Nitartha Digital Library
Tibetan
༄༅། །འཇམ་དཔལ་མཚན་བརྗོད་དང་དེའི་འགྲེལ་བ་བཅས་བཞུགས་སོ།

1 occurrence of གཡོན་དུ་
[Clear Hits]


  
  
  
  
  
 
ཤེས་རབ་ཀྱི་ཕ་རོལ་དུ་ཕྱིནད་པའི་སྙིང་པོ་བཤད་པ་། ཀ་མ་ལ་ཤི་ལ། ཏུན་ཧོང་།


1 occurrence of གཡོན་དུ་
[Clear Hits]

 
previousཤེས་རབ་ཀྱི་ཕ་རོལ་དུ་ཕྱིནད་པའི་སྙིང་པོ་བཤད་པ་། ཀ་མ་ལ་ཤི་ལ། ཏུན་ཧོང་།no next

ཤེས་རབ་ཀྱི་ཕ་རོལ་དུ་ཕྱིནད་པའི་སྙིང་པོ་བཤད་པ་། ཀ་མ་ལ་ཤི་ལ། ཏུན་ཧོང་།


མཚན་བརྗོད།_Page_377
[]

inline image ༄༅།། །ཡང་དག་ཆོས་སྐུ་མཐ་(མཐའ)ཡས་བསམ་མྱི་ཁྱབ། ། རྒྱུ་དང་རྐྱེན་དུ་ལྡན་པའི་ཕྱིར། ། ཐམས་ཅད་མཁྱེནད་པ་ཉོན་མོངས་སྡུག་བསྔལ་སྒྲོལ་གྱི་མཁན། ། ༄༅།། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིནད་པའི་སྙིང་པོ་བཤད་པ་། ཆོས་དབྱིངས་གསང་བ་དཔག་མེད་མྱུ་བརྗོད་འདས་པ་ལས། ། ཁམས་གསུམ་མ་རིག་བསླད་པའི་མུན་པ་བསྭལ་བའི་ཕྱིར། ། ཤེས་རབ་ཟབ་མོ་དུག་གསུམ་སྦྱོང་བའི་སྨན་གྱི་མཆོག། དེ་ལྟར་མྱི་དང་ཆོས་ལྡན་བས། ། བདག་དང་གཞན་དོན་ཕུན་སུམ་ཚོགས་པར་མཛད། ། སེམས་ཅན་འཁོར་བའི་སྐྱབས་མྱེད་ལ། ། མགོན་པོ་དཔལ་ཞི་ཡོན་འབུལ་རིགས་པའི་གཙོ། ། དེལ་ངག་ཡིད་ལུས་ཀྱི་གུས་པས་ཕྱག་འཙལ་ཏེ། ། བསྟོད་ཅིང་ཡོན་ཏན་དགེ་བརྗོད་ནས། ། བདེ་གཤེགས་སངས་རྒྱས་བྱིན་རླབས་དང་། ། བདག་གིས་ཐོས་བསྒོམས་ཅི་མཆིས་པས། ། སེམས་ཅན་ཕལ་གྱི་དོན་ཕྱིར་རུ། ། ཤེས་རབ་སྙིང་པོ་དགྲོལ་ཞིང་བཤད་པར་བགྱི། ། མདོ་སྡེ་འདི་བཤད་པ་ལ་དོན་རྣམ་པ་བདུན་གྱིས་གསལ་བར་བྱ་སྟེ།     ། ཤེས་རབ་ལ་འཇུག་པ་དང་།     ། ཤེས་རབ་ཀྱི་མཚན་ཉིད་དང་།  ། ཤེས་རབ་ཀྱི་སྤྱོད་ཡུལ་དང་།     ། ཤེས་རབ་ཀྱི་ཡོན་ཏན་དང་།   ། ཤེས་རབ་ཀྱི་འབྲས་བུ་དང་།   ། ཤེས་རབ་ཀྱི་གཟུངས་སོ།   ། འདིར་ཤེས་རབ་ཀྱི་མྱིང་སྟེ། ། མྱིང་མྱེད་ན་དངོས་པོ་རིགས་བ་མྱི་རུང་བས་དངོས་པོ་ལ་དམྱིགས་པའི་ཕྱིར་མྱིང་སྨོས་སོ། ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིནད་པའི་སྙིང་པོའོ།   ། ཤེས་པ་རྣམ་པ་གསུམ་སྟེ།   འཇིག་རྟེན་དང་།   འཇིག་རྟེན་ལས་འདས་པ་དང་། བླ་ན་མྱེད་པའི་


མཚན་བརྗོད།_Page_378
[]

ཤེས་པའོ། །   འཇིག་རྟེན་གྱི་ཤེས་པ་ནི་བསླད་པ་སྟེ། །   མྱི་རྟག་པ་ལ་རྟག་པ་དང་།   མྱི་གཙང་བ་ལ་གཙང་བ་དང་།     སྡུག་བསྔལ་བ་ལ་བདེ་བ་དང་།   བདག་མེད་པ་ལ་བདག་དུ་ཤེས་པའོ།     ། འཇིག་རྟེན་ལས་འདས་པ་ནི།   ཉན་ཐོས་གང་ཟག་ལ་བདག་མྱེད་པར་ཤེས་པ་སྟེ།   འདུས་བྱས་མྱི་རྟག་པ་དང་།   འདུས་བྱས་སྡུག་བསྔལ་བ་དང་།   ཞི་བ་མྱ་ངན་ལས་འདས་པར་ཤེས་པའོ། ། བླ་ན་མྱེད་པའི་ཤེས་པ་ནི། དེ་བཞིན་གཤེགས་པས་གང་ཟག་དང་། ཆོས་ལ་བདག་མྱེད་པར་མཁྱེན་པ་སྟེ། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། སྟོང་པ་ཉིད་མཁྱེན་པའོཤེས་པ་འདི་ནི་བླ་ན་མྱེད་པའི་ཤེས་པ་ལ་བྱའོ། ། འཕགས་པ་ཞེས་བྱ་བ་ནི།     ཤེས་པ་འདིས་མྱ་ངན་དང་། སྡུག་བསྔལ་ལས་རིང་དུ་བྲལ་བའོ།   ། རབ་ཅེས་བྱ་བ་ནི་འཇིག་རྟེན་དང་།   འཇིག་རྟེན་ལས་འདས་པའི་མཆོག་གི་ཤེས་པ་སྟེ།   བླ་ན་མེད་ལས་རབ་བོ། ། ཕ་རོལ་དུ་ཕྱིན་པ་ཞེས་བྱ་བ་ནི། སྐྱེ་ཞིང་འཇིག་པ་ནི་ཚུལ་རོལ། མྱ་ངན་ལས་འདས་པ་ནི་ཕ་རོལ། བར་ན་སེམས་ཅན་འཁོར་བའི་ཀླུང་གིས་དེད་པ་རྣམས། ། ཤེས་རབ་འདིས་གྲུ་དང་གཟེངས་བྱས་ཏེ། མྱ་ངན་ལས་འདས་པའི་འགྲམ་དུ་ཕྱུང་བས་ཕ་རོལ་དུ་ཕྱིནད་པའོ། སྙིང་པོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིནད་པ་ཆེན་པོ་ལེའུ་འབུམ་པའི་མདོ་ཀུན་འདིའི་ནང་དུ་འདུས་པས་སྙིང་པོ་ཞེས་ཀྱང་བྱ། ། གཅིག་དུ་ན་དེ་བཞིན་གཤེགས་པས་བསྟན་པའི་ནང་ན་དོན་དམ་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིནད་པ་འདི་མཆོག་དུ་གསུངས་པས་སྙིང་པོ་ཞེས་ཀྱང་བྱའོ། །


མཚན་བརྗོད།_Page_379
[]

ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། ། ཐམས་ཅད་མཁྱེན་པ་ནི། ཀུན་རྫོབ་དང་། དོན་དམ་པའི་ཆོས་གཉིས་མ་ལུས་མཁྱེན་ཏེ། དེ་ལ་དོན་དམ་པ་མཁྱེན་པ་ནི་ཆོས་ཀྱི་སྐུའི་སྤྱོད་ཡུལ་ཏེ། རྣམ་པར་མྱི་རྟོག་ས་པའི་ཡེ་ཤེས་ཀྱིས། ཤེས་བྱ་ལ་རྣམ་པར་མྱི་རྟོག་པའི་ཡེ་ཤེས་ཀྱིས་ཤེས་བྱ་ལ་རྣམ་པར་མྱི་རྟོགས། ནམ་ཁའི་ངོས་བཞིན་ཏེ། བདག་གི་དོན་ཕུན་སུམ་ཚོགས་པའོ། ། ཀུན་རྫོབ་ཀྱི་ཐམས་ཅད་མཁྱེན་པ་ནི། སྤྲུལ་པའི་སྐུའི་སྤྱོད་ཡུལ་ཏེ། ཕྱིས་ཐོབ་པའི་ཡེ་ཤེས་ཀྱིས་ཆོས་མཆོག་ལ་སྒྱུ་མ་དང་། སྨྱིག་རྒྱུ་བལྟར་མཐོང་བ་སྟེ། སེམས་ཅན་གྱི་དོན་ཕུན་སུམ་ཚོགས་པའོ། འདི་ནི་སངས་རྒྱས་བཅོམ་ལྡན་འདས། ཆོས་ཀྱི་བདག་པོ་སྟོན་པ་ལ་བྱ་སྟེ། འཇིག་རྟེན་ལས་འདས་པའི་སྨན་ཡིན་པས་ནི་བཙུན། དུག་གསུམ་གྱི་སྨན་བྱིན་པས་ནི་དྲིན་ཆེ་སྟེ། དེ་ལྟར་བཙུན་ཞིང་དྲིན་ཆེ་བ་ལ། རྗེ་ས་དང་། དད་པས་བྱ་བའི་ཕྱིར་ཐོག་མར་ཕྱག་བྱས་ནས། དེ་ནས་བསྟན་པའི་ཆོས་བཟླསའོ། ། འདི་མན་ཅད་ནི་ཤེས་རབ་ལ་འཇུག་པའ་སྟེ། འདི་ལྟར་འཕགས་པ་ཀུན་དུ་སྤྱན་རས་གཟིགས་ཀྱི་དབང་པོ། ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིནད་པ་འདི་བཤད་པའི་ཚེ། འཁོར་བརྒྱ་སྟོང་གྲངས་མྱེད་པར་འདུས་པའི་ནང་ན་བྱང་ཆུབ་སེམས་དཔའ་འདི་མཆོག་གཙོ་བོ་ཡིན་པས་དེ་ལ་དམྱིགས་ཏེ་བཤད་དོ། འདི་ལྟར་ཞེས་བྱ་བ་ནི་འོག་ནས་འབྱུང་བའི་ཆོས་རྣམས་ལྟར་རོ། འཕགས་པ་ནི་མྱ་ངན་། སྡུག་བསྔལ་ལས་འདས་པའོ། ཀུན་དུ་སྤྱན་རས་གཟིགས་ནི་མྱི་དམྱིགས་པའི་ཐུགས་རྗེས་སེམས་


མཚན་བརྗོད།_Page_380
[]

ཅན་ཐམས་ཅད་ལ་སྐྱོབ་པར་མཛད་དོ། ། དབང་པོ་ནི་སེམས་ཅན་སྡུག་བསྔལ་ལས་འདྲེན་པའི་རང་དབང་ཡོད་པའོ། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིནད་པ་ཟབ་མོ་སྤྱད་པ་སྤྱོད་པའི་ཚེ།   བྱང་ཆུབ་ཅེས་བྱ་བ་ནི་ཆོས་ཀྱི་དབྱིངས་དེ་བཞིན་ཡང་དག་པ།   ཡང་དག་པའི་མཐའོ། སེམས་དཔའ་ཞེས་བྱ་བ་ནི་དེ་ལ་འཇུག་ཐོག་རྩལ་བ་སྟེ། དོན་དེ་ལྟ་བུ་ཟབ་མོ་ལ་མོས་ཤིང་སེམས་བསྐྱེད་པས་སེམས་དཔའ་ཞེས་བྱའོ། ཤེས་རབ་ལ་རྣམ་པ་གསུམ་སྟེ། ལྔ་ཕུང་གི་རྒྱ་མོ་གཅོད་པས་ཤེས་རབ་ཀྱི་རལ་གྲི་ཞེས་ཀྱང་བྱ། སྡུག་བསྔལ་གྱི་ཕུང་པོ་འཇོམ་པས་ཤེས་རབ་ཀྱི་རྡོ་རྗེ་ཞེས་ཀྱང་བྱ། མ་རིག་པའི་མུན་པ་བསྱེལད་བས་ཤེས་རབ་ཀྱི་སྒྲོན་མ་ཞེས་ཀྱང་བྱ་སྟེ། མདོར་ན་རྣམ་པ་ཐམས་ཅད་དུ་མྱི་རྟོག་པའི་ཤེས་རབ་གྱིས་མཚན་མ་ཐམས་ཅད་སྟོང་བར་མཐོང་བ་ལ་བྱའོ། ཕ་རོལ་དུ་ཕྱིན་པ་ལ་རྣམ་པ་གསུམ་སྟེ། འཇིག་རྟེན་དང་། འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་ལས་འདས་པའ་དམ་པའི་ཕ་རོལ་དུ་ཕྱིན་པ་སྟེ། འཇིག་རྟེན་གྱི་ཕ་རོལ་དུ་ཕྱིན་པ་ནི་ལམ་རྒྱུད་གསུམ་གསུམ་གྱི་སྡུག་བསྔལ་ལས་བཟློག་པའོ། འཇིག་རྟེན་ལས་འདས་པའིཕ་རོལ་དུ་ཕྱིན་པ་ནི་སྐྱེ་ཞིང་འཁོར་བ་ལས་བཟློག་སྟེ། ཞི་བ་ཕྱོགས་གཅིག་པའི་མྱ་ངནལས་འདས་བའོ། འཇིག་རྟེན་ལས་འདས་པ་དམ་པའི་ཕ་རོལ་དུ་ཕྱིན་པ་ནི། ཁམས་གསུམ་རྨི་ལམ་དང་འདྲ་བས་མྱ་ངན་འདའ་བ་ཡང་མྱི་ཚོལ། སེམས་ཅན་སྒྱུ་མ་ཡིན་བས་འབྲས་བུ་སངས་རྒྱས་ཀྱང་མྱི་སྒྲུབ་སྟེ། ཆོས་སོ་ཆོག་ངོ་བོ་ཉིད་ཀྱིས་མྱ་ངན་ལས་འདས་པས་


མཚན་བརྗོད།_Page_381
[]

མྱི་གནས་པའིམྱ་ངན་ལས་འདས་པའོ། ཟབ་མོ་ཞེས་བྱ་བ་ནི་བསམ་པའི་གནས་མྱེད་པས་ནི་སེམས་ཀྱིས་མྱི་རྟོགས། ཚིག་གི་ལམ་ཆད་པས་ནི་ཚིག་གིས་མྱི་དམྱིགས་ཏེ། སེམས་དང་ངག་གི་སྤྱོད་ཡུལ་ལས་འདས་པའོ། སྤྱད་པ་ཞེས་བྱ་བ་ནི། ཆོས་ཏེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའོ། སྤྱོད་པ་ནི་གང་ཟག་སྟེ། བྱང་ཆུབ་སེམས་དཔའའོ།   ཚེ་ཞེས་བྱ་བ་ནི་དེའི་དུས་ལ་བྱའོ། རྣམ་པར་བལྟས་ན་ལྔ་ཕུང་དེ་དག་ངོ་བོ་ཉིད་ཀྱིས་སྟོང་པར་མཐོང་ངོ་། བལྟ་བ་ལ་རྣམ་པ་གསུམ་སྟེ། མ་རབས་དང་། མུ་སྟེགས་ཅན་གྱི་ལྟ་བ་དང་། ཉན་ཐོས་དང་། རང་སངས་རྒྱས་ལྟ་བ་དང་། བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པའི་ལྟ་བའོ། ལྔ་ཕུང་དེ་དག་ལ་མ་རབས་དང་། མུ་སྟེགས་ཅན་གྱི་ཤའི་མྱིག་གིས་ནི་བདག་དང་། སེམས་ཅན་དང་། སྲོག་དུ་མཐོང་ངོ་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་འཕྲུལ་གྱི་མྱིག་གིས་ནི་ཀུན་འབྱུང་བ་དང་། སྡུག་བསྔལ་དུ་མཐོང་ངོ་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་ཀྱི་ཕྱན་གྱིས་ནི་སྟོང་པ་ཉིད་དུ་གཟིགས་སོ།   མ་རབས་ཀྱི་ལྟ་བས་ནི་སྐྱེ་ཤིའི་རྒྱུར་འགྱུར། ཉན་ཐོས་ཀྱི་ལྟ་བས་ནི་མྱ་ངན་ལས་འདའ་བའི་མཐར་ལྷུང་། བྱང་ཆུབ་སེམས་དཔའི་ལྟ་བས་ནི་མཐ(མཐའ)གཉིས་སྤོངས་ངོ་། སྟོང་པ་ལ་ཡང་རྣམ་པ་གཉིས་ཏེ།   འདུས་མ་བྱས་ནམ་མཁའ་སྟོང་པ་དང་། དོན་དམ་པ་འཕགས་པའི་ཡེ་ཤེས་ཀྱིས་སོ་སོ་རང་གིས་རིག་པའི་སྟོང་པའོ། འདི་མན་ཅད་ནི་ཤེས་རབ་ཀྱི་མཚན་ཉིད་དེ། འདི་ནི་ཤ་རིའི་བུ་གཟུགས་སྟོང་པ་ཉིད་དེ། སྟོང་པ་ཉིད་ཀྱང་གཟུགས་སོ། འདི་ནི་ཞེས་བྱ་བ་ནི།


མཚན་བརྗོད།_Page_382
[]

ཕུང་པོ་ལྔ་སྟེ། གཟུགས་ལས་སྭོགས་པའོ། ། ཤ་རིའི་བུ་ཞེས་བྱ་བ་ནི། མ་འི་མྱིང་ཤ་རི་ཞེས་བྱ་བ་ལས་དྲས་ཏེ། ཤ་རའི་བུ་ཞེས་བྱའོ། མུ་སྟེགས་ཅན་རྨྱུ་གུ་ཅན་གྱི་ཆོས་ལ་ཞུགས་པ་ལས། དམ་པའི་ཆོས་ཕྱོགས་ནས་དགེ་བར་འོངས་བཤེས་ངོས་པས།   རབ་དུ་བྱུང་ནས་སྐྲ་དང་ཁ་སྤུ་རང་བྱི། ཆོས་གོས་ཀྱང་རང་ལུས་ལ་གྱོན་ཏེ། དགྲ་བཅོམ་པའི་འབྲས་བུ་མོད་ལ་ཐོབ་ནས། སངས་རྒྱས་པའི་ཉན་ཐོས་པའི་སློབ་མའི་ནང་ན་ཤེས་རབ་གྱི(ཀྱི)མཆོག་པས་ཆོས་དང་སྣོད་དུ་བསྟུན་ནས། དེ་ལ་དམྱིགས་ནས་བཤད་པའོ། གཟུགས་ཤེས་བྱ་བ་ནི་ས་ཆུ་མྱེ་རླུང་ཆེན་པོ་བཞིའོ། སྟོང་པ་ཞེས་བྱ་བ་ནི་དོན་དམ་པ་ཆོས་ཀྱི་དབྱིངས་སྟོང་པའི་མཚན་ཉིད་དེ། མཚན་ཉིད་དེ་ནི་དམྱིགས་སུ་མྱེད་པ་། གྲངས་དང་བགྲང་བ་ལས་འདས་པ། གཟུང་བ་དང་འཛིན་ལས་བྲལ་བ། མྱི་དམྱིགས་པ། དེ་བཞིན་ཉིད་ཀྱི་མཚན་ཉིད་དེ། ཆོས་སོ་ཅོང་ཀྱ་ང་སྟོང་པའི་མཚན་ཉིད་དུམ་འདུས་པ་མྱེད་དེ། མཚན་ཉིད་མྱེད་པིའོད་དན་ཆུ་མྱེད་རླུང་ཆེན་པོ་བཞྀ་ཡ་མཚན་ཉིད་མྱེད་པ་སྟེ། དངོས་པོ་མྱེད་པ་བདག་མེད་པ་། རྗེ་མྱེད་སྟེ། ་འབྱུང་བ། རྡུལ་དུ་གཞིགས་ནས་སྟོང་པར་གྱུར་པ་ནི་མ་ཡིན་གྱི། རང་བབཞིན་གྱིའི་སྟོང་བས་གཟུགས་སྟོང་པ་ཀྱེས་བྱའོ་། གཟུགསརང་བཞིན་གྱྀས་སྟོང་པས་དོན་དམ་པའྀསྟོང་པ་སྟེ། དེ་ལས་དོན་དམ་པའྀསྟོང་པ་གཞན་གུད་ན་མྱེད་པས་སྟོང་པ་ཉིད་ཀྱང་གཟུགས་ཤེས་(ཞེས)བྱའོ་།   དེ་ལ་མདོ་སྡེ་ལས་འབྱུང་བ། བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབྱིངས་ལ་འཇུག་པའི་ཡེ་ཤེས་ཀྱིས། ཆོས་ཀྱི་དབྱིངས་ནི་སའི་


མཚན་བརྗོད།_Page_383
[]

ཁམས་ཡིན་ཀྱང་སྲ་བ་ཉིད་ནི་མ་ཡིན་ནོ། ཆོས་ཀྱི་དབྱིང་དང་། ནམ་མཁའ་དང། ཆོས་ཐམས་ཅད་དང། བདག་གི་ཁམས་དེ་དགནི་མཚུངས་སོ། ཅིའི་ཕྱིར་ཞེ་ན། ་སྟོང་པ་རུ་མཚུངས་པས་ན་མཚུང་པཤེས་བྱའོ་། གཟུགས་དང་སྟོང་པ་གཉིས་ཀྱང་ཐ་དད་པ་མ་ཡིན། གཟུགས་རང་ཡང་ཐ་མྱིདད་དོ། དེར་ལྟར་གཟུགསཀྱི་ཀྱི་མཚན་ཉིད་སྟོང་པ་དང། དོན་དམ་པའི་སྟོང་པགཉིས་ཀྱང་ཐ་མྱི་དད་དོ། དབྱིར་མྱེད་པ། ་བགྲང་བ་ལས་བུལ་བ། རངབཞིན་གྱིས་སྟོང་པའི་མཚན་ཉིད་དུ་འཐུན་ནོ། གག་གཟུགས་ས་དེ་སྟོང་པ་ཉིད་། གག་སྟོང་པ་ཉིད་ས་དེ་གཟུགས་ཏེ། ་སེམས་ཅན་མ་རབས་བྱིས་བར་གྱུར་པ་རྣམས་ཐོག་མ་མྱེད་པ་ཚུན་བར་སྐྱེ་ཤི་འཁོར་བའི་ནང་ན་ལམ་རྒྱུད་ལྔ་འཁོར། ཕུང་པོ་ལྔ་དང་ནི་འདྲེས་། ཁམས་ལ་ནི་གོམས་པས། དེ་ལ་ཤིང་དུ་ཆགས་ཤིང་ཞེནད་ནས། དངོས་པོ་དང། གོང་བུར་འཛིན་པ་ལ། དེ་བཞིན་གཤེགས་པས་ངོ་བོ་ཉིད་ཀྱིས་སྟོང་པར་བསྟན་པས། གཟུགས་ཀྱི་མཚན་ཉིད་ནི་སྟོང་པར་ཤིགས་ན། གཉེན་པོ་སྟོང་པའི་དངོས་པོ་གཞན་གུད་ན་ཡོད་པར་འཛིན་པ་ནི། ཉན་ཐོས་ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདའ་བ་ལ་ཆགས་པའོ། དེ་ལྟ་སྟེ་གག་གཟུགས་ས་དེ་ཉིད་སྟོང་པ་ཉིད་ཅེས་བྱ་བ་ནི། གང་ཟག་གཟུགས་ལ་ཆགས་པས་འཁོར་བའི་མཐར་ལྟུང་བའི་གཉེན་པོའོ། གག་སྟོང་པ་ཉིད་ས་དེ་གཟུགས་ཤེས་བྱ་བ་ནི་ཉན་ཐོས་གང་ཟག་ལ་


མཚན་བརྗོད།_Page_384
[]

བདག་མེད་པར་ཆུད་ནས་གཟུགས་ཀྱི་ཟླ་ལ་སྟོང་པའི་མཚན་མ་སྐྱེ་སྟེ། མྱ་ངན་ལས་འདའ་བའི་མཐའ་འཛིན་པའི་གཉེན་པོའོ། གཟུགས་དང་སྟོང་པ་གཉིས་ནི་ངོ་བོ་ཉིད་ཀྱིས་མྱིད་པར་སྣང་བ་མ་ཡིན་ཏེ། དེ་ལ་གཟུགས་ལ་མཚན་མར་འཛིནད་པའི་སེམས་སྤང་བའི་ཕྱིར། སྟོང་པ་ཉིད་བསྟན་ན། སྟོང་པ་ལ་མཚན་མརའཛིན་པའི་སེམས་བྱུང་བས། སྟོང་པ་དང་གཟུགས་གཉིས་མྱིང་བརྗེས་སུ་ཟད་དེ། མཚན་མ་ནི་གང་གི་མཚན་མ་ལ་དམྱིགས་པས་ཀྱང་ཡང་དགས་ལ་སྒྲིབ་པར་འགྱུར་བས། གང་སྟོང་པ་ཉིད་རུ་འཛིན་པ་དེ་ཡང་མཚན་མ་ལ་ཆགས་པའོ། དེ་ལ་དཔེར་བྱ་ན་། མྱི་རབ་རིབ་ཅན་ཞིག་འདྲོན(འགྲོན)་ དུ་འགྲོ་བ་ལམ་གཡས་རོལ་གྱི་འགྲམ་ན་ནི་ཚེར་མ་དང། དོང་ཡོད། ལམ་གཡོན ་རོལ་གྱི་འགྲམ་ན་ནི་ངམ་པ་དང། གཡང་ས་ཡོད་དེ། མྱིའི་མྱིག་ལ་སྐྱོན་མྱེད་པ་གཅིག་གིས་ཚེར་མ་དང། དོང་ཡོད་དོ་ཞེས་བྱས་ན་ནི་ངམ་པ་དང་གཡང་པའི་མུར་ལྷུང། ངམ་པ་དང་། གཡང་ས་ཡོད་ཅེས་བྱས་ན་ནི་ཚེར་མ་དང། དོང་གི་མུར་ལྷུང་བ་ལ། ལམ་དབུ་མ་སྟོང་བ་ཉིད་ཇི་ལ་ཡང་མ་ཐོགས་མ་ཆགས་པ་བསྟན་ཏེ། རང་གི་གནས་རེད་བར་ཕྱིན་པར་བྱེད་དོ། དཔེ་དེ་དང་འདྲ་སྟེ། རབ་རིབ་ཅན་ཞེས་བྱ་བ་ནི་མ་རབས་ཉོན་མོངས་པའི་སྒྲིབ་པ་དང། ཤེས་བྱའི་སྒྲིབ་པས་ཤེས་རབ་གྱི་མྱིག་རབ་རིབ་དུ་སོང་བའོ། དོང་དང་ཚེར་མ་ནི་གཟུགས་ལས་ཐོགས་པའི་མཚན་མ་ལ་ཆགས་ཏེ་འཁོར་བའི་མུར་ལྷུང་བའོ།


མཚན་བརྗོད།_Page_385
[]

ངམ་པ་དང་། གཡང་ས་ནི་མྱ་ངན་ལས་འདའ་བའི་མཚན་མ་ལ་ཆགས་ཏེ། སྟོང་པའི་མུར་ལྷུང་བའོ། མྱིག་ཅན་གྱི་སྐྱེས་བུ་ནི་དེ་བཞིན་གཤེགས་པ་སྟེ། ཤེས་རབ་ཀྱི་སྤྱན་གསལ་བས་གཟུགས་ངོ་བོ་ཉིད་ཀྱིས་སྟོངས་བས་ནི་སྐྱེ་ཤི་སྒྱུ་མ་དང་འདྲ་སྟེ། འཁོར་བའི་ཉེས་པའང་མྱི་སྤོང་། ཁམས་གསུམ་རྨི་ལམ་དང་འདྲ་བས་མྱ་ངན་ལས་འདའ་བའི་ཡོན་ཏན་ཡང་མྱི་ཚོལ་ཏེ། དབུ་མ་སྟོང་པ་ཉིད་དུ་ཞུགས་ནས། མྱི་གནས་པའི་མྱ་ངན་ལས་འདས་པ་རང་གི་གནས་ཉིད་དུ་ཕྱིནད་ཏོ། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའོ། གོང་དུ་ཕུང་པོ་དེ་ངོ་བོ་ཉིད་སྟོང་པར་མཐོང་ཞེས་བྱ་བ་ལས། གཟུགས་ཀྱི་སྟོང་པ་སྨོས་ཏེ། ཕན་ཚུན་སྟོང་པ་རྣམ་དྲུག་གིས་བཤད་པ་བཞིན་ལྷག་མ་རྣམས་ཀྱང་དེ་བཞིན་ཏེ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་སོ། འདི་རྣམས་ནི་སེམས་ཀྱི་རྒྱུད་དེ། སེམས་ནི་གཟུགས་མྱེད་པ་སྟེ།   སྟོང་པ་ཉིད་ཀྱི་མཚན་ཉིད་པས་གཟུགས་ཀྱི་ཕུང་པོ་ལ་རྟེན་པའོ། དཔེར་ན་སྣོད་ཀྱི་སྟོང་པ་ཉིད་དང་འདྲ་སྟེ་སྣོད་ལ་རྟེནད་ཏོ། སྣོད་དེ་བཤིག་ན་དེ་ལ་རྟེན་པའི་གནས་མྱེད་དེ། སྟོང་པ་ཆེན་པོ་དང་ཡང་ཐ་མྱི་དད་དོ། དེ་དང་འདྲ་སྟེ། འདི་གཟུགས་ཀྱི་ཕུང་པོ་སྟོང་བར་བརྟགས་པས་སེམས་ཀྱི་ཕུང་པོའི་གནས་མྱེད་དེ། དོན་དམ་པ་ཆོས་ཀྱི་དབྱིངས་ཀྱི་སྟོང་པ་ཆེན་པོ་དང་ཡང་ཐ་མྱི་དད་དོ། དེ་ལ་ཕུང་པོ་ལྔ་


མཚན་བརྗོད།_Page_386
[]

སྟོང་པར་མདོ་ལས་འབྱུང་བས། གཟུགས་ཀྱི་ཕུང་པོ་ནི་དབུ་བ་དང་འདྲ་སྟེ། གཟུང་ཞིང་མཉེར་མྱེད་པའོ། ཚོར་བའི་ཕུང་པོ་ནི་ཆུ་བུར་དང་འདྲ་སྟེ། སྐད་ཅིག་མ་ཡིན་པས་མྱི་རྟག་པའོ། འདུ་ཤེས་ཀྱི་ཕུང་པོ་ནི་སྨྱིག་རྒྱུ་དང་འདྲ་སྟེ། འདོད་པས་སྐོམ་བས་ནོར་བའོ། འདུ་བྱེད་ཀྱི་ཕུང་པོ་ནི་ཆུ་སྐྱེས་ཀྱི་ལྡུམ་བུ་དང་འདྲ་སྟེ། གཞིགས་ན་སྙིང་པོ་མྱེད་པའོ། རྣམ་པར་ཤེས་པའི་ཕུང་པོ་ནི་སྒྱུ་མ་དང་འདྲ་སྟེ། ལོག་པ་ལས་སྐྱེས་པའོ། དེ་ལྟ་སྟེ་ཕུང་པོ་ལྔ་ནི་བདག་མ་ཡིན། གང་ཟག་མ་ཡིན། སེམས་ཅན་མ་ཡིན། སྲོག་མ་ཡིན། གསཱོ་བ་མ་ཡིན། སྐྱེས་བུ་མ་ཡིན་ཏེ། ཕུང་པོ་ལྔ་འདི་ནི་རང་བཞིན་འདི་སྟེ། བདག་དང་བདག་གིས་སྟོང་པའོ། མ་སྐྱེས་པའོ། མ་བྱུང་བའོ། མྱེད་པའོ། ནམ་ཀའི་(མཁའི)ཁམས་སོ། འདུས་མ་བྱས་པའོ། མྱ་ངན་ལས་འདས་པའོ། (ཞེས་གསུངས་སོ)། དེ་ལྟར་ཕྱི་རོལ་གྱི་ཆེན་པོ་བཞི་སྟོང་པར་ཤེས་པས་ནི་གཟུགས་སྟོང་པའོ། ནང་གི་སེམས་བཞི་སྟོང་པར་ཤེས་པས་སྟོང་པས་སྟོང་པ་སྟེ། སྟོང་པ་དང་། གཟུགས་ཀྱི་མཚན་ཉིད་སྤངས་པས་གཟུང་བ་དང་། འཛིན་པ་གཉིས་ལས་བྲལ་ཏེ། རྣམ་པར་གྲོལ་བ་ཞེས་ཀྱང་བྱའོ། ། འདི་ནི་ཤ་རིའི་བུ་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ཀྱི་མཚན་མ་སྟེ། ཆོས་ཐམས་ཅད་ཅེས་བྱ་བ་ནི། ཕུང་པོ་ལྔ་ལ་བརྟེན་པ་སྟེ། དབང་པོ་དང་། ཡུལ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལས་སྭོགས་པ་བྱ་སྟེ། ལྔ་ཕུང་དེ་སྟོང་པར་རྟོགས་པས་ན། དེའི་ཡན་ལག་རྣམས་ཀྱང་སྟོང་པའི་མཚན་མར་རིག་པར་བྱའོ། དཔེར་ན་ལུས་ཀྱི་གཙོ་སྟོང་པར་རྟོགས་པས་ན།


མཚན་བརྗོད།_Page_387
[]

རྐ(རྐང)་ལག་ལས་སྭོགས་པ་ཞར་གྱིས་སྟོང་པར་རིག་པར་བྱའོ། འདི་མན་ཅད་ཤེས་རབ་ཀྱི་སྤྱོད་ཡུལ་ཏེ། མྱི་སྐྱེ་མྱི་འགོག། མྱི་གཙང་མྱི་བཅོག། ་མྱི་འཕེལ་མྱི་འབྲི། སྔ་ན་མྱེད་པ་ལས་ཕྱིས་ཡོད་པར་གྱུརད་ན་ནི་སྐྱེས་ཤེས་བྱའོ། སྔོན་ཡོད་པ་ལས་ཕྱིས་མྱེད་པར་གྱུརད་པ་ན་ནི་འགག་ཅེས་བྱའོ། སངས་རྒྱས་ཀྱི་ངོ་བོ་ཉིད་། ཆོས་ཀྱི་དབྱིངས། དོན་དམ་པའི་སྟོང་པ་འདི་ནི་ཐོག་མ་མྱེད་པས་ན་མཐའི་མཐ(མཐའ)མྱི་རྙེད་དེ། འགོག་པ་ཡང་མྱེད། མཐ(མཐའ) མ་མྱེད་པས་ན་ཐོག་མའི་མགོ་མྱི་རྙེད་དེ། སྐྱེས་པ་ལ་ཡང་མྱེད། སེམས་ཅན་ལམ་རྒྱུད་ལྔའི་ནང་ན་འཁོང་ཡང་། སངས་རྒྱས་ཀྱི་ངོ་བོ་ཉིད་ལ་བརྩོག་པ་ཡང་མྱེད། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དེ་བཞིན་ཉིད་ནི་གཙང་མར་ཡང་མ་གྱུརད། གྲོག་མ་དང་། སྦུར་བུའི་ལུས་སུ་གྱུརད་ཀྱང་དེ་བཞིན་ཉིད་ལ་འབྲི་བ་ཡང་མྱེད། ཆོས་ཀྱི་སྐུར་གྱུརད་ཀྱང་འཕེལ་བ་ཡང་མྱེད། ། ཅིའི་ཕྱིར་ཞེ་ན། བསམ་ཞིང་བརྗོད་པ་ལས་འདས་ཏེ། དཔག་ཡས་མྱི་ཁྱབ་པའི་ཕྱིར་རོ། དེ་བས་ན་ཤ་རིའི་བུ་སྟོང་པ་ཉིད་ལ་གཟུགས་ཀྱང་མྱེད། ཚོར་བ་ཡང་མྱེད། འདུ་ཤེས་ཀྱང་མྱེད། འདུ་བྱེད་ཀྱང་མྱེད། རྣམ་པར་ཤེས་པ་ཡང་མྱེད་དོ། གོང་དུ་ཕུང་པོ་ལྔ་སོ་སོར་མྱིང་གིས་བསྔོས་ཏེ་སྟོང་པར་བསྟན་པས།


མཚན་བརྗོད།_Page_388
[]

ཡང་སེམས་ལས་མཚན་མར་རྟོག་པ་ཕུང་པོ་ལྔ་སྟོང་པ་ཉིད་ན་སྟོང་པ་ལ་དབྱེར་མྱེད་པས་། གཟུགས་ལས་ཐོགས་པར་གདགས་པའི་མཚན་མ་ཡང་མྱི་རིགས་ཤེས་མྱིང་ལ་རྟོགས་པའི་མཚན་་མ་བརྩལ་བའི་ཕྱིར་བསྟན་པ་སྟེ་། དེ་ལྟར་ཕུང་པོ་ལྔ་ངོ་བོ་ཀྱིས་སྟོང་པ་སྟེ་། མྱིང་དང་བསྔོ་བ་ལས་སྩོགས་པ་ལས་འདས་ཏེ་དབྱེར་མྱེད་པས་། གཟུགས་ལས་སྩོགས་པ་བཏགས་པའི་མཚན་མ་ཡང་མྱེད་པའི་ཕྱིར་མྱེད་ཅེས་བྱའོ། མྱིག་དང་། རྣ་བ་དང། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱང་མྱེད་། འདི་ནི་དབང་པོ་དྲུག་སྟེ་དྲུག་ཀྱང་ཕུང་པོ་ལྔ་ལ་རྟེན་པས་ཕུང་པོ་མྱེད་ན་དབང་པོ་དྲུག་ཀྱང་ཕུང་པོ་ལྔ་ལས་གཞན་མ་ཡིན་བས་མྱེད་ཅེས་བྱའོ། གཟུགས་དང། སྒྲ་དང་། དྲི་དང་། རོ་དང། རེག་དང་། ཆོས་ཀྱང་མྱེད། འདི་ནི་ཡུལ་དྲུག་སྟེ་། ཕྱི་རོལ་གྱི་ཡུལ་དྲུག་ཀྱང་ཀུན་དུ་བརྟགས་པ་ཙམ་སྟེ། དྲི་ཟའི་གྲོང་ཁྱེར་དང་། ནམ་ཀའི་མེ་ཏོག་དང། མྱེ་ལོང་གི་གཟུགས་བརྙན་དང། རྨི་ལམ་ལྟ་བུ་སྟེ། ་སེམས་ཅན་གྱི་མ་རིག་པ་ལས་འདུ་བྱེད་འདུས་བྱས་ཀྱི་འབྲས་བུ་གྲུབ་པ་ལ་བསླད་པའི་སེམས་ཀྱིས་ཡོད་པར་འཛིན་ཏེ། དོན་དམ་པར་ན་ངོ་བོ་ཉིད་གྱིས་སྟོང་པ་བས་མྱེད་ཅེས་བྱའོ། མྱིག་གི་ཁམས་ནས་ཡིད་ཀྱི་ཁམས་སུ་ཡང་མེད། འདི་ནི་ཁམས་བཅོ་བརྒྱད་ལ་བྱ་སྟེ། ནང་གི་དབང་པོ་དྲུག་མྱེད་པས་ནི་། རྣམ་པར་ཤེས་པའི་རྟེན་མྱེད། ཕྱིའི་ཡུལ་དྲུག་མྱེད་པས་ནི་རྣམ་པར་ཤེས་པའི་གནས་མྱེད་དེ། དེ་འབའ་ཤིག་མྱི་འགྲུབ་པས།


མཚན་བརྗོད།_Page_389
[]

རྣམ་པར་ཤེས་པ་དྲུག་ཀྱང་མྱེད་དོ། དེ་བས་ན་ཁམས་བཅོ་བརྒྱད་ཀྱང་མྱེད་ཅེས་བྱའོ། རིག་པ་ཡང་མྱེད། མ་རིག་པ་ཡང་མྱེད་། རི་པ་ཟད་པ་ཡང་མྱེད་། མ་རིག་པ་ཟད་པ་པ་ཡང་མྱེད་པ་ནས། རྒས་ཤིང་ཤི་བ་ཡང་མྱེད་། རྒས་ཤིང་ཤི་བ་ཟད་པ་འང་མྱེད། འདི་ནི་རང་སངས་རྒྱས་ཀྱི་ཐེག་པ་ལ་ཞུགས་པའི་སྤྱོད་ཡུལ་ཏེ། མ་རིག་པ་ནས་རྒ་ཤིའི་བར་དུ་བསྟན་པ་ནི་མདོར་གསུངས་པ་སྟེ། མ་རིག་པའི་རྐྱེན་ཀྱིས་འདུ་བྱེད་དེ། དེ་བཞིན་དུ་རྣམ་པར་ཤེས་པའི་རྐྱེན་གྱིས་མྱིང་དང་གཟུགས་ཤེས་བྱ་བ་ནས་། རེག་པ། ་ཚོར་བ། སྲེད་པ། ལེན་པ། སྲིད་པ། སྐྱེ་བ་། རྒ་ཤིའི་བར་དུའོ། མ་རིག་པ་ཞེས་བྱ་བ་ནི་བདག་དུ་འཛིན་པ་ལས་བྱུང་ངོ། བདག་དུ་འཛིན་པ་ནི་དངོས་པོ་མྱེད་པ་ལས་བྱུང་སྟེ། དེ་ལྟར་དངོས་པོ་མྱེད་པས་། དཔེར་ན་མུན་གནག་ཡུན་རིང་པོར་འདུག་པ་ལ་སྒྲོན་མེ་གཅིག་བྱུང་བས་སྐད་ཅིག་དུ་མེད་པར་འགྱུར་ཏེ། མྱེད་པའིདངོས་པོ་ཡངམྱི་སྣང་དོ། དེ་ལྟ་སྟེ། སེམས་ཅན་གྱི་ཐོག་མ་མྱེད་པ་ཚུན་ཅད་ཀྱི་མ་རིག་པའི་མུན་པ་སྟུག་པོ་ལ་། ཤེས་རབ་ཀྱི་སྒྲོན་མས་བརྟགས་པས་སྐད་ཅིག་དུ་མྱེད་པར་འགྱུར་ཏེ། མྱེད་པའི་དངོས་པོ་ཡང་མྱི་སྣང་ངོ། རིགས་ཞེས་བྱ་བ་ཡང་མ་རིག་པའི་ཟླ་བ་བཏགས་པ་ཙམ་དུ་ཟད་དེ། མ་རིག་པ་མྱེད་པས་རིག་པའི་མྱིང་ཡང་མྱི་གྲུབ་སྟེ། རིག་པ་ཡང་མེད་། མ་རིག་པ་ཟད་པ་ཡང་མེད་ཅེས་བྱའོ། ། མ་རིག་པ་དེ་ངོ་བོ་ཉིད་ཀྱིས་མྱེད་པས་མ་རིག་པ་མྱེད་དོ།


མཚན་བརྗོད།_Page_390
[]

མེད་པའི་དངོས་པོ་ལ་ཡང་བལྟར་མྱི་སྣང་བས་ཟད་པ་ཡང་མྱེད་ཅེས་བྱའོ། ་དེ་ལ་མདོ་ལས་འབྱུང་བ་། ་ཅི་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་ཞེ་ན། སྲོག་མྱེད་པ། སྲོག་དང་བྲལ་བ། ཇི་ལྟ་བུ་ཉིད། མ་ནོརད་པ། ་མ་སྐྱེས་པ་། མ་བྱུང་བ། མ་བྱས་པ། འདུས་མ་བྱས་པ། ཐོགས་པ་མེད་པ་། ཞི་བ། སྟོང་པ། མྱེད་པར་མཐོང་སྟེ། གང་གིས་དེ་ལྟ་བུའི་ཚུལ་དུ་ཆོས་རྣམས་ལ་ཡང་སྲོག་མེད་པ་ནས་། སྟོང་པ་དང། མྱེད་པར་མཐོང་བ་དེ་ནི་བླ་ན་མྱེད་པ། ཆོས་ཀྱི་སྐུ་སངས་རྒྱས་མཐོང་སྟེ། ཆོས་མངོན་པར་ཤེས་སོ་ཞེས་གསུངས་སོ། སྡུག་བསྔལ་དང་། ཀུན་འབྱུང་དང། འགོག་པ་དང། ལམ་ཡང་མྱེད། འདི་ནི་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པའི་སྤྱོད་ཡུལ་ཏེ་། བདེན་བ་བཞི་ཞེས་བྱའོ། བདེན་པ་ལ་སྣམ་པ་གསུམ་སྟེ་། འཇིག་རྟེན་དང་། འཇིག་རྟེན་ལས་འདས་པ་དང་། དོན་དམ་པ་འཕགས་པའི་བདེན་བའོ། འཇིག་རྟེན་གྱི་བདེན་བ་ནི་ཕུང་པོ་ལྔ་ལ་ཀུན་འབྱུང་དུ་ལྟ་བ་དང། རྒ་ཤི་ལ་སྡུག་བསྔལ་དུ་ཤེས་པའོ། འཇིག་རྟེན་ལས་འདས་པའི་བདེན་བ་ནི་ཀུན་འབྱུང་ལ་འགོག་པ་དང། སྡུག་བསྔལ་ལམ་གྱི་སྤོང་བར་བྱེད་པའོ། འཇིག་སྟེན་ལས་འདས་པ་དོན་དམ་པའི་བདེན་པ་ནི་ཕུང་པོ་ལྔ་ལ་སྐྱེ་བ་མྱེད་པར་ཤེས་པ་ནི་སྡུག་བསྔལ་གྱི་ཤེས་པའོ། གང་གིས་སྲེད་པ་འཇོམ་བ་ནི་ཀུན་འབྱུང་གི་ཤེས་པའོ། མ་རིག་པ་དང། བག་ལ་ཉལ་བའི་རྣམས་ངོ་བོ་ཉིད་ཀྱིས་མྱེད་པར་


མཚན་བརྗོད།_Page_391
[]

ཤེས་པ་ནི་འགོག་པའི་ཤེས་པའོ། ཆོས་མཉམ་པ་ཉིད་དུ་རྟོགས་ནས་ཐམས་ཅད་ལ་སྒྲོ་མྱི་འདོགས་པ་ནི་འཕགས་པའི་ལམ་གྱི་བདེན་བ་ཤེས་པའོ། དེ་ལྟར་བདེན་བའི་རྣམས་ཀྱང་དོན་དམ་པར་ན་རང་བཞིན་གྱིས་མྱེད་པས་ན་མྱེད་པ་ཞེས་བྱའོ་། དེ་ལ་མདོ་སྡེ་ལས་འབྱུང་བ། བྱང་ཆུབ་སེམས་དཔའ་བདེན་བ་ལ་མཁས་པ་གང་ཞེ་ན། ཕུང་པོ་འདི་ནི་སྡུག་བསྔལ་ཏེ། གང་གི་སྡུག་བསྔལ་གྱི་མཚན་མ་དེ་སྟོང་པ་ཉིད་ཇི་ལྟ་བ་བཞིན་རྟོགས་པ་ནི་འཕགས་པའི་བདེན་བའོ། གང་ཕུང་པོ་ལྔའི་སྲེད་པའི་རྒྱུ་དང། ལྟ་བའི་རྒྱུ་ནི་ཀུན་འབྱུང་ཏེ། གང་གིས་སྲེད་པ་ལྟ་བའི་རྒྱུ་དེ་དག་མྱི་ལེན་ཅིང་སྒྲོ་མྱི་འདོགས་པ་ནི་འཕགས་པའི་ཀུན་འབྱུང་གི་བདེན་བའོ། ་གང་ཕུང་པོ་སྔོན་གྱི་མཐའ་མྱི་འབྱུང་བ་དང་། ཕྱི་མའི་མཐའ་མྱི་འཕོ་བ་དང་། ད་ལྟར་མྱི་འགྱུར་བར་ཤེས་པ་ནི་འཕགས་པའི་འགོག་པའི་བདེན་བའོ། གང་མྱི་གཉིས་པའི་ཡེ་ཤེས་ལ་མཉམ་པར་བཞག་ནས་བདེན་བ་བཞི་སྟོང་པ་ཉིད་དུ་ཤེས་པ་འདི་ནི་འཕགས་པའི་ལམ་གྱི་བདེན་བའོ། ཞེས་གསུང་སོ། ཐོབ་པ་ཡང་མྱེད་མ་ཐོབ་པ་ཡང་མྱེད། འདི་ནི་བྱང་ཆུབ་སེམསདཔའ་ཐེག་པ་ཆེན་པོ་ལ་འཇུག་པའི་སྤྱོད་ཡུལ་ཏེ། ཐོབ་པ་ཞེས་བྱ་བ་ནི་སྔོན་མྱེད་པ་ལས་ཕྱིམ་ཐོབ་པ་ལ་བྱའོ། ཐོབ་པ་ཡོད་ན་ནི་སྟོན་པ་ཡང་ཡོད་། འབྲས་བུ་ཡོད་ན་ནི་འཇིག་པར་ཡང་འགྱུར་བས། སངས་རྒྱས་ཀྱི་དེ་བཞིན་ཉིད་སེམས་ཅན་ཐམས་ཅད་


མཚན་བརྗོད།_Page_392
[]

ལ་མཉམ་བར་ཡོད་པ་ནི་ཐོག་མ་ཡང་མ་སྟོར་། ཐ་མ་ཡང་ཐོབ་པ་མྱེད་དེ། སའི་རིམ་པ་སྨོས་པ་ཡང་ཀུན་བཞི་རྣམ་པར་ཤེས་པར་མ་རིག་པའི་བག་ཆགས་རིམ་གྱིས་སྦྱོང་བ་ཙམ་དུ་ཟད་དེ། མ་རིག་པའི་བག་ཆགས་བྱང་ནས་། སངས་རྒྱས་ཀྱི་ཡེ་ཤེས་མྱེ་ལོང་དང་འདྲ་བ། ཆོས་ཀྱི་དབྱིངས་ལ་ནི་ཐོབ་པ་དང་། མ་ཐོབ་ཅེས་གདགས་སུ་ཡང་མྱེད་པས་། ཐོབ་པ་ཡང་མྱེད་། མ་ཐོབ་པ་ཡང་མེད་ཅེས་བྱའོ། མདོ་སྡེ་ལས་འབྱུང་བ་། མཚན་མ་ཐམས་ཅད་ལ་མྱི་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། ཅི་ཡང་ཐོབ་པ་མེད་པ་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ཅེས་བྱའོ། སར་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཏེ་སྤྱོད་པས་སེམས་སྤྱོད་པ་ཡང་མྱེད། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤེས་བྱ་བ་ནི་མཚན་མ་ཐམས་ཅད་ལ་མྱི་གནས་པའོ། སྤྱོད་པས་ཤེས་བྱ་བ་ནི་སེམས་ཅི་ལ་ཡང་མྱི་སྤྱོད་པའོ་། དེ་ལྟར་མི་སྤྱོད་པས་སྤྱོད་པ་མྱེད་ཅེས་བྱའོ། མྱི་སྤྱོད་པའི་སེམས་ཀྱི་མཚན་མ་བྱུང་ན་ཡང་སེམས་སྤྱོད་པར་འགྱུར་བས། བཏགས་པའི་མཚན་མ་བསྩལ་བའི་ཕྱིར། ་སེམས་མྱི་སྤྱོད་པ་ཡང་མེད་ཅེས་བྱའོ། འདི་མན་ཅད་ནི་ཤེས་རབ་ཀྱི་ཡོན་ཏན་ཏེ། དེ་ལྟར་མྱེད་པ་ལ་གནས་པས་ན་ལོག་པ་ལས་ཤིན་དུ་འདས་ཏེ་ཐར་པ་ནི་


མཚན་བརྗོད།_Page_393
[]

མྱ་ངན་ལས་འདས་པའོ། དེ་ལྟར་མྱེད་པ་ལ་གནས་པས་ན་ཞེས་བྱ་བ་ནི། མཚན་མ་ཐམས་ཆད་མྱེད་པ་ལ་བྱའོ། ལོག་པ་ལས་ཤིན་དུ་འདས་ཏེ་ཞེས་བྱ་བ་ནི་ཀུན་བཞི་རྣམ་པར་ཤེས་པ་ལ་མ་རིག་པའི་བག་ཆགས་ཀྱིས། ཕྱི་རོལ་གྱི་ཡུལ་དངོས་པོ་མྱེད་པ་ལ་རྣམས་པ་སྣ་ཚོགས་སུ་ལྟ་བ་ནི་ལོག་པ་ཞེས་བྱའོ། དེ་ལ་ཤེས་རབ་གྱི་སྒྲོན་མས་མ་རིག་པའི་བག་ཆགས་ཀྱི་མུན་པ་ཅིག་ཅར་མྱེད་པར་བྱས་ཏེ། མཚན་མ་ཐམས་ཆད་ལ་ནམ་ཀའི་ངོས་བཞིན་དུ་མཐོང་བའོ། ཐར་པ་ཞེས་བྱ་བ་ནི་ཁམས་གསུམ་གྱི་སྐྱེ་ཤི་རྒྱུ་མ་ལས་ཐརད་པའོ་། མྱ་ངན་ལས་འདས་པ་ནི་མ་རིག་པ་ནི་མྱ་ངན་གྱི་གཞི་སྟེ། མ་རིག་པ་ལས་འདུ་བྱེད་འབྱུང་ངོ། འདུ་བྱེད་ལས་དུག་གསུམ་འབྱུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་འདིས་མ་རིག་པའི་མུན་པ་སྟུག་པོ་ཅིག་ཅར་བསྩལ་བས་འདུ་བྱེད་མྱི་འབྱུང། འདུ་བྱེད་མྱི་འབྱུང་བས་དུག་གསུམ་གྱི་མྱ་ངན་ལས་འདས་པས། མྱ་ངན་འདས་ཤེས་བྱའོ། འདི་མན་ཅད་ནི་ཤེས་རབ་ཀྱི་འབྲས་བུ་སྟེ། དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་པས་། དུས་གསུམ་དུ་རྣམ་པར་ཞེས་བྱ་བ་ནི། འདས་པ་དང་། ད་ལྟར་དང་། མ་འོངས་པའོ། སངས་རྒྱས་ཤེས་བྱ་བ་ནི་ཁམས་གསུམ་


མཚན་བརྗོད།_Page_394
[]

འཁོར་བའི་བསླད་པ་ལས་ཡེཤེས་ཀྱི་མྱིག་པས་སངས་ཤེས་བྱའོ། རྒྱས་པ་ནི་ཆོས་ཀྱི་སྐུརད་ཏེ། ཡེ་ཤེས་དང་། གཟུངས་དང་། ཏིང་ངེ་འཛིན་གྲངས་མྱེད་དེ། ཡོན་ཏན་ཕུན་སུམ་ཚོགས་པས་རྒྱས་ཤེས་བྱའོ། ཐམས་ཅད་ཅེས་བྱ་བ་ནི་དུས་གསུམ་གྱི་སངས་རྒྱས་སོ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་པ་ནི་མཚན་མ་ཐམས་ཅད་མྱེད་པ་ལ་གནས་པའོ། དུས་གསུམ་གྱི་སངས་རྒྱས་ཀྱང་མཚུངས་པར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས་བྱུང་ངོ་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་མངོན་པར་རྫོགས་པར་སངས་རྒྱས་སོ། བླ་ན་མྱེད་པ་ཞེས་བྱ་བ་ནི་དེའི་གོང་ན་མྱེད་པའོ། ཡང་དག་པར་རྫོགས་པའི་ཞེས་བྱ་བ་ནི། མཁྱེན་པར་བྱ་བ་ཐམས་ཅད་མཐར་ཐུག་པའོ། བྱང་ཆུབ་ཅེས་བྱ་བ་ནི་དེ་བཞིན་ཉིད་དོན་དམ་པ་ཐུགས་སུ་ཆུད་པ་ལ་བྱའོ། མངོན་བར་ཀུན་སངས་རྒྱས་སོ་ཞེས་བྱ་བ་ནི། རྣམ་པར་ཤེས་པའི་བག་ཆགས་མ་ལུས་པར་སྤངས་པས་འདས་པའི་སངས་རྒྱས་རྣམས་དང་ཡང་མྱི་འདྲ་བ་མྱེད་དེ། ཡོན་ཏན་མཚུངས་པ་ལ་བྱའོ། འདི་མན་ཅད་ཤེས་རབ་ཀྱི་གཟུངས་སོ། དེ་བས་ན་ཤེས་པར་བྱ་སྟེ། དེ་བས་ན་ཤེས་པར་བྱ་སྟེ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་སངས་རྒྱས་སུ་ཕྱིནད་པའི་རྒྱུར་འགྲོ་


མཚན་བརྗོད།_Page_395
[]

བར་ཤེས་པ་ལ་བྱའོ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཆེན་པོའི་སྔགས། ནང་གི་རྣམ་པར་ཤེས་པའི་བག་ཆགས་སྭེལད་བས་པས་ནི་ཆེན་པོའི་སྔགས་སོ། རིག་པ་ཆེན་པོའི་སྔགས། བླ་ན་མྱེད་པའི་སྔགས། མྱི་མཉམ་པ་དང་མཉམ་པའི་སྔགས། སྡུག་བསྔལ་ཐམས་ཅད་རབ་དུ་ཞི་བའི་སྔགས། ཕྱི་རོལ་གྱི་མཚན་མ་ཐམས་ཅད་ངོ་བོ་ཉིད་ཀྱིས་མྱེད་པར་ཤེས་པ་ནི། རིག་པ་ཆེན་པོའི་སྔགས། དེ་ལྟར་ཕྱི་ནང་གཉིས་ཀྱི་མཚན་མ་བསྭལ་པས་ན། བླ་ན་མྱེད་པའི་སྔགས་སོ། སངས་རྒྱས་ཀྱི་འབྲས་བུ་འགྲུབ་པས་ན། མྱི་མཉམ་པ་དང་མཉམ་པའི་སྔགས་སོ། སེམསས་ཅན་ཐམས་ཅད་ཀྱི་དོན་བྱེད་པས་ན། སྡུག་བསྔལ་ཐམས་ཅད་རབ་དུ་ཞི་བའི་སྔགས་སོ། བདེན་ཏེ་མྱི་བརྫུན་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་སྔགས་སྨྲས་སོ། ཏད་ཏྱཐཱ། འགཱ་ཏེ་འགཱ་ཏེ། པ་ར་འགཱ་ཏེ། པ་ར་སང་འགཱ་ཏེ། བོ་དེ་སྭཱ་ཧཱ། ། བདེན་ཏེ་མྱི་བརྫུན་ཞེས་བྱ་བ་ནི་། ཚིག་གི་སྨྲ་བ་མྱེད་པ་ནི་ངག་གི་བདེན་པ། ལུས་ཀྱིསབསྐྱོད་པ་མྱེད་པ་ནི་ལུས་ཀྱི་བདེན་པ། སེམས་ཀྱི་བསམ་བ་མྱེད་པ་ནི་ཡིད་ཀྱི་བདེན་བ། ངག་གི་སྨྲ་བ་མྱེད་པ་ནི་སྨོན་པ་མྱེད་པ། ལུས་ཀྱི་གཡོ་བ་མྱེད་པ་ནི་མཚན་མ་མྱེད་པ། སེམས་ཀྱི་བསམ་པ་མྱེད་བ་ནི་སྟོང་པ་ཉིད་དེ། འཕགས་པའི་རྣམ་པར་


མཚན་བརྗོད།_Page_396
[]

ཐར་པའི་སྒོ་གསུམ་དང་ཡང་མྱི་འགལ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པས། སེམས་ཀྱི་མཚན་མ་ཐམས་ཅད་བསྭལད་པས་ན་བདེན་ཏེ་མྱི་བརྫུན་ནོ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིནད་པའི་སྔགས་འདི་ནི་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་བསོད་ནམས་ཀྱི་རྒྱུར་འགྱུར་ཏེ། འཇིག་རྟེན་གྱི་བསོད་ནམས་ནི་ནད་ཀྱིས་སྙོན་སྨོངས(ཉོན་མོངས)པ་དང། བདུད་དང་། འདྲེ་གནོད་ཐམས་ཅད་ཀྱིས་མྱི་ཐུབ་པར་ཞི་ཞིང་སྡུང་ནུས་སོ། འཇིག་རྟེན་ལས་འདས་པའི་བསོད་ནམས་ནི། གཟུངས་འདིའི་གཞུང་ལ་རྟེན་པས་ན། ཤེས་རབ་དང་། ཡེ་ཤེས་ཀྱི་རྒྱུར་འགྱུར་རོ། ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིནད་པའི་སྙིང་པོ་བཤད་པ་རྫོགས་སོ།། །།    འགྲེལ་པ་འདི་ནི་སློབ་དཔོན་ཀ་མ་ལ་ཤི་ལས་མཛད་ཅེས་བཤད།


previousཤེས་རབ་ཀྱི་ཕ་རོལ་དུ་ཕྱིནད་པའི་སྙིང་པོ་བཤད་པ་། ཀ་མ་ལ་ཤི་ལ། ཏུན་ཧོང་།no next