Nitartha Digital Library
Tibetan
གླེགས་བམ་ཉེར་ལྔ་པ།

15 occurrences of རྒྱུད་གསུམ་
[Clear Hits]


 
དུས་འཁོར་སྒྲུབ་ཐབས་སྙིང་པོ་རབ་གསལ།
  
  
  
 
 
 
 
  
  


15 occurrences of རྒྱུད་གསུམ་
[Clear Hits]

 
no previousདུས་འཁོར་སྒྲུབ་ཐབས་སྙིང་པོ་རབ་གསལ།next

དུས་འཁོར་སྒྲུབ་ཐབས་སྙིང་པོ་རབ་གསལ།


MR25_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

སཱ དྷ ཧྲྀ ད ཡཾ པྲ ཀཱ ཤ ནཱ མ ཀཱ ལ ཙ ཀྲ བི ཧ ར ཏི སྨ།
དུས་འཁོར་སྒྲུབ་ཐབས་སྙིང་པོ་རབ་གསལ་ཞེས་བྱ་བ་བཞུགས་སོ། །


MR25_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མཉྫུ་ཤྲཱི་དྷརྨ་དྷཱ་ཏུ་ཝཱ་གཱི་ཤྭ་རཱ་ཡ། བླ་མ་མཆོག་དང་ཡི་དམ་ལྷག་པའི་ལྷ། །ཨེ་ཝཾ་ཟུང་འཇུག་སྲིད་ཞིའི་ཁྱབ་བདག་ཆེ། །དཔལ་ལྡན་རྡོ་རྗེ་སེམས་དཔའ་དུས་འཁོར་ཞེས། །དྲན་པས་མཆོག་སྩོལ་དེ་ལ་གུས་བཏུད་ནས། །རང་ཉིད་མོས་པའི་ཕྱིར་དང་སྐལ་མཉམ་འགྲོ། །གཞན་ལ་ཕན་ཕྱིར་ཀཱ་ལ་ཙཀྲ་ཡི། །དཀྱིལ་འཁོར་འཁོར་ལོའི་སྒྲུབ་ཐབས་སྙིང་པོ་ནི། །བློ་སྣང་རབ་ཏུ་གསལ་བྱེད་སྤེལ་བར་བྱ། །དེ་ཡང་ལྷ་འདི་ཉིད་ཀྱི་དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྒྲུབ་པ་པོས། དཀྱིལ་འཁོར་བསྒྲུབ་པ་ལ་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ནས། བདེ་བའི་གནས་སུ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འཁོད་དེ། སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱི་རིམ་པས་སྒྲུབ་ཐབས་ལ་འཇུག་པར་བྱ་བ་ལས། དང་པོ་སྔོན་འགྲོ་ལ། ཐུན་མོང་དང་ཐུན་མོང་མིན་པ་གཉིས་ལས། དང་པོ་ལ་སྐྱབས་འགྲོ་སེམས་བསྐྱེད་རྡོར་སེམས་བསྒོམ་བཟླས་གསུམ་ལས།


MR25_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སོགས་དང་། སངས་རྒྱས་ཆོས་ཚོགས་མའི་སྐྱབས་སེམས་བྱ། ཚད་མེད་བཞི་བསྒོམས་ནས། རང་གི་སྤྱི་བོར་པདྨ་དང་ཟླ་བའི་གདན་ལ་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་ཐོད་འཛིན་པ་ལ་འཁྱུད་ཅིང་རྡོ་རྗེ་དང་པདྨའི་སྐྱིལ་ཀྲུང་གིས་མཉམ་པར་སྦྱོར་བའི་ཡབ་ཀྱི་ཐུགས་ཀར་ཉི་གདན་ལ་ཧཱུྃ་ཡིག་གི་མཐར་ཡི་གེ་བརྒྱ་པའི་སྔགས་ཕྲེང་གིས་བསྐོར་བ་གསལ་བཏབ་ལ་བཅོམ་ལྡན་འདས་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉམས་ཆག་ཐམས་ཅད་སྦྱང་བར་མཛད་དུ་གསོལ་སྙམ་དུ་གུས་པའི་ཡིད་ཀྱིས་ཡི་གེ་བརྒྱ་པ་བཟླས་པས། ཐུགས་སྲོག་སྔགས་ཕྲེང་ལས་བདུད་རྩི་དཀར་


MR25_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རྒྱུན་བབས་པ་རང་གི་ཚང་བུག་ནས་ཞུགས་ཏེ་སྡིག་སྒྲིབ་ཉམས་ཆག་ཐམས་ཅད་སྦྱང་བར་བསམ་ལ། རྡོར་སེམས་ཡིག་བརྒྱའམ། ཧེ་རུ་ཀའི་ཡིག་བརྒྱ་ཅི་ནུས་བཟླས་མཐར། མགོན་པོ་བདག་ནི་སོགས་ཀྱིས། གསོལ་བ་བཏབ་པས་རྡོར་སེམས་ཡབ་ཡུམ་འོད་དུ་ཞུ་ནས་རང་ལ་ཐིམ་པས་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་དང་དབྱེར་མེད་དུ་གྱུར་པར་བསམ་མོ། །གཉིས་པ་ཐུན་མིན་སྔོན་འགྲོ་ལ། རྡོ་རྗེའི་ཞལ་དག་རིགས་དྲུག་སོགས་དགོད་དང་། །བདུད་ཚོགས་གཞོམ་ཞིང་སྲུང་བའི་འཁོར་ལོ་བསྒོམ། །བསོད་ནམས་ཚོགས་བསགས་ཡེ་ཤེས་ཚོགས་བསགས་ཏེ།། སྤྱི་སྡོམ་རྣམ་པ་དྲུག་ཏུ་བསྟན་པའོ། །ཞེས་པ་ལྟར་དྲུག་ལས། དང་པོ། བྱིན་གྱིས་བརླབས་པའི་ནང་མཆོད་དམ། བདུད་རྩི་རིལ་བུ་གཡོན་པའི་མཐེབ་སྲིན་གྱིས་ལྕེ་ཐོག་བཞག་ལ། རང་གི་གཙུག་ཏོར་གྱི་སྟེང་དུ་ཝཾ་ཡིག་ཡོངས་གྱུར་རྡོ་རྗེ་ཟླ་བའི་དཀྱིལ་འཁོར་ཆ་བཅུ་དྲུག་པ་ཡོངས་སུ་རྫོགས་པ། དེ་ཞུ་བ་རང་གི་ལུས་ལ་ཞུགས་པས་སྤྱི་གཙུག་ནས་རྐང་སེན་གྱི་བར་དུ་མ་དག་པའི་ལུས་སྦྲུལ་གྱི་ཤུ ན་པ་ལྟར་ལན་གསུམ་དོར་ཏེ། ལུས་དང་ངག་དང་སེམས་དང་ཡེ་ཤེས་རྣམ་པར་དག་པ་རྡོ་རྗེ་བདུད་རྩིའི་ཟླ་བ་དྲི་མ་མེད་པ་ལྟར་གྱུར་པར་བསམ་ལ། ཨོཾ་ཨཱཿཧཱུྃ་ཧོ་ཧཾ་ཀྵཿ ཞེས་བརྗོད་དོ། །གཉིས་པ་ལ་རིགས་དྲུག་འགོད་པ་དང་། རྡོ་རྗེ་བཞི་འགོད་པ་དང་། ཡན་ལག་དྲུག་འགོད་པ་གསུམ་ལས་དང་པོ་རིགས་དྲུག་འགོད་པ་ནི། སྭ་བྷཱ་ཝས་སྦྱངས་ལ། དཔྲལ་བ་ཨོཾ་དཀར་པོ་ལས་སྣང་བ་མཐའ་ཡས་དཀར་པོ། མགྲིན་པར་ཨཱཿདམར་པོ་ལས་


MR25_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་འབྱུང་ལྡན་དམར་པོ། སྙིང་གར་ཧུཾ་ནག་པོ་ལས་དོན་ཡོད་གྲུབ་པ་ནག་པོ། ལྟེ་བར་ཧོཿ་་་་སེར་པོ་ལས་རྣམ་པར་སྣང་མཛད་སེར་པོ། གཙུག་ཏོར་དུ་ཧཾ་ལྗང་གུ་ལས་མི་བསྐྱོད་པ་ལྗང་གུ། གསང་བར་ཀྵཱ་སྔོན་པོ་ལས་རྡོ་རྗེ་སེམས་དཔའ་སྔོན་པོ་རྣམས་ཞལ་གསུམ་ཕྱག་དྲུག་པ་དཔའ་བོ་གཅིག་པའི་རྣམ་པར་གྱུར། གཉིས་པ་རྡོ་རྗེ་བཞི་དག་པ་ནི། ལག་པ་ཕན་ཚུན་མཉེ་ཞིང་བཀྲུ་བའི་ཕྱག་རྒྱ་བྱས་ལ། ཨོཾ་ཧྲཿསརྦ་ཨསྟྲ་རཱ་ཛ། མཱ་ར་ཀླེ་ཤ་ཨནྟ་ཀ་ར། བཛྲ་ཏིཀྵྞཱ་དུཿཁཿཙྪེ་ད། མ་མ་ཀ་རཾའང་རི་བི་ཤོ་དྷ་ཡ་སྭཱ་ཧཱ། ཞེས་བརྗོད། ལག་གཡོན་མཐེའུ་ཆུང་ནས་བརྩམ་སྟེ་མཐེ་བོའི་བར་གྱི་རྩ་བའི་ཚིགས་ལྔ་ལ། ཨ་ཨི་རྀ་ཨུ་ལྀ། བར་པའི་ཚིགས་ལ། ཨ་ཨེ་ཨར་ཨོ་ཨལ། རྩེ་མོའི་ཚིགས་ལ། ཧ་ཡ་ར་ཝ་ལ། སྟེ་དབྱངས་བཅོ་ལྔའི་བདག་ཉིད་ཀྱི་ཟླ་བའི་དཀྱིལ་འཁོར་ཆ་ཡོངས་སུ་གང་བ། ལག་གཡས་མཐེ་བོ་ལ་སོགས་པའི་རྩེ་མོའི་ཚིགས་ལ། ལཱ་ཝཱ་རཱ་ཡཱ་ཧཱ། བར་གྱི་ཚིགས་ལ། ཨཱལ་ཨཽ་ཨཱར་ཨཻ་ཨཱ། རྩ་བའི་ཚིགས་རྣམས་སུ། ལཱྀ་ཨཱུ་རཱྀ་ཨཱི་ཨཱ། སྟེ་དབྱངས་བཅོ་ལྔའི་བདག་ཉིད་ལས་གྲུབ་པ་ཡང་དག་པར་ཆ་གང་བའི་ཉི་མ། དེ་གཉིས་ཁ་སྦྱར་བའི་དབུས་སུ་སྒྲ་གཅན་གྱི་ས་བོན་ཧཱུྃ་སྔོན་པོ་བསམས་ཏེ། ཟླ་ཉི་སྒྲ་གཅན་གྱི་ས་བོན་དེ་དག་ཡོངས་སུ་གྱུར་པ་ལས་ལག་པ་རྡོ་རྗེ་རྩེ་ལྔ་པར་གྱུར་པར་བསམ་ལ། རྡོ་རྗེ་ཁུ་ཚུར་གཉིས་ཁ་སྦྱར་བའི་མཐེ་བོང་དང་མཐེའུ་ཆུང་བརྐྱངས་བ་པད་འདབ་ལྟར་བྱ།


MR25_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

གུང་མོ་གཉིས་མཉམ་དུ་བརྐྱངས་པའི་རྒྱབ་ཏུ་མཛུབ་མོ་གཉིས་ཕྱེད་འཁྱོགས་པའི་ཚུལ་དུ་བཞག །མིང་མེད་འོག་ཏུ་ལག་མཐིལ་དུ་བསྐུམས་པ་རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་དེས། སྤྱི་བོའི་གཙུག་ནས་རྐང་སེན་བར་ལུས་ཐམས་ཅད་ལ་རེག་ཅིང་། ཨོཾ་ཨཱཿཧཱུྃ་ཧོ་ཧཾ་ཀྵ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀྩིཏྟ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ཅིང་རྡོ་རྗེ་བཞིར་དག་པའི་ང་རྒྱལ་བྱའོ། །གསུམ་པ་ཡན་ལག་དྲུག་འགོད་པ་ནི། ཐལ་མོ་སྦྱར་བའི་མཐེ་བོང་གཉིས་ཀྱིས་སྙིང་གར་རེག་ལ། ཨོཾ་ཧྲླཱྀ་ཧྲྀ་ད་ཡཱ་ན་མཿ དཔྲལ་བར། ཨོཾ་ཧྲཱུཾ་སི་ར་སེ་ན་མཿ གཙུག་ཏོར་དུ། ཨོཾ་ཧྲྼཱྀཾ་ཤི་ཁཱ་ཡི་བཽ་ཥཊ྄། ཡན་ལག་རྣམས་ལ་རེག་སྟེ། ཨོཾ་ཧྲཱིཾ་ཀ་པ་ཙ་ཡ་ཧཱུཾ། མིག་གཉིས་ལ། ཨོཾ་ཧྲཱཾ་ནེ་ཏྲཱ་ཡ་ཝ་ཥཊ྄ཾ། གཡོན་པའི་མཐེབ་མཛུབ་ཕྱོགས་བཅུར་བརྡབ་ལ། མཚོན་ཆ་བཀོད་ཅིང་། ཨོཾ་ཧྲཱཿཨསྟྲཾ་ཡ་ཕཊ། ཅེས་བརྗོད་དོ། །སྐབས་འདིར་ཕྱག་རྒྱ་དེས་ལྟེ་བར། ཧྲླཱྀཾ། སྙིང་གར། ཧྲཱུཾ། མགྲིན་པར། ཧྲྠཱྀཾ། དཔྲལ་བར། ཧྲཱིཾ། གཙུག་ཏོར་དུ། ཧྲཱཾ། གསང་གནས། ཧྲཱཿ ཞེས་བཀོད་ཅིང་གོང་ལྟར་མཚོན་ཆའི་སྔགས་བརྗོད་པའང་ཡོད། གོང་མས་འཐུས་པར་མཛད་པའང་ཡོད་དོ། །གསུམ་པ་བདུད་ཚོགས་གཞོམ་པ་ལ། དེའི་སྔོན་དུ་ཡུལ་བདག་ལ་གཏོར་མ་གཏོང་བ་ནི། རྒྱས་པར་ནང་མཆོད་ལྟར་བྱིན་བས་བྱ། བསྡུ་ན་ཞིང་སྐྱོང་གི་གཏོར་མ་བཤམས་ལ། ཨོཾ་ཨཱཿཧཱུཾ་ཏྲ་ཕཊ་ཀྱིས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མེ་རླུང་དང་བཅས་པའི་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཐོད་པ་དུམ་བུ་གཅིག་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ལྔ་དང་བདུད་རྩི་ལྔ་གནས་པ་རང་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་མེ་རླུང་


MR25_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྦྱོར་བས་ཞུ་ཞིང་ཁོལ་བ་རྡོ་རྗེས་དཀྲུགས་ཤིང་འདྲེས་པ་རྡོ་རྗེ་དང་བཅས་པའི་རྫས་རྣམས་རོ་གཅིག་ཟླ་བ་ཞུ་བའི་གཟུགས་སུ་གྱུར། ཨོཾ་ཨཱཿཧཱུྃ་ཧོས། སྦྱང་སྤེལ་བསྒྱུར་ཞིང་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིར་གྱུར། འཇིག་རྟེན་གསུམ་རྒྱལ་གྱི་ཕྱག་རྒྱས། ཨོཾ་ཨཱཿཧཱུྃ་ཡུལ་གྱི་བདག་པོ་ས་པ་རི་ཝཱ་ར་ས་མཱ་ཛཿ སྤྱན་དྲངས་ཁྱི་ཡི་ཕྱག་རྒྱས། ཨོཾ་ཨཱཿཧཱུཾ། ཡུལ་བདག་གྲོང་བདག་གནས་བདག་རྣམས། །འཁོར་དང་བཅས་ལ་གཏོར་མ་དྲི། །མེ་ཏོག་བདུག་པ་སྒྲོན་མེ་དང་། །མ་ཉམས་པ་དག་བདག་འབུལ་གྱིས། །འཁོར་དང་བཅས་པ་མྱུར་བ་རུ། །ཛཿཧཱུྃ་བྃ་ཧོ་བྱོན་པར་མཛོད། །གཏོར་མ་འདི་ནི་བཟུང་བར་མཛོད། །གསོལ་བར་མཛོད་ཅིག་བཏུང་བར་མཛོད། །འཁོར་དང་བཅས་པ་ཅན་རྣམས་ཀྱིས། །སེམས་ཅན་ཀུན་ལ་ཞི་བ་དང་། །རྒྱས་པ་དང་ནི་སྲུང་བ་དང་། །བསྐྱབ་དང་སྤ་བར་མཛད་དུ་གསོལ། །གནས་འདི་དོར་ནས་དཀྱིལ་འཁོར་གྱི། །ས་ལ་གནས་མཛོད་ཧཱུཾ་ཧཱུཾ་ཕཊ། །རྡོ་རྗེ་འཆང་གི་བཀའ་བཞིན་མཛོད་སྭཱ་ཧཱ། །འདི་གཏོར་མ་ཕུལ་འབུལབའི་སྔགས་བོད་སྐད་དུ་བསྒྱུར་བ་ཡིན་པས་འདིས་ཀྱང་ཆོག་པས་འཇུག་པ་བདེ། གལ་ཏེ་ལེགས་སྦྱར་སྐད་དུ་བཀླག་པར་འདོད་ན་གཏོར་སྔགས་ལྟར་བྱ། བསྡུ་ན། ཨ་ཀཱ་རོས་ཕུལ་ཀྱང་རུང་ངོ་། །དེ་ནས་ལག་པའི་རྒྱབ་བསྟན་པའི་སེ་གོལ་དང་། ཀྵཿ ཞེས་བརྗོད་པས་གཤེགས་སུ་གསོལ་བར་བྱའོ། །གསུམ་པ་བདུད་གཞོམ་པ་དངོས་ལ་ཐོག་མར་ལུས་ལ་རྡོ་རྗེ་བཀོད་ཅིང་དེ་ལས་སྤྲོས་པའི་རྡོ་རྗེའི་མེ་དཔུང་རྣམས་ཀྱིས་བདུད་གཞོམ་པར་བྱ་སྟེ།


MR25_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

དཔྲལ་བར་ཟླ་དཀྱིལ་ལ་ཨོཾ་དཀར་པོ་ལས་རྡོ་རྗེ་དཀར་པོ་རྩེ་མོ་བཅུ་བདུན་པ། མགྲིན་པར་ཉི་དཀྱིལ་ལ་ཨཱ་དམར་པོ་ལས་རྡོ་རྗེ་དམར་པོ་རྩེ་མོ་སུམ་ཅུ་རྩ་གསུམ་པ། སྙིང་གར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཧཱུྃ་ནག་པོ་ལས་རྡོ་རྗེ་ནག་པོ་རྩེ་མོ་དགུ་པ། ལྟེ་བར་དུས་མེའི་དཀྱིལ་འཁོར་ལ་ཧོ་སེར་པོ་ལས་རྡོ་རྗེ་སེར་པོ་རྩེ་མོ་དྲུག་ཅུ་རྩ་ལྔ་པ། གཙུག་ཏོར་དུ་ནམ་མཁའི་དཀྱིལ་འཁོར་ལ་ཧཾ་ལྗང་གུ་ལས་རྡོ་རྗེ་ལྗང་གུ་རྩེ་མོ་ལྔ་པ། གསང་བར་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཀྵཿསྔོན་པོ་ལས་རྡོ་རྗེ་སྔོན་པོ་རྩེ་མོ་སུམ་ཅུ་རྩ་གསུམ་པ་རྣམས་བཀོད། ཕྱི་རོལ་དུ་ལུས་གཡོན་ཕྱོགས་ཀྱི་ཕྲག་པ་དང་འབྲེལ་བ་དཔུང་པའི་ཚིགས་དང་། མཐེའུ་ཆུང་ལ་སོགས་པ་ལག་སོར་གྱི་རྩ་བའི་ཚིགས་རྣམས་སུ། ང་ངི་ངྼྀ་ངུ་ངླྀ་ངཾ་། གྷ་གྷི་གྷརྀ་གྷ་གྷི་གྷྼྀ་གྷུ་གྷླྀ་གྷཾ། ག་གི་གྼྀ་གུ་གླྀ་གཾ ཁ་ཁི་ཁྼྀ་ཁུ་ཁླྀ་ཁཾ། ཀ་ཀི་ཀྼྀ་ཀུ་ཀླྀ་ཀཾ། རྣམས་དང་། གཡས་ཀྱི་ཕྲག་ཚིགས་དང་མཐེ་བོང་ལ་སོགས་པའི་ལག་སོར་རྩ་བའི་ཚིགས་རྣམས་སུ། ཀྐཱཿཀྐླཱྀ་ཀྐཱུ་ཀྐྼཱྀ་ཀྐཱི་ཀྐཱ། ཁྑཱཿཁྑླཱྀ་ཁྑཱུ་ཁྑྼཱྀ་ཁྑཱི་ཁྑཱ། གྒཱཿ གྒླཱྀ་གྒཱུ་གྒྼཱྀ་གྒཱི་གྒཱ། གྷྒྷཱཿགྷྒྷླཱྀ་གྷྒྷཱུ་གྷྒྷཱི་གྷྒཱུ ངྔཱཿངྔླཱྀ་ངྔཱུ་ངྔྼཱྀ་ངྔཱི་ངྔཱ། རྣམས་ལས་བྱུང་བའི་རྡོ་རྗེ་ལྗང་གུ་རྩེ་མོ་སུམ་ཅུ་རྩ་གཅིག་པ་དང་། རྩེ་མོ་བདུན་པ་རྣམས་སུ་གྱུར། རྩེ་མོ་སོ་གཅིག་པ་རྣམས་ཕྲག་པ་སོགས་ཚིགས་ཆེན་དང་། བདུན་པ་རྣམས་སོར་ཚིགས་ལ་འགོད་པ་འོག་མ་རྣམས་ལའང་ཤེས་པར་བྱའོ། །དེ་བཞིན་དུ་གཡོན་གྱི་གྲུ་མོ་དང་། འདི་ལ་


MR25_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བའི་དཔུང་ཚོགས་ཀྱང་ཟེར། མཐེའུ་ཆུང་ལ་སོགས་པའི་དབུས་ཀྱི་ཚིགས་རྣམས་སུ། ཉ་ཛྷ་ཛ་ཚ་ཙ་རྣམས་དང་། དབྱངས་དྲུག་གིས་སྤེལ་བ་སུམ་ཅུ། གཡས་ཀྱི་གྲུ་མོ་དང་མཐེ་བོང་ལ་སོགས་པའི་དབུས་ཀྱི་ཚིགས་རྣམས་སུ། ཙྩཱ་ཚྪཱ་ཛྫཱ་ཛྷྫྷཱ་ཉྙཱ། རྣམས་དབྱངས་དྲུག་གིས་སྤེལ་བ་སུམ་ཅུ་རྣམས། ལས་བྱུང་བའི་རྡོ་རྗེ་ནག་པོ་རྩེ་མོ་སུམ་ཅུ་རྩ་གཅིག་པ་དང་། རྩེ་མོ་བདུན་པ་རྣམས་སུ་གྱུར། འདིར་གཡོན་གྱི་རྡོ་རྗེ་རྣམས་ཀྱི་ས་བོན། སྡེ་བའི་ཡི་གེ་གོ་རིམ་ལས་བཟློག་སྟེ་བཀོད་པ་རེ་རེ་བཞིན་དུ། ཨ་ཨི་རྀ་ཨུ་ལྀ་ཨཾ། དྲུག་གིས་སྤེལ་བ་སུམ་ཅུ་དང་། གཡས་ཀྱི་རྡོ་རྗེའི་ས་བོན་རྣམས་སྡེ་བའི་ཡི་གེ་ལྔ་པོ་རིམ་བཀོད་རེ་རེ་བཞིན་ཡང་བརྩེགས་པ་ལ། ཨཱཿལཱྀ་ཨཱུ་རཱྀ་ཨཱི་ཨཱ། དྲུག་གིས་སྤེལ་བས་སུམ་ཅུ་ཡིན་ལ་དེ་ཡང་ཚིགས་ཆེན་རྣམས་ལ་ཡི་གེ་སུམ་ཅུ་དང་། སོར་ཚིགས་རྣམས་ལ་སྡེ་ཚན་གྱི་ཡི་གེ་དྲུག་ལས་རྡོ་རྗེ་བསྐྱེད་པ་ཡིན་པ་ངེས་པར་བྱའོ། །གཡོན་གྱི་མཁྲིག་ལག་ཚིགས་ཟེར། ཚིགས་དང་མཐེའུ་ཆུང་ལ་སོགས་སོར་མོའི་སྟེང་གི་ཚིགས་རྣམས་སུ། ཎ་ཌྷ་ཌ་ཋ་ཊ། རྣམས་དང་།གཡས་ཀྱི་མཁྲིག་ཚིགས་དང་མཐེ་བོང་ལ་སོགས་པའི་སྟེང་གི་ཚིགས་རྣམས་སུ། ཊྚཱཿ་ཋྛཱ་ཌྜཱ་ཌྷྜྷཱ་ཎྞཱ། རྣམས་ལས་བྱུང་བའི་རྡོ་རྗེ་དམར་པོ་རྩེ་མོ་སུམ་ཅུ་རྩ་གཅིག་པ་དང་རྩེ་མོ་བདུན་པ་རྣམས་སུ་གྱུར། རྐང་པ་གཡོན་གྱི་དཔྱི་དང་མཐེའུ་ཆུང་ལ་སོགས་པའི་རྩ་བའི་ཚིགས་རྣམས་སུ། མ་བྷ་བ་ཕ་པ་རྣམས་དང་། རྐང་པ་གཡས་ཀྱི་དཔྱི་དང་བརླའི་ཚིགས་སོ། །མཐེ་བོང་ལ་སོགས་པའི་རྩ་བའི་ཚིགས་རྣམས་སུ། པྤཱཿ་ཕྥཱ་བྦཱ་བྷྦྷཱ་མྨཱ།


MR25_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལས་བྱུང་བའི་རྡོ་རྗེ་དཀར་པོ་རྩེ་མོ་སུམ་ཅུ་རྩ་གཅིག་པ་དང་རྩེ་མོ་བདུན་པ་རྣམས་སུ་གྱུར། རྐང་པ་གཡོན་གྱི་པུས་མོ་དང་། མཐེའུ་ཆུང་ལ་སོགས་པའི་དབུས་ཀྱི་ཚིགས་རྣམས་སུ། ན་དྷ་ད་ཐ་ཏ། རྣམས་དང་། རྐང་པ་གཡས་ཀྱི་པུས་མོ་དང་མཐེ་བོང་ལ་སོགས་པའི་དབུས་ཀྱི་ཚིགས་རྣམས་སུ། ཏྟཱཿཐྠཱ་དྡཱ་བྷྦྷཱ་ནྣཱ། རྣམས་ལས་བྱུང་བའི་རྡོ་རྗེ་སེར་པོ་རྩེ་མོ་སུམ་ཅུ་རྩ་གཅིག་པ་དང་རྩེ་མོ་བདུན་པ་རྣམས་སུ་གྱུར། གཡོན་གྱི་ལོང་བུའི་རྐང་ཚིགས་དང་མཐེའུ་ཆུང་ལ་སོགས་པའི་ཚིགས་སྟེང་མ་རྣམས་སུ། ྈྐ་ཤ་ཥ་ཀྤ་ས། རྣམས་དང་། གཡས་ཀྱི་ལང་ཚིགས་དང་མཐེ་བོང་ལ་སོགས་པའི་ཚིགས་སྟེང་མ་རྣམས་སུ། སྶཱཿཀྤྐྤཱ་ཥྵཱ་ཤྴཱ་ྈྐྈྐཱ། རྣམས་ རྐང་ཚིགས་ཀྱང་ཟེར་ལས་རྡོ་རྗེ་སྔོན་པོ་རྩེ་མོ་སུམ་ཅུ་རྩ་གཅིག་པ་དང་། རྩེ་མོ་བདུན་པ་རྣམས་སུ་གྱུར། རྣ་བ་གཡོན་དང་གཡས་པར་ཨ་ཨཱ་ལྗང་གུ་ལས་རྡོ་རྗེ་ལྗང་གུ་རྩེ་མོ་གསུམ་པ། སྣ་བུག་གཡོན་དང་གཡས་པར་ཨེ་ཨཻ་ནག་པོ་ལས་རྡོ་རྗེ་ནག་པོ་རྩེ་གསུམ། མིག་གཡོན་དང་གཡས་པར་ཨར་ཨཱར་དམར་པོ་ལས་རྡོ་རྗེ་དམར་པོ་རྩེ་གསུམ། ལྕེ་དང་ལྕེའུ་ཆུང་དག་ལ་ཨོ་ཨཽ་དཀར་པོ་ལས་རྡོ་རྗེ་དཀར་པོ་རྩེ་གསུམ། རྡོ་རྗེ་དང་གསང་བ་དག་ལ་ཨ་ལ་ཨཱ ལ་སེར་པོ་ལས་རྡོ་རྗེ་སེར་པོ་རྩེ་གསུམ། ཡིད་དང་ཁུ་བའི་རྩ་ཨ་བ་དྷུ་ཏིའི་ཡར་སྣ་མར་སྣ་ལ་ཨཾ་ཨཱཿསྔོན་པོ་ལས་རྡོ་རྗེ་སྔོན་པོ་རྩེ་མོ་གསུམ་པ། གཙུག་ཏོར་དང་མགོ་བོར་ཧ་ཧཱ་ལྗང་གུ་ལས་རྡོ་རྗེ་ལྗང་གུ་རྩེ་མོ་ལྔ་པ།


MR25_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

མཆུ་ལྕེ་དང་རྐན་ལ་ཡ་ཡཱ་ནག་པོ་ལས་རྡོ་རྗེ་ནག་པོ་རྩེ་ལྔ། གཡོན་དང་གཡས་ཀྱི་ལག་མཐིལ་དག་ལ། ར་རཱ་དམར་པོ་ལས་རྡོ་རྗེ་དམར་པོ་རྩེ་ལྔ། རྐང་མཐིལ་གཡོན་དང་གཡས་ལ་ཝ་ཝཱ་དཀར་པོ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ། བཤང་ལམ་གཡོན་དང་གཡས་སུ་ལ་ལཱ་སེར་པོ་ལས་རྡོ་རྗེ་སེར་པོ་རྩེ་ལྔ་པ་བཀོད་དེ་བདག་ཉིད་རྡོ་རྗེའི་སྐུར་གྱུར་པའི་རྡོ་རྗེ་དེ་རྣམས་ལས་རང་འདྲའི་རྡོ་རྗེ་མེ་རབ་ཏུ་འབར་བ་འཕྲོས་ཏེ། སྟེང་དུ་ལྗང་གུ ། འོག་ཏུ་སྔོན་པོ། ཤར་དང་མེར་ནག་པོ། ལྷོ་དང་བདེན་བྲལ་དུ་དམར་པོ། བྱང་དང་དབང་ལྡན་དུ་དཀར་པོ། ནུབ་དང་རླུང་དུ་སེར་པོ་རྣམས་ཀྱི་རྡོ་རྗེ་མེ་དཔུང་འབར་ཞིང་རབ་ཏུ་འབར་བ་རྣམས་ཀྱིས་སེམས་ཅན་རྣམས་ལ་འཚེ་བར་བྱེད་པའི་བདུད་ཀྱི་ཚོགས་ཕྱོགས་བཅུ་ན་གནས་པ་མཐའ་དག་ངེས་པར་བསྲེགས་ནས་བདེ་བ་ཆེན་པོ་ལ་བཀོད་པར་གྱུར། པར་བསམ་ལ། རྡོ་རྗེ་མེའི་ཕྱག་རྒྱ་དང་བཅས། ཨོཾ་ཨཱཿཧཱུྃ་ཧོ་ཧཾ་ཀྵཿ ཧྲཱཿཧྲཱཿཧྲཱཿཧྲཱཿ ར་ར་ར་ར་བཛྲ་ཨཱ་ན་ལ་སརྦ་ཨཱ་པ་ར་ཎ་དྷརྨ་པྲ་ལ་ཡ་སྭ་བྷཱ་བ། སརྦ་མཱ་ར་ཀཱ་ཡི་ཀ་བིགྷྣཾ་བི་ནཱ་ཡ་ཀ་ཨཱ་དེ་ནཱཾ། ད་ཤ་དིཀ་ག་ཏཱ་ནཱཾ། ཀཱ་ཡ་ཝཱ་ཏྟ་ནི། ད་ཧ་ད་ཧ། པ་ཙ་པ་ཙ། བྷསྨི་ཀུ་རུ་ཀུ་རུ་ཧུཾ་ཧཱུཾ་ཕཊ། ལན་གསུམ་སོགས་དྲག་ཏུ་བརྗོད་དོ། །བཞི་པ་སྲུང་བའི་འཁོར་ལོ་བསྒོམ་པ་ནི། ཧཾ་ལས་བྱུང་བའི་ནམ་མཁའི་རང་བཞིན་ཆོས་འབྱུང་གྲུ་གསུམ་གྱི་ནང་དུ། ཡཾ་ལས་རླུང་དཀྱིལ་ནག་པོ། དེ་སྟེང་རཾ་ལས་མེ་དཀྱིལ་དམར་པོ། དེ་སྟེང་བཾ་ལས་ཆུ་


MR25_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་དཀར་པོ། དེ་སྟེང་ལམ་ལས་ས་དཀྱིལ་སེར་པོ་སྟེ། དཀྱིལ་འཁོར་བཞི་པོ་གཅིག་ཏུ་འདྲེས་པ་ལས་རྡོ་རྗེའི་ར་བ་རྣམས་དང་རྡོ་རྗེའི་ཁང་བརྩེགས་རྣམས་ཡོངས་སུ་གྲུབ་པར་གྱུར་པ་ནི། ས་དང་ནམ་མཁའ་འབྱར་བར་སྣང་བའི་མཚམས་སུ་ཕྱི་ནས་རིམ་བཞིན་ནག་དམར་དཀར་བའི་རྡོ་རྗེའི་རང་བཞིན་གྱི་ར་བ་གསུམ་དང་། ཡུལ་འཁོར་སྲུང་བར་ཡུལ་འཁོར་གྱི་མཚམས་སུ་ཕྱི་ནས་རིམ་བཞིན་སེར་དཀར་དམར་ནག་ལྗང་བའི་རྡོ་རྗེའི་ར་བ་ལྔ་སྟེ། ར་བ་དེ་ཐམས་ཅད་ཀྱང་སྟེང་འོག་ཕྱོགས་མཚམས་ཀུན་ཏུ་ཟླུམ་པོའི་རྣམ་པར་གྱུར་པའི་འོག་ཏུ་མདུང་དང་སྟེང་དུ་མདའི་དྲ་བ་རྣོན་པོ་རྣམས་སུ་གྱུར། ཨོཾ་ཧཱུཾ་བི་ཤྭ་ཀཱ་ཡ་བཛྲ་བཛྲ་ཀུ་ཊཱ་ག་རཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ར་བའི་དབུས་སུ་རྡོ་རྗེའི་ས་གཞི་སྲ་བ་ཡུལ་འཁོར་གྱི་མཐར་ཐུག་པར་གནས་པའི་དབུས་སུ། སྐུ་གསུང་ཐུགས་རྣམ་པར་དག་པ་རྡོ་རྗེའི་ཁང་པ་གསུམ་བརྩེགས་པ་སྟེང་འོག་གི་ཚད་ཁྲུ་ཉིས་བརྒྱ་པའི་དབུས་སུ་འཁོར་ལོ་རྩིབས་བཅུ་པ་དང་བཅས་པ་སྟེ་དེ་ཡང་ཁང་པ་བརྩེགས་པ་བར་མའི་དབུས་སུ་ནང་སྟོང་པ་སྦུབས་ཅན་གྱི་འཁོར་ལོ་རྩིབས་བཅུ་བའི་རྩིབས་བརྒྱད་ཁང་བརྩེགས་བར་མའི་ནང་དང་། སྟེང་འོག་གི་རྩིབས་གཉིས་སྟེང་དང་འོག་གི་ཁང་པ་བརྩེགས་པའི་ནང་དུ་སོན་པའི་དབུས་ཀྱི་ལྟེ་བའི་ནང་དུ་ཁྲུ་བཅུ་གཉིས་པའི་སྣ་ཚོགས་པདྨ་འདབ་མ་བརྒྱད་པའོ། །པདྨའི་ལྟེ་བ་ཁྲུ་བཞི་པའི་སྟེང་ན་དེ་དང་མཉམ་པ་ཉི་མའི་གདན་གྱི་སྟེང་དུ་ཧཱུྃ་དང་རྡོ་རྗེ་ལས་བྱུང་བའི་བདག་


MR25_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་སྐུ་མདོག་དུས་མཐའི་སྤྲིན་ལྟར་གནག་ཅིང་མདུན་ཞལ་ནག་པོ། གཡས་དམར། གཡོན་དཀར། རྒྱབ་ཞལ་སེར་བ། ཞལ་ཐམས་ཅད་མཆེ་བ་གཙིགས་ཤིང་རབ་ཁྲོས་འཇིགས་སུ་རུང་བ། སྤྱན་དམར་པོ་གསུམ་གསུམ་དང་ལྡན་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། མི་བསྐྱོད་པས་དབུ་ལ་བརྒྱན་པ། དབུས་ཀྱི་མགྲིན་པ་ནག་པོ་གཡས་དམར་གཡོན་དཀར་བ། གཡས་གཡོན་གྱི་ཕྲག་པ་དང་པོ་གཉིས་ནག་པོ། གཉིས་པ་དམར་པོ། གསུམ་པ་དཀར་པོ་སྟེ། ཕྲག་པ་དྲུག་དང་ལྡན་པ། དེ་ལས་གྱེས་པའི་གཡས་གཡོན་གྱི་དཔུང་པ་གཉིས་ནག་པོ། གཉིས་དམར་པོ། གཉིས་དཀར་པོ་སྟེ་དཔུང་པ་བཅུ་གཉིས་པ། དེ་ལས་གྱེས་པའི་ཕྱག་ངར་བཞི་ནག་པོ། བཞི་དམར་པོ། བཞི་དཀར་པོ་སྟེ་ཕྱག་གི་པདྨ་ཉི་ཤུ་རྩ་བཞི་དང་། ལྷག་པའི་ཕྱག་གཡས་ནག་པོ་གཡོན་སེར་བ་དང་བཅས་པའི་ཕྱག་ཉི་ཤུ་རྩ་དྲུག་པ། སོར་གདུབ་རྣམས་ཀྱིས་སྤྲས་པའི་མཐེ་བོང་སེར་པོ། མཛུབ་མོ་དཀར་པོ། གུང་མོ་དམར་པོ། སྲིན་ལག་ནག་པོ། མཐེའུ་ཆུང་ལྗང་གུ། ཕྱག་སོར་གྱི་རྩ་བའི་ཚིགས་རྣམས་ནག་པོ། དབུས་མ་རྣམས་དམར་པོ། རྩེ་མོའི་ཚིགས་རྣམས་དཀར་པོའོ། །གཡས་ཀྱི་ཕྱག་བཅུ་གཉིས་ནཀྵྼ་ཡིག་རྣམས་ལས་བྱུང་བའི་ཁྲོ་བོའི་རྡོ་རྗེ། རལ་གྲི། རྩེ་གསུམ། གྲི་གུག མདའ། ལྕགས་ཀྱུ། ཌཱ་མ་རུ། ཐོ་བ། འཁོར་


MR25_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། མདུང་། དབྱུག་པ། དགྲ་སྟ་བསྣམས་པ། གཡོན་གྱི་ཕྱག་བཅུ་གཉིས་ན་ཧྭཱཾ་རྣམས་ལས་བྱུང་བའི་རྡོ་རྗེ་དྲིལ་བུ། ཕུབ། ཁ་ཊྭཱཾ་ག ཐོད་པ། གཞུ། ཞགས་པ། རིན་པོ་ཆེ། པདྨ། དུང་། མེ་ལོང་། ལྕགས་སྒྲོག ཚངས་པའི་མགོ་བོ་གདོང་བཞི་པ་རྣམས་སོ། །ཕྱག་དང་པོ་གཉིས་ཐུགས་ཀར་བསྣོལ་ཞིང་། ཕྱག་ལྷག་མ་གཉིས་ཀྱིས་བསྡིགས་མཛུབ་དང་བཅས་ཏེ་ཀྵ་ཀྵཱ་ནས་ཀྵཾ་ཀྵཿབར་བཅུ་གཉིས་དང་། ཧ་ཧཱ་སོགས་བཅུ་གཉིས་ལས་བྱུང་བ་གླང་པོ་ཆེའི་པགས་པ་རློན་པ་ཁྲག་དང་བཅས་པ། མགོ་བོ་གཡས་སུ་བསྟན་པའི་རྐང་ལག་གཡོན་པ་གཉིས་ནས་བཟུང་སྟེ་མནབ་ཅིང་། བདུད་ཀྱི་མགོ་བོ་དང་ཁྲག་གིས་གང་བའི་ཐོད་པ་བསྣམས་པ། ཞབས་གཡས་པ་དམར་པོ་བརྐྱངས་ཤིང་། གཡོན་པ་དཀར་པོ་བསྐུམ་པས་བདུད་དང་ཉོན་མོངས་པ་དང་ཡི་དྭགས་ཀྱི་གདན་ལ་གནས་པའོ། །དེའི་སྤྱི་བོར་ཧཾ་བཾ་ལས་བྱུང་བའི་ནོར་བུའི་གཙུག་རྒྱན། སྙན་གཡོན་དང་གཡས་སུ་ཧཾ་ཧཿལས་བྱུང་བའི་མི་རུས་ལས་བྱས་པ་རྡོ་རྗེའི་རང་བཞིན་ཅན་གྱི་རྣ་རྒྱན། དེ་བཞིན་དུ་ཨཾ་ལས་བྱུང་བ་རྡོ་རྗེའི་སྐ་རགས། ཨཿལས་བྱུང་བའི་མགུལ་རྒྱན། ཨ་ཨཱ་ལས་བྱུང་བའི་གཡོན་དང་གཡས་ཀྱི་ཕྱག་གདུབ། ཧ་ཧཱ་ལས་བྱུང་བའི་གཡོན་དང་གཡས་ཀྱི་ཞབས་གདུབ། མཚོག་མའི་གཡོན་དུ་ཨཾ་ལས་བྱུང་བའི་ཟླ་བ་ཕྱེད་པ། དབུ་རེ་རེ་ལའང་ཧ་ཧི་ཧྲྀ་ཧུ་ཧླྀ་ལས་བྱུང་བའི་ཐོད་པ་ལྔའི་དབུ་རྒྱན་དང་ལྡན་པ། དཔྲལ་བར་


MR25_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ལས་བྱུང་བའི་རྡོ་རྗེའི་དར་དཔྱངས། ཕྲག་པར་ཨ་ཨ་ཨཾཿལས་བྱུང་བའི་མཆོད་ཕྱིར་ཐོགས། ཀྵཿལས་བྱུང་བའི་སྟག་གི་པགས་པའི་ཤམ་ཐབས་མནབ་པ། ཧཾ་ཀྵ་ལས་བྱུང་བའི་བདུད་རིགས་བརྒྱའི་མགོ་བོའི་ཕྲེང་བ་མགུལ་བར་གསོལ་ཞིང་ཕྲག་པ་ནས་འཕྱང་བ། བཾ་ལས་བྱུང་བའི་སྐུ་ལ་ཐལ་ཆེན་གྱིས་བྱུགས་པའོ། །སྦྲུལ་གྱི་རྒྱན་རྣམས་ཀྱིས་བརྒྱན་པ་སྟེ་ཧུཾ་ལས་བྱུང་བའི་ཀླུ་རྒྱལ་བ་ལྗང་གུས་རལ་པའི་ཅོད་པན་བཅིངས་པ། ཀྵུཾ་ལས་བྱུང་བའི་རྣམ་རྒྱལ་སྔོན་པོའི་དར་དཔྱངས། ཧྱཾ་ཧྱཱ་ལས་བྱུང་བའི་སྟོབས་རྒྱུ་དང་པདྨ་ནག་པོའི་གཡོན་དང་གཡས་ཀྱི་རྣ་རྒྱན། ཧྲཾ་ཧྲཱཾ་ལས་བྱུང་བའི་ནོར་རྒྱས་དང་དུང་སྐྱོང་དམར་པོའི་གཡོན་དང་གཡས་ཀྱི་ཕྱག་གདུབ། ཧྭླཾ་ཧྭླ་ལསབྱུང་བའི་མཐའ་ཡས་དང་རིགས་ལྡན་དཀར་པོའི་སྐ་རགས་དང་མགུལ་རྒྱན། ཧླཾ་ཧླཱ་ལས་བྱུང་བ་འཇོག་པོ་དང་པད་ཆེན་སེར་པོས་རྐང་གདུབ་བྱས་པའོ། །སྐབས་འདིར་རྣ་རྒྱན་ལ་སོགས་པ་རྒྱན་དང་། ཕྱག་མཚན་ཐམས་ཅད་སོ་སོའི་ཕྱག་རྒྱ་དང་སྔགས་དང་བཅས་པ་སྦྱར་བའི་རྒྱས་སྤྲོས་འདོད་ན་ཡིག་ཆ་གཞན་ལས་ཤེས་པར་བྱ་ཞིང་གཡས་དང་གཡོན་གྱིས་བཅའ་བའི་ཕྱག་རྒྱ་བཅས་སོ་སོའི་སྔགས་རྣམས་སོ་སོའི་སྐབས་འདིར་སྦྱར་ཀྱང་རུང་ལ། སོ་སོའི་ས་བོན་ལས་བསྐྱེད་པ་འདིས་ཀྱང་སོ་སོའི་སྔགས་ཀྱིས་བརླབས་པའི་གོ་ཆོད་པས་འདིར་འཇུག་པ་བདེ་ཞིང་ཆོ་ག་ཆད་སྐྱོན་ཀྱང་མེད་པ་ཡིན་ནོ། །དེ་ལྟ་བུའི་སྐུའི་གནས་དྲུག་དང་ཚིགས་ལ་སོགས་པ་ཐམས་ཅད་དུ་གོང་ལྟར་རྡོ་རྗེས་གཏམས་ཤིང་རྡོ་རྗེའི་སྐུ་ཁྲོ་བོ་ཐམས་ཅད་


MR25_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཀའ་བསྒོ་བའི་དབང་པོར་གྱུར། དེ་ནས་ཁང་བརྩེགས་ཀྱི་ནང་གི་འཁོར་ལོ་རྩིབས་བཅུ་པའི་་་་་་རྩིབས་རྣམས་ཀྱི་ནང་དུ་རཿཡིག་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་བཅུ་བུ་ལུགས་ཟླ་ཉི་གཉིས་ཡོད། གནས་པར་གྱུར། བདག་གི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧ་ཡ་ར་ཝ་ལ། རྣམས་བརྩེགས་པའི་རང་བཞིན་ཡི་གེའི་གོང་བུ་གནས་པ་ལས་ཧ་ཧཱ་ལས་བྱུང་བའི་རྡོ་རྗེ་ལྗང་གུ་དང་སྔོན་པོ་དག་ལས་གཙུག་ཏོར་འཁོར་ལོས་སྒྱུར་བ་རྩ་ཞལ་དང་སྐུ་མདོག་ལྗང་གུ། གནོད་མཛེས་རྒྱལ་པོ་རྩ་བའི་ཞལ་དང་སྐུ་མདོག་སྔོན་པོ་གཉིས་ཀའང་གཡས་ཞལ་དམར་ཞིང་གཡོན་ཞལ་དཀར་བ། ཕྱག་དྲུག་གཡས་གསུམ་རྡོ་རྗེ་གྲི་གུག་དགྲ་སྟ། གཡོན་གསུམ་རྡོ་རྗེ་དྲིལ་བུ་ཐོད་པ། ཚངས་མགོ་གདོང་བཞི་འཛིན་པ་དག །ཁྲོ་བོའི་རྒྱལ་པོའི་རྩ་བའི་ཞལ་གྱི་རྣ་བ་གཡོན་དང་གཡས་པ་ནས་ཕྱུངས་ཏེ་སྟེང་དང་འོག་ཏུ་འཁོར་ལོའི་རྩིབས་ཀྱི་ནང་དུ་ཉི་མའི་གདན་ལ་འཁོད་པར་གྱུར། ཡི་ཡཱི་ལས་བྱུང་བའི་རལ་གྲི་ནག་པོ་དག་ཡོངས་སུ་གྱུར་པ་ལས་བགེགས་མཐར་བྱེད་དང་དབྱུག་སྔོན་ཅན། སྐུ་མདོག་ནག་པོ། ནག་དམར་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་གསུམ་རལ་གྲི་གྲི་གུག་རྩེ་གསུམ། གཡོན་གསུམ་ཕུབ་དང་ཐོད་པ་ཁ་ཊྭཱཾ་ག་དཀར་པོ་འཛིན་པ་དེ་དག །དབྱུག་སྔོན་ཅན་སོགས་ཕྱག་བཞི་པ་ཕྱག་མཚན་སྐུ་དཀྱིལ་སྐབས་སུ་བཤད་པ་ལྟར་མཛད་པ་ཡོད་ཀྱང་། སྐབས་འདིར་ཁྲོ་བཅུ་ཐམས་ཅད་ཞལ་གསུམ་ཕྱག་དྲུག་ཏུ་བསྒོམ་


MR25_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་རྗེ་བཙུན་ཇོ་ནང་བའི་ལུགས་ལྟར་བཀོད་པ་ཡིན་ནོ། །གཡོན་དང་གཡས་ཀྱི་སྣ་བུག་ནས་སྤྲོས་ཏེ་ཤར་དང་ཤར་ལྷོའི་རྩིབས་ཀྱི་ནང་དུ་གདན་ལ་འཁོད། ཪྼྀ་ཪྼཱྀ་ལས་བྱུང་བའི་རིན་པོ་ཆེ་དམར་པོ་དག་ཡོངས་སུ་གྱུར་པ་ལས། ཤེས་རབ་མཐར་བྱེད་དང་འདོད་པའི་རྒྱལ་པོ་དམར་པོ། དམར་དཀར་ནག་པའི་ཞལ་གསུམ། ཕྱག་དྲུག་གི་གཡས་གསུམ་མེ་ཡི་མདའ་དང་། རྡོ་རྗེ་ལྕགས་ཀྱུ། སྐྲ་དང་བཅས་པའི་ཌཱ་མ་རུ། གཡོན་གསུམ་གཞུ་དང་། ཞགས་པ། རིན་པོ་ཆེ་རྩེ་མོ་དགུ་པ་འོད་འཕྲོ་བ་འཛིན་པ་དེ་དག་གཡོན་དང་གཡས་ཀྱི་མིག་ནས་ཕྱུངས་ཏེ། ལྷོ་དང་ལྷོ་ནུབ་ཀྱི་རྩིབས་ལ་འཁོད། ཝུ་ཝཱུ་ལས་བྱུང་བའི་པདྨ་དཀར་པོ་དག་ཡོངས་སུ་གྱུར་པ་ལས་པདྨ་མཐར་བྱེད་དང་མི་གཡོ་བ་དཀར་པོ། དཀར་ནག་དམར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་གསུམ་ཐོ་བ་མདུང་དང་རྩེ་གསུམ། གཡོན་གསུམ་པད་དཀར་མེ་ལོང་བགྲང་ཕྲེང་བསྣམས་པ་དག ལྕེ་དང་ཆུ་ལམ་ནས་སྤྲོས་ཏེ་བྱང་དང་བྱང་ཤར་དུ་འཁོར་ལོའི་རྩིབས་ཀྱི་ནང་དུ་འཁོད། ལླྀ་ལླཱྀ་ལས་བྱུང་བའི་འཁོར་ལོ་སེར་པོ་དག་ལས། གཤིན་རྗེ་མཐར་བྱེད་དང་། སྟོབས་པོ་ཆེ་སེར་པོ། སེར་དཀར་ནག་པའི་ཞལ་གསུམ། ཕྱག་དྲུག་གི་གཡས་གསུམ་འཁོར་ལོ། དབྱུག་པ། ཁྲོ་བོའི་རྡོ་རྗེ། གཡོན་གསུམ་དུང་དང་། ལྕགས་སྒྲོག དྲིལ་བུ་འཛིན་པ་དག བཤང་ལམ་དང་གཙུག་ཏོར་ནས་


MR25_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་ཏེ། ནུབ་དང་ནུབ་བྱང་གི་རྩིབས་ལ་འཁོད་པར་གྱུར། དེ་ཐམས་ཅད་ཀྱང་ཁྲོ་ཚུལ་སྤྱན་གསུམ་དབུ་སྐྲ་གྱེན་དུ་བརྫེས་ཤིང་། སྦྲུལ་རྒྱན་དང་། ཕྱག་རྒྱ་དྲུག་གིས་སྤྲས་པ། ཞབས་གཉིས་གཡས་བརྐྱངས་བའི་སྟབས་ཀྱིས་གདན་ཉི་མ་ལ་གནས་པ། ཡེ་ཤེས་དག་པས་ཁང་བརྩེགས་ཀྱི་ནང་སྲུང་བར་མཛད་པའོ། །སླར་ཡང་བདག་ཉིད་ཀྱི་ཐུགས་ཀར་ཉི་དཀྱིལ་གྱི་སྟེང་དུ། ང་ཉ་ཎ་མ་ན་བརྩེགས་པའི་ཡི་གེ་གནས་པ་ལས། ང་ངཱ་ལས་བྱུང་བའི་ཟད་པར་ནམ་མཁའ་ལྗང་གུ་དང་སྟོང་པ་སྔོན་པོ་གཉིས་གཡོན་དང་གཡས་ཀྱི་རྣ་བ་ནས་སྤྲོས་ཏེ། ཁང་པ་བརྩེགས་པའི་ཕྱི་རོལ་གྱི་སྟེང་དུ་ནམ་མཁའ་དང་། འོག་ཏུ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་འཁོད་དེ་གནས་པའོ། །ཉི་ཉཱི་ལས་བྱུང་བའི་ཟད་པར་ང་ནག་པོ་གཉིས་གཡོན་དང་གཡས་ཀྱི་སྣ་བུག་ནས་སྤྲོས་ཏེ་ཤར་དང་ཤར་ལྷོར་གནས། ཎྼྀ་ཎྼཱྀ་ལས་བྱུང་བའི་ཟད་པར་མེ་དམར་པོ་གཉིས་གཡོན་དང་གཡས་ཀྱི་མིག་དག་ནས་སྤྲོས་ཏེ་ལྷོ་དང་ལྷོ་ནུབ་ཏུ་འཁོད། མུ་མཱུ་ལས་བྱུང་བའི་ཟད་པར་ཆུ་དཀར་པོ་གཉིས་ལྕེ་དང་ཆུ་ལམ་ནས་སྤྲོས་ཏེ་བྱང་དང་བྱང་ཤར་དུ་གནས། ནླྀ་ནླཱྀ་ལས་བྱུང་བའི་ཟད་པར་ས་སེར་པོ་གཉིས་བཤང་ལམ་དང་གཙུག་ཏོར་ནས་སྤྲོས་ཏེ་ནུབ་དང་ནུབ་བྱང་དུ་གནས་པ་སྟེ། ཟད་པར་འདི་དག་རྒྱལ་བ་རིགས་དྲུག་གི་སྐུ་མདོག་ཞལ་ཕྱག་ཕྱག་མཚན་དང་མཚུངས་པར་མཛད་པའང་ཡོད། ཟད་པར་བཅུ་པོ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་པ་རིན་པོ་ཆེ་དང་ལྷའི་གོས་ཀྱིས་


MR25_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་པ། རང་རང་གི་འབྱུང་བའི་དཀྱིལ་འཁོར་ལ་ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་གནས་པ་མཉམ་བཞག་གི་ཕྱག་རྒྱ་ཅན། ནམ་མཁའ་དག་པས་ཁང་བརྩེགས་ཀྱི་ཕྱི་རོལ་བསྲུང་བ་སྟེ། ཁྲོ་བོ་དང་ཟད་པར་ཡེ་ཤེས་དང་ནམ་མཁའ་ཡང་དག་པར་སྦྱོར་བས་ཡིད་ཀྱི་ཁམས་བསྲུང་བར་མཛད་པའོ། །སླར་ཡང་རང་གི་ཐུགས་ཀར་ཉི་མའི་སྟེང་དུ། གྷ་ཛྷ་ཌྔྷ་བྷ་དྷ་བརྩེགས་པ་ལས། གྷ་དང་ཁབ་ལས་སྐྱེས་པའི་ཚངས་པ་ལྗང་གུ་ཞལ་བཞི་པ་ཕྱག་བཞིའི་གཡས་གཉིས་ཁབ་དང་བགྲང་ཕྲེང་། གཡོན་གཉིས་པདྨ་དང་སྤྱི་བླུགས་འཛིན་པ། གྷཱ་དང་འཁོར་ལོ་ལས་སྐྱེས་པའི་ཁྱབ་འཇུག་སྔོན་པོ་ཞལ་གཅིག་པ། ཕྱག་བཞིས་འཁོར་ལོ་དང་དབྱུག་ཐོ། པདྨ་དང་སྐྱེ་བ་ལྔ་པའི་དུང་འཛིན་པ། དེ་གཉིས་རྣ་བ་གཡོན་དང་གཡས་ནས་ཕྱུངས་ཏེ་ར་བ་གསུམ་པའི་ནང་གི་ཁྱོན་གྱི་ཚད་ཀྱི་སྟེང་དུ་ངང་པ་དང་། འོག་ཏུ་མཁའ་ལྡིང་གི་གདན་ལ་འཁོད་དེ་གནས་པར་གྱུར། ཛྷེ་དང་རལ་གྲི་ལས་བྱུང་བའི་བདེན་བྲལ་ནག་པོ་ཞལ་གཅིག་པ། ཕྱག་བཞིས་རལ་གྲི་དང་གྲི་གུག ཕུབ་དང་ཐོད་པ་འཛིན་པ། ཛྷཱི་དང་དཔག་བསམ་ཤིང་ལས་སྐྱེས་པའི་རླུང་ལྷ་ནག་པོ་ཞལ་གཅིག་པ། ཕྱག་བཞིས་དཔག་བསམ་ཤིང་དང་ཡོངས་འདུའི་མེ་ཏོག ཨིནྡྲ་ནཱི་ལ་དང་ཨུཏྤལ་སྔོན་པོ་འཛིན་པ། དེ་གཉིས་སྣ་བུག་གཡོན་དང་གཡས་ནས་ཕྱུངས་ཏེ་ཤར་དུ་ཡི་དྭགས་དང་ཤར་ལྷོར་རི་དྭགས་ཀྱི་གདན་ལ་འཁོད། ཌྷྼྀ་དང་


MR25_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

དབྱུག་པ་ལས་སྐྱེས་གཤིན་རྗེ་དམར་པོ་ཞལ་གཅིག་པ། ཕྱག་བཞིས་དབྱུག་པ་དང་རལ་གྲི། ལྕགས་སྒྲོག་དང་ཞགས་པ་འཛིན་པ། དྷྼྀ་དང་ཤ་ཀྟི་ལས་སྐྱེས་མེ་ལྷ་དམར་པོ་ཞལ་གཅིག་པ། ཕྱག་བཞིས་ཤཀྟི་དང་དབྱུག་པ། ཆུ་སྐྱེས་དང་སྤྱི་བླུགས་འཛིན་པ། དེ་གཉིས་མིག་གཡོན་དང་གཡས་ནས་ཕྱུངས་ཏེ་ལྷོར་མ་ཧེ་དང་། ལྷོ་ནུབ་ཏུ་ལུག་གི་གདན་ལ་འཁོད། བྷུ་དང་ཞགས་པ་ལས་སྐྱེས་ཆུ་ལྷ་རྒྱ་མཚོ་དཀར་པོ་ཞལ་གཅིག་པ། ཕྱག་བཞིས་ཞགས་པ་དང་རིན་པོ་ཆེ། སྦྲུལ་ཞགས་དང་ཟླ་བ་ཆུ་ཤེལ་འཛིན་པ། བྷཱུ་དང་རྩེ་གསུམ་ལས་སྐྱེས་དྲག་པོ་དཀར་པོ་ཞལ་གཅིག་པ། ཕྱག་བཞིས་རྩེ་གསུམ་དང་མདའ། སྦྲུལ་དང་བཅས་པའི་ཁ་ཊྭཱཾ་ག་དང་། གཞུ་འཛིན་པ། དེ་གཉིས་ལྕེ་དང་ཆུ་ལམ་ལས་ཕྱུངས་ཏེ་བྱང་དུ་ཆུ་སྲིན་དང་། བྱང་ཤར་དུ་ཁྱུ་མཆོག་གི་གདན་ལ་འཁོད། དྷླྀ་དང་རྡོ་རྗེ་ལས་སྐྱེས་དབང་པོ་སེར་པོ་ཞལ་གཅིག་པ། ཕྱག་བཞིས་རྡོ་རྗེ་དང་མེའི་མདའ། དྲིལ་བུ་དང་གཞུ་འཛིན་པ། དྷླཱྀ་དང་བེ་ཅོན་ལས་སྐྱེས་གནོད་སྦྱིན་སེར་པོ་ཞལ་གཅིག་པ། ཕྱག་བཞིས་རིན་པོ་ཆེ་དང་བེ་ཅོན། ནེའུ་ལེ་དང་པདྨ་འཛིན་པ། དེ་གཉིས་བཤང་ལམ་དང་གཙུག་ཏོར་ནས་ཕྱུངས་ཏེ། ནུབ་ཏུ་གླང་ཆེན་གྱི་གདན་དང་། ནུབ་བྱང་དུ་འཁོར་ལོས་དྲངས་པའི་ཁང་བརྩེགས་ལ་འཁོད་པར་གྱུར། ཕྱོགས་སྐྱོང་བ་ཐམས་ཅད་ལྷའི་གོས་དང་རིན་པོ་ཆེའི་རྒྱན་ལྡན་ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་


MR25_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ་རླུང་དག་པས་རབ་གསུམ་པའི་ནང་སྲུང་ཞིང་སྐྱོང་བར་མཛད་པའོ། །སླར་ཡང་རང་གི་ཐུགས་ཀར་ཉི་དཀྱིལ་ལ། ག་ཛ་ཌ་བ་ད། བརྩེགས་པའི་ཡི་གེ་ལས། ག་གཱ་དང་རྡོ་རྗེ་ལས་སྐྱེས་སྒྲ་གཅན་ལྗང་གུ་དང་། དུས་མེ་སྔོན་པོ་གཉིས་ཀ་ཞལ་གཅིག་པ། ཕྱག་བཞིས་རྡོ་རྗེ་དང་བགྲང་ཕྲེང་། དྲིལ་བུ་དང་པདྨ་འཛིན་པ། དེ་གཉིས་རྣ་བ་གཡོན་དང་གཡས་ནས་སྤྲོས་ཏེ། ར་བ་གསུམ་པའི་ཕྱི་རོལ་གྱི་ཁྱོན་གྱི་ཚད་ཀྱི་སྟེང་དུ་ནམ་མཁའ་དང་། འོག་ཏུ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་གནས་པ། ཛི་དང་གྲི་གུག་ལས་སྐྱེས་ཟླ་བ་ནག་པོ་ཞལ་གཅིག་པ། ཕྱག་བཞིས་གྲི་གུག་དང་རྩེ་གསུམ། ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ། ཛཱི་དང་རལ་གྲི་ལས་སྐྱེས་ཉི་མ་ནག་པོ་ཞལ་གཅིག་པ། ཕྱག་བཞིས་རལ་གྲི་དང་རྩེ་གསུམ། ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ། དེ་གཉིས་སྣ་བུག་གཡོན་དང་གཡས་ནས་ཕྱུངས་ཏེ་ཤར་དང་ཤར་ལྷོར་རླུང་དཀྱིལ་ལ་འཁོད། ངྼྀ་དང་མདའ་ལས་སྐྱེས་པའི་ལྷག་པ་དམར་པོ་ཞལ་གཅིག་པ། ཕྱག་བཞིས་མདའ་དང་རིན་པོ་ཆེ། གཞུ་དང་མེ་ལོང་འཛིན་པ། ངྼཱྀ་དང་རྡོ་རྗེའི་ལྕགས་ཀྱུ་ལས་སྐྱེས་མིག་དམར་དམར་པོ་ཞལ་གཅིག་པ། ཕྱག་བཞིས་རྡོ་རྗེའི་ལྕགས་ཀྱུ་དང་རིན་པོ་ཆེ། རྡོ་རྗེའི་ཞགས་པ་དང་མེ་ལོང་འཛིན་པ། དེ་གཉིས་མིག་གཡོན་དང་གཡས་ནས་ཕྱུངས་ཏེ་ལྷོ་དང་ལྷོ་ནུབ་ཏུ་མེ་དཀྱིལ་ལ་འཁོད། བུ་དང་པདྨ་ལས་སྐྱེས་པ་སངས་དཀར་པོ་


MR25_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གཅིག་པ། ཕྱག་བཞིས་པདྨ་དང་ཤེལ་ཕྲེང་། སྤྱི་བླུགས་དང་དུང་འཛིན་པ། བཱུ་དང་འཁོར་ལོ་ལས་སྐྱེས་ཕུར་བུ་དཀར་པོ་ཞལ་གཅིག་པ། ཕྱག་བཞིས་འཁོར་ལོ་དང་མུ་ཏིག་གི་ཕྲེང་བ། པདྨ་དང་སྤྱི་བླུགས་འཛིན་པ། དེ་གཉིས་ལྕེ་དང་ཆུ་ལམ་ནས་ཕྱུངས་ཏེ་བྱང་དང་བྱང་ཤར་དུ་ཆུ་དཀྱིལ་ལ་འཁོད། ངླྀ་དང་སྦྲུལ་ཞགས་ལས་སྐྱེས་མཇུག་རིང་སེར་པོ་ཞལ་གཅིག་པ། ཕྱག་བཞིས་སྦྲུལ་ཞགས་དང་དབྱུག་པ། འཁོར་ལོ་དང་ཐོ་བ་འཛིན་པ། ངླཱྀ་དང་ལྕགས་སྒྲོག་ལས་སྐྱེས་སྤེན་པ་སེར་པོ་ཞལ་གཅིག་པ། ཕྱག་བཞིས་ལྕགས་སྒྲོག་དང་ཐོ་བ། འཁོར་ལོ་དང་རྡོ་རྗེ་ཕུར་བུ་འཛིན་པ། དེ་གཉིས་བཤང་ལམ་དང་གཙུག་ཏོར་ནས་ཕྱུངས་ཏེ་ནུབ་དང་ནུབ་བྱང་དུ་ས་ཡི་དཀྱིལ་འཁོར་ལ་འཁོད་དེ་གནས་པ། གཟའ་རྣམས་ཕྱག་གཉིས་སོ་སོའི་ཕྱག་མཚན་འཛིན་པ་སྒོམ་པར་མཛད་པའང་ཡོད། དེ་ཐམས་ཅད་ལྷའི་གོས་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་འབྱུང་བའི་གདན་ལ་བཞུགས་པ་མེའི་ཁམས་དག་པས་ར་བ་གསུམ་པའི་ཕྱི་རོལ་སྲུང་བ་སྟེ། གཟའ་དང་ཕྱོགས་སྐྱོང་མེ་དང་རླུང་ཡང་དག་པར་སྦྱོར་བས་ངག་གི་ཁམས་བསྲུང་བར་མཛད་པའོ། །སླར་ཡང་རང་གི་ཐུགས་ཀའི་ཉི་དཀྱིལ་ལ། ཁ་ཚ་ཋ་ཕ་ཐ། བརྩེགས་པའི་ཡི་གེ་ལས། ཁ་ཁཱ་དང་བུམ་པ་ལས་སྐྱེས་པའི་རྒྱལ་བ་ལྗང་གུ་དང་རྣམ་རྒྱལ་སྔོན་པོ་གཉིས་ཀ་སྦྲུལ་མགོ་བདུན་པའི་གདེངས་


MR25_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ཅན། རྣ་བ་གཡོན་དང་གཡས་ནས་སྤྲོས་ཏེ། ར་བ་ལྔ་པའི་ནང་གི་ཁྱོན་གྱི་ཚད་ཀྱི་སྟེང་དུ་ནམ་མཁའ་དང་འོག་ཏུ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་འཁོད། ཚི་ཚཱི་དང་རྒྱལ་མཚན་ལས་སྐྱེས་སྟོབས་རྒྱུ་དང་པདྨ་ནག་པོ་སྣ་བུག་གཡོན་དང་གཡས་ནས་སྤྲོས་ཏེ་ཤར་དང་ཤར་ལྷོར་རླུང་དཀྱིལ་ལ་འཁོད། ཋྼྀ་ཋྼཱྀ་དང་བཀྲ་ཤིས་ལས་སྐྱེས་ནོར་རྒྱས་དང་དུང་སྐྱོང་དམར་པོ་མིག་གཡོན་དང་གཡས་ནས་སྤྲོས་ཏེ་ལྷོ་དང་ལྷོ་ནུབ་ཏུ་མེ་དཀྱིལ་ལ་འཁོད། ཕུ་ཕཱུ་དང་པདྨ་ལས་སྐྱེས་མཐའ་ཡས་དང་རིགས་ལྡན་དཀར་པོ་ལྕེ་དང་ཆུ་ལམ་ལས་སྤྲོས་ཏེ་བྱང་དང་བྱང་ཤར་དུ་ཆུ་དཀྱིལ་ལ་འཁོད། ཐླྀ་ཐླཱྀ་དང་རྡོ་རྗེ་ལས་སྐྱེས་འཇོག་པོ་དང་པད་ཆེན་སེར་པོ་བཤང་ལམ་དང་གཙུག་ཏོར་ལས་སྤྲོས་ཏེ་ནུབ་དང་ནུབ་བྱང་དུས་དཀྱིལ་ལ་འཁོད་པར་གྱུར། སྟོབས་རྒྱུ་ལ་སོགས་པ་བརྒྱད་ནི་སྦྲུལ་མགོ་ལྔའི་གདེངས་ཀ་ཅན་ཀླུ་བཅུ་པོ་ཀུན་ཀྱང་ཞལ་གཅིག་པ་སྤྱན་གསུམ་པ། ཕྱག་བཞིས་བུམ་པ་དང་རྡོ་རྗེ། པདྨ་དང་རིན་པོ་ཆེ་འཛིན་པ། ལྷའི་ན་བཟའ་དང་རིན་པོ་ཆེའི་རྒྱན་དང་ལྡན་པ་ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་སོ་སོའི་འབྱུང་བའི་གདན་ལ་བཞུགས་པ་ཆུའི་ཁམས་དག་པས་ར་བ་ལྔ་པའི་ནང་བསྲུང་བའོ། །སླར་ཡང་རང་གི་ཐུགས་ཀའི་ཉི་དཀྱིལ་ལ། ཀ་ཙ་ཊ་པ་ཏ། བརྩེགས་པའི་ཡི་གེ་ལས། ཀ་ཀཱ་དང་གྲི་གུག་ལས་སྐྱེས་རོ་ལངས་ལྗང་གུ་དང་། གྲུལ་བུམ་སྔོན་པོ་གཉིས་རྣ་བ་གཡོན་དང་གཡས་ནས་སྤྲོས་ཏེ། ར་བ་


MR25_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པའི་ཕྱི་རོལ་གྱི་ཁྱོན་གྱི་ཚད་ཀྱི་སྟེང་དུ་ནམ་མཁའ་དང་འོག་ཏུ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་འཁོད། ཙི་ཙཱི་དང་གྲི་གུག་ལས་སྐྱེས་མིའམ་ཅི་ཁྱིའི་གདོང་ཅན་དང་། སྐྱེས་བུའམ་བྱ་རོག་གི་གདོང་ཅན་གཉིས་མདོག་ནག་པོ། སྣ་བུག་གཡོན་དང་གཡས་ནས་སྤྲོས་ཏེ་ཤར་དང་ཤར་ལྷོར་རླུང་དཀྱིལ་ལ་འཁོད། ཊྼྀ་ཊྼཱྀ་དང་གྲི་གུག་ལས་སྐྱེས་དྲི་ཟ་ཕག་གི་གདོང་པ་ཅན་དང་། འབྱུང་པོ་བྱ་རྒོད་ཀྱི་གདོང་པ་ཅན་གཉིས་དམར་པོ། གཡོན་དང་གཡས་ཀྱི་མིག་དག་ལས་སྤྲོས་ཏེ་ལྷོ་དང་ལྷོ་ནུབ་ཏུ་མེ་དཀྱིལ་ལ་འཁོད། པུ་པཱུ་དང་གྲི་གུག་ལས་སྐྱེས་སྲིན་པོ་སྟག་གི་གདོང་པ་ཅན་དང་། ཡི་དྭགས་འུག་པའི་གདོང་པ་ཅན་གཉིས་དཀར་པོ་ལྕེ་དང་ཆུ་ལམ་ནས་སྤྲོས་ཏེ། བྱང་དང་བྱང་ཤར་དུ་ཆུ་དཀྱིལ་ལ་འཁོད། ཏླྀ་ཏླཱྀ་དང་གྲི་གུག་ལས་སྐྱེས་རྗེད་བྱེད་ཅེ་སྤྱང་གི་གདོང་པ་ཅན་དང་། ནམ་མཁའ་ལྡིང་མཁའ་ལྡིང་གི་གདོང་པ་ཅན་གཉིས་སེར་པོ་བཤང་ལམ་དང་གཙུག་ཏོར་ནས་སྤྲོས་ཏེ་ནུབ་དང་ནུབ་བྱང་དུ་ས་དཀྱིལ་ལ་འཁོད་པར་གྱུར། དེ་ཐམས་ཅད་ཀྱང་ཞལ་གཅིག་པ་སྤྱན་གསུམ་པ་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པ། གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་ཅིང་མགོ་བོའི་ཕྲེང་བ་འཕྱང་བ། རང་རང་གི་འབྱུང་པའི་དཀྱིལ་འཁོར་ལ་ཞབས་གཉིས་ཟླུམ་པོའི་སྟབས་ཀྱིས་གནས་པ་ས་ཡི་ཁམས་དག་པས་ར་བ་ལྔ་པའི་ཕྱི་སྲུང་བ་སྟེ། ཀླུ་དང་འབྱུང་པོ་ཆུ་དང་ས་ཡང་དག་པར་སྦྱོར་བས་ལུས་ཀྱི་ཁམས་བསྲུང་བར་མཛད་པའོ། །དེ་ལྟར་སྡེ་


MR25_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་སྲུང་མ་དྲུག་ཅུ་པོ་ནང་དང་ཕྱི་རོལ་ནས་ཡང་དག་པར་སྦྱོར་བས་བཀོད་པར་བྱས་ཏེ་སྲུང་བའི་འཁོར་ལོའི་ང་རྒྱལ་བཟུང་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ར་ཀྵ་ཙཀྲ་སྭ་བྷཱ་བ་ཨཱཧྨ་ཀོ྅ཧཾ། ཞེས་བརྗོད། ཇོ་ནང་པའི་ཕྱག་ལེན་དུ་མི་མཛད་ཀྱང་སྐབས་འདིར་ཡེ་ཤེས་པ་གཞུག་པ་དང་། རྒྱས་གདབ་དབང་བསྐུར་སྔགས་བཟླ་བ་རྣམས་ཀྱང་སྒྲུབ་ཐབས་གཞན་ལས་རྒྱས་པར་འབྱུང་བའམ། དེ་ལྟར་མ་ལྕོགས་ན། ལྕགས་ཀྱུའི་ཕྱག་རྒྱ་བཅས་ཏེ། ཛཿ ཞེས་བརྗོད་པས་ཡེ་ཤེས་རྟེན་དང་བརྟེན་པར་བཅས་པ་དགུག རྡོ་རྗེའི་ཕྱག་རྒྱ་དང་། ཧཱུྃ། ཞེས་བརྗོད་པས་དམ་ཚིག་པ་ལ་གཞུག ཞགས་པའི་ཕྱག་རྒྱ་དང་། བྃ། ཞེས་བརྗོད་པས་དབྱེར་མེད་དུ་བཅིངས། དྲིལ་བུའི་ཕྱག་རྒྱ་དང་། ཧོ། ཞེས་བརྗོད་པས་མཉེས་པར་བྱས། དབྱུག་པའི་ཕྱག་རྒྱ་དང་། ཧི། ཞེས་བརྗོད་པས་རོ་མཉམ་པར་བྱས་ཏེ། རྟེན་དང་བརྟེན་པར་བཅས་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་རྣམས་དམ་ཚིག་པ་ལ་རོ་མཉམ་དུ་བྱའོ། །ལྷ་རྣམས་ཀྱི་དཔྲལ་མགྲིན་སྙིང་ག་ལྟེ་བར་ཨོཾ་ཨཱཿཧཱུྃ་ཧོས་རྒྱས་གདབ་པས་བྱིན་གྱིས་བརླབས། རང་གི་ཐུགས་ཀའི་ཧཱུཾ་གི་འོད་ཀྱིས་དབང་གི་ལྷ་རྣམས་མདུན་གྱི་ནམ་མཁར་སྤྱན་དྲངས་ལ། ཨོཾ་བཛྲ་གནྡྷཾ་པུཥྤཾ་དྷཱུ་པྃ་དཱི་པྃ་ནཻ་བི་ཏྃ་ཨཀྵ་ཏཾ་ལཱ་སྱཾ་ཧཱ་སྱཾ་ཝཱ་དྱཾ་མྲྀ་ཏྃ་གཱི་ཏྃ་ཀཱ་མྃ་པྲ་ཏི་ཙྪ་ན་མཿ ཞེས་མཆོད་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་ཡུམ་རྣམས་ཀྱིས་བུམ་པའི་བདུད་རྩིས་དབང་བསྐུར་བ་སོགས་དབང་


MR25_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཅིག་པོ་ཐོབ་ཅིང་དྲི་མ་ཐམས་ཅད་དག་ནས་རྡོ་རྗེ་བཞིའི་ངོ་བོར་གྱུར་པའི་དབང་རྟགས་སུ་གཙོ་བོ་དང་སྟེང་གི་ལྷ་རྣམས་ལ་མི་བསྐྱོད་པ། ཤར་དང་ཤར་ལྷོའི་རྣམས་ལ་དོན་གྲུབ། ལྷོ་དང་ལྷོ་ནུབ་པར་རིན་འབྱུང་། བྱང་དང་བྱང་ཤར་བར་སྣང་མཐའ། ནུབ་དང་ནུབ་བྱང་བར་རྣམ་སྣང་། འོག་ཕྱོགས་པ་རྣམས་ལ་རྡོ་རྗེ་སེམས་དཔའ་སྟེ། རྒྱལ་བ་རིགས་དྲུག་མཆོག་གི་སྤྲུལ་སྐུའི་ཆ་ལུགས་ཅན་རྣམས་ཀྱིས་རྒྱས་གདབ་བོ། །གཙོ་བོའི་ཐུགས་ཀར་ཧཱུྃ་ལ་སྔགས་ཕྲེང་གིས་བསྐོར་བར་དམིགས་ལ། རྐང་པ་བཅུ་དྲུག་པ་དང་བདུན་ཅུ་རྩ་གཉིས་པ་དག་ཅི་རིགས་བཟླ་བར་གསུངས། དེ་ནས་བགེགས་ལ་ཕུར་བུས་གདབ་པ་ལ། བདག་ཉིད་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་ཀྱིས་ཁྲོ་བོ་ཆེན་པོ་བཅུ་ལ་སོ་སོའི་ཕྱོགས་ཀྱི་བགེགས་རྣམས་གཞོམ་ཞིང་ཕྱོགས་དེ་དག་ནས་བསྲུང་བར་བཀའ་བསྒོས་པས་དེ་དག་གིས་ཕྱོགས་བཅུར་གནས་པའི་བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་རྡོ་རྗེ་ལྕགས་ཀྱུས་བཏབ་ཅིང་རྡོ་རྗེ་ཞགས་པས་བཅིངས་ནས་ཕྱོགས་སོ་སོར་བཀོད་པ་ལ། སྐུ་སྟོད་རྡོ་རྗེ་ཁྲོ་བོའི་གཟུགས་ཅན་ཞལ་དྲུག་ཕྱག་དྲུག་པ་སྐུ་སྨད་ཕུར་བུ་རྣོ་ཞིང་རབ་ཏུ་འབར་བ་རྣམས་ཀྱིས་བཏབ་པར་རྒྱས་པར་ཁྲོ་བཅུ་སོ་སོར་བཀའ་བསྒོ་བའི་སྔགས་འབྱུང་བ་དེའི་སྐབས་སུ་སྦྱར་ཀྱང་ཆོག མཆན། གྱུར་པར་དམིགས་ལ། ཕུར་བུ་བསྒྲིལ་བའི་སྔགས་ནི། ཨོཾ་ཨཱཿཧཱུྃ་ཧོ་ཧཾ་ཀྵཿ ཧཱུཾ་ཧཱུཾ་ཧཱུཾ་། ཕཊ་ཕཊ་ཕཊཿ བཛྲ་ཀཱི་ལ་ཡ། ཀཱ་ཡ་ཝཱ་ཀྩིཏ་ཛྙཱ་ན་ཨ་དྷི་པ་ཏེ་ཥ ཊ་མུ་ཁ་ཁ་ཊ་བྷཱུ་ཛ་ཥ་ཊ་


MR25_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ཙ་ར་ཎ། སརྦ་བིགྷྣཱཾ་བི་ནཱ་ཡ་ཨཱ་དུ་དུཥྚ་ནཾ། ཀཱ་ཡ་ཝཱ་ཀྩིཏྟ་ཛྙཱ་ནཱ་ནཱཾ། ཀཱི་ལ་ཡ་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཕུར་བུ་འདེབས་པའི་སྔགས་ནི། ཨོཾ་ལླྀཿབཛྲ་མུད་ག་ར་མཱ་ཨཱ་དཱི་མཱཾ། སི་ར་སི་ཀཎྛེ་ཧྲྀ་ད་ཡེ་ན་བྷཽ་གུ་ཧྱ། ཨནྟ་བཛྲ་ཀཱི་ལ་ཀཱན། ཨཱ་ཀོ་ཊ་ཡ་ཨཱ་ཀོཊ་ཡ། ཀྵཾ་ཀྵཱཾ། ཀྵིཾ་ཀྵཱིཾ ྃཀྵྼིཾ་ཀྵྼཱྀ། ཀྵུཾ་ཀྵཱུཾ། ཀྵླྀཾ་ཀྵླཱྀཾ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊཿ རྡོ་རྗེ་ཐོ་བས་བརྡུངས་ཏེ་བཏབ་པས་བགེགས་ཀྱི་ཚོགས་རྣམས་བདེ་བ་ཆེན་པོར་རོ་གཅིག་པའི་དེ་བཞིན་ཉིད་དུ་རྣམ་པར་དག་ཅིང་། ལྷག་མ་རྣམས་ཀྱང་རིང་དུ་བྲོས་པར་གྱུར། དེ་ལྟར་བགེགས་གཞོམ་པའི་ལས་གྲུབ་པའི་རྗེས་སུ་ལྷ་རྣམས་ལ་མཆོད་ཅིང་གཏོར་མ་འབུལ་བ་ལ་རྒྱས་པར། མཆོད་པ་དང་། གཏོར་མ་ནང་མཆོད་རྣམས་འོག་ནས་འཆད་འགྱུར་ལྟར་བྱིན་གྱིས་བརླབས་ཤིང་། ཨོཾ་ཨོཾ་བཛྲ་ཙནྡྲ་སརྦ་དྷརྨ་སོགས། སྔགས་ཚན་བཞིས་སྦྱང་སྤེལ་སྦར་དང་བདུད་རྩིའི་རང་བཞིན་དུ་བྱ། དེ་ལས་ཀྱང་བསྡུ་ན། གཏོར་མ། ཆུ་ཆང་ནང་མཆོད་ཀྱིས་བསངས་ལ། གོང་དུ་ཡུལ་བདག་གི་སྐབས་ལྟར་བྱིན་རླབས་བྱས་ནས། རྡོ་རྗེའི་ཕྱག་རྒྱ་བཅས་པའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པའི་འོད་ཀྱིས་ཁྲོ་བོའི་རྒྱལ་པོ་འཁོར་བཅས་མདུན་མཁར་སྤྱན་དྲངས་པར་གྱུར། དེ་རྣམས་ཀྱི་ལྗགས་རྡོ་རྗེ་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་དགྱེས་ཤིང་ཚིམ་པར་བསམ་ལ། ཨོཾ་ཨ་ཧཱུཾ་ཧོ། ཤྲཱི་ཀཱ་ལ་ཙཀྲ ། དཔལ་དུས་ཀྱི་འཁོར་ལོ། བཛྲ་བྷཻ་ར་ཝ། རྡོ་རྗེ་འཇིགས་བྱེད། བྷཱི་ཀ་ར་ཡ། འཇིགས་པར་བྱེད་པ། ས་པ་རི་ཝཱ་རེ་བྷྱཿ འཁོར་བཅས་རྣམས་ལ།


MR25_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་དཾ་བྷ་ལིཾ་གཏོར་མ་དྲི། གནྡྷཾ་པུཥྤེ་མེ་ཏོག་བདུག་པ་སྒྲོན་མེ་དང་། དྷཱུ་པཾ་དཱི་པཾ་ཨ་ཀྵ་ཏཾ། མ་ཉམས་པ་འདི་བདག་འབུལ་གྱིས། ད་ངཱ་མ་ཧེ། ཏེ་ཛ་ཨཱ་ག་ཏྱ་ས་པ་རི་ཝཱ་རཿ འཁོར་བཅས་དེ་རྣམས་ཀྱང་བྱོན་ལ། ཤྲཱི་གྷྲཾ་ཨི་དཾ་བ་ལིཾ་གྲྀཧྣ་། མྱུར་དུ་གཏོར་མ་འདི་ཟུངས་ཤིག །ཁཱ་དནྟུ། གསོལ་བར་མཛོད་ཅིག་བཏུང་བར་མཛོད། པི་བནྟུ། ཛཿཧཱུྃ་བཾ་ཧོཿ ཛཿཧཱུཾ་བཾ་ཧོ་ཡང་དག་ཚིམ། སྃ་ཏྲིཔྟཿ སརྦ་སཏྭཱ་ནཱཾ་ཤཱནྟིཾ། སེམས་ཅན་ཀུན་ལ་ཞི་བ་དང་། པུཥྚིཾ། རཀྵ། རྒྱས་དང་བསྲུང་དང་བསྐྱབ་པ་དང་། ཨཱ་བ་ར་ཎ། གུཔྟིཾ། སྦ་བར་ཀུརྦནྟུ། མཛོད་ཅིག ཧཱུཾ་ཧཱུཾ་ཕཊ། ཧཱུཾ་ཧཱུཾ་ཕཊ། རྡོ་རྗེ་འཆང་གིས་བཀའ་བསྒོས་མཛོད་སྭཱ་ཧཱ། བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་པས་གཙོ་བོ་ལ་ཕུལ། རྡོ་རྗེ་རྩེ་ལྔའི་ཕྱག་རྒྱས་ཁྲོ་བཅུ་ལ་འབུལ་ཏེ། ཨོཾ་ཨཱཿཧཱུྃ་ཧོཿ ཨུཥྞཱི་ཥ། གཙུག་ཏོར། སུམ་བྷ། གནོད་མཛེས། ནི་སུམ་བྷ། ངེས་གནོད་མཛེས། བིགྷྣཱནྟ་ཀ་བགེགས་མཐར་བྱེད་དང་། དབྱུག་པ་སྔོ། ནཱི་ལ་དཎྚ། ཤེས་རབ། པྲཛྙཱ་ནྟ་ཀ མཐར་བྱེད། ཊ་ཀི་རཱ་ཛ། འདོད་པའི་རྒྱལ། པདྨཱནྟ་ཀ པདྨ་མཐར་བྱེད། ཨ་ཙ་ལ། མི་གཡོ་བ། ཡ་མཱནྟ་ཀ གཤིན་རྗེ་མཐར་བྱེད། མ་ཧཱ་བ་ལེ་བྷྱཿ སྟོབས་ཆེན་རྣམས། ས་པ་རི་ཝཱ་རེ་བྷྱཿཨི་དཾ་བ་ལིཾ། སོགས་གཏོར་སྔགས་གོང་ལྟར་སྦྱར། གྲི་གུག་གི་ཕྱག་རྒྱས་ཟད་པར་རྣམས་ལ་འབུལ་ཏེ། ཨོཾ་ཨཱཿཧཱུྃ་ཧོ། ཨཱ་ཀཱ་ཤཱ། ནམ་མཁའ། བཱ་ཡུ། རླུང་དང་། ཏེ་ཛ། མེ་དང་། ཨུ་ད་ཀ ཆུ། བྲྀ་ཐི་ཝཱི་ཀྲྀ་སྣ། ས་ཡི་ཟད་པར། སད་དྷི་ཏེ་བྷྱཿ གྲུབ་པ་རྣམས། ༧གཏོར་སྔགས་བཏགས། རལ་གྲིའི་ཕྱག་རྒྱས་ཕྱོགས་སྐྱོང་རྣམས་ལ་འབུལ་ཏེ། ཨོཾ་ཨཱཿཧཱུྃ་ཧོ།


MR25_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

པྲ་ཧྨ། ཚངས་པ། བིཥྞུ། ཁྱབ་འཇུག ནཻ་ཪྼྀ་ཏྱ། བདེན་བྲལ། བཱ་ཡུ། རླུང་། ཡ་མ། གཤིན་རྗེ། ཨ་གྣེ། མེ་དང་། ས་མུ་དྲ། རྒྱ་མཚོ་དང་། ཨཱི་ཤྭ་ར། དབང་ཕྱུག ཨིནྡྲ། དབང་པོ། ཡཀྵེ་བྷྱཿ གནོད་སྦྱིན་རྣམས། གཏོར་སྔགས་བཏགས། གཟའ་རྣམས་ལ་རིན་པོ་ཆེའི་ཕྱག་རྒྱས་འབུལ། ཨོཾ་ཨཱཿཧཱུྃ་ཧོ། རཱ་ཧུ། སྒྲ་གཅན། ཀཱ་ལ་ཨགྣི། དུས་མེ། ཙནྡྲ། ཟླ། སཱུ་ཪྱ། ཉི་མ། བུདྷ། ལྷག་པ། མངྒ་ལ། བཀྲ་ཤིས། ཤུ་ཀྲ། ཁུ་བ་དང་། པྲྀ་ཧ་སྤ་ཏི། ཕུར་བུ། ཀེ་ཏུ། མཇུག་རིང་། ཤ་ནི་བྷྱཿ དལ་འགྲོ་རྣམས། གཏོར་སྔགས་བཏགས། ཀླུ་རྣམས་ལ་པདྨའི་ཕྱག་རྒྱས་འབུལ་ཏེ། ཨོཾ་ཨཱཿཧཱུྃ་ཧོ། རྒྱལ་བ། ཛ་ཡ། བི་ཛ་ཡ། རྣམ་རྒྱལ། པདྨ། པད། ཀརྐོ་ཊ། སྟོབས་རྒྱུ། བ་སུ་ཀི ནོར་རྒྱས། ཤཾ་ཁ་བཱ་ལ། དུང་སྐྱོང་། ཀུ་ལི་ཀ རིགས་ལྡན་དང་། ཨ་ནནྟ། མཐའ་ཡས། ཏཀྵ་ཀ འཇོག་པོ། མ་ཧཱ་པདྨེ་བྷྱཿ པད་ཆེན་རྣམས། གཏོར་སྔགས་བཏགས། འབྱུང་པོ་རྣམས་ལ་འཁོར་ལོའི་ཕྱག་རྒྱས་འབུལ་ཏེ། ཨོཾ་ཨཱཿཧཱུྃ་ཧོ། བེ་ཏཱ། ཌ། རོ་ལངས། བི་ཀྲྀ་ཏ། རྣམ་པར་འགྱུར། མུ་ཁ་ཤྭཱ། ཞལ་ཁྱི། ཀཱ་ཀ་་བྱ་རོག སཱུ་ཀ་ར། ཕག་དང་། གྲྀ་དྷཱ། བྱ་རྒོད། བྱཱ་གྷྲ། སྟག ཨཱ་ལུ་ཀ འུག་པ། ཛཾ་བུ་ཀ ཅེ་སྤྱང་། ག་རུ་ཊ་མུ་ཁེ་བྷྱཿ ཁྱུང་གདོང་རྣམས། ས་པ་རི་སོགས་གཏོར་སྔགས་བཏགས་པས་ཕུལ།


MR25_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་བྷཻ་ར་ཝ་བྷཱི་ཀ་ར་ཡ་ས་པ་རི་ཝཱ་རེ་བྷྱཿ བཛྲ་གནྡྷཾ། སོགས་ལྷ་མོ་བཅུ་གཉིས་ཀྱིས་མཆོད། ཨོཾ་ཨཱཿཧཱུཾ། གིས་ནང་མཆོད་ཕུལ། བསྟོད་པ་ནི། རྡོ་རྗེ་འཇིགས་བྱེད་འཇིགས་པར་མཛད། །དཔའ་བོ་གདུལ་དཀའ་འདུལ་བ་པོ། །དུས་ཀྱི་འཁོར་ལོ་ཐོད་པ་ཅན། །ཁམས་གསུམ་རྣམ་རྒྱལ་ལ་ཕྱག་འཚལ། །རྗེ་བོ་སྣ་ཚོགས་རྡོ་རྗེ་འཛིན། །ཁྲོ་བོའི་རྒྱལ་པོ་རྣམས་ཀྱི་གཙོ། །དུས་མཐའི་སྤྲིན་མཚུངས་ཧེ་རུ་ཀ། རྡོ་རྗེ་ཤུགས་ལ་ཕྱག་འཚལ་བསྟོད། །ཅེས་དང་། སླར་ཡང་། སྡེ་དྲུག་སྲུང་མ་དྲུག་ཅུ་འཁོར་བཅས་ལ། །མཆོད་གཏོར་འདི་དང་དྲི་དང་མེ་ཏོག་དང་། །བདུག་སྤོས་སྣང་གསལ་མ་ཉམས་བདག་འབུལ་གྱིས། །དེ་རྣམས་འཁོར་དང་བཅས་པ་ཚུར་བྱོན་ལ། །གཏོར་མ་འདི་དག་ལེན་ཅིང་གསོལ་བ་དང་། །བཏུང་བར་མཛད་དེ་ཤིན་ཏུ་མཉེས་པ་ཡིས། །འགྲོ་ལ་ཞི་རྒྱས་སྲུང་སྐྱོབ་སྦ་བ་རྣམས། །རྡོ་རྗེ་འཛིན་པའི་བཀའ་བཞིན་མཛད་དུ་གསོལ། ། ཞེས་དང་། ཀླུ་དང་འབྱུང་པོས་ལུས་ཀྱི་ཁམས་བསྲུང་ཞིང་། །སོགས་ཚིགས་བཅད་བརྗོད་ནས། རང་གི་གསང་བར་ཧཾ་ཡིག་ལ་ཁྲོ་བོའི་འཁོར་ལོ་རྣམས་གཤེགས་སུ་གསོལ། །གཙུག་ཏོར་དུ་ཨཾ་ཡིག་ལ་ཟད་པར་རྣམས། །དཔྲལ་བར་ཨི་ཡིག་ལ་ཕྱོགས་སྐྱོང་རྣམས། །མགྲིན་པར་རྀ་ཡིག་ལ་གཟའ་རྣམས་དང་། །སྙིང་གར་ཨུ་ཡིག་ལ་ཀླུ་རྣམས། །ལྟེ་བར་ལྀ་ཡིག་ལ་འབྱུང་པོ་རྣམས་གཤེགས་སུ་གསོལ་བར་བྱའོ། །ལྔ་པ་བསོད་ནམས་


MR25_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཚོགས་བསགས་པ་ལ། མཆོད་པ་བྱིན་རླབས་སྔོན་དུ་འགྲོ་བས་ཚོགས་ཞིང་སྤྱན་འདྲེན་པ། ཕྱག་དང་མཆོད་པ་སོགས་ཡན་ལག་བདུན་པ་བྱ་བ། སྡོམ་པ་འཛིན་ཅིང་ལམ་ རྒྱུད་ལ་བརྟེན་པ་གསུམ next hit་ལས་དང་པོ། བདུད་རྩི་མཆོད་རྫས་རྣམས་ལ་འཐོར་ཏེ། ཨོཾ་ཨཱཿཧཱུཾ་ཧྲ་ཕཊ། ཀྱིས་བསངས། ཤཱུ་ནྱ་ཏས་སྦྱངས་ལ། མཆོད་རྫས་སྟོང་པའི་ངང་ལས་ཨོཾ་ཨཱཿཧཱུཾ་ཧོ་འོད་དུ་ཞུ་བ་ལས་བྱུང་བའི་ཤེལ་གྱི་སྣོད་སོར་བཅུ་གཉིས་པ་རྣམས་ཀྱི་ནང་དུ་མཆོད་ཡོན། ཞབས་བསིལ། བསང་གཏོར། ཞབས་བསིལ་ཏེ་ཆུ་བཞི་དང་། དྲི་ཆབ། མེ་ཏོག །བདུག་སྤོས། སྣང་གསལ། བདུད་རྩིའི་ཞལ་ཟས། མ་ཉམས་པའི་འབྲས་བུ། སྒེག་མ། བཞད་མ། རོལ་མོ་མ། གར་མ། གླུ་མ། འདོད་མ་སྟེ་མཆོད་པའི་ལྷ་མོ་བཅུ་གཉིས་དང་། གཞན་ཡང་གོས་རྒྱན་ཕྲེང་བ་རྔ་ཡབ་བ་དན་མེ་ལོང་དྲིལ་བུ་ལ་སོགས་པ་ཕྱི་ནང་གསང་བའི་མཆོད་པའི་ཡོ་བྱད་རྣམ་པ་མང་པོ་མ་ཚང་བ་མེད་པ་རྣམས་དྭངས་ཤིང་ཐོགས་པ་མེད་པ། འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་རོལ་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་རབ་འབྱམས་ཀྱིས་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས། མཆོད་གཟུངས་ཀྱང་བརྗོད་དོ། །ནང་མཆོད་དང་གཏོར་མ་བྱིན་བརླབ་བྱ་བ་ནི། ཨོཾ་ཨཱཿཧཱུྃ་ཧྲ་ཕཊ། ཞེས་བརྗོད་ཆང་ཆུ་ནང་མཆོད་ཀྱིས་བསངས། སྭ་བྷཱ་བས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་


MR25_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ནག་པོ་གཞུའི་དབྱིབས་ཅན་རྒྱལ་མཚན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་མེ་འབར་བས་མཚན་པ། དེའི་སྟེང་དུ་ཨཿལས་མི་མགོའི་སྒྱེད་བུམ་པ་བདུད་རྩིས་གང་བ་གསུམ་བྱེད་པའང་ཡོད། པུ་གསུམ་གྱི་སྟེང་དུ། ཀཾའམ་། ཨོཾ་ཡོངས་སུ་གྱུར་པ་ལས་ཐོད་པ་དུམ་བུ་གཅིག་པ་ཡངས་ཤིང་རྒྱ་ཆེ་བ་དཔྲལ་བ་རང་ལ་བསྟན་པའི་ནང་དུ། དབུས་སུ་ཨ་ལས་བྱང་སེམས། ཤར་དུ་ཨི་ལས་རྐང་མར། ལྷོར་རྀ་། །བུམ་པ་བདུད་རྩིས་གང་བ་གསུམ་བྱེད་པའང་ཡོད། ལས་རཀྟ། བྱང་དུ་ཨུ་ལས་དྲི་ཆུ། ནུབ་ཏུ་ལྀ་ལས་དྲི་ཆེན། རླུང་མཚམས་སུ་ལཱྀ་ལས་གླང་པོ་ཆེའི་ཤ །དབང་ལྡན་དུ་ཨཱུ་ལས་བ་གླང་གི་ཤ །སྲིན་པོར་རཱྀ་ལས་རྟའི་ཤ །མེར་ཨཱི་ལས་ཁྱིའི་ཤ །དབུས་ཀྱི་སྟེང་དུ་ཨཱ་ལས་མིའི་ཤ་རྣམས་གནས་པ། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་བསྐུལ་བས། རླུང་གཡོས་ཏེ་མེ་སྤར་བས་རྫས་རྣམས་ཞུ་བ་ཧཱུྃ་ལས་བྱུང་བའི་རྡོ་རྗེས་དཀྲུགས་ཤིང་འདྲེས་པར་གྱུར་ཏེ་རྡོ་རྗེ་དང་བཅས་པའི་རྫས་རྣམས་རོ་གཅིག་ཟླ་བ་ཞུ་བའི་གཟུགས་སུ་གྱུར། ལག་པ་གཡོན་པའི་མཐིལ་དུ་ཟླ་བ་ལ་གནས་པ་སྐུ་རྡོ་རྗེའི་ངོ་བོ་ཨོཾ་དཀར་པོའི་འོད་ཀྱིས་རྫས་རྣམས་ཀྱི་མ་དག་པ་སྦྱངས། ལག་པ་གཡས་པའི་མཐིལ་དུ་ཉི་མ་ལ་གནས་པ་གསུང་རྡོ་རྗེའི་ངོ་བོ་ཨཱཿདམར་པོའི་འོད་ཀྱིས་དག་པའི་རྫས་རྣམས་མང་དུ་སྤེལ། ལག་གཉིས་ཁ་སྦྱར་བའི་དབུས་སུ་སྒྲ་གཅན་དཀྱིལ་འཁོར་ལ་གནས་པ་ཐུགས་རྡོ་རྗེའི་ངོ་བོ་ཧཱུཾ་སྔོན་པོའི་འོད་ཀྱིས་རྫས་རྣམས་


MR25_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར། མཁའ་ལྡིང་གི་ཕྱག་རྒྱའི་དབུས་སུ་དུས་མེ་ལ་གནས་པའི་ཡེ་ཤེས་རྡོ་རྗེའི་ངོ་བོ་ཧོ་ཡིག་སེར་པོའི་འོད་ཀྱིས་ཟག་མེད་བདེ་བ་ཆེན་པོའི་རང་བཞིན་དུ་གྱུར། ཨོཾ་ཨཱཿཧཱུཾ་ཧོ། ཞེས་པས་བྱིན་གྱིས་བརླབས། རྒྱས་པར་སྔགས་ཚན་བཞིས་བརླབ་པ་གང་འདོད་བྱའོ། །ནང་མཆོད་དང་གཏོར་མ་དང་ཚོགས་མཆོད་ཐམས་ཅད་བྱིན་བས་འདི་ཁོ་ན་ལྟར་བྱ་བ་ལས་གཞན་མེད་དོ། །དེ་ནས་ཚོགས་ཞིང་སྤྱན་དྲང་བ་ནི། རང་ཉིད་སྐད་ཅིག་གིས་དུས་ཀྱི་འཁོར་ལོར་གསལ་བའི་ཐུགས་ཀར་པད་ཟླའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་སྔོན་པོ་ལས་འོད་ཟེར་ཁ་དོག་སྣ་ལྔ་བ་ཕྱོགས་བཅུར་འཕྲོས་པས། བླ་མ་དང་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་མ་ལུས་པ་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་རྣམ་པར་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས་ནས་འོད་ཟེར་རྣམས་རང་གི་སྙིང་གའི་རྡོ་རྗེ་ལ་ཞུགས་པར་གྱུར། དེ་ནས་ཕྱག་སོགས་བདུན་རྣམ་དག་ནི། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །སྲིད་གསུམ་སྐྱེ་འཇིག་མེད་པའི་དངོས། །ཤེས་དང་ཤེས་བྱ་གཅིག་པུའི་སྐུ། །དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། །ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །པྲ་ཕབས་པ་ཡི་རང་བཞིན་ཅན། །རྣམ་པ་ཀུན་གྱི་མཆོག་ལྡན་མ། །ཕྱག་རྒྱ་ཆེན་མོ་དེ་ལ་འདུད། །རང་གི་ཐུགས་ཀ་ནས་སྤྲོས་པའི་ལྷ་མོའི་ཚོགས་ཀྱིས་མཆོད་པར་བསམ་ལ། ཨོཾ་གུ་རུ་ཤྲཱི་ཀཱ་ལ་ཙཀྲ་ས་


MR25_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

པ་རི་ཝཱ་རེ་བྷྱཿ བཛྲ་ཨརྒྷཾ། པ་དྱཾ། པྲོ་ཀྵ་ཎཾ། ཨཱཉྩ་མ་ནཾ་པྲ་ཏི་ཙྪ་ན་མཿ ཨོཾ་བཛྲ་གནྡྷྃ། པུཥྤྃ། དྷཱུ་པྃ། དཱི་པྃ། ནཻ་བི་ཏྱྃ། ཨཀྵ་ཏྃ། ལཱ་སྱྃ། ཧཱ་སྱྃ། ཝཱ་དྱྃ། ནྲྀ་ཏྱྃ། གཱི་ཏྃ། ཀཱ་མྃ་པྲ་ཏི་ཙྪ་ན་མཿཞེས་དྲི་ཆབ་མེ་ཏོག་བདུག་སྤོས་མར་མེ། བདུད་རྩིའི་ཞལ་ཟས་ཐོགས་པ་དང་། མ་ཉམས་པའི་འབྲས་བུ་བསྣམས་པ་དང་། སྒེག་མ་དབུ་རྒྱན། བཞད་མ་དོ་ཤལ། རོལ་མོ་མ་རྔ་ཕཊ་ཧ། གར་མ་གོས། གླུ་མ་རྡོ་རྗེ། སྙོམས་འཇུག་གི་བདེ་བ་སྐྱེད་པའི་འདོད་མ་པདྨ་ཐོགས་པ་རྣམས་མང་པོ་ཚད་མེད་པ་ནམ་མཁའ་གང་བར་སྤྲོས་ཏེ་མཆོད་པས་མཉེས་པར་བསམས་ནས་ལྷ་མོ་རྣམས་རང་གི་སྙིང་གར་བསྡུའོ། །མཆོད་ལྷ་རྣམས་ཀྱི་སྔགས་གནྡྷཾ་སོགས་རེ་རེ་བཞིན་དུ་པྲ་ཏིཙྪ་ན་མ་སྦྱར་བ་དང་། རྒྱས་པར་ཙྙྪྫྫྙ་གནྡྷེ་གནྡྷ་ཨརྩ་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། སོགས་ཀྱིས་འབུལ་བ་གང་འདོད་བྱའོ། །མཎྜལ་འབུལ་བ་ནི། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུཾ། ཕྱི་ལྕགས་རི་ཁོར་ཡུག་གིས་བསྐོར་བའི་དབུས་སུ། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། བྱང་སྒྲ་མི་སྙན། ནུབ་བ་ལང་སྤྱོད། ཤར་དུ་སྒྲ་གཅན། ལྷོར་ཉི་མ། བྱང་དུ་ཟླ་བ། ནུབ་ཏུ་དུས་མེ། དབུས་སུ་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་འབུལ་བར་བགྱིའོ། །གུ་རུ་ཨེ་དཾ་མཎྜལ་ཀཾ་ནི་ཏྱཱ་ཏ་ཡཱ་མིཿ ཞེས་ཕུལ། སྲིད་འགྲོ་ཉམས་


MR25_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ངར་བྱིས་པའི་བློ་ཡིས་ནི། །ཤིན་ཏུ་མི་བཟད་སྡིག་པ་གང་བགྱིས་པ། །སྟོབས་བཅུ་མངའ་བའི་སྤྱན་སྔར་མཆིས་ནས་ནི། །སྡིག་པ་དེ་ཀུན་སོ་སོར་བཤགས་པར་བགྱི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། །འཕགས་དང་གཞན་གྱིས་རྣམ་མང་དགེ་བསགས་པ། །མ་ལུས་འགྲོ་བའི་བསོད་ནམས་རྒྱ་མཚོའི་ཚོགས། །དེ་དག་ཀུན་ལ་རྗེས་སུ་ཡི་རང་ངོ་། །སྲིད་པའི་འཇིགས་འཕྲོག་དཀོན་མཆོག་རྣམས་གསུམ་པོ། །སྐྱབས་སུ་བསྟེན་ཅིང་ལུས་འདི་དབུལ་བར་བགྱི། །མོས་དང་བསམ་པ་ཇི་བཞིན་ཟབ་པ་དང་། །རྒྱ་ཆེའི་ཆོས་འཁོར་ཆད་པ་མེད་པར་བསྐུལ། །མཐའ་ཡས་འགྲོ་ཀུན་ཡོངས་སུ་བསྒྲལ་བའི་ཕྱིར། །སྤྲུལ་པའི་སྐུ་མཆོག་འཇིག་རྟེན་བཞུགས་པ་རྣམས། །འགྲོ་ལ་སྨན་སླད་མྱ་ངན་མི་འདའ་བར། །རྟག་པར་རྒྱུན་དུ་བཞུགས་པར་གསོལ་བ་འདེབས། །དགེ་བའི་རྩ་བ་ཐམས་ཅད་ཡོངས་བསྡོམས་ནས། །མཁའ་ཁྱབ་འགྲོ་ཀུན་རབ་ཏུ་བསྒྲལ་བའི་ཕྱིར། །བླ་མེད་བྱང་ཆུབ་རྫོགས་པའི་སངས་རྒྱས་ཀྱི། །གོ་འཕང་དམ་པ་ཐོབ་ཕྱིར་བསྔོ་བར་བགྱི། །དེ་ལྟར་ཡན་ལག་བདུན་པ་བྱས་ནས། ལམ་རྒྱུད་ལ་བསྟེན་པའི་ཕྱིར་སྡོམ་པ་གཟུང་བར་བྱ་སྟེ། སྐབས་འདིར་བརྟུལ་ཞུགས་ཉེར་ལྔ་བཟུང་བའི་ཚིགས་བཅད་དང་ལམ་རྒྱུད་ལ་བརྟེན་པའི་ཚིགས་བཅད་ཀྱང་སྤྲོ་ན་བརྗོད་དོ། །སྲས་བཅས་སངས་རྒྱས་ཐམས་ཅད་དང་། །སོགས་ནས། སེམས་ཅན་མྱ་ངན་འདས་ལ་འགོད། །བར་དུ་ལན་གསུམ་མམ།


MR25_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གང་རུང་བརྗོད་ཅིང་བསམ་པ་བརྟན་པོས་དེ་ལྟར་དམ་བཅས་ཤིང་སྨོན་ལམ་གདབ་པར་བྱའོ། །བསྡུ་ན་སྡོམ་བཟུང་གི་ཚིགས་བཅད་མདོར་བསྡུས་པ་གང་རུང་བརྗོད་པས་འཐུས་སོ། །དྲུག་པ་ཡེ་ཤེས་ཀྱི་ཚོགས་བསག་པ། སྟོང་པ་ཉིད་ལ་བློ་བཞག་པ་ནི། དངོས་པོ་མེད་ལ་སྒོམ་པ་མེད། །སྒོམ་པ་སྒོམ་པ་ཉིད་མ་ཡིན། །དེ་ལྟར་དངོས་པོ་དངོས་མེད་པས། །སྒོམ་པ་དམིགས་སུ་མེད་པའོ། །ཁམས་གསུམ་པོ་རྣམ་པར་དཔྱད་ན་ཅི་ཡང་མི་དམིགས་པ་དང་། བདག་ཉིད་ཀྱི་ལུས་སུ་སྣང་བ་སོགས་ཀྱི་དངོས་པོ་རྣམས་ཀྱི་ཆུའི་ཁམས་ཀྱིས་མེ་ཉམས་པར་བྱས་པས། མེ་དང་བྲལ་བའི་ས་ནི་ལན་ཚ་ཆུར་ཞུ་བ་ལྟར་ཆུ་ལ་ཐིམ། ཆུ་ཡང་རླུང་གིས་བསྐམས་པར་བྱས་ནས་རླུང་ནམ་མཁའ་ལ་ཐིམ་ཏེ། སེམས་ཀུན་གཞིའི་རྣམ་ཤེས་ནམ་མཁའི་ཁམས་སུ་མཐའ་མེད་པར་གྱུར་པར་བསམ་ལ། རྣམ་ཐར་སྒོ་བཞིའི་སྔགས་དོན་ལ་བློ་བཞག་སྟེ། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོཾ་ཨ་ནི་མིཏྟ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོཾ་ཨ་པྲ་ཎི་ཧི་ཏ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོཾ་ཨན་བྷི་སཾ་སྐཱར་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པས་ཁམས་གསུམ་པོ་ཐམས་ཅད་རང་བཞིན་གྱིས་ཕྲ་རབ་རྡུལ་གྱི་ཆོས་ལས་འདས་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་མཉམ་པ་ཆེན་པོ་སྤྲོས་པ་དང་བྲལ་བའི་རང་བཞིན་དུ་གྱུར། གཉིས་པ་ཚོགས་གཉིས་ཀྱི་རང་འབྲས་དངོས་གཞིའི་རྣལ་འབྱོར་ལ། སྐུ་རྫོགས་པ་བསྙེན་པའི་ཡན་ལག་དཀྱིལ་འཁོར་རྒྱལ་མཆོག །གསུང་རྫོགས་


MR25_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉེ་བར་སྒྲུབ་པའི་ཡན་ལག་ལས་རྒྱལ་མཆོག་ཐིག་ལེ་རྫོགས་པ་སྒྲུབ་པའི་ཡན་ལག་ཐིག་ལེའི་རྣལ་འབྱོར། བདེ་བ་རྫོགས་པ་སྒྲུབ་པ་ཆེན་པོའི་ཡན་ལག་ཕྲ་མོའི་རྣལ་འབྱོར་བཞི་ལས། དང་པོ་ལ་རྟེན་དང་བརྟེན་པའི་ལྷ་བསྒོམ་པ་དང་སྙིང་རྗེས་སེམས་ཅན་ལ་དབང་བསྐུར་བ་གཉིས་ལས། དང་པོ་ལ་རྟེན་གཞལ་ཡས་ཁང་བསྒོམ་པ་ནི། སྟོང་པའི་ངང་ལས་ཕྱི་རོལ་དུ་རྡོ་རྗེའི་རང་བཞིན་རྩིབས་བཅུ་པ་ཟླུམ་པོའི་སྲུང་བའི་འཁོར་ལོའི་ནང་དུ་ནམ་མཁའི་ཁམས་མཐའ་ཡས་པའི་རང་བཞིན་ཆོས་འབྱུང་གི་དབུས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་པོ་དབུས་སུ་གཞུའི་རྣམ་པ་ཅན་ཐད་ཀར་དཔག་ཚད་འབུམ་ཕྲག་བཞི་པ་རྒྱལ་མཚན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་དབུས་སུ་གྲུ་གསུམ་གྱི་རྣམ་པ་རྒྱར་དཔག་ཚད་འབུམ་ཕྲག་གསུམ་པ་བཀྲ་ཤིས་གཡུང་དྲུང་འཁྱིལ་བ། ཀྱིས་མཚན་པ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་དབུས་སུ་ཟླུམ་པོའི་རྣམ་པ་རྒྱར་དཔག་ཚད་འབུམ་ཕྲག་གཉིས་པ་པདྨས་མཚན་པ། དེའི་སྟེང་དུ་ལཾ་ལས་ས་ཡི་དཀྱིལ་འཁོར་སེར་པོ་དབུས་སུ་གྲུ་བཞིའི་རྣམ་པ་རྒྱར་དཔག་ཚད་འབུམ་ཕྲག་གཅིག་པ་རྡོ་རྗེས་མཚན་པ། དཀྱིལ་འཁོར་བཞི་པོ་ཐམས་ཅད་ཀྱི་སྟེང་དང་འོག་ཏུ་ཧཱུྃ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་གཉིས་གཉིས་དང་ལྡན་པར་གྱུར། ས་དཀྱིལ་གྱི་ལྟེ་བར་མཾ་ལས་རི་རབ་ལྷུན་པོ་རྡོ་རྗེའི་རང་བཞིན་འོག་གི་རྒྱར་དཔག་ཚད་སྟོང་ཕྲག་བཅུ་དྲུག་དང་། སྟེང་ལ་དཔག་


MR25_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་སྟོང་ཕྲག་སྟོང་ཕྲག་ལྔ་བཅུ་པ། དེའི་དབུས་སུ་ཀྵཾ་ལས་སྣ་ཚོགས་ཁ་དོག་སྣ་ཚོགས་པ་ཞེས་པ་ལྗང་གུ་ཉིད་ལ་བཞེད། པདྨ་རི་རབ་ཀྱི་ཕྱེད་ཀྱི་ཚད་དཔག་ཚད་སྟོང་ཕྲག་ཉེར་ལྔ་པ་དེའི་སུམ་ཆ་ལྟེ་བ་ཡིན་པ། དེའི་སྟེང་དུ་ཧཾ་ལས་བྱུང་བའི་ཟླ་དཀྱིལ་དཀར་པོ་པདྨའི་ལྟེ་བ་དང་མཉམ་པ་དེའི་སྟེང་དུ་ཚེགས་དྲག་ལས་ཉི་དཀྱིལ་དམར་པོ་ཟླ་བ་དང་མཉམ་པ། དེའི་སྟེང་དུ་ཐིག་ལེ་ལས་སྒྲ་གཅན་གྱི་དཀྱིལ་འཁོར་ཁ་དོག་སྔོན་པོ་ཉི་མ་དང་མཉམ་པ། དེ་རྣམས་གཅིག་ཏུ་འདྲེས་པ་ལས ཧྐྵྨླྺྼྻྃ ཞེས་པའི་ས་བོན་གྱི་ཡི་གེར་གྱུར་པ་དེ་ཉིད་ཡོངས་སུ་གྱུར་པ་ལས་འཇིག་རྟེན་གྱི་ཁམས་རླུང་མེ་ཆུ་ས་ལྷུན་པོ་པདྨ་ཟླ་ཉི་སྒྲ་གཅན་གྱི་གདན་དང་བཅས་པ་སྔར་བཞིན་གྲུབ་པར་གྱུར། དེ་ཧཱུྃ་ཡིག་ལས་བྱུང་བའི་རྡོ་རྗེའི་གུར་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་རྡོ་རྗེའི་ས་གཞི་ཕྱོགས་ཀྱི་མདོག་ཅན་གྱི་གཞི་ལ་་་བྷྲཱུྃ་ཡོངས་སུ་གྱུར་པ་ལས་ཡེ་ཤེས་རིན་པོ་ཆེའི་རང་བཞིན་ཐུགས་གསུང་སྐུ་ཡི་དཀྱིལ་འཁོར་གསུམ་ཡོངས་སུ་རྫོགས་པ་ནོར་བུའི་འོད་ཟེར་འཕྲོ་བ་སྟེ། ཕྱི་རོལ་དུ་སྐུའི་དཀྱིལ་འཁོར་གྲུ་བཞི་པ་རྒྱར་དཔག་ཚད་འབུམ་ཕྲག་བཞི་བ། དེའི་ནང་གི་ཕྱེད་དུ་གསུང་གི་དཀྱིལ་འཁོར་གྲུ་བཞི་པ་རྒྱར་དཔག་ཚད་འབུམ་ཕྲག་གཉིས་པ། དེའི་ནང་གི་ཕྱེད་དུ་ཐུགས་ཀྱི་དཀྱིལ་འཁོར་གྲུ་བཞི་པ་རྒྱར་དཔག་ཚད་འབུམ་ཕྲག་གཅིག་པ། ཐུགས་དཀྱིལ་གྱི་ནང་ནས་ཕར་ནག་དམར་དཀར་བའི་རྩིག་པ་གསུམ་དང་། གསུང་དང་སྐུ་དཀྱིལ་གཉིས་


MR25_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་ནང་ནས་ཕར་ལྗང་ནག་དམར་དཀར་སེར་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པ། དཀྱིལ་འཁོར་གསུམ་གའང་སྒོ་བཞི་པ། སྒོ་དང་མཉམ་པའི་སྒོ་ཁྱུད་སྒོ་འགྲམ་སྒོ་ལོགས་ཏེ་གློ་འབུར་གྱི་རྣམ་པར་གྲུབ་པའི་སྒོ་ཁང་རྣམས་ཀྱི་སྟེང་དུ་ནོར་བུ་གསེར་གྱི་རང་སྒོ་ལས་སུམ་འགྱུར་གྱི་བཞིན་གྱི་རྟ་བབས་བཞིས་བརྒྱན་པ། རྟ་བབས་སོ་སོར་ཀ་བ་བཞིའི་བར་དུ་ལྷ་མོའི་གནས་གསུམ་ལྡན་གྱི་བརྩེགས་པ་གསུམ་པའི་འོག་མར་གླང་ཆེན་གྱི་མགོ་སེང་གེས་མནན་པ་དང་། བར་དང་སྟེང་བུ་སྟོན་གྱིས་མ་ཤཱ་ལ་བྷྱ་ཛྙཱི་ཀས་གསུངས་མ་མཆོད་པའི་ལྷ་མོ་དག་གིས་སྣམ གདུང་མའམ བུ་བཏེགས་པ། སྟེང་དུ་ཧར་མི་མཛེས་པ་དང་། དེའི་སྟེང་དུ་དབུས་སུ་བུམ་པ་གཡས་གཡོན་དུ་རྒྱལ་མཚན་བསྒྲེངས་པ། སྣམ་བུ་སོ་སོ་ལས་མེ་ལོང་དྲིལ་བུ། རྔ་ཡབ་བ་དན་དཀར་པོ་སོགས་མཆོད་རྫས་སྣ་ཚོགས་འཕྱངས་པ། ཀ་བའི་གཤམ་ནས་མྱོས་པ་སྲུང་བས་བསྐོར་བའོ། །དཀྱིལ་འཁོར་སུམ་ཆར་ཡང་རྩིག་པའི་སྟེང་དུ་རིན་པོ་ཆེའི་སྣམ་བུ་དམར་པོ་ཁ་བད་ཀྱི་རྣམ་པ་ཅན་ལ་རིན་པོ་ཆེ་དུ་མས་མཛེས་པར་སྤྲས་པ། དེའི་སྟེང་དུ་ཐོག་ཕུབ་ཀྱི་གདུང་འདེགས་པའི་ཀ་ཐུང་རྣམས་ཀྱི་བར་བར་དུ་ཆུ་སྲིན་མ་ཀ་རའི་ཁ་ནས་འཕྱངས་པའི་དོ་ཤལ་དང་དོ་ཤལ་ཕྱེད་པ་དཀར་པོ་དང་མེ་ལོང་དང་རྔ་ཡབ་དང་དྲིལ་བུ་དང་ཟླ་བ་ཕྱེད་པ་དང་མེ་ཏོག་གི་ཕྲེང་བ་སོགས་ཀྱིས་མཛེས་པར་སྤུད་པ། དེའི་སྟེང་དུ་བྱ་འདབ་ལས་ཐུར་དུ་འཕྱངས་བའི་བ་ཀུ་ལི་དཀར་པོ་


MR25_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

དང་། འདི་ལ་ཤར་བུ་དང་ཟར་ཚགས་ཀྱང་ཟེར། སྟེང་དུ་པད་འདབ་ཕྱེད་པའི་དབྱིབས་ཅན་གྱི་གྲ་མ་ཤིརྵ་དཀར་པོ་ཚར་དུ་དངར་བའི་བར་བར་དུ་རྒྱལ་མཚན་དང་བ་དན་སོགས་ཀྱིས་མཛེས་པའོ། ། རྩིག་པ་རྣམས་ཀྱི་ཕྱི་རོལ་དུ་སྟེགས་བུ་དཀར་པོ་འགྲམ་སྟེགས་ཀྱི་རྣམ་པ་ཅན་ཁོར་ཡུག་ཏུ་ཡོངས་སུ་འཁོར་བ། གཞལ་ཡས་ཁང་གི་ཟུར་རྣམས་ལ་སྣ་ཚོགས་རྡོ་རྗེ་དང་། སྒོ་དང་སྒོ་ཁྱུད་ཀྱི་མཚམས་ཀྱི་ཟུར་རྣམས་ལ་རིན་པོ་ཆེ་དུ་མས་མཛེས་པར་སྤྲས་པ། རྩིག་པའི་ནང་དུ་རྩིག་པ་ལ་མ་རེག་པའི་སྣམ་འདོད་སྣམ་ཟེར་བུ་དཀར་པོ་སྟེང་གི་ཐོག་དང་བཅས་པ་འཁོར་བ། ཐུགས་དཀྱིལ་གྱི་ནང་དུ་དེའི་ཕྱེད་ཀྱི་ཚད་ཀྱི་བདེ་བ་ཆེན་པོའི་འཁོར་ལོ། རྒྱར་དཔག་ཚད་འབུམ་ཕྲག་ཕྱེད་པ་རྡོ་རྗེ་ལྗང་གུའི་ཕྲེང་བས་བསྐོར་ཅིང་། ཀ་བ་ནག་པོ་བཅུ་དྲུག་པ་སྟེ། ཤར་དུ་རལ་གྲི་ནག་པོའི་ཕྲེང་བས་མཚན་པ་བཞི་དང་། དེ་བཞིན་ལྷོར་རིན་ཆེན་དམར་པོ། བྱང་དུ་པདྨ་དཀར་པོ། ནུབ་ཏུ་འཁོར་ལོ་སེར་པོའི་ཕྲེང་བས་མཚན་པའོ། །ཀ་བ་དེ་རྣམས་ཀྱི་ནང་གི་ཐད་སོར་ཡང་གཙོ་བོའི་པདྨ་ལ་གྲུ་བཞིར་བསྐོར་བའི་ཀ་བ་བཅུ་གཉིས་ཏེ། ཕྱི་ནང་གི་ཀ་བ་དེ་དག་གིས་བཏེགས་པའི་རྡོ་རྗེའི་གདུང་རིམ་པ་གཉིས་ཀྱི་ནང་མ་སྔོན་པོ་ཕྱི་མ་ལྗང་གུའོ། །ནང་གི་ཀ་བ་རྡོ་རྗེའི་གདུང་དང་བཅས་པའི་སྟེང་དུ་ཡང་ཀ་བ་རྣམས་ཀྱིས་བཏེགས་པའི་གཙོ་བོའི་གནས་ཀྱི་ཐོག་ཕུབ་ཕྱུར་བུའི་རྣམ་པ་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་མཛེས་པའོ། །གཙོ་བོའི་པདྨའི་


MR25_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

འོག་གཞི་དང་སྟེང་གི་ཐོག་སྔོན་པོ་དང་། དེ་ནས་ཕྱི་རོལ་གྱི་མཆོད་པའི་སའི་མཐར་ཐུག་པའི་འོག་གཞི་རྡོ་རྗེའི་ས་དང་སྟེང་གི་ཐོག་རྣམས་ཀྱི་མདོག་ནི་གཙོ་བོའི་ཞལ་གྱི་དབྱེ་བས། ཤར་ནག །ལྷོ་དམར། བྱང་དཀར། ནུབ་སེར་པོའོ། །སྐུ་དཀྱིལ་གྱི་ཕྱི་རོལ་མཆོད་པའི་ས་གཞི་ལ་པདྨ་དང་བུམ་བཟང་སོགས་མཆོད་པའི་སྤྲིན་དུ་མ་ཉེ་བར་འཁྲིགས་པ། དེའི་ཕྱི་རོལ་དུ་ཁོར་ཡུག་གི་སྟེང་གི་ནམ་མཁའ་ལ་དབང་ལྡན་ནས་ཟླ་བ་ཉ་གང་བ་འཆར་བཞིན་པ་དང་། བདེན་བྲལ་དུ་ཉི་མའི་དཀྱིལ་འཁོར་ནུབ་བཞིན་པའོ། །དེའི་ཡང་ཕྱི་རོལ་དུ་ཆུ་དང་མེ་དང་རླུང་གི་ཁོར་ཡུག་རྣམས་དང་། དེའི་ཕྱི་རོལ་དུ་ནམ་མཁའི་ཁོར་ཡུག་ལ་དབུས་སུ་རྡོ་རྗེའི་ཕྲེང་བ་དང་བཅས་པས་ཡོངས་སུ་བསྐོར་བ་སྟེ། དེ་ལྟར་དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་གྱི་ཕྱོགས་ཀུན་ནས་རྡོ་རྗེའི་མེ་ལྕེ་ཡེ་ཤེས་ཀྱི་འོད་ཟེར་མཐའ་ཡས་པ་ཀུན་ནས་འཕྲོ་བའོ། །ཐུགས་དང་གསུང་གི་རྟ་བབས་ཀྱི་རེའུ་མིག་གི་གཞི་ཁ་དོག་སྣ་ཚོགས་པ་ལ། མཆོད་པའི་ལྷ་མོ་སྣ་ཚོགས་པ་གནས་ཤིང་། སྐུའི་རྟ་བབས་ཀྱི་བརྩེགས་མ་འོག་མའི་རེའུ་མིག་དབུས་མའི་གནས་ལ། ཤར་དུ་ཆོས་ཀྱི་འཁོར་ལོ་ནག་ཧཱུཾ་པོ། དེའི་གཡས་གཡོན་རི་དྭགས་ཕོ་མོ། ལྷོར་བུམ་བཟང་དམར་ཨཱཿཔོ། གཡས་གཡོན་དུང་དང་པདྨ། བྱང་དུ་རྔ་བོ་ཨོཾ་ཆེ་དཀར་པོ། གཡས་གཡོན་དབྱུག་པ་དང་ཐོ་བ། ནུབ་ཏུ་བྱང་ཆུབ་ཀྱི་ཤིང་ཧོ་སེར་པོ།


MR25_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་གཡོན་དུ་མིའམ་ཅི་དང་མིའམ་ཅི་མོ་དག་གནས་ཤིང་། རེ་མིག་གི་གནས་གཞན་ལ་མཆོད་པའི་ལྷ་མོ་སྣ་ཚོགས་པ་གནས་པའོ། །དབུས་ཀྱི་བདེ་བ་ཆེན་པོའི་འཁོར་ལོའི་ནང་དུ་དེའི་ཕྱེད་ཀྱི་ཚད་ཀྱི་མཚམས་སུ་རྡོ་རྗེའི་ཕྲེང་བ་ནག་པོས་བསྐོར་བའི་དབུས་སུ། ཨོཾ་ལས་སྐྱེས་པའི་གཙོ་བོའི་གདན་གྱི་པདྨ་རྒྱར་དཔག་ཚད་སྟོང་ཕྲག་ཉེར་ལྔ་པ་ཁ་དོག་ལྗང་གུ་འདབ་མ་བརྒྱད་པ། དེའི་སྟེང་དུ་མ་ལས་ཟླ་བ། ར་ལས་ཉི་མ། ཧཱུཾ་ལས་སྒྲ་གཅན་གྱི་གདན་སུམ་བརྩེགས་སུ་གནས་པ། བདེ་གཤེགས་འཕར་མའི་ཀ་བ་རྣམས་ཀྱི་བར་བར་དུ་ཨོཾ་ལས་བྱུང་བའི་པདྨ་འདབ་མ་བརྒྱད་པ་སྟེ་དེ་ཡང་ཕྱོགས་བཞི་ཡི་པདྨ་རྣམས་དཀར་བ་མཚམས་བཞི་དམར་བ་བརྒྱད་ནི་ལྷའི་གདན་ནོ། །དེ་དག་གི་བར་བརྒྱད་ནི་བདུད་རྩིའི་བུམ་པ་བརྒྱད་ཀྱི་གནས་སོ། །ཐུགས་ཀྱི་ལྷ་སྣམས་ལ་ཨོཾ་ལས་བྱུང་བའི་པདྨ་འདབ་མ་བརྒྱད་པ་རྣམས་གདན་དུ་དགོད་པར་བྱ་སྟེ། དེའང་ཤར་དང་ལྷོའི་གཡས་གཡོན་གཉིས་དང་། བྱང་དང་ནུབ་ཀྱི་གཡས། ཤར་དང་བྱང་གི་སྒོ་སྟེ་བརྒྱད་དུ་པདྨ་དཀར་པོ། མཚམས་བཞི་དང་བྱང་དང་ནུབ་ཀྱི་གཡོན་དང་། ལྷོ་དང་ནུབ་ཀྱི་སྒོ་སྟེ་བརྒྱད་དུ་པདྨ་དམར་པོའོ། །བདེ་གཤེགས་འཕར་མ་ཐུགས་དཀྱིལ་དང་བཅས་པའི་གདན་གྱི་པདྨ་དམར་པོ་བཅུ་གཉིས་ཀྱི་ལྟེ་བར་མ་ལས་ཟླ་དཀྱིལ་བཅུ་གཉིས་དང་། པདྨ་དཀར་པོ་བཅུ་གཉིས་ཀྱི་ལྟེ་བར་ར་ལས་བྱུང་བའི་ཉི་དཀྱིལ་བཅུ་གཉིས་གནས་པའོ། །


MR25_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་གི་ལྷ་སྣམས་ལ་ཨོཾ་ལས་བྱུང་བའི་པདྨ་འདབ་མ་བརྒྱད་པ། དེ་ཡང་ཕྱོགས་བཞིའི་པདྨ་རྣམས་དམར་ཞིང་། མཚམས་བཞི་རྣམས་དཀར་པོའོ། །སྐུའི་ལྷ་སྣམས་ལ་ཨོཾ་ལས་བྱུང་བའི་པདྨ་འདབ་མ་དང་པོར་བཞི། གཉིས་པར་བརྒྱད། གསུམ་པར་བཅུ་དྲུག་གྱེས་པའི་འདབ་མ་ཉེར་བརྒྱད་པ་སྟེ། དེ་ཡང་ཕྱོགས་བཞིའི་སྒོའི་གཡས་གཡོན་རྣམས་སུ་པདྨ་དམར་པོ་བརྒྱད། མཚམས་བཞིའི་དཀར་པོ་བཞི་སྟེ་སོ་སོའི་ལྟེ་བར་ལྷ་རྣམས་ཀྱི་བཞོན་པ་དང་བཅས་པའོ། །སྐུ་དཀྱིལ་གྱི་ཤར་སྒོར་ཕག་པ་བདུན་གྱིས་དྲངས་པའི་ཤིང་རྟ་ནག་པོ། ལྷོ་སྒོར་རྟ་བདུན་གྱིས་དྲངས་པའི་ཤིང་རྟ་དམར་པོ། བྱང་སྒོར་སེང་གེ་བདུན་གྱིས་དྲངས་པའི་ཤིང་རྟ་དཀར་པོ། ནུབ་སྒོར་གླང་ཆེན་བདུན་གྱིས་དྲངས་པའི་ཤིང་རྟ་སེར་པོ། སྟེང་དུ་མཁའ་ལྡིང་མིག་གསུམ་པ་ཁ་དོག་ལྔ་པ་ལུས་རྒྱས་པ་བདུན་གྱིས་དྲངས་པའི་ཤིང་རྟ་ལྗང་གུ། འོག་ཏུ་སེང་གེ་རྐང་པ་བརྒྱད་པ་བདུན་གྱིས་དྲངས་པའི་ཤིང་རྟ་སྔོན་པོའོ། །མེ་རླུང་གི་ཁོར་ཡུག་གི་མཚམས་སུ་མཚན་ཉིད་རྫོགས་པའི་དུར་ཁྲོད་ཆེན་པོ་བརྒྱད་ལ་ཕྱོགས་བཞིར་འཁོར་ལོ་རྩིབས་བརྒྱད་དམར་པོ་དང་། མཚམས་བཞིར་དཀར་པོ་བཞི། སྟེང་དུ་ཤིང་རྟ་ལྗང་གུ་དང་འོག་ཏུ་སྔོན་པོ་གནས་པ་སྟེ། དེ་ལྟར་དྭངས་ཤིང་སྒྲིབ་པ་མེད་པའི་དཀྱིལ་འཁོར་ཆེན་པོ་ཕྱི་ནང་ཀུན་ཏུ་འོད་གསལ་ཞིང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་རྒྱན་གྱི་རྣམ་པ་མཆོག་ཏུ་བཀྲ་བ་དུ་མས་


MR25_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་པར་གྱུར་པ་ནི་ཤ་ཁྲག་རུས་པ་སོགས་ཕུང་པོའི་ཁམས་དང་སྣོད་ཀྱི་འཇིག་རྟེན་དང་འབྱུང་བ་རྣམས་རྣམ་པར་དག་པའི་རང་བཞིན་ཟག་པ་མེད་པའི་ཆོས་ཁམས་རྣམས་ཀྱི་བདག་ཉིད་དུ་ཤེས་པར་བྱའོ། །གཉིས་པ་བརྟེན་པ་ལྷ་བསྒོམ་པ་ནི་གཙོ་བོ་མངོན་བྱང་ལྔའི་ཚུལ་གྱིས་བསྐྱེད་པར་བྱ་སྟེ། དབུས་ཀྱི་པད་ཟླ་ཉི་མ་སྒྲ་གཅན་གྱི་གདན་དེའི་སྟེང་དུ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཀྱི་ངོ་བོ། ཨ་ཨི་རྀ་ཨུ་ལྀ། ཨ་ཨེ་ཨར་ཨོ་ཨལ། ཧ་ཡ་ར་ཝ་ལ་ཨཾ། རྣམས་གཡོན་སྐོར་དང་ཨཱཿལཱ་ཝཱ་རཱ་ཡཱ་ཧཱ། ཨཱལ་ཨཽ་ཨཱར་ཨཻ་ཨཱ། ལཱྀ་ཨཱུ་རཱྀ་ཨཱི་ཨཱ། ཞེས་གཡས་སྐོར་དུ་གནས་པ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་དབྱངས་སོ་གཉིས་ཀྱིས་མཚན་པ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེའི་འོག་ཏུ་དཔེ་བྱད་བཟང་པོ་བརྒྱད་ཅུའི་ངོ་བོ། ལླ་ཝྺ་ཡྻ་ཌྜ་ཌྷྜྷ ། ལླ་ཝྺ་ཪྼ་ཡྻ་ཧྷ། སྶ་ཉྤྙྤ་ཥྵ་ཤྴ་ྈྐྈྐ། ཏྟ་ཐྠ་དྡ་དྷྡྷ་ནྣ། པྤ་ཕྥ་བྦ་བྷྦྷ་མྨ། ཊྚ་ཋྛ་ཌྜ་ཌྷྜྷ་ཎྞ། ཙྩ་ཚྪ་ཛྫ་ཛྷ ཛྷ་ཉྙ། ཀྐ་ཁྑ་གྒ་གྷྒྷ་ངྔ་། རྣམས་གཡས་བསྐོར་དང་། ང་གྷ་ག་ཁ་ཀ ཉ་ཛྙ་ཛ་ཚ་ཙ། ཎ་ཌྷ་ཌ་ཋ་ཊ། མ་བྷ་བ་ཕ་པ། ན་དྷ་ད་ཐ་ཏ། ྈྐ་ཤ་ཥ་ཉྤ་ས། ཧ་ཡ་ར་ཝ་ལ། ཌྷ་ཌ་ཡ་ཝ་ལ། རྣམས་གཡོན་བསྐོར་དུ་གནས་པ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་གསལ་བྱེད་བརྒྱད་ཅུས་མཚན་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཟླ་བའི་དབུས་སུ་ཧཱུཾ་ཡིག་ཟླ་བས་མཚན་པ་ལྟ་བུ་སོ་སོར་རྟོགས་པའི་ཡེ་ཤེས་སོ། །དེ་རྣམས་གཅིག་ཏུ་གྱུར་པ་སྲོག་གི་ང་ཧི་ཡིག་དང་ལྡན་པ་ནི་བྱ་


MR25_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

བ་གྲུབ་པའི་ཡེ་ཤེས་སོ། །ཡེ་ཤེས་སྔ་མ་བཞི་གཅིག་ཏུ་འདྲེས་པ་ལས་སྐུའི་ཆ་ཤས་ཡོངས་སུ་རྫོགས་པ་རྣམ་ཤེས་ཧཾ་ཡིག་དང་ལྡན་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། ཟླ་བའི་སྐུ་དང་ཟུང་གི་ཞབས་ཏེ་མེ་ཡི་མགྲིན་པ་ཆུ་གཏེར་དཔལ་ལྡན་ཞལ་ནི་སྣ་ཚོགས་མདོག །ཕྲག་པ་དྲུག་དང་ཉི་མའི་དཔུང་པ་རྒྱལ་བའི་ཕྱག་གི་པདྨ་སྟོང་པ་དྲུག་དང་མེ་ཡི་ཚིགས། ཞབས་དག་གིས་ནི་ཟླ་བ་ཉི་མ་བསྲེག་ཟའི་དཀྱིལ་འཁོར་དག་ལ་བདུད་དང་དྲག་པོ་སྐྲག་བཞིན་པར། རོལ་བས་མནན་པ་སྲིད་མེད་སྲིད་པ་མཉམ་ཉིད་དུས་ཀྱི་འཁོར་ལོ་གཅིག་པུ་དེ་ནི་བསྒོམ་པར་བྱ། །རང་ཉིད་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་དྲི་མ་མེད་པའི་འོད་ཟེར་ལྔ་འཕྲོ་བ། སྐུ་མདོག་སྔོན་པོ་མགྲིན་པ་གསུམ་གྱི་དབུས་སྔོ་གཡས་དམར་གཡོན་དཀར། ཞལ་བཞིའི་དབུས་ཞལ་ནག་པོ་དྲག་ཅིང་མཆེ་བ་ཕྱེད་གཙིགས་པ། གཡས་ཞལ་དམར་པོ་ཆགས་པའི་ཉམས་ཅན། །གཡོན་ཞལ་དཀར་པོ་རབ་ཏུ་ཞི་བ། །རྒྱབ་ཞལ་སེར་པོ་ཏིང་ངེ་འཛིན་ལ་གནས་པ། །ཞལ་རེ་རེའང་སྤྱན་གསུམ་དང་ལྡན་པ། །རལ་པའི་ཅོད་པན་ལ་སྣ་ཚོགས་དབུས་སུ་རྡོ་རྗེ་དང་། ཟླ་བ་ཕྱེད་པ་གཡོན་དུ་དང་། གཙུག་ཏུ་རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན། སྤྱི་གཙུག་ཏུ་རྡོ་རྗེ་ནོར་བུ་དང་། རྡོ་རྗེ་རྣ་རྒྱན་དང་། རྡོ་རྗེ་མགུལ་རྒྱན་དང་། རྡོ་རྗེ་གདུབ་བུ་དང་། རྡོ་རྗེ་སྐ་རགས་དང་། རྡོ་རྗེ་རྐང་གདུབ་དང་། རྡོ་རྗེ་དར་དཔྱངས་དང་། རྡོ་རྗེ་ཕྲེང་བ་དང་།


MR25_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་གི་པགས་པའི་ན་བཟའ་དང་ལྡན་པ། གཡས་དང་གཡོན་གྱི་ཕྲག་པ་དང་པོ། བུ་ལུགས་སྔོན་པོའང་། ནག་པོ། གཉིས་པ་དམར་པོ། གསུམ་པ་དཀར་པོ་སྟེ། ཕྲག་པ་དྲུག །དེ་ལས་གྱེས་པའི་གཡས་གཡོན་གྱི་དཔུང་པ་བཅུ་གཉིས་ཀྱང་གཉིས་གཉིས་རིམ་བཞིན་ནག་དམར་དཀར་བའོ། །ཕྱག་ངར་ཉི་ཤུ་རྩ་བཞིའི་གཡས་གཡོན་གྱི་དང་པོ་བཞི་ནག་པོ། གཉིས་པ་བཞི་དམར་པོ། གསུམ་པ་བཞི་དཀར་པོ། ཕྱག་རེ་རེ་ལའང་སོར་གདུབ་ཀྱིས་སྤྲས་པའི་མཐེ་བོང་སེར་པོ། མཛུབ་མོ་དཀར་པོ། གུང་མོ་དམར་པོ། སྲིན་ལག་ནག་པོ། མཐེའུ་ཆུང་ལྗང་གུ། སོར་མོ་རྣམས་ཀྱི་ཚིགས་ཀྱི་རྟིང་པ་དང་པོ་ནག །གཉིས་པ་དམར། གསུམ་པ་རྣམས་དཀར་པོའོ། །གཡས་ཀྱི་ཕྱག་ནག་པོ་བཞིས་དང་པོ་ནས་རིམ་པ་བཞིན་དུ། རྡོ་རྗེ། རལ་གྲི། རྩེ་གསུམ། གྲི་གུག དམར་པོ་བཞིས་མེའི་མདའ། རྡོ་རྗེ་ལྕགས་ཀྱུ། སྒྲ་དང་བཅས་པའི་ཌཱ་མ་རུ། ཐོ་བ། དཀར་པོ་བཞིས་འཁོར་ལོ། མདུང་། དབྱུག་པ། དགྲ་སྟ་བསྣམས་པ། གཡོན་པའི་ཕྱག་ནག་པོ་བཞིས། རྡོ་རྗེའི་དྲིལ་བུ། ཕུབ། ཁ་ཊྭཱཾ་ག་ཁ་གདངས་པ། ཁྲག་གིས་གང་བའི་ཐོད་པ། དམར་པོ་བཞིས་གཞུ། རྡོ་རྗེ་ཞགས་པ། རིན་པོ་ཆེ། པདྨ་དཀར་པོ། དཀར་པོ་བཞིས་དུང་། མེ་ལོང་། རྡོ་རྗེ་ལྕགས་སྒྲོག ཚངས་པའི་མགོ་བོ་གདོང་བཞི་པ་པདྨས་སྤྲས་པ་འཛིན་ཅིང་། ཕྱག་དང་པོ་གཉིས་


MR25_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཡུམ་ལ་འཁྱུད་པ། ཞབས་གཡས་པ་དམར་པོ་བརྐྱངས་པས་འདོད་ལྷ་དམར་པོ་གདོང་གཅིག་པ་ལག་པ་བཞིས་གཡས་གཉིས་མེ་ཏོག་གི་མདའ་དང་ལྕགས་ཀྱུ། གཡོན་གཉིས་གཞུ་དང་ཞགས་པ་འཛིན་པའི་སྙིང་གར་མནན་པ། གཡོན་པ་དཀར་པོ་བསྐུམས་པས་དྲག་པོ་དཀར་པོ་གདོང་གཅིག་པ་མིག་གསུམ་པ། ལག་པ་བཞིས་གཡས་གཉིས་ཀྱིས་རྩེ་གསུམ་དང་ཌཱ་མ་རུ། གཡོན་གཉིས་ཁ་ཊྭཱཾ་ག་དང་ཐོད་པ་འཛིན་པའི་སྙིང་གར་མནན་པ། བདུད་ཀྱི་དགའ་མ་དང་དྲག་པོའི་ཨུ་མ་དག་ནི་དམན་པའི་གདོང་གིས་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་མཐིལ་ལ་འཛིན་བཞིན་གཡོ་མེད་དུ་གནས་པའོ། །གཙོ་བོ་ཉིད་ལ་འཁྱུད་པའི་སྣ་ཚོགས་ཡུམ་ནི་ཕྲེང་དང་གྲི་གུག་ལས་སྐྱེས་པའི་སེར་མོ་ཞལ་བཞིའི་མདུན་སེར། གཡས་དཀར། གཡོན་དམར། རྒྱབ་ཞལ་ནག་པོ། ཕྱག་བརྒྱད་ཀྱི་གཡས་བཞིས་གྲི་གུག་ལྕགས་ཀྱུ། སྒྲ་དང་བཅས་པའི་ཌཱ་མ་རུ། བགྲང་ཕྲེང་། གཡོན་བཞིས་ཐོད་པ། ཞགས་པ། པད་དཀར་འདབ་བརྒྱ། རིན་པོ་ཆེ་འཛིན་པ། རྡོ་རྗེ་སེམས་དཔའི་ཅོད་པན་ཅན་རུས་པའི་ཕྱག་རྒྱ་ལྔ་དང་ལྡན་ཅིང་། ཞབས་གཉིས་གཡས་བསྐུམས་གཡོན་བརྐྱངས་པའི་དོར་སྟབས་ཀྱིས་བཅོམ་ལྡན་འདས་དང་སྙོམས་པར་ཞུགས་པས་གནས་པ། གཙོ་བོ་ཡབ་ཡུམ་གྱི་ཕྱི་རོལ་དུ་པདྨའི་འདབ་མ་བརྒྱད་ལ། ཤར་དུ་ཨ་དང་སྤོས་སྣོད་ལས་ནག་མོ་འབར་མ། ཤར་ལྷོར་ཧ་


MR25_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྔ་ཡབ་ནག་པོ་ལས་དུ་བ་མ། དེ་གཉིས་ཀ་སྐུ་མདོག་ནག་མོ། མདུན་ནས་གཡས་སྐོར་གྱིས་ནག་དམར་སེར་དང་དཀར་བའི་ཞལ་བཞི་ཕྱག་བརྒྱད་པ་སྟེ། ནག་མོ་འབར་མའི་གཡས་ཀྱི་ཕྱག་བཞིས་བདུག་སྤོས། ཙན་དན། གུར་གུམ། གླ་རྩི་དང་བཅས་པའི་ག་བུར་གྱི་སྣོད་བཞི་དང་། གཞན་ན། ཙན་དན། གུར་གུམ། ག་བུར། གླ་རྩི་སྦྱར་བའི་སྤོས་བཞིའི་སྣོད་ཅེས་གསུངས་པ་ཡོད། རྒྱུད་འབྲོ་འགྱུར་ལྟར་ན་སྔ་མ་ལྟར་ཡིན། གཡོན་བཞིས་དྲིལ་བུ། པདྨ་ལྷ་ཤིང་ཡོངས་འདུའི་མེ་ཏོག །མེ་ཏོག་སྣ་ཚོགས་པའི་ཕྲེང་བ་འཛིན་པ། དུ་བ་མའི་ཕྱག་བརྒྱད་ཀྱིས་རྔ་ཡབ་ནག་པོ་བརྒྱད་བསྣམས་པའོ། །ལྷོར་ཨཿདང་མར་མེ་ལས་དམར་མོ་འབར་མ། ལྷོ་ནུབ་ཏུ་ཧཿདང་རྔ་ཡབ་དམར་པོ་ལས་སྨིག་རྒྱུ་མ། དེ་གཉིས་ཀ་སྐུ་མདོག་དམར་པོ། དམར་སེར་དཀར་དང་ནག་པའི་ཞལ་བཞི་ཕྱག་བརྒྱད་པ། དམར་མོ་འབར་མའི་ཕྱག་གཡས་བཞིས་མར་མེ། དོ་ཤལ། ཅོད་པན། གདུ་བུ། གཡོན་བཞིས། གོས་དང་། སྐ་རགས། རྣ་རྒྱན། རྐང་གདུབ་འཛིན་པ། སྨིག་རྒྱུ་མའི་ཕྱག་བརྒྱད་ཀྱིས་རྔ་ཡབ་དམར་པོ་བརྒྱད་འཛིན་པའོ། །བྱང་དུ་ཨཾ་དང་ལྷ་བཤོས་ལས། དཀར་མོ་འབར་མ། བྱང་ཤར་དུ་ཧཾ་དང་རྔ་ཡབ་དཀར་པོ་ལས་མཁའ་སྣང་མ། དེ་གཉིས་ཀ་སྐུ་མདོག་དཀར་མོ། དཀར་ནག་དམར་དང་སེར་བའི་ཞལ་བཞི། ཕྱག་བརྒྱད་པ། དཀར་མོ་འབར་མའི་གཡས་བཞིས། འོ་མ། ཆུ། མཆོག་


MR25_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྨན། ཆང་གི་སྣོད་བཞི། གཡོན་བཞིས། བདུད་རྩི། གྲུབ་པའི་རོ་བཅུད། བདུད་རྩིའི་འབྲས་བུ། འབྲས་ཆན་གྱི་སྣོད་འཛིན་པ། བུ་སྟོན་གྱིས་ཟན་གྱི་སྣོད་གསུངས། མཁའ་སྣང་མའི་ཕྱག་བརྒྱད་ཀྱིས་རྔ་ཡབ་དཀར་པོ་བརྒྱད་འཛིན་པའོ། །ནུབ་ཏུ་ཨཱ་དང་དུང་ལས་སེར་མོ་འབར་མ། ནུབ་བྱང་དུ་ཧཱ་དང་རྔ་ཡབ་སེར་པོ་ལས་མར་མེ་མ། དེ་གཉིས་ཀ་སྐུ་མདོག་སེར་མོ། སེར་དཀར་ནག་དང་དམར་བའི་ཞལ་བཞི་ཕྱག་བརྒྱད་པ། སེར་མོ་འབར་མའི་གཡས་བཞིས་དུང་དང་། གླིང་བུ། ནོར་བུ། ཌཱ་མ་རུ། གཡོན་བཞིས་པི་ཝཾ། རྔ་དང་། སིལ་སིལ་སྒྲོགས་པའི་འཁར་རྔ། ཟངས་དུང་འཛིན་པ། མར་མེ་མས་རྔ་ཡབ་སེར་པོ་བརྒྱད་བསྣམས་པའོ། །ནུས་མ་བརྒྱད་ཀའང་ཞལ་རེ་རེར་སྤྱན་གསུམ་པ། ཕྱག་རྒྱ་ལྔ་དང་རྡོ་རྗེ་སེམས་དཔའི་ཅོད་པན་ཅན། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བུ་སྟོན་གྱིས་མཉམ་པའི་འདུག་སྟངས་ཀྱིས་བཞུགས་ཞེས་གསུངས། མཆན། བཞེངས་པའོ། །རླུང་བཅུའི་ངོ་བོ་ནུས་པ་བཅུ་ནི་སྔ་མ་བརྒྱད་ཀྱི་སྟེང་དུ་རྡོར་དབྱིངས་མ་དང་སྣ་ཚོགས་ཡུམ་གཉིས་བསྣན་པ་སྟེ། ཧོ་དང་རྡོ་རྗེ་ལས་སྐྱེས་རྡོར་དབྱིངས་མ་ལྗང་གུ་སྲོག་འཛིན་དག་བས་མཆོག་གི་ཆ་ཕྲེང་དང་གྲི་གུག་ལས་ཤེར་ཕྱིན་སྣ་ཚོགས་ཡུམ་སྔོན་མོ་ཐུར་སེལ་དག་བས་ཐིག་ལེའོ། །ཕྱི་མ་འདི་གཉིས་སྣ་ཚོགས་ཡུམ་ལ་འདུས་པས་ལོགས་སུ་བསྐྱེད་མི་དགོས་ཤིང་། དབང་གི་སྐབས་སུ་བཅུར་བྱེད་པ་ཡིན་ནོ། །མཆན། དེ་དག་གི་རྒྱབ་ཏུ་ཟུར་


MR25_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

བཞིར་དབང་ལྡན་དུ་ཨོཾ་ལས་བྱུང་བའི་ཆོས་ཀྱི་དུང་དཀར་པོ། བདེན་བྲལ་དུ་ཨཱཿལས་ཆོས་ཀྱི་གཎྜི་དམར་པོ། མེར་ཧཱུཾ་ལས་ཡིད་བཞིན་ནོར་བུ་ནག་པོ། རླུང་དུ་ཧོཿལས་དཔག་བསམ་གྱི་ཤིང་སེར་པོ་གནས་པའོ། །དེ་ནས་འཁོར་རྣམས་སྤྲོ་བ་ནི། འདོད་ཆགས་ཆེན་པོས་གདུལ་བར་བྱ་བའི་སེམས་ཅན་རྣམས་དང་པོའི་སངས་རྒྱས་བསྟན་པའི་སྣོད་དུ་མངོན་པར་གཟིགས་ནས་ཡུམ་ལ་སྙོམས་པར་ཞུགས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཤིན་ཏུ་དགའ་བའི་སྒྲ་ཡིས་ཕུང་ཁམས་སྐྱེ་མཆེད་དབང་ཡུལ་དང་བཅས་པ་རྣམ་པར་དག་པའི་རང་བཞིན་གྱི་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་ཁྲོ་བོ་ཡབ་ཡུམ་ཐམས་ཅད་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ནམ་མཁའ་གང་བར་བཞུགས་པ་རྣམས་རང་གི་ལུས་ལ་ཞུགས་པར་གྱུར། སླར་ཡང་རང་ཉིད་ལས་ཡུམ་གྱི་པདྨར་སྤྲོས་ཏེ་སྣ་ཚོགས་ཡུམ་ལ་ཞུགས་པར་གྱུར། དེ་ལས་ཀྱང་ལོག་ནས་སླར་རང་ཉིད་ལ་ཞུགས་ཏེ་ཟླ ཀུནྡ བ་བྱང་ཆུབ་སེམས་ཀྱི་རྣམ་པར་ཞུ་བར་གྱུར་པ་རྣམས་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་སྤྲོས་ཏེ་ས་བོན་དང་ཕྱག་མཚན་ལས་ལྷ་དང་ལྷ་མོའི་ཚོགས་སུ་གྱུར་པ་ནི། ཨ་ཨཱ་རྡོ་རྗེ་ལྗང་གུ་རྩེ་ལྔ་ལས། །མི་བསྐྱོད་པ་དང་རྡོ་རྗེ་དབྱིངས་ཕྱུག་མ། །ལྗང་གུ་ལྗང་དམར་དཀར་བའི་ཞལ་གསུམ་པ། །ཨཾ་ཨཱཿརྡོ་རྗེ་སྔོན་པོ་རྩེ་གསུམ་ལས། རྡོ་རྗེ་སེམས་དཔའ་ཤེས་རབ་ཕར་


MR25_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་མ། །སྔོན་པོ་སྔོ་དམར་དཀར་བའི་ཞལ་གསུམ་ལྡན། །མི་བསྐྱོད་པ་ལ་ཤེར་ཕྱིན་མས་འཁྱུད་ཅིང་། །རྡོར་དབྱིངས་མ་ལ་རྡོ་རྗེ་སེམས་དཔས་འཁྱུད། །ཡབ་ཡུམ་བཞི་ཀ་ཕྱག་དྲུག་ཕྱག་མཚན་ནི། །གཡས་གསུམ་རྡོ་རྗེ་གྲི་གུག་དགྲ་སྟ་དང་། །གཡོན་གསུམ་དྲིལ་བུ་ཐོད་པ་ཚངས་མགོ་བསྣམས། །དེ་བཞི་ཡུམ་གྱི་མཁའ་ནས་ཕྱིར་སྤྲོས་ཏེ། །སེམས་ཅན་དོན་བྱས་སླར་ཡང་རང་ལ་ཞུགས། །འདིར་རང་རིགས་ཀྱི་ཡུམ་གྱིས་འཁྱུད་པའི་མི་བསྐྱོད་པ་ཡབ་ཡུམ་ཁོ་ན་ཕྱིར་སྤྲོ་ཞིང་རང་ལ་གཞུགས་པས་ཆོག་ཅིང་། རྡོར་སེམས་ཡབ་ཡུམ་གཙོ་བོའི་ཡེ་ཤེས་སེམས་དཔའི་ཚུལ་དུ་བཞེད་པ་ཡོད། ཨི་དང་རལ་གྲི་ནག་པོ་ཡོངས་གྱུར་ལས། །དོན་ཡོད་གྲུབ་པ་རྩ་ཞལ་ནག་དམར་གཡས་དཀར་གཡོན་བའི་ཞལ། །དེ་བཞིན་རིགས་བཞི་ཀུན་འདྲའོ། །གཡས་གསུམ་རལ་གྲི་གྲི་གུག་རྩེ་གསུམ་དང་། །གཡོན་གསུམ་ཕུབ་དང་ཐོད་པ་ཁ་ཊྭཱཾ་དཀར། །སངས་རྒྱས་སྤྱན་མ་སེར་མོས་འཁྱུད་པ་ནི། །ཡུམ་མཁའ་ནས་བྱུང་ཤར་གྱི་པད་ཉིར་འཁོད། །སྐུ་མདོག་ནི་རྩ་བའི་ཞལ་གྱི་མདོག་དང་མཚུངས་པ་ཀུན་ལ་ཤེས་པར་བྱ། ཡུམ་རྣམས་ལ་ས་བོན་དང་ཞལ་དང་ཕྱག་མཚན་མ་བཤད་པ་ནི། སླར་འཆད་འགྱུར་སོགས་དང་ཁྱད་མེད་པ་ཤེས་པར་བྱའོ། །རྀ་དང་རིན་ཆེན་དམར་པོ་ཡོངས་གྱུར་ལས། །རིན་ཆེན་འབྱུང་ལྡན་དམར་དཀར་ནག་པའི་ཞལ། །གཡས་གསུམ་མེའི་མདའ་དང་རྡོ་རྗེའི་ལྕགས་ཀྱུ་སྒྲ་དང་བཅས་པའི་


MR25_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ཅང་ཏེའུ། །གཡོན་གསུམ་གཞུ་དང་ཞགས་པ་རིན་ཆེན་ཟུར་བརྒྱད་དབུས་ཀྱི་རྩེ་མོ་བཅས་རྩེ་མོ་དགུ་པ་ཞེས་བཤད་པ་འོད་འཕྲོ་བ། འཛིན། །ཡུམ་ཆེན་མཱ་ཀཱི་དཀར་མོས་ལེགས་འཁྱུད་པ། །ཡུམ་མཁའ་ནས་ཕྱུང་ལྷོ་ཡི་པད་ཉིར་འཁོད། །ཨུ་ཡིག་ལས་བྱུང་པད་དཀར་ཡོངས་གྱུར་ལས། །སྣང་བ་མཐའ་ཡས་དཀར་ནག་དམར་བའི་ཞལ། །གཡས་གསུམ་ཐོ་བ་མདུང་དང་རྩེ་གསུམ་བསྣམས། །གཡོན་གསུམ ཇོ་ནང་པས་འདབ་མ་བརྒྱད་པར་བཞེད པད་དཀར་མེ་ལོང་བགྲང་ཕྲེང་འཛིན། །ཡུམ་ཆེན་གོས་དཀར་དམར་མོས་ལེགས་འཁྱུད་པ། །ཡུམ་མཁའ་ལས་ཕྱུང་བྱང་གི་པད་ཉིར་འཁོད། །ལྀ་དང་འཁོར་ལོ་སེར་པོ་ཡོངས་གྱུར་ལས། །རྣམ་པར་འདབ་མ་བརྒྱ་པ། སྣང་མཛད་སེར་དཀར་ནག་པའི་ཞལ། །གཡས་གསུམ་འཁོར་ལོ་དབྱུག་པ་ཁྲོ་བོའི་རྡོ་རྗེ་དང་། །གཡོན་གསུམ་དུང་དང་ལྕགས་སྒྲོག་སྒྲ་དང་བཅས་པའི་རྡོ་རྗེ་དྲིལ་བུ་བསྣམས། །ཡུམ་ཆེན་སྒྲོལ་མ་ནག་མོས་འཁྱུད་པ་དག །ཡུམ་མཁའ་ནས་ཕྱུང་ནུབ་ཀྱི་པད་ཉིར་འཁོད། །རྒྱལ་བ་རིགས་དྲུག་པོའི་སྐུ་མདོག་དང་ཞལ་དང་ཕྱག་མཚན་རྣམས་ཤིན་ཏུ་ངེས་པ་གལ་ཆེ་སྟེ་ལྷ་དུ་མ་ལ་འདི་སྤྱིར་རྒྱུག་ཡིན་པའི་ཕྱིར་རོ། །དཀྱིལ་འཁོར་གསུམ་གའི་ལྷ་ཐམས་ཅད་ཞབས་གཉིས་པ་ཅན་དང་། ལྷ་ཡབ་ཡུམ་ཐམས་ཅད་ཀྱི་ཕྱག་དང་པོ་གཉིས་ཀྱི་ཕན་ཚུན་འཁྱུད་པ་ཀུན་ཏུ་ཤེས་པར་བྱའོ། །བདེ་གཤེགས་ཐབས་རྣམས་པད་དཀར་ཉི་གདན་སྟེང་། །རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ་ལ། །ཡུམ་རྣམས་པདྨའི་གདན་གྱིས་འཁྱུད་པའོ།


MR25_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

།ཨཱི་ཡིག་རལ་གྲི་ནག་པོ་ལས་བྱུང་བའི། །སྒྲོལ་མ་དོན་ཡོད་གྲུབ་པ་ལྟ་བུ་ལ། །རྣམ་པར་སྣང་མཛད་སེར་པོས་འཁྱུད་པ་ནི། །ཡུམ་མཁའ་ནས་བྱུང་མེ་མཚམས་པད་ཟླར་འཁོད། །རྀ་ཡིག་རིན་ཆེན་དམར་པོ་ཡོངས་གྱུར་ལས། །གོས་དཀར་དམར་མོ་རིན་འབྱུང་ལྟ་བུ་ལ། །སྣང་བ་མཐའ་ཡས་དཀར་པོས་འཁྱུད་པ་ནི། །ཡུམ་གྱི་མཁའ་ནས་བདེན་བྲལ་པད་ཟླར་འཁོད། །ཨཱུ་ཡིག་ལས་བྱུང་པད་དཀར་ཡོངས་གྱུར་པ། །མཱ་མ་ཀཱི་དཀར་སྣང་མཐའ་ལྟ་བུ་ལ། །རིན་ཆེན་འབྱུང་ལྡན་དམར་པོས་འཁྱུད་པ་དག །ཡུམ་མཁའ་ནས་ཕྱུང་དབང་ལྡན་པད་ཉིར་འཁོད། །ལྀ་ཡིག་ལས་བྱུང་འཁོར་ལོ་སེར་པོ་ལས། །སྤྱན་མ་སེར་པོ་རྣམ་སྣང་ལྟ་བུ་ལ། །དོན་ཡོད་གྲུབ་པ་ནག་པོས་འཁྱུད་པ་ནི། །ཡུམ་མཁའ་ནས་ཕྱུང་རླུང་མཚམས་པད་ཟླར་འཁོད། །པདྨ་དམར་པོ་ཟླ་བའི་གདན་སྟེང་དུ། །པདྨ་གདན་གྱིས་བཞུགས་པའི་གཙོ་མོ་བཞིར། །ཡབ་རྣམས་རྡོ་རྗེའི་གདན་གྱིས་འཁྱུད་པར་མཛད། །རྒྱལ་བ་ཡབ་ཡུམ་ཀུན་ཀྱང་ཞལ་རེ་རེ་ལའང་། སྤྱན་གསུམ་པ། །བདེ་གཤེགས་དྲུག་གི་རིགས་བདག་ཅོད་པན་ཅན། །དར་དང་རིན་པོ་ཆེ་ཡིས་བརྒྱན་པའོ། །ཧི་ཧཱི་ཧྲྀ་ཧྲཱྀ་ཧུ་ཧཱུ་ཧླྀ་ཧླཱྀ་རྣམས། །ཡོངས་གྱུར་བདུད་རྩིའི་བུམ་པ་དཀར་པོ་བརྒྱད། །པདྨ་ལ་གནས་པདྨས་ཁ་བརྒྱན་པ། །དོན་གྲུབ་གཡས་གཡོན་རྐང་དག་བུམ་པ་གཉིས། །ཁྲག་དག་བུམ་ཟུང་རིན་འབྱུང་གཡས་དང་གཡོན། །དྲི་ཆུ་དག་བུམ་དཔག་མེད་གཡས་གཡོན་དང་།


MR25_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

།དྲི་ཆེན་དག་བུམ་རྣམ་སྣང་གཡས་གཡོན་དུའོ། །ཧཾ་ལས་ཁུ་བ་དག་པའི་བུམ་པ་སྟེང་། །ཧཿལས་རྡུལ་དག་བུམ་པ་འོག་ཏུ་གནས། །ཡཾ་ཡིག་ལས་བྱུང་རལ་གྲི་ནག་པོ་ལས། །བགེགས་མཐར་འདི་ལ་གཤིན་སྟོབས་ཞེས་བྱའོ། །བྱེད་ནག་དོན་གྲུབ་ལྟ་བུ་ལ། །ལཱཿདང་འཁོར་ལོ་སེར་པོ་ལས་སྐྱེས་པའི། །རེངས་བྱེད་སེར་མོ་གཤིན་རྗེ་མཐར་བྱེད་དང་། །ཁྲོ་ཚུལ་ཅན་ཡིན་པས་གཤིན་རྗེ་མཐར་བྱེད་དང་འདྲ་བར་བྱས་ཀྱི་དོན་ལ་ཞལ་ཕྱག་ཕྱག་མཚན་རྣམས་རྣམ་སྣང་བཞིན་ནོ། །གཞན་ལའང་དེ་བཞིན་ཤེས་པར་བྱའོ། །མཚུངས་པས་འཁྱུད་པ་ཤར་སྒོར་པད་ཉིར་འཁོད། །རྃ་ཡིག་དབྱུག རིན་ཆེན་ཀྱང་། པ་དམར་པོ་ཡོངས་གྱུར་ལས། །ཤེས་རབ་མཐར་རྨུགས་བྱེད། བྱེད་དམར་པོ་རིན་འབྱུང་མཚུངས། །ཝཱཿདང་པདྨ་དཀར་པོ་ལས་བྱུང་བའི། །ཁེངས་བྱེད་དཀར་མོ་པདྨ་མཐར་བྱེད་དང་། །མཚུངས་པས་འཁྱུད་པ་ལྷོ་སྒོར་པད་ཟླར་འཁོད། །ཝཾ་ཡིག་ལས་བྱུང་པདྨ་དཀར་པོ་ལས། །པདྨ་མཐར་བྱེད་དཀར་ཁེངས་བྱེད། པོ་སྣང་མཐའ་མཚུངས། །རཱཿདང་རིན་ཆེན་དམར་པོ་ལས་བྱུང་བའི། །རྨུགས་བྱེད་དམར་མོ་ཤེས་རབ་མཐར་བྱེད་དང་། །མཚུངས་པས་འཁྱུད་པ་བྱང་སྒོར་པད་ཉིར་འཁོད། །ལྃ་ཡིག་ལས་བྱུང་ཐོ་བ་འཁོར་ལོའང་། སེར་པོ་ལས། །གཤིན་རྗེ་མཐར་རེངས་བྱེད། བྱེད་སེར་པོ་རྣམ་སྣང་མཚུངས། །ཡཱཿདང་རལ་གྲི་ནག་པོ་ལས་སྐྱེས་པའི། །རབ་བརྩོན་ནག་མོ་བགེགས་མཐར་བྱེད་དང་ནི། །མཚུངས་པས་འཁྱུད་པ་ནུབ་སྒོར་པད་ཟླར་འཁོད། །སྒོ་སྐྱོང་ཁྲོ་བོ་ཡབ་ཡུམ་བརྒྱད་


MR25_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱང་། །ཞལ་རེར་དམར་ལ་ཟླུམ་པའི་སྤྱན་གསུམ་ལྡན། །རབ་ཁྲོས་འཇིགས་རུང་དབུ་སྐྲ་དམར་སེར་གཟེངས། །ཀླུ་དབང་ཕྱག་རྒྱ་ལྔ་དང་སྟག་ཤམས་བརྒྱན། །ཤར་དང་བྱང་སྒོར་པད་དཀར་ཉི་དཀྱིལ་དང་། །ལྷོ་དང་ནུབ་ཏུ་པད་དམར་ཟླ་དཀྱིལ་ལ། །ཡབ་རྣམས་གཡས་བརྐྱངས་ཡུམ་རྣམས་གཡོན་བརྐྱངས་སྦྱོར། །ཨེ་ཡིག་ལས་བྱུང་རལ་གྲི་ནག་པོ་ལས། །ནམ་སྙིང་ནག་པོ་དོན་གྲུབ་ལྟ་བུ་ལ། །དྲི་ཡི་རྡོ་རྗེ་སེར་མོས་འཁྱུད་པ་ནི། །ཤར་སྒོའི་གཡས་སུ་པད་ཉིའི་སྟེང་དུ་འཁོད། །འདིར་ཡུམ་རྣམས་ཀྱི་ས་བོན་འོག་ཏུ་ཤེས་རབ་གཙོ་བོར་གྱུར་པའི་སྐབས་སུ་འཆད། འདིར་ཤར་སྒོའི་གཡས་ཞེས་པ་ཤར་སྨད་ལྷོ་དང་ཉེ་བ། གཡོན་ཤར་སྟོད་བྱང་ཉེ་ཡིན་པ་དེ་བཞིན་ཕྱོགས་བཞི་གཡས་བསྐོར་གྱི་ཕྱོགས་ཀྱི་སྔ་མ་གཡོན་ཕྱི་མ་གཡས་ཏེ། བྱང་གཡོན་ནུབ་ཉེ་གཡས་ཤར་ལ་གཏོད་བར་བརྩི་སྟེ་སྐུ་དཀྱིལ་གྱི་ཕྱོགས་བཞིའི་ལྷ་ཆེན་བརྒྱད་དང་། ཕྱོགས་བཞིའི་ཀླུ་བརྒྱད་དང་། དཀྱིལ་འཁོར་གསུམ་ཀའི་མཆོད་ལྷ་རྣམས་ཀྱི་སྐབས་སུའང་དེ་ཁོ་ན་ལྟར་ཤེས་པར་བྱའོ། །མཆན། ཨཱར་ཡིག་ལས་བྱུང་རིན་ཆེན་དམར་པོ་ལས། །ས་སྙིང་དམར་པོ་རིན་འབྱུང་ལྟ་བུ་ལ། །གཟུགས་ཀྱི་རྡོ་རྗེ་དཀར་མོས་འཁྱུད་པ་ནི། །ལྷོ་སྒོའི་གཡས་སུ་པད་ཉིའི་སྟེང་དུ་འཁོད། །ཨོཾ་ཡིག་ལས་བྱུང་པད་དཀར་ཡོངས་གྱུར་ལས། །འཇིག་རྟེན་དབང་ཕྱུག་འོད་དཔག་མེད་འདྲ་དཀར། །རོ་ཡི་རྡོ་རྗེ་དམར་མོས་འཁྱུད་པ་ནི། །བྱང་སྒོའི་གཡས་སུ་པད་ཉིའི་སྟེང་དུ་འཁོད། །ཨལ་ཡིག་ལས་བྱུང་འཁོར་ལོ་སེར་པོ་ལས། །སྒྲིབ་པ་


MR25_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་སེལ་སེར་པོ་རྣམ་སྣང་མཚུངས། །རེག་བྱ་རྡོ་རྗེ་ནག་མོས་འཁྱུད་པ་ནི། །ནུབ་སྒོའི་གཡས་སུ་པད་ཉིའི་སྟེང་དུ་འཁོད། །ཨཾ་ཡིག་ལས་བྱུང་རྡོ་རྗེ་སྔོན་པོ་ལས། །ཀུན་བཟང་སྔོན་པོ་རྡོར་སེམས་ལྟ་བུ་ལ། །ཆོས་ཁམས་རྡོ་རྗེ་ལྗང་མོས་འཁྱུད་པ་ནི། །ཤར་སྒོའི་གཡོན་དུ་པད་ཉིའི་སྟེང་དུ་འཁོད། །ཨ་ཡིག་ལས་བྱུང་རྡོ་རྗེ་ལྗང་གུ་ལས། །ཕྱག་རྡོར་ལྗང་གུ་མི་བསྐྱོད་ལྟ་བུ་ལ། །སྒྲ་ཡི་རྡོ་རྗེ་སྔོན་མོས་འཁྱུད་པ་ནི། །ལྷོ་སྒོའི་གཡོན་དུ་པད་ཉིའི་སྟེང་དུ་འཁོད། །ཀུན་ཀྱང་པད་དཀར་ཉི་མའི་དཀྱིལ་འཁོར་ལ། །རྡོ་རྗེ་གདན་གྱིས་བཞུགས་ཤིང་ཡུམ པད་མའི་གདན་གྱི་བཞུགས་པ། དང་འཁྲིལ། །ཨཱཿཡིག་ལས་བྱུང་རྡོ་རྗེ་སྔོན་པོ་ལས། །སྒྲ་ཡི་རྡོ་རྗེ་སྔོན་མོ་རྡོར་སེམས་མཚུངས། །ཕྱག་ན་རྡོ་རྗེ་ལྗང་གུས་འཁྱུད་པ་ནི། །བྱང་སྒོའི་གཡོན་དུ་པད་ཟླའི་སྟེང་དུ་འཁོད། །ཨཱ་ཡིག་ལས་བྱུང་རྡོ་རྗེ་ལྗང་གུ་ལས། །ཆོས་དབྱིངས་རྡོ་རྗེ་ལྗང་མོ་མི་བསྐྱོད་མཚུངས། །ཀུན་ཏུ་བཟང་པོ་སྔོན་པོས་འཁྱུད་པ་ནི། །ནུབ་སྒོའི་གཡོན་དུ་པད་ཟླའི་སྟེང་དུ་འཁོད། །ཨཻ་ཡིག་ལས་བྱུང་རལ་གྲི་ནག་པོ་ལས། །རེག་བྱ་རྡོ་རྗེ་ནག་མོ་དོན་གྲུབ་མཚུངས། །སྒྲིབ་པ་རྣམ་སེལ་སེར་པོས་འཁྱུད་པ་ནི། །མེ་ཡི་མཚམས་སུ་པད་ཟླའི་སྟེང་དུ་འཁོད། །ཨཱར་ཡིག་ལས་བྱུང་རིན་ཆེན་དམར་པོ་ལས། །རོ་ཡི་རྡོ་རྗེ་དམར་མོ་རིན་དབང་མཚུངས། །རིན་དབང་དང་རིན་འབྱུང་དོན་གཅིག་གོ། མཆན། འཇིག་རྟེན་དབང་ཕྱུག་དཀར་པོས་འཁྱུད་པ་ནི། །བདེན་


MR25_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་ཕྱོགས་སུ་པད་ཟླའི་སྟེང་དུ་འཁོད། །ཨཽ་ཡིག་ལས་བྱུང་པདྨ་དཀར་པོ་ལས། །གཟུགས་ཀྱི་རྡོ་རྗེ་དཀར་མོ་དཔག་མེད་མཚུངས། །ས་ཡི་སྙིང་པོ་དམར་པོས་འཁྱུད་པ་ནི། །དབང་ལྡན་མཚམས་སུ་པད་ཟླའི་སྟེང་དུ་འཁོད། །ཨཱལ་ཡིག་ལས་བྱུང་འཁོར་ལོ་སེར་པོ་ལས། །དྲི་ཡི་རྡོ་རྗེ་སེར་མོ་རྣམ་སྣང་མཚུངས། །ནམ་མཁའི་སྙིང་པོ་ནག་པོས་འཁྱུད་པ་ནི། །རླུང་གི་མཚམས་སུ་པད་ཟླའི་སྟེང་དུ་འཁོད། །དེ་རྣམས་པདྨ་དམར་པོ་ཟླ་དཀྱིལ་ལ། །པདྨའི་གདན་གྱིས་བཞུགས་ཤིང་ཐབས་རྣམས་འཁྲིལ། །རྡོར་གདན་གྱིས། བྱང་ཆུབ་སེམས་དཔའ་ཡབ་ཡུམ་ཐམས་ཅད་ཀྱང་། །དར་དང་རིན་ཆེན་རྒྱན་ལྡན་སྤྱན་གསུམ་པའོ། །དེ་ལྟར་ཐུགས་ཀྱི་དཀྱིལ་འཁོར་ཆེན་པོ་ཡི། །རྒྱལ་དང་རྒྱལ་སྲས་ཁྲོ་བོའི་ཚོགས་བཅས་ཀུན། །ཞལ་གསུམ་ཕྱག་དྲུག་སྐུ་མདོག་སྔོན་པོ་རྣམས། །རྡོར་སེམས་དང་མཚུངས་ལྗང་གུ་མི་བསྐྱོད་པ། །ནག་པོ་དོན་གྲུབ་དམར་པོ་རིན་ཆེན་དབང་། །དཀར་པོ་སྣང་མཐའ་སེར་པོ་ཐམས་ཅད་ནི། །རྣམ་སྣང་ཞལ་ཕྱག་ཕྱག་མཚན་ཇི་བཞིན་ནོ། །དཀྱིལ་འཁོར་གསུམ་གའི་ལྷ་ཡབ་ཡུམ་ཅན་ཐམས་ཅད་ཕྱོགས་དྲུག་གི་འབྱུང་ལྔ་ཡེ་ཤེས་བཅས་ཀྱི་ཁམས་དྲུག་ལས། ནག་པོ་དང་སེར་པོ། དཀར་པོ་དང་དམར་པོ། ལྗང་ཀུ་དང་སྔོན་པོ་དག་ཕན་ཚུན་དུ་འཁྱུད་པ་གཞན་རིགས་དང་སྦྱོར་བ་ཅན་ཡིན་ནོ། །དེ་ནས་གསུང་དཀྱིལ་གྱི་ལྷ་རྣམས་སྤྲོ་བ་ནི། ཧ་ཡིག་ལས་བྱུང་གྲི་གུག་ནག་པོ་ལས། །ཙ་རྩི་ཀཱ་ནག་ཙ་མུ་ཎྚཱི་དང་རྒན་བྱེད་


MR25_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

མའང་ཟེར། དབང་པོ་སེར་པོས་འཁྱུད། །ཡབ་རྣམས་ཀྱི་ས་བོན་སོགས་འོག་ཏུ་བཤད་པ་དང་འདྲའོ། །ཤར་གྱི་པདྨར་ཡི་དྭགས་དམར་པོར་འཁོད། །ཧཾ་ཡ་ཡི་ཡྼྀ་ཧཱི་ཡུ་ཡླྀ་ཡླཾ་དང་། །ཡི་གེའི་གོ་རིམ་ལྟར་ན་ཧཱི་རིང་པོ་འདི་ཐུང་ངུའི་རྗེས་སུ་འབྱུང་བ་ཡིན་ལ་གཙོ་མོའི་མདུན་དང་རྒྱབ་ཀྱི་ལྷ་མོའི་ས་བོན་ཡིན་ཡང་འདིར་གཡས་སྐོར་ཆོག་པའི་མྼྀའི་རྗེས་སུ་བཞག་པར་མཛད་པ་དེ་བཞིན་འོག་མ་རྣམས་ལ་ཤེས་པར་བྱའོ། །གྲི་གུག་ནག་པོ་བརྒྱད་ལས་བྱུང་བ་ཡི། །འཇིགས་མ་དྲག་མོ་དུས་ཀྱི་མཆེ་བ་མེ་འབར་གདོང་། །རླུང་ཤུགས་རབ་གཏུམ་དྲག་མིག་སྣ་ཆེན་མ། །མདུན་ནས་གཡས་སྐོར་པདྨའི་འདབ་མར་འཁོད། །ལྷ་མོ་དགུ་རྣམས་མདོག་ནག་ཞལ་གཅིག་མ། །ཕྱག་བཞི་གཡས་གཉིས་གྲི་གུག་རྩེ་གསུམ་དང་། །གཡོན་གཉིས་ཐོད་པ་ཁ་ཊྭཱཾ་ག་འཛིན་པའོ། །ཀྵ་ཡིག་ལས་བྱུང་འཁོར་ལོ་ནག་པོ་ལས། །ཁྱབ་འཇུག་ནག་མོར་ཚངས་པ་སེར་པོས་འཁྱུད། །མེ་མཚམས་པདྨར་མཁའ་ལྡིང་གདན་ལ་འཁོད། །ཀྵི་ཡཱ་ཡཱི་ཡྼྀ་ཀྵཱི་ཡཱུ་ཡླཱྀ་ཡཿ དང་། །འཁོར་ལོ་ནག་པོ་བརྒྱད་ལས་བྱུང་བ་ཡི། །གཡུང་ གཡང་ལང་། མོ་སྒྱུ་མ་གྲགས་མ་དཔལ་མོ་དང་། །རྣམ་རྒྱལ་དཔལ་ལྡན། རྒྱལ་མ་རྒྱལ་བྱེད་མ་འཁོར་ལོ་ཅན། །མདུན་ནས་བརྩམ་སྟེ་གཡས་སྐོར་དུ་བཀོད་པ་འོག་མ་ཀུན་འདྲའོ། །གཙོ་འཁོར་དགུ་ཀ་མདོག་ནག་ཞལ་གཅིག་མ། །ཕྱག་བཞིའི་གཡས་གཉིས་འཁོར་ལོ་བེ་ཅོན་དང་། །གཡོན་པ་གཉིས་ན་པདྨ་དུང་འཛིན་པའོ། །ཧཿཡིག་ལས་བྱུང་དབྱུག་པ་དམར་པོ་ལས། །ཕག་མོ་དམར་མོར་དྲག་པོ་


MR25_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོ་བྱས་པའང་སྣང་། དཀར་པོས་འཁྱུད། །ལྷོ་ཡི་པདྨར་མ་ཧེའི་སྟེང་དུ་འཁོད། །ཧྼྀ་ར་རྀ་ཪྼཱྀ་ཧྼཱྀ་རུ་རཾ་དང་། །དབྱུག་པ་དམར་པོ་བརྒྱད་ལས་བྱུང་བ་ཡི། །ཀེང་རུས་མ་ དུས་མཚན་མ་རབ་ཁྲོས་གདང་མ་དུས་ལྕེ་མ། །གཙིགས་མ་ནག་མོ་དྲག་མོ་ འཇིགས་རུང་མའང་ཟེར། གཟུགས་ངན་མ། །གཙོ་འཁོར་དགུ་ཀ་མདོག་དམར་ཞལ་གཅིག་མ། །ཕྱག་བཞིའི་གཡས་གཉིས་དབྱུག་པ་རལ་གྲི་དང་། །གཡོན་པ་གཉིས་ན་ལྕགས་སྒྲོག་ཕུབ་འཛིན་པའོ། །ཀྵཿཡིག་ལས་བྱུང་མདུང་ཐུང་། ཤཀྟི་དམར་པོ་ལས། །གཞོན་ནུ་དམར་མོར་ཚོགས་བདག་དཀར་པོས་འཁྱུད། །བདེན་བྲལ་པདྨར་རྨ་བྱའི་གདན་ལ་འཁོད། །ཀྵྼྀ་རཱ་རཱི་ཪྼཱྀ་ཀྵྼཱྀ་རཱུ་ཪླཱྀ་རཿདང་། །མདུང་ཐུང་དམར་པོ་བརྒྱད་ལས་བྱུང་བ་ཡི། །པདྨ་དང་ནི་ལུས་མེད་མ་གཞོན་ནུ་མ། །རི་དྭགས་བདག་པོས་འགྲོ་མ་དང་རིན་ཆེན་ཕྲེང་བ་མ། །མིག་བཟང་མ་དང་རུལ་མ་བཟང་མོ་བརྒྱད། །གཙོ་འཁོར་དགུ་ཡང་མདོག་དམར་ཞལ་དྲུག་མ། །ཕྱག་བཞིའི་གཡས་གཉིས་མདུང་ཐུང་ལྕགས་ཀྱུ་དང་། །གཡོན་གཉིས་རིན་ཆེན་དང་། ཞགས་པ་འཛིན་པའོ། །ཧཾ་ཡིག་ལས་བྱུང་རྩེ་གསུམ་དཀར་པོ་ལས། །དྲག་མོ་ དབང་ཕྱུག་མ། དཀར་མོར་གཤིན་རྗེ་མེ་ལྷ་བྱས་པའང་སྣང་། དམར་པོས་འཁྱུད། །བྱང་གི་པདྨར་ཁྱུ་མཆོག་གདན་ལ་འཁོད། །ཧུ་ཝ་ཝི་ཝྼྀ་ཧཱུ་ཝུ་ཝླྀ་ཝཿ དང་། །རྩེ་གསུམ་དཀར་པོ་བརྒྱད་ལས་བྱུང་བ་ཡི། །གཽ་རཱི་གངྒཱ་རྟག


MR25_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

མ་མྱུར་མ་དང་། །འདེབས་ཏོ་ཏ་ལཱ་ཟེར། མ་མཚོན་བྱེད་དམར་སེར་ནག་མོ་བརྒྱད། །ལྷ་མོ་དགུ་ཡང་དཀར་མོ་ཞལ་གཅིག་མ། །ཕྱག་བཞིའི་གཡས་གཉིས་རྩེ་གསུམ་དང་རིན་ཆེན་སྣ་ཚོགས་ཕྲེང་བས་དཀྲིས་པའི་སྒྲ་བཅས། ཌཱ་མ་རུ། །གཡོན་གཉིས་ཁ་ཊྭཱཾ་ག་དང་སྦྲུལ་འཛིན་པའོ། །ཀྵཾ་ཡིག་ལས་བྱུང་པདྨ་དཀར་པོ་ལས། །དཔལ་མོ་དཀར་མོར་གདོང་དྲུག་དམར་པོས་འཁྱུད། །དབང་ལྡན་པདྨར་སེང་གེའི་གདན་ལ་འཁོད། །ཀྵུ་ཝཱ་ྭཱིཝྼཱྀ་ཀྵུ་ཝཱུ་ཝླཱྀ་ཝཿ དང་། །པདྨ་དཀར་པོ་བརྒྱད་ལས་བྱུང་བ་ཡི། །དཔལ་ལྡན་དཀར་མོ་ཟླ་བའི་རི་མོ་དང་། །རི་བོང་འཛིན་གདོང་ངང་པའི་མདོག་མ་དང་། །འཛིན་མ་པདྨའི་དབང་མོ་སྐར་མིག་མ། །དྲི་མེད་རི་བོང་འཛིན་མ་བརྒྱད་ཀྱིས་བསྐོར། །གཙོ་འཁོར་དགུ་རྣམས་དཀར་མོ་ཞལ་གཅིག་མ། །ཕྱག་བཞིའི་གཡས་གཉིས་པདྨ་བགྲང་ཕྲེང་དང་། །གཡོན་གཉིས་པདྨ་དང་རིན་ཆེན་འཛིན་པའོ། །ཧཱ་ཡིག་ལས་བྱུང་རྡོ་རྗེ་སེར་པོ་ལས། དབང་མོ་སེར་མོར་བདེན་བྲལ་ནག་པོས་འཁྱུད། །ནུབ་ཀྱི་པདྨར་གླང་ཆེན་སྟེང་དུ་འཁོད། །ཧླྀ་ལ་ལི་ལྼྀ་ཧླཱྀ་ལུ་ལླྀ་ལཾ་དང་། །རྡོ་རྗེ་སེར་པོ་བརྒྱད་ལས་བྱུང་བ་ཡི། །རྡོ་རྗེ་འོད་མ་རྡོ་རྗེ་ལུས་མ་དང་། །གསེར་ལྡན་མ་དང་ཨུརྦཱ་སཱི་དང་ནི། །བཀྲ་བའི་རི་མོ་རམྦྷ་ཟུག་རྔུ་ཀུན་ཚིག་མའང་ཟེར། མེད། །ཤིན་ཏུ་སྒྲོལ་མ་བརྒྱད་ཀྱིས་ཡོངས་སུ་བསྐོར། །ལྷ་མོ་གཙོ་འཁོར་སེར་མོ་ཞལ་གཅིག་མ། །ཕྱག་བཞིའི་གཡས་གཉིས་རྡོ་རྗེ་དང་ནི་མདའ།


MR25_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་གཉིས་རྡོ་རྗེའི་དྲིལ་བུ་གཞུ་འཛིན་པའོ། །ཀྵཱ་ཡིག་ལས་བྱུང་པར་བུ་སྣོད་ཟེར་སེར་པོ་ལས། །ཚངས་མ་སེར་མོར་ཁྱབ་འཇུག་ནག་པོས་འཁྱུད། །རླུང་མཚམས་པདྨར་ངང་པའི་གདན་སྟེང་འཁོད། །ཀྵླྀ་ལཱ་ལཱི་ལྼཱྀ་ཀྵླཱྀ་ལཱུ་ལླཱྀ་ལཿདང་། །པར་བུ་སེར་པོ་བརྒྱད་ལས་བྱུང་བ་ཡི། །སཾ་ སཱ་འང་། བི་ཏྲཱི་མཆོད་སྦྱིན་འདོད་མའང་། དང་པདྨའི་མིག་དང་ནི། །ཆུ་སྐྱེས་ཅན་དང་བློ་མ་ངག་གི་དབང་ཕྱུག་མ། །གཱ་ཡ་ཏྲཱི་གླུ་མའང་ཟེར། དང་གློག་མ་དྲན་མ་རྣམས། །ལྷ་མོ་དགུ་ཀ་སེར་མོ་ཞལ་བཞི་མ། །ཕྱག་བཞིའི་གཡས་གཉིས་པདྨ་དང་ཚངས་དབྱུག་དང་། །དྲི་མེད་གློག་མཚུངས་ཚངས་དབྱུག་སྣེ་གཉིས་ལ་སྤྱི་བླུགས་ཀྱི་རྩེ་མོ་ལྟ་བུ་ཡོད་པའོ། །གཡོན་གཉིས་སྤྱི་བླུགས་དང་ནི་སྣོད་པར་བུ་འཛིན་པའོ། །གཙོ་མོ་རྣམས་ནི་ས་གའི་སྟབས་ཀྱིས་བཞུགས། །དཀྱིལ་འཁོར་གཙོ་བོར་མངོན་དུ་ཕྱོགས་པ་ལ། །ཡབ་རྣམས་ས་གའི་སྟབས་ཀྱིས་མདུན་ནས་འཁྱུད། །འདབ་མའི་ལྷ་མོ་ཐམས་ཅད་རང་རང་གི ། གཙོ་མོར་ཞལ་ཕྱོགས་རོལ་པའི་སྟབས་ཀྱིས་བཞུགས། །གཙོ་འཁོར་ཐམས་ཅད་ཞལ་རེར་སྤྱན་གསུམ་ལྡན། །གཅེར་བུ་ཕྱག་རྒྱ་ལྔ་ཡིས་བརྒྱན་པར་བསམ། །དེ་ལྟར་གསུང་གི་དཀྱིལ་འཁོར་ཆེན་པོ་ལ། །གཙོ་མོ་བརྒྱད་ལ་རྣལ་འབྱོར་མ་ཡི་ཚོགས། །དྲུག་ཅུ་རྩ་བཞིས་ཡོངས་སུ་བསྐོར་བའོ། ༈ །དེ་ཡི་ཕྱི་རོལ་སྐུ་ཡི་དཀྱིལ་འཁོར་དུ། །བཀོད་པའི་གདན་གྱི་པདྨ་རྣམས་ཀྱི་སྟེང་། །ཙྃ་ལས་


MR25_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

རལ་གྲི་ནག་པོ་ཡོངས་གྱུར་ལས། །སྲིན་པོ་བདེན་བྲལ་ཟེར། ནག་པོ་ཞལ་གཅིག་ཕྱག་བཞི་པ། །གཡས་གཉིས་རལ་གྲི་དང་ནི་གྲི་གུག་དང་། །གཡོན་གཉིས་ཕུབ་དང་ཐོད་པ་འཛིན་པ་ལ། །ཛྼ་ལས་བྱུང་བ་སྲིན་མོ་སེར་མོས་འཁྱུད། །ཛྲྀ་རྡོ་རྗེ་མའོ། །འདིའི་ཕྱག་མཚན་ཡབ་དང་འདྲ་བར་བྱེད་པའང་ཡོད། སྔར་གྱི་དབང་མོ་དང་འདྲ་བར་བྱེད་པའང་ཡོད། ཤར་སྒོའི་གཡས་སུ་པདྨའི་ལྟེ་བ་ལ། །ཡི་དགས་དམར་པོའི་གདན་སྟེང་འཁོད་པའི་འཁོར། །ཉ་ཉི་ཉྼྀ་ཉུ ་ཉླྀ་ཉཾ། །ཛྷ་ཛྷི་ཛྷྼྀ་ཛྷུ་ཛྷླྀ་ཛྷཾ། །ཛ་ཛི་ཛུ་ཛླྀ་ཛཾ། །ཚ་ཚི་ཚྼྀ་ཚུ་ཚླྀ་ཚཾ། །ཙ་ཙི་ཙྼ་ཙུ་ཙླྀ། །ཞེས་པ་ས་བོན་ཡི་གེ་ཉེར་བརྒྱད་པོ། །དེ་རྣམས་རེ་རེ་བཞིན་དུ་རྡོ་རྗེ་མ། །ཞེས་པའི་མཚན་ཅན་ནག་ཟླའི་ཚེས་ལྷ་མོ། །ཀུན་ཀྱང་མདོག་ནག་ཞལ་གཅིག་ཕྱག་བཞི་མ། །ཕྱག་མཚན་གཙོ་བོ་དང་ནི་མཚུངས་པས་བསྐོར། །འདི་མན་ཆད་འཁོར་ཐམས་ཅད་ཁ་དོག་དང་ཞལ་ཕྱག་ཕྱག་མཚན་གཙོ་བོ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ། །དེ་དག་མདུན་གྱི་པད་འདབ་ནས་བརྩམས་རིམ་པ་གསུམ་པོར་རིམ་པས་གཡས་སྐོར་དུ་བཀོད་པ་ཀུན་ལ་ཤེས་པར་བྱའོ། །ཉཿལས་དཔག་བསམ་ཤིང་ཉིད་ཡོངས་གྱུར་པ། །རླུང་ལྷ་ནག་པོ་ཞལ་གཅིག་ཕྱག་བཞི་ཡིས། །དཔག་བསམ་ཤིང་དང་ཡོངས་འདུའི་མེ་ཏོག་གཡས། །དབང་སྔོན་ཨུཏྤལ་སྔོན་པོ་གཡོན་ན་བསྣམས། །ཛྲཱྀ་ཡིག་ལས་བྱུང་རབ་གཏུམ་ ཚེངས་མའང་། སེར་མོས་འཁྱུད། །ལྷ་ཆེན་བཅུ་གཉིས་ཀྱི་ཡུམ་ཐམས་ཅད་ཡབ་དང་ཕྱག་མཚན་འདྲ་བར་ཇོ་ནང་པས་བཞེད། དེ་ལྟ་ན་ཡབ་ཡུམ་འཁོར་བཅས་སོ་སོའི་ས་བོན་དང་གཙོ་བོའི་ཕྱག་མཚན་དེ་འབའ་


MR25_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ལས་བསྐྱེད་ཆོག་གོ ། བུ་སྟོན་གྱིས་ལྷ་ཆེན་གཞན་གྱི་ཕྱག་མཚན་ཅན་དུ་བཞེད་པ་མཆན་གྱིས་གསལ། དེའི་ལུགས་ལྟར་ན་ཡུམ་ནི་ཡུམ་གྱི་ས་བོན་ལས་རང་རང་གི་ཕྱག་མཚན་དང་པོ་རང་མདོག་དང་མཚུངས་པ་ལས་བསྐྱེད་པར་བྱ་སྟེ། སྐབས་འདིར་བུ་སྟོན་བཞེད་པ་ལྟར་བྱའོ། །མེ་ཡི་མཚམས་སུ་པདྨའི་ལྟེ་བ་ལ། །ཤ་བ་ཡིན། རི་དགས་གདན་གྱི་སྟེང་དུ་འཁོད་བའི་འཁོར། །ཙཱ་ཙཱི་ཙྼཱྀ་ཙཱུ་ཙླཱྀ་ཙཿ ཚཱ་ཚཱི་ཚྼཱྀ་ཚཱུ་ཚླཱྀ་ཚཿ ཛཱ་ཛཱི་ཛཱུ་ཛླཱྀ་ཛཿ ཛྷཱ་ཛྷཱི་ཛྷྼཱྀ་ཛྷཱུ་ཛྷླཱྀ་ཛྷཿ ཉཱ་ཉཱི་ཉྼཱྀ་ཉཱུ་ཉླཱྀ། ཞེས་པའི་ས་བོན་ཡེ་གེ་ཉེར་བརྒྱད་པོ། །རེ་རེ་བཞིན་ཡང་རྡོ་རྗེ་མ་ཞེས་པའི། །མིང་ཅན་ས་ག་ཟླ་བའི་ཚེས་ལྷ་མོ། །ཀུན་ཀྱང་མདོག་ནག་གཙོ་དང་མཚུངས་པས་བསྐོར། །ཡར་ངོ་སྔོན་འགྲོའི་ནག་པ་དང་ས་ག་ཟླ་བ་གཉིས་དཔྱིད་དེ་ནས་གཉིས་གཉིས་རིམ་བཞིན་སོས་ཀ །དབྱར། སྟོན། དགུན་སྟོད། དགུན་སྨད་ཀྱི་དུས་སུ་ཤེས་པར་བྱའོ། །མཆན། ཊྃ་ལས་བྱུང་བའི་མདུང་དམར་ཡོངས་གྱུར་ལས། །མེ་ལྷ་དམར་པོ་ཞལ་གཅིག་ཕྱག་བཞི་ཡི། །གཡས་པ་གཉིས་ཀྱིས་མདུང་དང་དབྱུག་པ་དང་། །གཡོན་གཉིས་པདྨ་སྤྱི་བླུགས་འཛིན་པ་ལ། །ཌྼྀ་ཡིག་ལས་བྱུང་ཆུ་ལྷ་དཀར་མོས་ འོག་གི་ཆུ་ལྷ་དང་འདྲ། འཁྱུད། །ལྷོ་སྒོའི་གཡས་སུ་པདྨའི་སྟེང་དུ་ནི། །རའང་ལུག་གི་གདན་ལ་འཁོད་པར་གྱུར་པ་ལ། །ཎ་ཎི་ཎྼྀ་ཎཱུ་ཎླྀ་ཎཾ། ཌྷ་ཌྷི་ཌྷྼྀ་ཌྷུ་ཌྷླྀ་ཌྷཾ། ཌ་ཌི་ཌུ་ཌླྀ་ཌཾ། ཋ་ཋི་ཋྼྀ་ཋུ་ཋླྀ་ཋཾ། ཊ་ཊི་ཊྼྀ་ཊུ་ཊླྀ། ཞེས་པ་ས་བོན་ཡི་གེ་ཉེར་བརྒྱད་པོ། །དེ་རྣམས་རེ་རེ་བཞིན་དུ་རྡོ་རྗེ་མ། །ཞེས་པའི་མིང་ཅན་སྣོན་ཟླའི་


MR25_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཚེས་ལྷ་མོ། །ཀུན་ཀྱང་མདོག་དམར་གཙོ་བོ་འདྲ་བས་བསྐོར། །ཎཿཡིག་ལས་བྱུང་ཤཀྟི་དམར་པོ་ལས། །གདོང་དྲུག་གཞོན་ནུ། དམར་པོ་ཞལ་དྲུག་ཕྱག་བཞི་ཡི། །གཡས་པ་གཉིས་ཀྱིས་ཤཀྟི་དང་ནི་མདུང་། །གཡོན་གཉིས་ནོར་བུ་མེ་ལོང་འཛིན་པ་ལ། །ཌྼཱྀ་ཡིག་ལས་བྱུང་དཔལ་ཆེན་མོ་གོང་གི་དཔལ་མོ་བཞིན་ནོ། །དཀར་མོས་འཁྱུད། །བདེན་བྲལ་པདྨར་རྨ་བྱའི་གདན་ལ་འཁོད། །ཊཱ་ཊཱི་ཊྼཱྀ་ཊཱུ་ཊླཱྀ་ཊཿ ཋཱ་ཋཱི་ཋྼཱྀ་ཋཱུ་ཋླཱྀ་ཋཿ ཌཱ་ཌཱི་ཌཱུ་ཌླཱྀ་ཌཿ ཌྷཱ་ཌྷཱི་ཌྷྼཱྀ་ཌྷཱུ་ཌྷླཱྀ་ཌྷཿ ཎཱ་ཎཱི་ཎྼཱྀ་ཎཱུ་ཎླཱྀ། །ཞེས་པ་ས་བོན་ཡི་གེ་ཉེར་བརྒྱད་པོ། །རེ་རེ་བཞིན་ཡང་རྡོ་རྗེ་མ་ཞེས་པའི། །མིང་ཅན་ཆུ་སྟོད་ཟླ་བའི་ཚེས་ལྷ་མོ། །མདོག་དམར་ཞལ་ཕྱག་ཕྱག་མཚན་གཙོ་འདྲས་བསྐོར། བྃ་ཡིག་ལས་བྱུང་ཞགས་པ་དཀར་པོ་ལས། །ཆུ་ལྷ། རྒྱ་མཚོ་དཀར་པོ་ཞལ་གཅིག་ཕྱག་བཞི་ཡི། །གཡས་གཉིས་ཞགས་པ་དང་ནི་རིན་པོ་ཆེ། །གཡོན་གཉིས་སྦྲུལ་ཞགས་ནོར་བུ་ ཟླ་བ་ ཆུ་ཤེལ་འཛིན། །པྼྀཿཡིག་ལས་བྱུང་ཕག་མོ་དམར་མོས་རྣལ་འབྱོར་མ་བརྒྱད་ཀྱི་ཕག་མོ་བཞིན་ནོ། །འཁྱུད། །བྱང་སྒོའི གཡས་སུ་པདྨའི་ལྟེ་བ་ལ། །ཆུ་སྲིན་གདན་གྱི་སྟེང་དུ་འཁོད་པར་གྱུར། །མ་མི་མྼྀ་མུ་མླྀ་མཾ། །བྷ་བྷི་བྷྼྀ་བྷླྀ་བྷཾ། །བ་བི་བུ་བླྀ་བཾ། །ཕ་ཕི་ཕྼྀ་ཕུ་ཕླྀ་ཕཾ། །པ་པི་པྼྀ་བུ་པླྀ། །ཞེས་པ་ས་བོན་ཡི་གེ་ཉེར་བརྒྱད་པོ། །རེ་རེ་བཞིན་ཡང་རྡོ་རྗེ་མ་ཞེས་པའི། །མིང་ཅན་གྲོ་བཞིན་ཟླ་བའི་ཚེས་ལྷ་མོ། །ཀུན་ཀྱང་མདོག་དཀར་གཙོ་དང་མཚུངས་པས་


MR25_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར། །མཿཡིག་ལས་བྱུང་དགྲ་སྟ་དཀར་པོ་ལས། །ཚོགས་བདག་དཀར་པོ་ཞལ་གཅིག་ཕྱག་བཞི་ཡི། །གཡས་པ་གཉིས་ཀྱིས་དགྲ་སྟ་དང་རྡོ་རྗེ། །གཡོན་གཉིས་ཞགས་པ་དང་ནི་རིན་ཆེན་འཛིན། །བྼྀཿཡིག་ལས་བྱུང་གཞོན་ནུ་དམར་མོས་རྣལ་འབྱོར་མ་བརྒྱད་ཀྱི་གཞོན་ནུ་མ་བཞིན་ནོ། །འཁྱུད། །དབང་ལྡན་པདྨར་བྱི་བའི་གདན་ལ་བཞུགས། །པཱ་པཱི་པྼཱྀ་པཱུ་པླཱྀ་པཿ ཕཱ་ཕཱི་ཕྼཱྀ་ཕཱུ་ཕླཱྀ་ཕཱཿ བཱ་བཱི་བཱུ་བླཱྀ་བཿ བྷཱ་བྷཱི་བྷྼཱྀ་བྷཱུ་བྷླཱྀ་བྷཿ མཱ་མཱི་མྼཱྀ་མཱུ་མླཱྀ། ཞེས་པ་ས་བོན་ཡི་གེ་ཉེར་བརྒྱད་པོ། །རེ་རེ་བཞིན་ཡང་རྡོ་རྗེ་མ་ཞེས་པའི། །མིང་ཅན་ཁྲུམས་སྟོང་ཟླ་བའི་ཚེས་ལྷ་མོ། །མདོག་དཀར་གཙོ་བོ་དང་མཚུངས་རྣམས་ཀྱིས་བསྐོར། ཏྃ་ཡིག་ལས་བྱུང་རྡོ་རྗེ་སེར་པོ་ལས། །དབང་པོ་སེར་པོ་ཞལ་གཅིག་ཕྱག་བཞི་པ། །གཡས་གཉིས་རྡོ་རྗེ་དང་ནི་མེ་ཡི་མདའ། །གཡོན་པ་གཉིས་ན་དྲིལ་བུ་གཞུ་འཛིན་པར། །ངྼྀ་ཡིག་ལས་བྱུང་རླུང་ལྷ་ནག་མོས་གོང་གི་ཙརྩི་ཀཱ་བཞིན་ནོ། །འཁྱུད། ནུབ་སྒོའི་གཡས་སུ་པདྨའི་ལྟེ་བ་ལ། །གླང་པོ་ཆེ་ཡི་གདན་གྱི་སྟེང་དུ་འཁོད། །ན་ནི་ནྼྀ་ནུ་ནླྀ་ནི། །དྷ་དྷི་དྷྼྀ་དྷུ་དྷླྀ་དྷཾ། །ད་དི་དུ་དལ་དཾ། །ཐ་ཐི་ཐྼྀ་ཐུ་ཐླྀ་ཐཾ། །ཏ་ཏི་ཏྼྀ་ཏུ་ཏླྀ། །ཞེས་པ་ས་བོན་ཡི་གེ་ཉེར་བརྒྱད་པོ། །རེ་རེ་བཞིན་ཡང་རྡོ་རྗེ་མ་ཞེས་པའི། །མིང་ཅན་ཐ་སྐར་ཟླ་བའི་ཚེས་ལྷ་མོ། །ཀུན་ཀྱང་མདོག་སེར་གཙོ་བོ་འདྲ་བས་བསྐོར། །ནཿཡིག་ལས་བྱུང་ཁབ་སེར་ཡོངས་གྱུར་ལས། །མེས་པོ་སེར་པོ་ཞལ་བཞི་


MR25_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་བཞི་པ། །གཡས་པ་གཉིས་ན་ཁབ་དང་བགྲང་ཕྲེང་དང་། །གཡོན་པ་གཉིས་ན་པདྨ་སྤྱི་བླུགས་འཛིན། །ངྼཱྀ་ཡིག་ལས་བྱུང་གློག་མ་ནག་མོས གོང་གི་རླུང་ལྷ་བཞིན་ནོ། །འཁྱུད། །རླུང་མཚམས་པདྨ་ངང་པའི་གདན་ལ་འཁོད། །ཏཱ་ཏཱི་ཏྼཱྀ་ཏཱུ་ཏླཱྀ་ཏཿ ཐཱ་ཐཱི་ཐྼཱྀ་ཐཱུ་ཐླཱྀ་ཐཿ དཱ་དཱི་དཱུ་དླཱྀ་དཿ དྷཱ་དྷཱི་དྷྼཱྀ་དྷཱུ་དྷླཱྀ་དྷཿ ནཱ་ནཱི་ནྼཱྀ་ནཱུ་ནྼཱྀ། །ཞེས་པ་ས་བོན་ཡི་གེ་ཉེར་བརྒྱད་པོ། །རེ་རེ་བཞིན་ཡང་རྡོ་རྗེ་མ་ ཞེས་པའི། །མིང་ཅན་སྨིན་དྲུག་ཟླ་བའི་ཚེས་ལྷ་མོ། །ཀུན་ཀྱང་མདོག་སེར་གཙོ་དང་འདྲ་བས་བསྐོར། །སྃ་ཡིག་ལས་བྱུང་རྩེ་གསུམ་སྔོན་པོ་ལས། །དྲག་པོ་སྔོན་པོ་ཞལ་གཅིག་ཕྱག་བཞི་པ། །གཡས་གཉིས་རྩེ་གསུམ་མདའ་དང་གཡོན་གཉིས་ཀྱིས། །སྦྲུལ་བཅས་ཁ་ཊྭཱཾ་ག་དང་གཞུ་འཛིན་པར། །ཥྼྀ་ཡིག་ལས་བྱུང་རི་སྲས་ལྗང་མོས་ འོག་ནས་འཆད་འགྱུར་གཤིན་རྗེ་དང་མཚུངས། འཁྱུད། །བྱང་སྒོའི་གཡོན་དུ་པདྨའི་ལྟེ་བ་ལ། །ཁྱུ་མཆོག་གདན་གྱི་སྟེང་དུ་རྣམ་པར་འཁོད། །ྈྐ་ྈྐི་ྈྐྼྀ་ྈྐུ་ྈྐླྀ་ྈྐཾ ། །ཤ་ཤི་ཤྼྀ་ཤུ་ཤླི་ཤཾ ། ཥ་ཥི་ཥུ་ཥླི་ཥྀ། །ྉྤ་ྉྤི་ྉྤུ་ྉྤྼྀ་ྉྤ། །ས་སི་སྼྀ་སུ་སླྀ། །ཞེས་པ་ས་བོན་ཡི་གེ་ཉེར་བརྒྱད་པོ། །དེ་རྣམས་རེ་རེ་བཞིན་ཡང་རྡོ་རྗེ་མ། །ཞེས་པའི་མིང་ཅན་མགོ་ཟླའི་ཚེས་ལྷ་མོ། །ཀུན་ཀྱང་མདོག་སྔོ་གཙོ་དང་མཚུངས་པས་བསྐོར། །ྈ ཌ་མ་རུའི་ཡི་གེ་འདི་ལྕེ་རྩ་ཅན་ཡིན་པས་རྐན་གྱི་ཕུག་ནས་ཀ་དང་ཀི་སོགས་སུ་བཀླག ༧ གླང་ཆེན་གཙུག་བུམ་གྱི་ཡི་གེ་འདི་མཆུ་ཅན་ཡིན་པས་མཆུ་ཡི་བྱེད་པ་ཤུགས་ཆེ་བར་བྱས་ཏེ། པ་དང་པི་སོགས་


MR25_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཀླག་པར་བྱའོ། །མཆན། ྈྐཿ ཡིག་ལས་བྱུང་བེ་ཅོན་སྔོན་པོ་ལས། །ནོར་སྦྱིན་ཡང་ཟེར། ནོར་བདག་སྔོན་པོ་ཞལ་གཅིག་ཕྱག་བཞི་པ། །གཡས་པ་གཉིས་ན་ནོར་བུ་བེ་ཅོན་དང་། །གཡོན་གཉིས་ནེའུ་ལེ་པདྨ་འཛིན་པ་ལ། །ཥྼཱྀ་ལས་ནོར་གྱི་དབང་ རྣལ་འབྱོར་མ་བརྒྱད་ཀྱི་ནང་གི་ཁྱབ་འཇུག་མའི་ཕྱག་མཚན་འདྲའོ། །མོ་ལྗང་ཀུས་འཁྱུད། །ནུབ་སྒོའི་གཡོན་དུ་པདྨའི་ལྟེ་བ་ལ། །གླང་པོ་ཆེ་ཡི་གདན་ལ་འཁོད་པའོ། །སཱ་སཱི་སྼཱྀ་སཱུ་སླཱྀ་སཿཿཥཱ་ཥཱྀ་ཥཱུ་ཥཿ ྈྐཱ་ྈྐཱི་ྈྐྼཱྀ་ྈྐཱུ་ྈྐླཱྀ། །ཞེས་པ་ས་བོན་ཡི་གེ་ཉེར་བརྒྱད་པོ། །རེ་རེ་བཞིན་དུ་རྡོ་རྗེ་མ་ཞེས་པའི། །མིང་ཅན་རྒྱལ་ཟླའི་ཚེས་ཀྱི་ལྷ་མོ་རྣམས། །ཀུན་ཀྱང་མདོག་སྔོ་གཙོ་དང་མཚུངས་པས་བསྐོར། །ཀྃ་ཡིག་ལས་བྱུང་འཁོར་ལོ་ལྗང་གུ་ལས། །ཁྱབ་འཇུག་ལྗང་ཀུ་ཞལ་གཅིག་ཕྱག་བཞི་པ། །གཡས་པ་གཉིས་ཀྱིས་འཁོར་ལོ་དབྱུག་ཐོ་དང་། །གཡོན་གཉིས་པདྨ་སྐྱེ་ལྔའི་དུང་འཛིན་ལ། ། ཧྼྀ་ལས་བྱུང་བའི་དཔལ་མོ་ ནོར་སྦྱིན་ལས། སྔོན་མོས་འཁྱུད། །ཤར་སྒོའི་གཡོན་དུ་པདྨའི་ལྟེ་བ་ལ། །མཁའ་ལྡིང་གདན་གྱི་དབུས་སུ་འཁོད་པའི་འཁོར། །ང་ངི་ངྼྀ་ངུ་ངླྀ་ངཾ་། གྷ་གྷི་གྷྼྀ་གྷུ་གྷླྀ་གྷཾ། ག་གི་གུ་གླྀ་གཾ ཁ་ཁི་ཁྼྀ་ཁུ་ཁླྀ་ཁཾ། ཀ་ཀི་ཀྼྀ་ཀུ་ཀླྀ ། ཞེས་པ་ས་བོན་ཡི་གེ་ཉེར་བརྒྱད་པོ། །རེ་རེ་བཞིན་དུ་རྡོ་རྗེ་མ་ཞེས་པའི། །མིང་ཅན་མཆུ་ཟླའི་ཚེས་ཀྱི་ལྷ་མོ་རྣམས། །ཀུན་ཀྱང་ལྗང་གུ་གཙོ་དང་མཚུངས་པས་བསྐོར། །ངཿཡིག་ལས་བྱུང་དབྱུག་པ་


MR25_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ལྗང་གུ་ལས། །གཤིན་རྗེ་ལྗང་གུ་ཞལ་གཅིག་ཕྱག་བཞི་པ། །གཡས་ཀྱི་ཕྱག་གཉིས་དབྱུག་པ་རལ་གྲི་དང་། །གཡོན་པ་གཉིས་ན་ལྕགས་སྒྲོག་ཞགས་པ་འཛིན། །གྼཱྀ་ཡིག་ལས་བྱུང་གཤིན་རྗེ་སྔོན་མོས་གོང་གི་དྲག་པོའི་ཕྱག་མཚན་བཞིན་ནོ། །འཁྱུད། །ལྷོ་སྒོའི་གཡོན་དུ་པདྨའི་ལྟེ་བ་ལ། །མ་ཧེའི་གདན་གྱི་སྟེང་དུ་འཁོད་པའི་འཁོར། །ཀཱ་ཀཱི་ཀྼཱྀ་ཀཱུ་ཀླཱྀ་ཀཿ ཁཱ་ཁཱི་ཁྼཱྀ་ཁཱུ་ཁླཱྀ་ཁཿ གཱ་གཱི་གཱུ་གླཱྀ་གཿ གྷཱ་གྷཱི་གྷྼཱྀ་གྷཱུ་གྷླཱྀ་གྷཿ ངཱ་ངཱི་ངྼཱྀ་ངཱུ་ངླཱྀ། །ཞེས་པ་ས་བོན་ཡི་གེ་ཉེར་བརྒྱད་པོ། ཟླ་བ་བཅུ་གཉིས་པོའི་ཚེས་ཀྱི་ཡི་གེ་སུམ་ཅུ་རིམ་པར་བཀོད་ན་བཅོ་ལྔ་པ་ནི་ཉ་ཡི་ལྷ་མོ་ཡུམ་གྱི་ས་བོན་དང་། །སུམ་ཅུ་པ་གནམ་སྟོང་གི་ལྷ་ཡབ་ཀྱི་ས་བོན་ཡིན་ནོ། །མཆན། རེ་རེ་བཞིན་ཡང་རྡོ་རྗེ་མ་ཞེས་པའི། །མིང་ཅན་དབོ་ཟླའི་ཚེས་ཀྱི་ལྷ་མོ་རྣམས། །ལྗང་མོ་ཞལ་ཕྱག་ཕྱག་མཚན་གཙོ་འདྲས་བསྐོར། །གཙོ་བོ་བཅུ་གཉིས་དཀྱིལ་འཁོར་བདག་པོ་ལ། །ཞལ་ཕྱོགས་རྡོ་རྗེའི་གདན་གྱིས་ལེགས་གནས་པར། །ཡུམ་རྣམས་པདྨའི་གདན་གྱིས་ཉེ་བར་འཁྱུད། །འཁོར་རྣམས་ཀུན་ཀྱང་རང་རང་གཙོ་བོ་ལ། །ཞལ་ཕྱོགས་རོལ་གཡས་བརྐྱངས་པུས་མོ་ཅུང་བསྐུམས། གཡོན་གྱི་པུས་མོ་ཕྱེད་འཁྱོགས་པའོ། །པའི་སྟབས་ཀྱིས་ཀུན་ཏུ་གནས། །གཙོ་འཁོར་ཐམས་ཅད་ཞལ་རེར་སྤྱན་གསུམ་ཅན། །ལྷ་ཡི་ན་བཟའ་རིན་ཆེན་རྒྱན་ལྡན་པའོ། །སྐུ་དཀྱིལ་གྱི་སྒོ་སྐྱོང་སྤྲོ་བ་ནི། ཡ་ཡིག་ལས་བྱུང་དབྱུག་པ་ནག་པོ་ལས། །དབྱུག་སྔོན་ནག་པོ་ཞལ་གཅིག་ཕྱག་བཞི་པ། །གཡས་གཉིས། རལ་གྲི་


MR25_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་གཡོན་གཉིས་ཕུབ་དང་སྦྲུལ་འཛིན་པར། །ལཱ་དང་འཁོར་ལོ་སེར་པོ་ལས་སྐྱེས་པའི། །འོད་ཟེར་ཅན་སེར་ཞལ་གཅིག་ཕྱག་བཞི་མ། །ཕྱག་མཚན་སྟོབས་པོ་ཆེ་དང་འདྲ་བས་འཁྱུད། །ཤར་སྒོའི་ནང་དུ་ཕག་ནག་བདུན་གྱིས་ནི། །དྲངས་པའི་ཤིང་རྟའི་དབུས་སུ་འཁོད་པའོ། །ཤིང་རྟ་འདི་ལ་འོད་ཟེར་ཅན་མའི་ཤིང་རྟ་ཞེས་བརྗོད་པ་དེ་བཞིན་གཞན་ལའང་ཡུམ་གྱི་ཤིང་རྟ་ཡིན་པར་ཤེས་པར་བྱའོ། །ར་ཡིག་ལས་བྱུང་མདའ་དམར་ཡོངས་གྱུར་ལས། །འདོད་རྒྱལ་དམར་པོ་ཞལ་གཅིག་ཕྱག་བཞི་པ། །མདའ་དང་ལྕགས་ཀྱུ་གཞུ་དང་ཞགས་པ་འཛིན། །ཝཱ་དང་ཐོ་བ་དཀར་པོ་ལས་སྐྱེས་པའི། །ཙུནྡཱ་སྐུལ་བྱེད་དཀར་མོ་མི་གཡོ་ལྟ་བུས་འཁྱུད། །སྒོ་སྐྱོང་གི་ཡུམ་ཐམས་ཅད་ཞལ་གཅིག་ཕྱག་བཞི། ཕྱག་མཚན་གོང་དང་འདྲ་བར་བྱས་པ་དེ་བཞིན་ཤེས་པར་བྱའོ། །སྐུ་མདོག་དང་ཕྱག་མཚན་དེ་དང་འདྲ་བའང་རིགས་གང་ཡིན་ཤེས་པའི་སླད་དུའོ། །ལྷོ་སྒོའི་དབུས་སུ་རྟ་དམར་བདུན་གྱིས་ནི། །དྲངས་པའི་ཤིང་རྟའི་དབུས་སུ་འཁོད་པར་གྱུར། །ཝ་ཡིག་ལས་བྱུང་གཏུན་ཤིང་དཀར་པོ་ལས། །མི་གཡོ་དཀར་པོ་ཞལ་གཅིག་ཕྱག་བཞི་པ། །ཐོ་བ་མདུང་དང་པདྨ་མེ་ལོང་འཛིན། །རཱ་དང་མདའ་ནི་དམར་པོ་ལས་སྐྱེས་པའི། །ཁྲོ་གཉེར་ཅན་དམར་འདོད་རྒྱལ་ལྟ་བུས་འཁྱུད། །བྱང་སྒོའི་དབུས་སུ་སེང་གེ་དཀར་པོ་ནི། །བདུན་གྱིས་དྲངས་པའི་ཤིང་རྟའི་དབུས་སུ་འཁོད། །ལ་ཡིག་ལས་བྱུང་བེ་ཅོན་སེར་པོ་ལས། །སྟོབས་པོ་ཆེ་སེར་ཞལ་


MR25_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཕྱག་བཞི་པ། །འཁོར་ལོ་དབྱུག་པ་དུང་དང་རིན་ཆེན་འཛིན། །ཡཱ་དང་རལ་གྲི་ནག་པོ་ལས་སྐྱེས་པའི། །ལྕགས་སྒྲོག་མ་ནག་དབྱུག་སྔོན་ལྟ་བུས་འཁྱུད། །ནུབ་སྒོའི་དབུས་སུ་གླང་པོ་ཆེ་སེར་པོ། །བདུན་གྱིས་དྲངས་པའི་ཤིང་རྟའི་དབུས་སུ་འཁོད། །ཧཾ་ཡིག་ལས་བྱུང་རྡོ་རྗེ་ལྗང་ཀུ་ལས། །གཙུག་ཏོར་འཁོར་སྒྱུར་ལྗང་གུ་ཞལ་གཅིག་ཕྱག་བཞི་པ། །དགྲ་སྟ་རྩེ་གསུམ་སྦྲུལ་ཞགས་ཁ་ཊྭཱཾ་འཛིན། །ཧཿདང་གྲི་གུག་སྔོན་པོ་ལས་སྐྱེས་པའི། །ཤིན་ཏུ་སྔོན་མོ་གནོད་མཛེས་ལྟ་བུས་འཁྱུད། །མཁའ་ལྡིང་ མདོག་ལྔ་པ་མིག་གསུམ་ལུས་རྒྱས་ཤིང་ཁྲོ་བོ་དང་བཅས་པའོ། །འཆི་མེད་མཛོད་ལས་ཨ་ནི་ལཱ། ཞེས་པ་ལྷའི་བྱེ་བྲག་ང་ཞེས་བཤད་པ་དེ་ཡིན་ནམ་དཔྱད། མཆན། ཨ་ནི་ལ་ཞེས་བདུན་གྱིས་ནི། །དྲངས་པའི་ཤིང་རྟར་སྟེང་གི་གནས་སུ་འཁོད། །ཧ་ཡིག་ལས་བྱུང་རྡོ་རྗེ་སྔོན་པོ་ལས། །གནོད་མཛེས་རྒྱལ་པོ། སྔོན་པོ་ཞལ་གཅིག་ཕྱག་བཞི་པ། །གྲི་གུག་རྡོ་རྗེ་ཐོད་པ་དྲིལ་བུ་འཛིན། །ཧཱཿདང་དགྲ་སྟ་ལྗང་གུ་ལས་སྐྱེས་པའི། །དྲག་སྤྱན་ལྗང་མོ་འཁོར་བསྒྱུར་ལྟ་བུས་འཁྱུད། །སེང་གེ་རྐང་ཤ་ར་བྷ། བརྒྱད་བདུན་གྱིས་དྲངས་པ་ཡི། །ཤིང་རྟ་ལ་གནས་འོག་གི་གནས་སུ་འགོད། །སྒོ་སྐྱོང་རྣམ་དྲུག་ཡུམ་བཅས་ཞལ་གཅིག་པ། །སྤྱན་གསུམ་ཕྱག་བཞི་རབ་ཁྲོས་སྦྲུལ་གྱིས་བརྒྱན། །ཡབ་རྣམས་གཡས་བརྐྱངས་ཡུམ་རྣམས་གཡོན་བརྐྱངས་སྦྱོར། །སྤྲོས་པ་ལ་མི་དགའ་ན་ཁྲོ་མོ་བཅུ་ས་བོན་ཕྱག་


MR25_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ལས་མ་བསྐྱེད་ཀྱང་ཆོག་ཅེས་རྗེ་སྒྲོལ་མགོན་གསུངས། སྐུ་དཀྱིལ་ཕྱི་ཡི་སྟེགས་བུའི་སྟེང་དག་ཏུ། །རྟ་བབས་བཞི་ཡི་ཀ་བ་བརྒྱད་ཀྱི་འོག །ཧྻ་ཧྻཱ་ལས་བྱུང་རྒྱལ་མཚན་དག་ལས་ནི་ཕྱག་མཚན་གྱི་མདོག་ལྷ་དེའི་རང་མདོག་ལྟར་ཤེས་པར་བྱ། སྟོབས་ཀྱི་རྒྱུ་དང་པདྨ་མདོག་ནག་པོར། །ཅེ་རིམ་བཞིན། སྤྱང་གདོང་ལ་དང་། མཁའ་ལྡིང་གདོང་མ་སེར་མོས་འཁྱུད། །ཡུམ་རྣམས་ཀྱི་ཕྱག་མཚན་རབ་གཏུམ་མ་རྣམས་ཀྱི་སྐབས་དང་འདྲའོ། །འདིར་ཀླུ་ཡབ་ཡུམ་བུ་ལུགས་ལྟར་བཀོད། ཇོ་ལུགས་ཤར་གྱི་ཀླུ་གཉིས་པོའི་ཡུམ་གོང་འོག་བསྣོལ་བ་མཛད། ཤར་སྒོའི་གཡོན་དང་གཡས་ཀྱི་སྟེགས་བུ་ལ། །རླུང་དཀྱིལ་ནག་ཟླུམ་ཐིག་ལེས་མཚན་པར་འཁོད། །ཧྼ་ཧྼཱ་ལས་བྱུང་བཀྲ་ཤིས་འཁྱིལ་པ་ལས། །ནོར་རྒྱས་དང་ནི་དུང་སྐྱོང་དམར་པོ་ལ། །སྟག་གདོང་མ་དང་འུག་གདོང་དཀར་མོས་འཁྱུད། །ལྷོ་སྒོའི་གཡོན་དང་གཡས་ཀྱི་སྟེགས་བུའི་སྟེང་། །མེ་དཀྱིལ་གྲུ་གསུམ་དམར་པོ། བཀྲ་ཤིས་མཚན་པར་འཁོད། །ཧྺ་ཧྺཱ་ལས་བྱུང་པདྨ་དག་ལས་ནི། །མཐའ་ཡས་དང་ནི་རིགས་ལྡན་དཀར་པོ་ལ། །ཕག་གདོང་བྱ་རྒོད་གདོང་མ་དམར་མོས་འཁྱུད། །བྱང་སྒོའི་གཡོན་དང་གཡས་ཀྱི་སྟེགས་བུའི་སྟེང་། །ཆུ་དཀྱིལ་དཀར་པོ། ཟླ་གམ་པདྨས་མཚན་པར་འཁོད། །ཧླ་ཧླཱ་ལས་བྱུང་རྡོ་རྗེ་དག་ལས་ནི། །འཇོག་པོ་དང་ནི་པད་ཆེན་སེར་པོ་ལ། །ཁྱི་གདོང་བྱ་རོག་གདོང་མ་ནག་མོས་འཁྱུད། །ནུབ་སྒོའི་གཡོན་དང་གཡས་ཀྱི་སྟེགས་བུའི་


MR25_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་། །ས་དཀྱིལ་སེར་པོ། གྲུ་བཞི་རྡོ་རྗེས་མཚན་པར་འཁོད། །ཧཱུྃ་ཡིག་བུམ་པ་ལས་སྐྱེས་རྒྱལ་བ་ལྗང་། །རྡོ་རྗེ་མིག་མས་འཁྱུད་པ་སྟེང་ཕྱོགས་སུ། །ནམ་མཁའི་དཀྱིལ་འཁོར་ལྗང་ཟླུམ་པོ། གུའི་གནས་སུ་འཁོད། །ཀྵཱུཾ་ཡིག་བུམ་པ་ལས་སྐྱེས་རྣམ་རྒྱལ་སྔོ། །ཤིན་ཏུ་སྔོན་མོས་ལྗང་གུ། འཁྱུད་པ་འོག་ཕྱོགས་སུ། །ཡེ་ཤེས་དཀྱིལ་འཁོར་སྔོན་པོའི་སྟེང་ཟླུམ་པོ། སྔོན་མོ། དུ་འཁོད། །རྒྱལ་དང་རྣམ་རྒྱལ་སྦྲུལ་མགོ་བདུན་པ་དང་། །ལྷག་མ་བརྒྱད་པོ་ལྔ་ཡི་གདེངས་ཀ་ཅན། །ཀུན་ཀྱང་རིན་ཆེན་རྒྱན་ལྡན་ལྷ་ཡི་ཆས། །ཞལ་གཅིག་པ་ལ་སྤྱན་གསུམ་ཕྱག་བཞི་པ། །གཡས་གཉིས་བདུད་རྩིའི་བུམ་པ་རྡོ་རྗེ་དང་། །གཡོན་གཉིས་པདྨ་དང་ནི་རིན་ཆེན་འཛིན། །ཡབ་རྣམས་རྡོ་རྗེའི་གདན་གྱིས་བཞུགས་པ་ལ། །རབ་གཏུམ་མ་རྣམས་ཞལ་གཅིག་ཕྱག་གཉིས་ཀྱིས། །གྲི་ཐོད་འཛིན་ཅིང་པདྨའི་གདན་གྱིས་རོལ། །ཕྱི་རོལ་གྱི་དུར་ཁྲོད་ལ་རབ་གཏུམ་མ་རྣམས་སྤྲོ་བ་ནི། དཀྱིལ་འཁོར་ཕྱི་རོལ་ས་ཆུ་མེ་ང་གི། ཁོར་ཡུག་བཞི་ཡིས་བསྐོར་ལས་མེ་ང་གི། མཚམས་སུ། དབུས་སུ་དུར་ཁྲོད་ཆེན་པོ་བརྒྱད་གནས་པར། །ཀྑྒྒྷྔ་དང་གྲི་གུག་ལས། །ཁྱི་གདོང་ནག་མོར་འཇོག་པོ་སེར་པོས་འཁྱུད། །ཇོ་པད་ཆེན། ཤར་ཕྱོགས་རྩེ་མོས་འབིགས་པའི་དུར་ཁྲོད་དུ། །བསེ་ཡི་སྟེང་དུ་འཁོར་ལོའི་གདན་ལ་གནས། །ཉྫྷ་དང་གྲི་གུག་ལས། བྱ་རོག་གདོང་མའང་ཟེར། ཁྭ་གདོང་ནག་མོར་པད་ཆེན་སེར་པོས་


MR25_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱུད། །ཤར་ལྷོ་ལྷག་མ་ ཟ་བའང་། ཅན་གྱི་དུར་ཁྲོད་དུ། །བྷ་རུ་ཎྚའི་བྱ་ཆེན་སྟེང་འཁོར་ལོའི་གདན་ལ་གནས། །ཀྵྻྼྦླ་དང་གྲི་གུག་ལས། ཕག་གདོང་དམར་མོར་མཐའ་ཡས་དཀར་པོས་འཁྱུད། །ལྷོ་ཕྱོགས་རོ་བསྲེག་པ་ཡི་དུར་ཁྲོད་དུ། །དོམ་གྱི་སྟེང་དུ་འཁོར་ལོའི་གདན་ལ་གནས། །ཎྚྷྜྛྜ་དང་གྲི་གུག་ལས། །བྱ་རྒོད་གདོང་དམར་རིགས་ལྡན་དཀར་པོས་འཁྱུད། །ལྷོ་ནུབ་དྲག་པོའི་ མི་བཟད་ཀྱང་། གཡུལ་གྱི་དུར་ཁྲོད་དུ། །ཁྲུང་ཁྲུང་སྟེང་དུ་འཁོར་ལོའི་གདན་ལ་གནས། །ཧྻྼྺླ་དང་གྲི་གུག་ལས། །སྟག་གདོང་དཀར་མོར་ནོར་རྒྱས་དམར་པོས་འཁྱུད། །བྱང་ཕྱོགས་རུལ་བ་དང་བཅས་དུར་ཁྲོད་དུ། །འབྲི་གཡག་ཅེས་རྒྱུད་ན་འདུག ཡི་སྟེང་དུ་འཁོར་ལོའི་གདན་ལ་གནས། །མྦྷྤྥྤ་དང་གྲི་གུག་ལས། །འུག་གདོང་དཀར་མོར་དུང་སྐྱོང་དམར་པོས་འཁྱུད། །བྱང་ཤར་བྱིས་པ་ཤི་བའི་དུར་ཁྲོད་དུ། །བྱ་མ་བྱིའི་སྟེང་ལ་ལས་བཤང་ལམ་གདོང་ཞེས་གསུངས་པ་འདི་ཕ་ཝང་ལའང་བཞེད་པ་ཡོད། འཁོར་ལོའི་གདན་ལ་གནས། །ྈྐྴྵྐྤྶ་དང་གྲི་གུག་ལས། །ཅེ་སྤྱང་གདོང་མ་སེར་མོ་སྟོབས་རྒྱུ་ནག་པོས་འཁྱུད། །ནུབ་ཏུ་རྣག་གི་དྲི་ཡི་དུར་ཁྲོད་དུ། །སེང་གེའི་སྟེང་དུ་འཁོར་ལོའི་གདན་ལ་གནས། །ནྡྷྔྛྟ་དང་གྲི་གུག་ལས། དུར་ཁྲོད་མ་གཏུམ་མོ་བརྒྱད་ཀྱི་ས་བོན་འདི་བཀོད་རིམ་སྒྲུབ་ལེ་ལྟར་ཏེ་དབང་ལེར་བསྟན་པ་དང་མི་མཐུན་ཡང་དེ་ནི་རྒྱུད་ལ་རང་གར་འཇུག་པ་དགག་པའི་དོན་ནོ་ཞེས་གསུངས། ཁ་ཅིག་དེ་གཉིས་འདམ་ངར་བཞེད།


MR25_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལྡིང་གདོང་མ་སེར་མོ་པདྨ་ནག་པོས་འཁྱུད། །ནུབ་བྱང་སྦྲུལ་གྱིས་ཟོས་ བཟུང་བའི་འང་། པའི་དུར་ཁྲོད་དུ། །འདྲེ་བྱ། མིག་སྔོན་སྟེང་དུ་འཁོར་ལོའི་གདན་ལ་གནས། །ཧཾ་དང་གྲི་གུག་ལས་སྐྱེས་ཤིན་ཏུ། སྔོན་མོ་ནི། །ལྗང་ཀུར་རྣམ་རྒྱལ་སྔོན་པོས་འཁྱུད་པ་དག །སྟེང་གི་གནས་སུ་ཤིང་རྟ་ལྗང་གུར་འཁོད། །ཧཿདང་གྲི་གུག་ལས་སྐྱེས་རྡོ་རྗེའི་མིག་མ། །སྔོན་མོར་རྒྱལ་བ་ལྗང་གུས་འཁྱུད་པ་ནི། །འོག་ཕྱོགས་ཤིང་རྟ་སྔོན་པོའི་སྟེང་དུ་འཁོད། །རབ་གཏུམ་མ་བཅུ་ཞལ་གཅིག་སྤྱན་གསུམ་པ། །ཕྱག་གཉིས་གྲི་གུག་དང་ནི་ཐོད་པ་འཛིན། །གཅེར་བུ་རུས་པའི་ཕྱག་རྒྱ་ལྔས་བརྒྱན་མགོ་ཕྲེང་འཕྱང་། །ཟླུམ་པོའི་སྟབས་བཞུགས་ཀླུ་བཅུས་གོང་འདྲ། ཟླུམ་སྟབས་འཁྱུད། །སྤྱིར་ས་གའི་སྟབས་ནི་རྐང་པ་གཉིས་ཀྱི་བར་དུ་སོར་ཉེར་དྲུག་ཙམ་ཡོད་པར་བྱས་པ་དང་། ཟླུམ་པོ་ནི་ཁྲུ་དོ་ཙམ་ཡོད་པར་གདངས་ཏེ་པུས་མོ་གཉིས་ཐད་ཀར་དགྱེད་པའོ། །གཞན་ཡང་དུར་ཁྲོད་ཐ་མར་རླུང་དཀྱིལ་ལ། །ས་བོན་ཕྱག་མཚན་སྣ་ཚོགས་ལས་བྱུང་བའི། །གཟ༡༠འ་དང་རྒྱུ་སྐ༢༨ར་ཁྱིམ༡༢་དང་བཅུ་དྲུག་ཆ། །ཕྱོགས་སྐྱོང་ཞིང་སྐྱོང་ཕོ་ཉ་འཕྲོག་མ་དང་། །དགའ་དབང་ནག་ཆེན་དྲིལ་རྣ་བྷྲཱིཾ་གི་ཎ། །བརྟན་པ་རི་བྱི་ལ་སོགས་དྲང་སྲོང་དང་། །སྐྲ་ཡི་གྲངས་ཀྱི་གྲུབ་པའི་ཚོགས་རྣམས་དང་། །བ་སྤུ་རྣམ་དག་འབྱུང་པོའི་ཚོགས་བཅས་ཏེ། །བྱེ་བ་ཕྲག་ཕྱེད་བཞི་དང་བཅས་པ་རྣམས། །དབྱིབས་མདོག་ཕྱག་མཚན་རྣམ་པ་སྣ་ཚོགས་པ། །འདི་རྣམས་ཀྱི་མངོན་རྟོགས་རྒྱས་པ་གཞན་ལས་གསལ་ལོ། །


MR25_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཀྱང་མ་འདྲེས་ཡོངས་རྫོགས་གསལ་བར་གྱུར། །དེ་ནས་དཀྱིལ་འཁོར་དུ་མཆོད་པའི་ལྷ་མོ་རྣམས་སྤྲོ་བར་བྱ་སྟེ། ཙྪྫྫྷྙ་དང་དྲིའི་དུང་ཆོས་ལས་སྐྱེས་པའི་དྲི་ཆབ་མ་ནག་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་དྲིའི་དུང་ཆོས་འཛིན་པ། ཙྪྫྫྷྙཱ་དང་མེ་ཏོག་སྔོན་པོའི་ཕྲེང་བ་ལས་མེ་ཏོག་མ་ནག་མོ་མེ་ཏོག་གི་ཕྲེང་བ་འཛིན་པ་གཉིས་ཐུགས་དཀྱིལ་གྱི་ནང་གི་སྟེགས་བུ་ལ་ཤར་སྒོའི་གཡོན་དང་གཡས་སུ་འཁོད། །དེ་བཞིན་དུ་ཊ་སྡེ་བརྩེགས་མ་ཐུང་རིང་དང་སྤོས་སྣོད་དང་མར་མེ་ལས། བདུག་སྤོས་མ་དང་མར་མེ་མ་གཉིས་དམར་མོ། །ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་པ། ཕྱག་མཚན་ནི་བདུག་སྤོས་དང་མར་མེ་སོགས་མཚན་མ་དེ་དག་ཡིན་པ་ཐམས་ཅད་ལ་ཤེས་པར་བྱའོ། །ལྷོ་སྒོའི་གཡོན་དང་གཡས་སུ་འཁོད། ས་སྡེ་བརྩེགས་མ་ཐུང་རིང་དང་བདུད་རྩིས་གང་བའི་སྣོད་དང་འབྲས་བུ་ལས་སྐྱེས་བདུད་ལྷ་བཤོས་མ་རྩི་མ་དང་འབྲས་བུ་མ་དཀར་མོ་བྱང་སྒོའི་གཡོན་དང་གཡས་སུ་འཁོད། ཏ་སྡེ་བརྩེགས་མ་ཐུང་རིང་དང་དབུ་རྒྱན་དང་དོ་ཤལ་ལས་སྐྱེས་སྒེག་མོ་དང་། བཞད་མ་སེར་མོ་ནུབ་སྒོའི་གཡོན་དང་གཡས་སུ་འཁོད། ཀ་སྡེ་བརྩེགས་མ་ཐུང་རིང་དང་། གོས་དང་རྔ་པ་ཊ་ཧ་ལས་སྐྱེས་པའི་གར་མ་དང་རོལ་མོ་མ་སྒྲ་མ་ལྗང་གུ་སྟེང་གི་གནས་སུ་འམ་ཡང་ན་དེ་གཉིས་རིམ་བཞིན་ཤར་དང་ནུབ་སྒོའི་རྟ་བབས་སྟེང་དུ་འཁོད། སྉཔཥཤྈཀ སྉཔཥཤྈཀའ་སྡེ་བརྩེགས་མ་ཐུང་རིང་དང་རྡོ་རྗེ་དང་པདྨ་ལས་སྐྱེས་གླུ་མ་དང་འདོད་མ་སྔོན་མོ་གཉིས་བྱང་དང་ལྷོའི་རྟ་བབས་སྟེང་ངམ། འོག་གི་གནས་སུ་འཁོད་ཅིང་། དེ་རྣམས་ལྷའི་ཆ་ལུགས་ཅན།


MR25_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་མཆོད་པའི་ལྷ་མོ་གཟུངས་མ་གྲངས་མེད་པ་ཡོད་པར་བསྒོམ་མོ། །དེ་ནས་གསུང་དང་སྐུ་ཡི་དཀྱིལ་འཁོར་གྱི་ནང་གི་སྟེགས་བུ་འདོད་སྣམ་ལ་འདོད་མ་དང་། ཕྱིར་འདོད་མ་རྣམས་སྤྲོ་བར་བྱ་སྟེ། ཙཿ ཡིག་ཡོངས་གྱུར་སྒྲོལ་མ་ལས་བྱུང་བའི་དབྱེ་བར་འདོད་མ་ནག་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་ཨུཏྤལ་དང་ཐོང་གཤོལ་བསྣམས་པ། ཚཿ ཡིག་ཡོངས་གྱུར་རེག་བྱ་རྡོ་རྗེ་མ་ལས་སྐྱེས་པའི་གོས་འདོད་མ་ནག་མོ་ཕྱག་གཉིས་ཀྱིས་གོས་ཐོགས་པ། ཛཿཡིག་ཡོངས་གྱུར་ཙ་མུཎྚི་ལས་བྱུང་བའི་ལུས་ལ་འཕྲུག་པར་འདོད་མ་ནག་མོ་གྲི་གུག་ཐོགས་པ། ཛྷཿཡིག་ཡོངས་གྱུར་ཁྱབ་འཇུག་མ་ལས་བྱུང་བའི་མཆིལ་མ་འདོར་བར་འདོད་མ་ནག་མོ་བུམ་པ་ཐོགས་པ། ཉཿཡིག་ཡོངས་གྱུར་རབ་བརྩོན་མ་ལས་བྱུང་བའི་སྐྲོད་པར་འདོད་པ་ནག་མོ་ཆུ་གྲི་ཐོགས་པ་སྟེ། དེ་ལྟར་ལྷ་མོ་ལྔ་པོ་གསུང་གི་དཀྱིལ་འཁོར་གྱི་ཤར་སྒོའི་གཡས་ཀྱི་སྟེགས་བུ་ལ་སྒོ་ཡི་ཟུར་ནས་ཕར་ལ་རིམ་པ་བཞིན་འཁོད་དེ། ལྔ་པ་རྣམས་ནི་སྟེགས་བུའི་ཟུར་བཞིའི་གནས་སུ་འཁོད་པའོ། །ཙཾ་ཚཾ་ཛཾ་ཛྷཾ་ཉཾ་རྣམས་ལས་རིམ་བཞིན་སྒྲོལ་མ་ལས་བྱུང་བའི་དབྱེ་བར་མི་འདོད་མ་དང་། རེག་བྱ་རྡོ་རྗེ་མ་ལས་བྱུང་བའི་གོས་མི་འདོད་མ་དང་། ཙ་མུཎྚི་ལས་བྱུང་བའི་ལུས་ལ་འཕྲུག་པར་མི་འདོད་མ་དང་། ཁྱབ་འཇུག་མ་ལས་བྱུང་པའི་མཆིལ་མ་འདོར་བ་མི་འདོད་མ་དང་། རབ་བརྩོན་འདི་ལ་ཤིན་སྟོབས་མའང་ཟེར། མ་ལས་བྱུང་བའི་སྐྲོད་པར་མི་འདོད་མ་རྣམས་སྐུ་མདོག་ཕྱག་མཚན་


MR25_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་མ་དང་མཚུངས་པ་སྐུའི་དཀྱིལ་འཁོར་གྱི་ཤར་སྒོའི་གཡས་ཀྱི་སྟེགས་བུ་ལ་རིམ་པས་འཁོད་པའོ། །ཊཿཋཿཌཿཌྷཿཎཿལས་རིམ་པ་བཞིན་དུ། གོས་དཀར་མོ་ལས་བྱུང་བའི་བསྐྱོད་པར་འདོད་མ་དམར་མོ་ཕྱག་གཡས་རིན་པོ་ཆེ་དང་གཡོན་དར་དཔྱངས་བསྣམས་པ། རོ་རྡོ་རྗེ་མ་ལས་བྱུང་བའི་ཟས་འདོད་མ་དམར་མོ་ཟས་གཞོང་ཐོགས་པ། ཕག་མོ་ལས་བྱུང་བའི་ལུས་ཀྱི་དྲི་མ་འདོད་མ་དམར་མོ་བཅུ་ ལ་ལར་ལྕགས་གཟར་ཟེར། གཟར་ བསྣམས་པ། གཞོན་ནུ་མ་ལས་བྱུང་བའི་གར་འདོད་མ་དམར་མོ་གོས་སེར་པོ་བསྣམས་པ། རྨུགས་བྱེད་མ་ལས་བྱུང་བའི་སྐེམ་པར་འདོད་མ་དམར་མོ་རྒྱ་སྐྱེགས་ཀྱི་སྣོད་བསྣམས་པ་རྣམས་གསུང་དཀྱིལ་གྱི་ལྷོ་སྒོའི་གཡས་ནས་སྟེགས་བུར་རིམ་པར་འཁོད་དེ་གནས། ཊཾ་ཋཾ་ཌཾ་ཌྷཾ་ཎཾ་ལས་དེ་དག་གི་མི་འདོད་མ་རྣམས་སྐུ་དཀྱིལ་གྱི་ལྷོ་སྒོའི་གཡས་ཀྱི་སྟེགས་བུར་རིམ་པར་འཁོད་དོ། །པཿཕཿབཿབྷཿམཿ ལས་མཱ་མ་ཀཱི་ལས་བྱུང་བའི་རྒྱས་པར་འདོད་མ་དཀར་མོ་གཡས་གཡོན་དུང་དང་ཟངས་ཀྱི་སྣོད། གཟུགས་རྡོ་རྗེ་མ་ལས་བྱུང་བའི་རྒྱན་འདོད་མ་དཀར་མོ་མེ་ལོང་བསྣམས་པ། དྲག་མོ་ལས་སྐྱེས་སྟན་འདོད་མ་དཀར་མོ་རྩེ་གསུམ་བསྣམས་པ། དཔལ་ཆེན་མོ་ལས་བྱུང་བའི་རྒྱལ་སྲིད་འདོད་མ་དཀར་མོ་རྡོ་བ་གྲུ་བཞི་བསྣམས་པ། ཁེངས་བྱེད་མ་ལས་བྱུང་བའི་འཇམ་པར་སྨྲ་བར་འདོད་མ་དཀར་མོ་ཀུ་ཤ་བསྣམས་པ་རྣམས་གསུང་དཀྱིལ་


MR25_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་སྒོའི་གཡས་ཀྱི་སྟེགས་བུར་རིམ་པར་འཁོད། པཾ་ཕཾ་བཾ་བྷཾ་མཾ་ལས་དེ་དག་གི་མི་འདོད་མ་རྣམས་སྐུ་དཀྱིལ་གྱི་བྱང་སྒོའི་གཡས་ཀྱི་སྟེགས་བུར་རིམ་པར་འགོད་དོ། །ཏཿཐཿདཿདྷཿནཿ ལས་སྤྱན་མ་ལས་བྱུང་བའི་རེངས་པར་འདོད་མ་སེར་མོ་གཡས་གཡོན་སྨྱུ་གུ་དང་རིན་པོ་ཆེའི་ཕྲེང་བ་འཛིན་པ། དྲི་རྡོ་རྗེ་མ་ལས་བྱུང་བའི་དྲི་འདོད་མ་སེར་མོ་ཕྱག་གཉིས་ཀས་མེ་ཏོག་གི་ཕྲེང་བ་བསྣམས་པ། དབང་མོ་ལས་བྱུང་མལ་སྟན་ལ་སྙེ་བར་འདོད་མ་སེར་མོ་ཁབ་བསྣམས་ཡང་ན་ཐོ་བ་པ། ཚངས་མ་ལས་བྱུང་ཆུ་ལ་རྐྱལ་བར་འདོད་མ་སེར་མོ་ཉ་རྒྱ་བསྣམས་པ། རེངས་བྱེད་མ་ལས་བྱུང་བའི་འཆིང་བར་གཉེན་འདུན་འདོད་མའང་ཟེར། འདོད་མ་སེར་མོ་དར་གྱི་སྲིན་བུ་བསྣམས་པ་རྣམས་གསུང་དཀྱིལ་གྱི་ནུབ་སྒོའི་གཡས་ཀྱི་སྟེགས་བུ་ལ་རིམ་པར་འཁོད། ཏཾ་ཐཾ་དཾ་དྷཾ་ནཾ་ལས་བྱུང་བའི་སྔ་མ་ལྔའི་མི་འདོད་མ་རྣམས་སྐུ་དཀྱིལ་གྱི་ནུབ་སྒོའི་གཡས་ཀྱི་སྟེགས་བུ་ལ་རིམ་པར་འཁོད་དོ། །ྈྒཿཤཿཥཿྉྤཿ རྣམས་ལས་ཤིན་ཏུ་སྔོན་མོ་ལས་བྱུང་བའི་གདུང་བར་འདོད་མ་སྔོན་མོ་འོད་མའི་དབྱུག་པ་བསྣམས་པ་ཡང་ན་གླིང་བུའོ། །རྡོ་རྗེ་ལྕགས་སྒྲོག་མ་ལས་བྱུང་བའི་རེག་བྱ་འདོད་མ་ནག་མོ་གདུགས་བསྣམས་པ། ཁྱི་གདོང་མ་ལས་བྱུང་བའི་ཡན་ལག་ཐམས་ཅད་བསྐྱོད་པར་འདོད་མ་ནག་མོ་བ་ལང་གི་རྭ་བསྣམས་པ། བྱ་རོག་གདོང་མ་ལས་བྱུང་བའི་ལྷག་མ་ཟ་བར་འདོད་མ་ནག་མོ་ཤ་ཡི་གསལ་ཤིང་


MR25_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས་པ་བཞི། གསུང་དཀྱིལ་གྱི་ཤར་སྒོའི་གཡོན་གྱི་སྟེགས་བུར་རིམ་པས་འཁོད། ྈྐཾ་ཤཾ་ཥཾ་ྉྤ། རྣམས་ལས་དེ་དག་གི་མི་འདོད་མ་བཞི་སྐུ་དཀྱིལ་གྱི་ཤར་སྒོའི་གཡོན་གྱི་སྟེགས་བུར་རིམ་པར་འཁོད་དོ། །ངཿགྷཿགཿཁཿ ལས་དྲག་སྤྱན་མ་ལས་སྐྱེས་པའི་རྒྱུག་པར་འདོད་མ་ལྗང་གུ་ཏོག་ཙེ་བསྣམས་པ། ཁྲོ་གཉེར་ཅན་མ་ལས་བྱུང་བའི་འགུགས་པར་འདོད་མ་དམར་མོ་ཤིང་གི་ལྷམ་གཉིས་བསྣམས་པ། ཕག་གདོང་མ་ལས་སྐྱེས་པའི་བཤང་གཅི་ཟག་པར་འདོད་མ་དམར་མོ་ས་ཡི་ཁམ་ཕོར་བསྣམས་པ། བྱ་རྒོད་གདོང་མ་ལས་སྐྱེས་གཡུལ་འགྱེད་པར་འདོད་མ་དམར་མོ་རྒྱུད་མངས་བསྣམས་པ་བཞི་གསུང་དཀྱིལ་གྱི་ལྷོ་་སྒོའི་གཡོན་གྱི་སྟེགས་བུར་རིམ་པས་འཁོད། ངཾ་གྷཾ་གཾ་ཁཾ། ལས་དེ་དག་གི་མི་འདོད་མ་བཞི་སྐུ་དཀྱིལ་གྱི་ལྷོ་སྒོའི་གཡོན་གྱི་སྟེགས་བུར་རིམ་པར་འཁོད་དོ། །ཧཿཡཿརཿཝཿ ལས་སྒྲ་རྡོ་རྗེ་མ་ལས་སྐྱེས་པའི་རོལ་མོ་འདོད་མ་སྔོན་མ་པི་ཝཾ་རྒྱུད་མངས་ཟེར ། ཐོགས་པ། ཙུནྡཱ་ལས་སྐྱེས་པའི་ཕྱག་ཕྱག་རྒྱ་འཆིང་བར་འདོད་མའང་། འཚལ་བར་འདོད་མ་དཀར་མོ་སྤུ་གྲི་བསྣམས་པ། སྟག་གདོང་མ་ལས་བྱུང་བའི་རྩོད་པ་མང་པོ་སྨྲ་བར་འདོད་མ་དཀར་མོ་འཕང་བསྣམས་པ། འུག་གདོང་མ་ལས་བྱུང་བའི་བྱིས་པ་ཁྲོ་བར་འདོད་བསྡིག་པར་ཡང་ཟེར། མ་དཀར་མོ་རྨ་བྱའི་མཇུག་མ་བསྣམས་པ་རྣམས་གསུང་དཀྱིལ་གྱི་བྱང་སྒོའི་གཡོན་གྱི་


MR25_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

སྟེགས་བུར་རིམ་པར་འཁོད། ཧཾ་ཡཾ་རཾ་ཝཾ། ལས་དེ་བཞིའི་མི་འདོད་མ་རྣམས་ཀྱང་སྐུ་དཀྱིལ་གྱི་བྱང་སྒོའི་གཡོན་གྱི་སྟེགས་བུར་རིམ་པར་འགོད་དོ། །ཀྵཿསཿཀཿལཿ རྣམས་ལས་ཆོས་དབྱིངས་རྡོ་རྗེ་མ་ལས་བྱུང་བ་འཁྲིག་པར་འདོད་མ་ལྗང་མོ་ཆོས་འབྱུང་བསྣམས་པ། འོད་ཟེར་ཅན་མ་ལས་བྱུང་བ་ཕུར་བུས་འདེབས་པར་འདོད་མ་སེར་མོ་ཀོ་བའི་མཐིལ་ལྷམ་ཟུང་བསྣམས་པ། ཅེ་སྤྱང་གདོང་མ་ལས་བྱུང་བའི་སེམས་ཅན་བསླུ་བར་འདོད་མ་སེར་མོ་ཐགས་རྒྱུད་ལྡན་ཟེར། ཆ་འཛིན་པ། མཁའ་ལྡིང་གདོང་མ་ལས་བྱུང་བའི་སྦྲུལ་འཆིང་བར་འདོད་མ་སེར་མོ་མདའ་བསྣམས་པ་བཞི་གསུང་དཀྱིལ་གྱི་ནུབ་སྒོའི་གཡོན་གྱི་སྟེགས་བུར་རིམ་པར་འཁོད། ཀྵཾ་སཾ་ཀཾ་ལཾ། ལས་དེ་དག་གི་མི་འདོད་མ་རྣམས་སྐུ་དཀྱིལ་གྱི་ནུབ་སྒོའི་གཡོན་གྱི་སྟེགས་བུར་རིམ་པར་འགོད་པར་བྱའོ། །ཧཿཧཾ་ལས་བྱུང་བ་རྡོ་རྗེ་དབྱིངས་ཕྱུག་མ་ལས་སྐྱེས་པའི་གསོད་པར་འདོད་མི་འདོད་གཉིས་ལྗང་མོ་ཞལ་གཅིག་ཕྱག་གཉིས་ཀྱི་ཌ་མ་རུ་དང་རྔ་ཆེན་འཛིན་པ། ཀྵཿཀྵཾ་ལས་བྱུང་བ་སྣ་ཚོགས་ཡུམ་ཤེར་ཕྱིན་མ་ལས་སྐྱེས་པའི་བསྐྱེད་པར་འདོད་མི་འདོད་གཉིས་ནི་སྔོན་མོ་ཞལ་གཅིག་མ་ཕྱག་གཉིས་ཀྱིས་ཅོད་པན་དང་བགྲང་ཕྲེང་འཛིན་པ་བཞི་སྤྲོས་ནས་འདོད་མ་གཉིས་འདོད་མ་རྣམས་དང་མི་འདོད་མ་གཉིས་ཕྱིར་འདོད་མ་རྣམས་ལ་དབྱེར་མེད་དུ་ཐིམ་པར་གྱུར། དེ་ལྟར་ཡེ་ཤེས་ལྔའི་བདག་ཉིད་བཅོམ་ལྡན་འདས་དཔལ་དུས་


MR25_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འཁོར་ལོ་རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོ་རྟེན་དང་བརྟེན་པར་བཅས་པ་ཡོངས་སུ་གསལ་ཞིང་རྫོགས་པར་གྱུར། འདོད་དང་ཕྱིར་འདོད་སོ་དྲུག་འདི་དང་རྣལ་འབྱོར་མ་སོ་དྲུག་ལས་སྐྱེས་ཤིང་། ལྷ་དང་འབྱུང་པོ། ཁྲོ་སྐྱེས་དང་ལྷ་མིན་ཀྱི་སྐྱེ་གནས་ཅན་ཏེ། ལྷ་གནས་སོགས་སུ་གནས་པ་དང་། ས་སྟེང་འདིར་ཡང་རིགས་སོ་དྲུག་ཏུ་སྟོན་པའི་ཕྱག་མཚན་དབང་ལེར་བཤད་པ་ལྟར་འདིར་བརྗོད་པ་ཡིན་ལ། འདི་དག་གི་ཞལ་ཕྱག་ཕྱག་མཚན་ནི་ཞ་ལུ་པ་རྣམས་རིགས་གང་ལས་སྐྱེས་པ་དེ་ཉིད་དང་ཚུལ་གཅིག་པར་མཛད་པ་དང་། ཤོང་ལུགས་པ་རྣམས་ཀྱིས་ཤར་གྱི་དགུ་ནག་མོ་ཞལ་གཅིག་ཕྱག་གཉིས་རལ་གྲི་དང་ཕུབ་འཛིན་པ། ལྷོའི་དགུ་དམར་མོ་མདའ་གཞུ་ཅན། བྱང་གི་དགུ་དཀར་མོ་ཐོ་བ་པདྨ་འཛིན་པ། ནུབ་ཀྱི་དགུ་སེར་མོ། འཁོར་ལོ་དང་དུང་འཛིན་པར་མཛད་པ་དང་། ས་སྐྱའི་བླ་མ་དམ་པ་སོགས་ཀྱིས་འདོད་ཕྱིར་འདོད་ཐམས་ཅད་མཆོད་པའི་ལས་བྱེད་པའི་ལྷ་མོ་ཡིན་པས་ཐམས་ཅད་ཞལ་གཅིག་ཕྱག་གཉིས་ཅན་ཡིན་པར་གསུངས་ཤིང་། ཡང་ཕྱི་ཡི་རྫས་ཕྱག་མཚན་གོང་བཤད་རྣམས་འཛིན་པ་སྐུ་དཀྱིལ་གྱི་གཟུངས་མ་དང་། དམ་རྫས་སོ་དྲུག་འཛིན་པ་གསུང་དཀྱིལ་གྱི་འདོད་མ་རྣམས་སུའང་བཞེད་པའང་ཡོད་མོད། མཆོད་པའི་གཟུངས་མ་རྣམ་པ་མང་པོ་དག་གིས་ནང་གི་དམ་རྫས་རྣམས་ཀྱི་མཆོད་པའང་བསྣམས་པ་བསྒོམ་ཆོག་མོད། སྤྱིའི་ཕྱག་མཚན་འདོད་མ་དང་ཕྱིར་འདོད་མ་རྣམས་མཚུངས་པར་སྦྱར་བའང་རྒྱུད་ཀྱི་དགོངས་པར་འགྲིགས་སྙམ་མོ། །མཆོད་ལྷ་ཐམས་ཅད་ལྷ་ཡི་ཆ་ལུགས་ཅན་ནོ། །གཞན་


MR25_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འདོད་མི་འདོད་འདི་རྣམས་ཀྱི་ས་བོན་དང་། དཀྱིལ་འཁོར་དུ་བཀོད་རིམ་ལའང་ཇོ་ཞལ་རྣམ་གཉིས་ཀྱི་ལུགས་སོགས་ལ་མི་འདྲ་བ་ཅུང་ཟད་སྣང་ངོ་། །གཉིས་པ་སྙིང་རྗེས་སེམས་ཅན་རྣམས་ལ་དབང་བསྐུར་བ་ནི། གཙོ་བོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་མ་ལུས་པ་བཀུག་ནས་དཀྱིལ་འཁོར་ཆེན་པོ་དེ་ཉིད་དུ་བཅུག་པར་གྱུར། དེ་ནས་ཕྱོགས་བཅུར་བཞུགས་པའི་དེ་བཞིན་གཤེགས་པ་རིགས་ལྔས་བསྡུས་པ་ཡུམ་དང་བཅས་པ་ཐམས་ཅད་བཀུག་ནས་རང་གི་སྙིང་གར་རབ་ཏུ་ཞུགས་པ་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་གསང་པའི་ལམ་ནས་སྤྲོས་ཏེ་སེམས་ཅན་ཐམས་ཅད་ལ་དབང་བསྐུར་བས། བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས་རེག་པའི་སེམས་ཅན་དེ་ཐམས་ཅད། མཆོག་གི་བདེ་བས་རྒྱུད་ཡོངས་སུ་གང་བའི་ཞལ་དང་སྐུ་མདོག་སྣ་ཚོགས་པའི་ལྷའི་སྐུ། ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་དེ་དག་རེ་རེར་ཡང་། ཀྵ་ཀྵི་ཀྵྼྀ་ཀྵུ་ཀྵླྀ། ལས་ཕུང་པོ་ལྔ་རྣམ་པར་དག་པ་སངས་རྒྱས་ལྔ་དང་། ཀྵཱ་ཀྵཱི་ཀྵྼཱྀ་ཀྵཱུ་ཀྵླཱི། ལས་ཁམས་ལྔ་རྣམ་པར་དག་པ་ཡུམ་ལྔ། ཀྵ་ཀྵེ་ཀྵར་ཀྵོ་ཀྵ་ལ་ཀྵཾ། ལས་དབང་པོ་དྲུག་རྣམ་པར་དག་པ་སེམས་དཔའ་དྲུག །ཀྵཱ་ཀྵཻ་ཀྵཱར་ཀྵཽ་ཀྵཱལ་ཀྵཿ ལས་ཡུལ་དྲུག་རྣམ་པར་དག་པའི་སེམས་མ་དྲུག ཀྵྷ་ཀྵྻ་ཀྵྼ་ཀྵྺ་ཀྵླ། ལས་ལས་ཀྱི་དབང་པོ་ལྔ་རྣམ་པར་དག་པ་ཁྲོ་བོ་ལྔ། ཀྵྷཱ་ཀྵྻཱ་ཀྵྼཱ་ཀྵྺཱ་ཀྵླཱ། ལས་ལས་དབང་གི་ཡུལ་ལྔ་རྣམ་པར་དག་པ་ཁྲོ་མོ་ལྔ་སྟེ་ལྷ་སུམ་ཅུ་


MR25_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་གཉིས་ཀྱི་དཀྱིལ་འཁོར་འཁོར་ལོའི་རང་བཞིན་སྐྱེས་བུ་ཆེན་པོའི་མཚན་སོ་གཉིས་ཀྱི་བདག་ཉིད་ཅན་དུ་གྱུར་ནས་རང་རང་གི་ཞིང་དུ་གཤེགས་སུ་གསོལ། །སྣང་སྲིད་ཐམས་ཅད་སངས་རྒྱས་ཀྱི་དཀྱིལ་འཁོར་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ང་རྒྱལ་བཟུང་ལ། ཨོཾ་སུ་བི་ཤུདྡྷ་དྷ་རྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་དོ། །གཉིས་པ་ལས་རྒྱལ་མཆོག་ལ། གླུས་བསྐུལ་ཏེ་བཞེངས་པ། མངལ་ནས་དཀྱིལ་འཁོར་སྤྲོ་བ། རྣམ་དག་དྲན་པ། ཡེ་ཤེས་པ་གཞུག་པ། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་ཤིང་དབང་བསྐུར་བ། རྒྱས་གདབ་བ་དྲུག་ལས་དང་པོ། རང་གི་ལྟེ་བ་དང་གཙུག་ཏོར་གྱི་ཨ་བ་དྷཱུ་ཏིའི་ནང་དུ་ཧོ་ཡིག་དང་། དཔྲལ་མགྲིན་སྙིང་གར་སྐུ་གསུང་ཐུགས་རྡོ་རྗེ་ཨོཾ་ཨཱཿཧཱུཾ་ལས་བྱུང་བའི་ཟླ་ཉི་སྒྲ་གཅན་གྱི་དཀྱིལ་འཁོར་རྣམས་འཁོད་པར་གྱུར། ཡབ་ཡུམ་རྗེས་ཆགས་ཀྱི་སྦྱོར་བས་ཧོ་ཡིག་གཏུམ་མོ་ཆགས་པའི་འོད་ཟེར་ཅན་དུས་ཀྱི་མེས་རྡོ་རྗེ་གསུམ་ཞུ་ཞིང་གཙོ་བོ་ཡབ་ཡུམ། ནུས་མ་རྣམས་དང་བཅས་པ་ཟླ་བ་ལྟར་དཀར་བའི་བྱང་ཆུབ་སེམས་སུ་ཞུ་བ་ལ། ཚད་མེད་བཞིའི་ངོ་བོ་སྤྱན་མ་སོགས་ཡུམ་བཞིས་གླུས་བསྐུལ་བ། བཅོམ་ལྡན་ཁྱོད་ནི་སེམས་ཅན་ཀུན་ལ་ཕན་པར་མཛད་པ་པོ། །བདག་ཅག་སྲུངས་ཤིག་ལྷ་མིའི་བླ་མ་རྡོ་རྗེ་ལྡན་པ་འདོད་པ་དོན་གཉེར་རྣམས་ལ་འདོད་པ་མཛོད། སྤྱན་མ་བདག་ནི་འགྲོ་བའི་ཡུམ། །རྣལ་འབྱོར་བ་ཡི་རྒྱུ་མཐུན་གནས། །བདག་གི་དཀྱིལ་འཁོར་རང་བཞིན་གྱིས། །དུས་


MR25_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བཞེངས་ལ་བདག་འདོད་མཛོད། །མཱ་མ་ཀཱི་བདག་སྲིང་མོ་སྟེ། །རྣལ་འབྱོར་པ་ཡི་རྣམ་སྨིན་གནས། །བདག་གི་སོགས་གོས་དཀར་མོ་བདག་བུ་མོ་སྟེ། །རྣལ་འབྱོར་པ་ཡི་སྐྱེས་བུར་གནས། །བདག་གི༴སྒྲོལ་མ་བདག་ནི་ཚ་མོ་སྟེ། །རྣལ་འབྱོར་པ་ཡི་དྲི་བྲལ་གནས། །བདག་གི་དཀྱིལ་འཁོར་རར་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། །སྟོང་པའི་དཀྱིལ་འཁོར་ཉམས་མྱོང་ནས། །འགྲོ་བ་བསྒྲལ་བའི་བསམ་པ་ཡིས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནི། །འགྲོ་བའི་མགོན་པོས་སྤྲོ་བར་མཛོད། །ཅེས་སྟོང་པ་ཉིད་ལ་རབ་ཏུ་ཞུགས་པའི་བཅོམ་ལྡན་འདས་ལ་འགྲོ་བའི་དོན་མཛད་པར་བསྐུལ་བས་སད་དེ་འགྲོ་བ་མཐའ་དག་སྒྱུ་མ་ལྟར་གཟིགས་ནས། གཞན་གྱི་དོན་དུ་སླར་ཡང་ཟླ་བ་ཞུ་བ་དེ་ལས་ཧུཾ་སྔོན་པོ་དྲི་མ་མེད་པའི་འོད་ཟེར་ལྔ་འཕྲོ་བ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ། དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་དྲི་མ་མེད་པའི་འོད་ཟེར་ལྔ་འཕྲོ་བ། སྐུ་མདོག་སྔོན་པོ་མགྲིན་པ་གསུམ་གྱི་དབུས་སྔོ་གཡས་དམར་གཡོན་དཀར། ཞལ་བཞིའི་དབུས་ནག་གཡས་དམར་གཡོན་དཀར་རྒྱབ་ཞལ་སེར་བ། ཞལ་རེ་རེར་སྤྱན་གསུམ་གསུམ་ལྡན་པ། རལ་པའི་ཅོད་པན་ལ་སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་བརྒྱན་པ། རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན། རྡོ་རྗེའི་རྒྱན་དྲུག་དང་དར་དཔྱངས་དང་ཕྲེང་བས་མཛེས་པ། སྟག་གི་པགས་


MR25_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཤམ་ཐབས་ཅན། གཡས་དང་གཡོན་དུ་མདུན་ནས་ཕར་གནག་དམར་དཀར་བའི་ཕྲག་པ་དྲུག དེ་ལས་གྱེས་པའི་དཔུང་པ་བཅུ་གཉིས། དེ་ལས་གྱེས་པའི་ཕྱག་ཉེར་བཞི་རྣམས་ཀྱང་སོ་སོའི་རྩ་བའི་ཕྲག་པའི་ཁ་དོག་ཅན། ཕྱག་སོར་རྣམས་མཐེ་བོང་ནས་རིམ་བཞིན་སེར་དཀར་དམར་ནག་ལྗང་བ། སོར་ཚིགས་རྣམས་ཀྱང་རྩ་བ་ནས་རིམ་བཞིན་ནག་དམར་དཀར་བ། གཡས་ཀྱི་ཕྱག་རྣམས་ན། རྡོ་རྗེ་རལ་གྲི་རྩེ་གསུམ་གྲི་གུག མདའ་དང་ལྕགས་ཀྱུ་ཌཱ་རུ་ཐོ་བ། འཁོར་ལོ་མདུང་དང་དབྱུག་པ་དགྲ་སྟ་བསྣམས་པ། གཡོན་གྱི་ཕྱག་རྣམས་ན། དྲིལ་བུ་ཕུབ་དང་ཁ་ཊྭཱཾ་ཐོད་པ། གཞུ་དང་ཞགས་པ་རིན་ཆེན་པད་དཀར། དུང་དང་མེ་ལོང་ལྕགས་སྒྲོག་ཚངས་མགོ་བསྣམས་པ། པད་ཟླ་ཉི་མ་སྒྲ་གཅན་གྱི་གདན་ལ་ཞབས་གཡས་པ་དམར་པོ་བརྐྱངས་པས་འདོད་ལྷ་དང་། གཡོན་པ་དཀར་པོ་བསྐུམས་པས་དྲག་པོའི་སྙིང་གར་མནན་པའོ། །དེ་ལ་འཁྱུད་པའི་སྣ་ཚོགས་ཡུམ་སེར་མོ། མདུན་ཞལ་ནས་གཡས་སྐོར་གྱིས། སེར་དཀར་ནག་དང་དམར་བའི་ཞལ་བཞི། ཕྱག་བརྒྱད་ཀྱིས་གྲི་གུག་ལྕགས་ཀྱུ་ཌཱ་མ་རུ་དང་བགྲང་ཕྲེང་། གཡོན། ཐོད་པ་ཞགས་པ་པད་དཀར་རིན་ཆེན་འཛིན་པ། རུས་པའི་ཕྱག་རྒྱ་ལྔས་སྤྲས་ཤིང་རྡོ་རྗེ་སེམས་དཔའི་ཅོད་པན་ཅན་གཡོན་བརྐྱངས་པའི་སྟབས་ཀྱིས་བཅོམ་ལྡན་འདས་དང་སྙོམས་པར་ཞུགས་པས་གནས་པ། དེའི་ཕྱི་རོལ་དུ་ཤར་དུ་ནག་མོ་འབར་


MR25_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང་། ཤར་ལྷོར་དུ་བ་མ་དེ་གཉིས་ཀ་སྐུ་མདོག་ནག་མོ་མདུན་ནས་གཡས་བསྐོར། ནག་དམར་སེར་དང་དཀར་བའི་ཞལ་བཞི་ཕྱག་བརྒྱད་པ། ལྷོར་དམར་མོ་འབར་མ་དང་། ལྷོ་ནུབ་ཀྱི་སྨིག་རྒྱུ་མ་གཉིས་དམར་མོ། དམར་སེར་དཀར་དང་ནག་པའི་ཞལ་བཞི་ཕྱག་བརྒྱད་པ། བྱང་དུ་དཀར་མོ་འབར་མ་དང་། བྱང་ཤར་མཁའ་སྣང་མ་གཉིས་དཀར་མོ། དཀར་ནག་དམར་དང་སེར་བའི་ཞལ་བཞི་ཕྱག་བརྒྱད་མ། ནུབ་ཏུ་སེང་མོ་འབར་མ་དང་། ནུབ་བྱང་དུ་མར་མེ་མ་གཉིས་སེར་མོ། སེར་དཀར་ནག་དང་དམར་བའི་ཞལ་བཞི་ཕྱག་བརྒྱད་པ། འབར་མ་རྣམས་ཀྱིས་སོ་སོའི་ཕྱག་མཚན་དང་། དུ་བ་མ་སོགས་ཀྱིས་རང་མདོག་དང་མཚུངས་པའི་རྔ་ཡབ་བརྒྱད་བསྣམས་པ། ཐམས་ཅད་ཀྱི་ཞལ་རེ་རེར་ཡང་སྤྱན་གསུམ་ལྡན་ཞིང་། ཕྱག་རྒྱ་ལྔ་དང་རྡོ་རྗེ་སེམས་དཔའི་ཅོད་པན་ཅན། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པ་རྣམས་སྔར་བཞིན་གསལ་བར་གྱུར། དེ་དག་གི་ཟུར་བཞིར། བྱང་ཤར་དུ་ཆོས་ཀྱི་དུང་དཀར་པོ། ལྷོ་ནུབ་ཏུ་ཆོས་ཀྱི་གཎྜི་དམར་པོ། ཤར་ལྷོར་ཡིད་བཞིན་ནོར་བུ་ནག་པོ། ནུབ་བྱང་དུ་དཔག་བསམ་གྱི་ཤིང་སེར་པོ་གནས་པའོ། །གཉིས་པ་མངལ་ལས་དཀྱིལ་འཁོར་སྤྲོ་བ་ནི། དེ་ནས་གཙོ་བོ་ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲ་དང་འོད་ཟེར་གྱིས་ནམ་མཁར་བཞུགས་པའི་སངས་རྒྱས་སྲས་དང་བཙུན་མོར་བཅས་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་རྣམས་


MR25_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དམ་ཚིག་གི་དཀྱིལ་འཁོར་དུ་བསྐྱེད་པའི་ལྷ་ཐམས་ཅད་ཀྱང་རང་གི་ལུས་ལ་བཅུག་ནས་བྱང་ཆུབ་ཀྱི་སེམས་སུ་ཞུ་ཞིང་རོ་མཉམ་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། བྱང་ཆུབ་ཀྱི་སེམས་ཟླ་བ་ལྟ་བུར་ཞུ་བ་རྣམས་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་སྤྲོས་པ་ལས་ལྷ་སོ་སོའི་ས་བོན་དང་། དེ་ལས་ཕྱག་མཚན་དང་དེ་ལས་སྐུ་ཡོངས་སུ་རྫོགས་པར་གྱུར་པ་སོ་སོའི་གནས་སུ་འཁོད་པ་ནི། རྡོ་རྗེ་སེམས་དཔའ་ལ་ཤེར་ཕྱིན་མས་འཁྱུད་པ་དང་། མི་བསྐྱོད་པ་ལ་རྡོ་རྗེ་དབྱིངས་ཕྱུག་མས་འཁྱུད་པ་མཁའ་ལས་སྤྲོས་ཏེ་སེམས་ཅན་གྱི་དོན་མཛད་ནས་སླར་རང་ལ་བདག་པོར་ཞུགས་པར་གྱུར། བདེ་གཤེགས་འཕར་མའི་ཤར་དུ་པད་མ་དཀར་པོ་དང་ཉི་མའི་གདན་ལ་དོན་ཡོད་གྲུབ་པ་ནག་པོ་ལ། སངས་རྒྱས་སྤྱན་མ་སེར་མོས་འཁྱུད་པ། ཤར་ལྷོར་པདྨ་དམར་པོ་དང་། ཟླ་བའི་གདན་ལ་སྒྲོལ་མ་ནག་མོ་ལ་རྣམ་པར་སྣང་མཛད་སེར་པོས་འཁྱུད་པ། ལྷོར་པད་མ་དཀར་པོ་དང་ཉི་མའི་གདན་ལ་རིན་ཆེན་འབྱུང་ལྡན་དམར་པོ་ལ་མཱ་མ་ཀཱི་དཀར་མོས་འཁྱུད་པ། ལྷོ་ནུབ་ཏུ་པདྨ་དམར་པོ་དང་ཟླ་བའི་གདན་ལ་གོས་དཀར་མོ་དམར་མོ་ལ་སྣང་བ་མཐའ་ཡས་དཀར་པོས་འཁྱུད་པ། བྱང་དུ་པད་མ་དཀར་པོ་དང་ཉི་མའི་གདན་ལ་སྣང་བ་མཐའ་ཡས་དཀར་པོ་ལ་གོས་དཀར་མོ་དམར་མོས་འཁྱུད་པ། བྱང་ཤར་དུ་པདྨ་དམར་པོ་དང་ཟླ་བའི་གདན་ལ་མཱ་མ་ཀཱི་དམར་མོ་ལ་རིན་


MR25_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་འབྱུང་ལྡན་དམར་པོས་འཁྱུད་པ། ནུབ་ཏུ་པདྨ་དཀར་པོ་དང་ཉི་མའི་གདན་ལ་རྣམ་པར་སྣང་མཛད་སེར་པོ་ལ་སྒྲོལ་མ་ནག་མོས་འཁྱུད་པ། ནུབ་བྱང་དུ་པདྨ་དམར་པོ་དང་ཟླ་བའི་གདན་ལ་སངས་རྒྱས་སྤྱན་མ་སེར་མོ་ལ་དོན་ཡོད་གྲུབ་པ་ནག་པོས་འཁྱུད་པའོ། །པདྨ་དཀར་པོ་བརྒྱད་ཀྱི་གདན་ལ་བདུད་རྩིའི་བུམ་པ་དཀར་པོ་བརྒྱད་ཀྱང་ཤར་དུ་རྐང་དག་པའི་བུམ་པ་གཉིས། ལྷོར་ཁྲག་དག་པའི་བུམ་པ་གཉིས། བྱང་དུ་དྲི་ཆུ་དག་པའི་བུམ་པ་གཉིས། ནུབ་ཏུ་དྲི་ཆེན་དག་པའི་བུམ་པ་གཉིས། སྟེང་དུ་ཁུ་བ་དག་པའི་བུམ་པ། འོག་ཏུ་རྡུལ་དག་པའི་བུམ་པའོ། །དེའི་ཕྱི་རོལ་དུ་ཐུགས་དཀྱིལ་གྱི་ཤར་སྒོར་པདྨ་དཀར་པོ་དང་ཉི་མའི་གདན་སྟེང་བགེགས་མཐར་བྱེད་ནག་པོ་ལ། རེངས་བྱེད་མ་སེར་མོས་འཁྱུད་པ། ལྷོ་སྒོར་པདྨ་དམར་པོ་དང་ཟླ་བའི་གདན་སྟེང་ཤེས་རབ་མཐར་བྱེད་དམར་པོ་ལ། ཁེངས་བྱེད་མ་དཀར་མོས་འཁྱུད་པ། བྱང་སྒོར་པདྨ་དཀར་པོ་དང་ཉི་མའི་གདན་སྟེང་པདྨ་མཐར་བྱེད་དཀར་པོ་ལ། རྨུགས་བྱེད་མ་དམར་མོས་འཁྱུད་པ། ནུབ་སྒོར་པདྨ་དམར་པོ་དང་ཟླ་བའི་གདན་སྟེང་གཤིན་རྗེ་མཐར་བྱེད་སེར་པོ་ལ། རབ་བརྩོན་མ་ནག་མོས་འཁྱུད་པ། སྒོ་སྐྱོང་ཡབ་ཡུམ་ཁྲོ་བོའི་ཆ་བྱད་ཅན་ཞབས་གཉིས་བརྐྱང་བསྐུམ་གྱི་སྟབས་ཀྱིས་མཉམ་པར་སྦྱོར་ཏེ་གནས་པའོ། །ཤར་སྒོའི་གཡས་སུ་པདྨ་དཀར་པོ་དང་ཉི་མའི་གདན་སྟེང་ནམ་མཁའི་སྙིང་པོ་ནག་པོ་ལ་དྲི་རྡོ་རྗེ་མ་སེར་


MR25_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

མོས་འཁྱུད་པ། ལྷོ་སྒོའི་གཡས་སུ་པདྨ་དཀར་པོ་དང་ཉི་མའི་གདན་སྟེང་ས་ཡི་སྙིང་པོ་དམར་པོ་ལ་གཟུགས་རྡོ་རྗེ་མ་དཀར་མོས་འཁྱུད་པ། བྱང་སྒོའི་གཡས་སུ་པདྨ་དཀར་པོ་དང་ཉི་མའི་གདན་སྟེང་འཇིག་རྟེན་དབང་ཕྱུག་དཀར་པོ་ལ་རོ་རྡོ་རྗེ་མ་དམར་མོས་འཁྱུད་པ། ནུབ་སྒོའི་གཡས་སུ་པདྨ་དཀར་པོ་དང་ཉི་མའི་གདན་སྟེང་སྒྲིབ་པ་རྣམ་སེལ་སེར་པོ་ལ། རེག་བྱ་རྡོ་རྗེ་མ་ནག་མོས་འཁྱུད་པ། ཤར་སྒོའི་གཡོན་དུ་པདྨ་དཀར་པོ་དང་ཉི་མའི་གདན་སྟེང་ཀུན་ཏུ་བཟང་པོ་སྔོན་པོ་ལ། ཆོས་ཁམས་རྡོ་རྗེ་མ་ལྗང་མོས་འཁྱུད་པ། ལྷོ་སྒོའི་གཡོན་དུ་པདྨ་དཀར་པོ་དང་ཉི་མའི་གདན་སྟེང་ཕྱག་ན་རྡོ་རྗེ་ལྗང་གུ་ལ། སྒྲ་རྡོ་རྗེ་མ་སྔོན་མོས་འཁྱུད་པ། བྱང་སྒོའི་གཡོན་དུ་པདྨ་དམར་པོ་དང་ཟླ་བའི་གདན་སྟེང་སྒྲ་རྡོ་རྗེ་མ་སྔོན་མོ་ལ་ཕྱག་ན་རྡོ་རྗེ་ལྗང་གུས་འཁྱུད་པ། ནུབ་སྒོའི་གཡོན་དུ་པདྨ་དམར་པོ་དང་ཟླ་བའི་གདན་སྟེང་ཆོས་དབྱིངས་རྡོ་རྗེ་མ་ལྗང་མོ་ལ། ཀུན་བཟང་སྔོན་པོས་འཁྱུད་པ། ཤར་ལྷོར་པདྨ་དམར་པོ་དང་ཟླ་བའི་གདན་སྟེང་རེག་བྱ་རྡོ་རྗེ་མ་ནག་མོ་ལ། སྒྲིབ་པ་རྣམ་སེལ་སེར་པོས་འཁྱུད་པ། ལྷོ་ནུབ་ཏུ་པདྨ་དམར་པོ་དང་ཟླ་བའི་གདན་སྟེང་རོ་རྡོ་རྗེ་མ་དམར་མོ་ལ་འཇིག་རྟེན་དབང་ཕྱུག་དཀར་པོས་འཁྱུད་པ། བྱང་ཤར་དུ་པདྨ་དམར་པོ་དང་ཟླ་བའི་གདན་སྟེང་གཟུགས་རྡོ་རྗེ་མ་དཀར་མོ་ལ་ས་སྙིང་དམར་པོས་འཁྱུད་པ། ནུབ་བྱང་དུ་པདྨ་དམར་པོ་དང་ཟླ་བའི་གདན་སྟེང་དྲི་རྡོ་རྗེ་མ་སེར་མོ་ལ་ནམ་སྙིང་ནག་པོས་འཁྱུད་པ།


MR25_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་བདེ་གཤེགས་ཡབ་ཡུམ་བརྒྱད། ཡབ་ཡུམ་ཟུང་རེ་བགྲང་ན། སེམས་དཔའ་ཡབ་ཡུམ་བཅུ་གཉིས། ཁྲོ་བོ་ཡབ་ཡུམ་བཞི་དང་བཅས་པ་དེ་རྣམས་ལས། དོན་ཡོད་གྲུབ་པ་སྒྲོལ་མ། བགེགས་མཐར་བྱེད་རབ་བརྩོན་མ། ནམ་མཁའི་སྙིང་པོ་རེག་བྱ་རྡོ་རྗེ་མ་རྣམས་སྐུ་མདོག་ནག་པོ། ནག་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་རལ་གྲི་གྲི་གུག་རྩེ་གསུམ། གཡོན་གསུམ་ཕུབ་དང་ཐོད་པ་ཁ་ཊྭཱཾ་ག་དཀར་པོ་འཛིན་པ། རིན་ཆེན་འབྱུང་ལྡན་གོས་དཀར་མོ། ཤེས་རབ་མཐར་བྱེད། རྨུགས་བྱེད་མ། ས་ཡི་སྙིང་པོ་རོ་རྡོ་རྗེ་མ་རྣམས་སྐུ་མདོག་དམར་པོ། དམར་དཀར་ནག་པའི་ཞལ་གསུམ་ཕྱག་དྲུག་གི གཡས་གསུམ་མེའི་མདའ་དང་ལྕགས་ཀྱུ་ཅང་ཏེའུ། གཡོན་གསུམ་གཞུ་དང་ཞགས་པ་རིན་པོ་ཆེ་རྩེ་དགུ་པ་འཛིན་པ། སྣང་བ་མཐའ་ཡས། མཱ་མ་ཀཱི ། པདྨ་མཐར་བྱེད། ཁེངས་བྱེད་མ། འཇིག་རྟེན་དབང་ཕྱུག གཟུགས་རྡོ་རྗེ་མ་རྣམས་སྐུ་མདོག་དཀར་པོ། དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་ཐོ་བ་མདུང་དང་རྩེ་གསུམ། གཡོན་གསུམ་པད་དཀར་འདབ་བརྒྱ། མེ་ལོང་བགྲང་ཕྲེང་འཛིན་པ། རྣམ་པར་སྣང་མཛད་སངས་རྒྱས་སྤྱན་མ། གཤིན་རྗེ་མཐར་བྱེད། རེངས་བྱེད་མ། སྒྲིབ་པ་རྣམ་སེལ། དྲི་རྡོ་རྗེ་མ་རྣམས་སྐུ་མདོག་སེར་པོ། སེར་དཀར་ནག་པའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་འཁོར་ལོ་


MR25_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

དབྱུག་པ་ཁྲོ་བོའི་རྡོ་རྗེ། གཡོན་གསུམ་དུང་དང་ལྕགས་སྒྲོག །སྒྲ་དང་བཅས་པའི་དྲིལ་བུ་བསྣམས་པ། ཕྱག་ན་རྡོ་རྗེ་དང་ཆོས་ཁམས་རྡོ་རྗེ་མ་ནི། མི་བསྐྱོད་པ་བཞིན་དུ་སྐུ་མདོག་ལྗང་གུ། ལྗང་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་པ། ཀུན་ཏུ་བཟང་པོ་དང་སྒྲ་རྡོ་རྗེ་མ་ནི། རྡོ་རྗེ་སེམས་དཔའ་བཞིན་དུ་སྐུ་མདོག་སྔོན་པོ། སྔོ་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་པ། དེ་བཞི་ཀས་ཀྱང་གཡས་གསུམ་རྡོ་རྗེ་གྲི་གུག་དགྲ་སྟ། གཡོན་གསུམ་དྲིལ་བུ་ཐོད་པ་ཚངས་པའི་མགོ་བོ་འཛིན་པ། རྒྱལ་བ་རྒྱལ་སྲས་ཁྲོ་བོ་ཡབ་ཡུམ་ཐམས་ཅད་ཞལ་རེ་རེར་ཡང་སྤྱན་གསུམ་དང་ལྡན་པ་བདེ་གཤེགས་དང་སེམས་དཔའ་ཡབ་ཡུམ་རྣམས་དར་དང་རིན་པོ་ཆེས་བརྒྱན་ཅིང་ཡབ་རྣམས་རྡོར་གདན་དང་ཡུམ་རྣམས་པདྨའི་གདན་གྱིས་ཕན་ཚུན་འཁྱུད་པའོ། །ཐུགས་དཀྱིལ་གྱི་ནང་གི་འདོད་སྣམ་ལ། ཤར་སྒོའི་གཡོན་དང་གཡས་སུ་དྲི་ཆབ་མ་དང་། ཕྲེང་བ་མ་ནག་མོ། དེ་བཞིན་ལྷོ་སྒོར་བདུག་སྤོས་མ་དང་སྣང་གསལ་མ་དམར་མོ། བྱང་དུ་ཞལ་ཟས་མ་དང་འབྲས་བུ་མ་དཀར་མོ། ནུབ་ཏུ་སྒེག་མོ་དང་བཞད་མ་སེར་མོ། སྟེང་དུ་སྒྲ་མ་དང་གར་མ་ལྗང་གུ། འོག་ཏུ་གླུ་མ་དང་འདོད་མ་སྔོན་མོ་རྣམས་ལྷ་ཡི་ཆ་ལུགས་ཅན། རང་རང་གི་མཆོད་རྫས་ཐོགས་ཤིང་མཆོད་པའི་གཟུངས་མ་མང་པོ་དང་བཅས་པའོ། །དེ་ལྟར་ཐུགས་ཀྱི་དཀྱིལ་འཁོར་ཆེན་པོར་བདེ་གཤེགས་ཡབ་ཡུམ་བཅུ་


MR25_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག ཡབ་ཡུམ་སོ་སོར་བགྲངས་པས། བྱང་ཆུབ་སེམས་དཔའ་ཡབ་ཡུམ་ཉེར་བཞི། ཁྲོ་བོ་ཡབ་ཡུམ་བརྒྱད་དང་། མཆོད་པའི་ལྷ་མོ་བཅུ་གཉིས་དང་བཅས་པའི་ལྷ་རྣམས་མ་འདྲེས་ཡོངས་སུ་རྫོགས་པ་ཉིད་དུ་གསལ་བར་གྱུར། དེ་ནས་གསུང་གི་དཀྱིལ་འཁོར་གྱི་ལྷ་སྣམ་ལ། ཤར་དུ་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཡི་དྭགས་དམར་པོའི་གདན་སྟེང་ཙ་རྩི་ཀ་ནག་མོ་ཞལ་གཅིག་པ་ཕྱག་བཞི་པ། གྲི་གུག་གཡས་གཉིས། དང་རྩེ་གསུམ། གཡོན་གཉིས། དུང་དང་པདྨ་འཛིན་པ་ལ་དབང་པོ་སེར་པོས་འཁྱུད་པའི་འཁོར་དུ་འདབ་མ་བརྒྱད་ལ་འཇིགས་མ་ལ་སོགས་པའི་ལྷ་མོ་བརྒྱད་སྐུ་མདོག་དང་ཞལ་ཕྱག་ཕྱག་མཚན་རྣམས་གཙོ་མོ་དང་མཚུངས་པས་བསྐོར་བ། ཤར་ལྷོར་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་མཁའ་ལྡིང་གི་གདན་སྟེང་ཁྱབ་འཇུག་མ་ནག་མོ་ཞལ་གཅིག་པ། ཕྱག་བཞིས་འཁོར་ལོ་དང་བེ་ཅོན། པདྨ་དང་དུང་འཛིན་པ་ལ་ཚངས་པ་སེར་པོས་འཁྱུད་པའི་འཁོར་དུ་གཡུང་མོ་སོགས་གཙོ་མོ་དང་མཚུངས་པ་བརྒྱད་ཀྱིས་བསྐོར་བ། ལྷོ་རུ་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་མ་ཧེའི་གདན་སྟེང་ཕག་མོ་དམར་མོ་ཞལ་གཅིག་པ། ཕྱག་བཞིས་དབྱུག་པ་དང་རལ་གྲི། ལྕགས་སྒྲོག་དང་ཕུབ་འཛིན་པ་ལ། དྲག་པོ་དཀར་པོས་འཁྱུད་པའི་འཁོར་དུ། ཀེང་རུས་མ་ལ་སོགས་པ་གཙོ་མོ་དང་མཚུངས་པ་བརྒྱད་ཀྱིས་བསྐོར་བ། ལྷོ་ནུབ་ཏུ་པདྨ་དཀར་པོ་འདབ་


MR25_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

མ་བརྒྱད་པའི་ལྟེ་བར་རྨ་བྱའི་གདན་སྟེང་གཞོན་ནུ་མ་དམར་མོ་ཞལ་དྲུག་པ། ཕྱག་བཞིས་ཤཀྟི་དང་། ལྕགས་ཀྱུ། རིན་པོ་ཆེ་དང་ཞགས་པ་འཛིན་པ་ལ་ཚོགས་བདག་དཀར་པོས་འཁྱུད་པའི་འཁོར་དུ། རིན་ཆེན་ཕྲེང་བ་མ་སོགས་གཙོ་མོ་དང་མཚུངས་པ་བརྒྱད་ཀྱིས་བསྐོར་བ། བྱང་དུ་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཁྱུ་མཆོག་གི་གདན་སྟེང་དྲག་མོ་དཀར་མོ་ཞལ་གཅིག་པ། ཕྱག་བཞིས་རྩེ་གསུམ་དང་ཌཱ་མ་རུ། ཁ་ཊྭཱཾ་ག་དང་སྦྲུལ་འཛིན་པ་ལ་གཤིན་རྗེ་དམར་པོས་འཁྱུད་པའི་འཁོར་དུ། གཽ་རཱི་ལ་སོགས་པ་གཙོ་མོ་དང་མཚུངས་པ་བརྒྱད་ཀྱིས་བསྐོར་བ། བྱང་ཤར་དུ་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་སེང་གེའི་གདན་སྟེང་དཔལ་མོ་དཀར་མོ་ཞལ་གཅིག་མ། ཕྱག་བཞིས་པདྨ་དང་བགྲང་ཕྲེང་། ཆུ་སྐྱེས་དང་རིན་པོ་ཆེ་འཛིན་པ་ལ། གདོང་དྲུག་དམར་པོས་འཁྱུད་པའི་འཁོར་དུ། དཔལ་ལྡན་དཀར་མོ་ལ་སོགས་པ་གཙོ་མོ་དང་མཚུངས་པ་བརྒྱད་ཀྱིས་བསྐོར་བ། ནུབ་ཏུ་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་གླང་པོ་ཆེའི་གདན་སྟེང་། དབང་མོ་སེར་མོ་ཞལ་གཅིག་པ། ཕྱག་བཞིས་རྡོ་རྗེ་དང་མདའ། རྡོ་རྗེའི་དྲིལ་བུ་དང་གཞུ་འཛིན་པ་ལ། བདེན་བྲལ་ནག་པོས་འཁྱུད་པའི་འཁོར་དུ། རྡོ་རྗེ་འོད་མ་ལ་སོགས་པ་གཙོ་མོ་དང་མཚུངས་པ་བརྒྱད་ཀྱིས་བསྐོར་བ། ནུབ་བྱང་དུ་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ངང་པའི་གདན་


MR25_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་ཚངས་མ་སེར་མོ་ཞལ་བཞི་པ། ཕྱག་བཞིས་པདྨ་དང་ཚངས་པའི་དབྱུག་པ། སྤྱི་བླུགས་དང་པར་བུ་འཛིན་པ་ལ། ཁྱབ་འཇུག་ནག་པོས་འཁྱུད་པའི་འཁོར་དུ། སཾ་བི་ཊི་ལ་སོགས་པ་གཙོ་མོ་དང་མཚུངས་པ་བརྒྱད་ཀྱིས་བསྐོར་བ། གཙོ་མོ་བརྒྱད་ས་གའི་སྟབས་ཀྱིས་བཞུགས་པར་ཡབ་རྣམས་ས་གའི་སྟབས་ཀྱིས་འཁྱུད་ཅིང་། འཁོར་རྣམས་རོལ་པའི་སྟབས་ཀྱིས་གནས་པ། གཙོ་འཁོར་ཐམས་ཅད་སྤྱན་གསུམ་པའོ། །ཕྱག་རྒྱ་ལྔས་བརྒྱན་པའང་། གསུང་དཀྱིལ་གྱི་སྟེགས་བུ་ལ་མཆོད་པའི་ལྷ་མོ་འདོད་མ་སོ་དྲུག་སྟེ། ཤར་སྒོའི་གཡས་སུ་དབྱེ་བར་འདོད་མ། གོས་འདོད་མ། ལུས་ལ་འཕྲུག་པར་འདོད་མ། མཆིལ་མ་འདོར་བར་འདོད་མ། སྐྲོད་པར་འདོད་མ་ལྔ་དང་། གཡོན་དུ་གདུང་པར་འདོད་མ། རེག་བྱ་འདོད་མ། ཡན་ལག་བསྐྱོད་པར་འདོད་མ། ལྷག་མ་ཟ་བར་འདོད་མ་བཞི་སྟེ། དེ་དགུ་ལས་གདུང་བར་འདོད་མ་སྔོན་མོ། གཞན་བརྒྱད་ནག་མོ་རང་རང་གི་ཕྱག་མཚན་ཐོགས་པའོ། །ལྷོ་སྒོའི་གཡས་སུ་བསྐྱོད་པར་འདོད་མ། ཟས་འདོད་མ། ལུས་ཀྱི་དྲི་མ་འདོད་མ། གར་འདོད་མ། སྐེམ་འདོད་མ་ལྔ་དང་། གཡོན་དུ་རྒྱུག་པར་འདོད་མ། འགུགས་པར་འདོད་མ། བཤང་གཅི་ཟག་པར་འདོད་མ། གཡུལ་འདོད་མ་བཞི་སྟེ། རྒྱུག་འདོད་མ་ལྗང་མོ། གཞན་བརྒྱད་དམར་མོའོ། །བྱང་སྒོའི་གཡས་སུ་རྒྱས་པར་འདོད་མ།


MR25_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

Page and are merged to and .Please see the texts and images of and .Page and are merged to and .Please see the texts and images of and .རྒྱན་འདོད་མ། སྟན་འདོད་མ། རྒྱལ་སྲིད་འདོད་མ། སྨྲ་བར་འདོད་མ་ལྔ་དང་། གཡོན་དུ་རོལ་མོ་འདོད་མ། ཕྱག་འཚལ་འདོད་མ། རྩོད་པར་འདོད་མ། བྱིས་པ་བསྡིགས་པར་འདོད་མ་བཞི་སྟེ། རོལ་མོ་འདོད་མ་སྔོན་མོ། གཞན་ཀུན་དཀར་མོའོ། །ནུབ་སྒོའི་གཡས་སུ། རེངས་པར་འདོད་མ། དྲི་འདོད་མ། མལ་སྟན་ལ་སྙེ་པར་འདོད་མ། ཆུ་ལ་རྐྱལ་བར་འདོད་མ། འཆིང་བར་འདོད་མ་ལྔ་དང་། གཡོན་དུ་འཁྲིག་པར་འདོད་མ། ཕུར་བུས་འདེབས་པར་འདོད་མ། སེམས་ཅན་བསླུ་བར་འདོད་མ། སྦྲུལ་འཆིང་བར་འདོད་མ་བཞི་སྟེ། འཁྲིག་པར་འདོད་མ་ལྗང་གུ། གཞན་ཀུན་སེར་མོའོ། །དེ་ལྟར་རྣལ་འབྱོར་མ་བརྒྱད་སོ་སོའི་ཐབས་དང་བཅས་པ་ལ། ལྷ་མོ་དྲུག་ཅུ་རྩ་བཞིས་བསྐོར་ཞིང་འདོད་སྣམ་ལ་མཆོད་པའི་ལྷ་མོ་གཟུངས་མ་འདོད་མ་སོ་དྲུག་དང་བཅས་པའི་གསུང་གི་དཀྱིལ་འཁོར་ཆེན་པོའི་ལྷ་རྣམས་མངོན་སུམ་བཞིན་དུ་གསལ་བར་གྱུར། དེ་ནས་སྐུ་ཡི་དཀྱིལ་འཁོར་གྱི་ལྷ་སྣམ་ལ། ཕྱོགས་བཞིའི་སྒོའི་གཡས་གཡོན་དུ་པདྨ་དམར་པོ་འདབ་མ་ཉེར་བརྒྱད་པ། མཚམས་བཞིར་པདྨ་དཀར་པོ་འདབ་མ་ཉེར་བརྒྱད་པ་སྟེ། དེ་རྣམས་ཀྱང་རིམ་པ་དང་པོར་འདབ་མ་བཞི། དེ་རྒྱབ་བརྒྱད། དེ་རྒྱབ་བཅུ་དྲུག་ཅན་གྱི་གདན་གནས་པ་ལས། ཤར་སྒོའི་གཡས་སུ་པདྨ་དམར་པོ་འདབ་མ་ཉེར་བརྒྱད་པའི་ལྟེ་


MR25_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཡི་དྭགས་དམར་པོའི་གདན་གྱི་སྟེང་དུ་སྲིན་པོ་ནག་པོ་ཞལ་གཅིག་པ་ཕྱག་བཞིས་རལ་གྲི་དང་གྲི་གུག ཕུབ་དང་ཐོད་པ་འཛིན་པ་ལ། སྲིན་མོ་སེར་མོས་འཁྱུད་པའི་འཁོར་དུ། ཉ་རྡོ་རྗེ་མ་ནས་ཙླྀ་རྡོ་རྗེ་མའི་བར་གྱི་ནག་པ་ཟླ་བའི་ཚེས་ཀྱི་ལྷ་མོ་ཉེར་བརྒྱད། སྐུ་མདོག་དང་ཞལ་ཕྱག་ཕྱག་མཚན་རྣམས་གཙོ་བོ་ཇི་ལྟ་བུས་བསྐོར་བ། ཤར་ལྷོར་པདྨ་དཀར་པོའི་ལྟེ་བར་འདི་མན་གྱི་པདྨ་ཐམས་ཅད་འདབ་མ་ཉེར་བརྒྱད་པ་ཡིན་པ་ཀུན་ལ་ཤེས་པར་བྱའོ། །རི་དྭགས་ཀྱི་གདན་སྟེང་ང་ལྷ་ནག་པོ་ཞལ་གཅིག་པ། ཕྱག་བཞིས་དཔག་བསམ་གྱི་ཤིང་དང་ཡོངས་འདུའི་མེ་ཏོག །ཨིནྡྲ་ནཱི་ལ་དང་ཨུཏྤལ་སྔོན་པོ་འཛིན་པ་ལ། རབ་གཏུམ་སེར་མོས་འཁྱུད་པའི་འཁོར་དུ། ཙཱ་རྡོ་རྗེ་མ་ནས་ཉླཱྀ་རྡོ་རྗེ་མའི་བར་གྱི་ས་ག་ཟླ་བའི་ཚེས་ཀྱི་ལྷ་མོ་ཉེར་བརྒྱད་གཙོ་བོ་དང་མཚུངས་པས་བསྐོར་བ། ལྷོ་སྒོའི་གཡས་སུ་པདྨ་དམར་པོའི་ལྟེ་བར་ལུག་གི་གདན་ལ། མེ་ལྷ་དམར་པོ་ཞལ་གཅིག་པ། ཕྱག་བཞིས་མདུང་དང་དབྱུག་པ། པདྨ་དང་སྤྱི་བླུགས་འཛིན་པ་ལ་ཆུ་ལྷ་དཀར་མོས་འཁྱུད་པའི་འཁོར་དུ། ཎ་རྡོ་རྗེ་མ་ནས་ཊླྀ་རྡོ་རྗེ་མའི་བར་གྱི་སྣྲོན་གྱི་ཟླ་བའི་ཚེས་ཀྱི་ལྷ་མོ་ཉེར་བརྒྱད་གཙོ་བོ་དང་མཚུངས་པས་བསྐོར་བ། ལྷོ་ནུབ་ཏུ་པདྨ་དཀར་པོའི་ལྟེ་བར་རྨ་བྱའི་གདན་ལ། གདོང་དྲུག་དམར་པོ་ཞལ་དྲུག་པ། ཕྱག་བཞིས་ཤཀྟི་དང་མདུང་། ནོར་བུ་དང་མེ་ལོང་འཛིན་པ་ལ། དཔལ་ཆེན་མོ་དཀར་


MR25_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

མོས་འཁྱུད་པའི་འཁོར་དུ། ཊཱ་རྡོ་རྗེ་མ་ནས་ཎྻཱྀ་རྡོ་རྗེ་མའི་བར་གྱི་ཆུ་སྟོད་ཟླ་བའི་ཚེས་ཀྱི་ལྷ་མོ་ཉེར་བརྒྱད་དམར་མོ་ཞལ་དྲུག་ཕྱག་བཞི་པ་ཕྱག་མཚན་གཙོ་བོ་དང་མཚུངས་པས་བསྐོར་བ། བྱང་སྒོའི་གཡས་སུ་པདྨ་དམར་པོའི་ལྟེ་བར་ཆུ་སྲིན་གྱི་གདན་ལ་ཆུ་ལྷ་རྒྱ་མཚོ་དཀར་པོ་ཞལ་གཅིག་པ། ཕྱག་བཞིས་ཞགས་པ་དང་རིན་པོ་ཆེ། སྦྲུལ་ཞགས་དང་། ཟླ་བ་ནོར་བུ་ཆུ་ཤེལ་འཛིན་པ་ལ། ཕག་མོ་དམར་མོས་འཁྱུད་པའི་འཁོར་དུ། མ་རྡོ་རྗེ་མ་ནས་པླྀ་རྡོ་རྗེ་མའི་བར་གྱི་གྲོ་བཞིན་ཟླ་བའི་ཚེས་ཀྱི་ལྷ་མོ་ཉེར་བརྒྱད་གཙོ་བོ་དང་མཚུངས་པས་བསྐོར་བ། བྱང་ཤར་དུ་པདྨ་དཀར་པོའི་ལྟེ་བར་བྱི་བའི་གདན་ལ་ཚོགས་བདག་དཀར་པོ་ཞལ་གཅིག་པ། ཕྱག་བཞིས་དགྲ་སྟ་དང་རྡོ་རྗེ། ཞགས་པ་དང་རིན་པོ་ཆེ་འཛིན་པ་ལ་གཞོན་ནུ་མ་དམར་པོས་འཁྱུད་པའི་འཁོར་དུ། པཱ་རྡོ་རྗེ་མ་ནས་མླཱྀ་རྡོ་རྗེ་མའི་བར་གྱི་ཁྲུམས་སྟོད་ཟླ་བའི་ཚེས་ཀྱི་ལྷ་མོ་ཉེར་བརྒྱད་གཙོ་བོ་དང་མཚུངས་པས་བསྐོར་བ། ནུབ་སྒོའི་གཡས་སུ་པདྨ་དམར་པོའི་ལྟེ་བར་གླང་པོ་ཆེ་ཡི་གདན་ལ། དབང་པོ་སེར་པོ་ཞལ་གཅིག་པ། ཕྱག་བཞིས་རྡོ་རྗེ་དང་མེའི་མདའ། དྲིལ་བུ་དང་གཞུ་འཛིན་པ་ལ་ང་ལྷ་ནག་མོས་འཁྱུད་པའི་འཁོར་དུ་ན་རྡོ་རྗེ་མ་ནས་ཏླཱྀ་རྡོ་རྗེ་མའི་བར་གྱི་ཐ་སྐར་ཟླ་བའི་ཚེས་ཀྱི་ལྷ་མོ་ཉེར་བརྒྱད་གཙོ་བོ་དང་མཚུངས་པས་བསྐོར་བ། ནུབ་བྱང་དུ་པདྨ་དཀར་པོའི་ལྟེ་བར་ངང་པའི་གདན་ལ།


MR25_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

མེས་པོ་ཚངས་པ་སེར་པོ་ཞལ་བཞི་པ། ཕྱག་བཞིས་ཁབ་དང་བགྲང་ཕྲེང་། པདྨ་དང་སྤྱི་བླུགས་འཛིན་པ་ལ། གློག་མ་ནག་མོས་འཁྱུད་པའི་འཁོར་དུ། ཏཱ་རྡོ་རྗེ་མ་ནས་རྡོ་རྗེ་མའི་བར་གྱི་སྨིན་དྲུག་ཟླ་བའི་ཚེས་ཀྱི་ལྷ་མོ་ཉེར་བརྒྱད་སེར་མོ་ཞལ་བཞི་ཕྱག་བཞི་པ་ཕྱག་མཚན་གཙོ་བོ་དང་མཚུངས་པས་བསྐོར་བ། བྱང་སྒོའི་གཡོན་དུ་པདྨ་དམར་པོའི་ལྟེ་བར་ཁྱུ་མཆོག་གི་གདན་ལ་དྲག་པོ་དབང་ཕྱུག་ཆེན་པོ་སྔོན་པོ་ཞལ་གཅིག་པ། ཕྱག་བཞིས་རྩེ་གསུམ་དང་མདའ། སྦྲུལ་དང་བཅས་པའི་ཁ་ཊྭཱཾ་ག་དང་གཞུ་འཛིན་པར་རི་སྲས་མ་ལྗང་མོས་འཁྱུད་པའི་འཁོར་དུ། ྈྐ་རྡོ་རྗེ་མ་ནས་སླྀ་རྡོ་རྗེ་མའི་བར་གྱི་མགོ་ཟླ་བའི་ཚེས་ཀྱི་ལྷ་མོ་ཉེར་བརྒྱད་གཙོ་བོ་དང་མཚུངས་མས་བསྐོར་བ། ནུབ་སྒོའི་གཡོན་དུ་པདྨ་དམར་པོའི་ལྟེ་བར་གླང་པོ་ཆེ་ཡི་གདན་ལ། ནོར་གྱི་བདག་པོ་ཛམ་བྷ་ལ་སྔོན་པོ་ཞལ་གཅིག་པ། ཕྱག་བཞིས་ནོར་བུ་དང་བེ་ཅོན་ནེའུ་ལེ་དང་པདྨ་འཛིན་པ་ལ། ནོར་གྱི་དབང་མོ་ལྗང་གུས་འཁྱུད་པའི་འཁོར་དུ། སཱ་རྡོ་རྗེ་མ་ནས་ྈྐླཱྀ་རྡོ་རྗེ་མའི་བར་གྱི་རྒྱལ་གྱི་ཟླ་བའི་ཚེས་ཀྱི་ལྷ་མོ་ཉེར་བརྒྱད་གཙོ་བོ་དང་མཚུངས་པས་བསྐོར་བ། ཤར་སྒོའི་གཡོན་དུ་པདྨ་དམར་པོའི་ལྟེ་བར་མཁའ་ལྡིང་གི་གདན་ལ། ཁྱབ་འཇུག་ལྗང་གུ་ཞལ་གཅིག་པ། ཕྱག་བཞིས་འཁོར་ལོ་དང་དབྱུག་ཐོ། པདྨ་དང་སྐྱེ་བ་ལྔ་པའི་དུང་འཛིན་པ་ལ། དཔལ་མོ་སྔོན་མོས་འཁྱུད་པའི་འཁོར་དུ། ང་རྡོ་རྗེ་མ་ནས་


MR25_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ཀླྀ་རྡོ་རྗེ་མའི་བར་གྱི་མཆུ་ཟླ་བའི་ཚེས་ཀྱི་ལྷ་མོ་ཉེར་བརྒྱད་གཙོ་བོ་དང་མཚུངས་པས་བསྐོར་བ། ལྷོ་སྒོའི་གཡོན་དུ་པདྨ་དམར་པོའི་ལྟེ་བར་མ་ཧེའི་གདན་གྱི་སྟེང་དུ་གཤིན་རྗེ་ལྗང་གུ་ཞལ་གཅིག་པ། ཕྱག་བཞིས་དབྱུག་པ་དང་རལ་གྲི ། ལྕགས་སྒྲོག་དང་ཞགས་པ་འཛིན་པ་ལ། གཤིན་རྗེ་སྔོན་མོས་འཁྱུད་པའི་འཁོར་དུ། ཀཱ་རྡོ་རྗེ་མ་ནས་ལཱ དླཱྀ་རྡོ་རྗེ་མའི་བར་གྱི་དབོ་ཟླ་བའི་ཚེས་ཀྱི་ལྷ་མོ་ཉེར་བརྒྱད་ལྗང་གུ་ཞལ་གཅིག་ཕྱག་བཞི་མ་ཕྱག་མཚན་གཙོ་བོ་དང་མཚུངས་པས་བསྐོར་བ། ཚེས་ལྷ་གཙོ་འཁོར་ཐམས་ཅད་སྤྱན་གསུམ་པ་རིན་པོ་ཆེའི་རྒྱན་སོགས་ལྷ་ཡི་ཆ་ལུགས་ཅན་ཡབ་རྣམས་རྡོར་གདན་ལ། ཡུམ་རྣམས་པདྨའི་གདན་གྱིས་འཁྱུད་པ། འཁོར་རྣམས་རོལ་པའི་སྟབས་ཀྱིས་གནས་པའོ། །ཤར་སྒོའི་ནང་དུ་ཕག་ནག་པོ་བདུན་གྱིས་དྲངས་པའི་ཤིང་རྟ་ལ་ཁྲོ་བོ་དབྱུག་སྔོན་ནག་པོ་ཞལ་གཅིག་པ། ཕྱག་བཞིས་རལ་གྲི་དང་རྡོ་རྗེ། ཕུབ་དང་སྦྲུལ་འཛིན་པ་ལ། འོད་ཟེར་ཅན་མ་སེར་མོ་སྟོབས་པོ་ཆེ་དང་མཚུངས་པས་འཁྱུད་པ། ལྷོ་སྒོའི་དབུས་སུ་རྟ་དམར་པོ་བདུན་གྱིས་དྲངས་པའི་ཤིང་རྟ་ལ། ཁྲོ་བོ་འདོད་པའི་རྒྱལ་པོ་དམར་པོ་ཞལ་གཅིག་པ། ཕྱག་བཞིས་མདའ་དང་ལྕགས་ཀྱུ། གཞུ་དང་ཞགས་པ་འཛིན་པ་ལ། སྐུལ་བྱེད་མ་དཀར་མོ་མི་གཡོ་བ་ལྟ་བུས་འཁྱུད་པ། བྱང་སྒོའི་དབུས་སུ་སེང་གེ་དཀར་པོ་བདུན་


MR25_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་དྲངས་པའི་ཤིང་རྟ་ལ། ཁྲོ་བོ་མི་གཡོ་བ་དཀར་པོ། ཞལ་གཅིག་པ། ཕྱག་བཞིས་ཐོ་བ་དང་། མདུང་། པདྨ་དང་། མེ་ལོང་འཛིན་པ་ལ། ཁྲོ་གཉེར་ཅན་དམར་མོ་འདོད་རྒྱལ་དང་མཚུངས་པས་འཁྱུད་པ། ནུབ་སྒོའི་དབུས་སུ་གླང་པོ་ཆེ་སེར་པོ་བདུན་གྱིས་དྲངས་པའི་ཤིང་རྟ་ལ། སྟོབས་པོ་ཆེ་སེར་པོ་ཞལ་གཅིག་པ། ཕྱག་བཞིས་འཁོར་ལོ་དང་དབྱུག་པ་དུང་དང་རིན་པོ་ཆེ་འཛིན་པ་ལ། རྡོ་རྗེ་ལྕགས་སྒྲོག་མ་ནག་མོ་དབྱུག་སྔོན་ལྟ་བུས་འཁྱུད་པ། སྟེང་དུ་མཁའ་ལྡིང་ཨ་ནི་ལཱ་ཞེས་པ་ཁྲོ་ཚུལ་ཅན་མདོག་ལྔ་པ། མིག་གསུམ་པ། ལུས་རྒྱས་པ་བདུན་གྱིས་དྲངས་པའི་ཤིང་རྟ་ལ། གཙུག་ཏོར་འཁོར་ལོས་སྒྱུར་བ་ལྗང་གུ་ཞལ་གཅིག་པ། ཕྱག་བཞིས་དགྲ་སྟ་དང་རྩེ་གསུམ། སྦྲུལ་ཞགས་དང་ཁ་ཊྭཱཾ་ག་འཛིན་པ་ལ། ཤིན་ཏུ་སྔོན་མོ་གནོད་མཛེས་ལྟ་བུས་འཁྱུད་པ། འོག་ཏུ་སེང་ ཤ་ར་བྷ། གེ་རྐང་པ་བརྒྱད་པ་སྔོན་པོ་བདུན་གྱིས་དྲངས་བའི་ཤིང་རྟ་ལ། གནོད་མཛེས་སྔོན་པོ་ཞལ་གཅིག་པ། ཕྱག་བཞིས་གྲི་གུག་དང་རྡོ་རྗེ། ཐོད་པ་དང་དྲིལ་བུ་འཛིན་པ་ལ། དྲག་སྤྱན་མ་ལྗང་མོ་གཙུག་ཏོར་འཁོར་སྒྱུར་ལྟ་བུས་འཁྱུད་པ། སྒོ་སྐྱོང་ཁྲོ་བོ་དྲུག་པོ་ཡབ་ཡུམ་ཐམས་ཅད་རབ་ཏུ་ཁྲོས་ཤིང་སྤྱན་གསུམ་པ། སྦྲུལ་གྱིས་རྒྱན་དང་ལྡན་ཅིང་། ཡབ་རྣམས་གཡས་བརྐྱངས་དང་ཡུམ་རྣམས་གཡོན་བརྐྱངས་ཀྱི་སྟབས་ཀྱིས་མཉམ་པར་


MR25_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བས་གནས་པའོ། །སྐུ་དཀྱིལ་གྱི་ནང་གི་འདོད་སྣམ་ལ་ཕྱིར་འདོད་མ་སོ་དྲུག་སྟེ། ཤར་སྒོའི་གཡས་སུ་དབྱེ་བར་མི་འདོད་མ། གོས་མི་འདོད་མ། ལུས་ལ་འཕྲུག་པར་མི་འདོད་མ། མཆིལ་མ་འདོར་བར་མི་འདོད་མ། སྐྲོད་པར་མི་འདོད་མ་ལྔ་དང་། གཡོན་དུ་གདུང་བར་མི་འདོད་མ་སྔོན་མོ། རེག་བྱ་མི་འདོད་མ། ཡན་ལག་བསྐྱོད་པར་མི་འདོད་མ། ལྷག་མ་ཟ་བར་མི་འདོད་མ་བཞི། ལྷོ་སྒོའི་གཡས་སུ་བསྐྱོད་པར་མི་འདོད་མ། ཟས་མི་འདོད་མ། ལུས་ཀྱི་དྲི་མ་མི་འདོད་མ། གར་བྱེད་པར་མི་འདོད་མ། སྐེམས་པར་མི་འདོད་མ་ལྔ། གཡོན་དུ་རྒྱུག་པར་མི་འདོད་མ་ལྗང་མོ། འགུགས་པར་མི་འདོད་མ། བཤང་གཅི་ཟག་པར་མི་འདོད་མ། གཡུལ་མི་འདོད་མ་བཞི། བྱང་སྒོའི་གཡས་སུ་རྒྱས་པར་མི་འདོད་མ། རྒྱན་མི་འདོད་མ། སྟན་མི་འདོད་མ། རྒྱལ་སྲིད་མི་འདོད་མ། སྨྲ་བར་མི་འདོད་མ་ལྔ། གཡོན་དུ་རོལ་མོ་མི་འདོད་མ་སྔོན་མོ། ཕྱག་འཚལ་བར་མི་འདོད་མ། རྩོད་པ་བྱེད་པར་མི་འདོད་མ། བྱིས་པ་བསྡིགས་པར་མི་འདོད་མ་བཞི། ནུབ་སྒོའི་གཡས་སུ་རེངས་པར་མི་འདོད་མ། དྲི་མི་འདོད་མ། མལ་སྟན་ལ་སྙེ་བར་མི་འདོད་མ། ཆུ་ལ་རྐྱལ་བར་མི་འདོད་མ། འཆིང་བར་མི་འདོད་མ་ལྔ་དང་། གཡོན་དུ་འཁྲིག་པ་མི་འདོད་མ་ལྗང་གུ། ཕུར་བུས་འདེབས་པར་མི་འདོད་མ། སེམས་ཅན་


MR25_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

བསླུ་བར་མི་འདོད་མ། སྦྲུལ་འཆིང་བར་མི་འདོད་མ་བཞི་སྟེ། སྒོའི་གཡོན་གྱི་དང་པོ་བཞིའི་སྐུ་མདོག་དམིགས་བསལ་བཤད་པ་མ་གཏོགས། ཤར་གྱི་ཀུན་ནག་མོ། ལྷོའི་དམར་མོ། བྱང་གི་དཀར་མོ། ནུབ་ཀྱི་སེར་མོ་རྣམས་རང་རང་གི་ཕྱག་མཚན་ཐོགས་པའོ། །སྐུ་དཀྱིལ་གྱི་ཕྱིའི་རྟ་བབས་འོག་གི་སྟེགས་བུ་ལ་ཀླུ་རྣམས་དགོད་པར་བྱ་སྟེ། ཤར་སྒོའི་གཡོན་དང་གཡས་ཀྱི་སྟེགས་བུ་ལ་ང་གི་དཀྱིལ་འཁོར་ནག་པོ་ཟླུམ་པོ་ཐིག་ལེས་མཚན་པ་གཉིས་ལ། ཀླུ་ཆེན་པོ་སྟོབས་ཀྱི་རྒྱུ་དང་། པདྨ་སྐུ་མདོག་ནག་པོ་ལ། རིམ་བཞིན་ཅེ་སྤྱང་གདོང་མ་དང་། མཁའ་ལྡིང་གདོང་མ་སེར་མོས་འཁྱུད་པ། ལྷོ་སྒོའི་གཡོན་དང་གཡས་ཀྱི་སྟེགས་བུར་མེ་དཀྱིལ་དམར་པོ་གྲུ་གསུམ་བཀྲ་ཤིས་ཀྱིས་མཚན་པ་གཉིས་ལ། ཀླུ་ནོར་རྒྱས་དང་དུང་སྐྱོང་དམར་པོ་ལ་སྟག་གདོང་མ་དང་འུག་གདོང་མ་དཀར་མོས་འཁྱུད་པ། བྱང་སྒོའི་གཡོན་དང་གཡས་ཀྱི་སྟེགས་བུར་ཆུ་དཀྱིལ་དཀར་པོ་ཟླ་གམ་པདྨས་མཚན་པ་རེ་རེར། ཀླུ་མཐའ་ཡས་དང་རིགས་ལྡན་དཀར་པོ་ལ། ཕག་གདོང་མ་དང་བྱ་རྒོད་གདོང་མ་དམར་མོས་འཁྱུད་པ། ནུབ་སྒོའི་གཡོན་དང་གཡས་སུ་ས་དཀྱིལ་སེར་པོ་གྲུ་བཞི་རྡོ་རྗེས་མཚན་པ་རེ་ལ། ཀླུ་འཇོག་པོ་དང་པད་ཆེན་སེར་པོ་ལ། ཁྱི་གདོང་མ་དང་བྱ་རོག་གདོང་མ་ནག་མོས་འཁྱུད་པ། སྟེང་དུ་ནམ་མཁའི་དཀྱིལ་འཁོར་ལྗང་གུ་ཟླུམ་པོ་ལ། ཀླུ་རྒྱལ་བ་ལྗང་གུར་རྡོ་རྗེ་མིག་མ་སྐུ་མདོག་སྔོན་མོས་


MR25_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱུད་པ། འོག་ཏུ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྔོན་པོ་ཟླུམ་པོ་ལ་ཀླུ་རྣམ་པར་རྒྱལ་བ་སྔོན་པོར་རོ་ལངས་མ་ཤིན་ཏུ་སྔོན་མོ་ཁ་དོག་ལྗང་གུས་འཁྱུད་པ། ཀླུ་བཅུ་པོ་ཐམས་ཅད་ཞལ་གཅིག་སྤྱན་གསུམ་པ། སྦྲུལ་གྱི་གདེངས་ཀ་ལྡན་པ། རིན་པོ་ཆེས་བརྒྱན་ཅིང་ལྷ་ཡི་ཆ་ལུགས་ཅན། ཕྱག་བཞིས་བདུད་རྩིའི་བུམ་པ་དང་རྡོ་རྗེ། པདྨ་དང་རིན་པོ་ཆེ་འཛིན་པ་ཡབ་ཡུམ་རྡོ་རྗེ་དང་པདྨའི་གདན་གྱིས་རོལ་པའོ། །དཀྱིལ་འཁོར་གྱི་ཕྱི་རོལ་མེ་ང་གི་ཁོར་ཡུག་གི་དབུས་སུ་དུར་ཁྲོད་ཆེན་པོ་བརྒྱད་གནས་ཏེ། ཤར་ཕྱོགས་རྩེ་མོས་འབིགས་པའི་དུར་ཁྲོད་དུ། བསེ་ཡི་སྟེང་དུ་འཁོར་ལོ་རྩིབས་བརྒྱད་དམར་པོའི་ལྟེ་བར་ཁྱི་གདོང་མ་ནག་མོར་འཇོག་པོ་སེར་པོས་འཁྱུད་པ། ཤར་ལྷོར་ལྷག་མ་ཅན་གྱི་དུར་ཁྲོད་དུ་བྷེ་རུ་ཎྚའི་སྟེང་དུ་འཁོར་ལོ་རྩིབས་བརྒྱད་དཀར་པོའི་ལྟེ་བར། ཁྭ་གདོང་ནག་མོར་པད་ཆེན་སེར་པོས་འཁྱུད་པ། ལྷོ་ཕྱོགས་རོ་བསྲེག་པའི་དུར་ཁྲོད་དུ་དོམ་གྱི་སྟེང་དུ་འཁོར་ལོ་རྩིབས་བརྒྱད་དམར་པོའི་ལྟེ་བར། ཕག་གདོང་དམར་མོར་མཐའ་ཡས་དཀར་པོས་འཁྱུད་པ། ལྷོ་ནུབ་དྲག་པོའི་གཡུལ་གྱི་དུར་ཁྲོད་དུ་ཁྲུང་ཁྲུང་གི་སྟེང་དུ་འཁོར་ལོ་རྩིབས་བརྒྱད་དཀར་པོའི་ལྟེ་བར། བྱ་རྒོད་གདོང་མ་དམར་མོ་ལ་རིགས་ལྡན་དཀར་པོས་འཁྱུད་པ། བྱང་ཕྱོགས་རུལ་བ་དང་བཅས་པའི་དུར་ཁྲོད་དུ། འབྲི་ཡི་སྟེང་དུ་འཁོར་ལོ་དམར་པོ་


MR25_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

རྩིབས་བརྒྱད་པའི་ལྟེ་བར། སྟག་གདོང་དཀར་མོར་ནོར་རྒྱས་དམར་པོས་འཁྱུད་པ། བྱང་ཤར་བྱིས་པ་ཤི་བའི་དུར་ཁྲོད་དུ། བྱ་མ་བྱིའི་སྟེང་དུ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བར་འུག་གདོང་མ་དཀར་མོར་དུང་སྐྱོང་དམར་པོས་འཁྱུད་པ། ནུབ་ཕྱོགས་རྣག་གི་དྲི་ཡི་དུར་ཁྲོད་དུ་སེང་གེའི་གདན་ལ་འཁོར་ལོ་དམར་པོ་རྩིབས་བརྒྱད་པའི་ལྟེ་བར། ཅེ་སྤྱང་གདོང་མ་སེར་མོར་སྟོབས་རྒྱུ་ནག་པོས་འཁྱུད་པ། ནུབ་བྱང་སྦྲུལ་གྱིས་ཟོས་པའི་དུར་ཁྲོད་དུ་མིག་སྔོན་གྱི་གདན་སྟེང་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བར་མཁའ་ལྡིང་གདོང་མ་སེར་མོ་ལ་པདྨ་ནག་པོས་འཁྱུད་པ། སྟེང་གི་ཕྱོགས་སུ་ཤིང་རྟ་ལྗང་གུ་ལ་སྔོན་མོ་ལྗང་གུར་རྣམ་རྒྱལ་སྔོན་པོས་འཁྱུད་པ། འོག་གི་ཕྱོགས་སུ་ཤིང་རྟ་སྔོན་པོ་ལ་རྡོ་རྗེའི་མིག་མ་སྔོན་མོར་རྒྱལ་བ་ལྗང་གུས་འཁྱུད་པ། དེ་ལྟར་རབ་གཏུམ་མ་བཅུ་པོ་ཀུན་ཀྱང་ཞལ་གཅིག་སྤྱན་གསུམ། ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པ། གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་ཅིང་། མི་མགོའི་ཕྲེང་བ་མགུལ་དུ་འཕྱངས་པ། ཟླུམ་པོའི་སྟབས་ཀྱིས་བཞུགས་པར་ཀླུ་བཅུས་ཟླུམ་པོའི་སྟབས་ཀྱིས་འཁྱུད་པའོ། །གཞན་ཡང་དུར་ཁྲོད་ཀྱི་ཐ་མར་རླུང་དཀྱིལ་ལ་གནས་པའི་གཟའ་དང་རྒྱུ་སྐར་ཕྱོགས་སྐྱོང་དང་ཞིང་སྐྱོང་། དྲང་སྲོང་དང་གྲུབ་པ་དགའ་བྱེད་དབང་ཕྱུག་དང་། ནག་པོ་ཆེན་པོ་དང་དྲིལ་བུའི་རྣ་བ་དང་། བྷྲཱིཾ་གི་ཎ་ལ་སོགས་


MR25_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

པ་འབྱུང་པོ་བྱེ་བ་ཕྲག་ཕྱེད་བཞི་དང་བཅས་པ་གནས་པའོ། །དེ་ལྟར་ལྷ་ཆེན་པོ་བཅུ་གཉིས་སོ་སོའི་ཤེས་རབ་མ་དང་བཅས་པའི་འཁོར་དུ་ཚེས་ཀྱི་ལྷ་མོ་རྣམས་ཀྱིས་བསྐོར་བའི་ཚེས་ལྷ་སུམ་བརྒྱ་དྲུག་ཅུ་དང་། འདོད་སྣམ་ལ་ཕྱིར་འདོད་མ་སོ་དྲུག སྒོ་སྐྱོང་ཁྲོ་དྲུག་ཡབ་ཡུམ། ཕྱི་རོལ་གྱི་སྟེགས་བུ་དང་སྟེང་འོག་ཏུ་ཀླུ་བཅུ་ཡབ་ཡུམ། དུར་ཁྲོད་ཀྱི་ས་གཞི་དང་སྟེང་འོག་ཏུ་རབ་གཏུམ་མ་བཅུ་སོ་སོའི་ཐབས་ཀྱིས་འཁྱུད་པ། གཞན་ཡང་འབྱུང་པོའི་ཚོགས་དང་བཅས་པའི་སྐུའི་དཀྱིལ་འཁོར་ཆེན་པོའི་ལྷ་རྣམས་ཡོངས་རྫོགས་སུ་གསལ་བར་གྱུར། ལས་རྒྱལ་མཆོག་གི་སྐབས་འདིར་ཡང་དམ་ཚིག་གི་དཀྱིལ་འཁོར་རྣམས་མི་བསྡུ་བར་མངལ་ནས་ལྷ་སྤྲོས་པ་དེ་སོ་སོར་བསྟིམ་པར་མཛད་པའང་ཡོད་མོད་བསྡུས་ནས་སླར་བསྐྱེད་པ་འདི་ཤིན་ཏུ་ལེགས་ཤིང་རྒྱུད་ཀྱི་དགོངས་པར་གནས། སྤྲོས་པ་ལ་དགའ་ན་གཙོ་བོ་ས་བོན་ཕྱག་མཚན་ཙམ་ལས་བསྐྱེད་ཅིང་མི་བསྐྱོད་པའི་ཅོད་པན་ཅན། རྡོར་སེམས་སྤྲོས་ཏེ་རང་ལ་བསྟིམ་པ་ཙམ་མ་གཏོགས། གཞན་དཀྱིལ་འཁོར་རྒྱལ་མཆོག་གི་སྐབས་ནས་བསྟན་པ་བཞིན་བསྐྱེད་པར་བྱས་ཀྱང་ཆོག་ལ། ལྷ་རེ་རེ་བཞིན་དུ་ཞལ་ཕྱག་ཕྱག་མཚན་གསལ་འདེབས་སྦྱར་བར་འདོད་ནའང་དེ་ལྟར་བྱ། ཐུགས་དཀྱིལ་གྱི་སྐབས་སུ་ལྷ་ཡབ་ཟུང་རེ་དང་ཡུམ་ཟུང་རེ་མཉམ་བསྐྱེད་བྱས་ནས་ཕན་ཚུན་འཁྱུད་པ་ཕྱོགས་གཉིས་སུ་འགོད་པ་ལྟར་རང་བློར་གང་བདེ་བསྒོམ་རུང་མོད་ཀྱི། སྒོམ་དོན་བློ་ལ་འཆར་བདེ་བའི་སླད་དུ་འདིར་ནི་


MR25_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་ལུགས་ཕལ་ཆེར་ལུགས་འདིའི་བཀའ་བབ་རྗེ་བཙུན་ཇོ་ནང་པའི་སྒྲུབ་ཐབས་རྣམས་དང་མཚུངས་པར་བྱས་ཤིང་། དེ་དང་བརྗོད་ཚུལ་ཅུང་མི་འདྲ་བ་འགའ་ཡང་ཡོད་མོད། དོན་དུ་རྒྱ་བོད་ཀྱི་ལུགས་འདིའི་ཤིང་རྟ་ཆེན་པོ་རྣམས་ཀྱི་དགོངས་པ་རྨ་མེད་པ་གསལ་བར་བྱས་པ་ཡིན་ནོ། །གསུམ་པ་དཀྱིལ་འཁོར་དེ་དག་གི་རྣམ་དག་དྲན་པ་ནི། རང་བཞིན་གྱིས་རྣམ་པར་དག་པ་ངོ་བོ་ཉིད་ཀྱི་སྐུ་བདེ་བ་ཆེན་པོའི་དཀྱིལ་འཁོར། ཐུགས་དང་གསུང་དང་སྐུ་ཡི་དཀྱིལ་འཁོར་ནི་ཆོས་ལོངས་སྤྲུལ་པའི་སྐུའོ། །ལྷ་རྣམས་ཀྱི་དབང་དུ་བྱས་ན། བདེ་གཤེགས་ཡབ་ཡུམ་དཔག་བསམ་གྱི་ཤིང་སོགས་བཞི་དང་བུམ་པ་རྣམས་ནི་དག་པའི་སྐུའོ། །བྱང་སེམས་ཡབ་ཡུམ་དང་ཁྲོ་བོ་ཡབ་ཡུམ་རྣམས་ནི་ཆོས་ཀྱི་སྐུའོ། །རྣལ་འབྱོར་མ་རྣམས་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །ལྷ་ཆེན་བཅུ་གཉིས་ཡབ་ཡུམ། ཀླུ་དང་རབ་གཏུམ་མ་རྣམས་ནི་སྤྲུལ་པའི་སྐུའོ། །ཐུགས་དཀྱིལ་ཁོ་ནའི་ཡང་གཙོ་བོ་ཡབ་ཡུམ་ནུས་མ་ཤིང་སོགས་དང་བུམ་པ་རྣམས་ནི་ལྷན་ཅིག་སྐྱེས་པའི་སྐུའོ། །བདེ་གཤེགས་ཡབ་ཡུམ་དང་། སེམས་དཔའ་སེམས་མ་རྣམས་དང་ཁྲོ་བོ་ཡབ་ཡུམ་རྣམས་རིམ་པར་ཆོས་ཀྱི་སྐུ་ལ་སོགས་པའོ། །གསུང་དང་སྐུ་དཀྱིལ་ལས། ཙ་མུཎྚི་སོགས་ལྷན་སྐྱེས་དག་པའི་སྐུ་དང་། ལྷ་སོགས་ཆོས་སྐུ། སྐུ་རྣམས་ལོངས་སྤྱོད་རྫོགས་སྐུ། གཏུམ་མོ་རྣམས་སྤྲུལ་པའི་སྐུའོ། །ཕྱི་རོལ་དུ་དབྱུག་གུ་དང་ཉིན་མཚན་དང་


MR25_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་དང་ཟླ་བ་ལོ་ཡི་འཕོ་བས་རིམ་པར་དབྱེ་བ་སོགས་ཀྱིས་དག་པས་འཁོར་གྱི་ལྷ་རྣམས་ཀྱི་ཁྱབ་བྱེད་གཉིས་སུ་མེད་པ་དཔལ་ལྡན་རྡོ་རྗེ་ཅན་ཡབ་ཡུམ་ནི་བརྟན་གཡོ་ཀུན་ལ་ཁྱབ་པའི་ཆོས་ཉིད་ཡིན་ཏེ་འགྱུར་མེད་ཀྱི་བདེ་བ་དང་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དབྱེར་མེད་པའོ། །རང་གི་སྙིང་གའི་པད་མར་རྩ་ཡི་འཁོར་ལོ་ལ་གནས་པའི་ང་དག་པའི་དབང་གིས་དུ་བ་ལ་སོགས་པའི་ནུས་མ་རྣམས་སོ། །ལས་ཀྱི་ང་གིས་བསྐྱེད་པའི་ཉོན་མོངས་པ་མཐའ་དག་ཟིལ་གྱིས་གནོན་པའི་ཕྱིར་ཞབས་གཉིས་ཀྱིས་བདུད་དང་དྲག་པོ་མནན་པ། གནས་སྐབས་རྣམ་བཞི་དག་པའི་རྡོ་རྗེ་བཞི་ཡི་ངོ་བོ་ཆོས་ཀྱི་དུང་སོགས་བཞི། ཁུ་རྡུལ་སོགས་འགག་པའི་བུམ་པ་བཅུ། འདུ་བྱེད་རྣམ་པར་དག་པའི་དོན་གྲུབ། ཚོར་བ་དྲི་མེད་ནོར་བུའི་ཕྱག་སྟེ་རིན་འབྱུང་། འདུ་ཤེས་སྣང་མཐའ། གཟུགས་འཁོར་ལོ་ཅན་རྣམ་སྣང་། རྣམ་པར་ཤེས་པ་མི་བསྐྱོད་པའི་ངོ་བོ་བཅོམ་ལྡན་འདས། དེ་བཞིན་དུ་ཁམས་དྲུག་རྣམ་པར་དག་པ་ཡུམ་ཆེན་དྲུག དབང་པོ་དྲུག སེམས་དཔའ་དྲུག ཡུལ་དྲུག་ནི་གཟུགས་རྡོ་རྗེ་མ་སོགས་དྲུག ཁ་དང་རྐང་ལག་རྐུབ་ཀྱི་གནས་བཞི་དང་། སླར་ཡང་ལས་ཀྱི་དབང་པོ་ལྔ་དང་། འདོམ་དབང་ལ་ཁུ་བ་འཕོ་བ་ཡེ་ཤེས་ཀྱི་ཁམས་ལོགས་སུ་ཕྱེ་བ་ཡུལ་དང་བཅས་པ་རྣམ་པར་དག་པ་སྒོ་སྐྱོང་ཁྲོ་བོ་བཅུ་ཡབ་ཡུམ། ཐུན་བརྒྱད་དག་པའི་ཙ་རྩི་ཀ་


MR25_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བརྒྱད། དུས་སྦྱོར་གྱི་འཕོ་བའི་མཚམས་དང་བཅས་པའི་དབྱུག་གུ་དྲུག་ཅུ་རྩ་བཞི་དག་པའི་རྣལ་འབྱོར་མ་རེ་བཞི། ལུས་ཀྱི་ཚིགས་དང་ཚིགས་ཕྲན་དང་དུས་ཀྱི་དབང་དུ་དབུགས་དང་ཆུ་ཚོད་ཞག་གི་ཆ་ཡི་རང་བཞིན་ཟླ་བ་བཅུ་གཉིས་དག་པའི་ལྷ་ཆེན་པོ་ཡབ་ཡུམ་དང་བཅས་པའི་ཚེས་ལྷ་སུམ་བརྒྱ་དྲུག་ཅུ་སོགས་དང་། ལུས་ཀྱི་བྱ་བ་རྣམ་པར་དག་པའི་འདོད་མ་དང་ཕྱིར་འདོད་མའི་ཚོགས་དང་། སྐྲ་སོགས་སྤུ་དང་བ་སྤུ་དག་པའི་གྲུབ་པ་དང་འབྱུང་པོའི་ཚོགས་དང་བཅས་པའོ། །གསང་བའི་འཁོར་ལོའི་རྩ་འདབ་དང་གྲངས་མཚུངས་པར་ཕྱོགས་མཚམས་ཀྱི་ཀླུ་དང་གཏུམ་མོ་བརྒྱད་བརྒྱད་ཀྱི་ངོ་བོར་རྣམ་པར་དག་པ་ལྟེ་བའི་རྩ་འདབ་དང་དེ་ལ་གནས་པའི་ང་རྣམ་པར་དག་པའི་རྣལ་འབྱོར་མ་ཡི་ཚོགས། སྙིང་གའི་རྩ་འདབ་རྣམ་པར་དག་པའི་ནུས་མ་བརྒྱད། མགྲིན་པའི་རྩ་འདབ་རྣམ་པར་དག་པའི་བྱང་ཆུབ་སེམས་དཔའ་དང་སྒོ་སྐྱོང་ཁྲོ་བོ་བཞི་ཡབ་ཡུམ། སྤྱི་བོའི་རྩ་འདབ་རྣམ་པར་དག་པའི་བདེ་གཤེགས་ཡབ་ཡུམ་བཅུ་དྲུག ལུས་ཀྱི་འཁོར་ལོ་ཚིགས་ཆེན་བཅུ་གཉིས་དང་། བྱ་བའི་འཁོར་ལོ་སོར་ཚིགས་རྣམས་ཀྱི་རྩ་འདབ་དག་པའི་ཚེས་ལྷ་དག་རབ་གཏུམ་མ་རྣམས་དང་གཙུག་ཏོར་དང་རྡོ་རྗེ་ནོར་བུའི་རྩ་འདབ་རྣམ་པར་དག་པའི་མི་བསྐྱོད་པ་དང་རྡོར་སེམས་ཡབ་ཡུམ་སྟེ། མདོར་ན་ཕྱི་འཇིག་རྟེན་གྱི་བཀོད་པ། རླུང་ལ་སོགས་པའི་དཀྱིལ་འཁོར་དང་རི་གླིང་ལྷུན་པོ་ལྷ་དང་མིའི་གནས་སོགས་


MR25_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ལོ་ཟླ་ཞག་དུས་ཀྱི་ཆ་རྣམས་དང་། ནང་དུ་ལུས་ཀྱི་ཁམས་རྣམས་དང་རྩ་དང་རླུང་གི་ཚོགས་དང་། དེ་ལ་བརྟེན་པའི་ཀུན་ཏུ་རྟོག་པ་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་དཀྱིལ་འཁོར་གྱི་འཁོར་ལོ་རྟེན་དང་བརྟེན་པར་བཅས་པ། བྱང་ཕྱོགས་དང་ཕར་ཕྱིན་རྣམ་ཐར་ལ་སོགས་པའི་ཟག་པ་མེད་པའི་ཆོས་ཀྱི་བདག་ཉིད་དུ་གྱུར་པའི་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་མཉམ་པ་ཉིད་དུ་གནས་པའོ། །བཞི་པ་ཡེ་ཤེས་ཀྱི་འཁོར་ལོ་དགུག་ཅིང་བསྟིམ་པ་ནི། རང་གི་སྙིང་གར་ཧུཾ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཤུགས་དུས་མཐའི་སྤྲིན་གྱི་མདོག་ཅན་ཞལ་བཞི་པ། འོད་ཟེར་སྔོན་པོ་དང་ལྡན་པ་འཇིགས་པའི་སྐུ། རབ་ཏུ་བཞད་ཅིང་མཆེ་བ་ཕྱེད་གཙིགས་པ། སྒྲ་དྲག་པོ་སྒྲོགས་པ། སྤྱན་བཅུ་གཉིས་པ། ཕྱག་ཉེར་དྲུག་པ། ཐབས་དང་ཤེས་རབ་ལས་བྱུང་བ་གཙོ་བོ་བཞིན་དུ་མཚོན་ཆ་རྣམས་དང་བཅས་པ། གླང་པོའི་པགས་པའི་གོས་ཅན་ཕྱག་རྒྱ་ལྔ་དང་ལྡན་ཞིང་མི་བསྐྱོད་པའི་དབུ་རྒྱན་ཅན། ཐོད་པ་ལྔ་དང་མགོ་ཕྲེང་དང་སྦྲུལ་གྱིས་བརྒྱན་པ། ཞབས་གཉིས་པ་རྐང་པ་བརྒྱད་པས་དྲངས་པའི་ཤིང་རྟ་ལ་གནས་པ་ནམ་མཁའི་ཁམས་སུ་སྤྲོས་ཏེ། འཁོར་ལོའི་དབང་ཕྱུག་གི་ལྟེ་བར་རྡོ་རྗེ་ལྕགས་ཀྱུས་བཏབ་ཅིང་། ཕྱག་ཉེར་བཞི་པོ་རྣམས་རྡོ་རྗེ་ཞགས་པས་བཅིངས་ནས་མཚོན་ཆ་ལྷག་མ་རྣམས་ཀྱིས་བསྡིགས་ཏེ་


MR25_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བཅས་གཞལ་ཡས་ཁང་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་གྱུར། ལྕགས་ཀྱུའི་ཕྱག་རྒྱ་བཅས། ཨོཾ་ཤྲཱི་ཀཱ་ལ་ཙཀྲ་ས་པ་རི་ཝཱ་ར་བཛྲ་བྷེ་ར་ཝ་ཨཱ་ཀརྵཱ་ཡ་ཛཿ ཞེས་པས་དགུག་བཀུག་པར་བྱས་ཏེ། ཁྲོ་བོའི་དབང་པོ་སླར་རང་ཉིད་ལ་ཞུགས་པར་གྱུར། མདུན་གྱི་ལྷ་ལ། ཨོཾ་ཤྲཱི་ཀཱ་ལ་ཙཀྲ་ས་པ་རི་ཝཱ་ར་བཛྲ་གནྡྷ྄ཾ་པྲ་ཏཱི་ཙྪ་ན་མཿ དེ་བཞིན། བཛྲ་པུཥྤཾ་པྲ་ཏཱིཙྪ་སོགས་སྦྱར་ཏེ། བཛྲ་དྷཱུ་པཾ། བཛྲ་དཱི་པཾ། བཛྲ་ནི་ཝི་དྱཾ། བཛྲ་ཨཀྵ་ཏཾ། བཛྲ་ལཱ་སྱཾ། བཛྲ་ཧཱ་སྱཾ། བཛྲ་ཝཱ་དྱཾ། བཛྲ་ནྲྀ་དྱཾ། བཛྲ་གཱི་ཏཾ། བཛྲ་ཀཱ་མཾ་པྲ་ཏཱི་ཙྪ་ན་མཿ ཞེས་ལྷ་མོ་བཅུ་གཉིས་ཀྱིས་མཆོད་ནས། རྡོ་རྗེའི་ཕྱག་རྒྱ་བཅས་ཏེ། པྲཛྙཱནྟ་ཀ་ཧཱུཾ། ཞེས་བརྗོད་པས། ཤེས་རབ་མཐར་བྱེད་ཀྱིས་དམ་ཚིག་པ་ལ་གཞུག ཞགས་པའི་ཕྱག་རྒྱ་དང་བཅས། ཡ་མཱནྟ་ཀ་བཾ། ཞེས་བརྗོད་པས། གཤིན་རྗེ་མཐར་བྱེད་ཀྱིས། དབྱེར་མེད་པར་བཅིངས། དྲིལ་བུའི་ཕྱག་རྒྱ་བཅས་ཏེ། པདྨཱནྟ་ཀ་ཧོཿ ཞེས་བརྗོད་པས་པདྨ་མཐར་བྱེད་ཀྱིས་མཉེས་པར་བྱས། དབྱུག་པའི་ཕྱག་རྒྱ་དང་བཅས། བིགྷྣཱནྟ་ཀ་ཧི། ཞེས་བརྗོད་པས་བགེགས་མཐར་བྱེད་ཀྱིས་རོ་མཉམ་དུ་བྱས་པར་བསམ་མོ། །དེ་ལྟར་ཡང་གཙོ་བོ་ཡབ་ཡུམ་ལ་གཙོ་བོ་ཡབ་ཡུམ་སོགས་ལྷ་སོ་སོར་སོ་སོ་དང་། གཞལ་ཡས་ཁང་ལ་གཞལ་ཡས་ཁང་ཐིམ་སྟེ། མདོར་ན་རྟེན་དང་བརྟེན་པ་ཇི་ལྟར་སྣང་བའི་དམ་ཚིག་པ་རྣམས་ལ་ཡེ་ཤེས་པ་རོ་མཉམ་པར་བསམ་མོ། །ལྔ་པ་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་ཅིང་དབང་བསྐུར་བ་ནི། ལྷ་རྣམས་ཀྱི་དཔྲལ་བར་ཟླ་དཀྱིལ་ལ་ཨོཾ། མགྲིན་པར་ཉི་མ་ལ་ཨཱཿ


MR25_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གར་སྒྲ་གཅན་ལ་ཧཱུཾ། ལྟེ་བར་དུས་མེ་ལ་ཧོ། རྣམས་ཀྱིས་རྒྱས་གདབ་པ་ཐུགས་ཀྱི་རྒྱས་གདབ་ཏུ་གསུངས། གསང་བར་སྭཱ། གཙུག་ཏོར་དུ་ཧཱ། རྡོ་རྗེ་ནོར་བུའི་རྩེ་མོར་ཨ་ཡེ་ཤེས་ཀྱི་རྒྱས་གདབ་པོ། །སླར་ཡང་ལྟེ་བར་ས་དཀྱིལ་ལ་ལྀ། སྙིང་གར་ཆུ་ལ་ཨུ། མགྲིན་པར་མེ་ལ་རྀ། དཔྲལ་བར་ང་ལ་ཨི། གཙུག་ཏོར་དུ་ནམ་མཁའ་ལ་ཨ་སྟེ་རང་བྱུང་གི་དབྱངས་ལྔ་གསུང་གི་རྒྱས་གདབ་བོ། །སྐུ་ཡི་རྒྱས་གདབ་ནི། དཔྲལ་བར་ཨ་ལས་ཟླ་དཀྱིལ་ལ། ཨོཾ་ལས་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་ཡོངས་སུ་གྱུར་པ་ལས། སྐུ་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ། སྐུ་མདོག་དང་རྩ་བའི་ཞལ་དཀར་པོ། གཡས་ནག་ཅིང་གཡོན་དམར་བ། གཡས་གསུམ་འཁོར་ལོ་རྡོ་རྗེ་པདྨ། གཡོན་གསུམ་རལ་གྲི་དྲིལ་བུ་ནོར་བུ་འཛིན་ཅིང་རང་འདྲའི་ཡུམ་དང་བཅས་པ། མགྲིན་པར་ར་ལས་ཉི་དཀྱིལ་ལ། ཨཱ་ལས་པདྨ་དམར་པོ་འདབ་བརྒྱད་ཡོངས་སུ་གྱུར་པ་ལས་གསུང་རྡོ་རྗེ་དམར་པོ། དམར་དཀར་ནག་པའི་ཞལ་གསུམ་པ། ཕྱག་དྲུག་གཡས་གསུམ་པདྨ་རྡོ་རྗེ་འཁོར་ལོ། གཡོན་གསུམ་ནོར་བུ་དྲིལ་བུ་རལ་གྲི་འཛིན་ཅིང་རང་འདྲའི་ཡུམ་དང་བཅས་པ། སྙིང་གར་ཨཾ་ལས་སྒྲ་གཅན་གྱི་དཀྱིལ་འཁོར་ལ། ཧུཾ་ལས་བྱུང་བའི་རྡོ་རྗེ་ནག་པོ་ཡོངས་གྱུར་ཐུགས་རྡོ་རྗེ་ནག་པོ། ནག་དམར་དཀར་བའི་ཞལ་གསུམ་པ། ཕྱག་དྲུག་གི་གཡས་གསུམ་རྡོ་རྗེ་འཁོར་ལོ་


MR25_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ། གཡོན་གསུམ་དྲིལ་བུ་རལ་གྲི་ནོར་བུ་འཛིན་པ་རང་འདྲའི་ཡུམ་དང་བཅས་པ་རྣམས་འཁོད་པ་ལས། རང་འདྲ་ནམ་མཁའི་ཁམས་གང་བ་སྤྲོས་ཏེ་སྐུ་གསུང་ཐུགས་རྡོ་རྗེས་འདུལ་བའི་སེམས་ཅན་རྣམས་ལ་ཆོས་བསྟན་ནས། སླར་ཡང་རང་གི་མདུན་གྱི་ནམ་མཁར་བཞུགས་པ་ལ། བཛྲ་གནྡྷཾ་སོགས་ཀྱིས་མཆོད་ནས། དཔལ་ལྡན་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཛིན། །མི་ཕྱེད་རྡོ་རྗེ་གསུམ་དུ་རབ་བསྒོམས་པས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན་གྱིས་ནི། །དེང་བདག་བྱིན་གྱིས་བརླབ་པའི་གནས་སུ་མཛོད། །ཅེས་གསོལ་བ་བཏབ་པས་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་རིགས་ཀྱི་ལྷ་མོ་རྣམས་ཀྱིས་བུམ་པས་དབང་བསྐུར་ཞིང་། རྡོ་རྗེ་གསུམ་གྱི་ལྷ་ཚོགས་རྣམས་ཀྱིས་བྱིན་གྱིས་བརླབས་ཏེ་རང་གི་གནས་གསུམ་དུ་འདུས་ཤིང་འཁོད་པར་བསམས་ལ། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །མི་ཕྱེད་རྡོ་རྗེ་གསུམ་བསྒོམས་པས། །སྐུ་ཡི་རྡོ་རྗེ་ཅན་གྱིས་ནི། །དེང་བདག་བྱིན་གྱིས་བརླབ་པར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །མི་ཕྱེད་རྡོ་རྗེ་གསུམ་བསྒོམས་པས། །གསུང་གི་རྡོ་རྗེ་ཅན་གྱིས་ནི། །དེང་བདག་བྱིན་གྱིས་བརླབ་པར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །མི་ཕྱེད་རྡོ་རྗེ་གསུམ་བསྒོམས་པས། །ཐུགས་ཀྱི་རྡོ་རྗེ་ཅན་གྱིས་ནི། །


MR25_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

དེང་བདག་བྱིན་གྱིས་བརླབ་པར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པས་སྒོ་གསུམ་སྐུ་གསུང་ཐུགས་རྡོ་རྗེའི་བདག་ཉིད་དུ་གྱུར་པར་བསམ་མོ། །བསྡུ་ན་དབང་བསྐུར་བ་འདི་ཙམ་གྱིས་ཆོག་པར་དམ་པ་རྣམས་བཞེད། རྒྱས་པར་བྱེད་ན། བཤད་མ་ཐག་པ་ནི་ཁུ་བའི་ཆོས་ལས། ཐབས་རིགས་གསུམ་གྱིས་བྱིན་གྱིས་བརླབས་པ་ཡིན་ལ། རྡུལ་དང་ཁུ་བའི་ཆོས་ལས་ཤེས་རབ་རིགས་དྲུག་གི་བྱིན་གྱིས་བརླབ་པ་ནི། རང་གི་དཔྲལ་བར་ཨོཾ་ལས་སྐུ་རྡོ་རྗེ། མགྲིན་པར་ཨཱཿལས་གསུང་རྡོ་རྗེ། ཐུགས་ཀར་ཧཱུྃ་ལས་ཐུགས་རྡོ་རྗེ། ཤེས་རབ་མའི་ལྟེ་བར་ཧོཿལས་སྐུ་རྡོ་རྗེ། གསང་བར་སྭཱ་ལས་གསུང་རྡོ་རྗེ། གཙུག་ཏོར་དུ་ཧཱ་ལས་ཐུགས་རྡོ་རྗེ་རྣམས་རང་རང་གི་ཤེས་རབ་མ་དང་བཅས་པ་འཁོད་པ་ལས། སྤྲོས་པའི་ལྷ་ཚོགས་ནམ་མཁའ་གང་བ་རྣམས་ཀྱིས། སྐུ་གསུང་ཐུགས་ཀྱི་གདུལ་བྱ་ལ་ཆོས་བསྟན་ནས་སླར་རང་གི་མདུན་མཁར་འཁོད་པ་ལ། བཛྲ་གནྡྷཾ་སོགས་ཀྱིས་མཆོད་ནས། སྐུ་གསུང་ཐུགས་རྡོ་རྗེ་འཛིན་པས་བདག་ལ་དབང་བསྐུར་དུ་གསོལ། །ཞེས་གསོལ་བ་བཏབ་པས། སྐུ་གསུང་ཐུགས་ཀྱི་རིགས་ཀྱི་ལྷ་མོ་རྣམས་ཀྱིས་བུམ་པ་བདུད་རྩིས་གང་བས་དབང་བསྐུར་བར་གྱུར། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །རྡོ་རྗེ་གསུམ་འཛིན་ཅན་གྱིས་ནི། །བྱིན་བས་གནས་སུ་དེང་ཁྱོད་བགྱིད། །ཅེས་དབང་བསྐུར་ཞིང་རྡོ་རྗེ་གསུམ་གྱི་ལྷ་ཚོགས་རྣམས་


MR25_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

རང་དང་ཤེས་རབ་མའི་གནས་གསུམ་དུ་བསྡུས་ཏེ་རོ་མཉམ་དུ་གྱུར་པར་བསམ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཏ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་དེ་ལྟར་ང་རྒྱལ་བྱའོ། །སྤྲོས་པའི་ཚུལ་དུ་དབང་བླང་བར་འདོད་ན། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས་དབང་གི་ལྷ་གཤེགས་པ་གཤེགས་མ། སེམས་དཔའ་སེམས་མ། ཁྲོ་བོ་ཁྲོ་མོའི་ཚོགས་རྣམས་བཛྲ་ས་མཱ་ཛཿ ཞེས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བཅས་སྤྱན་དྲངས་ལ། བཛྲ་གནྡྷཾ། སོགས་ཀྱིས་མཆོད་དེ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་བསྩལ་བ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་གསོལ་བ་བཏབ་པས། ནམ་མཁར་བཞུགས་པའི་དབང་གི་ལྷ་རྣམས་ཀྱིས། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཞེས་གསུངས་ཤིང་ཡུམ་རྣམས་ཀྱི་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བས་དབང་བསྐུར་བར་བསམ་ལ། ཨོཾ་ཨཱ་ཨཱི་རཱྀ་ཨཱུ་ལཱྀ། པཉྩ་དྷཱ་ཏུ་བི་ཤོ་དྷ་ནི་སྭཱ་ཧཱ། ཁམས་ལྔ་ཡུམ་ལྔར་གནས་གྱུར། ཨོཾ་ཨ་ཨི་རྀ་ཨུ་ལྀ་པཉྩ་ཏ་ཐཱ་ག་ཏ་པ་རི་ཤུདྡྷ་སྭཱ་ཧཱ། ཞེས་དེ་བཞིན་གཤེགས་པ་རྣམས་ཀྱིས་ཅོད་པན་གྱིས་དབང་བསྐུར་བས་ཕུང་པོ་ལྔ་སངས་རྒྱས་ལྔར་གནས་གྱུར། དེ་བཞིན་དུ་ནུས་མ་རྣམས་ཀྱིས་དར་དཔྱངས་དཀར་སེར་དམར་ནག་ཟུང་དང་། སྔོ་ལྗང་བཅུས་དབང་


MR25_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་བས་རླུང་བཅུ་ནུས་མ་བཅུར་གྱུར། གཙོ་བོ་ཡབ་ཡུམ་གྱིས་རྡོ་རྗེ་དང་དྲིལ་བུས་དབང་བསྐུར་བས་རོ་རྐྱང་གི་དྲི་མ་འཁྲུད་ཅིང་དངོས་གྲུབ་ཐོབ། སེམས་དཔའ་སེམས་མ་རྣམས་ཀྱིས་མེ་ཏོག་སིལ་མ་ཁ་དོག་དྲུག་པས་བརྟུལ་ཞུགས་ཀྱི་དབང་བསྐུར་བས་དབང་ཡུལ་སེམས་དཔའ་སེམས་མར་གྱུར། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་དཔུང་པ་དང་ལག་པ་རྐང་པའི་གདུ་བུ་དྲུག་བྱིན་ཅིང་རྡོ་རྗེའི་མིང་གིས་དབང་བསྐུར་བས་ལས་དབང་བྱ་བ་དང་བཅས་པ་ཁྲོ་བོ་ཁྲོ་མོར་གྱུར། རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱིས་འཁོར་ལོ་སོགས་ཕྱག་མཚན་ལྔ་ལ་བརྟེན་ནས། གཞན་དོན་བྱེད་པའི་རྗེས་གནང་འདོགས་དང་བཅས་པའི་དབང་བསྐུར་བས་ཁྱབ་བྱེད་ཡེ་ཤེས་ཀྱི་ཕུང་ཡུལ་རྡོར་སེམས་ཡབ་ཡུམ་དུ་གྱུར་ཅིང་སེམས་ཅན་གྱི་དོན་བྱེད་པ་ལ་དབང་བར་བྱས་སོ། །འདི་རྣམས་རྒྱས་པར་གསོལ་འདེབས་དང་དབང་བསྐུར་བའི་སྔགས་སོ་སོར་སྦྱར་བ་མཛད་ཀྱང་བསྡུས་པར་འདིས་ཀྱང་ཆོག་གོ ། དེ་ལྟར་བྱིས་པ་འཇུག་པའི་དབང་བདུན་པོ་ཐོབ་སྟེ་ས་བདུན་ཐོབ་པར་གྱུར་སྙམ་དུ། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པྟ་ཨ་བྷི་ཥེ་ཀ་ས་པྟ་བྷཱུ་མི་པྲཱ་པྟོ་྅ཧཾ ཞེས་བརྗོད་དེ་ང་རྒྱལ་བཟུང་ངོ་། །དབང་གོང་མ་གསུམ་ནི་ཕྲ་ཐིག་གི་རྣལ་འབྱོར་ལས་འགྲུབ་པའི་ཕྱི་སྐབས་འདིར་མ་བྱས་ཀྱང་ཆོག་པར་བཞེད་མོད། ཏིང་ངེ་འཛིན་གྱི་སྒོ་ནས་བླངས་བར་བྱས་ཀྱང་ལེགས་པའི་ཡན་ལག་ཏུ་འགྱུར་ཕྱིར། སླར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་གོང་མ་གསུམ་བསྐུར་དུ་གསོལ། ཞེས་གསོལ་


MR25_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཏབ་པས། གཙོ་བོའི་ཐུགས་ཀ་ནས་མཚན་ཉིད་དང་ལྡན་པའི་རིག་མ་བྱུང་བ་གཏད་དེ། དེའི་ནུ་མ་ལ་རེག་པ་ལས་སྐྱེས་པའི་དགའ་བ་སོགས་ལ་བརྟེན་ནས་བུམ་པའི་དབང་བསྐུར་བ་ཐོབ། གཙོ་བོ་ཡབ་ཡུམ་གྱི་བདུད་རྩི་བྱང་ཆུབ་སེམས་ཀྱིས་གསང་བའི་དབང་བསྐུར། ཤེས་རབ་མ་གཏད་པ་དེ་དང་མཉམ་པར་སྦྱོར་བས་དགའ་བ་བཞི་དྲངས་ཏེ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། དེ་ལ་བརྟེན་ནས་མས་བརྟན་གྱི་དགའ་བ་བཞིའི་མཐར་མི་འགྱུར་བའི་བདེ་བ་དང་རྣམ་ཀུ ན་མཆོག་ལྡན་གྱི་སྟོང་ཉིད་དབྱེར་མེད་པ་མཚོན་བྱ་དོན་གྱི་ཡེ་ཤེས་ལྷན་ཅིག་སྐྱེས་པ་མངོན་དུ་བྱས་ཏེ། ཤེས་རབ་ཡེ་ཤེས་ཆེན་པོའི་དབང་ངམ་དབང་བཞི་པ་ཐོབ་པའི་ང་རྒྱལ་བཟུང་ངོ་། །དྲུག་པ་རྒྱས་གདབ་པ་ནི། དེ་ལྟར་དབང་བཅུ་གཅིག་ཐོབ་པས་གནས་སྐབས་བཞིའི་དྲི་མ་བག་ཆགས་དང་བཅས་པ་དག་པར་བྱས་ནས་དབང་ཐོབ་པའི་རྟགས་སུ་རང་རང་གི་རིགས་ཀྱི་བདག་པོས་རྒྱས་གདབ་པ་ནི། གཙོ་བོ་དང་རྡོར་སེམས་རྣམ་སྣང་རྣམས་ལ་མི་བསྐྱོད་པ་ལྗང་གུ་ས་གནོན་གྱི་ཕྱག་རྒྱ་ཅན་གྱིས་རྒྱས་བཏབ། དེ་དག་གི་ཡུམ་རྣམས་དང་མི་བསྐྱོད་པ་ལ་རྡོ་རྗེ་སེམས་དཔའ་སྔོན་པོ་ས་གནོན་གྱི་ཕྱག་རྒྱ་ཅན་གྱིས་རྒྱས་བཏབ། སྣང་མཐའ་ལ་རྣམ་པར་སྣང་མཛད་སེར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་གྱིས་རྒྱས་བཏབ། རིན་འབྱུང་ལ་འོད་དཔག་མེད་དཀར་པོ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན་གྱིས་རྒྱས་བཏབ། དོན་ཡོད་གྲུབ་པ་ལ་རིན་ཆེན་དབང་པོ་


MR25_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ་མཆོག་སྦྱིན་གྱི་ཕྱག་རྒྱ་ཅན་གྱིས་རྒྱས་བཏབ། དེ་ལྟར་རྒྱས་གདབ་བྱ་དྲུག་རལ་པའི་ཅོད་པན་འཛིན་པ་ལ། རྒྱས་འདེབས་བྱེད་རྣམས་གཙུག་ཏོར་དང་ཆོས་གོས་ངུར་སྨྲིག་འཛིན་པ་རྣམ་དག་སྤྲུལ་པའི་སྐུའི་ཆ་བྱད་ཅན་གྱིས་རྒྱས་བཏབ། ལྷ་དང་ལྷ་མོ་ལྷག་མ་རྣམས་ཀྱི་རིན་པོ་ཆེ་སྣ་ཚོགས་པའི་ཅོད་པན་ལ། རང་རང་གི་རིགས་ཀྱི་བདག་པོས་རྒྱས་འདེབས་ཏེ། རྣམ་པར་ཤེས་པའི་རིགས་ལས་བྱུང་བ་ལྗང་གུ་རྣམས་ལ་མི་བསྐྱོད་པ་དང་། འདུ་བྱེད་ཀྱི་རིགས་ལས་བྱུང་བ་ནག་པོ་རྣམས་ལ་དོན་ཡོད་གྲུབ་པ་དང་། ཚོར་བའི་རིགས་ལས་བྱུང་བ་དམར་པོ་རྣམས་ལ་རིན་ཆེན་འབྱུང་ལྡན་དང་། འདུ་ཤེས་ཀྱི་རིགས་ལས་བྱུང་བ་དཀར་པོ་རྣམས་ལ་སྣང་བ་མཐའ་ཡས་དང་། གཟུགས་ཀྱི་རིགས་ལས་བྱུང་བ་སེར་པོ་རྣམས་ལ་རྣམ་པར་སྣང་མཛད་དང་། ཡེ་ཤེས་ཀྱི་རིགས་ལས་བྱུང་བ་སྔོན་པོ་རྣམས་ལ་རྡོ་རྗེ་སེམས་དཔས་རྒྱས་བཏབ་བོ། །ལྷ་རྣམས་ཀྱི་གཙུག་ཏོར་ནམ་མཁའི་འཁོར་ལོར་ཨ་ཡིག་མི་བསྐྱོད་པ། སྙིང་གར་སྒྲ་གཅན་ལ་ཨི་ཡིག་དོན་གྲུབ། མགྲིན་པར་ཉི་དཀྱིལ་ལ་རྀ་ཡིག་རིན་འབྱུང་། དཔྲལ་བར་ཟླ་དཀྱིལ་ལ་ཨུ་ཡིག་སྣང་མཐའ། ལྟེ་བར་དུས་མེའི་དཀྱིལ་འཁོར་ལ་ལྀ་ཡིག་རྣམ་སྣང་། གསང་བར་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཨཾ་ཡིག་རྡོར་སེམས་ཀྱིས་རྒྱས་བཏབ། ལྷ་རྣམས་ཀྱི་ལྟེ་བ་སྙིང་ག་མགྲིན་པ་དཔྲལ་བ་གཙུག་ཏོར་རྣམས་སུ། ས་ཆུ་མེ་རླུང་ནམ་མཁའི་དཀྱིལ་འཁོར་ལ་ལྀ་ཨུ་རྀ་


MR25_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཨི་ཨའོ། །དཔྲལ་མགྲིན་སྙིང་ག་ལྟེ་བར་ཟླ་ཉི་སྒྲ་གཅན་དུས་མེའི་དཀྱིལ་འཁོར་ལ་ཨོཾ་ཨཱཿཧཱུྃ་ཧོ་དང་། རྡོ་རྗེ་ནོར་བུར་གཞོམ་མེད་ཨ་ཡིག་གིས་རྒྱས་གདབ་རྣམས་ཇོ་ལུགས་སྐབས་འདིར་གསུངས ། བུ་ལུགས་སྔར་བྱིན་རླབས་སྐབས་སུ་སོང་། གསུམ་པ་ཐིག་ལེ་རྫོགས་པ་སྒྲུབ་པའི་ཡན་ལག་ཐིག་ལེའི་རྣལ་འབྱོར་ནི། རང་དང་ཤེས་རབ་མའི་དཔྲལ་མགྲིན་སྙིང་ལྟེ་གསང་བ་སྤྱི་བོར་ཨོཾ་ཨཱཿཧཱུྃ་ཧོ་སྭཱ་ཧཱ་རྣམས་གསལ་ཞིང་། ཤེས་རབ་ཀྱི་མཁའ་ཨཱཿལས་པདྨ་དམར་པོ་འདབ་མ་བརྒྱད་པ་ལ་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་སྔོན་པོ་ཕྲ་མོས་མཚན་པ། རང་གི་རྡོ་རྗེ་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ། ཨཱཿལས་པདྨ་དམར་པོས་མཚན་པར་བསམ། ལུས་ཀྱི་ལྟེ་བར་ཧྲླཱྀ། སྙིང་གར་ཧྲཱུཾ། མགྲིན་པར་ཧྲྼཱྀ། དཔྲལ་བར་ཧྲཱིཾ། གཙུག་ཏོར་དུ་ཧྲཱཾ། གསང་གནས་སུ་ཧྲཱཿ སྟེ་ཡན་ལག་དྲུག་ཀྱང་བསྒོམ། མ་བསྒོམས་ཀྱང་རུང་གསུངས། ཡང་། དཔྲལ་མགྲིན་སྙིང་ལྟེ་སྤྱི་བོ་གསང་བ་རྣམས་སུ་ཨོཾ་ཨཱཿཧཱུྃ་ཧོ་ཧཾ་ཀྵ་རྣམས་ཀྱང་བསྒོམས་ནས། ཡབ་ཡུམ་སྙོམས་པར་ཞུགས་པས་ལྟེ་བའི་ཧོཿཡིག་ལས་གློག་དང་མཚུངས་པའི་གཏུམ་མོ་ཡེ་ཤེས་ཀྱི་མེ་འབར་བས། དེ་བཞིན་གཤེགས་པ་ལྔའི་རང་བཞིན་གཡོན་གྱི་དཀྱིལ་འཁོར་ཕུང་པོ་ལྔའི་རླུང་དང་། ཡུམ་ལྔའི་རང་བཞིན་གཡས་ཀྱི་དཀྱིལ་འཁོར་ཁམས་ལྔའི་རླུང་རྣམས་བསྲེགས་ཤིང་། མིག་སོགས་དབང་དྲུག་ཡུལ་དྲུག་ལ་འཇུག་པ་ཐམས་ཅད་


MR25_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེགས་ནས་རླུང་མི་རྒྱུ་བར་བྱས་པས་དབང་པོ་ཡུལ་ལ་འཇུག་པ་མེད་པར་བྱས་ནས། མེ་དེ་དྷཱུ་ཏི་ནས་ཡར་སོང་བས་སྤྱི་བོའི་ཧཾ་ཡིག་ཞུ་བ་ལས་ཐིག་ལེའི་རྒྱུན་མགྲིན་པར་སླེབས་པས་དགའ་བ་སྙིང་གར་སླེབས་པས་མཆོག་དགའ། ལྟེ་བར་ཁྱད་པར་གྱི་དགའ་བ། གསང་བར་ལྷན་ཅིག་སྐྱེས་པའི་དགའ་བ་མངོན་དུ་བྱས་པ་ནི། ཐིག་ལེའི་རྣལ་འབྱོར་ཏེ། དེའི་དོན་ལ་གནས་བཞིན། ཨོཾ་ཛྙཱ་ན་པཱུ་ཛ་ཨ་ནུ་རཀྟོ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད། བཞི་པ་བདེ་བ་རྫོགས་པ་སྒྲུབ་པ་ཆེན་པོའི་ཡན་ལག་ཕྲ་མོའི་རྣལ་འབྱོར་ནི། སླར་ཡང་ཧཱུྃ་གི་གདངས་དང་རླུང་གི་སྟོབས་ཀྱིས་ཤེས་རབ་ཀྱི་ཆོས་འབྱུང་སོགས་སུ་བབ་པའི་ཐིག་ལེ་ཡུངས་འབྲུའི་ཚད་ཙམ་དྷཱུ་ཏིའི་མར་སྣ་ནས་ཡར་དྲངས་ཏེ། སྔར་ཇི་ལྟར་བྱོན་པ་དེ་བཞིན་སྟེང་དུ་གཤེགས་པས། ལྟེ་བར་རྒྱུ་མཐུན་པའི་འབྲས་བུ་ལྷན་ཅིག་སྐྱེས་པའི་སྐུ་དང་། སྙིང་གར་རྣམ་པར་སྨིན་པའི་འབྲས་བུ་ཆོས་ཀྱི་སྐུ་དང་། མགྲིན་པར་སྐྱེས་བུ་བྱེད་པའི་འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་དང་། དཔྲལ་བར་དྲི་མ་དང་བྲལ་བའི་འབྲས་བུ་སྤྲུལ་པའི་སྐུ་རྣམས་མངོན་དུ་བྱས། དྲི་མ་མེད་པའི་ཐིག་ལེ་དེ་ཡིས་པྲ་ཕབ་པ་ལྟར་ཡེ་ཤེས་ཀྱི་འཁོར་ལོ་སྤྲོས་པས། ཁམས་གསུམ་ཐམས་ཅད་སྐུ་གསུང་ཐུགས་ཀྱི་ཐིག་ལེར་བསྐྱེད་རིམ་གྱིས་སྦྱངས་ནས། འཕོ་མེད་བདེ་བའི་འོད་ཟེར་གྱིས་སྲིད་གསུམ་


MR25_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དག་དུས་ཅིག་ཆར་ཤེས་པའི་ལྷའི་རྣལ་འབྱོར་གྱི་དཀྱིལ་འཁོར་གྱི་འཁོར་ལོ་སྤྲོས་པར་བསྒོམ་པ་ནི། དྲང་དོན་བསྐྱེད་རིམ་ལ་བརྟེན་པའི་ཕྲ་མོའི་རྣལ་འབྱོར་རོ། །དོན་དེ་ལྟ་བུ་ལ་བློ་བཞག་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏི་བཛྲ་ས་ཏྭཱ་ཧཾ་དུ རྡཱནྟ་དཱ་མ་ཀ་ཧཱུཾ་ཕཊཿ ཅེས་བརྗོད། ངེས་པའི་དོན་དུ་ཡིད་བཟང་མའི་རྩའི་ནང་དུ་ཁུ་བ་ཡང་དག་པར་སྦྱོར་བ་ལས་འཕོ་བ་མེད་པའི་བདེ་བ་ཆེན་པོ་མངོན་དུ་བྱས་པ་ནི་རྫོགས་པའི་རིམ་པ་ཕྲ་མོའི་རྣལ་འབྱོར་དངོས་སོ། །རྒྱས་པར་རྫོགས་པའི་རིམ་པ་བཞིན་དུ་བསྒོམ་པར་བྱའོ། །དེ་ནས་ལྷ་སྐུ་ལ་སེམས་འཛིན་པའི་ཏིང་ངེ་འཛིན་ལ་གནས་པར་སྤྲོ་ན་དེ་བཞིན་དུ་བྱའོ། །གསུམ་པ་རྗེས་ཀྱི་བྱ་བ་ལ། བཟླས་པ་བྱ་བ། མཆོད་བསྟོད་བྱ་བ། གཤེགས་སུ་གསོལ་བ་གསུམ་ལས། དང་པོ་བཟླས་པའི་སྔོན་དུ་མཆོད་བསྟོད་དང་བདུད་རྩི་མྱོང་བར་གསུངས་པ་ལྟར། གནྡྷཾ། སོགས་ལྷ་མོ་བཅུ་གཉིས་ཀྱིས་མཆོད། སྟོང་ཉིད་སྙིང་རྗེ་ སོགས་དང་། ཕྲ་རབ་རྡུལ་གྱི་སོགས་ཚིགས་བཅད་གཉིས་ཀྱིས་བསྟོད། བདུད་རྩི་བྱིན་རླབས་སྔར་ལྟར་བྱས་ནས། ཨོཾ་དམ་པ་དང་པོའི་སངས་རྒྱས་ལ་ན་མཿ སོགས། བརྒྱུད་པའི་བླ་མ་དང་། དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་མཚན་རྐང་ཐོན་ནམ། རྒྱས་བསྡུས་ཅི་རིགས་པས་མཆོད། རང་གིས་ཀྱང་མྱང་པས་ལུས་ཀྱི་ལྷ་རྣམས་མཉེས་པར་བསམས་ལ། བདུད་རྩི་ལྔ་དང་སྒྲོན་མེ་ལྔ། །ཤེས་རབ་རང་བཞིན་མྱོས་བྱེད་ལྡན། །


MR25_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་མེད་བདེ་བ་རྒྱས་པའི་རྒྱུར། །དམིགས་མེད་ཚུལ་གྱིས་བཞེས་སུ་གསོལ། །གསང་བའི་ཕྱག་རྒྱ་གང་ཡིན་པ། །མཆོག་གི་ཕྱག་རྒྱར་རབ་ཏུ་སྦྱོར། །ལས་དང་ཆོས་ཀྱི་ཕྱག་རྒྱར་ལྡན། །རྡོ་རྗེའི་མཆོད་པས་རྟག་ཏུ་མཆོད། །ཅེས་བྱས་ལ་བདུད་རྩི་གསང་ནན་དང་། ཐབས་ཤེས་སྦྱོར་བ་ལས་བྱུང་བའི་བདེ་བའི་མཆོད་པ་ནི་རྡོ་རྗེའི་མཆོད་པ་མཆོག་ཡིན་ནོ་སྙམ་དུ་ང་རྒྱལ་བཟུང་ལ། ཨོཾ་ཨ་ནུ་རཱ་ག་ཎ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་དོ། །དེ་ནས་ལས་མཐུན་གྱི་ཕྲེང་བ་བཟུང་ལ། ལག་གཡས་ཀྱི་སོར་མོ་རྣམས་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཨཱཿལས་ཉི་དཀྱིལ། གཡོན་པའི་སོར་མོ་རྣམས་པདྨ་འདབ་མ་ལྔ་པའི་ལྟེ་བར། ཨ་ལས་ཟླ་དཀྱིལ་བསམས་ནས་ལག་གཉིས་ཁ་སྦྱར་བར་དུ་ཕྲེང་བ་བཟུང་ལ། དེ་ཉིད་རྡོར་སེམས་ཡབ་ཡུམ་སྙོམས་པར་ཞུགས་པའི་གནས་གསུམ་ཡི་གེ་གསུམ་ལས་འོད་འཕྲོས། མཚན་སོ་གཉིས་དང་། དཔེ་བྱད་བརྒྱད་ཅུའི་ངོ་བོ་དབྱངས་གསལ་རྣམས་སྤྱན་དྲངས་ནས་བསྟིམ། དེ་བཞིན་གཤེགས་པ་ཀུན་གྱིས་དབང་བསྐུར་ཞིང་གནས་གསུམ་སྐུ་གསུང་ཐུགས་ཀྱི་ལྷ་དང་རིགས་བདག་གིས་རྒྱས་གདབ་པར་བསམ་ལ། མཆོད་བསྟོད་བྱས། དེ་འོད་དུ་ཞུ་བ་ལས་བགྲང་ཕྲེང་དུ་གྱུར་པར་བསམ་ལ། ཨོཾ་པ་དེ་པ་དེ་མ་ཧཱ་ཛྙཱ་ནཾ་སརྦ་བུདྡྷ་མ་ཧཾ་བྷེ་ཏ། ཧཱུྃ་ཧཱུྃ་ཧཱུྃ། ཧོཿཧོཿཧོཿཨཿསྭཱ་


MR25_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱཿ ཞེས་བརྗོད་དེ་བྱིན་རླབས་བྱས་པའི་ཕྲེང་བ་ལག་གཉིས་ཀྱི་བར་དུ་བཟུང་ཞིང་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་སྙིང་མགྲིན་དཔྲལ་བ་ལྕེ་རྩེ་རྣམས་ལ་རེག་ཅིང་། ཧཱུྃ་ཨཱཿཨོཾ། ཞེས་ཡིད་ངག་ལུས་གསུམ་དང་། ཨོཾ་བཛྲ་ཛི་ཧཱཿ ཞེས་པས་ལྕེ་རྡོ་རྗེར་བྱིན་གྱིས་བརླབས། དེ་ནས་ལག་གཡོན་རྡོ་རྗེ་དང་པདྨ་སྟོང་ཉིད་སྙིང་རྗེ་དབྱེར་མེད་དུ་བསམ་པས་ཕྲེང་བ་བཟུང་། གཡས་པས་མཐེ་བོང་རྡོ་རྗེ་ལྕགས་ཀྱུའི་ངོ་བོར་བསྒོམས་ནས་ལྷ་རྣམས་ཚུར་ལ་དགུག་པའི་བསམ་པས་ཕྲེང་བ་ཕྱི་ནས་མདོ་འཛིན་དངོས་སུ་ཕབ་པས་དངོས་གྲུབ་ཐམས་ཅད་སྩོལ་བར་བསམ། ལྷ་རྣམས་ཀྱི་ཐུགས་ཀར་རང་རང་གི་ས་བོན་གྱི་མཐར་སྔགས་བཀོད་དེ་ལས་དང་རྗེས་སུ་མཐུན་པའི་དམིགས་པ་དང་ལྡན་པས། ཨོཾ་ཨཱཿཧཱུྃ་ཧ། ཧྐྵྨླྺྼྻྃ་སྭཱ་ཧཱ། དུས་ཀྱི་འཁོར་ལོ་ཤེས་རབ་མ་དང་བཅས་པའི་སྙིང་པོ་འདི་ལ་གཙོ་བོར་བཟླ། འདི་ལ་སྭཱ་ཧཱའི་ཚབ་ཏུ་ཧཱུྃ་ཕཊ། སྦྱར་བ་དྲག་པོའི་སྔགས་སུའང་འགྱུར་ཏེ་གང་འདོད་བཟླ། ཨོཾ་དང་སྭཱ་ཧཱའི་བར་དུ་རྣམ་བཅུ་དབང་ལྡན་གྱི་སྔགས་བཅུག་པའང་ཡོད་དེ་དེ་གསུམ་ལས་གང་རུང་གཅིག་བཟླ། ཨོཾ་ཤྲཱི་ཀཱ་ལ་ཙཀྲ་ཧུཾ་ཧཱུཾ་ཕཊཿ ཞེས་དང་། ཨོཾ་ཀཱ་ལ་ཙཀྲཱ་ཡ་སྭཱ་ཧཱ། ཞེས་དང་། ཨོཾ་ཀཱ་ལ་ཙཀྲཱ་ཡ་ཧཱུྃ་སྭཱ་ཧཱ། ཞེས་པ་རྣམས་སྐུ་ཡི་སྔགས་སོ། །ཨོཾ་ཧྲཱཾ་ཧྲཱིཾ་ཧྲྼཱྀཾ་ཧྲཱུཾ་ཧྲླཱྀཾ་ཧྲཱ་སྭཱ་ཧཱ། ཉེ་སྙིང་། ཡང་ན། ཨོཾ་ཨཱ་ཧཱུཾ་ཧོ་ཧཾཿ ཀྵཿ ཞེས་པ་སྟེ། འདི་རྣམས་གང་རུང་ལ་བསྙེན་ཚད་བྱས་པས་ཆོག་པར་གསུངས། སྐུའི་སྔགས་འབུམ་ཕྲག་བཅུ། རྣམ་བཅུ་


MR25_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ལྡན་གྱི་སྔགས་བྱེ་བ་གཅིག་བཟླས་པས་བསྙེན་པ་ཡོངས་སུ་རྫོགས་པར་བཤད། ཡང་ན་ཉེ་སྙིང་སོགས་གཞན་གསུམ་གང་རུང་ཞིག་ལ་བྱེ་བ་གཅིག་བཟླས་ཀྱང་འདྲ་ཞེས་གསུངས། ཨོཾ་ཀཱཾ་སྭཱ་ཧཱ། ཐུགས་ཀྱི་སྔགས་སོ། །ཡང་རྩ་སྔགས་དང་སྙིང་པོ་དང་ཉེ་སྙིང་དང་ས་བོན་རྣམས་རིམ་བཞིན་སྐུ་གསུང་ཐུགས་དང་ཡེ་ཤེས་ཀྱི་བཟླས་པར་གསུངས། རྒྱས་པར་མཚན་གྱི་ཐོག་མ་ཀཱ་ཡི་ཀླད་ཧ་སོགས་ཀྱི་མནན་ཅིང་མཐའ་རྟེན་སོ་སོ་བཅས་པ་དྲུག་པོར་འབུམ་རེ་རེ་བཅུ་ཆའི་ཁ་སྐོང་གི་སྦྱིན་སྲེག་བཅས་བཟླ་བ་ནི། ཐུགས་ཀྱི་བཟླས་པ་སྟེ་ལྷ་མྱུར་དུ་འགྲུབ་པའི་མན་ངག་གི་བཟླས་པའོ། །རྩ་སྔགས་ནི་རྐང་པ་བཅུ་དྲུག་པ་དང་། རྐང་པ་བདུན་ཅུ་རྩ་གཉིས་པ་གཉིས་ཡིན་ལ་དེ་དག་ཅི་རིགས་བཟླ། ཡུམ་གྱི་སྔགས་ནི། ཨོཾ་ཕྲེཾ་བི་ཤྭ་མཱ་ཏཱ་ཧུཾ་ཧཱུཾ་ཕཊ། གཞན་ནུས་མ་རྣམས་ལ། དཱ་ན་པ་ར་མི་ཏཱ་སོགས་ཕར་ཕྱིན་མ་བཅུའི་སྔགས་སམ། ཨོཾ་ཀྲྀཥྞཱ་དཱིཔྟཱ་ཧཱུྃ་སོགས། ནོར་བུ་ཆོས་དུང་སོགས་ནས་ཕྱི་རོལ་གྱི་འཇིག་རྟེན་པའི་བར་གྱི་དཀྱིལ་འཁོར་གསུམ་གྱི་ལྷ་སོ་སོའི་མཚན་སྔགས་ཀྱང་སྤྲོ་ན་བཟླ་སྟེ། སྒྲུབ་མཆོད་སོགས་ཀྱི་ཚེ་གཙོ་བོའི་སྙིང་པོ་བརྒྱ་དང་གཞན་རྣམས་བདུན་རེ་སོགས་ཅི་རིགས་བཟླ་བའི་ཕྱག་ལེན་མཛད། ཇོ་ནང་རྗེ་བཙུན་ཆེན་པོས་འཁོར་གྱི་སྔགས་ནི་རང་རང་གི་མཚན་སྔགས་ཀྱང་སྔགས་སུ་འགྱུར་མོད་ཀྱི། གཙོ་བོར་སོ་སོའི་ས་བོན་ཉིད་ཡིན་ཅིང་། མགོ་བོར་ཨོཾ་དང་། མཇུག་ཏུ་ན་མཿ སོགས་ལས་དང་རྗེས་སུ་མཐུན་པར་


MR25_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

སྤེལ་བ་སྟེ། དེ་དག་ཀྱང་རིགས་ལྔ་ཡུམ་ལྔ་སོགས་སྡེ་ཚན་བ་སྡོམས་ཏེ་བཟླ་བ་ཉིད་བླ་མ་དམ་པ་མན་ངག་གི་གནད་རིག་པ་རྣམས་ཀྱི་མན་ངག་ཏུ་སྣང་ངོ་། །འོན་ཀྱང་འདིར་འཁོར་གྱི་བཟླས་པ་གཙོ་མི་ཆེ་ལ། ཤེས་པར་འདོད་ན་ཆོས་རྗེ་ཐམས་ཅད་མཁྱེན་པ་ཡབ་སྲས་རྣམས་ཀྱི་ཡི་གེར་བལྟ་བར་བྱའོ། །ཞེས་གསུངས། རྣམ་བཅུ་དབང་ལྡན་གྱི་སྔགས་ཉིད་སྔགས་ཀྱི་རྒྱལ་པོ་སྔགས་ཀུན་གྱི་རྩ་བ་ཡིན་པས་དེ་གཙོ་བོར་བཟླ་ཞིང་། གཞན་རྣམས་ལོང་ཁོམས་དང་བསྟུན་ཏེ། སྐུ་དང་ཉེ་སྙིང་རྣམས་ཅི་རིགས་དང་། རྩ་སྔགས་རྐང་བ་བཅུ་དྲུག་པ་དང་། དོན་གཉིས་པ་གཉིས་བདུན་སོགས་ཅི་རིགས་བཟླའོ། །མཆོད་བསྟོད་བྱ་བགཉིས་པ་མཆོད་བསྟོད་བྱ་བ། རྒྱས་པར་མཆོད་ཕྲེང་ལྟར་དང་། བསྡུ་ན། ཨོཾ་བཛྲ་གནྡྷ་པྲ་ཏཱིཙྪ་ན་མཿ ནས། ཀཱ་མཾ་གྱི་བར་བཅུ་གཉིས་ཀྱིས་མཆོད་པར་བྱ། ནང་མཆོད་ཀྱང་ཕུལ། བསྟོད་པ་ནི་འདུད་ཉི་ཤུ་དང་། སྟོང་ཉིད་སྙིང་རྗེ་སོགས་དང་། ཕྲ་རབ་རྡུལ་གྱི་སོགས་ཚིགས་བཅད་དང་། རྒྱས་པར་སྤྲོ་ན་མཆོད་ཕྲེང་གི་ནང་བཞིན། བསྟོད་པ་རྣམས་ཅི་རིགས་པས་བསྟོད། གསུམ་པ་གཤེགས་གསོལ་ནི། ཡེ་ཤེས་པ་རྣམས་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་གི་དཀྱིལ་འཁོར་རྣམས་རང་ཉིད་དུས་ཀྱི་འཁོར་ལོའི་གཙུག་ཏོར་དུ་རྡོ་རྗེ་རྩེ་མོ་ལྔ་པའི་ལྟེ་བར་བདེ་བ་ཆེན་པོའི་འཁོར་ལོ་རྣམས་གཤེགས། དེ་བཞིན་དུ་སྙིང་གར་རྡོ་རྗེ་རྩེ་མོ་དགུ་པའི་ལྟེ་བར་ནུས་མ་རྣམས་


MR25_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དཔྲལ་བར་རྡོ་རྗེ་རྩེ་མོ་བཅུ་བདུན་པའི་ལྟེ་བར་བདེ་གཤེགས་ཡབ་ཡུམ་དང་། མགྲིན་པར་རྡོ་རྗེ་རྩེ་མོ་སུམ་ཅུ་རྩ་གསུམ་པའི་ལྟེ་བར་སེམས་དཔའ་སེམས་མ་ཐུགས་ཀྱི་སྒོ་བ་དང་བཅས་པ་གཤེགས། ལྟེ་བར་རྡོ་རྗེ་རྩེ་མོ་དྲུག་ཅུ་རྩ་ལྔ་པའི་ལྟེ་བར་གསུང་གི་རྣལ་འབྱོར་མ་འཁོར་དང་བཅས་པ་རྣམས་གཤེགས། གསང་བར་རྡོ་རྗེ་རྩེ་མོ་སུམ་ཅུ་རྩ་གསུམ་པའི་ལྟེ་བར་སྐུའི་སྒོ་སྐྱོང་རྣམས་དང་། ལས་ཀྱི་འཁོར་ལ་ཚིགས་ཆེན་བཅུ་གཉིས་པོ་རྡོ་རྗེ་རྩེ་མོ་སུམ་ཅུ་རྩ་གཅིག་པ་རྣམས་ཀྱི་ལྟེ་བར་ལྷ་ཆེན་པོ་བཅུ་གཉིས་འཁོར་དང་བཅས་པ་གཤེགས། བྱ་བའི་འཁོར་ལོ་རྐང་ལག་གི་སོར་མོའི་ཚིགས་རྣམས་རྡོ་རྗེ་རྩེ་མོ་བདུན་པར་བྱས་པའི་ལྟེ་བར་ཀླུ་དང་རབ་གཏུམ་མ་རྣམས་གཤེགས་སུ་གསོལ་ཞིང་གཞལ་ཡས་ཁང་རྟེན་གཞི་དང་བཅས་པ་རང་ལ་ཐིམ། རང་གི་ལྟེ་བར་ཧྲླཱྀ། སྙིང་གར་ཧཱུྃ། མགྲིན་པར་ཧྲྼཱྀ། དཔྲལ་བར་ཧྲཱིཾ། གསང་གནས་སུ་ཧྲཱཿ བཀོད་པའི་ཡན་ལག་དྲུག་གི་གོ་ཆ་བགོས་ཏེ་དཀྱིལ་འཁོར་གྱི་གཙོ་བོའི་རྣམ་པས་ལངས་ནས། དགེ་བ་འདི་ཡིས་མྱུར་དུ་བདག །སོགས། དགེ་བའི་རྩ་བ་བསྔོ་ཞིང་སྨོན་ལམ་གདབ། ཤིས་པ་བརྗོད་པའི་ཚིགས་སུ་བཅད་པ་ཅི་ལྟར་རིགས་པ་བརྗོད། དེ་ནས་སྤྱོད་ལམ་བཞི་པོ་ཀུན་ཏུ་ཡང་ལྷའི་ང་རྒྱལ་གྱིས་གནས་པར་བྱ་བ་ནི་སྤྱོད་ལམ་གྱི་རྣལ་འབྱོར་རོ། །ཐུན་མཚམས་ཀྱི་རྣལ་འབྱོར་ལ།


MR25_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

འདས་མ་འདས་ཀྱི་གཏོར་མ་འབུལ་བ་ནི། གཏོར་མ་བདུད་རྩིར་བརླབས་ལ། རང་ཐུན་མཚམས་ཀྱི་ལྷ་གཙོ་བོ་ཉིད་དུ་གསལ་བའི་འོད་ཀྱིས་འདས་མ་འདས་ཀྱི་མགྲོན་ཐམས་ཅད་སྤྱན་དྲངས་ནས་གཏོར་མ་ཕུལ། མཆོད་བསྟོད་འདོད་གསོལ་བྱ་ཞིང་ནོངས་པ་བཤགས་ནས་གཤེགས་གསོལ་དགེ་བསྔོ་རྒྱས་བསྡུས་ཅི་རིགས་སྐབས་བསྟུན་བྱ། ཁ་ཟས་ཟ་བའི་ཚེ། བདུད་རྩི་རིལ་བུའམ་མ་ད་ན་བདུད་རྩིར་བྱིན་རླབས་བྱས་པས་བསང་། གཏོར་མ་ལྟར་བྱིན་རླབས་བྱས་ཏེ་ཕུད་ལྷ་ལ་མཆོད་པའི་རྗེས་སུ་རྡོ་རྗེ་དུས་ཀྱི་ཕོ་ཉ་མོ་རྣམས་ལ་ཟས་ཕུད་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ནས། ཨོཾ་དཱུ་ཏི་ཀི་ཨ་གྲཱ་གྲཱ་སཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཞེས་པས་བསྔོ། དེ་ནས་འཕྲོག་མ་མ་བུ་ལ་ཆངས་བུ་གཉིས། ཨོཾ་ཧ་རི་ཏེ་པིཎྜ་ཀེ་པྲ་ཏཱི་ཙྪ་སྭཱ་ཧཱ། ཞེས་པས་བསྔོས་ནས་བཟའ་བ་མ་ཟིན་པར་དུ་ས་ལ་བཞག །རང་ཉིད་ལྷའི་རྣལ་འབྱོར་དང་ལྡན་པས་བཟའ་བ་ཟོས་པའི་ལྷག་མ་འབྱུང་པོ་ལ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨུ་ཙི་ཥྚ་བ་ལིཾ་བྷཀྵ་བྷཀྵ་ཀ་སྭཱ་ཧཱ། ཞེས་པས་བསྔོས་ནས། བསོད་ནམས་འདི་ཡིས་རྣམ་གསུམ་སྲིད་པ་ལ་གནས་སེམས་ཅན་རྣམས་ནི་བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཅེས་དགེ་བསྔོ་བྱའོ། །ཉལ་བའི་ཚེ་རང་གི་འཁོར་ལོ་དྲུག་གི་གནས་སུ་ཧྲཱཾ་སོགས་དྲུག་དང་། ཨཱ་ཨཱི་སོགས་རིགས་དྲུག་གི་ས་བོན་བཀོད་ནས་སངས་རྒྱས་མྱ་ངན་ལས་འདའ་བ་བཞིན་འདོད་པའི་ཕྱོགས་སུ་དྲན་ཤེས་ལྡན་པས་ཉལ་བར་བྱ། ལྡང་བའི་ཚེ་དཔའ་བོ་རྣལ་འབྱོར་མ་རྣམས་ཀྱིས་གླུ་དང་། ཅང་ཏེའུ་


MR25_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲགས་པས་གཉིད་ལས་བསླང་བར་བསམ་ལ། ནམ་མཁར་བཞུགས་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ལ་ཕྱག་བྱས་ཏེ་ལངས་ནས། ཁྲུས་སོགས་བྱ་བར་གསུངས། ཁྲུས་ཀྱི་རྣལ་འབྱོར་ནི། དབང་གི་ལྷ་རྣམས་ཀྱི་བུམ་པའི་ཆུས་དབང་བསྐུར་ཞིང་བཀྲུས་པར་བསམ་ལ་ཁྲུས་བྱའོ། །དེ་ལྟའི་ཚུལ་ལ་གནས་པའི་རྣལ་འབྱོར་པས་སྤྱོད་པ་གཉིས་སྤྱད་པ་སྔོན་དུ་འགྲོ་བས་ཞི་སོགས་ཀྱི་དངོས་གྲུབ་སྣ་ཚོགས་བསྒྲུབ་པར་བྱ་ཞིང་། དེ་ལྟར་བསྒྲུབས་པས་གནས་སྐབས་སུ་འོག་མིན་གྱི་མཐར་ཐུག་པའི་འཇིག་རྟེན་གྱི་དངོས་གྲུབ་མཐའ་དག་དངོས་སུ་འགྲུབ་ཅིང་། མཐར་ཐུག་མཆོག་གི་དངོས་གྲུབ་འགྲུབ་པ་ནི་ངེས་པའོ། །རབ་འབྱམས་རྒྱུད་སྡེའི་ནང་ན་རྒྱ་ཆེ་ཞིང་། །ཟབ་པའི་ཡོན་ཏན་མངོན་འཕགས་དུས་འཁོར་གྱི། །སྒྲུབ་ཐབས་ལེགས་པར་སྤེལ་བའི་དགེ་མཚན་གྱིས། །ས་གསུམ་བཀྲ་ཤིས་དཔལ་དང་ལྡན་གྱུར་ཅིག །དེ་ལྟར་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་སྙིང་པོ་རབ་གསལ་ཞེས་བྱ་བ་འདི་ཉིད་ལ་བརྟེན་ན། དབང་པོ་རྣོ་རྟུལ་སུ་ཡང་ལམ་འདིར་འཇུག་པ་བདེ་ཞིང་གནད་འདུས་པའི་དོན་ཡོད་དེ། སྤྱིར་བསྒོམ་བྱ་གསལ་འདེབས་པའི་ཚིག་རྣམས་ཀྱི་དོན་མ་གོ་བའམ། དོན་མ་བསམ་བཞིན་དུ་བཀླག་ན་སྒྲུབ་ཐབས་བཀླག་པ་ཙམ་ལས་ལྷ་བསྒོམ་པའི་གོ་མི་ཆོད་ལ། ཚིག་ཉུང་ངུ་དོན་མ་ཚང་བའམ། གོ་རིམ་དང་སྐབས་མ་འབྲེལ་བ་སོགས་ཀྱི་ཚིག་གིས་བརྗོད་པའི་གནས་སྐབས་དེར་བསྒོམ་དོན་བདེ་བླག་ཏུ་གསལ་དཀའ་བ་ལྟ་བུའི་སྐྱོན་མེད་པའི་ཆོ་ག་གསལ་བའི་ཚིག་གི་དོན་


MR25_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསམ་ན་ཚིག་ཉུང་ཡང་དོན་གོ་བ་ཉིད་གཙོ་ཆེ་ཡི་འདོན་རྒྱུའི་ཚིག་མང་བ་མི་གཙོ་ཞིང་། ཚིག་མང་ཉོབ་ཆེས་ན་བསྒོམ་རྒྱུ་དང་འདོན་རྒྱུ་གཉིས་ཀར་སྟབས་མི་བདེ་ལ། ཚིག་རྒྱས་ཀྱང་བསྒོམ་དོན་ཕལ་ཆེར་སྤྱི་རྣམ་རགས་པ་ཙམ་སྨྲོས་པ་ལས་ཚིག་ཁོ་ནས་དེའི་ཁྱད་པར་མཐའ་དག་ཞིབ་ཆ་ནུས་དཀའ་བ་དང་། དོན་ངེས་ཟིན་རྣམས་ལ་དེ་འདྲའི་ཞིབ་ཆའི་ཚིག་ཉོབ་དགོས་པ་མེད་པ་དང་། སྤྱིར་ལས་དང་པོ་པས་ཚིག་བརྗོད་པའི་རྗེས་སུ་ཞུགས་པའི་སྤྱིའི་རྣམ་པ་ལ་བསམས་ནས་དེ་ལྟར་ཡིན་ནོ་སྙམ་པའི་མོས་སྒོམ་གྱིས་ཀྱང་གོ་ཅུང་ཟད་མི་ཆོད་པ་ཡང་མ་ཡིན་ལ། གསལ་སྣང་རྒྱ་ཆེར་གྲུབ་པ་རྣམས་ཀྱིས་ཡུངས་འབྲུ་ཙམ་གྱི་ནང་དུ་དཀྱིལ་འཁོར་སྟོང་ཕྲག་སོགས་བསྒོམས་ཀྱང་། ཞལ་ཕྱག་རྒྱན་ཆ་ཐམས་ཅད་མ་འདྲེས་ཡོངས་རྫོགས་སུ་ཅིག་ཆར་གསལ་ནུས་པའི་ཕྱིར། བསྒོམ་དོན་རང་ཤེས་པས་ཆོག་གི་ཚིག་འབའ་ཞིག་ལ་མི་ལྟོས་སོ། །དེས་ན་ཆོ་ག་གཞན་ཕལ་ཆེ་བ་ལས་ཚིག་ཉུང་ལ་དོན་མ་ཚང་བ་མེད་པར་གསལ་ཞིང་རྒྱས་བསྡུས་འཚམས་པ་འདི་ཉིད་སྦྱར་བ་ལ་རང་ཉིད་དང་སྐལ་མཉམ་གཞན་ལའང་ཕན་པའི་དགོས་པ་ཡོད་པར་མཐོང་ནས། ལུགས་འདིར་འགྲན་བྲལ་རྗེ་བཙུན་ཇོ་ནང་བ་ཡབ་སྲས་བརྒྱུད་པའི་གསུང་རྣམས་དང་། ཞ་ལུ་བ་མཁས་མཆོག་བུ་སྟོན་རིན་པོ་ཆེའི་སྒྲུབ་ཐབས་གཙོར་བཟུང་དཔལ་ལྡན་ས་སྐྱ་པ་དང་རི་བོ་དགེ་ལྡན་པའི་དུས་འཁོར་གྱི་སྒྲུབ་ཐབས་ཡིག་ཆ་རྣམས་ཀྱང་གུང་བསྡེབས་ཤིང་། རྒྱུད་ཀྱི་རྒྱལ་པོ་རྩ་འགྲེལ་གྱི་དགོངས་དོན་ལ་ཡང་ཅུང་ཟད་འདྲིས་པའི་མཐུས། རིང་ནས་ལྷག་པའི་ལྷ་འདིའི་རྗེས་སུ་


MR25_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པ་མི་ཕམ་པ་འཇམ་དཔལ་དགྱེས་པའམ། ལྷག་པའི་ལྷ་འདིའི་དཀྱིལ་འཁོར་ཆེན་པོར་དབང་ནོད་པའི་ཚེ་ཀུན་མཁྱེན་བློ་གྲོས་མཐའ་ཡས་པའི་སྡེས་འགྱུར་མེད་མི་བསྐྱོད་རྡོ་རྗེ་ཞེས་མིང་གི་ཅོད་ཕན་གནང་བ་གང་དེས་རབ་ཚེས་ཟིལ་གནོན་མེ་རྟ་ཁྲུམས་ཟླའི་ཚེས་བཅོ་ལྔ་ལ་འཕྲལ་བྲིས་བྱས་པས་ཞག་གསུམ་གྱིས་ཁོག་དོན་གྲུབ་པ་ལ། སླད་ནས་མེ་ལུག་ཁྲུམས་ཟླའི་ཡར་ཚེས་དགེ་བར་ཞིབ་ཆ་གྲུབ་པར་བྱས་པ་འདི་ཉིད་ལམ་འདི་དོན་གཉེར་རྣམས་ལ་དངོས་གྲུབ་ཀྱི་དགའ་སྟོན་རྒྱ་ཆེན་པོ་སྟེར་བ་དང་། སེམས་ཅན་ཐམས་ཅད་དམ་པ་དང་པོའི་སངས་རྒྱས་ཀྱི་གོ་འཕང་འགྲུབ་པའི་རྒྱུར་གྱུར་ཅིག །མངྒ་ལཾ། ༈ །དཔལ་ལྡན་དུས་ཀྱི་འཁོར་ལོ་ཡི། །སྒྲུབ་ཐབས་སྙིང་པོ་རབ་གསལ་འདི། །དགེ་སྦྱོང་དགེ་འདུན་རྒྱལ་མཚན་པས། །སྤར་དུ་བསྐྲུན་པའི་དགེ་བ་དེས། །རྣམ་དཀར་བྱེད་པོ་ལྟོས་བཅས་ཀྱིས། །ཐོག་དྲངས་མཁའ་ཁྱབ་སེམས་ཅན་རྣམས། །གེགས་ཞི་བསམ་དོན་ཆོས་བཞིན་འགྲུབ། །མཐར་ཐུག་བྱང་ཆུབ་མཆོག་ཐོབ་ཤོག །ཅེས་མི་ཕམ་པས་སོ། །དགེའོ། །མངྒ་ལཾ།། །།


no previousདུས་འཁོར་སྒྲུབ་ཐབས་སྙིང་པོ་རབ་གསལ།next