒྱུ་ལ་སྦྱིན་སོགས་ཕར་ཕྱིན་བཞིས་རྣམ་པར་མི་གཡེང་བ་གཅིག་པུ་འགྲུབ་བོ། །མི་གཡེང་བ་དེ་ལ་བརྟེན་ནས་ཆོས་ཀྱི་དེ་ཉིད་ཇི་བཞིན་ཡང་དག་པར་མངོན་དུ་རྟོགས་པའི་ཕྱིར་སངས་རྒྱས་ཀྱི་ཆོས་ཡང་དག་པར་འགྲུབ་པའི་ཕྱིར། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་འགྲུབ་པའི་གཞིའི་གནས་ཀྱིས་དེ་ལྟར་གྲངས་དྲུག་ཏུ་རྣམ་པར་བཞག་གོ། སྦྱིན་པས་སེམས་ཅན་ལ་ཕན་འདོགས། ཚུལ་ཁྲིམས་ཀྱིས་གནོད་པ་སྤང་། བཟོད་པས་གནོད་པར་ཅི་མི་སྙམ་པར་གནས། བརྩོན་འགྲུས་ཀྱིས་བྱ་བ་བྱེད་པའི་ཕྱིར་ཕན་འདོགས་པའི་རྒྱུ་འདི་དག་གིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བའི་ལས་སུ་རུང་བར་བྱས་ནས། previous hit དེའིའོགཏུ ་སེམས་མཉམ་པར་མ་བཞག་པ་རྣམས་ཐར་ཕྱིར་བསམ་གཏན་ཕར་ཕྱིན་ནོ་དང་། སེམས་མཉམ་པར་བཞག་པ་རྣམས་རྣམ་པར་ཐར་པར་བྱ་བའི་ཕྱིར་ཤེས་རབ་སྟེ་དེའི་གདམས་པ་གདམས་པར་བྱ་བ་ཡི་ཡུལ་རྣམས་ཡོངས་སུ་སྨིན་པར་འགྱུར་ཏེ། དེ་ལྟར་སེམས་ཅན་


MR12_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་མཐུན་པར་གྲངས་རྣམ་པར་བཞག་པར་བལྟའོ། །ས་བཅད་གཉིས་པ་འོ་ན་འདི་དག་གི་མཚན་ཉིད་ཇི་ལྟར་བལྟ་ཞེ་ན། དམ་པ་དྲུག་གིས་བལྟ་བར་བྱ་སྟེ། བྱང་ཆུབ་ཀྱི་སེམས་ནི་དེ་དག་གི་གནས་ཡིན་པའི་ཕྱིར་གནས་དམ་པའོ། །དངོས་པོ་དམ་པ་སྦྱིན་པ་ལ་ཕྱི་ནང་གི་དངོས་པོ་ཐམས་ཅད་གཏོང་བ་དང་ཚུལ་ཁྲིམས་ལ་གསུམ་ཡོངས་རྫོགས་སོགས་མཐའ་དག་ཀུན་ཏུ་སྤྱོད་པའི་ཕྱིར་རོ། །ཆེད་དུ་བྱ་བ་དམ་པ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཆེད་དུ་བྱ་བའི་ཕྱིར་རོ། །ཐབས་མཁས་དམ་པ་ནི་མི་རྟོག་ཡེ་ཤེས་ཀྱིས་ཡོངས་སུ་ཟིན་པའི་ཕྱིར་རོ། །ཡོངས་སུ་བསྔོ་བ་དམ་པ་བླ་མེད་རྫོགས་བྱང་དུ་བསྔོ་བའི་ཕྱིར་རོ། །རྣམ་པར་དག་པ་དམ་པ་ནི་ཉོན་མོངས་དང་ཤེས་བྱའི་སྒྲིབ་པས་སྒྲིབ་པ་མེད་པར་ཡང་དག་པར་འགྲུབ་པའི་ཕྱིར་རོ། །སྦྱིན་པ་གང་ཡིན་པ་དེ་ཕར་ཕྱིན་ཡང་ཡིན་ནམ། ཕར་ཕྱིན་གང་ཡིན་སྦྱིན་པ་ཡང་ཡིན་ནམ་ཞེ་ན། སྦྱིན་པ་ཡིན་ལ་ཕར་ཕྱིན་མ་ཡིན་པ་ཡང་ཡོད་ཅེས་སོགས་མུ་བཞི་སྟེ། སྦྱིན་པ་ཡིན་ལ་ཕར་ཕྱིན་མིན་པ་དམ་པ་དྲུག་དང་བྲལ་བའོ། །ཕར་ཕྱིན་ཡིན་ལ་སྦྱིན་པ་མ་ཡིན་པ་དམ་པ་དྲུག་ལྡན་གྱི་ཚུལ་ཁྲིམས་སོགས་གཞན་ནོ། །གཉིས་ཀ་ཡིན་པ་དམ་པ་དྲུག་ལྡན་སྦྱིན་པའོ། །གཉིས་ཀ་མིན་པ་དམ་པ་དྲུག་བྲལ་ཚུལ་ཁྲིམས་སོགས་སོ། །དེའི་ཕྱིར། བསེ་རུ་ལྟ་བུ་རྣམས་ལ་ནི། །ཕ་རོལ་ཕྱིན་དྲུག་མིང་ཡང་མེད། །བཅོམ་ལྡན་ཉག་གཅིག་ཕ་རོལ་ཕྱིན། །དྲུག་གི་སྦྱི་ལ་བཞུགས་པ་ལགས། །ཞེས་གསུངས་སོ། །སྦྱིན་པ་བཞིན་དུ་ཕར་ཕྱིན་ལྷག་མ་རྣམས་ལའང་མུ་བཞི་ཅི་རིགས་སུ་བལྟ་བར་བྱའོ། །ཕར༣་ཕྱིན་འདི་དག་གི་གོ་རིམ་འདི་བཞིན་ཅིའི་ཕྱིར་བསྟན་ན། སྔ་མ་རྣམས་རིམ་པས་ཕྱི་མ་


MR12_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་དང་མཐུན་པའི་ཕྱིར་རོ། །ལོངས་སྤྱོད་ལ་མ་ཆགས་ན་ཚུལ་ཁྲིམས་སྲུང་ནུས་སོ། །ཚུལ་ཁྲིམས་དང་ལྡན་ན་བཟོད་དོ། །བཟོད་ན་མི་མཐུན་པས་མི་འབྱེད་པའོ། །མི་འབྱེད་པས་བརྩོན་འགྲུས་རྩོམ་མོ། །བརྩོན་འགྲུས་བརྩམ་ན་སེམས་མཉམ་པར་འཇོག་གོ། སེམས་མཉམ་པར་བཞག་ན་ཡང་དག་པ་བཞིན་རབ་ཏུ་ཤེས་སོ། །འདི་དག་གི་ངེས་ཚིག་ཇི་ལྟར་བལྟ་ཞེ་ན། འཇིག་རྟེན་པ་དང་ཉན་རང་གི་སྦྱིན་པ་ལ་སོགས་པའི་དགེ་བ་ཐམས་ཅད་ལས་ཕུལ་དུ་བྱུང་བར་ཕ་རོལ་ཏུ་འགྲོ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་རྣམས་སོ། །རྒྱུ་དུས་ན་སེར་སྣ་དང་འབྲས་བུ་དབུལ་བ་འཇོམས་པ་དང་། འབྲས་དུས་ལོངས་སྤྱོད་ཆེན་པོ་དང་བསོད་ནམས་ཀྱི་ཚོགས་ཐོབ་པར་བྱེད་པས་སྦྱིན་པའོ། །རྒྱུ་འཆལ་ཚུལ་དང་འབྲས་བུ་ངན་འགྲོ་ཞི་བ་དང་། འབྲས་བདེ་འགྲོ་དང་ཏིང་ངེ་འཛིན་ཐོབ་པར་བྱེད་པས་ཚུལ་ཁྲིམས་སོ། །ཁྲོ་བ་འཁོན་པ་ཟད་པར་བྱེད་པ་རྒྱུ་དུས་དང་། འབྲས་བུ་བདག་དང་གཞན་ལ་བདེ་བར་བྱེད་པས་བཟོད་པའོ། །རྒྱུའི་དུས་ན་ལེ་ལོ་དང་སྡིག་པ་མི་དགེ་བའི་ཆོས་རྣམས་དང་བྲལ་བར་བྱེད་པ་དང་། འབྲས་དུས་དགེ་ཆོས་ཚད་མེད་པ་རྣམ་པར་སྤེལ་བ་མཐར་ཕྱིན་པར་བྱེད་པས་བརྩོན་འགྲུས་སོ། །རྒྱུ་དུས་ན་རྣམ་པར་གཡེང་བ་སེལ་བ་དང་། ནང་དུ་སེམས་གནས་པ་སྒྲུབ་པར་བྱེད་པས་བསམ་གཏན་ནོ། །བདག་ལྟ་སོགས་ལྟ་བར་གྱུར་པ་དང་འཆལ་བའི་ཤེས་རབ་ཐམས་ཅད་སེལ་བ་དང་། ཡང་དག་པ་རྣམ་པ་ཐམས་ཅད་དུ་ཆོས་རྣམས་རབ་ཏུ་ཤེས་པས་ཤེས་རབ་བོ། ༈ །ཕར་ཕྱིན་འདི་དག་ཡང་ཡང་གོམས་པར་བྱེད་པ་བསྒོམ་པ་ཇི་ལྟར་བལྟ་བར་བྱ་ཞེ་ན། མདོར་བསྡུ་ན་སྒོམ་པ་རྣམ་པ་ལྔར་བལྟ་བར་བྱ་སྟེ། སྦྱིན་སོགས་དེ་དག་


MR12_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་སྤྱོད་པ་ལ་རྣམ་པ་ཀུན་ཏུ་ལེགས་པར་འཇུག་པར་སྦྱོར་བར་བསྒོམ་པ་དང་། མོས་པ་སྒོམ་པ་དང་འདོད་ཀྱིས་ཡིད་ཆེས་ཏེ་དེ་སྤྱོད་འདོད་པ་དང་། རོ་མྱང་དང་ཡི་རང་བ་མངོན་པར་དགའ་བ་ཡིད་ལ་བྱེད་པ་སྒོམ་པ་དང་། ཐབས་ལ་མཁས་པ་སྒོམ་པ་མི་རྟོག་ཡེ་ཤེས་ཀྱིས་ཟིན་པ་དང་།བྱ་བ་བསྒྲུབ་པ་སྒོམ་པའོ། །དེ་ལ་སྒོམ་པ་བཞི་ནི་སྔ་མ་བཤད་ཟིན་པ་བཞིན་ནོ། །བྱ་བ་སྒྲུབ་པ་སྒོམ་པ་ནི། གང་སངས་རྒྱས་རྣམས་ཀྱི་མཛད་པ་ལྷུན་གྱིས་གྲུབ་པ་རྒྱུན་མི་གཅོད་པ་ན། ཕར་ཕྱིན་རྣམས་ཡོངས་སུ་རྫོགས་པའི་ཚེ་སེམས་ཅན་རྣམས་ཀྱི་དོན་དུ་བསྒྲིམ་མི་དགོས་པར་མཛད་པ་ཕ་རོལ་ཕྱིན་པ་སྒོམ་པའོ། །ཡིད་ལ་བྱེད་པ་སྒོམ་པ་ནི། ད་ལྟའི་སྦྱིན་སོགས་ཀྱི་རོ་མྱོང་བ་དང་། འདས་པ་ལ་རྗེས་སུ་ཡི་རང་བ་དང་། མ་འོངས་པ་ལ་མངོན་པར་དགའ་བ་ཡིད་ལ་བྱེད་པ་དང་། དེ་ཡང་ཆོག་མི་ཤེས་པར་མི་ངོམས་པའི་བསམ་པ་དང་། རྒྱུན་རིང་པོའི་བསམ་པ་དང་། དགའ་བའི་བསམ་པ་དང་། ཕན་འདོགས་པའི་བསམ་པ་དང་། ཆེ་བའི་བདག་ཉིད་ཀྱི་བསམ་པ་དང་། དགེ་བའི་བསམ་པ་དང་། བསམ་པ་དྲུག་གིས་ཡོངས་སུ་ཟིན་པས་སྒོམ་པའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་བསྐལ་པ་གྲངས་མེད་པ་གསུམ་པོ་ཇི་སྙེད་ཀྱིས་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བ་དེ་སྙེད་ཀྱི་དུས་སྐད་ཅིག་མ་གཅིག་ཏུ་བསྡུས་པར་བྱས་པའི་སྐད་ཅིག་རེ་རེ་ལ་བདག་གི་ལུས་ཐམས་ཅད་ཡོངས་སུ་གཏོང་བ་དང་། འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་རིན་པོ་ཆེ་སྣ་བདུན་གྱིས་སོ་སོར་བཀང་སྟེ། དེ་བཞིན་གཤེགས་པ་རྣམས་ལ་དབུལ་བས། བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་དུ་མི་ངོམས་པ་ཉིད་བྱང་ཆུབ་སེམས་དཔའི་སྦྱིན་པའི་བསམ་པར་འགྱུར་ལ།


MR12_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

དུས་དེ་སྲིད་ཁོ་ནར་སྟོང་གསུམ་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་ཡོངས་སུ་གང་བར་སྐད་ཅིག་རེ་རེ་ལ་སྤྱོད་ལམ་བཞི་བྱེད་ཅིང་། ཡོ་བྱད་ཐམས་ཅད་དང་མི་ལྡན་ཡང་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་སེམས་མངོན་དུ་བྱེད་དེ། དེ་ལྟར་བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་དུ་མི་ངོམས་པ་ཉིད་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དང་བཟོད་བརྩོན་བསམ་གཏན་ཤེས་རབ་ཀྱི་བསམ་པར་འགྱུར་བ་འདི་ནི་བྱང་ཆུབ་སེམས་དཔའི་མི་ངོམས་པའི་བསམ་པའོ། །གང་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་དུ་མི་ངོམས་པའི་བསམ་པ་དེ་མི་འདོར་བ་འདི་ནི་དེ་དག་གི་རྒྱུན་རིང་བོའི་བསམ་པའོ། །བྱང་སེམས་དེས་ཕར་ཕྱིན་དྲུག་གིས་སེམས་ཅན་ལ་ཕན་བཏགས་པས་རང་ཉིད་ཤིམ་ཤིན་ཏུ་དགའ་བ་ཡིན་པ་དེ་ལྟ་བུར། ཕན་བཏགས་པ་དེས་སེམས་ཅན་རྣམས་དགའ་བ་དེ་ལྟ་བུ་སྐྱེ་མི་ནུས་པ་འདི་ནི་བྱང་ཆུབ་སེམས་དཔའི་དགའ་བའི་བསམ་པའོ། །གང་བྱང་ཆུབ་སེམས་དཔས་ཕར་ཕྱིན་དྲུག་གིས་ཕན་བཏགས་པའི་སེམས་ཅན་དེ་ཐམས་ཅད་བྱང་སེམས་བདག་ཉིད་ལ་ཕན་འདོགས་པ་ཡིན་པར་མཐོང་གི། བདག་ནི་སེམས་ཅན་དེ་ལྟ་མ་ཡིན་པར་མཐོང་བ་འདི་ནི་བྱང་ཆུབ་སེམས་དཔའི་ཕན་འདོགས་པའི་བསམ་པའོ། །གང་བྱང་སེམས་དེ་དེ་ལྟར་ཕར་ཕྱིན་དྲུག་གི་དགེ་རྩ་བསགས་པ། སེམས་ཅན་རྣམས་ལ་འདོད་པའི་འབྲས་བུ་རྣམ་པར་སྨིན་པར་ཡོངས་སུ་བསྔོ་བ་འདི་ནི་བྱང་ཆུབ་སེམས་དཔའི་ཆེ་བའི་བདག་ཉིད་ཀྱི་བསམ་པའོ། །གང་བྱང་ཆུབ་སེམས་དཔས་དེ་


MR12_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཕར་ཕྱིན་དྲུག་གི་དགེ་རྩ་བསགས་པ་དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི་བྱང་ཆུབ་སེམས་དཔའི་དགེ་བའི་བསམ་པ་སྟེ་བསམ་པ་དྲུག་པོ་འདི་དག་གིས་ཡོངས་སུ་ཟིན་པའི་རོ་མྱང་བ་ཡིད་ལ་བྱེད་པ་སྒོམ་མོ། །གང་བྱང་ཆུབ་སེམས་དཔའ་དེ་བསམ་པ་དྲུག་བསྒོམ་པ་ལ་ཞུགས་པའི་བྱང་སེམས་གཞན་དཔག་ཏུ་མེད་པ་རྣམས་ཀྱི་དགེ་རྩ་དེ་ལ་རྗེས་སུ་ཡི་རང་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་བསམ་པ་དྲུག་གིས་ཡོངས་སུ་ཟིན་པའི་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་སྒོམ་མོ། །གང་བྱང་ཆུབ་སེམས་དཔའ་དེ་སེམས་ཅན་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་སྒོམ་པ་བསམ་པ་དྲུག་གིས་ཟིན་པ་དང་། བདག་གི་ཕར་ཕྱིན་དྲུག་སྒོམ་པ་ལ་བརྩོན་པ་བསམ་པ་དྲུག་གིས་ཡོངས་སུ་ཟིན་པ་ལ་བྱང་ཆུབ་སྙིང་པོ་ལ་གནས་ཀྱི་བར་དུ་མངོན་པར་དགའ་སྟེ་དེ་ལྟར་བྱང་ཆུབ་སེམས་དཔའ་བསམ་པ་དྲུག་གིས་ཟིན་པའི་མངོན་པར་དགའ་བ་ཡིད་ལ་བྱེད་པ་སྒོམ་མོ། །གང་དག་བྱང་ཆུབ་སེམས་དཔའི་ཡིད་ལ་བྱེད་པ་སྒོམ་པ་བསམ་པ་དྲུག་གིས་ཡོངས་སུ་ཟིན་པ་འདི་ཐོས་ནས། དད་པའི་སེམས་གཅིག་ཀྱང་སྐྱེད་པ་དེ་དག་བསོད་ནམས་ཚད་མེད་པ་སྐྱེ་བར་འགྱུར་ཞིང་། ཉེས་པ་བྱས་པའི་སྒྲིབ་པ་ཐམས་ཅད་ཀྱང་ཞི་བའམ་བཤིག་པར་འགྱུར་ན། བྱང་ཆུབ་སེམས་དཔའ་ཉིད་ལྟ་སྨོས་ཀྱང་ཅི་དགོས། ༧ །ཕ་རོལ་ཏུ་ཕྱིན་པ་འདི་དག་གི་རབ་ཏུ༦་དབྱེ་བ་ཇི་ལྟར་བལྟ་ཞེ་ན། དེ་ནི་རྣམ་པ་གསུམ་གསུམ་དུ་བལྟ་བར་བྱ་སྟེ། མདོ་སོགས་ཆོས་ཀྱི་སྦྱིན་པ་ཚུལ་བཞིན་ཉོན་མོངས་མེད་པར་སྟོན་པ་དང་། ཡོ་བྱད་ཟང་ཟིང་གི་སྦྱིན་


MR12_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། སྲོག་སྐྱབས་པ་སོགས་མི་འཇིགས་པའི་སྦྱིན་པ་དང་། མི་དགེ་བ་ལས་སྡོམ་པའི་ཚུལ་ཁྲིམས་དང་འདི་ཚུལ་ཁྲིམས་འོག་མ་གཉིས་ཀྱི་རྟེན་ནོ། །སངས་རྒྱས་མཆོད་སོགས་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་དང་། གནོད་པ་ཇི་མི་སྙམ་པའི་བཟོད་པ་དང་འདི་ནི་སེམས་ཅན་སྨིན་བྱ་ལས་མི་ལྡོག་པའི་རྒྱུའོ། །ཚ་གྲང་སོགས་སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང་སངས་རྒྱས་ཉིད་ལས་མི་ལྡོག་པའི་རྒྱུའོ། །ཟབ་དང་རྒྱ་ཆེའི་ཆོས་ལ་ངེས་པར་རྟོག་པའི་བཟོད་པ་དང་། གོ་ཆའི་བརྩོན་འགྲུས་བསམ་པ་བརྟན་པས་ཀུན་སློང་དང་། སྦྱོར་བའི་བརྩོན་འགྲུས་ལག་ཏུ་ལེན་པ་དང་། སྐྱོ་བ་མེད་པས་མི་ཞུམ་ཞིང་བཟོད་པས་མི་འཁྲུགས་པ་ལ་བྱང་ཆུབ་བར་དུ་ཆོག་པར་མི་འཛིན་པའི་བརྩོན་འགྲུས་དང་། ༧ །མཐོང་ཆོས་བདེ་བར་གནས་པ་བསམ་གཏན་དག་པ་དང་། མངོན་ཤེས་སོགས་ཡོན་ཏན་མངོན་པར་སྒྲུབ་པ་དང་། སེམས་ཅན་གྱི་དོན་བྱ་བ་སྒྲུབ་པའི་བསམ་གཏན་དང་། རྣམ་པར་མི་རྟོག་པར་སྦྱོར་བ་ནི་དེའི་ཚོགས་དང་། དངོས་གཞི་རྣམ་པར་མི་རྟོག་པ་དང་། རྣམ་པར་མི་རྟོག་པའི་རྗེས་ལས་ཐོབ་པའི་མངོན་རྟོགས་ཀྱི་མཐུས་བྱུང་བ་ཀུན་རྫོབ་ཤེས་པའི་ཤེས་རབ་བོ། ༧ །ཕར་ཕྱིན་འདི་དག་གིས་བསྡུས༧་པར་ཇི་ལྟར་བལྟ་ཞེ་ན། འདི་དག་གིས་སྦྱིན་སོགས་དང་། དད་སོགས་དང་། དྲན་ཉེ་ནས་སངས་རྒྱས་ཀྱི་སྟོབས་སོགས་བར་གྱི་དགེ་བའི་ཆོས་ཐམས་ཅད། སྦྱིན་སོགས་དེ་དང་དེའི་མཚན་ཉིད་དང་། དད་སོགས་དེ་དང་མཐུན་པ་དང་། དྲན་ཉེ་སོགས་དེའི་འབྲས་བུར་བསྡུས་པའི་ཕྱིར་རོ། །འདི་དག་བསྡུས་པར་མ་བྱས་ན་མདོར་བསྟན་དང་མི་མཐུན་སྙམ་ན་དོན་འདྲ་སྟེ། འདི་དག་གིས་དགེ་ཆོས་ཀུན་བསྡུས་


MR12_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ན་འདི་དག་ཀྱང་དགེ་ཆོས་དེས་བསྡུས་པ་ཡིན་ནོ། །ས་དང་ཕ་རོལ་ཕྱིན་པ་ནི། །སངས་རྒྱས་ཆོས་ཀྱི་གནས་ཡིན་ནོ། །གནས་གྱུར་པ་ནི་འབྲས་བུ་སྟེ། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་བཤད་དོ། །འདི་དག་གི་མི་མཐུན་པའི་ཕྱོགས་ཀྱིས་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཇི་ལྟར་བསྡུས་པར་བལྟ་ཞེ་ན། སེར་སྣ་འཆལ་ཚུལ་ཁྲོ་བ་ལེ་ལོ་རྣམ་གཡེང་འཆལ་ཤེས་རྣམས་དེའི་མཚན་ཉིད་དང་། དེའི་གཞི་མ་དད་པ་སོགས་མི་དགེ་བའི་སེམས་བྱུང་དང་། གཡོ་ལ་སོགས་པ་དེའི་འབྲས་བུས་སོ། ༧ །ཕ་རོལ་ཏུ་ཕྱིན་པ་འདི་དག་གི་ཕན་ཡོན་ཇི་ལྟར་རིག་པར་བྱ་ཞེ་ན་འཁོར་བ་ན་འཁོར་བའི་ཚེ། དབང་ཕྱུག་བསྡུས་པ་དང་། ཆེན་པོར་སྐྱེ་བ་བསྡུས་པ་དང་། ཉེ་དུ་ཕྱོགས་གང་དང་གཡོག་འཁོར་ཆེན་པོ་བསྡུས་པ་དང་། ལས་ཀྱི་མཐའ་ཆེན་པོ་ལ་སྦྱོར་བ་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་སོགས་འགྲུབ་པས་ཡོངས་སུ་བཟུང་བ་དང་། གནོད་པ་མེད་པ་དང་ཉོན་མོངས་པ་ཆུང་བ་ཡོངས་སུ་བཟུང་བ་དང་། བཟོ་དང་བསྟན་བཅོས་དང་རིག་པའི་གནས་ཐམས་ཅད་ལ་མཁས་པ་ཡོངས་སུ་བཟུང་བ་དང་། དེ་དག་རེ་རེ་ཡང་མངོན་པར་མཐོ་བ་ཁ་ན་མ་ཐོ་བ་མེད་པ་དང་། བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་དུ་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བར་ཉེ་བར་གནས་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕར་ཕྱིན་གྱི་ཕན་ཡོན་ནོ། ༧ །ཕར་ཕྱིན་འདི་དག་གི་༡༠ཕན་ཚུན་རྣམ་པར་ངེས་པ་ཇི་ལྟར་བལྟ་ཞེ་ན། བཅོམ་ལྡན་འདས་ཀྱིས་ལ་ལར་ནི། ཕར་ཕྱིན་ཐམས་ཅད་སྦྱིན་པ་གཅིག་པུའི་སྒྲར་བསྟན། དེ་བཞིན་ཚུལ་ཁྲིམས་བཟོད་བརྩོན་བསམ་གཏན་ཤེས་རབ་ཀྱི་སྒྲས་བསྟན་པ་ལས་གཞན་ལ་བསྟན་པ་དེའི་དགོངས་པ་གང་ཞེ་ན། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་སྦྱོར་


MR12_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

བ་ན། འདི་དག་ཐམས་ཅད་ཀྱི་སྤྱོད་པ་འགྲོ་བ་ལ་དགོངས་པའོ། །སྦྱིན་པ་གཅིག་པུ་ལ་ཡང་སྡོམ་པ་དང་བཟོད་པ་དང་སྤྲོ་བ་དང་སེམས་རྩེ་གཅིག་པ་དང་ལས་འབྲས་ལ་མི་རྨོངས་པ་ཡོད་ལ། དེ་བཞིན་སེར་སྣ་ཁོང་ཁྲོ་ལེ་ལོ་རྣམ་གཡེང་ལོག་ལྟ་སྤངས་པ་ཚུལ་ཁྲིམས་ལ་འཇུག་གི་གཞན་དུ་མ་ཡིན་ནོ། །དེ་བཞིན་བཟོད་སོགས་གཞན་ལའང་ཤེས་པར་བྱའོ། །སྦྱིན་འདོད་པས་ཆགས་པ་བསལ། སྦྱིན་ཡུལ་ལ་བྱམས་པས་ཞེ་སྡང་སེལ། གུས་པར་བྱིན་པས་ང་རྒྱལ་བྲལ། ཕྲག་དོག་ཅན་བདེ་འདོད་ཀྱིས་བྱིན་པས་ཕྲག་དོག་སེལ། རྒྱུ་འབྲས་མེད་ལྟ་ཅན་ལ་བྱིན་པས་ལས་འབྲས་ཡོད་པར་ལྟ་བས་སེལ་གསུངས། དཔྱད་དགོས། ཆོས་དང་ཟང་ཟིང་མི་འཇིགས་ཚུལ་དུ་རྣམ་པར་འབྱེད་པ་ན། །ཕ་རོལ་ཕྱིན་པ་དྲུག་པོ་དག་གི་སྦྱིན་པའི་བདག་ཉིད་ཡིན། །ཞེས་བཤད་དོ། ༧ །དེ་ལྟར་ཤེས་བྱའི་མཚན་ཉིད་ལ་འཇུག་པའི་རྒྱུ་འབྲས་སུ་སུ་གྱུར་པ་ཕར་ཕྱིན་དྲུག་བཤད་ནས། ལྔ་པ་མཐོང་སྒོམ་གྱི་སྤང་བྱའི་གཉེན་པོར་ཕར་ཕྱིན་དེ་དག་ཅི་རིགས་སུ་སྒོམ་པའི་རབ་ཏུ་དབྱེ་བ་ཇི་ལྟར་བལྟ་ཞེ་ན། བྱང་ཆུབ་སེམས་དཔའི་ས་བཅུ་བོ་རྣམས་ཡིན་པར་བལྟ་སྟེ། དེ་དག་ནི། རབ་ཏུ་དགའ་བ་དང་། དྲི་མ་མེད་པ་དང་། འོད་བྱེད་པ་དང་། འོད་འཕྲོ་བ་ཅན་དང་། ཤིན་ཏུ་སྦྱང་དཀའ་བ་དང་། མངོན་དུ་གྱུར་པ་དང་། རིང་དུ་སོང་བ་དང་། མི་གཡོ་བ་དང་། ལེགས་པའི་བློ་གྲོས་དང་། ཆོས་ཀྱི་སྤྲིན་ནོ། །འདི་དག་བཅུ་ཉིད་དུ་རྣམ་པར་བཞག་པ་ཇི་ལྟར་བལྟ་ཞེ་ན། མི་མཐུན་པའི་ཕྱོགས་མ་རིག་པ་བཅུའི་གཉེན་པོའི་ཕྱིར་ཏེ་ཆོས་བདག་མེད་ཤེས་པའི་གནས་སྐབས་ནི་ས་རྣམས་སོ། །འདི་ལྟར་ཤེས་བྱ་ཆོས་ཀྱི་དབྱིངས་རྣམ་པ་བཅུ་ལ་མི་མཐུན་པའི་ཕྱོགས་མ་རིག་པ་རྣམ་པ་བཅུ་ཉིད་གནས་


MR12_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ཤེས་བྱ་ཆོས་ཀྱི་དབྱིངས་རྣམ་པ་བཅུ་ཇི་ལྟ་བུ་ཞེ་ན། ས་དང་པོ་ལ་ནི་ཆོས་ཐམས་ཅད་སྟོང་པས་ཆོས་དབྱིངས་དེ་ནི་ཆོས་ཀུན་ཏུ་འགྲོ་བའི་དོན་དུ་ཤེས་པར་བྱའོ། །གཉིས་པ་ལ་ནི་ཤེས་བྱའི་མཆོག་གི་དོན་དུའོ། །གསུམ་པ་ལ་ནི་དེའི་རྒྱུ་མཐུན་པ་ལུང་གི་ཆོས་བཙལ་བྱའི་དོན་གྱི་མཆོག་ཏུའོ། །བཞི་པ་ལ་ནི་བདག་གི་བ་ཐ་དད་དུ་ཡོངས་སུ་བཟུང་བ་མ་ཡིན་པའི་དོན་དུའོ། །ལྔ་པ་ལ་ནི་བདག་གཞན་གྱི་རྒྱུད་ཐ་དད་པ་མེད་པའི་དོན་དུའོ། །དྲུག་པ་ལ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་དག་པ་མ་ཡིན་པའི་དོན་དུ་ཡེ་ནས་ཀུན་བྱང་དུ་མི་དམིགས་པའོ། །བདུན་པ་ལ་ནི་མདོ་སོགས་ཆོས་ཐམས་ཅད་ཀྱིས་བསྟན་དོན་མཐར་ཐུག་དེ་བཞིན་ཉིད་གཅིག་ཡིན་པས་ཆོས་སྣ་ཚོགས་དོན་ཐ་དད་པ་མེད་པའི་དོན་དུའོ། །བརྒྱད་པ་ལ་ནི་ཆོས་དབྱིངས་ཀྱི་ངོ་བོ་ཡེ་ནས་འཕེལ་འབྲི་མེད་པའི་རང་བཞིན་དུ་གནས་པས་བྲི་བ་མེད་ཅིང་ལྷག་པ་མེད་པའི་དོན་དང་། མཚན་མ་ལ་དབང་བའི་གནས་ཀྱི་དོན་དང་། ཞིང་ལ་དབང་བའི་གནས་ཀྱི་དོན་དུའོ། །དགུ་པ་ལ་ནི་སོ་སོ་ཡང་དག་པར་རིག་པ་བཞིའི་ཡེ་ཤེས་ལ་དབང་བའི་གནས་ཀྱི་དོན་ཏེ་ཆོས་དབྱིངས་དེ་རྟོགས་པས་དེ་ཐོབ་པའི་ཕྱིར་དུའོ། །བཅུ་པ་ལ་ནི་ཕྲིན་ལས་ལ་ཇི་ལྟར་བཞེད་པ་བཞིན་སྒོ་གསུམ་གྱི་ལས་ལ་དབང་བའི་གནས་ཀྱི་དོན་དང་། གཟུངས་དང་ཏིང་ངེ་འཛིན་གྱི་སྒོ་ལ་དབང་བའི་གནས་ཀྱི་དོན་དུ་ཤེས་པར་བྱའོ། །ས་བཅུའི་རིམ་པ་ལྟར། མངོན་རྟོགས་དང༡་། སྡོམ་པ་ད ང༢་། ཆགས་བྲལ་དང༣་། བྱང་ཕྱོགས་བསྒོམ་པ་དང༤་། བདེན་པ་ལ་ལྟ་བ་དང༥་། རྟེན་འབྲེལ་ལ་སོ་སོར་རྟོག་པ་དང༦་། རྩོལ་བ་དང་བཅས་པ་དང༧་། ལྷུན་གྱིས་གྲུབ་པ་དང་མཚན་མ་མེད་པར་གནས་པ་དང༨་། སོ་སོར་ཡང་དག་པར་རིག་པ་དང༩་། དབང་བསྐུར༡༠་བས་སྒྲིབ་གཉིས་སེལ་བས་ན་ས་རྣམས་


MR12_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །འདིར་དབུས་མཐའ་རྣམ་འབྱེད་ལས་ཚིགས་སུ་བཅད་པ་གསུངས་པ། ཀུན་ཏུ་འགྲོ་དོན་མཆོག་གི་དོན། །རྒྱུ་མཐུན་དོན་གྱི་མཆོག་ཉིད་དང་། །ཡོངས་སུ་འཛིན་པ་མེད་དོན་དང་། །རྒྱུད་རྣམས་ཐ་དད་མེད་པ་དང་། །ཉོན་མོངས་རྣམ་དག་མེད་དོན་དང་། །ཐ་དད་མེད་པའི་དོན་ཉིད་དང་། །བྲི་མེད་འཕེལ་བ་མེད་དོན་དང་། །དབང་ནི་རྣམ་པ་བཞི་ཡི་གནས། །ཆོས་ཀྱི་དབྱིངས་ལ་མ་རིག་པ། །ཉོན་མོངས་ཅན་མིན་སྒྲིབ་པ་བཅུ། །ས་བཅུའི་མི་མཐུན་ཕྱོགས་རྣམས་ཀྱི། །གཉེན་པོ་དག་ནི་ས་ཡིན་ནོ། །ཞེས་སོ། །མ་རིག་པ་འདི་དག་ཀྱང་ཉན་ཐོས་རྣམས་ཀྱི་ནི་ཉོན་མོངས་པ་ཅན་སྤང་བྱ་མ་ཡིན་གྱི་དེ་མ་སྤངས་བས་གཉེན་པོའི་ས་ལ་འཇུག་པའི་སྐབས་མིན་པ་དང་། ཐར་པ་ཙམ་ལ་མི་སྒྲིབ་པས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་ཉོན་མོངས་པ་ཅན་དུ་སྤང་བྱར་རིག་པར་བྱའོ་དེས་ཐམས་ཅད་མཁྱེན་པའི་གེགས་བྱེད་པས་སོ། ༧ །ཅི་ཕྱིར་ས་དང་པོ་རབ་ཏུ་དགའ་བ་ཞེས་བྱ་ཞེ་ན། དེས་ཐོག་མ་ཁོ་ནར་བདག་དང་གཞན་གྱི་དོན་སྒྲུབ་ནུས་པ་ཐོབ་པའི་ཕྱིར་རབ་ཏུ་དགའ་བའོ་རོ། །ཉན་ཐོས་རྒྱུན་ཞུགས་རང་དོན་ཙམ་ཐོབ་པས་དེ་ལས་དང་པོ་རབ་དགའ་ཞེས་མི་བྱའོ་གསུངས། དེ་བཞིན་དུ་ས་གཉིས་པར་འཆལ་ཚུལ་གྱི་དྲི་མ་ཐག་བསྲིང་པའི་ཕྱིར་དྲི་མ་མེད་པའོ། །གསུམ་པར་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཉམས་པ་མེད་པའི་གནས་ཡིན་པས་མདོ་སོགས་ཆོས་ཀྱི་སྣང་བ་ཆེན་པོའི་གནས་སུ་གྱུར་པའི་ཕྱིར་འོད་བྱེད་བའོ། །ས་བཞི་པར་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ཀྱིས་སྒྲིབ་པ་ཐམས་ཅད་བསྲེག་པའི་ཕྱིར་འོད་འཕྲོ་བའོ། །ས་ལྔ་པར་བདེན་པ་དོན་དམ་པ་དང་འཇིག་རྟེན་


MR12_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཤེས་པ་ཀུན་རྫོབ་ཀྱི་བཟོ་སོགས་གཉིས་ཕན་ཚུན་མི་མཐུན་པས་དེ་བསྒྲུབ་དཀའ་བའི་ཕྱིར་སྦྱང་དཀའ་བའོ། །ས་དྲུག་པར་རྟེན་ཅིང་འབྲེལ་བར་འབྱུང་བ་ཤེས་པའི་གནས་ཡིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མངོན་དུ་བྱེད་པའི་ཕྱིར་མངོན་དུ་གྱུར་པ་ཞེས་བྱའོ། །ས་བདུན་པར་རྩོལ་བ་ཅན་གྱི་སྦྱོར་བ་ལས་བྱུང་བའི་སྤྱོད་པའི་མཐར་འགྲོ་བའི་ཕྱིར་རིང་དུ་སོང་བའོ། །ས་བརྒྱད་པར་མཚན་མ་དང་མངོན་པར་འདུ་བྱེད་པ་ཐམས་ཅད་ཀྱིས་མི་གཡོས་པའི་ཕྱིར་མི་གཡོ་བའོ། །ས་དགུ་པར་སོ་སོ་ཡང་དག་པར་རིག་པ་ཤེས་པ་ཆོས་ཀྱི་ཚིག་ཀུན་མངོན་པར་མཁྱེན། །དོན་རྣམས་ཀུན་གྱི་ཚུལ་ལ་མཁས། །སྐད་ཀུན་རྣམ་པར་འབྱེད་པ་མཁྱེན། །ཕྱོགས་རྣམས་ཀུན་ཏུ་སྤོབས་དང་ལྡན། །ཞེས་བྱ་བ་ཡིན་ནོ་གསུངས་དང་པོར་ཐོབ་པའི་ཕྱིར་ལེགས་པའི་བློ་གྲོས་ཞེས་བྱའོ། །ས་བཅུ་པར་ཆོས་ཐམས་ཅད་ཕྱོགས་རེ་བ་མིན་པར་ཐམས་ཅད་འདྲེས་པ་ལ་དམིགས་པའི་ཆོས་ཐམས་ཅད་ཤེས་པ་གཟུངས་དང་ཏིང་ངེ་འཛིན་གྱི་སྒོ་ཆུ་ལྟ་བུ་ཐམས་ཅད་ཁོང་ན་ཡོད་པ་སྤྲིན་ལྟ་བུས། ནམ་མཁའ་ལྟར་རྒྱ་ཆེ་བའི་ཁམས་ལ་སྒྲིབ་པ་གཉིས་པོས་ཁེབས་པ་སྤོང་བ་དང་སྤྲིན་གྱིས་ནམ་མཁའ་ཁེབས་པ་བཞིན་ཡེ་ཤེས་དེས་ཀྱང་ཡོན་ཏན་གྱི་ཚོགས་ཀྱི་གནས་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པར་བྱས་པའི་ཕྱིར་ཆོས་ཀྱི་སྤྲིན་ཞེས་བྱའོ། །ས་འདི་དག་ཐོབ་པ་ཇི་ལྟར་བལྟ་ཞེ་ན། རྣམ་པ་བཞིས་བལྟ་སྟེ། མོས་པ་ཐོབ་པས་ནི་ས་བཅུ་བསྟན་པའི་ཆོས་ལ་དེ་དེ་བཞིན་དུ་ཡིད་ཆེས་ནས་མོས་པ་ཉིད་ཀྱི་ཕྱིར་རོ། །སྤྱོད་པ་ཐོབ་པས་ནི་ས་དང་རབ་ཏུ་ལྡན་པའི་བསྟན་པའི་ཆོས་སྤྱོད་ས་བཅུ་ཐོབ་པའི་ཕྱིར་རོ། །བསྟན་པའི་ཆོས་སྤྱོད་བཅུ་ནི། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་


MR12_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་སྒོམ་པའོ། །རྟོགས་པ་ཐོབ་པས་ནི་ས་དང་པོ་ལ་ཆོས་ཀྱི་དབྱིངས་རྟོགས་ནས་ས་ཐམས་ཅད་དུ་ཡང་དེ་རྫོགས་པར་རིགས་འདྲ་བའི་ཆོས་དབྱིངས་ཐམས་ཅད་ཀྱི་རྟོགས་བྱ་རྟོགས་པའི་ཕྱིར་རོ། །འགྲུབ་པར་ཐོབ་པས་ནི་ས་འདི་དག་གི་སྒོམ་པའི་མཐར་ཕྱིན་པར་འགྲོ་བའི་ཕྱིར་རོ། །ས་འདི་དག་གི་སྒོམ་པ་ཇི་ལྟར་བལྟ་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔས་ས་དང་ས་ལ་ཞི་གནས་དང་ལྷག་མཐོང་སྒོམ་པ་ན། རྣམ་པ་ལྔས་སྒོམ་སྟེ། ལྔ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་རོ་གཅིག་པའི་འདྲེས་པར་སྒོམ་པ་དང་། དེ་ཡང་མཚན་མ་མེད་པར་སྒོམ་པ་དང་། དེ་ཡང་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པར་སྒོམ་པ་དང་། འབར་བར་ནི་མཆོག་གི་དོན་ཏེ་ཁྱད་པར་དུ་འགྲོ་བ་སྒོམ་པ་དང་། རང་སའི་བསྒོམ་པ་ཙམ་གྱིས་ཆོག་པར་མི་འཛིན་པར་སྒོམ་པས་སོ། །སྒོམ་པ་ལྔ་པོ་འདི་དག་གིས་བྱང་སེམས་རྣམས་ཀྱི་འབྲས་བུ་ལྔ་མངོན་པར་འགྲུབ་པར་བྱེད་དེ། འདི་ལྟར་དེས་སྐད་ཅིག་རེ་རེ་ལ་གནས་ངན་ལེན་རྣམས་ཀྱི་གནས་ཀུན་གཞིའི་རྣམ་ཤེས་ཐམས་ཅད་འཇིག་པར་བྱེད་པ་དང་། བདག་དང་གཞན་ཆོས་དང་སངས་རྒྱས་ལ་སོགས་པའི་སྣ་ཚོགས་ཀྱི་འདུ་ཤེས་དང་བྲལ་ཏེ་ཆོས་ཉིད་ཀྱི་ཀུན་དགའ་ལ་དགའ་བ་ཐོབ་པ་དང་། ཇི་ལྟ་ཇི་སྙེད་ཀྱི་ཆོས་ཀྱི་སྣང་བ་ཕྱོགས་ཐམས་ཅད་དུ་འདི་ཙམ་ཞེས་ཚད་མེད་ཅིང་རྣམ་པ་རིས་སུ་ཡོངས་སུ་མ་ཆད་པ་ཡང་དག་པར་ཤེས་པ་དང་། རྣམ་པར་ཆེད་དུ་མ་བརྟགས་པར་ངང་གིས་རྣམ་པར་དག་པའི་འབྲས་བུ་ཐོབ་པའི་ཆ་དང་མཐུན་པའི་མཚན་མར་རྣམ་པར་བརྟགས་པ་མ་ཡིན་པ་སངས་རྒྱས་དང་འཁོར་སྒྱུར་


MR12_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

གདུགས་དཀར་པོ་སོགས་རྣམས་དེ་ལ་ཀུན་ཏུ་འབྱུང་བ་དང་། ༧ །མཐར་འབྲས་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་ས་བཅུ་པ་དང་བཅུ་གཅིག་པ་ལ་ཡོངས་སུ་གྲུབ་པར་བྱ་བའི་ཕྱིར་གོང་མ་པས་ཆེས་གོང་མའི་རྒྱུ་ཡོངས་སུ་འཛིན་པར་བྱེད་པའོ་འབྲས་བུ་ལྔ་པོ་དེ་བསྒོམ་པ་ལྔ་པོ་དང་རིམ་བཞིན་སྦྱར་རོ། ༧ །སྤྱིར་ས་རེ་རེར་ཡང་ཕྱིན་བཅུ་བསྒོམ་པ་ཡོད་མོད་ཀྱི་གཙོ་བོར་ནི་ས་བཅུ་པོ་དག་ཏུ་ཕ་རོལ་ཕྱིན་པ་བཅུ་སྒོམ་པར་འགྱུར་ཏེ། དེ་དག་གི་དྲུག་ནི་སྦྱིན་སོགས་གོང་དུ་ཇི་སྐད་བསྟན་པ་རྣམས་སོ། །ས་བདུན་པ་སོགས་ས་ཕྱིན་མ་བཞི་ནི་ཕར་ཕྱིན་བཞི་སྟེ། ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པ་ནི་འཁོར་བ་ཡོངས་སུ་མི་གཏོང་ཞིང་མྱང་འདས་དོན་དུ་གཉེར་བ་ནི་ཐབས་མཁས་ཏེ་ཕྱིན་དྲུག་གི་དགེ་རྩ་བསགས་པ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་ཕྱིར་རོ། །སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ནི། ཕྱི་མ་ལ་འབྱུང་བའི་སྨོན་ལམ་རྫོགས་སྨིན་སྦྱང་བ་བྱེད་པར་སྨོན་པ་སྣ་ཚོགས་མངོན་པར་བསྒྲུབས་པས་ཕ་རོལ་ཏུ་ཕྱིན་པའི་རྐྱེན་བཤེས་གཉེན་དང་ཕྲད་ཆོས་ལ་འཇུག་པ་སོགས་འདིས་སྡུད་པའི་ཕྱིར་རོ། །སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉེན་པོ་གཉིས་སུ་ངེས་པར་གསུངས་པ་བློས་སོ་སོར་རྟོག་༡པ་དང་བསྒོམ༢་པའི་སྟོབས་ཀྱིས་ཕར་ཕྱིན་དྲུག་རྒྱུན་མི་འཆད་པར་ཀུན་ཏུ་སྤྱོད་པའི་ཕྱིར་རོ། །བསྒོམ་པའི་སྟོབས་མེད་པའི་དུས་ན་བླང་བྱའི་ཡོན་ཏན་སྤང་བྱའི་སྐྱོན་སོགས་བློས་སོ་སོར་རབ་ཏུ་བརྟགས་ནས་སོ། །དེ་གོམས་ནས་བསྒོམ་པའི་དུས་ན་དེ་གཉིས་ཀ་ཡོད་དོ། །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གྲངས་དང་དེའི་མཚན་ཉིད་ལ་སོགས་པས་རྣམ་པར་འཇོག་པ་སྟེ། ཡེ་ཤེས་ཀྱིས་ཇི་


MR12_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་ཇི་སྙེད་ཀྱི་ཆོས་ལ་ལོངས་སྤྱོད་པ་མྱོང་བ་དང་། ཆོས་བསྟན་པས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་རོ། །ཡང་ཕ་རོལ་ཏུ་ཕྱིན་པ་ཕྱི་མ་བཞི་པོ་འདི་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། དེའི་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱིས་བསྡུས་པར་བལྟའོ། །གཙོ་ཆེར་དེ་ལྟར་བསྟན་ཅིང་ས་བཅུ་པོ་ཐམས་ཅད་དུ་ཕ་རོལ་དུ་ཕྱིན་པ་ཐམས་ཅད་སྒོམ་པར་མི་འགྱུར་བ་ཡང་མ་ཡིན་ཏེ། ས་བཅུ་བསྟན་པའི་ཆོས་ཀྱི་རྣམ་གྲངས་དེ་ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་ཐེག་པ་ཆེན་པོའི་ཆོས་ཀྱིས་བསྡུས་པའི་ཕྱིར་རོ་ཕར་ཕྱིན་དུ་མ་འདུས་པའི་ཐེག་ཆེན་མེད་དོ། །དུས་ཇི་སྲིད་གཅིག་གིས་ས་བཅུ་པོ་འདི་དག་གི་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། གང་ཟག་ལྔ་ནི་གང་ཟག་གཅིག་ལ་མོས་སྤྱོད་ཀྱིས་སོགས་དབྱེ་པའི་ལྔའོ་གསུངས་བསྐལ་པ་གྲངས་མེད་པ་གསུམ་གྱིས་རྫོགས་པར་འགྱུར་ཏེ། མོས་སྤྱོད་པའི་ས་ལ་གནས་པའི་གང་ཟག་ནི་བསྐལ་པ་གྲངས་མེད་ས་དང་པོས་རྫོགས་པར་འགྱུར་རོ། །ལྷག་པའི་བསམ་པ་དག་པ་ལ་སྤྱོད་པ་ས་དྲུག་པོ་དག་ཏུ་མཚན་༡མ་ལ་སྤྱོད་པ་དང་བདུན་པ་ལ་མཚན་༢མ་མེད་པ་ལ་སྤྱོད་པ་དག་ནི། ས་དྲུག་པོ་དག་དང་བདུན་པ་ལ་བསྐལ་པ་གྲངས་མེད་པ་གཉིས་པས་རྫོགས་པར་འགྱུར་རོ། །དེ་ཉིད་མངོན་པར་འདུ་བྱེད་པ་མེད་པར་སྤྱོད་པ་ནི་དག་ས་གསུམ། དེ་ཡན་ཆད་ས་བརྒྱད་པ་དང་དགུ་པ་དང་བཅུའི་བར་དུ་བསྐལ་པ་གྲངས་མེད་པ་གསུམ་པས་རྫོགས་པར་འགྱུར་རོ་མངོན་པར་འདུ་མི་བྱེད་པ་གྲུབ་པ་ས་བརྒྱད་པ། མངོན་པར་འདུ་མི་བྱེད་པར་སྤྱོད་པས་ས་དགུ་པ་དང་བཅུ་པ་གཉིས་སོ། །དེ་ལྟར་གནས་སྐབས་ལྔས་གང་ཟག་གཅིག་རྣམ་པ་ལྔར་བརྗོད་དོ། །གང་


MR12_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཟུང་སྟེ་གྲངས་མེད་གསུམ་གྱི་མགོ་དང་པོར་རྩོམ་ཞེ་ན། འདིར་ཚིགས་སུ་བཅད་པ། དགེ་རྩ་བཟང་པོའི་སྟོབས་དང་ལྡན་པ་དང་སྨོན་པའི་སྟེ་སྨོན་ལམ་གྱི་སྟོབས་ཅན་དང་། །བྱང་ཆུབ་ཀྱི་ལམ་ལ་སེམས་བརྟན་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བ་ཡི། །ཆོས་བཞི་དེ་ཚང་བ་དེ་ནས་བྱང་ཆུབ་སེམས་དཔའ་གྲངས་མེད་གསུམ། །ཀུན་ཏུ་རྩོམ་པ་མཛད་ཅེས་བརྗོད། །དགེ་བའི་རྩ་བ་བཟང་པོའི་སྟོབས་དང་ལྡན་པ་དང་། མི་མཐུན་ཕྱོགས་ཀྱིས་མི་འཇོམས་པ་དང་། སྨོན་ལམ་གྱི་སྟོབས་ཀྱིས་དགེ་བའི་བཤེས་གཉེན་དང་ཕྲད་པ་སོགས་ཐེག་ཆེན་ལ་ངེས་པར་གྱུར་པ་དང་། སེམས་བརྟན་པ་སྡིག་གྲོགས་སོགས་ཀྱི་རྐྱེན་ལས་བྱང་ཆུབ་ཀྱི་སེམས་ཡོངས་སུ་མི་གཏོང་བ་དང་། མཐོང་ཆོས་དང་ཚེ་རབས་ཕྱི་མར་དགེ་ཆོས་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་ཞིང་མི་ཉམས་པ་སྟེ་དགེ་རྩས་ཆོག་མི་ཤེས་པའོ། །དེ་ལྟར་རྒྱུ་དང་འབྲས་བུ་བསྒོམ་པའི་རབ་དབྱེ་བསྟན་ནས། དྲུག་པ་ལྷག་པའི་ཚུལ་ཁྲིམས་ཀྱི་ཁྱད་པར་ཇི་ལྟར་བལྟ་ཞེ་ན། བྱང་ས་ལས་བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་བླང་བ་ཉིད་ཇི་སྐད་བཤད་པ་ལྟ་བུའོ། །མདོར་བསྡུ་ན་ཉན་ཐོས་ཀྱི་བསླབ་པའི་ཚུལ་ཁྲིམས་ལས་ཁྱད་པར་བཞིས་འཕགས་ཏེ། རབ་ཏུ་དབྱེ་བའི་ཁྱད་པར་དང་། བསླབ་པ་ཐུན་མོང་དང་ཐུན་མིན་གྱི་ཁྱད་པར་དང་། རྒྱ་ཆེ་བ་ཉིད་ཀྱི་ཁྱད་པར་དང་། ཟབ་པ་ཉིད་ཀྱིས་ཁྱད་པར་གྱིས་ཁྱད་པར་གྱུར་པར་བལྟའོ། །དང་པོ་རབ་དབྱེའི་ཁྱད་པར་ནི། སྡོམ་པའི་ཚུལ་ཁྲིམས་དང་། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ཀྱི་ཕྱིར་རོ། །སྡོམ་པའི་ཚུལ་ཁྲིམས་ནི་ཚུལ་ཁྲིམས་ཕྱི་མ་གཉིས་ཀྱི་རྟེན་གྱི་དོན་དུ་བྱེད་པ་ཉིད་རིག་པར་བྱ་ལ། དགེ་ཆོས་སྡུད་པའི་ཚུལ་ཁྲིམས་ནི་


MR12_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་ཆོས་ཡང་དག་པར་འགྲུབ་པའི་རྟེན་གྱི་དོན་དང་། སེམས་ཅན་དོན་བྱའི་ཚུལ་ཁྲིམས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་རྟེན་གྱི་དོན་དུ་རིག་པར་བྱའོ། །བསླབ་པ་ཐུན་མོང་དང་ཐུན་མིན་གྱི་ཁྱད་པར་ནི། བྱང་སེམས་རྣམས་ཀྱི་བསླབ་པ་ཉན་ཐོས་རྣམས་དང་ཐུན་མོང་བ་ནི། རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ཀུན་ཏུ་མི་སྤྱོད་པས་སོ། །བསླབ་པ་ཐུན་མོང་མ་ཡིན་པ་ནི། བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་དགོས་པ་ཡོད་ན་ཀུན་ཏུ་སྤྱོད་པའི་ཕྱིར་ཏེ། །བསླབ་པ་དེ་ལ་ནི་གང་དུ་ཉན་ཐོས་ཀྱི་ལྟུང་བར་འགྱུར་བ་དེ་ལ་བྱང་ཆུབ་སེམས་དཔའི་ལྟུང་བ་མེད་དོ། །གང་དུ་བྱང་སེམས་ཀྱི་ལྟུང་བར་འགྱུར་བ་དེ་ལ་ཉན་ཐོས་ཀྱི་ལྟུང་བ་མེད་དོ། །དཔེར་ན་དབྱར་གནས་ཀྱི་ནང་དུ་སོང་ན་ཉན་ཐོས་ཀྱི་ལྟུང་བའོ། །བྱང་སེམས་གཞན་སེམས་ཅན་འདུལ་ཕྱིར་འགྲོ་བ་ལ་ལྟུང་བ་མེད་དེ། །གང་དུ་སེམས་ཅན་འདུལ་བའི་དོན་བོར་ཏེ་དབྱར་གནས་ཀྱི་ཆད་པས་འཇིགས་ནས་མི་འགྲོ་ན་བྱང་ཆུབ་སེམས་དཔའི་ལྟུང་བའོ། །ཉན་ཐོས་ལ་ནི་སྙིང་རྗེ་ཆུང་བས་མ་སོང་ཀྱང་ལྟུང་བ་མེད་པའོ། །འདོད་འདུན་རྣམ་འཚེ་སོགས་བྱང་ཆུབ་སེམས་དཔའི་འཆལ་ཁྲིམས་ཡིན་གྱི་ཉན་ཐོས་ཀྱི་མ་ཡིན་ཏེ། སྤོང་བདུན་ཙམ་ལས་བླང་བས་སོ། །དེ་ཅིའི་ཕྱིར་ན་བྱང་སེམས་རྣམས་ཀྱི་ཚུལ་ཁྲིམས་ནི་ལུས་དང་ངག་དང་སེམས་ཀྱིའོ། །ཉན་ཐོས་རྣམས་ཀྱི་ནི་ལུས་དང་ངག་ཉིད་དོ། །དེ་ཉིད་ཀྱི་ཕྱིར་བྱང་སེམས་རྣམས་ཀྱི་སེམས་ཀྱི་ལྟུང་བར་འགྱུར་གྱི། །ཉན་ཐོས་རྣམས་ཀྱི་ནི་མ་ཡིན་ནོ། །མདོར་བསྡུ་ན་ལོག་གཡེམ་སོགས་ལྟ་བུ་གང་ཁ་ན་མ་ཐོ་བ་མེད་པར་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་ལུས་ངག་ཡིད་ཀྱི་ལས་དེ་དག་ཐམས་ཅད་བྱང་ཆུབ་


MR12_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔས་ཀུན་ཏུ་སྤྱོད་པར་བྱ་ཞིང་དེ་ལ་བསླབ་པར་བྱ་སྟེ་དེ་ལྟར་ཐུན་མོང་དང་ཐུན་མོང་མིན་པའི་ཁྱད་པར་ཤེས་པར་བྱའོ། །ལྷག་ཚུལ་སོགས་བསླབ་གསུམ་ཕར་ཕྱིན་དྲུག་ཏུ་འདུས་ཀྱང་ལོགས་སུ་བཤད་པ་རྣམ་བཞག་གཞན་གྱིས་ཏེ། སྔ་ཕྱིའི་རྒྱུ་འབྲས་སུ་བསྟན་པ་སྟེ། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་བརྟེན་ནས་ཏིང་ངེ་འཛིན་གྱི་ཕུང་པོ་འབྱུང་བ་དང་། བསམ་གཏན་ལ་བརྟེན་ནས་ཤེས་རབ་ཀྱི་ཕུང་པོ་འབྱུང་བ་དང་། དེ་ལས་རྣམ་པར་གྲོལ་བ། རྣམ་གྲོལ་ཡེ་ཤེས་མཐོང་བའི་ཕུང་པོ་འབྱུང་ངོ་ཞེས་གསུངས་པ་བཞིན་ནོ། ༧ །རྒྱ་ཆེ་བའི་ཁྱད་པར་ནི་རྣམ་པ་བཞིས་ཏེ། སེམས་ཅན་རྗེས་སུ་འཛིན་པའི་ཐབས་སྣ་ཚོགས་དང་ཚད་མེད་པས་བསླབ་པ་ཉིད་རྒྱ་ཆེ་བ་དང་། ཡོངས་སུ་མ་ཆད་པའི་སྙིང་རྗེ་ཆེན་པོས་བསོད་ནམས་ཚད་མེད་པ་ཡོངས་སུ་འཛིན་པ་རྒྱ་ཆེ་བ་ཉིད་དང་། སེམས་ཅན་ཐམས་ཅད་ལ་དགེ་བ་ལ་འཛུད་པ་ཕན་པ་དང་དེ་ལ་ལམ་བདེ་བས་སྤྱོད་བ་བདེ་བར་འམ་ཡང་ན་གཏན་དུ་ཕན་པ་དང་གནས་སྐབས་བདེ་བར་བྱ་བའི་ཕྱིར། བསམ་པ་ཡོངས་སུ་འཛིན་པ་རྒྱ་ཆེ་བ་དང་། འབྲས་བུ་བླ་མེད་རྫོགས་པའི་བྱང་ཆུབ་ལ་དམིགས་པའམ་བརྟེན་པ་རྒྱ་ཆེ་བ་ཉིད་ཀྱི་ཕྱིར་རོ་ཉན་ཐོས་ལ་མེད་པས་འདི་རྒྱ་ཆེ་བའོ། །ཟབ་པ་ཉིད་ནི་གང་ཞིག་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་རྣམས་ཐབས་མཁས་དེ་ལྟ་བུས་སྲོག་གཅོད་སོགས་ལས་རྣམ་པ་བཅུ་སྤྱོད་ཀྱང་། དེས་ཁ་ན་མ་ཐོ་བར་མི་འགྱུར་ལ། བསོད་ནམས་ཚད་མེད་པ་ཡང་སྐྱེད་ཅིང་། བླ་མེད་ཡང་དག་རྫོགས་པའི་བྱང་ཆུབ་ཀྱང་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བའོ། །གཞན་མི་དགེའི་ལས་ལ་མངོན་དུ་ཕྱོགས་པར་ཤེས་ཤིང་དེའི་སེམས་ཀྱང་ཤེས་ལ། དེ་ཐབས་གཞན་གྱིས་བཟློག་མི་ནུས་པས་ངན་འགྲོར་སྐྱེ་བ་


MR12_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

དང་། བསད་ན་བདེ་འགྲོར་སྐྱེ་བ་ཡང་མཐོང་ནས། བདག་ལས་འདིས་ངན་སོང་དུ་འགྲོ་བ་སླའི། འདི་སྡུག་བསྔལ་གྱི་ཁུར་ཆེན་པོ་དང་། ལྡན་མི་རུང་སྙམ་པའི་བསམ་པ་ཁྱད་པར་ཅན། སྨན་པ་ལྟ་བུ་ཕན་པར་འདོད་པས་སྲོག་བཅད་པ་ནི། དེད་དཔོན་གྱིས་མི་ནག་མདུང་ཐུང་ཅན་བསད་པ་ལྟ་བུའོ། །གཞན་ཡང་སྤྲུལ་པའི་ལུས་དང་ངག་གི་ལས་ཀྱང་བྱང་ཆུབ་སེམས་དཔའི་ཟབ་པའི་ཚུལ་ཁྲིམས་སུ་རིག་པར་བྱ་སྟེ། དེའི་རྒྱལ་སྲིད་ཀྱང་བྱེད་ཅིང་སེམས་ཅན་རྣམས་ལ་ཁྲིམས་བཅད་པའི་གཙེ་བ་སྣ་ཚོགས་བསྟན་ནས། སེམས་ཅན་འདུལ་བ་ལ་འགོད་དོ། །སྐྱེས་པའི་རབས་སྣ་ཚོགས་བསྟན་པས་སེམས་ཅན་གཞན་ལ་བུ་བུ་མོ་སོགས་མི་འདོད་བཞིན་དུ་གནོད་པ་བྱ་བས། དེ་ལས་གཞན་པའི་སློང་པ་པོའི་སེམས་ཅན་ལ་ཕན་འདོགས་པ་ལྟ་བུ་ཀུན་ཏུ་སྟོན་པས། གཞན་དག་སེམས་དད་པ་སྔོན་དུ་འགྲོ་བས་ཡོངས་སུ་སྨིན་པར་བྱ་བ་ཡང་འགྲུབ་པར་བྱེད་དེ། བུ་དང་བུ་མོ་སྦྱིན་པ་སོགས་ཀྱང་དེ་དག་གི་རྒྱུད་མ་མོས་བཞིན་དུ་མ་ཡིན་ཞིང་། འཕྲལ་ཕུག་དེ་དག་ལ་གནོད་པ་མེད་པར་རིག་ནས་སྦྱིན་གྱི་དེ་དག་ལ་བརྩེ་བ་མེད་པ་ནི་མ་ཡིན་ལ། ཡང་ན་སྤྲུལ་པའི་བུ་བུ་མོ་སོགས་སྦྱིན་ནོ། །སྤྲུལ་པ་ཡིན་ན་ཕན་ཡོན་འབྱུང་ངམ་ཞེ་ན། ཕ་རོལ་ལ་ཕན་བཏགས་པ་འདྲ་བས་བསོད་ནམས་འབྱུང་ངོ་། །ལེན་པ་པོ་ཡང་སྤྲུལ་པར་གྱུར་ན་ཡང་། སེམས་དྭང་བས་བྱིན་པས་ཕན་ཡོན་དང་། དྭང་བ་དེས་གཞན་སྨིན་པར་འགྱུར་རོ། །འདི་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཟབ་པ་ཉིད་ཀྱི་ཁྱད་པར་རོ། །མདོར་བསྡུ་ན་ཁྱད་པར་རྣམ་པ་འདི་བཞིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཉན་ཐོས་པ་ལས་ཁྱད་པར་ཅན་དུ་རིག་པར་བྱའོ། །རབ་ཏུ་དབྱེ་བ་བཞི་པོ་འདིས་ན་བྱང་སེམས་


MR12_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བསླབ་པའི་རབ་ཏུ་དབྱེ་བ་ཚད་མེད་པ་འབྱུང་སྟེ་དེ། དཔེར་ན་འདུལ་བར་བསྙད་པ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་སྡེ་ལས་སྤྲོས་པ་སྟོང་ཕྲག་བརྒྱས་བཤད་པ་འབྱུང་བ་ལྟ་བུའོ། ༧ །དེ་ལྟར་ལྷག་པའི་ཚུལ་ཁྲིམས་ཀྱི་ཁྱད་པར་བསྟན་ནས། བདུན་པ་ལྷག་པའི་སེམས་ཀྱི་ཁྱད་པར་ཇི་ལྟར་བལྟ་ཞེ་ན། མདོར་བསྡུ་ན་རབ་ཏུ་དབྱེ་བ་དྲུག་གིས་བལྟ་བར་བྱ་སྟེ། སེམས་ཀྱི་བསླབ་པ་ཞེས་པ། འདིར་སེམས་ཀྱི་སྒྲ་ནི་སེམས་ལས་བྱུང་བའི་ཏིང་ངེ་འཛིན་ལ་བརྗོད་དེ། སེམས་ཀྱིས་བྲིས་ཞེས་པ་འབྲི་བའི་སེམས་ལ་བྱ་བ་བཞིན་ནོ། །དམིགས་པས་རབ་ཏུ་༡དབྱེ་བ་དང་། སྣ་ཚོགས་ཉིད་ཀྱིས་རབ་ཏུ་དབྱེ་བ༢་དང་། གཉེན་པོས་རབ་ཏུ་དབྱེ་བ༣་དང་། ལས་སུ་རུང་བ་ཉིད་ཀྱིས་རབ་ཏུ་དབྱེ་བ༤་དང་། མངོན་པར་སྒྲུབ་པས་རབ་ཏུ་དབྱེ་བ༥་དང་། ལས་ཀྱིས་རབ་ཏུ་དབྱེ་བ༦་སྟེ། །དེ་དག་གི་དོན་ནི་རིམ་པ་བཞིན་དུ་འདི་ལྟར་ཤེས་པར་བྱ་སྟེ། ཉན་ཐོས་ཀྱི་ཐེག་པ་སྤང་བའི་ཐེག་པ་ཆེན་པོའི་ཆོས༡་ལ་དམིགས་པའི་ཕྱིར་རོ། ༧ །གང་ལ་མཉམ་པར་བཞག་ན་ཐེག་པ་ཆེན་པོའི་ཆོས་མཐའ་དག་སྣང་བ་དང་དེ་ཐེག་པ་ཆེན་པོ་སྣང་བའི་ཏིང་ངེ་འཛིན་ནོ། །གང་དུ་བསོད་ནམས་ཐམས་ཅད་ཡང་དག་པར་འགྲུབ་པའམ་བསགས་པ་དང་དེ་དེའི་ཏིང་འ ཛིན་ནོ། །ཏིང་ངེ་འཛིན་གྱི་རྒྱལ་པོ་བཟང་སྐྱོང་འཇིག་རྟེན་གྱི་རྒྱལ་པོ་བཞིན་དུ་ཏིང་འཛིན་ཐམས་ཅད་ཀྱི་བདག་པོ་སྟེ། གང་ཡོད་ན་ཕྱོགས་བཅུ་རྣམས་སུ་ད་ལྟར་གྱི་སངས་རྒྱས་རྣམས་མངོན་སུམ་དུ་མཐོང་བར་འགྱུར་རོ་དང་། དཔའ་བར་འགྲོ་བ་ནི་ཏིང་འཛིན་ཀུན་གྱི་མཆོག་སྟེ་དམག་མི་རྣམས་ཀྱི་ནང་ན་དམག་དཔོན་དཔའ་བོ་བཞིན་དུ་བདུད་ཀྱི་ཚོགས་འཇོམས་པར་ནུས་པའོ། །དེ་ལ་སོགས་པའི་ཏིང་འཛིན་སྣ་ཚོགས་ཚད་མེད་པའི་ཕྱིར༢་རོ། ༧ །ཆོས་ཐམས་ཅད་འདྲེས་པ་


MR12_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པའམ་སྤྱི་ལ་དམིགས་པའི་ཡེ་ཤེས་ཀྱིས་དེ་བཞིན་ཉིད་དུ་ཆོས་ཐམས་ཅད་འདྲེས་པར་བྱེད་དེ། དེ་ལས་གུད་ན་མེད་པའི་ཕྱིར་རོ་ཁྱེའུས་ཁྱེའུ་དབྱུང་བའི་ཚུལ་ཏེ་ཁྱེའུ་སྔ་མས་ཁྱེའུ་ཕྱི་མ་དབྱུང་བ་དང་། ཁྱེའུ་ཕྲ་མོས་ཆེན་པོ་དབྱུང་བའི་ཚུལ་དུ་ཀུན་གཞིའི་རྣམ་ཤེས་ལ་གནས་ངན་ལེན་གྱི་ས་བོན་རགས་པ་ཡོད་པ་ཐམས་ཅད་དེ་བཞིན་ཉིད་ལ་དམིགས་པ་གཉེན་པོའི་ཤེས་པ་ཕྲ་མོས་འབྱིན་པའི་༣ཕྱིར་རོ། ༧ །བསམ་གཏན་གྱི་བདེ་བ་དག་གིས་གནས་པ་ལས་མ་ཉམས་བཞིན་འདོད་པ་སོགས་གནས་གང་ནས་གང་དུ་འདོད་པར་སྐྱེ་བ་ཡོངས་སུ་འཛིན༤་པའམ་ལེན་དུ་རུང་བའི་ཕྱིར་རོ། ༧ །ཏིང་ངེ་འཛིན་གྱི་ཡོན་ཏན་གྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཐོགས་པ་མེད་པའི་མངོན་ཤེས་མངོན་པར་སྒྲུབ་པ་དང་། དེ་ལས་འཇིག་རྟེན་གྱི་ཁམས་གཡོ་ཞིང་སྒུལ་བར་བྱེད་པ་དང་། མེ་སོགས་འབར་བར་བྱེད་པ་དང་། དེ་ཐམས་ཅད་དུ་ལུས་དང་འོད་སོགས་ཀྱིས་ཁྱབ་པར་བྱེད་པ་དང་། འཇིག་རྟེན་གྱི་ཁམས་བསྐལ་པ་རྣམ་ཀྱང་སྟོན་པ་དང་། ས་སོགས་ཆུ་ལ་སོགས་པ་གཞན་གྱི་དངོས་པོར་བསྒྱུར་བ་དང་། སྐད་ཅིག་མས་འཇིག་རྟེན་གྱི་ཁམས་དུ་མར་འགྲོ་བ་དང་། འཇིག་རྟེན་གྱི་ཁམས་མང་པོ་རྡུལ་ཕྲ་རབ་གཅིག་གི་ནང་དུ་སྡུད་པ་དང་། འཇིག་རྟེན་གྱི་ཁམས་མང་པོ་རྡུལ་གཅིག་གིས་ཁྱབ་པའམ་རྒྱས་པར་བྱེད་པ་དང་། རང་གི་ལུས་སུ་གཟུགས་ཀྱི་ལུས་ཐམས་ཅད་འཇུག་པའམ་རང་གི་ལུས་ལ་འཇོག་པ་དང་། འདུལ་བའི་ཕྱིར་གང་གི་གཟུགས་དང་འདྲ་བར་སྐལ་བ་མཉམ་པས་དེའི་གན་དུ་འགྲོ་བ་དང་། མངོན་པའམ་སྣང་བར་བྱེད་ཅིང་མི་མངོན་པར་མི་སྣང་བར་ཡང་བྱེད་པ་དང་། བདུད་སངས་རྒྱས་ཉིད་དུ་བསྒྱུར་བ་སོགས་དབང་ཉིད་དུ་བྱེད་པ་དང་། གཞན་གྱི་རྫུ་འཕྲུལ་ཟིལ་གྱིས་གནོན་པ་དང་རབ་ཏུ་འཇོམས་


MR12_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། སྤོབས་པ་མེད་པ་རྣམས་ལ་སྤོབས་པ་སྦྱིན་པ་དང་། དེ་བཞིན་བརྗེད་ངས་ལ་དྲན་པ་དང་། སྡུག་བསྔལ་ཅན་ལ་བདེ་བ་སྦྱིན་པ་དང་། བྱང་སེམས་ཆོས་ཉན་པར་དགུག་པ་སོགས་ཀྱི་ཕྱིར་འོད་ཟེར་གཏོང་བའི་རྫུ་འཕྲུལ་ཆེན་པོ་མངོན་པར་སྒྲུབ་པ་དང་སྟེ་ཉན་ཐོས་ལ་མེད་པའི་རྫུ་འཕྲུལ་ཆེན་པོ་དེ་དག་མངོན་པར་འདུ་བྱེད་དོ། །བྱང་ཆུབ་སེམས་དཔའ་དཀའ་བ་སྤྱོད་པ་ཐམས་ཅད་བསྡུས་པ་དཀའ་བ་སྤྱོད་པ་རྣམ་པ་བཅུ་མངོན་པར་སྒྲུབ༥་པའི་ཕྱིར་རོ། །དཀའ་བ་སྤྱོད་པ་རྣམ་པ་བཅུ་འདི་ལྟ་སྟེ། ཁས་བླང་བར་དཀའ་བ་སྤྱོད་པ་ནི། བྱང་ཆུབ་ཆེན་པོར་སྨོན་ལམ་འདེབས་པ་ནི་བདག་གི་བདེ་བ་ལ་རེ་བ་མེད་པའི་གཞན་དོན་བྱེད་པར་ཁས་ལེན་པའི་ཕྱིར་རོ། །མི་ལྡོག་པར་དཀའ་བ་སྤྱོད་པ་ནི་འཁོར་བའི་སྡུག་བསྔལ་རྣམས་ཀྱིས་མི་ཟློག་པའི་ཕྱིར་རོ། །ཕྱིར་མི་ཕྱོགས་པར་དཀའ་བ་སྤྱོད་པ་ནི་སེམས་ཅན་ཐམས་ཅད་ཀྱི་ལོག་པར་སྒྲུབ་པ་རྣམས་ཀྱིས་གདུལ་བྱ་དེ་ལས་ཡིད་ཕྱིར་མི་ཕྱོགས་པའི་ཕྱིར་རོ། །གང་དག་མ་སོགས་ལ་ལོག་པར་སྒྲུབ་པ་དང་། རྩེ་ཕྱིར་མིག་བསླང་ནས་རྐང་པས་འདྲིལ་པ་ལྟ་བུ་རྣམས་ལས་སོ། །མངོན་དུ་ཕྱོགས་པར་དཀའ་བ་སྤྱོད་པ་ནི། གནོད་པར་བྱེད་པའི་སེམས་ཅན་རྣམས་ཀྱི་དོན་ཐམས་ཅད་བྱ་བ་ལ་མངོན་དུ་ཕྱོགས་པའི་ཕྱིར་རོ། །མི་གོས་པར་དཀའ་བ་སྤྱོད་པ་ནི་འཇིག་རྟེན་དུ་སྐྱེས་ཀྱང་འཇིག་རྟེན་པའི་ཆོས་བརྒྱད་ཀྱིས་མི་གོས་པའི་ཕྱིར་རོ། །མོས་པར་དཀའ་བ་སྤྱོད་པ་ནི། དེའི་དོན་མངོན་པར་རྟོགས་པའམ་ཁོང་དུ་ཆུད་པ་མེད་པར་མོས་སྤྱོད་ཀྱི་དུས་ན་ཡང་ཐེག་པ་ཆེན་པོ་ལ་རྒྱ་ཆེ་བ་ཉིད་དང་། ཟབ་པ་ཉིད་བསྟན་པ་ཐམས་ཅད་ལ་མོས་པའི་ཕྱིར་རོ། །རྟོགས་པར་དཀའ་བ་སྤྱོད་པ་ནི་གང་ཟག་དང་ཆོས་ལ་བདག་མེད་པ་རྟོགས་པའི་ཕྱིར་རོ། །


MR12_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ཁོང་དུ་ཆུད་པར་དཀའ་བ་སྤྱོད་པ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་དགོངས་ཏེ་གསུང་བ་ཟབ་མོ་ལ་ཡིད་མི་གོལ་བར་དེའི་དོན་ཁོང་དུ་ཆུད་པའི་ཕྱིར་རོ། །མི་འབྱེད་པར་ཀུན་ནས་ཉོན་མོངས་པ་མེད་པར་དཀའ་བ་སྤྱོད་པ་ནི། འཁོར་བ་ཡོངས་སུ་མི་གཏོང་བས་མི་འབྱེད་ན་ཡང་དེས་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་དེ་གཉིས་མི་འབྱེད་པར་གཉིས་ཀ་མཉམ་དུ་བྱེད་པའི་ཕྱིར་རོ། །སྦྱོར་བར་དཀའ་བ་སྤྱོད་པ་ནི་སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་ལ་བཞུགས་པའི་སངས་རྒྱས་རྣམས་རང་དོན་རྫོགས་ཀྱང་འཁོར་བའི་མཐའི་བར་དུ་ལྷུན་གྱིས་གྲུབ་པར་སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་མཛད་པ་དག་ལ་སྦྱོར་བའི་ཕྱིར་རོ། །ཁོང་དུ་ཆུད་པར་དཀའ་བ་སྤྱོད་པ་སངས་རྒྱས་རྣམས་ཀྱི་དགོངས་ཏེ་གསུངས་པ་བྱང་སེམས་དེ་དག་གིས་ཁོང་དུ་ཆུད་པ་ཅི་འདྲ་བ་ཞིག་ཞེ་ན། དཔེར་ན་མདོ་ལས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སྦྱིན་ཕོད་པ་ཡིན་ཞེ་ན། འཁོར་གསུམ་མི་དམིགས་པས་སུས་སུ་ལ་སྦྱིན་པར་མ་དམིགས་པས་སམ་བདག་གཞན་མཉམ་པར་རྟོགས་པས་གཞན་སུ་ལའང་བྱིན་པར་མི་རྟོག་པར་ཐམས་ཅད་ལ་སྦྱིན་པར་དགོངས་ཏེ། གལ་ཏེ་སྦྱིན་པ་ཅུང་ཟད་མི་སྦྱིན་ལ་དེ་ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་དུ་སྦྱིན་པ་བྱ་བ་ཚད་མེད་པ་ལ་ཡང་འཇུག་གོ། ཇི་ལྟར་ན་སྦྱིན་པ་འདོད་པ་ཡིན་ཞེ་ན། གལ་ཏེ་བདག་དང་ཉེ་དུ་ལ་སྦྱིན་ནམ་སྙམ་དུ་སྦྱིན་སོགས་སྦྱིན་པ་ཐམས་ཅད་ལ་འདོད་པར་མི་བྱེད་པའོ་ཞེས་བཀག་པའི་ཕྱིར་མི་འདོད་པ་སྟེ་མྱང་འདས་དང་གཞན་ཕན་དང་དངོས་པོ་མེད་པར་དམིགས་པས་སོ། །ཇི་ལྟར་ན་སྦྱིན་པ་ལ་མོས་པར་ཡིན་ཞེ་ན། གལ་ཏེ་དེ་བཞིན་གཤེགས་པ་རྣམས་ལ་དད་པས་མི་འགྲོ་བའོ་དེ་ནི་ལུང་ཙམ་ལ་བརྟེན་པ་མིན་པར་


MR12_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོ་རང་རིག་གི་ཆོས་ཉིད་རྟོགས་ནས་སྦྱིན་པར་བྱེད་པའོ། །ཇི་ལྟར་ན་སྦྱིན་པ་ལ་མཇུག་པ་བྱེད་པ་ཡིན་ཞེ་ན། གལ་ཏེ་རང་གི་ངང་གིས་འཇུག་པས་ཆེད་དུ་བདག་སྦྱིན་པར་འཇུག་པར་འབད་མི་དགོས་པས་བདག་སྦྱིན་པ་ལ་འཇུག་པར་མི་བྱེད་པ་སྟེ། དེའི་དོན་རང་བཞིན་ཉིད་ཀྱིས་སྦྱིན་ཞེས་བྱ་གཞན་འཇུག་པར་བྱེད་པའི་ཐ་ཚིག་གོ། ཇི་ལྟར་ན་སྦྱིན་པ་ལ་མངོན་པར་དགའ་བ་ཡིན་ཞེ་ན། གལ་ཏེ་ལན་འགའ་ཙམ་དུ་བྱེད་པའི་སྦྱིན་པ་ཅི་ཡང་སྦྱིན་པར་མི་བྱེད་པའོ་ཞེས་རྟག་ཏུ་སྦྱིན་པར་བྱེད་ཅེས་སོ། །ཇི་ལྟར་ན་སྦྱིན་པ་ལ་ཆེ་བ་ཡིན་ཞེ་ན། གལ་ཏེ་རྣམ་པར་གཡེང་བས་གཡོ་བའི་སྦྱིན་པ་ལ་སྙིང་པོ་མེད་པའི་འདུ་ཤེས་སུ་གྱུར་པའོ་སངས་རྒྱས་ནས་མཉམ་པར་བཞག་བཞིན་སྦྱིན་པའམ་སྦྱིན་པ་མི་དམིགས་པར་ཡང་ངོ་། །ཇི་ལྟར་ན་སྦྱིན་པ་དག་པ་ཡིན་ཞེ་ན། གལ་ཏེ་སེར་སྣ་རྩད་ནས་འབྱུང་བར་བྱེད་པའོ། །ཇི་ལྟར་ན་སྦྱིན་པ་མཐར་ཕྱིན་པ་ཡིན་ཞེ་ན། གལ་ཏེ་མཐའ་ཉན་ཐོས་ལྟར་ཞི་བར་བགྲོད་པ་གཅིག་པའི་ལ་མི་གནས་པར་གྱུར་པའོ། །ཇི་ལྟར་ན་སྦྱིན་པ་ལ་བདག་པོ་ཡིན་ཞེ་ན། གལ་ཏེ་སྦྱིན་པ་ལ་མི་མཐུན་ཕྱོགས་སེར་སྣ་སོགས་ཀྱིས་དབང་བྱེད་པ་མ་ཡིན་པའོ། །ཇི་ལྟར་ན་སྦྱིན་པ་མི་ཟད་པ་ཡིན་ཞེ་ན། གལ་ཏེ་མི་ཟད་པ་ལ་མྱང་འདས་ཀྱི་མཐའ་ལ་མི་གནས་པར་གྱུར་པའོ། །ཕུན་སུམ་ཚོགས་པའི་མཐར་ཐུག་སངས་རྒྱས་ཉིད་ཐོབ་ནས་དེ་ཙམ་ལ་མི་གནས་གྱི་སྤྲུལ་པ་རྣམས་ཀྱིས་གཞན་ལ་ཕན་བདེ་སྦྱིན་པའོ། །སྦྱིན་པ་ལ་ཇི་ལྟ་བ་དེ་བཞིན་དུ་ཚུལ་ཁྲིམས་ལ་སོགས་པ་ཤེས་རབ་ལ་ཐུག་པ་རྣམས་ལ་ཡང་ཅི་རིགས་སུ་ཤེས་པར་བྱའོ། །ཇི་ལྟར་ན་ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེ་ན། གལ་ཏེ་ཚུལ་ཁྲིམས་ཅུང་ཟད་མི་སྲུང་བའོ་སྟེ་བདག་དང་གཞན་མཉམ་པ་ཉིད་དུ་མཐོང་བའི་ཕྱིར་གཞན་གྱི་


MR12_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཁྲིམས་དང་ལྡན་པར་གྱུར་པའོ། །ཇི་ལྟར་ན་སྲོག་གཅོད་པ་ཡིན་ཞེ་ན། གལ་ཏེ་སྲོག་ཆགས་རྣམས་འཁོར་བ་ལས་ཤིན་ཏུ་བཟློག་པའོ་སྟེ་འཁོར་བའི་སྲོག་གཏན་དུ་བཅད་པའོ། །ཇི་ལྟར་ན་མ་སྦྱིན་ལེན་པ་ཡིན་ཞེ་ན། གལ་ཏེ་སུས་ཀྱང་མ་བྱིན་པར་བདག་ཉིད་ཀྱི་སེམས་ཅན་ཐམས་ཅད་ལེན་པའོ། །ཇི་ལྟར་ན་འདོད་པ་ལ་ལོག་པར་སྤྱོད་པ་ཡིན་ཞེ་ན། གལ་ཏེ་འདོད་པ་རྣམས་ལ་ལོག་པའོ་ཞེས་སྤྱོད་པའོ། །ཇི་ལྟར་ན་བརྫུན་དུ་སྨྲ་བ་ཡིན་ཞེ་ན། གལ་ཏེ་གང་འདུ་བྱེད་ཐམས་ཅད་འཁྲུལ་བའི་ཆོས་བརྫུན་པ་དེ་ལ་བརྫུན་ནོ་ཞེས་སྨྲ་བའོ། །ཇི་ལྟར་ན་ཕྲ་མ་བྱེད་པ་ཡིན་ཞེ་ན། གལ་ཏེ་སྟོང་པ་ཉིད་ལ་གནས་པའི་མཆོག་གིས་གནས་པའོ་ཞེས་ངེས་པའི་ཚིག་གི་ཚུལ་ལོ། །ཇི་ལྟར་ན་ངག་རྩུབ་པོ་སྨྲ་བ་ཡིན་ཞེ་ན། གལ་ཏེ་ཤེས་བྱའི་ཕ་རོལ་ཏུ་ཐམས་ཅད་མཁྱེན་པ་དག་ཏུ་འདུག་པའམ་གནས་པའོ། །ཇི་ལྟར་ན་ཚིག་ཀྱལ་བ་སྨྲ་བ་ཡིན་ཞེ་ན། གལ་ཏེ་ཆོས་ཐམས་ཅད་ཡང་དག་པར་རྣམ་པར་ཕྱེ་སྟེ་སྨྲ་བའོ། །ཇི་ལྟར་ན་བརྣབ་སེམས་ཅན་ཡིན་ཞེ་ན། གལ་ཏེ་བདག་རྒྱུན་དུ་བླ་ན་མེད་པའི་བསམ་གཏན་སངས་རྒྱས་ཀྱི་ཐུགས་རྒྱུད་ལ་མངའ་བ་ཐོབ་པར་བྱེད་པའོ། །ཇི་ལྟར་ན་གནོད་སེམས་ཀྱི་སེམས་དང་ལྡན་པ་ཡིན་ཞེ་ན། གལ་ཏེ་སེམས་ལ་ཉོན་མོངས་པར་བྱེད་པ་ཐམས་ཅད་ལ་འདིས་གནོད་པར་བྱས་པ་ཡིན་ནོ་ཞེས་སེམས་པའོ། །ཇི་ལྟར་ན་ལོག་པར་ལྟ་བ་ཅན་ཡིན་ཞེ་ན། གལ་ཏེ་གང་དུས་ཐམས ཅད་ན་སེམས་ཅན་ཐམས་ཅད་ལ་འདུག་པའི་ལོག་པ་ཡང་དག་མིན་པའི་ཀུན་རྟོག་དེ་ཇི་ལྟ་བ་བཞིན་དུ་མཐོང་བའམ་ལྟ་བའོ། །སངས་རྒྱས་ཀྱི་ཆོས་ཟབ་བོ་ཞེས་བྱ་བ་ལ། སངས་རྒྱས་ཀྱི་


MR12_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྣམས་ཟབ་པ་གང་ཞེ་ན། འདིར་བསྟན་པ་རྟག་པའི་ཆོས་རྣམས་ནི། སངས་རྒྱས་ཀྱི་ཆོས་རྣམས་ཏེ་ཆོས་ཀྱི་སྐུ་རྟག་པའི་ཕྱིར་རོ། །ཆད་པའི་ཆོས་རྣམས་ནི་སངས་རྒྱས་ཀྱི་ཆོས་རྣམས་ཏེ། སྒྲིབ་པ་ཐམས་ཅད་ཆད་པའི་ཕྱིར་རོ། །སྐྱེ་བའི་ཆོས་རྣམས་ནི་སངས་རྒྱས་ཀྱི་ཆོས་རྣམས་ཏེ། སྤྲུལ་པའི་སྐུ་སྐྱེ་བའི་ཕྱིར་རོ། །དམིགས་པའི་ཆོས་རྣམས་ནི་སངས་རྒྱས་ཀྱི་ཆོས་རྣམས་ཏེ། སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོ་དག་དང་བཅས་པ་དམིགས་པའི་ཕྱིར་རོ། །འདོད་ཆགས་དང་བཅས་པའི་ཆོས་རྣམས་ནི་སངས་རྒྱས་ཀྱི་ཆོས་རྣམས་ཏེ། འདོད་ཆགས་དང་བཅས་པའི་སེམས་ཅན་རྣམས་སངས་རྒྱས་ཀྱིས་བདག་ཏུ་བཟུང་བའམ་བདག་ཏུ་ཁས་བླངས་པའི་ཕྱིར་རོ། །དེ་བཞིན་ཞེ་སྡང་དང་བཅས་པའི་ཆོས་རྣམས་དང་། གཏི་མུག་དང་བཅས་པའི་ཆོས་རྣམས་དང་སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱང་སངས་རྒྱས་ཀྱི་ཆོས་རྣམས་སུ་བལྟ་བར་བྱའོ། །མི་གོས་པའི་ཆོས་རྣམས་ནི་སངས་རྒྱས་ཀྱི་ཆོས་རྣམས་ཏེ། རྣམ་པར་དག་པར་གྲུབ་པའི་དེ་བཞིན་ཉིད་ལ་སྒྲིབ་པ་ཐམས་ཅད་ཀྱིས་མི་གོས་པའི་ཕྱིར་རོ། །ཉེ་བར་གོས་པ་མེད་པའི་ཆོས་རྣམས་སངས་རྒྱས་ཀྱི་ཆོས་རྣམས་ཏེ། འཇིག་རྟེན་དུ་སྐྱེས་ཀྱང་འཇིག་རྟེན་པའི་ཆོས་རྣམས་ཀྱིས་ཉེ་བར་གོས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་སངས་རྒྱས་ཀྱི་ཆོས་རྣམས་ནི་ཟབ་པ་ཞེས་བྱའོ། །ཞེས་གསུངས་སོ། །དགོངས་ཏེ་གསུངས་པའི་འབྲས་བུའམ་དགོས་པ་ཅི་ཞེ་ན། སྟོན་པ་པོས་བཞག་སླ་སྟེ། དོན་ཡོངས་སུ་བསྡུས་པའི་ཕྱིར། གཞན་དག་ལ་ཡང་བཤད་སླ་བས་དེས་གཟུང་སླའོ། །དེའི་ཕྱིར་བསྟན་པ་བཟུང་བས་ཚོགས་ཡོངས་སུ་རྫོགས་སླ།


MR12_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྫོགས་པས་ཆོས་ཉིད་རྟོགས་པར་བྱེད་དོ། །སངས་རྒྱས་ལ་དགོངས་ཟབ་མངའ་བར་ཆེ་བ་ཤེས་ནས་དད་པ་ཐོབ། ཆོས་དགེ་འདུན་ལ་ཡང་དེ་བཞིན་ནོ། །མཐོང་ཆོས་བདེར་གནས་ཐོབ་སྟེ་དེ་རྟོགས་པའི་ཕྱིར་རོ། །འབེལ་གཏམ་གྱིས་མཁས་པ་རྣམས་ཀྱི་མདུན་ན་མཁས་པའི་གྲངས་སུ་འགྲོ་བས་འདི་བཅུའོ་གསུངས། དེའི་ཕྱིར་ཉན་ཐོས་ཀྱི་ཐེག་པར་ཡང་། ཕ་དང་མ་ནི་གསོད་བྱས་ཤིང་། །ཞེས་སོགས་གསུངས་སོ། །ཕ་རོལ་ཕྱིན་པ་བསྒོམ་པ༦་དང་། དེ་ལ་བརྟེན་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་།སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྒྲུབ་པའི་ཕྱིར་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རྣམས་ཀྱི་ལས་ཀྱི་རབ་ཏུ་དབྱེ་བར་བལྟའོ། །ཏིང་འཛིན་མེད་ན་དེ་བཞིན་བྱེད་མི་ནུས་ཏེ་ཉན་ཐོས་བཞིན་ནོ་ཞེས་བཤད་དེ་ལྟར་ལྷག་པའི་སེམས་ཀྱི་ཁྱད་པར་བསྟན་ནས། བརྒྱད་པ་ལྷག་པའི་ཤེས་རབ་ཀྱི་ཁྱད་པར་ཇི་ལྟར་བལྟ་ཞེ་ན། རྣམ་པར་མི་རྟོག་པའི་ཡེ་ཤེས༡་ཀྱི་ངོ་བོ་ཉིད་དང་། གནས༢་དང་། གཞི་དང༣་། དམིགས་༤པ་དང་། རྣམ་པ༥་དང་། བརྒལ་བའི་ལན་༦དང་། རྟེན༧་དང་། གྲོགས༨་དང་། རྣམ་པར་སྨིན་པ༩་དང་། རྒྱུ་མཐུན་པ༡༠་དང་། ངེས་པར་འབྱུང༡༡་བ་དང་། མཐར་ཐུག་པར༡༢་འགྲོ་བ་དང་། སྦྱོར་བ་ལས་བྱུང༡༣་བ་དང་། རྣམ་པར་མི་རྟོག་པ༡༤་དང་། རྗེས་ལས་ཐོབ་པའི་ཡེ་ཤེས་གསུམ་གྱི་ཕན༡༥་ཡོན་དང་། དེ་གསུམ་གྱི་རབ་ཏུ་དབྱེ་བ༡༦་དང་། རྣམ་པར་མི་རྟོག་པ་དང་རྗེས་ལས་ཐོབ་པའི་དཔེ་དང་༡༧། ལྷུན་གྱིས་གྲུབ་པར་བྱ་བ་བསྒྲུབ་༡༨པ་དང་། ཟབ༡༩་པ་ཉིད་ཀྱིས་ཀྱང་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་ལྷག་པའི་ཤེས་རབ་ཀྱི་ཁྱད་པར་དུ་བལྟ་


MR12_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱའོ། །དེ་ལ་རྣམ་པ་ལྔས་རྣམ་པར་སྤང་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཅེས་བྱ་སྟེ། ཡིད་ལ་མི་བྱེད་པ་གཉིད་ལོག་པར་རོ་བ་ལྟ་བུ་ཡོངས་སུ་སྤངས་པ་དང་། རྟོག་པ་དང་བཅས་པ་དང་དཔྱོད་པ་དང་བཅས་པའི་ས་བསམ་གཏན་གཉིས་པ་ཡན་ཆོད་སོ་སྐྱེའི་སེམས་དང་ཉན་ཐོས་ཀྱང་མི་རྟོག་ཡེ་ཤེས་སུ་ཐལ་བས་དེ་ལས་ཤིན་ཏུ་འདའ་བ་སྟེ་ཡོངས་སུ་སྤངས་པ་དང་། འདུ་ཤེས་དང་ཚོར་བ་འགོག་པའི་ཉེ་བར་ཞི་བ་འགོག་སྙོམས་ཡོངས་སུ་སྤངས་པ་དང་། སེམས་ལས་བྱུང་བ་མེད་པར་ནི། །སེམས་ནི་ནམས་ཀྱང་མི་འབྱུང་སྟེ། །ཉི་མ་དང་ནི་འོད་ཟེར་བཞིན། །དེ་དག་ཉིད་དང་ལྷན་ཅིག་འབྱུང་། །ཞེས་བཤད། སེམས་མེད་པ་གཟུགས་ཀྱི་ངོ་བོ་ཉིད་ལྟ་བུ་ཡོངས་སུ་སྤངས་པ་དང་། དེ་ཁོ་ནའི་དོན་ལ་མི་རྟོག་གོ་སྙམ་དུ་བཀྲ་བར་འཛིན་པ་ཉིད་རྣམ་རྟོག་ཡིན་པས་ཡོངས་སུ་སྤངས་པའི་ཕྱིར་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་རྣམ་པ་འདི་ལྔ་ཡོངས་སུ་སྤངས་པར་རིག་པར་བྱའོ། །དེའི་ངོ་བོ་སྒྲུབ་པའི་ཚུལ་གྱིས་བསྟན་མི་ནུས་པས་དགག་པའི་སྒོ་ནས་བསྟན་ཏོ། །འདི་སྐབས་སུ། རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ཡང་ཀུན་ཏུ་ཚོལ་བའི་རྣམ་པར་མི་རྟོག་པ་ནི་སྦྱོར་བ་ལས་བྱུང་བའོ། །དེའི་འབྲས་བུ་དངོས་གཞི་རྣམ་པར་མི་རྟོག་པ་རང་ཉིད་དོ། །དེའི་འབྲས་བུ་རྗེས་ལས་ཐོབ་པའོ། །དེ་གསུམ་ཀར་རྣམ་པར་མི་རྟོག་པའི་མིང་འཇུག་པ་ནི། ཤེས་རབ་ཀྱི་དབང་དུ་བྱས་པ་ལྷག་པའི་ཤེས་རབ་དང་པོ་སྦྱོར་བྱུང་དེ་དེ་ལས་མི་རྟོག་ཡེ་ཤེས་འབྱུང་བས། འབྲས་མིང་རྒྱུ་ལ་བཏགས་པའང་རུང་ལ། མི་རྟོག་ཡེ་ཤེས་དངོས་དང་རྗེས་སུ་མཐུན་ཅིང་། དེ་འདྲེན་པར་བྱེད་པའོ། །ནང་སོ་སོ་རང་གི་རིག་པའི་བདག་ཉིད་ཀྱི་ཤེས་རབ་ནི། མི་རྟོག་པ་


MR12_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ནི་ལྷག་པའི་ཤེས་རབ་གཉིས་པའོ། །གང་དེ་ལ་གནས་པའི་ཤེས་རབ་ནི། རྗེས་ཐོབ་སྟེ་ལྷག་པའི་ཤེས་རབ་གསུམ་པའོ། །རྣམ་པར་མི་རྟོག་པ་ཉིད་བསྒྲུབ་བྱ་ཡིན་ལ། ཀུན་ཏུ་ཚོལ་བ་དེའི་རྒྱུ་སྟེ། དེའི་འབྲས་བུ་མི་རྟོག་པ་ཉིད་དོ། །འབྲས་བུ་མི་རྟོག་ཡེ་ཤེས་དེ་རྗེས་ཐོབ་ཀྱི་རྒྱུར་གྱུར་པ་ཡིན་པས། མི་རྟོག་ཡེ་ཤེས་དེ་བསྒྲུབ་ན་གཞན་གཉིས་ཀ་ཡང་འགྲུབ་པར་འགྱུར་བས། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་སོགས་བརྗོད་དོ། །ཆོས་ཐམས་ཅད་བརྗོད་དུ་མེད་པ་ཡིན་ན་ཆོས་གང་ལ་རྣམ་པར་རྟོག་པར་བྱེད་ཅེས་བརྒལ་བ་ལ་ལན་ནི། སྦྱོར་བ་ལས་བྱུང་བའི་རང་བཞིན་དེ། དོན་དུ། རྣམ་བརྟགས་དེ་ལས་གཞན་དུ་མིན། །སྦྱོར་ལས་བྱུང་བ་ཇི་ལྟ་བུ་ཞེ་ན། ཡི་གེ་ཕན་ཚུན་སྦྱོར་བས་ན། །དོན་དེ་སྦྱོར་ལས་བྱུང་བ་ཡིན། །ཡི་གེ་ཕན་ཚུན་སྦྱོར་བས་མིག་ཅེས་བྱ་བའི་མིང་བརྗོད་པའི་དོན་ནི། མིག་དབང་དེ། རྣམ་པར་བརྟགས་བྱ་དེ་ཡིན་ནོ། །ཆོས་ཐམས་ཅད་བརྗོད་པར་བྱ་བ་མེད་པ་ཡིན་ནོ་ཞེས་བསྟན་པ་དེ་གང་གིས་འགྲུབ་ཅེ་ན། བརྗོད་པ་མེད་པར་བརྗོད་ཅེས་བྱ་ལ། ཤེས་པ་འཇུག་པ་མ་ཡིན་ནོ། །རྗོད་བྱེད་ལ་མ་ཕྱོགས་པའི་ཕྱིར། བརྗོད་བྱ་ཡོད་ན་ཡང་དེའི་བློར་མི་འགྱུར་རོ། །གལ་ཏེ་རྗོད་བྱེད་ནི་བརྗོད་པར་བྱ་བའི་བློར་འགྱུར་རོ་ཞེ་ན།འགག་པའི་ཕྱིར་ན་སོགས་གསུངས་སོ། །རྗོད་བྱེད་བརྗོད་བྱ་དག་ཏུ་དེའི་ཕྱིར་བརྗོད་དུ་མེད་དོ་ཞེས་དབྱིག་གཉེན་གསུངས། བསྟན་བཅོས་མ་ཤེས་པས་བསྟན་བཅོས་འདོད་པ་ལྟ་བུ་སྦྱོར་བྱུང་། བསྟན་བཅོས་དེའི་ཚིག་དོན་མྱོང་བ་ལྟ་བུ་དངོས་


MR12_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

གཞི། བསྟན་བཅོས་ཤེས་པས་བསྟན་བཅོས་ཀྱི་ཚིག་དོན་མྱོང་བ་ལྟ་བུ་རྗེས་ཐོབ་གསུངས་དབྱིག །རབ་དབྱེ་ལ་དཔེ་ཡི་རྣམ་གྲངས་བཞིན་བསྟན་པ་ལ་སོ་སོར་དོན་འདི་ཡིན་ཞེས་དབྱིག་གཉེན་དང་ངོ་བོ་ཉིད་མེད་པས་བཤད་མི་འདུག་ཀྱང་།ལྐུགས་མ་ལྐུགས་པའི་དཔེ་ཚིག་བརྗོད་ཤེས་མི་ཤེས། རྨོངས་པས་དོན་མྱོང་ཚུལ། ལྔ་པོས་མྱོང་བ་ལ་རྣམ་རྟོག་ཡོད་པ་དེ། གཞན་ལ་བསྟན་པ་ཡོད་མེད་ལྟའམ་དཔྱད། མཉམ་རྗེས་དཔེ་དང་པོ་སྣང་བ་ཡོད་མེད། ནམ་མཁའི་དཔེ་མཚན་མ་ཡོད་མེད་ཡིན་ནམ་དཔྱད། ནམ་མཁའི་དཔེ་ནི། ཁྱབ་པ། མ་གོས་པ། མི་རྟོག་པ། བརྟག་པར་བྱ་བ་མིན་པའོ། །དེ་བཞིན་མི་རྟོག་ཡེ་ཤེས་ཀྱང་ཆོས་ཐམས་ཅད་པར་རོ་མཉམ་པར་སྟོང་པ་ཉིད་ཀྱིས་ཁྱབ་པ་ཆོས་ཐམས་ཅད་ཀྱིས་མ་གོས་པ། རང་ཉིད་ཀྱིས་རྣམ་པར་མི་རྟོག་པ། གཞན་གྱིས་བརྟག་པར་བྱ་བ་མིན་པའོ། །ཤེས་པ་གསུམ་གྱི་རབ་དབྱེ་ལ། སྦྱོར་བའི་དབྱེ་བ་གསུམ་ནི། ཁ་ཅིག་རིགས་ཀྱི་སྟོབས་ལས། མི་རྟོག་ཡེ་ཤེས་འབྱུང་བའོ། །ཁ་ཅིག་སྐྱེ་བ་སྔ་མ་ལ་གོམས་པར་བྱས་པའི་འཕེན་པའི་སྟོབས་ལས་འབྱུང་ངོ་། །ཁ་ཅིག་ད་ལྟའི་ཚེ་ལ་གོམས་པར་བྱས་པའི་སྐྱེས་བུ་བྱེད་པའི་རྒྱུ་ལས་བྱུང་བའོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དབྱེ་བ་གསུམ་ནི། ཆོག་ཤེས་པ་ལས་རྣམ་པར་མི་རྟོག་པ་ནི། ཐོས་བསམ་ལས་བྱུང་བའི་མཐར་ཕྱིན་པ་ཡིན་པར་བལྟ་སྟེ། ཐོས་བསམ་གང་གིས་མཐར་ཕྱིན་པར་འགྱུར་ན། སོ་སྐྱེས་ལ་གནས་པའི་བྱང་སེམས་ཀྱི་ཆོག་ཤེས་འབྱུང་བ་སྟེ། འདི་ནི་འདི་ཙམ་མོ་ཞེས་དཔྱད་པ་རྫོགས་པས་ཆོག་


MR12_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པའི་རྣམ་པར་མི་རྟོག་པའོ། །ཡང་གཞན་དུ། འཇིག་རྟེན་པའི་ཆོག་ཤེས་པའི་རྣམ་པར་མི་རྟོག་པ་ནི། གང་སྲིད་རྩེར་ཕྱིན་པ་དེ་མྱ་ངན་འདས་པར་འཛིན་ཀྱང་དེ་ལས་ཕ་རོལ་ན་རྟོགས་བྱ་གཞན་མེད་པར་དེ་ཆོག་ཤེས་པ་འབྱུང་བ་ལྟ་བུའོ། །ཕྱིན་ཅི་མ་ལོག་ཀྱང་ཉན་ཐོས་རྣམས་ཀྱི་སྟེ་དེ་རྣམས་ཀྱིས་རབ་ཏུ་རྟོག་པའི་ཡེ་ཤེས་དེ་ནི། མི་རྟག་སོགས་ཕྱིན་ཅི་མ་ལོག་པ་བཞི་དང་རྟག་པ་སོགས་ཕྱིན་ཅི་ལོག་བཞིར་རྣམ་པར་མི་རྟོག་པའི་ཕྱིར་རོ། །སྤྲོས་པ་མེད་པས་རྣམ་པར་མི་རྟོག་པ་ནི། བྱང་སེམས་ཀྱི་མི་རྟོག་པ་སྟེ། གཟུགས་ནས་བྱང་ཆུབ་ཀྱི་བར་གྱི་ཆོས་ཐམས་ཅད་སྤྲོས་པ་མེད་པར་རྟོག་ཕྱིར་རྣམ་པར་མི་རྟོག་པའོ། །སྤྲོས་མེད་ནི། ངག་གི་ཡུལ་ལས་འདས་པས་ཚིག་གིས་བསྟན་དུ་མེད་པ་དང་། འཇིག་རྟེན་པའི་ཤེས་པའི་ཡུལ་ལས་འདས་པས་དེ་ཤེས་པར་མི་ནུས་པའི་ཕྱིར་རོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་རྣམ་པར་བཞག་པ་ཇི་སྐད་བསྟན་པ་འདིར་ཚིགས་སུ་བཅད་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས། །རྣམ་རྟོག་མེད་པའི་ངོ་བོ་ཉིད༡། །རྣམ་པ་ལྔ་ནི་རྣམ་སྤངས་ཤིང་། །ཡང་དག་དོན་ལ་ཤེས་པ་ཡིན་ཡང་བཀྲར་འཛིན་མེད་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས། །རྣམ་པར་རྟོག་པ་མེད་པའི་གནས༢། །གཟུང་འཛིན་ཅན་གྱི་སེམས་མིན་པའི་སེམས་ནི་ཁོ་ན་སྟེ།ཡོད་མེད་སོགས་སྤྲོས་པའི་དོན་ལ་མི་སེམས་པའི་རྒྱུས་བྱུང་ཕྱིར། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས། །རྣམ་པར་རྟོག་པ་མེད་པའི་གཞི༣། །དམིགས་པ་མེད་པའི་ཆོས་ཐོས་པའི་བག་ཆགས་གནས་ཡིད་ཀྱི་བརྗོད་པ་དང་བཅས་པའི། །ཡིད་ལ་


MR12_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དེ་ནི་དངོས་པོའི་དོན་ལ་ཚུལ་བཞིན་འཇུག་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས། །རྣམ་རྟོག་མེད་པའི་དམིགས་པ་ནི༤། །ཆོས་རྣམས་ཀུན་བརྟགས་དང་བྲལ་བས་བརྗོད་དུ་མེད་པ་ཉིད་ཡིན་ལ། །མིང་གཞན་བདག་མེད་པ་དང་དེ་བཞིན་ཉིད་ཅེས་བརྗོད་པ་དག་ཀྱང་དེ། ༧ །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས། །རྣམ་པར་མི་རྟོག་རྣམ༥་པ་ནི། །དེས་ཤེས་བྱ་དེ་བཞིན་ཉིད་དམིགས་པ་དེ་ཉིད་ལ། །མིག་ཤེས་ཀྱིས་སྔོན་པོ་མཐོང་ན་སྔོ་སྣང་དང་ཤེས་པ་ཐ་མི་དད་པ་ལྟར་ཡེ་ཤེས་དང་དེ་བཞིན་ཉིད་ཐ་དད་མེད་པའི་ཕྱིར། རྣམ་པ་མཚན་མ་ཐམས་ཅད་མེད་པ་གང་ཡིན་པའོ། །བརྟག་བྱའི་དོན་མེད་ན་འདི་ལྟར་དེའི་དམིགས་རྣམས་བསྟན་པས་ཅི་བྱ་ཞེ་ན། ༧ །འདི་ཚིག་ཏུ་སྦྱོར་བ་ལས༦་བྱུང་བའི་རང་བཞིན་ཙམ་དེ། །བརྗོད་དུ་མེད་པ་ལ་འཇུག་ཕྱིར་རྣམ་པར་བརྟག་པ་དེ་ལས་གཞན་དུ་དོན་ཉིད་མིན་ཏེ། །འདི་ལྟར་རྗོད་བྱེད་ཡི་གེ་ཕན་ཚུན་སྦྱོར་བས་ན། །དེ་ལྟར་བརྗོད་བྱའི་དོན་དེ་སྦྱོར་ལས་བྱུང་བ་ཡིན་ཀྱང་། །དེ་འདྲའི་བརྗོད་པ་མེད་པར་བརྗོད་བྱ་དམིགས་མེད་ལ། །ཇི་ལྟ་བུ་ཡིན་པའི་ཤེས་པ་འཇུག་པ་མ་ཡིན་ནོ། །དེ་ཡང་རྗོད་པ་རྣ་དབང་ལ་བརྟེན་པའི་རྣ་ཤེས་དང་བརྗོད་བྱ་ཡིད་དབང་ལ་བརྟེན་པའི་ཡིད་ཤེས་ཀྱིས་གཟུང་དགོས་པས། མིང་དང་དོན་ནི་མཚན་ཉིད་མི་གཅིག་པས་འགལ་བའི་ཕྱིར་ན་ཚིག་གིས་བརྗོད་པ་ལ་མིན་ཏེ་སྐྱོན་དེ་ཡོད་པར་འགྱུར། །དེ་ཕྱིར་དོན་ཐམས་ཅད་བརྗོད་དུ་མེད་པར་གནས་སོ། །མདོར་ན་བརྗོད་པའི་ཚིག་དེས་སྒྲོ་འདོགས་གསལ་བའི་ཚུལ་གྱིས་དོན་ལ་བློ་སྐྱེད་ཀྱིས་སྒྲ་དོན་ངོ་བོས་འབྲེལ་བ་མེད་པ་ནི་གནད་དོ ། ༧ །རྣམ་པར་མི་རྟོག་ཡེ་ཤེས་དེ་ནི། །བྱང་ཆུབ་སེམས་དཔའི་མི་རྟོག་ཡེ་ཤེས་དེ་ཡི་རྗེས་ལ། །ཐོབ་པ་སྤྱོད་པའི་རྟེན་༧ ཡིན་ཏེ། །དེ་ནི་བྱང་སེམས་ཀྱི་


MR12_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་དེ་ཡོན་ཏན་ཁྱད་པར་དུ་འཕེལ་པར་འགྱུར་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས། །རྣམ་པར་རྟོག་པ་མེད་པའི་གྲོགས༨། །ལམ་གཉིས་སུ་ནི་བརྗོད་པ་སྟེ་ཚོགས་ཀྱི་ལམ་ཕར་ཕྱིན་བཞི། རྟེན་གྱི་ལམ་བསམ་གཏན་དེ་དེ་ལ་བརྟེན་པས་སོ། །ཕ་རོལ་ཕྱིན་པ་ལྔའི་རང་བཞིན་ནོ་སྟེ་རང་གི་ངོ་བོ་ཤེས་རབ་བོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས། །རྣམ་རྟོག་མེད་པའི་རྣམ་སྨིན༩་ནི། །ལོངས་སྤྲུལ་གྱི་སངས་རྒྱས་དཀྱིལ་འཁོར་གཉིས་སུ་སྟེ། །བརྩེ་ཆེན་གྱི་སྦྱོར་བ་དང་ནི་མི་རྟོག་པ་མངོན་དུ་ཐོབ་པས་སོ། །འདིའི་བདག་རྐྱེན་བྱས་ནས་སངས་རྒྱས་ཀྱི་འཁོར་དུ་གནས་པ་ཐོབ་ཀྱི། འདི་རྣམ་སྨིན་གྱི་རྒྱུ་མིན་ཏེ། དེའི་གཉེན་པོ་ཡིན་ནོ། །དེའི་ཕྱིར་རྣམ་པར་སྨིན་ཚུལ་གཞན་ནོ། །མི་རྟོག་པའི་དོན་དུ་སྦྱོར་བའམ་བརྩོན་པ་དེའི་དབང་གིས་སངས་རྒྱས་སྤྲུལ་སྐུའི་འཁོར་དུ་སྐྱེའོ། །མི་རྟོག་པ་ཐོབ་ན་ལོངས་སྐུའི་འཁོར་དུ་སྐྱེའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས། །རྣམ་རྟོག་མེད་པའི་རྒྱུ༡༠་མཐུན་ནི། །ཕྱི་མ་ཕྱི་མའི་ཚེ་རྣམས་སུ། །སངས་རྒྱས་ཀྱི་དཀྱིལ་འཁོར་དེ་གཉིས་སུ་མི་རྟོག་ཡེ་ཤེས་གོང་དུ་ཁྱད་པར་དུ་ནི་འགྲོ་བར་འདོད། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས། །རྣམ་རྟོག་མེད་པའི་ངེས་པར་འབྱུང༡༡་བ་ནི། །ས་བཅུ་དག་ཏུ་ཤེས་བྱ་སྟེ། །ས་དང་པོར་དེ་ཉིད་དང་པོར་ཐོབ་པ་དང་ནི་བསྒོམ་ལམ་དུ་གྲུབ་ཕྱིར་རོ། ༧ །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས། །རྣམ་རྟོག་མེད་པའི་མཐར༡༢་ཐུག་པར་འགྲོད། །དག་པའི་སྐུ་གསུམ་ཐོབ་ཕྱིར་དང་། །དབང་གི་དམ་པའི་མཆོག་ནི་བཅུ་པོ་ཡང་ཐོབ་ཕྱིར་རོ། །རྣམ་རྟོག་མེད་པའི་ཡེ་ཤེས༡༣་དེ་ལ། །སྦྱོར་བྱུང་ཕན་ཡོན་དད་པ་ཙམ་དང་ལྷག་པར་འདོད་པའི་མོས་པ་ཡིས། །


MR12_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པ་སྣ་ཚོགས་ཤིན་ཏུ་དྲག་རྣམས་ཀྱིས། །གོས་པ་མེད་དེ་ནམ་མཁའ་བཞིན་དུ་འགྱུར་རོ། །རྣམ་པར་མི་རྟོག་པའི་ཕན་ཡོན་རྣམ་རྟོག་མེད་པའི་ཡེ་ཤེས་དེ་ཉིད། །ཉོན་ཤེས་ཀྱི་སྒྲིབ་པ་ཀུན་ལས་གྲོལ༡༤་བའི་ཕྱིར། །ས་དང་པོར་ཐོབ་དང་སངས་རྒྱས་ཀྱི་སར་གྲུབ་དང་ལྡན་པས་ན། །ཅི་ཡིས་ཀྱང་གོས་པ་མེད་དེ་ནམ་མཁའ་བཞིན། ༧ །རྗེས་ཐོབ་པའི་ཕན་ཡོན་རྣམ༡༥་རྟོག་མེད་པའི་ཡེ་ཤེས་དེ། །གོས་པ་མེད་དེ་ནམ་མཁའ་བཞིན་དུ་གྱུར་པས་ན། །དེའི་རྗེས་ཐོབ་འཇིག་རྟེན་དག་ན་སྐྱེ་བ་སྣ་ཚོགས་སྟོན་པས་རྣམ་པར་རྒྱུ་ཡང་། །འཇིག་རྟེན་ཆོས་བརྒྱད་ཀྱིས་རྟག་ཏུ་མི་གོས་སོ། ༧ །དེ་གསུམ་གྱི་རབ༡༦་དབྱེ། དང་པོ་མི་རྟོག་དེ་ཡང་སྦྱོར་བ་ལས་བྱུང་བ་ནི་ལྐུགས་པས་དོན་ནི་མྱོང་འདོད་ཀྱང་ཉམས་སུ་མ་མྱོང་བ་ལྟར་དང་། དངོས་གཞི་ནི། ཇི་ལྟར་ལྐུགས་པས་དོན་མྱོང་ཡང་བརྗོད་དུ་མེད་པ་དང་། །རྗེས་ཐོབ་ནི། མ་ལྐུགས་པས་ནི་དོན་མྱོང་བ་ལྟར་ཤེས་ཤིང་འཆད་པའོ། །སྦྱོར་དངོས་རྗེས་ཀྱི་ཡེ་ཤེས་གསུམ་ནི་བརྗོད་པ་མེད་པའི་ཆ་ནས་ཡིན་ནོ། །མིང་གི་ཐ་སྙད་ལམ་བྱང་བ་རྨོངས་པས་དོན་ནི་མྱོང་བར་འདོད་པ་ལྟ་བུ་སྦྱོར་བ་དང་། །ཇི་ལྟར་རྨོངས་པས་དོན་མྱོང་ཡང་བརྗོད་མི་ཤེས་པ་ལྟ་བུ་དངོས་གཞི་དང་། །མ་རྨོངས་པས་ནི་དོན་མྱོང་བ་ལྟར་རྗེས་ཐོབ་སྟེ། །གོང་བཞིན་ཡེ་ཤེས་གསུམ་ནི་བརྗོད་པ་ཡིན། །ཡང་མིག་ཤེས་སོགས་རྣམ་ཤེས་ལྔ་པོས་དོན་ནི་མྱོང་འདོད་ལྟ་བུ་སྦྱོར་བ་དང་། །ཇི་ལྟར་ལྔ་པོས་དོན་དངོས་སུ་མྱོང་ཡང་རྣམ་རྟོག་མེད་པ་དངོས་གཞི་དང་། །ཡིད་ཤེས་ཀྱིས་དོན་ནི་མྱོང་བ་ལྟར་རྗེས་ཐོབ་ཀྱི། །ཡེ་ཤེས་གསུམ་ནི་བརྗོད་པ་ཡིན། །ཡང་བསྟན་བཅོས་མི་ཤེས་པས་བསྟན་བཅོས་ཀྱི་ཚིག་དོན་མྱོང་འདོད་དང་། །བསྟན་བཅོས་ཀྱི་ཆོས་ཚིག་དང་དོན་མྱོང་བ་དང་བསྟན་བཅོས་ཤེས་ཏེ་དེ་གཉིས་མྱོང་བའི་གོ་རིམས་ལྟར། སྦྱོར་


MR12_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལས་ནི་བྱུང་བ་སོགས། །ཡེ་ཤེས་གསུམ་དེ་བཞིན་ཤེས་པར་བྱ། །མི་རྟོག་པའི་དངོས་གཞི་དང་རྗེས་ཐོབ་ཀྱི་དཔེ་མི་ཞིག་མིག་ནི་བཙུམས༡༧་པ་ན་ཅི་ཡང་མི་སྣང་བ་ལྟར་དངོས་གཞི་ལ་ཡུལ་འདི་ཞེས་མཚན་མ་མི་སྣང་ངོ་། །རྣམ་རྟོག་མེད་པའི་ཤེས་དེ་འདྲ། །དེ་ཉིད་མིག་ནི་ཕྱེ་བ་ན་མཚན་མ་ཐམས་ཅད་མཐོང་བར་ལྟར། །དེ་རྗེས་ཐོབ་པའི་ཤེས་དེ་འདྲ། ༧ །རྣམ་རྟོག་མེད་པའི་ཤེས་དེ་ནི། །དམིགས་པ་ཀུན་གྱིས་དབེན་པས་ནམ་མཁའ་བཞིན་དུ་ཤེས་པར་བྱ། །ནམ་མཁའ་དེ་ཡི་ངང་ལ་གཟུགས་ནི་སྣང་བ་ལྟར། །དེ་ཡི་རྗེས་ཐོབ་ཤེས་དེ་འདྲ། ༧ །རྣམ་རྟོག་མེད་བཞིན་གཞན་དོན་ལྷུན་གྱིས་གྲུབ་པར་མཛད་པ་ཇི་ལྟར་ནོར་བུ༡༨་དང་ལྷའི་སིལ་སྙན་དག །རྟོག་པ་མེད་པ་ཡིན་ཡང་དགོས་འདོད་སྩོལ་བ་དང་སྒྲ་འབྱིན་པ་སེམས་ཅན་སོ་སོའི་རང་གི་ལས་ལས་བྱུང་། །དེ་ལྟར་ཀུན་ཏུ་རྟོག་མེད་བར། །སངས་རྒྱས་ཕྲིན་ལས་གང་ཞིག་སེམས་ཅན་ལ་ཕན་བདེ་བྱེད་པ་སྣ་ཚོགས་འབྱུང་ངོ་། །རྣམ་པར་མི་རྟོག་པའི་ཡེ་ཤེས་དེས་གཞན་དབང་ཞེས་བྱའི་རྣམ་རྟོག་དེ་ལ་དམིགས་ན་ཇི་ལྟར་མི་རྟོག་པ་ཡིན་ཏེ་གཞན་དབང་དེ་རྣམ་རྟོག་དེར་རྟོག་པའི་ཕྱིར། དེའི་དམིགས་པ་གཞན་དབང་མིན་པ་ཞིག་ནི་མེད་དེ། གཞན་དབང་མིན་པའི་ཆོས་མེད་པས་སོ། །འདིས་མདོར་ན་ཤེས་བྱའི་ཆོས་ལ་དམིགས་སམ། དེ་མིན་པའི་ཆོས་གཞན་གང་རུང་ལ་དམིགས་དགོས་ན། དང་པོ་ལྟར་ཆོས་སུ་དམིགས་པས་རྟོག་པར་འགྱུར་རོ། །ཆོས་མིན་པ་གཞན་ནི་མེད་པས་དམིགས་པར་མི་རིགས་ལ། ཆོས་ལ་མ་དམིགས་ན་ཆོས་ཀུན་གྱི་ཆོས་ཉིད་མི་རྟོགས་སོ། །དེ་ཡུལ་ལམ་དམིགས་པའི་སྒོ་ནས་བརྟགས་པའོ། །ཡང་ཡུལ་ཅན་ལ་དཔྱད་ན་དེ་ཤེས་པ་ཞིག་ཡིན་ནམ་མིན། ཡིན་ན་ཤེས་པ་ཡིན་ལ། མི་རྟོག་པ་མིན་ཏེ་དེས་ཤེས་བྱ་ཤེས་པའི་ཕྱིར་རོ། །ཤེས་པ་མིན་ན་དེས་ཅི་ཞིག་ཤེས་ནས་རྣམ་


MR12_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་རྟོག་པའི་ཡེ་ཤེས་ཞེས་བྱ་སྟེ། དེ་ལྟར་ན་གང་ལྟར་ཡང་མི་འཐད་དོ་སྙམ་ན། ༧ །ཟབ་མོའི་ཡོན་ཏན། གཞན་དབང་གི་ཆོས་དེ་ལ་དམིགས་པ༡༩་མ་ཡིན་དེ་ལས་གཞན་ལ་དམིགས་པ་མིན་ལ། རང་གི་ངོ་བོ་ཅི་ཡང་མི་ཤེས་པ་དང་མཚན་མ་འདི་ཤེས་སོ་ཞེས་པའི་ཤེས་པའང་མིན་ནོ། །འོ་ན་ཅི་ཤེས་ཞེ་ན། ཤེས་བྱ་གཟུང་བ་དང་ནི་དེའི་ཡུལ་ཅན་དུ་འབྱེད་པའམ་དེར་འཛིན་གྱི་ཁྱད་པར་མེད་པའི། །མཉམ་པར་གྱུར་པ་ཡི་ཤེས་པ་གང་ཡིན་པ་དེ་ནི་རྣམ་པར་མི་རྟོག་པ་ཉིད་དོ། །རྣམ་པར་བརྟག་བྱ་ཀུན་བརྟག །དབུ་མ་ལྟར་ན་ཆོས་ཐམས་ཅད་རང་གི་ངོ་བོས་མེད་པས་ན། །ཆོས་རྣམས་ཐམས་ཅད་རང་བཞིན་གྱིས། །རྣམ་པར་རྟོག་པར་བྱར་མེད་པར་གང་ཕྱིར་བཞེད། །དེ་ཕྱིར་ཆོས་ཀུན་གྱི་རང་བཞིན་ཤེས་པ་དེ་མི་རྟོག་ཉིད་དོ། །སེམས་ཅན་ཐམས་ཅད་ཡེ་ནས་ཅིས་མ་གྲོལ་ཞེ་ན། གློ་བུར་སྒྲིབ་པས་གནས་ཚུལ་མ་རྟོགས་པར་ཕྱིན་ཅི་ལོགས་སུ་བཟུང་བས་སོ། །སྦྱོང་བ་རྣམས་ནི་དོན་ཇི་བཞིན་མཐོང་བས་གྲོལ་ལོ། །དེ་ལྟར་ན་གཞན་དབང་གི་ཆོས་ཉིད་ལ་དམིགས་པ་ཡིན་པས། ཆོས་དང་ཆོས་ཉིད་ནི་གཅིག་ཐ་དད་དུ་བརྗོད་དུ་མེད་དོ། །ཡུལ་ཅན་ཡེ་ཤེས་ཀྱང་མཚན་མ་གང་གི་རྣམ་པ་ཤེས་པའི་ཤེས་པ་མ་ཡིན་ཀྱང་ཆོས་ཉིད་མི་ཤེས་པ་ཡང་མ་ཡིན་ཅིང་། སྦྱོར་བྱུང་དང་རྗེས་ཐོབ་ལྟར་ཤེས་པ་ཡང་མ་ཡིན་ཏེ་རྣམ་པར་མི་རྟོག་པའི་ཕྱིར་རོ། །སྦྱོར་བྱུང་གི་ཤེས་པ་སྔོན་དུ་འགྲོ་ཞིང་ཆོས་ཉིད་དང་མཐུན་པར་སྐྱེས་པ་ཡིན་ཕྱིར་ཤེས་པ་མེད་པའང་མིན་ནོ། །དེ་ལ་རྣམ་པར་མི་རྟོག་པ་ལ་སྦྱོར་བ་ལས་བྱུང་བའི་ཡེ་ཤེས་ནི་རྣམ་པ་གསུམ་སྟེ། རྒྱུ་རིགས་དང་སྔོན་གྱི་འཕེན་པ་དང་ད་ལྟར་གོམས་པ་ལས་བྱུང་བའི་རབ་ཏུ་དབྱེ་བས་སོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱང་རྣམ་པ་གསུམ་སྟེ། ཆོག་ཤེས་པ་འཇིག་རྟེན་པའི་དང་། ཕྱིན་ཅི་མ་ལོག་པ་ཉན་ཐོས་ཀྱི་དང་། སྤྲོས་


MR12_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པས་བྱང་སེམས་ཀྱི་རྣམ་པར་མི་རྟོག་པའི་ཕྱིར་རོ། །དེའི་རྗེས་ལས་ཐོབ་པ་ནི་རྣམ་པ་ལྔ་སྟེ། རྟོགས༡་པ་ལ་དཔྱོད་པ་དང་། རྗེས༢་སུ་དྲན་པ་དང་། རྣམ་༣པར་བཞག་པ་དང་། འདྲེས་༤པ་དང་། དཔྱོད་པ་ནི་ཁོང་དུ་ཆུད་པ་སྟེ་གང་རྟོགས་པའི་དུས་ན་བདག་གིས་འདི་ལྟར་རྟོགས་སོ་ཞེས་ཁོང་དུ་ཆུད་པ་ནི་རྟོགས༡་པ་ལ་དཔྱོད་པ་དང་། གང་ལས་ལངས་པ་ན་བདག་གིས་རྣམ་པར་མི་རྟོག་པ་རྟོགས་སོ་ཞེས་དྲན་༢པ་རྗེས་སུ་དྲན་པ་ལ་དཔྱོད་པ་དང་། ཕ་རོལ་ལ་བདག་གི་རྟོགས་པ་དེ་སྟོན་པར་བྱེད་པ་རྣམ༣་པར་བཞག་པ་ལ་དཔྱོད་པ་དང་།འདྲེས་༤པ་ལ་དཔྱོད་པ་ཆོས་ཐམས་ཅད་འདྲེས་ཤིང་བཟླུམས་པ་ལ་དམིགས་པའི་ཡེ་ཤེས་ཀྱིས་མཐོང་བ་སྟེ། འདི་ལྟར་རྟེན་གནས་གྱུར་པ་ཉིད་དང་། གནས་གྱུར་པ་ལས། ཇི་ལྟར་འདོད་པ་བཞིན་འབྱོར་བར་འགྱུར་ཏེ་ས་གསེར་དུ་བསྟན་པའམ་མོས་ན་དེར་འགྱུར་པ་ལྟ་བུ་འབྱོར༥་བ་ལ་དཔྱོད་པ་ཐ་དད་པའི་ཕྱིར་རོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་སྒྲུབ་པར་བྱེད་པའམ་གྲུབ་པའི་ཚིགས་སུ་བཅད་པ་གཞན་ཡང་། ཡི་དྭགས་དང་དུད་འགྲོ་མི་རྣམས་དང་། །ལྷ་རྣམས་ཆུ་གཅིག་ལ་རྣག་ཁྲག་བཏུང་བ་ཆུ་བདུད་རྩི་སོགས་ཇི་ལྟར་འོས་སུ། །དངོས་པོ་གཅིག་ལ་ཡང་སོ་སོའི་ཡིད་ནི་འབྱུང་ཚུལ་ཐ་དད་པས། །ཕྱི་དོན་རྣམས་གྲུབ་པ་མེད་པར་རང་སེམས་ཀྱི་སྣང་བ་ཙམ་དུ་འདོད། །འདས་མ་འོངས་སོགས་ཡུལ་མེད་པ་ལ་དམིགས་པ་དང་དེ་བཞིན་རྨི་ལམ་དང་། །མེ་ལོང་གི་གཟུགས་བརྙན་དང་ཏིང་ངེ་འཛིན་གྱི་གཟུགས་བརྙན་རྣམ་པ་གཉིས་པོ་ལ། །སེམས་སྣང་ཙམ་ལ་དོན་གྱི་དམིགས་པ་ཡོད་པ་མ་ཡིན་ཕྱིར་དང་། །དོན་མེད་ཀྱང་དེ་ལ་དམིགས་པ་ཙམ་གྱི་སེམས་ཀྱི་མྱོང་བ་ལྡན་པའི་ཕྱིར་རོ། །དོན་ནི་སེམས་ལས་ཐ་དད་པའི་དོན་དུ་གྲུབ་ན་ནི། །གཉིས་འཛིན་མེད་པའི་ཡེ་ཤེས་རྟོག་པ་མེད་མི་འགྱུར་ཏེ་གཉིས་


MR12_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པའི་ཕྱིར་རོ། །མི་རྟོག་ཡེ་ཤེས་དེ་མེད་པས་ན་སངས་རྒྱས་ཉིད། །འཐོབ་པར་འཐད་པ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དབང་ཐོབ་པ་དང་། །ཉན་ཐོས་སོགས་བསམ་གཏན་པ་ཡི་སེམས་ཀྱི་མོས་པའི་དབང་གིས། །ཕྱི་རོལ་གྱི་དངོས་པོའང་ཇི་ལྟར་མོས་པ་དེ་ལྟར་དམིགས་པར་འགྱུར། །འདི་ལ་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ལྷག་མཐོང་གྲུབ་པ་ཡི། །བློ་ལྡན་བྱང་སེམས་ཏིང་འཛིན་ཞི་བ་ཐོབ་པ་ཡི། །མདོ་སྡེའི་ཆོས་ཀུན་དང་གཟུགས་མི་རྟག་སྟོང་སོགས་དོན་ཀུན་ཡིད་ལ་བྱེད་པ་ལ། །དེ་ལྟར་དོན་དུ་རྣམ་པ་དུ་མར་སྣང་ཕྱིར་རོ། ༧ །མི་རྟོག་པའི་ཡེ་ཤེས་རྒྱུ་བ་སྟེ་མངོན་དུ་གྱུར་པ་རྟོག་པ་མེད་ལ། །དོན་རྣམས་ཐམས་ཅད་སེམས་ལ་མི་སྣང་ཕྱིར་ཡང་དོན་མེད་དོ། །དོན་ནམ་གཟུང་བ་དེ་མེད་པས་ན་རྣམ་རིག་ཀྱང་མེད་དོ། །ཞེས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་ཁྱད་པར་མེད་དེ། ཇི་སྐད་དུ། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱིས་ཕ་རོལ་ཏུ་ཕྱིན་པ་ལ་མི་གནས་པའི་ཚུལ་གྱིས་གནས་ནས་དེ་ལས་གཞན་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་བསྒོམས་པས་ཡོངས་སུ་རྫོགས་པར་བྱེད་དོ། །ཞེས་གསུངས་པ་ལྟ་བུའོ། །ཇི་ལྟར་མི་གནས་པའི་ཚུལ་གྱིས་སྒོམ་པ་ཡོངས་སུ་རྫོགས་པར་བྱེད་ཅེ་ན། གནས་རྣམ་པ་ལྔ་ཡོངས་སུ་སྤོང་བའི་ཕྱིར་ཏེ། གང་ཞེ་ན་མུ་སྟེགས་ཅན་གྱི་ཤེས་རབ་ནི་ངས་ཤེས་སོང་གྲོལ་ལོ་སོགས་ངར་འཛིན་པའི་གནས་དེ་ལྟ་བུ་བྱང་སེམས་ལ་མེད་པས་ཡོངས་སུ་སྤོང་བ་དང་། དེ་ཁོ་ན་ཉིད་མ་མཐོང་བའི་ལས་དང་པོ་པའི་བྱང་ཆུབ་སེམས་དཔའི་རྣམ་པར་རྟོག་པའི་གནས་གཟུགས་མེད་ཅེས་སོགས་དང་འདི་ནི་ཤེར་ཕྱིན་ནོ་སྙམ་དུ་དམིགས་པ་ཅན་དེ་ལྟ་བུ་ཡོངས་སུ་སྤོང་བ་དང་། འཇིག་རྟེན་པ་ལྟར་འཁོར་བ་དང་ཉན་ཐོས་ལྟར་


MR12_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

མྱ་ངན་ལས་འདས་པའི་མཐའ་གཉིས་ཀྱི་དམིགས་པའི་གནས་སྤོང་བ་དང་། ཉན་ཐོས་ལྟར་ཉོན་སྒྲིབ་སྤངས་པ་ཙམ་གྱིས་ཆོག་པར་འཛིན་པའི་གནས་ཡོངས་སུ་སྤངས་པ་དང་། ཉན་ཐོས་ལྟར་མཐར་ཐུག་སེམས་ཅན་གྱི་དོན་ལ་མི་ལྟ་བར་མར་མེ་ཤི་བ་ལྟར་ཕུང་པོ་ལྷག་མ་མེད་པའི་མྱང་འདས་ཀྱི་དབྱིངས་ཀྱི་གནས་ཤེས་རབ་དང་སྙིང་རྗེས་ཡོངས་སུ་སྤོང་བའི་ཕྱིར་མི་གནས་པའི་མྱང་འདས་སོ་རོ། །དེ་ལྟར་ལྔ་ལ་མི་གནས་པའི་ཚུལ་གྱིས་གནས་པའོ། །ཉན་ཐོས་ཀྱི་ཡེ་ཤེས་དང་བྱང་ཆུབ་སེམས་དཔའི་ཡེ་ཤེས་ལ་ཁྱད་ཅི་ཡོད་ཅེ་ན། རྣམ་པ་ལྔའི་ཁྱད་པར་ཡོད་པ་རིག་པར་བྱ་སྟེ། རྣམ་པར་མི་རྟོག་པའི་ཁྱད་པར་ནི་ཉན་ཐོས་རྣམས་ཀྱི་ཕྱིན་ཅི་ལོག་བཞིར་མི་རྟོག །བྱང་སེམས་ནི་བྱང་ཆུབ་བར་གྱི་ཆོས་ཐམས་ཅད་ལ་མཚན་མར་མི་རྟོག་གོ། དེས་ན་ཕུང་པོ་ལ་སོགས་པའི་ཆོས་ལ་ཉན་ཐོས་པས་མི་རྟག་སྡུག་བསྔལ་སོགས་ལྟར་བྱང་སེམས་རྣམ་པར་མི་རྟོག་སྤྲོས་པ་མེད་པའི་ཕྱིར་རོ། །ཉི་ཚེ་བ་མ་ཡིན་པའི་ཁྱད་པར་ནི། ཤེས་པའམ་རྟོགས་པ་ཉི་ཚེ་བ་མ་ཡིན་པ་ནི་དེ་ཁོ་ན་ཉིད་བདག་མེད་གཉིས་ཀ་ཟད་པར་རྟོགས་པ་དང་། ཤེས་བྱ་ཉི་ཚེ་བ་མ་ཡིན་པ། ཉན་ཐོས་རྣམས་བདེན་བཞི་ཙམ་ཤེས། བྱང་སེམས་ཇི་ལྟ་ཇི་སྙེད་ཀྱི་ཤེས་བྱའི་རྣམ་པ་ཐམས་ཅད་ལ་ཤེས་རབ་ཀྱིས་འཇུག་པ་དང་། ཆེད་དུ་བྱ་བ་ཉི་ཚེ་བ་མིན་པ་ཉན་ཐོས་རྣམས་བདག་གི་དོན་དང་བྱང་སེམས་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བྱ་བས་སོ། །འབྲས་བུ་མི་གནས་པ་ཉིད་ཀྱི་ཁྱད་པར་ནི་ཉན་ཐོས་ཞི་མཐའ་ཕྱོགས་གཅིག་ལ་གནས། བྱང་སེམས་སྲིད་ཞི་གཉིས་ཀར་མི་གནས་པའི་མྱ་ངན་ལས་འདས་པའི་ཕྱིར་རོ། །གཏན་དུ་བཞུགས་པའི་ཁྱད་པར་ནི་ཉན་ཐོས་ལྷག་མེད་ཀྱི་དབྱིངས་སུ་མར་མེ་ཤི་བ་ལྟར་ཟད། བྱང་སེམས་ནི་མྱ་ངན་ལས་འདས་པའི་དབྱིངས་


MR12_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཟད་པར་ནམ་མཁའ་ཇི་སྲིད་དང་སེམས་ཅན་གྱི་མཐའ་ཇི་སྲིད་དུ་ཆོས་ཀྱི་སྐུ་རྟག་པ་མི་འགྱུར་བའི་ཕྱིར་རོ། །གོང་ན་མེད་པའི་ཁྱད་པར་ནི་ཉན་ཐོས་ཀྱི་གོང་ན་རང་སངས་རྒྱས་ཀྱི་ཐེག་པ་དེའི་གོང་ན་ཐེག་ཆེན་ཡོད། བྱང་སེམས་ཀྱི་ཐེག་པ་དེའི་གོང་ན་དེ་མ་ཡིན་པའི་ཐེག་པ་ཆེས་ཁྱད་པར་དུ་འཕགས་པ་གཞན་མེད་པའི་ཕྱིར་རོ། །སྙིང་རྗེའི་བདག་ཉིད་བྱང་སེམས་རྣམས་ཡེ་ཤེས་ཀྱི། །རྣམ་ལྔ་ཁྱད་པར་འཕགས་པ་རྣམས། །བསམ་གཟུགས་སོགས་འཇིག་རྟེན་འཇིག་རྟེན་འདས་པ་ཡི། །ཕུན་སུམ་ཚོགས་དང་མི་རིང་ཏེ་ཉེ་བར་བརྗོད་དོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་དེ་ལྟར་ལྷག་པའི་བསླབ་པ་གསུམ་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་ཞིང་འབྱོར་བའམ་ལོངས་སྤྱོད་དམ་ནོར་ཐམས་ཅད་ལ་དབང་འབྱོར་པ་ཐོབ་པར་གྱུར་པ་ཡི་མཐུ་མངའ་བ་དེའི་ཚེ། ཅིའི་ཕྱིར་བྱང་སེམས་དེའི་སྙིང་རྗེའི་ཡུལ་སེམས་ཅན་བྲེལ་ཕོང་ཅན་དག་སྣང་བར་གྱུར་ཅེ་ན། སེམས་ཅན་དེ་དག་ལ་འབྱོར་བ་དེའི་གེགས་སུ་གྱུར་པའི་ལས་སྒྲིབ་མཐོང་བ་དཔེར་ན། མ་ནི་བྱིས་པའི་བུ་རྣམས་ལ། །ནུ་ཞོ་བླུད་པར་ནུས་མོད་ཀྱི། །ཁ་ཡི་བུ་ག་ཟུམ་པ་ཡི། །བུ་ལ་མས་ནི་ཇི་ལྟར་བྱ། །ཞེས་བཤད་པ་ལྟ་བུ་དང་། གལ་ཏེ་ལོངས་སྤྱོད་དེ་ཉེ་བར་སྒྲུབ་ན་དགེ་བའི་ཆོས་སྐྱེ་བའི་བར་དུ་གཅོད་པ་ཉིད་དུ་མཐོང་ན་མི་སྒྲུབ་པ་དང་། ལོངས་སྤྱོད་ཡོད་ན་མི་སྐྱོ་ལ་མེད་ན་དེས་ཡིད་ཀུན་དུ་སྐྱོ་བ་མངོན་དུ་གྱུར་བར་མཐོང་ཞིང་དེ་ལས་དགེ་ཆོས་ལ་གནོད་ན་མི་སྒྲུབ་པ་དང་། ཡུལ་དེར་གལ་ཏེ་ལོངས་སྤྱོད་ཉེ་བར་སྒྲུབ་ན་དེ་ལ་བརྟེན་ནས་མི་དགེ་བའི་ཆོས་གསོག་པའི་རྒྱུ་ཉིད་དུ་མཐོང་བ་དང་། བློ་གྲོས་ཡངས་པ་རྣམས་ལ་ནོར་མེད་དགེར་འགྱུར་ཏེ། །ཉིས་ན་དབུལ་བར་གྱུར་ཉིད་བླ་ཡི་སྡིག་སྤྱོད་དེ་ལྟ་མིན། །མ་རབས་སེམས་རྒྱགས་གྱུར་ན་


MR12_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོའི་རྟ་འཁྲུལ་ཏེ། །རིགས་པ་མིན་དང་ཕོངས་པ་ཀུན་གྱི་སྣོད་དུ་འགྱུར། །ཞེས་བཤད་པ་ལྟ་བུའོ། །དེ་ལ་ལོངས་སྤྱོད་སྒྲུབ་པ་ཉིད་དེ་ལས་གཞན་པའི་སེམས་ཅན་ཆེས་མང་པོ་ལ་གནོད་པའི་རྒྱུ་ཉིད་དུ་མཐོང་ན་གཅིག་ལ་ཕན་ཕྱིར་དུ་མ་ལ་གནོད་པ་མི་རིགས་པའི་ཕྱིར་མི་སྒྲུབ་པས་སེམས་ཅན་བྲེལ་ཕོངས་ཅན་དག་སྣང་ངོ་། །སེམས་ཅན་རང་གི་ལས་དང་སྒྲིབ་དང་མངོན་འགྱུར་དང་། །སོགས་དང་གནོད་བྱེད་གོང་བཤད་བཞིན་མཐོང་བའི་ཕྱིར། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནོར་གྱིས་ནི། །སེམས་ཅན་གཞན་ལོངས་སྤྱོད་པ་མི་འཐོབ་པར་བརྗོད་དོ། །དེ་ལྟར་ལྷག་པའི་ཤེས་རབ་ཀྱི་ཁྱད་པར་བསྟན་ནས། དགུ་པ་སྤོང་བའི་ཁྱད་པར་ཇི་ལྟར་བལྟ་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤོང་བ་ནི་འཁོར་འདས་ལ་མི་གནས་པའི་མྱ་ངན་ལས་འདས་པ་ནི་གང་ཡིན་པའོ། །དེའི་མཚན་ཉིད་ནི་གང་ཉོན་མོངས་པ་ནི་མཐུ་མེད་པར་ཡོངས་སུ་གཏང་བ་དང་བཅས་པས་ཉེས་པ་མེད་ལ་དེས་འཁོར་བ་ཡོངས་སུ་མི་གཏོང་བའི་གནས་ཏེ་དེ་ལྟ་བུའི་གནས་འགྱུར་པ་ནི་ཤེས་རབ་ཀྱིས་ཉོན་མོངས་རང་མཚན་པའི་སྐབས་མི་འབྱེད་ལ་སྙིང་རྗེས་འཁོར་བ་ཡང་མི་འདོར་བའོ། །དེ་ལ་འཁོར་བ་ནི། གཞན་དབང་གི་ངོ་བོ་ཉིད་འཁྲུལ་པའི་སེམས་སེམས་བྱུང་རྣམས་ནི་སྐྱེ་འཆིའི་དཔྱང་ཐག་འཕྱན་ཏེ་རྒྱུན་མི་འཆད་པས་སོ་དེ་ནི་ཀུན་ནས་ཉོན་མོངས་པའི་ཆར་གཏོགས་པའོ་ཀུན་བརྟགས་པའི་རྣམ་པའི་ཆ་ནས་སོ། །མྱང་འདས་ནི་འཁོར་བའམ་ཀུན་བརྟགས་དེ་ཉིད་མེད་པ་རྣམ་པར་བྱང་བའི་ཆར་གཏོགས་པའོ། །གནས་ནི་དེ་གཉིས་ཀའི་ཆར་གཏོགས་པ་སྟེ་གྲོལ་འཁྲུལ་གྱི་གཞི་གཞན་དབང་གི་ངོ་བོ་ཉིད་དོ། །གཞན་དུ་གྱུར་པ་ནི་གཞན་དབང་གི་ངོ་བོ་ཉིད་འཁྲུལ་པ་དེ་ཉིད་ཀྱི་གཉེན་པོ་རྣམ་པར་མི་


MR12_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པའི་ཡེ་ཤེས་སྐྱེས་ན་གང་གཟུང་འཛིན་ཅན་ཀུན་ནས་ཉོན་མོངས་པའི་ཆ་ལྡོག་ཅིང་གཟུང་འཛིན་མེད་པ་སོ་སོ་རང་གིས་རིག་བྱ་བརྗོད་དུ་མེད་པའི་རྣམ་པར་བྱང་བའི་ཆར་གྱུར་པའོ། ༧ །གྱུར་པ་དེ་ཡང་མདོར་བསྡུ་ན་རྣམ་པ་དྲུག་སྟེ། རྣམ་པར་སྨིན་པའི་ཤེས་པ་ལ་འདས་པའི་ཉོན་མོངས་པའི་བག་ཆགས་ཉམ་ཆུང་བར་བྱེད་ཅིང་རྣམ་བྱང་རྒྱས་པར་གྱུར་པ་ནི་མོས་པའི་དབང་གིས་ཆོས་ཐོས་པའི་བག་ཆགས་བསྐྱེད་པའི་སྟོབས་ལས་དེ་གཉིས་རྒྱུད་ལ་གནས་པ་དང་། དེས་ཉོན་མོངས་པའི་ཕྱོགས་ལ་འཛེམ་པ་དང་བཅས་པ་ལ་རེས་ཉོན་མོངས་ཆུང་ངུ་ཙམ་ཀུན་དུ་འབྱུང་བའམ། རེས་ཀུན་ཏུ་མི་འབྱུང་བའི་ཕྱིར་རོ། ༧ །རྟོགས་ནས་གྱུར་པ་ནི་ས་དང་པོ་སོགས་སར་ཆུད་པའི་བྱང་སེམས་རྣམས་ཀྱི་སྟེ། ས་དྲུག་པའི་བར་དུ་མཉམ་བཞག་ཏུ་དེ་ཁོ་ན་ཉིད་སྣང་བ་དང་། རྗེས་ཐོབ་ཏུ་དེ་ཁོ་ན་ཉིད་མ་ཡིན་པ་སྣང་བ་སྟེ་བར་མེད་པ་མིན་པར་རེས་འཇོག་ཏུ་ཉེ་བར་གནས་པའི་ཕྱིར་རོ། །བསྒོམ་པས་གྱུར་པ་ནི་ཤེས་བྱའི་སྒྲིབ་པ་ལྷག་མ་དང་བཅས་པ་རྣམས་ཀྱི་སྟེ། ས་བརྒྱད་པ་ནས་ས་བཅུ་པའི་བར་དུ་མཚན་མ་ཐམས་ཅད་མི་སྣང་བ་དང་དེ་ཁོ་ན་ཉིད་སྣང་བའི་ཕྱིར་རོ། །འབྲས་བུ་ཡོངས་སུ་རྫོགས་པས་གྱུར་པ་ནི་སྒྲིབ་པ་མེད་པ་སངས་རྒྱས་རྣམས་ཀྱི་སྟེ། མཚན་མ་ཐམས་ཅད་མི་སྣང་བ་དང་། ཤིན་ཏུ་རྣམ་པར་དག་པའི་དེ་ཁོ་ན་ཉིད་སྣང་བ་དང་། མཚན་མ་ཐམས་ཅད་ལ་དབང་འབྱོར་བ་ཐོབ་པའི་ཕྱིར་རོ། །གྱུར་པ་དམན་པ་ནི་ཉན་ཐོས་རྣམས་ཀྱི་སྟེ།གང་ཟག་ལ་བདག་མེད་རྟོགས་པ་དང་། འཁོར་བ་ལ་ཤིན་ཏུ་རྒྱབ་ཀྱིས་བལྟས་པས་འཁོར་བ་ཤིན་ཏུ་ཡོངས་སུ་གཏོང་བའི་ཕྱིར་རོ། །གྱུར་པ་རྒྱ་ཆེ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟེ། ཆོས་ལ་བདག་མེད་རྟོགས་པ་དང་། འཁོར་བ་དེ་ཉིད་ལ་ཞི་


MR12_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཐོང་བས་ཀུན་ཉོན་སྤོང་ཞིང་། འཁོར་བ་དེ་ཡོངས་སུ་མི་གཏོང་བའི་ཕྱིར་རོ། །གྱུར་བ་དམན་པའང་བྱང་སེམས་ཀྱི་ཡིན་ན་ཉེས་པ་ཅི་ཡོད་ཅེ་ན། སེམས་ཅན་གྱི་དོན་ལ་མི་ལྟ་བས་བྱང་སེམས་ཀྱི་ཆོས་ཉིད་ལས་འདས་ཏེ། ཐེག་པ་དམན་པ་རྣམས་དང་རྣམ་པར་ཐར་པ་མཚུངས་པའི་ཉེས་དམིགས་སུ་འགྱུར་རོ། །བྱང་སེམས་རྣམས་ཀྱི་གྱུར་པ་རྒྱ་ཆེན་པོ་ལ་ཕན་ཡོན་ཅི་ཡོད་ཅེ་ན། རང་གི་གནས་གྱུར་པའི་གཞིས་རྟོགས་པའི་གཞི་དེ་ཡིས་ཞེས་སོ་འཁོར་བའི་ཆོས་ཐམས་ཅད་ལ་དབང་འབྱོར་བ་ཐོབ་པའི་ཕྱིར་ཏེ། འགྲོ་བ་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཀྱི་ལུས་སུ་སྟོན་པས་འདུལ་ཐབས་ལ་མཁས་པ་སྣ་ཚོགས་ཀྱིས་མངོན་པར་མཐོ་བ་ཡི་ཕུན་སུམ་ཚོགས་པ་དང་ཐེག་པ་གསུམ་པོ་དག་ལ་འདུལ་ཞིང་ཆོས་ཉིད་རྟོགས་པས་འགོད་པ་ནི་ཕན་ཡོན་ནོ། །ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཡེ་ནས་དེ་ལྟར་གནས་ཀྱང་མ་རིག་པས་བསླད་པའི་བྱིས་པ་རྣམས་ལ་ཡང་དག་བསྒྲིབས་ནས། །ཡང་དག་མ་ཡིན་ཀུན་ཏུ་སྣང་ངོ་། །མི་ཤེས་པ་དེ་བསལ་བས་ཡང་དག་པར་ཐམས་ཅད་དུ། །བྱང་ཆུབ་སེམས་དཔའ་རྣམས་ལ་སྣང་། །སྟེ་རིགས་པས་ཀྱང་དེ་ཁོ་ན་ཉིད་མ་ཡིན་པ་མེད་པར་རྟོགས་པའི་ཕྱིར་དེ་ལྟར་འཐད་དོ། །དོན་མེད༡་པ་ཀུན་བརྟགས་དང་དོན་ཡོད་༢པ་ཡོངས་གྲུབ། །མི་སྣང༡་སྣང་༢བར་ཤེས་པར་བྱ། །འདི་ནི་གནས་ནི་གཞན་དུ་གྱུར་པ་དེ། །ཀུན་ཉོན་གྱི་ཆོས་རྣམས་དག་པར་རང་དབང་ཡོད་པས་འདོད་དགུར་སྒྱུར་ཕྱིར་ཐར་པ་ཡིན་ཏེ་དེས་མི་འཆིང་བས་སོ། །དེ་ལྟར་འཁོར་བ་དང་ནི་མྱ་ངན་འདས་ཏེ་ལོགས་སུ་མེད་དོ། །མཚུངས་པར་མཉམ་པར་ཤེས་པ་ནམ་སྐྱེ་བ། །དེ་ཚེ་རྒྱུ་མཚན་དེ་ཕྱིར་བྱང་སེམས་དེ་ལ་


MR12_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །འཁོར་བ་ཉིད་མྱ་ངན་འདས་པར་འགྱུར་ཏེ་ལོགས་སུ་མེད་དོ། །དེ་ཡི་ཕྱིར་ན་འཁོར་བ་ནི། །གཏོང་བ་མ་ཡིན་ཏེ་མི་སྤོང་ལ་མི་གཏོང་མིན་ཏེ་མི་འཆིང་བས་སོ། །དེ་ཕྱིར་མྱ་ངན་འདས་པ་ཡང་། །འཁོར་བ་ལས་གུད་དུ་ཐོབ་པ་མ་ཡིན་མི་ཐོབ་མིན་འཁོར་བ་ཉིད་མྱང་འདས་ཡིན་པས་སོ། །དེ་ལྟར་སྤང་བའི་ཁྱད་པར་མྱང་འདས་བསྟན་ནས། སྤང་བྱ་སྤངས་པས་ཡེ་ཤེས་དྲི་མ་མེད་ཅིང་ཐོགས་པ་མེད་པར་འགྱུར་བས་ན་སྤོང་བའི་རྗེས་སུ་ཡེ་ཤེས་བསྟན་པ། ༧ །བཅུ་པ་ཡེ་ཤེས་ཀྱི་ཁྱད་པར་ཇི་ལྟར་བལྟ་བར་བྱ་ཞེ་ན། སངས་རྒྱས་ཀྱི་སྐུ་གསུམ་པོ་བཅོས་མ་མིན་པ་ངོ་བོ་ཉིད་དང་ཆོས་རྣམས་ཀྱི་སྐུ་ནི་ཆོས་ཉིད་ཀྱི་སྐུའོ། །ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་གསུམ་གྱིས་སྒོ་ནས་ཡེ་ཤེས་ཀྱི་ཁྱད་པར་དུ་བལྟ་བར་བྱའོ། །དེ་ལ་ངོ་བོ་ཉིད་ཀྱི་སྐུ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་སྟེ་ཆོས་ཐམས་ཅད་ལ་དབང་བསྒྱུར་བའི་གནས་ཡིན་པའི་ཕྱིར་རོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི། གང་བདེ་བ་ཅན་སོགས་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་སྣ་ཚོགས་ཀྱིས་རབ་ཏུ་ཕྱེ་བ་དང་ཆོས་ཀྱི་སྐུ་ལ་བརྟེན་པ་སྟེ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་མྱོང་བར་མཛད་པའི་ཕྱིར་རོ། ༧ །སྤྲུལ་པའི་སྐུ་ནི་གང་ཆོས་ཀྱི་སྐུ་ལ་བརྟེན་པ་ཉིད་དེ། དགའ་ལྡན་གྱི་གནས་ན་བཞུགས་པ་ནས་བཟུང་སྟེ། འཕོ་བ་དང་། བལྟམས་པ་དང་། འདོད་པ་ལ་སྤྱོད་པ་དང་། མངོན་པར་འབྱུང་བ་དང་། མུ་སྟེགས་ཅན་གྱི་གན་དུ་གཤེགས་པ་དང་། དཀའ་བ་སྤྱོད་པ་དང་། མངོན་པར་རྫོགས་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་རྣམས་སྐལ་བ་ཅན་གྱི་རྒྱུད་


MR12_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ལ་སྐལ་བ་མཉམ་པར་སྣང་བའི་རྣམ་རིག་ཀུན་ཏུ་སྟོན་པའི་ཕྱིར་རོ། །འདིར་སྡོམ་གྱི་ཚིགས་སུ་བཅད་པ། མཚན་ཉིད༡་དང་ནི་འཐོབ་༢པ་དང་། ད༣བང་དང་གནས་༤དང་ཡོངས་བསྡུས༥་དང་། །དབྱེ་༦དང་ཡོན་༧ཏན་ཟབ་པ་དང་། །དྲན་དང་ཕྲིན་ལས་སངས་རྒྱས་ཉིད། །ཅེས་སོ། །སངས་རྒྱས་རྣམས་ཀྱི་མ༡ཚན་ཉིད་ཇི་ལྟ་བུ་ཞེ་ན་ཆོས་ཀྱི་སྐུའོ། །མདོར་བསྡུ་ན་མཚན་ཉིད་ལྔར་རིག་པར་བྱ་སྟེ། གནས༡་གྱུར་པའི་མཚན་ཉིད་ནི་སྒྲིབ་པ་ཐམས་ཅད་པ་ཀུན་ཉོན་གྱི་ཆར་གཏོགས་གཞན་དབང་གི་ངོ་བོ་ཉིད་རྣམ་པར་ལོག་ནས་སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་ཞིང་ཆོས་ཐམས་ཅད་ལ་དབང་བསྒྱུར་བར་ཉེ་བར་གནས་པ་རྣམ་བྱང་གི་ཆར་གཏོགས་པའི་གཞན་དབང་གི་ངོ་བོ་ཉིད་དུ་གྱུར་པའི་ཕྱིར་རོ། །དཀར་པོའི་ཆོ༢ས་ཀྱི་རང་བཞིན་གྱི་མཚན་ཉིད་ནི་ཉན་ཐོས་རྣམས་ཉོན་མོངས་ཙམ་སྤངས་པའི་རབ་ཏུ་ཕྱེ་བའི་ཕྱིར་དཀར་པོའི་ཆོས་ཀྱི་རང་བཞིན་མ་ཡིན་གྱི། བྱང་སེམས་ཕར་ཕྱིན་དྲུག་ཡོངས་སུ་རྫོགས་པའི་དཀར་ཆོས་ཀྱི་རང་བཞིན་ཏེ། དེ་ལ་ལུང་མ་བསྟན་པའི་གནས་སྐབས་ཀྱང་མེད་ན་ཉོན་མོངས་ཅན་ལྟ་ཅི་སྨྲོས། དེས་ན་ཕར་ཕྱིན་དྲུག་ཡོངས་སུ་རྫོགས་ནས་འདི་ལྟར་དབང་བཅུ་ཐོབ་སྟེ་ཚེ་དང་སེམས་དང་ཡོ་བྱད་ལ་དབང་བ་སྦྱིན་པའི་ཕར་ཕྱིན་རྫོགས་པའི་འབྲས་བུ་དང་། ལས་དང་སྐྱེ་བ་ལ་དབང་བ་ཚུལ་ཁྲིམས་ཕར་ཕྱིན་རྫོགས་པས་དང་། མོས་པ་ལ་དབང་བ་བཟོད་པའི་ཕར་ཕྱིན་རྫོགས་པས་དང་། སྨོན་ལམ་ལ་དབང་བ་བརྩོན་འགྲུས་ཕར་ཕྱིན་རྫོགས་པས་དང་། མངོན་ཤེས་ལྔས་བསྡུས་པའི་རྫུ་འཕྲུལ་ལ་དབང་བ་བསམ་གཏན་གྱི་ཕར་ཕྱིན་རྫོགས་པས་དང་། ཡེ་ཤེས་དང་ཆོས་ལ་དབང་བ་ཤེས་རབ་ཀྱི་ཕར་ཕྱིན་ཡོངས་


MR12_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རྫོགས་པའི་ཕྱིར་རོ། ༧ །གཉིས༣་སུ་མེད་པའི་མཚན་ཉིད་ནི་ཡོད་པ་དང་མེད་པ་གཉིས་སུ་མེད་པའི་མཚན་ཉིད་ཀྱིས་ཏེ། ཆོས་ཐམས་ཅད་དངོས་པོ་མེད་པ་དང་སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱི་དངོས་པོ་ཡོད་པ་ཡིན་པའི་ཕྱིར་རོ། །འདུས་༤བྱས་དང་།འདུས་མ་བྱས་གཉིས་སུ་མེད་པའི་མཚན་ཉིད་ནི། ལས་དང་ཉོན་མོངས་རྣམས་ཀྱིས་མངོན་པར་འདུས་མ་བྱས་པ་ཉིད་དང་། འདུས་བྱས་སུ་སྣང་བ་ཀུན་ཏུ་སྟོན་པ་ལ་དབང་འབྱོར་བའི་ཕྱིར་རོ། །ཐ་དད་༥པ་དང་གཅིག་པ་གཉིས་སུ་མེད་པའི་མཚན་ཉིད་ནི། དེ་ལ་སངས་རྒྱས་ཐམས་ཅད་ཀྱི་གནས་ཆོས་སྐུ་ཐ་དད་པ་མ་ཡིན་པ་དང་། ཐོབ་པ་པོའི་རྒྱུད་སྣ་ཚོགས་ཚད་མེད་པ་དག་མངོན་པར་བྱང་ཆུབ་པའི་ཕྱིར་རོ། །འདིར་ཚིགས་སུ་བཅད་པ། བདག་ཏུ་འཛིན་པ་མེད་པའི་ཕྱིར། །སངས་རྒྱས་རྣམས་ཀྱི་གནས་ཆོས་སྐུ་ལ་ཐ་དད་ཡོད་མ་ཡིན། །སྔོན་གྱི་བྱང་ཆུབ་སེམས་དཔའི་རྗེས་སུ་འབྲང་བས་འབྲས་བུ་ཐོབ་པའི་ཕྱིར་ན། །དེ་ལ་ཐ་སྙད་གདགས་པ་ཐ་དད་བྱེད། །སྐྱེ་མཆེད་དྲུག་གི་ཁྱད་པར་རང་བཞིན་གནས་རིགས་དང་རྒྱས་འགྱུར་ཐ་དད་པའི་རིགས་ཀྱི་ཕྱིར་དང་སངས་རྒྱས་གཅིག་ལས་མེད་ན་རྒྱུད་སོ་སོས་སྒྲུབ་པ་དོན་མེད་ཕྱིར། །སེམས་ཅན་ཀུན་ཕྱིར་སངས་རྒྱས་དུ་མར་སྟོན་ཏོ། །སངས་རྒྱས་ལ་ཐོག་མ་མེད་པའི་ཕྱིར་སྔ་མ་དག་སྟོན་པ་ཡིན་ལ་ཕྱི་མ་སློབ་མ་ཡིན་ནོ། །དེའི་ཕྱིར་གློ་བུར་གྱི་དྲི་མ་མེད་པའི་གནས་ཆོས་དབྱིངས་ལ་ནི་ཐ་དད་མེད་པས། དེ་ལྟར་སངས་རྒྱས་གཅིག་མིན་མང་པོའང་མིན། ༧ །རྟགས་པའི་མཚན་ཉིད་ནི། དེ་བཞིན་ཉིད་རྣམ་པར་དག་པའི་བདག་ཉིད་མི་འགྱུར་བའི་མཚན་ཉིད་དང་། བྱང་སེམས་དེས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པའི་སྔོན་གྱི་སྨོན་ལམ་གྱི་ཤུགས་དང་། སེམས་ཅན་


MR12_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཟད་པས་བྱང་སེམས་དེའི་བྱ་བ་ཡོངས་སུ་མ་རྫོགས་པའི་ཕྱིར་སེམས་ཅན་གྱི་མཐའ་ཇི་སྲིད་དུ་གནས་པས་རྟག་པའོ་རོ། ༧ །བསམ་གྱིས་མི་ཁྱབ་པའི་མཚན་ཉིད་ནི། དེ་བཞིན་ཉིད་རྣམ་པར་དག་པ་དེ་སོ་སོ་རང་གིས་རིག་པར་བྱ་བ་ལས་ཤེས་པ་གཞན་པའི་ཡུལ་མིན་པ་དང་། འཇིག་རྟེན་ན་དེ་མཚོན་པའི་དཔེ་མེད་པ་དང་། ཚུར་མཐོང་ཙམ་ལ་རྟེན་པའི་རྟོག་གེ་བའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །ཡང་ཇི་ལྟར་ཆོས་ཀྱི་སྐུ་འདི་མོས་པ་དང་ཆོས་སྤྱོད་རྣམས་ཀྱིས་རིག་པས་ཐོག་མ་ཉིད་དུ་ཐོབ་ཅེ་ན། ཐེག་པ་བ་ཆེན་པོའི་ཆོས་འདྲེས་པ་ལ་དམིགས་པ་རྣམ་པར་མི་རྟོག་པ་དང་། དེའི་རྗེས་ལས་ཐོབ་པའི་ཡེ་ཤེས་སྐད་ཅིག་རེ་རེ་ལ་གནས་ངན་ལེན་འཇིག་པ་དང་། ཆོས་ཀྱི་ཀུན་དགའ་ཐོབ་པ་སོགས་རྣམ་པ་ལྔ་ལེགས་པར་བསྒོམས་པས་ཚོགས་ལེགས་པར་བསགས་པ་དང་། སྒྲིབ་པ་སྲབ་མོ་ཤེས་པ་གཞན་གྱིས་གཞིག་པར་དཀའ་བ་བཤིག་པའི་ཕྱིར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྒྲིབ་པ་ཕྲ་མོ་བཅོམ་ནས་དེའི་མཇུག་ཐོགས་སུ་སྒྲིབ་པ་ཐམས་ཅད་བྲལ་བའི་ཕྱིར། དེ་དག་གི་གནས་གྱུར་པ་ཐོབ་བོ། །ཡང་དབང་འབྱོར་བ་རྣམ་པ་དུས་ཆོས་ཀྱི་སྐུ་ཆོས་ཀུན་ལ་དབང་འབྱོར་བ་ཐོབ་ཅེ་ན། མདོར་བསྡུ་ན་རྣམ་པ་ལྔས་ཐོབ་སྟེ། གཟུགས་ཀྱི་ཕུང་པོ་ཉན་ཐོས་ནི་སྡུག་བསྔལ་གྱིས་འཇིགས་པས་མཛེ་ཅན་གྱི་ལུས་འདོར་བ་བཞིན་ཕུང་པོའི་རྒྱུན་གཅོད་དོ། །བྱང་སེམས་ནི་ཐབས་བཅུད་ལེན་སྨན་ལྟ་བུས་ལུས་མཛེ་ཅན་སྐྱོན་མེད་པའི་ལུས་དག་པར་སྒྱུར་བ་བཞིན་དུ་གནས་གྱུར་པའི་ཞིང་ཇི་ལྟར་འདོད་པ་དག་པ་དང་། ལུས་ཇི་འདོད་དུ་སྟོན་པ་དང་། མཚན༣༢་དང་། དཔེ་བྱད༦༠་བཟང་པོ་དང་། གསུང་དབྱངས་མཐའ་ཡས་པ་དང་། སྤྱི་གཙུག་བལྟར་མི་མཐོང་བ་ལ་དབང་འབྱོར་བ་ཐོབ་པ་


MR12_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཚོར་བའི་ཕུང་པོ་གྱུར་པའི་ཕྱིར། ཁ་ན་མ་ཐོ་བ་ཉོན་མོངས་པ་མེད་ཅིང་སྣ་ཚོགས་ཚད་མེད་ལ་ཁམས་གསུམ་གྱི་བདེ་བ་ལས་འདས་པའི་རྒྱ་ཆེ་བའི་བདེ་བར་གནས་པ་ལ་དབང་འབྱོར་བ་དང་། འདུ་ཤེས་ཀྱི་ཕུང་པོ་གྱུར་པའི་ཕྱིར་མིང་དང་ཚིག་དང་ཡི་གེའི་ཚོགས་ཐམས་ཅད་ཀྱིས་ཆོས་བསྟན་པ་ལ་དབང་འབྱོར་བ་དང་། འདུ་བྱེད་ཀྱི་ཕུང་པོ་གྱུར་པའི་ཕྱིར། ཇི་ལྟར་འདོད་པ་སྤྲུལ་པ་དང་། ས་གསེར་དུ་བསྒྱུར་བ་སོགས་དང་། གདུལ་བྱའི་འཁོར་བསྡུ་བ་དང་། དཀར་པོའི་ཆོས་བསྡུ་བ་ལ་དབང་འབྱོར་བ་དང་། རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར་པའི་ཕྱིར། མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་གྲུབ་པའི་ཡེ་ཤེས་ལ་དབང་འབྱོར་བས་དབང་འབྱོར་པ་ཐོབ་པའོ། ༧ །ཆོས་ཀྱི་སྐུ་གནས་དུ་ཞིག་གི་གནས་ཉིད་དུ་རིག་པར་བྱ་ཞེ་ན། རྒྱས་པར་ཕྱེ་ན་ཡོན་ཏན་ཚད་མེད་པའི་གནས་ཡིན་ཀྱང་མདོར་བསྡུ་ན་གསུམ་གྱི་གནས་ཏེ། སངས་རྒྱས་ཀྱི་གནས་པ་ལྷ་དང་འཕགས་པ་དང་ཚངས་པའི་གནས་པ་སྣ་ཚོགས་ཀྱི་གནས་ནི། དེ་ལ་སངས་རྒྱས་ནི་འཕགས་པའི་གནས་པ་རྣམས་ཀྱི་ནང་ནས་སྟོང་པ་ཉིད་ལ་གནས་སོ། །ལྷའི་གནས་པའི་ནང་ནས་བསམ་གཏན་བཞི་པ་ལ་ལན་མང་དུ་གནས་པར་མཛད་དོ། །ཚངས་གནས་རྣམས་ཀྱི་ནང་ནས་སྙིང་རྗེ་ལ་གནས་སོ། །ཞེས་འགྲེལ་བ་ལས་སོ། །འདིར་ཚིགས་སུ་བཅད་པ། གང་ཕྱིར་སངས་རྒྱས་རང་གི་དབྱིངས་ཆོས་ཀྱི་དབྱིངས་བརྙེས་ནས། །རྣམ་པ་ལྔ་ཡི་བདག་ཉིད་ཀྱི་དགྱེས་པས་མཉེས་ལ། །ཉན་ཐོས་ཀྱིས་ཆོས་དབྱིངས་དེ་མ་ཐོབ་པས་དེ་ཡི་གནས་པའི་དགའ་བ་ལྔ་དང་བྲལ་གྱུར་པ་ཉན་ཐོས་ནི་མགོ་བཅད་པས་སྲོག་འགགས་པ་འདྲ་བའི་ཕུང་པོ་རྒྱུད་ཆད་པའི་མྱང་འདས་ལ་གནས་པའི་དགའ་བ་ལྔ་པོ་མ་ཐོབ་པའོ། །


MR12_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཕྱིར་སངས་རྒྱས་ཀྱི་དགའ་བ་ཆེན་པོ་དེ་འདོད་པས་ན་བྱང་སེམས་ཀྱིས་ཆོས་དབྱིངས་དེ་ཐོབ་བྱོས། །རྣམ་པ་ལྔ་ནི་མཐུ་དཔག་ཏུ་མེད་པ་དང་སེམས་ཅན་གྱི་དོན་གྱི་བྱ་བ་དཔག་མེད་གྲུབ་དེ་བཞིན་གཤེགས་པ་ཚད་དཔག་ཏུ་མེད་པ་རྣམས་ཆོས་སྐུ་ལ་ཐ་དད་མེད་པས་ཐམས་ཅད་མཐུ་མཚུངས་ཤིང་མཐུ་ལ་ཕ་མཐའ་དཔག་ཏུ་མེད་དོ། །བྱ་བ་གྲུབ་པ་ནི་ནམ་མཁས་ཁྱབ་པའི་སེམས་ཅན་ཐམས་ཅད་ཕན་བདེ་འགོད་དེ་དུས་གསུམ་ལ་ཐོགས་པ་མེད་པས་དང་མདོ་སོགས་ཐེག་ཆེན་གྱི་ཆོས་ཀྱི་རོ་ལྟ་བུ་ཉམས་སུ་བལྟར་བ་དང་། །གནས་གྱུར་པའི་འབྱོར་བ་དོན་དང་མངོན་ཤེས་སོགས་ཡོན་ཏན་འབྱོར་པ་དཔག་མེད་པ་ལྔ་དང་ཁ་ཅིག་དོན་མྱང་འདས་དང་ཡོན་ཏན་སྟོབས་ལ་སོགས་ཞེས་བཤད། །ལྔ་པོ་ཆོས་ཀྱི་དབྱིངས་དང་རོ་མཉམ་པས་རྟག་ཏུ་མི་ཟད་གཟིགས་པས་སངས་རྒྱས་རྣམས། །འཇིག་རྟེན་ལས་འདས་དགྱེས་པའི་མཆོག་ཁ་ན་མ་ཐོ་མེད་པ་སྒྲིབ་གཉིས་བག་ཆགས་བཅས་སྤངས་པ་བརྙེས་སོ། །ལོངས་སྤྱོད་རྫོགས་པའི་སྐུ་རིགས་ལྔ་ལྟ་བུ་རྣམ་པ་སྣ་ཚོགས་ཀྱི་གནས་ཆོས་སྐུ་ནི་བྱང་ཆུབ་སེམས་དཔའ་ཡོངས་སུ་སྨིན་པར་མཛད་པའི་ཕྱིར་རོ། །སྤྲུལ་པའི་སྐུ་རྣམ་པ་སྣ་ཚོགས་ཀྱི་གནས་ཆོས་སྐུ་ནི་ཕལ་ཆེར་མོས་སྤྱོད་ཀྱི་བྱང་སེམས་བསྡུས་སོ། །ཉན་ཐོས་རྣམས་ཡོངས་སུ་སྨིན་པར་མཛད་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཆོས་དུ་ཞིག་གིས་ཆོས་ཀྱི་སྐུ་བསྡུས་པར་རིག་པར་བྱ་ཞེ་ན། མདོར་བསྡུ་ན་རྣམ་པ་དྲུག་གིས་བསྡུས་ཏེ། སངས་རྒྱས་ཀྱི་ཆོས་རྣམ་པར་དག་པས་ནི་ས་བོན་ཐམས་ཅད་པ་ཀུན་གཞི་རྣམ་པར་ཤེས་པ་སྨན་ནད་མེད་ཀྱིས་དུག་ཉིད་སྨན་དུ་གྱུར་པ་ལྟར་གནས་གྱུར་ནས་ཆོས་ཀྱི་སྐུ་ཐོབ་པའི་ཕྱིར་རོ། །རྣམ་པར་སྨིན་པ་པས་བསྡུས་པ་ནི་རྣམ་སྨིན་གྱི་དབང་པོ་གཟུགས་ཅན་གྱུར་ནས་


MR12_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་སྨིན་པ་པའི་ཡེ་ཤེས་ཐོབ་པའི་ཕྱིར་རོ། །གནས་པས་བསྡུས་པ་ནི་འདོད་པ་ཡི་ཁམས་ལ་གནས་པའམ་སྤྱོད་པ་ལ་སོགས་སྒྲས་མོས་སྤྱོད་བསྡུ་པར་གནས་གྱུར་ནས་ཡེ་ཤེས་ཚད་མེད་པས་གནས་པ་ཐོབ་པའི་ཕྱིར་རོ། །དབང་འབྱོར་བས་ནི་འཇིག་རྟེན་པའི་ཞིང་ལས་ཚོང་སོགས་ཡོངས་སུ་འཛིན་པའི་ལས་སྣ་ཚོགས་གྱུར་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཐོགས་པ་མེད་པའི་མངོན་པར་ཤེས་པའི་ཡེ་ཤེས་ལ་དབང་འབྱོར་པ་ཐོབ་པའི་ཕྱིར་རོ། །ཐ་སྙད་པས་བསྡུས་པ་ནི་འཇིག་རྟེན་ཀུན་ན་མཐོང་བ་དང་ཐོས་པ་དང་བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པའི་ཐ་སྙད་བརྗོད་པར་གྱུར་ནས་སེམས་ཅན་ཐམས་ཅད་ཀྱི་སེམས་ཚིམ་པར་བྱ་བའི་ཆོས་བསྟན་པ་མཁྱེན་པ་ལ་དབང་འབྱོར་པ་ཐོབ་པའི་ཕྱིར་རོ། །སེལ་བ་པས་བསྡུས་པ་ནི་འཇིག་རྟེན་གྱི་གནོད་པ་སེལ་བའམ་ཉེས་པ་ཐམས་ཅད་སེལ་བའམ་ཞི་བར་གྱུར་ནས་སེམས་ཅན་ཐམས་ཅད་ཀྱི་གནོད་པ་ཐམས་ཅད་སེལ་བ་མཁྱེན་པ་བརྙེས་པའི་ཕྱིར་ཏེ། སངས་རྒྱས་ཀྱི་ཆོས་འདི་དྲུག་གིས་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་བསྡུས་པར་རེག་པར་བྱའོ། །སངས་རྒྱས་རྣམས་ཀྱི་ཆོས་སྐུ་གང་ཡིན་པ་དེ་ཅི་ཐ་དད་པ་ཞེས་བྱའམ་ཐ་དད་པ་མ་ཡིན་པ་ཞེས་བྱ་ཞེ་ན། གནས་དེ་བཞིན་ཉིད་དང་སེམས་ཅན་ཐམས་ཅད་ལ་ཕན་བདེ་དགོངས་པ་དང་ཐམས་ཅད་ཀྱང་འགྲོ་བའི་དོན་མཛད་པའི་ཕྱིར་ཕྲིན་ལས་ཐ་དད་པ་མེད་པས་ཐ་དད་པ་མ་ཡིན་པ་ཞེས་བྱའོ། །སྔོན་གྱི་བྱང་སེམས་ཀྱི་ལུས་ཚད་མེད་དག་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་ཐ་དད་པ་ཞེས་བྱའོ། ༧ །ཆོས་སྐུ་ལ་ཇི་ལྟ་བ་དེ་བཞིན་དུ། ལོངས་སྤྱོད་རྫོགས་པའི་སྐུ་ཡང་གནས་ཆོས་སྐུ་ཡིན་པ་དང་དགོངས་པ་དང་


MR12_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་ཐ་དད་མེད་པས་ཐ་དད་པ་མ་ཡིན་གྱི་འཁོར་གྱི་གནས་ཐ་དད་པས་ཐ་དད་པ་མེད་པ་མ་ཡིན་ཏེ། སངས་རྒྱས་འཁོར་སོགས་གནས་ཚད་མེད་པས་འབྱུང་བའི་ཕྱིར་རོ། །སྤྲུལ་པའི་སྐུ་ཡང་ལོངས་སྤྱོད་རྫོགས་པའི་སྐུ་བཞིན་དུ་བལྟ་བར་བྱའོ། ༧ །ཆོས་ཀྱི་སྐུ་དེ་ཡོན་ཏན་དུ་ཞིག་དང་ལྡན་པར་རིག་པར་བྱ་ཞེ་ན། ཤིན་ཏུ་ཡོངས་སུ་དག་པ་སྒྲིབ་གཉིས་སྤངས་པའི་ཚད་མེད་པ་བཞི་དང་། རྣམ་པར་ཐར་བ་བརྒྱད་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་དང་། ཟད་པར་གྱི་སྐྱེ་མཆེད་བཅུ་དང་། ཉོན་མོངས་མེད་པ་དང་། སྨོན་ནས་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། མངོན་པར་ཤེས་པ་དྲུག་དང་། དེ་ལས་བྱུང་བའི་གཟུགས་སྐུ་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་། རྣམ་པ་ཐམས་ཅད་ཡོངས་སུ་དག་པ་བཞི་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། བསྲུང་པ་མེད་པ་གསུམ་དང་། དྲན་པ་ཉེ་བར་བཞག་པ་གསུམ་དང་། བག་ཆགས་ཡང་དག་པར་བཅོམ་པ་དང་། བསྙེལ་བ་མེད་པའི་ཆོས་ཉིད་དང་། ཐུགས་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། རྣམ་པའི་མཆོག་ཐམས་ཅད་མཁྱེན་པ་ཉིད་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ་དང་ལྡན་ནོ། །འདིར་དེ་དག་གི་དོན་ཚིགས་སུ་བཅད་པ། སེམས་ཅན་རྣམས་ལ་ཐུགས་བརྩེ་བ་གང་གིས། །བདེ་བ་དང་ཕྲད་འདོད་བྱམས་པ་དང་སྡུག་བསྔལ་བྲལ་བར་དགོངས་པ་སྙིང་རྗེ་ཅན། །བདེ་བ་དང་མི་འབྲལ་དགོངས་ཤིང་སྟེ་དགའ་བ་བདེ་དང་ཕན། །དགོངས་


MR12_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཏང་སྙོམས་ཀུན་ཉོན་མེད་པའི་མཚན་ཉིད་ཅན་ཁྱོད་ལ་ཕྱག་འཚལ་ལོ། །རྣམ་པར་ཐར་པས་དེ་དེའི་སྒྲིབ་པ་ཀུན་ལས་ངེས་པར་གྲོལ། །ཐུབ་པའི་མཁྱེན་པས་འཇིག་རྟེན་ཀུན་གྱི་ཏིང་ངེ་འཛིན་ཟིལ་གནོན་ཏེ་ཟིལ་གནོན་པ་དང་། ཁྱོད་ཀྱི་མཁྱེན་པས་ཤེས་བྱ་ཟད་པར་ཁྱབ་སྙོམས་འཇུག་གི་སྒྲིབ་པ་ལས་སེམས་གྲོལ་ཁྱོད་ལ་ཕྱག་འཚལ་ལོ། །ཉོན་མོངས་མེད་པའི་ཁྱད་པར་སེམས་ཅན་ཀུན་གྱི་ཉོན་མོངས་དག །མ་ལུས་པ་དག་འདུལ་མཛད་པ། ཉོན་མོངས་སེལ་བ་ཡི་མཐུ་མངའ་ཞིང་སེམས་ཅན་ཉོན་མོངས་པར། །བརྩེར་བཅས་ཁྱོད་ལ་ཕྱག་འཚལ་ལོ། ༧ །སྨོན་ནས་ཤེས་པའི་ཁྱད་པར་རྩོལ་མེད་ལྷུན་གྱིས་གྲུབ་ཅིང་ཉོན་སྒྲིབ་འབྲལ་བས་ཆགས་མི་མངའ། །ཤེས་སྒྲིབ་བྲལ་བས་ཐོགས་པ་མི་མངའ་སྙོམས་འཇུག་གི་སྒྲིབ་པ་དང་བྲལ་བས་རྟག་ཏུ་ཡང་། །མཉམ་པར་བཞག་ཅིང་འདྲི་བ་ཀུན་གྱི། །ལན་ལྡོན་ཁྱོད་ལ་ཕྱག་འཚལ་ལོ། ༧ །སོ་སོ་རིག་བཞི་གནས་ཆོས་དང་གནས་པ་དོན་གཉིས་ནི་གང་བཤད་བྱ་དང་། །ངེས་པའི་ཚིག་དང་ཤེས་པ་ཡི་སྤོབས་པ་སྟོན་པ་ལ། །དུས་རྟག་ཏུ་བློ་གྲོས་མི་ཐོགས་པ་སྟེ་ཐོགས་པ་མེད་པ། །སྟོན་མཆོག་ཁྱོད་ལ་ཕྱག་འཚལ་ལོ། ༧ །མངོན་ཤེས་ནི་རྫུ་འཕྲུལ་གྱིས་དེའི་གན་དུ་ཆེད་དུ་བཞུད་དང་ལྷའི་རྣ་བས་དེ་དག་གི། ཚིག་དང་སེམས་ཤེས་ཀྱིས་སྤྱོད་མཁྱེན་སྔོན་གནས་ཀྱིས་གང་ནས་འོངས་པ་དང་། །ལྷའི་མིག་གིས་གང་དུ་སྐྱེ་བའམ་འགྲོ་བ་དང་ཟག་ཟད་ཀྱིས་ལམ་ངེས་འབྱུང་སེམས་ཅན་ལ། །ལེགས་པར་འདོམས་པ་ཁྱོད་ལ་ཕྱག་འཚལ་ལོ། ༧ །སེམས་ཅན་ཀུན་གྱིས་ཁྱོད་མཐོང་ན། །སྐྱེས་བུ་མཆོག་ཏུ་རྟོགས་པར་འགྱུར། །མཐོང་བ་ཙམ་གྱིས་མཚན་སོ་གཉིས་དང་དཔེ་བྱད་བརྒྱད་ཅུ་ལྡན་པས་དང་འགྱུར་བར། །མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། ༧ །ཡང་


MR12_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

དག་བཞི་ནི་གནས་ཡོངས་སུ་དག་པས་ལུས་ལེན་དང་གནས་བཞུགས་པ་དང་དེ་དག་གཏོང་བ་བསམ་གཏན་ལ་བརྟེན་ནས་ཇི་ལྟར་བཞེད་པར་མངའ་བརྙེས་པ་དང་། །དམིགས་པ་ཡོངས་སུ་དག་པས་སྔོན་མེད་པའི་གཟུགས་སྤྲུལ་པ་དང་ནི་སྔོན་ཡོད་པ་གཞན་དུ་སྒྱུར་བ་དང་། །ཐུགས་ཡོངས་སུ་དག་པ་ཏིང་ངེ་འཛིན་ཚད་མེད་པར་འཇུག་ལྡང་དང་མཁྱེན་པ་ཡོངས་སུ་དག་པ་གཟུངས་ཀྱི་སྒོ་ཀུན་ཏུ་འཛིན་པའི་ཡེ་ཤེས་ལ། །མངའ་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །གནས་གནས་མིན་མཁྱེན་སྟོབས་ཀྱིས་བདེ་འགྲོ་ངན་འགྲོའི་རྒྱུ་དགེ་མི་དགེ་བསྟན་པས་ཐབས་ལ་བསླུ་བའི་བདུད་འཇོམས་པ་དང་ལས་ཀྱི་རྣམ་སྨིན་མཁྱེན་པས་ལས་ཉིད་ཀྱིས་བདེ་སྡུག་བྱེད་ཀྱི་དབང་ཕྱུག་སོགས་སྐྱབས་སུ་མི་བཟུང་བར་བསྟན་པས་སྐྱབས་བསླུའི་བདུད་འཇོམས་སྐྱབས་དང་བསམ་གཏན་མཁྱེན་སྟོབས་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དག་པ་ལ་བསླུ་བདུད་འཇོམས་པ་དང་། །སྟོབས་ལྷག་མ་བདུན་གྱིས་ངེས་འབྱུང་བའི་ཐེག་པ་ཆེན་པོ་ལ། །སེམས་ཅན་རྣམས་ལ་རབ་བསླུ་བའི། །བདུད་འཇོམས་ཁྱོད་ལ་ཕྱག་འཚལ་ལོ། ༧ །མི་འཇིགས་བཞི། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞལ་གྱིས་བཞེས་པ་དང་ནི་སྒྲིབ་གཉིས་སྤངས་པ་དང་། །ངེས་པར་འབྱུང་བའི་ལམ་དང་དེ་ཡི་བགེགས་བྱེད་པ་བཞི་པོ་སྟོན་མཛད་པ། །དང་པོ་གཉིས་བདག་དང་ཕྱི་མ་གཉིས་གཞན་དོན་ལ་མུ་སྟེགས་གཞན་གྱིས། །དེ་ལྟ་མིན་ཞེས་རྒོལ་བས་མི་ཚུགས་ཁྱོད་ལ་ཕྱག་འཚལ་ལོ། །བསྲུང་བ་མེད་པ་གསུམ་མངའ་བས་རང་ལ་ཉེས་པ་བཅབ་རྒྱུ་མེད་པའི་ཕྱིར་འཁོར་དུ་ཚར་བཅད་གསུང་མཛད་པ་སྟེ་རང་ཉེས་ཅན་གྱིས་ཚར་བཅད་མི་ནུས་སོ། །ཆོས་ཉན་མི་ཉན་གཉིས་ཀ་ལ་ཀུན་ནས་ཉོན་མོངས་ཆགས་སྡང་གཉིས་སྤངས་པ་དྲན་པ་ཉེ་བར་བཞག་པ་གསུམ་སྟེ། །བསྲུང་བ་མི་མངའ་དང་གཞན་


MR12_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ལ་བསྙེལ་མི་མངའ་བས། །འཁོར་གྱི་ཚོགས་སྡུད་ཁྱོད་ལ་ཕྱག་འཚལ་ལོ། ༧ །བག་ཆགས་ལེགས་པར་བཅོམ་པས་གཤེགས་བཞུགས་ཀུན་ཏུ་རྟག་པར་ཡང་། །ཉོན་མོངས་ཟད་ཀྱང་བག་ཆགས་ཀྱིས་རྒོད་པ་སོགས་ཀུན་མཁྱེན་མ་ལགས་པའི་སྤྱོད་པ་མི་མངའ་སྟེ། །དཔེར་ན་གནས་བརྟན་མཽད་གལ་བུ་ཚེ་རབས་ལྔ་བརྒྱར་སྤྲེའུར་གྱུར་པའི་བག་ཆགས་ཀྱིས་ཉོན་མོངས་མེད་ཀྱང་སྤྲེའུ་ལྟར་མཆོང་ཞིང་འགྲོའོ་ཞེས་གྲགས། རང་སངས་རྒྱས་གཅིག་སྨད་འཚོང་མར་གྱུར་པའི་བག་ཆགས་ཀྱིས་ལུས་བྱི་དོར་བྱེད་པ་ལྟ་བུའོ། །ཁྱོད་ནི་ཡང་དག་དོན་དུ་ན། །རྫོགས་བྱེད་སོགས་ཀུན་མཁྱེན་མིན་ཡང་དེ་ཁས་འཆེས་པ་ལྟ་བུ་མ་ཡིན་པས་ཀུན་མཁྱེན་ཁྱོད་ལ་ཕྱག་འཚལ་ལོ། ༧ །བསྙེལ་པ་མི་མངའ་བ་སེམས་ཅན་ཀུན་གྱི་དོན་མཛད་ལ། །ཁྱོད་ནི་དུས་ལས་ཡོལ་ཏེ་བསྙེལ་བ་མི་གདའ་སྟེ་མི་མངའ་བས། །རྟག་ཏུ་མཛད་པ་འབྲས་བུ་ཡོད་པ་སྟེ་དོན་མེད་ཆུད་མི་ཟ་བར་མཛད་པ། །མི་བསྙེལ་ཁྱོད་ལ་ཕྱག་འཚལ་ལོ། ༧ །ཐུགས་རྗེ་ཆེན་པོ་ནི་ཀུན་རྫོབ་མཁྱེན་པ་སྟེ་དེས་འཇིག་རྟེན་ཀུན་ཏུ་གདུགས་ནི་ཉིན་ཞག་གཅིག །ལ་ཉིན་མཚན་ལན་དྲུག་དུ་ནི་སུ་ནི་འགྲིབ་སུ་ནི་སྨིན་སུ་ནི་རྣམ་པར་གྲོལ་ཞེས་གཟིགས་པར་མཛད་པ། །ཐུགས་རྗེ་ཆེ་དང་ལྡན་པ་པོ་སྟེ་འཇིག་རྟེན་ཀུན་ལ་སོ་སོར་རྟོག་པའི་ལས་ཅན་དང་ཕན་འདོགས་པའི་བསམ་པ་ཚོགས་གཉིས་རྒྱ་ཆེན་པོ་སྡུད་པ་སྡུག་བསྔལ་གསུམ་དང་བྲལ་བའི་རྣམ་པ། དེས་ཁམས་གསུམ་ཐམས་ཅད་ལ་དམིགས་པ་སེམས་ཅན་ཐམས་ཅད་ལ་མཚུངས་པར་འཇུག་པ་དེ་ལས་ཆེས་ཁྱད་འཕགས་མེད་པས་སོ། །དེས་ན་ཕན་འདོགས་ཁྱོད་ལ་ཕྱག་འཚལ་ལོ། ༧ །མ་འདྲེས་བཅོ་བརྒྱད་གཤེགས་སོགས་སྤྱོད་པས་བསྡུས་པ་དྲུག་དང་ཐུགས་སུ་ཆུད་པ་རྟོགས་པས་བསྡུས་པ་དྲུག་དང་། །དུས་གསུམ་ཐོགས་མེད་དུ།


MR12_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པ་དང་ནི་ལས་གསུམ་ཡེ་ཤེས་རྗེས་སུ་འབྲང་བའི་ཕྲིན་ལས་ཀྱིས། །ཉན་ཐོས་དང་ནི་རང་སངས་རྒྱས། །ཀུན་མཆོག་ཁྱོད་ལ་ཕྱག་འཚལ་ལོ། ༧ །རྣམ་པ་ཐམས་ཅད་མཁྱེན་པ་ནི་བྱང་ཆུབ་ཆེན་པོ་རྣམ་པ་ཀུན་མཁྱེན་པ་ནི། །སྐུ་གསུམ་དག་གིས་བརྙེས་གྱུར་པ། །ཀུན་ཏུ་སེམས་ཅན་ཐམས་ཅད་ཀྱི། །ཐེ་ཚོམ་གྱི་དོགས་པ་ཐམས་ཅད་གཅོད་པར་མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། ༧ །ཕར་ཕྱིན་དྲུག་སྦྱིན་པ་ལ་སྲི་བ་མི་མངའ་བ་ཚུལ་ཁྲིམས་ལ་འཆལ་བའི་སྐྱོན་མི་མངའ། །བཟོད་པ་ལ་གནོད་སེམས་ཀྱི་རྙོགས་པ་མི་མངའ་བརྩོན་འགྲུས་སེམས་ཅན་གྱི་དོན་ལས་བཏང་སྙོམས་སུ་བཞུགས་པ་མི་མངའ། །བསམ་གཏན་ལ་ཡོ་བ་མི་མངའ་ཤེས་རབ་ཆོས་ཀུན་ལ། །མི་སྤྲོས་ཏེ་རྣམ་པར་མི་རྟོག་པ་ཁྱོད་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམས་ཀྱི་ཆོས་སྐུ་ནི། །ཟག་པ་མེད་པའི་ཡོན་ཏན་འདི་དག་དང་ལྡན་ནོ། །གཞན་ཡང་དེ་བཞིན་ཉིད་ཤིན་ཏུ་རྣམ་པར་དག་པ་ངོ་བོ་ཉིད་སྐུ་དང་། དེའི་རྒྱུ་དང་། འབྲས་བུ་དང་། ཕྲིན་ལས་དང་། ལྡན་པ་དང་། འཇུག་པའི་ཡོན་ཏན་རྣམས་དང་ཡང་ལྡན་ཏེ། དེ་ལྟ་བས་ན་སངས་རྒྱས་རྣམས་ཀྱི་ཡོན་ཏན་བླ་ན་མེད་པར་རིག་པར་བྱའོ། །འདིར་དེ་དྲུག་གི་དོན་ཚིགས་སུ་བཅད་པ། ཁྱོད་ནི་དམ་པའི་དོན་གྲུབ་རྣམ་པར་དག་པའི་དེ་བཞིན་ཉིད་ངོ་བོ་ཉིད་ཀྱི་ཆོས་སྐུ་ནི་ངོ་བོའི་སྟེ། །ས་བཅུ་པོ་རྣམས་ཀུན་གྱིས་དེ་ཉིད་དུ་ངེས་པར་འབྱུང་བ་ལགས་ཏེ་རྒྱུའོ། །སེམས་ཅན་གྱི་ནི་མཆོག་ཐམས་ཅད་མཁྱེན་པ་ཉིད་བརྙེས་པ་ནི་འབྲས་བུའོ། །སེམས་ཅན་ཐམས་ཅད་རྣམ་འགྲོལ་བ་ལས་སོ། །མི་ཟད་པས་མཚུངས་པ་མ་མཆིས་པའི། །ཡོན་ཏན་ལྡན་ཞིང་འཇིག་རྟེན་དང་། །སངས་རྒྱས་ཀྱི་


MR12_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་ནང་ན་གདའ་ལ་གཉུག་མ་རྡོ་རྗེའི་སྐུ་གསུམ་རྣམ་ཀུན་ཏུ། །ལྷ་མིས་ཆོས་སྐུ་མཐོང་བ་ཡང་མ་ལགས། ༧ །ཡང་། སངས་རྒྱས་རྣམས་ཀྱི་ཆོས་སྐུ་ནི། །འཇིག་རྟེན་པ་མཁས་པའི་སྤྱོད་ཡུལ་མིན་པ་ཟབ་པ་ཉན་ཐོས་ཀྱི་ཡུལ་མིན་པས་མཆོག་ཏུ་ཟབ་པ་སྟེ། །དེའི་ཟབ་པ་ཇི་ལྟར་བལྟ་ཞེ་ན། ཚིགས་སུ་བཅད་པ། ལས་ཉོན་ཀྱིས་སྐྱེ་བ་མེད་ཀྱང་སངས་རྒྱས་སྐྱེ་བ་ལྟར་སྣང་སྟེ་སྐྱེ་བ་དང་། །འཁོར་བ་དང་མྱང་འདས་ལ་མི་གནས་ས་ལ་རབ་ཏུ་བཞུགས་པ་མྱང་འདས་དང་། །འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པར་ཐམས་ཅད་མཛད་པ་ཕྲིན་ལས་དང་། །ཟས་ལ་བརྟེན་མི་དགོས་ཀྱང་གཞན་དོན་དུ་ཁ་ཟས་སོགས་ཟས་བཞི་པོ་ནི་གསོལ་བ་ལགས་གནས་པ་ལ་ཟབ་༡ པའོ། །འགྲོ་བ་རྣམས་ཟས་ཀྱིས་གནས་ཏེ། །མ་དག་པ་འདོད་ཁམས་ཀྱི་རྟེན་གནས་བྱེད་ཁམས་ཟས། །དག་མ་དག་གི་རྟེན་གནས་བྱེད་གཟུགས་གཟུགས་མེད་དུ་སྐྱེས་པ་རྣམས་ཀྱི་རྟེན་རེག་པ། ཡིད་ལ་སེམས་པ། རྣམ་ཤེས་གསུམ། རྒྱུན་ཞུགས་སོགས་ཀྱང་ལུས་དག་མ་དག་སྟེ་སློབ་པའི་ཕྱིར་རོ། །ཟས་བཞིས་ཅི་རིགས་སུའོ། །རྣམ་དག་ནི་རྟེན་གནས་པ་དགྲ་བཅོམ་རྣམས་ཀྱི་བཞི་པོའོ། །སངས་རྒྱས་ནི་ཟས་བཞིས་གནས་པ་མིན་ལ་དེ་དག་གསོལ་དགོས་པ་མེད་ཀྱང་། འཇིག་རྟེན་ལ་ཕན་གདགས་པ་དང་མཐུན་པར་འཇུག་པས་ཟས་གསོལ་ལོ། །རྣམ་པར་གནས་པ་ཆོས་སྐུ་ཐ་དད་མེད་ཅིང་རྟེན་དུ་མ་ལས་མངོན་བྱང་བརྙེས་པས་གྲངས་དཔག་ཏུ་མེད་པ་དང་། ཕྲིན༡་ལས་ཟབ་པ་སངས་རྒྱས་རྣམས་ཕྲིན་ལས་དཔག་ཏུ་མེད་ཅིང་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་གཅིག་ཡིན་ནོ། །སྤྲུལ་སྐུའི་ཕྲིན་ལས་མི་བརྟན་ལོངས་སྐུས་བརྟན་པའི་ཕྲིན་ལས་ཅན་གྱི། །སངས་རྒྱས་རྣམས་ནི་སྐུ་གསུམ་ལྡན། །མངོན༣་པར་བྱང་ཆུབ་བར་ཟབ་པ་ཆོས་གང་ཡང་མངོན་རྫོགས་སངས་རྒྱས་


MR12_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དེ་གང་ཟག་དང་ཆོས་ཀྱི་ངོ་བོ་མེད་པས་སོ། །སངས་རྒྱས་ཐམས་ཅད་སངས་རྒྱས་མ་ཡིན་མིན་ཏེ་སངས་རྒྱས་སོ་སྟེ་འདི་ལྟར་ཐ་སྙད་གདགས་པ་ལས་སོ། །དེའི་མངོན་པར་རྫོགས་པ་ཇི་ལྟ་བུ་ཞེ་ན་སྐད་ཅིག་རེ་ལ་དཔག་ཏུ་མེད་པ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་བཞིན་ཉིད་ནི་དངོས་པོའི་དངོས་པོ་མེད་པ་སྟེ་དེས་སངས་རྒྱས་རྣམས་རབ་ཏུ་ཕྱེ་བ་སངས་རྒྱས་ཡིན་ནོ། །འདོད་ཆགས་༤ལ་བ་ཟབ་པ་འདོད་ཆགས་མེད་པས་ཆགས་པ་མ་ཡིན་ཆགས་པ་མེད་པས་མི་ཆགས་མིན་ཏེ་གྲོལ་ལོ། །སྟོང་ཉིད་ལ་འདུན་པས་ཆགས་པའི་འདོད་ཆགས་ཉིད་རང་བཞིན་མེད་པའི་མཚན་ཉིད་ཀྱིས་འདོད་ཆགས་དེ་ཉིད་བྱུང་བ་ཡིན། །དེ་ཕྱིར་འདོད་ཆགས་དེ་འདོད་ཆགས་མིན་པར་མཁྱེན་ནས། །འདོད་ཆགས་ཀྱི་ཆོས་ཉིད་དེ་བཞིན་ཉིད་ལ་ཡང་ཞུགས་པའམ་སྣོན་པ་ནི། །ཕུང་པོ་སྤངས༥་པ་ལ་ཟབ་པ་སངས་རྒྱས་ནི་ཉེར་ལེན་གྱི་ཕུང་པོ་རྣམས་ལས་འདས། །དེ་དག་མི་དམིགས་པའི་ཆོས་ཉིད་ཀྱི་ཕུང་པོ་རྣམས་ལའང་རྣམ་པར་བཞུགས། །ཀུན་བརྟགས་ཀྱི་ཕུང་པོ་དེ་དག་སྤངས་ནས་དེ་ལས་གཞན་མིན་ཏེ་དེ་དག་གི་ཆོས་ཉིད་ལ་གནས་པས་སོ་གཞན་མིན་ཏེ་གཅིག་ཡིན་པའང་མིན་ཏེ་ཀུན་བརྟགས་རྣམ་པར་དག་པ་ལ་དམིགས་པས་སོ། །དེ་དག་གི་ཡོངས་སུ་གྲུབ་པའི་ཕུང་པོ་དེ་མ་བཏང་བས་ལེགས་པར་མྱ་ངན་འདས་ཏེ་མི་གནས་སོ། །ཡོངས༦་སུ་སྨིན་པར་མཛད་པ་ལ་ཟབ་པ། ཆོས་ཀྱི་དབྱིངས་སུ་བཞུགས་པའི་སངས་རྒྱས་ཀུན་ཀྱང་སེམས་ཅན་ཡོངས་སུ་སྨིན་པའི་མཛད་པར་འདྲེས་པའི་ཕྲིན་ལས་ཅན། །དཔེར་ན་རྒྱ་མཚོར་ཆུ་རྣམས་དབྱེར་མེད་པར་དེར་གནས་ཐམས་ཅད་ཀྱི་ཉེར་སྤྱད་མིན་པ་དང་འདྲ་བར་རྒྱལ་བ་རྣམས་སོ། །སྔར་བྱས་སོ་ད་ལྟ་བྱེད་དོ་མ་འོངས་པ་ན་བྱའོ་ཞེས། །གཞན་གྱི་དོན་ལ་རྣམ་རྟོག་གིས་འདུ་བྱེད་པའི་དགོངས་པ་མེད་ཀྱང་


MR12_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྲུབ་ཏུ་མཛད་དོ། །མཐོང་༧བ་ཟབ་པ། རྟག་ཏུ་བཞུགས་ན་ཀུན་གྱིས་ཅིས་མི་མཐོང་སྙམ་ན་སེམས་ཅན་རང་རང་གི་ཉེས་པས་མི་སྣང་སྟེ། །དཔེར་ན་ཆུ་སྣོད་ཆག་པ་ཡི་ཟླ་བ་ཡི་གཟུགས་བཞིན་ཞི་གནས་ཀྱི་རླན་མེད་པའི་རྒྱུད་ལ་མི་སྣང་ངོ་། །དེ་དངོས་སུ་མ་མཐོང་ཡང་འཇིག་རྟེན་ཀུན་ལ་ཇི་ལྟར་ཉི་བཞིན་དུ། །སངས་རྒྱས་དེ་དག་གི་མདོ་སོགས་ཆོས་བསྟན་པའི་འོད་ཀྱིས་ཁྱབ་པར་མཛད་དོ། །མངོན་བྱང༨་དང་མྱང་འདས་ཀུན་ཏུ་སྟོན་པ་ཟབ་པ། ཡོངས་སུ་སྨིན་པའི་སེམས་ཅན་ལ་ལར་རྫོགས་པར་བྱང་ཆུབ་སྟོན་ལ་མར་མེ་བཞིན་ཏེ་མེ་ལ་ལར་འབར་ལ་ལར་ཤི་བ་བཞིན་མྱ་ངན་འདས་པར་སྟོན་ཀྱང་། །འཇིག་རྟེན་ཀུན་ན་ནམ་ཡང་མེད་པ་མ་ཡིན་ཏེ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་སྐུའོ། །བཞུགས༩་པ་ལ་ཟབ་པ་སངས་རྒྱས་ཆོས་སྐུ་ནི་འཕགས་མིན་མི་དགེ་བའི་ཆོས་རྣམས་ལ་རྣམ་ཐར་གསུམ་གྱི་ངོ་བོར་དམིགས་ནས་བཞུགས་དང་། །མི་དང་ངན་སོང་བ་རྣམས་བསམ་གཏན་སྙོམས་འཇུག་གི་ལྷའི་གནས་པས་དེ་ལ་དམིགས་ནས་བཞུགས་དང་། །ཚངས་སྤྱོད་མ་ཡིན་ཆོས་རྣམས་ལ་ཚད་མེད་བཞི་ཚངས་པའི་གནས་པས་དམིགས་ནས་བཞུགས། །དེ་བཞིན་ཉིད་ཀྱི་བདག་ཉིད་སངས་རྒྱས་མཆོག་རྣམས་དང་ནི་བཞུགས་པ་མཆོག་གིས་བཞུགས་ཏེ། འཕགས་པས་བཞུགས་པའམ་གནས་པ་སྟོང་པ་ཉིད། ལྷའི་བཞུགས་པ་བསམ་གཏན། ཚངས་པའི་བཞུགས་པ་ཚད་མེད་བཞིའོ། ༧ །སྐུ་ཀུན༡༠་ཏུ་སྟོན་པ་ལ་ཟབ་པ། རྗེས་ཐོབ་ཀྱིས་དགེ་མི་དགེ་ཟག་བཅས་ཟག་མེད་འདུས་བྱས་མ་བྱས་སོགས་ཇི་སྙེད་པའི་ཤེས་བྱའི་ཆོས་དེ་དག་ཀུན་ཏུ་རྣམ་པར་དཔྱོད། །མཉམ་བཞག་མི་རྟོག་པས་གང་དུའང་རྣམ་པར་དཔྱོད་མི་མངའ། །སྤྲུལ་པའི་སྐུ་དེ་ཉིད་གནས་རྣམས་ཀུན་ཏུའང་མཐོང་མོད་ཀྱི། །སེམས་ཅན་དམྱལ་བ་སོགས་ཀྱིས་མཐོང་


MR12_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྤྲུལ་པ་དེ་ནི་དེར་སྐྱེས་པ་འདུལ་བའི་ཕྱིར་ཏེ། དེ་དག་སྤྲུལ་སྐུའི་ངོ་བོ་ཉིད་མིན་ཏེ་དམྱལ་བ་པ་དེ་དག་གིས་འདི་ཡང་སེམས་ཅན་དམྱལ་བ་ཡིན་ནོ་ཞེས་ཤེས་པས་དེ་དག་གི་དབང་པོ་དྲུག་གི་སྤྱོད་ཡུལ་མིན་ཡང་ན་འཇིག་རྟེན་ཀུན་ཏུ་ཡང་སངས་རྒྱས་སྤྲུལ་པ་མཐོང་མོད་ཀྱི། སངས་རྒྱས་ཀྱི་ཆོས་སྐུ་ནི་འཇིག་རྟེན་པའི་དབང་པོ་དྲུག་གི་སྤྱོད་ཡུལ་མིན་ཞེས་སོ། །ཉོན་མོངས༡༡་སྤངས་པ་ལ་ཟབ་པ་བྱང་སེམས་ཀྱི་ཉོན་མོངས་ཐུལ་ལ་དེའི་བག་ཉལ་སྤངས་པ་མེད་ཀྱང་ཉོན་མོངས་པའི་ཉེས་པ་མི་སྐྱེད་དེ་ཉོན་མོངས་ཡོངས་སུ་ཤེས་པས་སོ། །དེས་ན་སྔགས་ཀྱིས་བསད་པའི་དུག་དང་འདྲ་དེའི་དབང་གིས་བྱང་སེམས་རྣམས་ཉན་ཐོས་བཞིན་དུ་མྱ་ངན་མི་འདའོ། །སངས་རྒྱས་རྣམས་ནི་དེ་འདྲའི་ཉོན་མོངས་ལས་ཀྱང་། །ཉོན་མོངས་ཟད་པ་དང་ཀུན་མཁྱེན་བརྙེས་སོ། །བསམ་གྱིས་མི་༡༢ཁྱབ་པ་ལ་ཟབ་པ་ཐབས་ཆེན་རྣམས་དང་ལྡན་པ་ལ། ཀུན་འབྱུང་གི་བདེན་པ་ཉོན་མོངས་པ་ཡང་བྱང་ཆུབ་ཀྱི་ཡན་ལག་ལམ་དུ་འགྱུར། །སྡུག་བདེན་འཁོར་བའང་ཞི་བའི་རང་བཞིན་འགོགས་པའི་བདག་ཉིད་དེ། །དེ་ཕྱིར་དེ་བཞིན་གཤེགས་བསམ་ཡས། ༧ །འདི་དག་ནི་ཟབ་པ་རྣམ་པ་བཅུ་གཉིས་སུ་རིག་པར་བྱ་སྟེ། གང་ཞེ་ན། འདི་ལྟ་སྟེ། སྐྱེ་བ་དང་། མྱ་ངན་ལས་འདས་པ་དང་། ཕྲིན་ལས་དང་། གནས་པ་ཟབ་པ་ཉིད་དང་། རྣམ་པར་གནས་པ་དང་། གྲངས་དང་། ཕྲིན་ལས་ཟབ་པ་ཉིད་དང་། མངོན་པར་རྫོགས་པར་བྱང་ཆུབ་པ་ཟབ་པ་ཉིད་དང་། འདོད་ཆགས་བྲལ་བ་ཟབ་པ་ཉིད་དང་། ཕུང་པོ་སྤངས་པ་ཟབ་པ་ཉིད་དང་། སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་ཟབ་པ་ཉིད་དང་། མཐོང་བ་ཟབ་པ་ཉིད་དང་། མངོན་པར་རྫོགས་པར་བྱང་ཆུབ་པ་ཉིད་དང་མྱ་ངན་


MR12_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདས་པ་ཀུན་ཏུ་སྟོན་པ་ཟབ་པ་ཉིད་དང་། བཞུགས་པ་ཟབ་པ་ཉིད་དང་། སྐུ་ཀུན་ཏུ་སྟོན་པ་ཟབ་པ་ཉིད་དང་། ཉོན་མོངས་སྤངས་པ་ཟབ་པ་ཉིད་དང་། བསམ་གྱིས་མི་ཁྱབ་པ་ཟབ་པ་ཉིད་དོ། ༧ །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སངས་རྒྱས་ནི་ཆོས་ཀྱི་སྐུར་རྗེས་སུ་དྲན་ན། རྗེས་སུ་དྲན་པ་དུ་ཞིག་གིས་རྗེས་སུ་དྲན་ཞེ་ན། མདོར་བསྡུ་ན་རྣམ་པ་བདུན་གྱིས་རྗེས་སུ་དྲན་པ་སྒོམ་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཐོགས་པ་མེད་པའི་མངོན་པར་ཤེས་པ་བརྙེས་པའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཐམས་ཅད་ལ་མངའ་དབང་བསྒྱུར་བའི་ངང་ཚུལ་ཅན་ནོ། །ཞེས་སངས་རྒྱས་རྗེས་སུ་དྲན་པ་སྒོམ་མོ། །གལ་ཏེ་ཆོས་ཐམས་ཅད་ལ་དབང་བསྒྱུར་བ་ཡིན་ན་དེས་སེམས་ཅན་ཐམས་ཅད་མྱ་ངན་ལས་ཅིས་མི་བཟླ་ཞེ་ན། འདིར་ཚིགས་སུ་བཅད་པ། གང་ལ་ལས་ཉོན་རྣམ་སྨིན་གྱིས་བསྒྲིབས་ཤིང་མྱ་ང ན་མི་འདའ་བའི་ཆོས་ཉིད་རྒྱུ་རིགས་དང་མི་ལྡན་ལ། །ལས་བྱས་པར་ངེས་པ་དང་རྣམ་སྨིན་སོ་སོར་མྱོང་བར་ངེས་པ་གཉིས་དང་ལྡན་པ་ཡི། །སེམས་ཅན་ཁམས་ལ་ཀུན་ཏུ་ཡང་། །སངས་རྒྱས་རྣམས་ལ་མངའ་དབང་བྱེད་མེད། དེ་བཞིན་གཤེགས་པ་རྣམས་རྒྱུན་མི་འཆད་པར་དྲི་མ་ལས་གྲོལ་བ་ཡི་དེ་བཞིན་ཉིད་ཀྱི་སྐུ་བརྙེས་པ་ཉིད་ཀྱི་ཕྱིར། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་རྟག་པའོ་ཞེས་བྱ་བ་དང་། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་དང་བྲལ་བ་ཉིད་ཀྱི་ཕྱིར། དེ་བཞིན་གཤེགས་པ་རྣམས་མཆོག་ཏུ་ཁ་ན་མ་ཐོ་བ་མི་མངའ་བའོ། །ཞེས་བྱ་བ་དང་། སངས་རྒྱས་ཀྱི་མཛད་པ་ཐམས་ཅད་ལྷུན་གྱིས་གྲུབ་པར་རྒྱུན་མི་གཅོད་པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ལྷུན་གྱིས་གྲུབ་པའོ། །ཞེས་


MR12_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། ཟག་མེད་ཆོས་ཀྱི་ལོངས་སྤྱོད་རྒྱ་ཆེ་བའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ལོངས་སྤྱོད་ཆེན་པོ་མངའ་བའོ། །ཞེས་བྱ་བ་དང་། འཇིག་རྟེན་དུ་བྱུང་ཡང་འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱིས་མ་གོས་པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་གོས་པ་མེད་པའོ་ཞེས་བྱ་བ་དང་། མངོན་པར་བྱང་ཆུབ་པ་དང་། མྱ་ངན་ལས་འདས་པར་ཀུན་ཏུ་སྟོན་པས་ཡོངས་སུ་སྨིན་པར་མ་བྱས་པའི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་མཛད་པ་དང་། ཡོངས་སུ་སྨིན་པར་བྱས་པ་རྣམས་རྣམ་པར་གྲོལ་བར་མཛད་པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་དོན་ཆེན་པོའི་བདག་ཉིད་དོ་ཞེས་བྱ་བར་སངས་རྒྱས་རྗེས་སུ་དྲན་པ་སྒོམ་མོ། །འདིར་ཚིགས་སུ་བཅད་པ།རང་གི་སེམས་ལ་རག་ལས་པ་སྟེ་བཞེད་པ་ཙམ་གྱིས་ཕུན་སུམ་ཚོགས་པའི་ཆོས་ལ་དབང་བསྒྱུར་བ་དང་། རྟག་པ་དང་ཁ་ན་མ་ཐོ་མེད་པའི་དགེ་ལྡན་དང་བསྩལ་མི་དགོས་པར་ལྷུན་གྱིས་གྲུབ་པ་དང་། ཆོས་ཀྱི་ལོངས་སྤྱོད་ཆེན་པོ་རྣམས། །རྗེས་སུ་སྦྱིན་མཛད་པ་དང་ཕུན་སུམ་ཚོགས་ནི་བདུན་པོའི་མཐར་སྦྱར་རོ། །སྡུག་བསྔལ་ལམ་འཇིག་རྟེན་པའི་སྐྱོན་གྱི་དབང་དུ་མ་གྱུར་པར་འཇིག་རྟེན་ན་རབ་ཏུ་རྒྱུ། །སྐྱེ་བོ་མང་པོར་རང་གི་ཕུན་ཚོགས་དེ་ལ་འགོད་པར་འདོད་པ་སྟེ་དོན་ཆེན་པོ་མཛད་དོ། །སངས་རྒྱས་ཀུན་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་བདུན་པོ་འདི་དག་ཀུན། །བློ་ལྡན་བྱང་སེམས་རྣམས་ཀྱིས་རྗེས་དྲན་པར་བྱའོ། །གོང་བཤད་ཀྱི་བྱེ་བྲག་སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཇི་ལྟར་རིག་པར་བྱ་ཞེ་ན། བྱང་ཆུབ་སེམས་དཔའི་སྡེ་སྣོད་སྟོང་ཕྲག་བརྒྱ་པའི་མདོ་


MR12_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

སྡེའི་གླིང་བཞི་ལས་ཇི་སྐད་གསུངས་པ་ལྟ་བུ་སྟེ། བཅོམ་ལྡན་འདས་གཞལ་མེད་ཁང་ཆེན་པོ་རིན་པོ་ཆེ་སྣ་བདུན་གསེར་དང་། དངུལ་དང་། བཻ་ཌཱུརྱ་དང་། སྤུག་དང་། ཤེལ་དང་། རྡོའི་སྙིང་པོ་དང་། མུ་ཏིག་དམར་པོའོ། །རྡོའི་སྙིང་པོ་ནི་ཨཎྚ་རྙིལ་དང་། མཐོན་ཁ་དང་། མཐོན་ཁ་ཆེན་པོ་སོགས་སོ། །མུ་ཏིག་དམར་པོ་ནི་སྲོག་ཆགས་དམར་པོའི་ཁོང་ནས་བྱུང་བའོ། །དེ་ཡང་མཆོག་ཏུ་གྱུར་པ་འོད་འབར་བར་དབྱིབས་ལ་བཀོད་པ་ཁ་དོག་ཕུན་སུམ་ཚོགས༡་པ། རིན་ཆེན་དེ་དག་ལས་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྒྱས་པར་འགེངས་པའི་འོད་ཟེར་ཆེན་པོ་ཤིན་ཏུ་འབྱུང་བའོ། །དབྱིབས་ཕུན་སུམ་ཚོགས་༢པ་གནས་ཀྱི་བྱེ་བྲག་ཡུལ་ཤིན་ཏུ་རྣམ་པར་ཕྱེ་བ་ཚད་དང་མཚན་ཉིད་ལྡན་པ་ཚད་མེད་པ་རྣམ་པར་བཞག་པ་ཚད་ཕུན་ཚོགས༣། དཀྱིལ་འཁོར་རྒྱ་ཚད་འདི་ཙམ་ཞེས་རྒྱ་ཡོངས་སུ་མ་ཆད་པ་ཡུལ་ཕུན་ཚོགས༤། འཇིག་རྟེན་པའི་རྣམ་སྨིན་མིན་པའི་ཕྱིར་འདོད་ཁམས་སོགས་ཁམས་གསུམ་པ་ལས་ཡང་དག་པར་འདས་པ་སངས་རྒྱས་ཀྱི་སྤྱོད་ཡུལ་ལོ། །རྒྱུ་ཕུན་ཚོགས༥། འཇིག་རྟེན་ལས་འདས་པ་མི་རྟོག་ཡེ་ཤེས་དེའི་རྗེས་ཐོབ་བླ་མའི་དགེ་བའི་རྩ་བ་ལས་བྱུང་བ་འབྲས་བུ་ཕུན་ཚོགས༦། དབང་སྒྱུར་བའི་རྣམ་པར་རིག་པ་ཡིད་ཤིན་ཏུ་རྣམ་པར་དག་པའི་ཏེ་དབང་ཐོབ་པའི་ཡིད་འབྱུང་མཚན་ཉིད། བདག་པོ་ཕུན་ཚོགས༧། ཐམས་ཅད་ཀྱི་མཆོག་དེ་བཞིན་གཤེགས་པའི་གནས། ཕྱོགས་ཕུན་ཚོགས༨་བྱང་ཆུབ་སེམས་དཔའ་ཆེན་པོའི་སངས་རྒྱས་དེའི་ཕྱོགས་འཛིན་པ་གནས་པའི་རྟེན། ཞབས་འབྲིང་ཕུན་ཚོགས༩་ལྷ་དང་ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་སྦྲུལ་ཏེ་ཀླུ་དང་མི་དང་མི་མ་ཡིན་པ་ཚད་མེད་པ་རྣམ་པར་རྒྱུ་བ། ཉེ་བར་སྟོན་པ་ཕུན་ཚོགས༡༠་ཆོས་


MR12_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རོས་སམ་ཟས་ཀྱིས་དགའ་བ་དང་བདེ་བ་ཆེན་པོས་སྟོན་པ། ཕྲིན་ལས་ཕུན་ཚོགས༡༡་སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་མཛད་པས་ཉེ་བར་གནས་པ། ཕན་འདོགས་པ་ཕུན་ཚོགས༡༢་ཉོན་མོངས་པ་དང་དེ་ལས་གྱུར་པའི་གནོད་པ་ཐམས་ཅད་དང་བྲལ་བ། འཇིགས་པ་མེད་པ་ཕུན་ཚོགས༡༣་བདུད་བཞི་པོ་ཐམས་ཅད་ཡོངས་སུ་སྤངས་པ། རྟེན་ཕུན་ཚོགས༡༤་བྱང་སེམས་སོགས་ཐམས་ཅད་ཀྱི་བདོག་པ་ལས་ལྷག་པ། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་བཀོད་པ། ལམ་ཕུན་ཚོགས༡༥་ཐོས་བྱུང་དྲན་པ་དང་བསམ་བྱུང་གི་བློ་གྲོས་དང་བསྒོམ་བྱུང་གི་རྟོགས་པ་ཆེན་པོས་འབྲས་བུ་ལ་ངེས་པར་འབྱུང་བ། གཞོན་པ་ཕུན་ཚོགས༡༦་ཞི་གནས་དང་ལྷག་མཐོང་ཆེན་པོའི་ཐེག་པ། སྒོ་ཕུན་ཚོགས༡༧་རྣམ་པར་ཐར་པའི་སྒོ་ཆེན་པོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ནས་འཇུག་པ། ༧ །གཞི་ཕུན་སུམ་ཚོགས༡༨་པ་ཡོན་ཏན་གྱི་ཚོགས་ཚད་མེད་པས་བརྒྱན་པ་ཡང་། ས་གཞི་རླུང་དཀྱིལ་ལ་བརྟེན་པ་ལྟར་རིན་པོ་ཆེ་པདྨའི་རྒྱལ་པོ་ཆེན་པོ་བཀོད་པ་ལ་བརྟེན་པ་ན་བཞུགས་སོ། །ཞེས་བྱ་བ་སྟེ། དེ་ལྟར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་འདིའི་ཁ་དོག་ཕུན་ཚོགས་པ་དང་། དེ་བཞིན་དུ་དབྱིབས་དང་། ཚད་དང་། ཡུལ་དང་། རྒྱུ་དང་། འབྲས་བུ་དང་། བདག་པོ་དང་། ཕྱོགས་དང་། ཞབས་འབྲིང་དང་། སྟོན་པ་དང་།ཕྲིན་ལས་དང་། ཕན་འདོགས་པ་དང་། འཇིགས་པ་མེད་པ་དང་། རྟེན་དང་། ལམ་དང་། བཞོན་པ་དང་། སྒོ་དང་། གཞི་ཕུན་སུམ་ཚོགས་པ་ཡང་བསྟན་ཏོ། །ཡང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དེའི་ལོངས་སྤྱོད་ནི་ཕྱིས་


MR12_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་མེད་པས་ཤིན་ཏུ་གཙང་པའམ་ཤིན་ཏུ་དག་པ། ཤིན་ཏུ་བདེ་བ་འབའ་ཞིག་ལྡན་པས་སྡུག་བསྔལ་དང་བཏང་སྙོམས་མེད་པ་དང་། ཤིན་ཏུ་ཁ་ན་མ་ཐོ་བ་མི་དགེ་དང་ལུང་མ་བསྟན་མེད་པ། ཤིན་ཏུ་དབང་བསྒྱུར་བ་རང་སེམས་ལ་རག་ལས་པའོ། །ཡང་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་དབྱིངས་བརྙེས་པ་ཆོས་སྐུ་དེ་ནི་དུས་ཐམས་ཅད་དུ་ཕྲིན་ལས་ལྔ་དང་ལྡན་པར་རིག་པར་བྱ་སྟེ། སངས་རྒྱས་ཀྱི་སྐུ་མཐོང་བ་ཙམ་གྱིས་ལོང་བ་དང་། འོན་པ་དང་། སྨྱོན་པ་ལ་སོགས་པའི་གནོད་པ་ལས་སྐྱོབ་པའི་ཕྱིར་སེམས་ཅན་རྣམས་ཀྱི་གནོད་པ་ཡོངས་སུ་སྐྱོབ་པའི་ཕྲིན་ལས་ཅན་དང་། མི་དགེ་བའི་གནས་ནས་བླངས་ཏེ་དགེ་བའི་གནས་ལ་འཇུག་པའི་ཕྱིར་ངན་སོང་ལས་ཡོངས་སུ་སྐྱོབ་པའི་ཕྲིན་ལས་ཅན་དང་། མུ་སྟེགས་ཅན་ཐབས་མིན་པས་ཐར་པར་བྱ་ཕྱིར་བརྩོན་པ་རྣམས་ཀྱི་འདུན་པ་བཟློག་ནས་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་འགོད་པའི་ཕྱིར། ཐར་པའི་ཐབས་མ་ཡིན་པ་ལས་ཡོངས་སུ་སྐྱོབ་པའི་ཕྲིན་ལས་ཅན་དང་། ཁམས་གསུམ་ལས་ཡང་དག་པར་འདས་པའི་ལམ་ཆོས་བསྟན་པ་ཉེ་བར་སྒྲུབ་པའི་ཕྱིར་འཇིག་ཚོགས་ལས་ཡོངས་སུ་སྐྱོབ་པའི་ཕྲིན་ལས་ཅན་དང་། ༧ །མ་ངེས་པའི་རིགས་ཅན་གྱི་བྱང་སེམས་ཐེག་པ་དམན་པ་གཞན་ལ་ཡང་དག་པར་ཞུགས་པ་རྣམས་དང་། ཉན་ཐོས་རྣམས་ཐེག་པ་ཆེན་པོ་སྒྲུབ་པ་ལ་རབ་ཏུ་འགོད་པའི་ཕྱིར། ཐེག་པ་ལས་ཡོངས་སུ་སྐྱོབ་པའི་ཕྲིན་ལས་ཅན་ཏེ། སངས་རྒྱས་ཐམས་ཅད་ནི་ཕྲིན་ལས་ལྔ་པོ་འདི་ལ་ཕྲིན་ལས་མཚུངས་པར་བལྟ་བར་བྱའོ། །འདིར་ཚིགས་སུ་བཅད་པ། ལྷ་མི་སོགས་སུ་སྐྱེ་བའི་རྒྱུ་ཐ་དད་པ་དང་གནས་ནི་སེམས་ཅན་སོ་སོའི་དབང་རྟེན་ཁོག་པ་ལུས་ཐ་དད་པ་དང་ཞིང་ལས་འཚོ་སྐྱོང་སོགས་


MR12_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ཐ་དད་དང་ནི་དགེ་སོགས་བསམ་པ་སྣ་ཚོགས་ཐ་དད་དང་། རྩོལ་བ་ཆེ་ཆུང་འབྲིང་སོགས་འདུ་བྱེད་ཐ་དད་ཕྱིར་ན་དེ་ཡི་དབང་གིས་ནི། །འཇིག་རྟེན་རྣམས་ཀྱི་ལས་ནི་ཐ་དད་གྱུར་པར་འདོད། །དེ་མེད་པས་ན་སངས་རྒྱས་རྣམས་ལ་ནི་རྒྱུ་ཚོགས་ཐ་དད་པ་མེད། གནས་ཆོས་སྐུ་ཐ་དད་པ་མེད། དེའི་ཕྱིར་འཕྲོ་བའི་དོན་དང་། ཕན་པ་དེའི་བསམ་པ་དང་རྩོལ་བ་ལྷུན་གྲུབ་ཏུ་གཅིག་ཅིང་ཐ་དད་མེད་པས་འཇིག་རྟེན་འདྲེན་པའི་འཇིག་རྟེན་པ་ལྟར་ཐ་དད་དེ་ལྟ་བུ་མིན་ནོ། །ཐེག་གཅིག་བསྟན་པའི་དགོངས་པ་བཤད་པ་གལ་ཏེ་དེ་ལྟར་ཉན་ཐོས་དང་རང་སངས་རྒྱས་དང་ཐུན་མོང་བ་མ་ཡིན་ཏེ། སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་ཡོན་ཏན་ཕུན་སུམ་ཚོགས་པ་འདི་ལྟ་བུ་འདི་དང་ལྡན་པ་ཡིན་ན། དེ་མ་ཐོབ་པའི་ཉན་རང་གི་འབྲས་བུ་དེ་ལས་དམན་པས་དགོངས་པ་གང་གིས་ཐེག་པ་གཅིག་ལས་མེད་ཅེས་བསྟན་ཅེ་ན། དེའི་དགོངས་པ་འདིར་ཚིགས་སུ་བཅད་པ། མ་ངེས་པའི་རིགས་ཅན་གྱི་ཉན་ཐོས་ཁ་ཅིག་དག་ནི་ཐེག་ཆེན་ལས་གཞན་གྱིས་འབྲས་བུ་མི་ཐོབ་པར་བསྟན་ནས་ཐེག་ཆེན་ལ་དྲངས་ཕྱིར་དང་། །གཞན་ཡང་མ་ངེས་པའི་རིགས་ཅན་གྱི་བྱང་སེམས་ཐེག་ཆེན་གྱིས་ཀུན་ཏུ་བཟུང་བའི་ཕྱིར། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི། །མ་ངེས་རྣམས་ལ་ཐེག་གཅིག་བསྟན། །དེ་བཞིན་ཉིད་གཅིག་ལས་མེད་པ་དང་ཆོས་དང་གང་ཟག་གི་བདག་མེད་པ་མཐུན་པའི་ཕྱིར་དང་ཉོན་སྒྲིབ་གྲོལ་བར་རིགས་མཐུན་ཕྱིར་ན། །རིགས་ནི་ཐ་དད་པར་ཡང་གྱུར་པའི་ཕྱིར་མ་ངེས་པའི་རིགས་ཡོད་པ་དང་། །སངས་རྒྱས་ཀྱིས་ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པས་སེམས་ཅན་ཐམས་ཅད་ཀྱང་བདག་དང་གཉིས་སུ་མེད་པའི་སྐུར་དགོངས་པ་བརྙེས་པའི་བསམ་པ་དང་། ཉན་ཐོས་དང་བྱང་སེམས་ལུང་བསྟན་པ་དེ་དག་གིས་ཀྱང་བདག་ནི་སངས་རྒྱས་སུ་འགྱུར་རོ་ཞེས་སངས་རྒྱས་པའི་བསམ་པ་རྙེད་པ་སྟེ་བསམ་པ་གཉིས་


MR12_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

བརྙེས་ཕྱིར་ཡང་ཐེག་གཅིག་དང་དགེ་སློང་དག་ངས་མངོན་པར་ཤེས་ཏེ། ཉན་ཐོས་ཉིད་དུ་ལན་བརྒྱ་ཕྲག་དུ་མར་བྱས་ནས་མྱ་ངན་ལས་འདས་སོ་ཞེས་གསུངས་པ་ཉན་ཐོས་སུ་སྤྲུལ་པའི་ཕྱིར། །ཐེག་པ་ཐམས་ཅད་ཀྱི་མཐར་ཕྱིན་པ་གཅིག་ལས་མེད་པས་ན་དེ་ལ་དགོངས་ནས་ཐེག་པ་གཅིག་ཅེས་བསྟན་ཏོ། །དེ་ལྟར་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་མཐུན་པ་ཐ་དད་མེད་པ་ཡིན་ན། ཅིའི་ཕྱིར་སངས་རྒྱས་མང་པོར་བལྟ་ཞེ་ན། ཚིགས་སུ་བཅད་པ། འཇིག་རྟེན་གྱི་ཁམས་གཅིག་ན་ནི་སངས་རྒྱས་གཉིས་ལྷན་ཅིག་མེད་པའི་ཕྱིར། །བྱང་སེམས་དཔག་མེད་ལྷན་ཅིག་ཏུ་ཚོགས་བསགས་ཕྱིར། །ཚོགས་བསགས་པ་རྫོགས་པ་དེ་དག་ཁམས་གཅིག་ཏུ་རིམ་གྱིས་འབྱུང་བར་མི་རིགས་ཕྱིར། །འཇིག་རྟེན་གྱི་ཁམས་སོ་སོར་འདུལ་བ་སྟོན་པའི་སངས་རྒྱས་མང་པོར་རབ་ཏུ་གྲགས་པ་ཡིན་ནོ། །སངས་རྒྱས་རྣམས་ཆོས་ཀྱི་སྐུར་གཏན་དུ་ཡོངས་སུ་མྱ་ངན་ལས་འདའ་བ་མ་ཡིན་པར་ཇི་ལྟར་བལྟའ་ཞེ་ན། འདིར་ཚིགས་སུ་བཅད་པ། འདི་ལ་ཉན་ཐོས་ཁ་ཅིག་སངས་རྒྱས་ཕུང་པོ་ལྷག་མེད་དུ་གཏན་མྱ་ངན་འདས་པར་འདོད། ཐེག་ཆེན་ཁ་ཅིག་ལྷག་བཅས་མྱང་འདས་ཀྱི་བསམ་པས་གཏན་དུ་མྱ་ངན་ལས་མི་འདའ་ཞེས་བྱ་བ་དེ་གཉིས་ཀ་མ་ཡིན་ཏེ། དགོངས་པ་སོ་སོའི་ཆ་ནས་གཏན་ཡོངས་སུ་མྱ་ངན་ལས་འདས་སོ། །དགོངས་པ་འགས་ཡོངས་སུ་མྱ་ངན་ལས་མ་འདས་སོ། །དེ་བཤད་པ་སྒྲིབ་པ་ཀུན་ལས་ངེས་གྲོལ་ཕྱི༡ར། །སངས་རྒྱས་ཀྱི་མཛད་པ་རྣམས་ཀྱང་༢མ་རྫོགས་ཕྱིར། །སངས་རྒྱས་གཏན་དུ་༡མྱ་ངན་འདས། །མྱ་ངན་༢འདས་པའང་མིན་པར་འདོད། ༧ །ལོངས་སྤྱོད་རྫོགས་པའི་སྐུ་ཅིའི་ཕྱིར་ངོ་བོ་ཉིད་ཀྱི་སྐུ་མ་ཡིན་ཞེ་ན། རྒྱུ་དྲུག་གི་ཕྱིར་ཏེ། དེ་དག་གཟུགས་ཀྱི་སྐུར་སྣང་བ་ལ་ངོ་བོ་ཉིད་སྐུར་གཟུགས་སྣང་བ་མེད་པ་དང་། སངས་རྒྱས་ཀྱི་འཁོར་


MR12_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དཀྱིལ་འཁོར་ཚད་མེད་པ་དག་ན་ཐ་དད་པར་སྣང་བ་ངོ་བོ་ཉིད་ཐ་དད་སྣང་བ་མེད་པ་དང་། མོས་པ་ཇི་ལྟ་བ་བཞིན་དུ་དེ་དག་གི་སྐུ་ཁ་དོག་སྣ་ཚོགས་ཐ་དད་སོགས་སུ་མཐོང་བས་མ་ངེས་པའི་ངོ་བོ་ཉིད་དུ་སྣང་ཡང་ངོ་བོ་ཉིད་ལ་མ་ངེས་པར་སྣང་བ་མེད་པ་དང་། གནས་སྐབས་གཞན་དང་གཞན་དུ་སྣང་བས་གཡོ་བའི་ངོ་བོ་ཉིད་དུ་སྣང་ཡང་ངོ་བོ་ཉིད་ལ་ནི་གཡོ་བ་མེད་པ་དང་། བྱང་སེམས་དང་ཉན་ཐོས་དང་ལྷ་ཚོགས་འཁོར་སྣ་ཚོགས་དང་འདྲེས་པས་འདྲེས་པར་སྣང་བ་ཡང་ངོ་བོ་ཉིད་ནི་གང་དུ་ཡང་མ་འདྲེས་པ་དང་། ཆོས་ཉིད་ངོ་བོ་ཉིད་སྐུ་ནི་ཀུན་གཞི་རྣམ་ཤེས་གནས་གྱུར་པ་དང་ལོངས་སྐུ་ནི་འཇུག་པའི་རྣམ་ཤེས་གནས་གྱུར་པ་ཡིན་པས་དེ་གཉིས་གནས་གྱུར་ཐ་དད་པས་མི་རིགས་པར་སྣང་བའི་ཕྱིར། ལོངས་སྤྱོད་རྫོགས་སྐུ་ངོ་བོ་ཉིད་སྐུར་མི་རིགས་སོ། །སྤྲུལ་པའི་སྐུ་ཅིའི་ཕྱིར་ངོ་བོ་ཉིད་སྐུ་མ་ཡིན་ཞེ་ན། རྒྱུ་བརྒྱད་ཀྱིས་ཏེ། གྲངས་མེད་གསུམ་གྱི་ཚོགས་བསགས་པས་ངོ་བོ་ཉིད་སྐུར་བྱང་ཆུབ་ནས་སྤྲུལ་པའི་རོལ་པ་སྟོན་གྱི་དངོས་སུ་སྣང་བ་ལྟར་མིན་ཏེ། དོན་གྱི་དབང་དུ་བྱས་ན་བྱང་ཆུབ་སེམས་དཔའ་ཡུན་རིང་པོ་ནས་མི་ཉམས་པའི་ཏིང་འཛིན་ཐོབ་པ་རྣམས། འདོད་ཁམས་དགའ་ལྡན་དང་མི་ཡི་ནང་དུ་ཡང་དངོས་སུ་སྐྱེ་བར་མི་རིགས་ཀྱང་འདུལ་པའི་ཕྱིར་སྤྲུལ་པས་སོ། །སྐྱེ་བ་དྲན་པ་རྣམས་ཡི་གེ་དང་། རྩིས་དང་། གྲངས་དང་། ལག་རྩིས་དང་། བཟོད་དང་། བསྟན་བཅོས་དང་། འདོད་པ་ལ་སྤྱོད་པ་དང་། ལོངས་སྤྱོད་མི་མཁྱེན་པར་གསར་དུ་སློབ་པའང་མི་རིགས་སོ། །ཉེས་བཤད་དང་ལེགས་བཤད་ཀྱི་ཆོས་བསྟན་པ་མཁྱེན་པ་རྣམས། གཞན་མུ་སྟེགས་ཅན་གྱི་གན་དུ་བསམ་གཏན་བསླབ་ཕྱིར་བཞུད་པ་མི་རིགས་སོ། །ཐེག་པ་གསུམ་གྱི་ལམ་གྱི་ཆོས་བཟང་པོ་མཁྱེན་པ་རྣམས་ལུས་གདུང་བའི་དཀའ་བ་སྤྱད་


MR12_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

པ་མི་རིགས་སོ། །འཛམ་བུ་གླིང་བྱེ་བ་ཕྲག་བརྒྱ་བོར་ཏེ་འཛམ་གླིང་གི་གནས་གཅིག་ཏུ་མངོན་པར་རྫོགས་པར་བྱང་ཆུབ་པ་དང་ཆོས་ཀྱི་འཁོར་ལོ་བསྐོར་པར་མི་རིགས་སོ། །དེ་ཐམས་ཅད་ཀྱིས་དེ་ལྟ་བུར་མཚུངས་པར་མཐོང་བའི་ཕྱིར་རོ། །གལ་ཏེ་མངོན་པར་རྫོགས་པར་བྱང་ཆུབ་པ་བསྟན་པའི་ཐབས་མེད་པར་རམ་མི་དགོས་པར་ཡང་ལྷག་མ་རྣམས་སུ་སྤྲུལ་པ་རྣམས་ཀྱིས་སངས་རྒྱས་ཀྱི་མཛད་པ་མཛད་དོ་ཞེ་ན། འོ་ན་དགའ་ལྡན་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་ལ། འཛམ་བུ་གླིང་ཐམས་ཅད་མཚུངས་པར་སངས་རྒྱས་འབྱུང་བར་ཅིའི་ཕྱིར་མི་མངོན་དེ་ལྟར་གླིང་བཞི་ལ་ལན་སངས་རྒྱས་མེད་པའམ་མི་མངོན་པ་ལས་སོ་ཞེ་ན། དེ་ལ་ནི་ལུང་དང་རིགས་པ་མེད་དོ། །དེ་ལྟ་ན་འཇིག་རྟེན་གྱི་ཁམས་གཅིག་ཏུ་ལྷན་ཅིག་སངས་རྒྱས་གཉིས་མི་འབྱུང་བ་དང་འགལ་ཞེན་མི་འགལ་ཏེ། སྤྲུལ་པ་གླིང་བཞིའི་འཇིག་རྟེན་བྱེ་བ་ཕྲག་བརྒྱར་མང་དུ་བྱུང་ན་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ནི་གླིང་བཞི་པར་བསྡུས་པ་ཡིན་པས་དེ་བཞིན་གཤེགས་པ་གཉིས་འཇིག་རྟེན་དུ་འབྱུང་བའི་མདོ་དང་འགལ་བ་མེད་དེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་གཉིས་གླིང་བཞི་པའི་འཇིག་རྟེན་གཅིག་ན་མི་འབྱུང་བ་བཞིན་ཏེ་འཇིག་རྟེན་གཞན་དུ་མིན་ནོ། །འདིར་ཚིགས་སུ་བཅད་པ། སངས་རྒྱས་སྤྲུལ་པ་ཕྲ་བ་ནི། རྣམ་ཀུན་མངོན་རྫོགས་བྱང་ཆུབ་པ། །འཇིག་རྟེན་ཀུན་ཏུ་བསྟན་པ་མཛད་པའི་ཕྱིར། །མཚུངས་པར་མང་པོ་མངལ་དུ་ཞུགས། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྨོན་ལམ་བཏབ་པ་དང་། དེའི་དོན་སྒྲུབ་པ་ཉིད་ཀྱིས་བྱང་ཆུབ་ཆེན་པོ་ཡང་དག་པར་སྒྲུབ་པས་གཏན་དུ་ཡོངས་སུ་མྱ་ངན་ལས་འདའ་བ་མི་རུང་སྟེ། སྨོན་ལམ་བཏབ་པ་དང་། སྒྲུབ་པ་དོན་མེད་པར་འགྱུར་བའི་ཕྱིར་རོ། །ལོངས་སྤྱོད་རྫོགས་པ་


MR12_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྤྲུལ་པའི་སྐུ་གཉིས་མི་རྟག་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་རྟག་པའོ་ཞེས་ཇི་སྐད་བྱ་ཞེ་ན། རྒྱུ་མཐུན་པ་ལོངས་སྐུ་དང་སྤྲུལ་པའི་སྐུ་གཉིས་ཆོས་ཀྱི་སྐུ་ལ་བརྟེན་པའི་ཕྱིར་རོ། །ལོངས་སྤྱོད་རྫོགས་པ་རྒྱུན་མི་འཆད་པ་དང་། སྤྲུལ་པ་ཡང་ཡང་སྟོན་པས་རྟག་པ་ཉིད་དུ་རིག་བར་བྱ་སྟེ། ལོངས་སྐུར་དཔེར་འཇིག་རྟེན་ན་རྟག་ཏུ་བདེ་བར་སྤྱོད་དོ་ཞེས་བྱ་བ་ལུང་མ་བསྟན་སོགས་ཡོད་ཀྱི་བདེ་བ་འབའ་ཞིག་མིན་ཡང་རྒྱུན་ལ་བརྗོད་པ་བཞིན་ནོ། །སྤྲུལ་སྐུའི་དཔེ་རྟག་ཏུ་ཟས་སྤྱིན་པ་ཞེས་བྱ་བ་སྐད་ཅིག་ཀྱང་མི་སྦྱིན་པ་མེད་པ་མིན་གྱི་སྦྱིན་པ་མི་གཏོང་བ་མེད་པའི་ཕྱིར་ནམ་ཡང་ཡང་སྦྱིན་པའི་ཕྱིར་རྙེད་སླ་བ་ལ་དགོངས་པ་བཞིན་ནོ། །རྒྱུ་དྲུག་གིས་ནི་སངས་རྒྱས་རྣམས་སྤྲུལ་པའི་སྐུས་ཏེ་སྐུ་དེ་ཉིད་ཀྱིས་གཏན་དུ་མི་བཞུགས་ཏེ། ཡོངས་སུ་སྨིན་བྱའི་སེམས་ཅན་རྣམ་པར་གྲོལ་བར་མཛད་པས་མཛད་པ་ཡོངས་སུ་རྫོགས་པ་དང་། སངས་རྒྱས་ཀྱི་སྐུ་རྟག་པར་འདོད་པས་མྱ་ངན་ལས་འདས་པ་ལ་འདུན་པ་མེད་པ་བཟློག་པ་དང་། དོན་དྲིས་ཀྱང་དེའི་དོན་རང་གིས་མ་ཤེས་ལ་ཆོས་ཟབ་མོ་བསྟན་པ་ཁོང་དུ་མ་ཆུད་པས་སངས་རྒྱས་ཀྱིས་ལེགས་པར་མ་བསྟན་ཏོ་སྙམ་དུ་སངས་རྒྱས་ལ་བརྙས་པ་བཟློག་པ་དང་། རྒྱུན་དུ་མཐོང་ན་ཁྱད་དུ་བསད་པས་འདས་ནས་དཀོན་པར་ཤེས་ཏེ་སངས་རྒྱས་ལ་སྤྲོ་བ་བསྐྱེད་པ་དང་། སྟོན་པ་མ་དམིགས་པའམ་མ་མཐོང་བས་གདུལ་བྱ་སོ་སོ་རང་གིས་བརྩོན་འགྲུས་བསྐྱེད་བར་བྱ་བ་དང་། སོ་སོ་རང་བརྩོན་འགྲུས་མི་འདོར་བས་མྱུར་བ་ཉིད་དུ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རོ། །དོན་དེ་འདིར་ཚིགས་སུ་བཅད་པ། མཛད་པ་རྫོགས་པར་གྱུར་པའི་ཕྱིར། །ཞི་བ་ལ་མྱུར་བར་མི་འདོད་པའི་ཕྱི་བཤོལ་བཟློག་པའི་ཕྱིར།


MR12_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་རྙེད་མཐོང་མི་དཀའ་འོ་སྙམ་པ་སོགས་སངས་རྒྱས་བརྙས་པ་བཟློག་པའི་ཕྱིར། །སངས་རྒྱས་འབྱུང་བ་དཀོན་པས་སངས་རྒྱས་ལ་སྤྲོ་བ་བསྐྱེད་པར་བྱ་བའི་ཕྱིར། །སོ་སོ་རང་གིས་བརྩོན་འགྲུས་བརྩམ་བྱའི་ཕྱིར། །དགེ་བརྩོན་པ་དེས་མྱུར་དུ་ཡོངས་སུ་སྨིན་པར་བྱའི་ཕྱིར་ན། །སངས་རྒྱས་རྣམས་ནི་སྤྲུལ་པའི་སྐུས། །གཏན་དུ་བཞུགས་པར་མི་བཞེད་དོ། །སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་ཐོག་མ་མེད་པའི་དུས་ནས་དཔག་ཏུ་མེད་པ་ཡོད་དུ་ཟིན་ཀྱང་། །དེའི་ཕྱིར་འབད་པར་མི་བྱའོ། །འདིར་ཚིགས་སུ་བཅད་པ། གལ་ཏེ་སངས་རྒྱས་ཀྱི་སྐུ་བརྙེས་པ་ལ་ཁྱད་མེད་པ་དཔག་ཏུ་མེད་པ། །སེམས་ཅན་རྣམས་ཀྱིས་དེར་འབད་པ་ཉམས་པའི་རྒྱུ་སྟེ་བརྩོན་པ་འདོར་བའི་རྒྱུ་ཡིན་ན། །སྔར་བརྙེས་པ་རྟག་ཏུ་རྒྱུ་མེད་ཉིད་དུ་གྱུར་པའམ། །དེ་མི་འཐད་པ་རྒྱུ་ཡོད་ན་དེ་དག་གིས་བརྙེས་པ་ལྟར་རང་ལ་ཡང་རྒྱུ་ཡི་རྒྱུན་གཅོད་པ་ནི་རིགས་པའི་ཚུལ་མ་ཡིན། །གལ་ཏེ་ཐོག་མ་མེད་པའི་དུས་ནས་ཆོས་ཀྱི་སྐུར་སངས་རྒྱས་པའི་སངས་རྒྱས་དཔག་མེད་ཡོད་པའི་ཕྱིར། དེ་དག་གཅིག་གིས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བར་ནུས་པས། ད་ཡང་སེམས་ཅན་གྱི་དོན་དུ་དེ་ཐོབ་པར་འབད་པ་བྱ་མི་དགོས་སོ་ཞེ་ན། ཅིའི་ཕྱིར་དེ་ལྟར་འབད་མི་རིགས་ཏེ། སངས་རྒྱས་ཐོག་མ་མེད་པའི་དུས་ཅན་ལ་སྐྱོན་ཐམས་ཅད་འབྱུང་བར་ཐལ་བའམ། ཐམས་ཅད་རྒྱུ་མེད་པར་ཐོབ་པ་མ་ཡིན་ལ། རྒྱུ་རྒྱུན་ཆད་པ་མེད་པས་ཐོབ་པ་ཡིན་ནའང་། ད་ཡང་རྒྱུ་ཡོད་བཞིན་རྒྱུ་ཡི་རྒྱུན་གཅོད་པ་ག་ལ་རིགས་ཏེ། སངས་རྒྱས་ཀྱི་བདེ་ཆེན་རྟག་པ་རང་གིས་ཐོབ་པའང་སངས་རྒྱས་མང་པོ་ཡོད་པས་ཆུང་བར་མི་འགྱུར་ལ། རང་གི་སྨོན་ལམ་བཏབ་པའི་འབྲས་བུའང་སངས་རྒྱས་མང་པོ་ཡོད་པས་ཆུང་བར་མི་འགྱུར་ཏེ་སླད་ནས་སངས་རྒྱས་སྟོང་ཀྱང་སངས་རྒྱས་སྔ་མའི་ཕྲིན་ལས་ཡིན་པས། རྒྱུ་ལ་འབད་པ་ཉམས་པ་ཚུལ་མ་ཡིན་ནོ། །གཞན་


MR12_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྙིང་རྗེས་རྒྱུད་བསྒོས་པའི་བྱང་སེམས་རྣམས་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་བརྩེ་བ་འབྱུང་བས། སེམས་ཅན་གྱི་དོན་གཞན་གྱིས་བྱེད་ཀྱང་རུང་མི་བྱེད་ཀྱང་རུང་བདག་གིས་མི་བྱའོ་ཞེས་མི་རིགས་ཏེ། མས་བུའི་གནོད་པ་བསལ་བ་དང་བདེ་བསྒྲུབ་པ་བཞིན་ཡིན་པས་སངས་རྒྱས་ཀྱི་དོན་འབད་པ་ཉམས་པར་བྱེད་མི་རིགས་སོ། །ཐེག་པ་ཆེན་པོ་བསྡུས་པ་སློབ་དཔོན་ཤིང་རྟ་ཆེན་པོ་འཕགས་པ་ཐོགས་མེད་ཀྱིས་མཛད་པ་རྫོགས་སོ། །པཎྜི་ཏ་ཛི་ན་མི་ཏྲ་དང་ཤཱི་ལེནྟྲ་བོ་དྷི་དང་བན་དེ་ཡེ་ཤེས་སྡེས་བསྒྱུར་བའོ། །ཤིང་རྟ་ཆེ་གསུང་མཚོ་ལྟར་རྒྱ་ཆེ་བས། །ཤེས་བརྩོན་ཞན་རྣམས་དེར་འཇུག་སྤོབས་པ་དམན། །རང་བློ་གོམས་ཕྱིར་སྐབས་སུ་ཚིག་སྣ་བསྡུས། །དོན་ཀུན་ཚང་པར་བཀོད་དོ་དགེ་གྱུར་ཅིག །རབ་ཚེས་ལྕགས་ཕག་ཟླ་ཚེས་ལ་གྲུབ་མི་ཕམ་པས་སོ། །དགེའོ། །མངྒ་ལཾ། །མཆན་འདི་ཡང་དབྱིག་གཉེན་གྱི་འགྲེལ་བ་དང་། དོན་གསང་བ་རྣམ་པར་ཕྱེ་བ་བསྡུས་པ་གཉིས་དང་ཡང་སྒོ་བསྟུན་ཞིང་། གཙོ་བོར་བཙུན་པ་ངོ་བོ་ཉིད་མེད་པས་མཛད་པའི་འགྲེལ་བ་ལོ་ཙཱ་བ་ཡེ་ཤེས་སྡེ་སོགས་ཀྱིས་བསྒྱུར་བའི་སྔ་འགྱུར་དང་མཐུན་པར་ཐམས་ཅད་མཁྱེན་པ་མི་ཕམ་ཆོས་རྗེའི་ཕྱག་བྲིས་ལས་བཅོས་བསྒྱུར་མེད་པར་ཞེ་ཆེན་དུ་ཞལ་བཤུས་པའོ། །འདིས་ཀྱང་བདག་གཞན་སྐྱེ་ཀུན་ཏུ། །ཟབ་དང་རྒྱ་ཆེ་བླ་མེད་པའི། །ཐེག་ཆེན་ཆོས་ཀྱི་སྣོད་གྱུར་ཏེ། །ཀུན་མཁྱེན་ཡེ་ཤེས་མངོན་བྱེད་ཤོག །མངྒ་ལཾ་དགེའོ།། །།


previousཐེག་ཆེན་བསྡུས་པའི་སྙིང་པོ་མཆན་བཅས།next