༄༅། །གཡུ་ཐོག་ཤོག་དྲིལ་སྐོར་གསུམ་གྱི་མ་བུ་དོན་བསྡེབ་ཏུ་བཀོལ་པ་བཞུགས་སོ། །
སྨན་པའི་རྒྱལ་པོ་ཡོན་ཏན་མགོན་པོ་ལ་ཕྱག་འཚལ་ལོ། །མགོན་པོ་དེ་ཡི་མན་ངག་གི་གདམས་པ་ཤོག་དྲིལ་སྐོར་གསུམ་ལས་གསུངས་པ་རྣམས་མ་བུ་བསྡེབས་ཏེ་འདིར་བཀོད་པ། བདག་ཉིད་ཆེན་པོ་གཡུ་ཐོག་པའི་ཞལ་ནས་འདི་སྐད་དུ། སྨན་པའི་མཆོག་གྱུར་མགོན་པོ་དང༌། །མངོན་ཤེས་ལྡན་པའི་དྲང་སྲོང་ལ། །ལུས་ཅན་འགྲོ་བའི་དོན་ཆེད་དུ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཁོ་བོ་གཡུ་ཐོག་མགོན་པོ་ངས། །ལོ་བརྒྱད་ལོན་ནས་གསོ་དཔྱད་སྦྱངས། །ཐུགས་ཀ་ཆོས་ཀྱི་འཁོར་ལོ་ནས། །གསོ་དཔྱད་རིན་ཆེན་གཏེར་ཕྱུངས་ཏེ། །ཕྱི་རབས་རྗེས་འཇུག་གསོ་བའི་ཕྱིར། །ཚད་པ་ཕྱི་ནང་བར་དང་གསུམ། །མགོ་དང་ཡན་ལག་བྱང་ཁོག་དང༌། །གཅོང་སྡེ་ཡ་བརྒྱད་འཁོར་དང་བཅས། །བཞི་བརྒྱ་རྩ་བཞིའི་ནད་རིགས་ལ། །སོ་སོའི་གཞུང་དང་མི་འགལ་བའི། །བཅོས་ཐབས་ཟིན་ཏིག་ཤོག་དྲིལ་བརྩོམ། །དོན་ཆེན་བུ་དང་སློབ་མ་ཡིས། །བློ་གྲོས་ཆེན་པོ་འཕེལ་གྱུར་ཏེ། །སེམས་ཅན་ཟུག་རྔུ་ཀུན་སྤངས་ཞིང༌། །ཆོས་སྐུའི་ངོ་བོ་བརྙེས་གྱུར་ཅིག །དམ་ཉམས་རྣམས་ལ་ཤིན་ཏུ་གསང༌། །ཞེས་དང་ངོས་འཛིན་ཤོག་དྲིལ་དུ། །རྒྱལ་བའི་བཀའ་
མཆོག་ཡན་ལག་བརྒྱད་པ་དང༌། །ཚངས་པའི་དབྱངས་དང་འཇམ་དཔལ་དབྱངས་ཀྱི་བཀའ། །ཀླུ་སྒྲུབ་གསུང་དང་ཟླ་ཟེར་དཀར་ནག་དང༌། །དྲང་སྲོང་ལུགས་དང་ཕ་ཁོལ་གཞུང་རྣམས་དང༌། །རྒྱ་གར་རྒྱ་ནག་མཁས་པའི་གཞུང་རྣམས་དང༌། །བོད་དང་ལི་ཡུལ་སྨན་པའི་ཉམས་མྱོང་དང༌། །མཁའ་འགྲོའི་ལུང་དང་བུ་སློབ་བསོད་ནམས་ཀྱིས། །རྒྱ་ཆེའི་གཞུང་དང་བླ་མ་མང་བསྟེན་ནས། །སྐྱེ་བ་སྔོན་དུ་རང་རྒྱུད་སྦྱངས་པ་ལས། །ད་ལྟ་གཡུ་ཐོག་རིག་པ་ཁོང་ནས་ཤར། །མི་ལོ་མང་དུ་གཡུ་ཐོག་མགོན་པོར་གྲགས། །བདག་ལ་ཚད་མར་འཛིན་པའི་དོན་ཆེད་དུ། །རིན་ཆེན་ཤོག་དྲིལ་སྐོར་གསུམ་ཡི་གེར་བཀོད། །སྦྱོར་སྡེ་ཐམས་ཅད་ཤོག་དྲིལ་ནང་དུ་བསྟན། བལྟ། གསང་ཐིག་མན་ངག་ལྡེའུ་མིག་ནང་དུ་གཟིགས། །ངོས་འཛིན་རྟགས་རྣམས་འཁྲུལ་མེད་འདི་ལ་གཟིགས། །ཞེས་དང༌། འཕྲུལ་གྱི་ལྡེའུ་མིག་ཤོག་དྲིལ་ལས། །གཡུ་ཐོག་མགོན་པོ་བདག་གིས་ནི། །བླ་མ་མཁས་པའི་སྐུུ་དྲིན་གྱིས། །མི་ལོ་བདུན་ཅུ་རྩ་བདུན་དུ། །རིན་ཆེན་གསོ་དཔྱད་སྲོག་བཞིན་བསྐྱངས། །འདུ་བ་རྣམ་བཞིའི་ནད་རྣམས་ལ། །མིང་དུ་བཏགས་བྱས་སོ་སོར་བསྟན། །བཞི་བརྒྱ་ནད་ཀྱི་ངོ་བོ་བཅོམ། །ད་ནི་བུ་སློབ་དོན་ཆེད་དུ། །རིན་ཆེན་ཤོག་དྲིལ་ལྡེའུ་མིག་བཤད། །རིན་ཆེན་བདུད་རྩིའི་ཤོག་དྲིལ་འདི། །རྒྱལ་པོའི་གཏེར་གྱི་ཁང་པ་འདྲ། །གསེར་གྱི་ཐུར་ལ་ལྡེའུ་མིག་རྣམ་དྲུག་འདི། །གསལ་བྱེད་ལྕགས་ཀྱི་སྒོ་རྣམས་འབྱེད་པ་བཞིན། །ཞེས་དང༌། རིན་ཆེན་སྤུངས་པའི་
རྒྱུད་ལས་གསུངས་པ་དང༌། །ཀུ་མ་ཏ་དང་ནོར་བུའི་ཕྲེང་བ་དང༌། །ཡན་ལག་བརྒྱད་པ་རིན་ཆེན་གཏེར་རྒྱུད་དང༌། །པདྨའི་རྒྱུད་དང་ནོར་བུ་བརྩེགས་པ་དང༌། །བདུད་རྩི་སྙིང་པོ་མན་ངག་རྒྱུད་ཆུང་དང༌། །རྟོགས་བྱའི་དོན་ལ་མཁས་པའི་ཞལ་གདམས་དང༌། །གཡུ་ཐོག་མགོན་པོ་བདག་གི་ཉམས་བླངས་རྣམས། །ཚོད་འཛིན་ཐམས་ཅད་མེ་ལོང་ནང་དུ་བསྟན། །སྨན་རྣམས་ཕལ་ཆེར་ཤོག་དྲིལ་ནང་དུ་བཀོད། །ཅེས་གསུངས་ཤིང་མན་ངག་རྣམས་ལྡེའུ་མིག་ཏུ་བསྟན་པར་མཛད་པ་ལས། ངོས་འཛིན་གསེར་གྱི་ལྡེའུ་མིག་ལོགས་སུ་བཤད་ལ།འདིར་ནི་རིན་ཆེན་ཤོག་དྲིལ་དང༌། བུ་ཡིག་གསེར་གྱི་ལྡེའུ་མིག་ལྷན་ཅིག་བསྡེབས་ཏེ་བརྗོད་པ་ལ་བླ་མ་དང་མཁའ་འགྲོས་གནང་བ་བསྩལ་ཞིང་སེམས་ཅན་ལ་ཕན་པར་བྱིན་གྱིས་བརླབ་ཏུ་གསོལ། དང་པོ་སྨན་གྱི་སྦྱོར་སྡེ་བསྟན་པ་རིན་ཆེན་རྩ་བའི་ཤོག་དྲིལ་རྒྱལ་པོའི་གཏེར་གྱི་ཁང་པ་ལྟ་བུ་ལས། ཐང་གི་འདུལ་སྡེ་མ་ཤེས་ན། །ཚད་པ་གསོ་བའི་སྨན་པ་མིན། །ཞེས་གསུངས་པའི་ཐང་གི་འདུལ་སྡེས་ཚད་པ་གསོ་བ་ནི། སྲེ་ལོང་གཅིགཛཱ་ཏི་བཞི་ཆ།ཨ་ག་རུ་ཐུན་གཅིགབ་ལེ་ཀ་ཐུན་གཅིགའབྲས་བུ་གསུམ་དང་འབྲུག་རུས་ཐུན་གཅིགགུ་གུལ་ཐུན་གཉིས་རྣམས་ཆུ་བྲེ་གང་ལ་གདུས་ནས་ཕུལ་གང་བྱས་ལ་བཏོང༌། བུ་ཡིག་གསེར་ལྡེའུ་ལས། ཐང་གི་འདུལ་སྡེ་གཞན་རྣམས་གཞུང་ན་གསལ། །ཐང་གིས་ནད་རྣམས་སྨིན་ནས་གཏར་ཀ་བྱ། །ཚད་པ་ཅན་ལ་གཉིད་དུ་འཐིབ་ན་སྨིན། །རླུང་ནད་ཅན་ལ་ང་གསང་གཟེར་ན་སྨིན། །
གཏར་ཁྲག་གསལ་དྲུག་བླ་མའི་གདམས་ངག་ནི། །རླུང་ཁྲག་གསལ་ལ་དབུ་བ་མེད། །ཚད་ཁྲག་ནད་འཁྲུགས་ངས་པ་ཆེ། །ཞེས་གསུངས། ཡང་ཐང་གི་འབྱེད་སྡེས་ང་ཚད་འབྱེད་པ་ལ། སྲེ་ལོང་ཤ་མེད་པ་གསུམ། ཏིག་ཏ་བ་ལེ་ཀ་ཐུན་རེ་རེ། ཡང་གཅིག་ལ། བ་ཤ་ཀ་གཅིགབ་ལེ་ཀ་གཉིས།སླེ་ཏྲེས། གསེར་མེ་ནཱ་ག་གེ་སར། སྤོས་དཀར་རྣམས་ཐུན་གསུམ་གསུམ།ཆུ་བྲེ་ལྔ་ལ་གདུས་ནས་ཕུལ་གང་བྱ། རླུང་ནད་ཅན་ལ་ཨ་གར་ཛཱ་ཏི་སྙིང་ཞོ་མཆོག་ཏུ་བཤད། ཚད་པ་ཅན་ལ་རྩི་དམར་རྐང་གཅིག་འབྲས་བུ་གསུམ་ཙན་དན་དཀར་པོ་ཤེས་སོ། །ཏིག་ཏའི་སྦྱོར་སྡེས་མགོ་ནད་གསོ་བ་ནི། བྲག་ཏིག་ཆུ་ཏིག་གངས་ཏིག་ལྕགས་ཏིག་ཟངས་ཏིག་རྣམས་གདུས་གྲང་བཏང་བས་མགོ་ནད་སེལ། དེ་སྟེང་བགེགས་སྲུང་བ་གུ་གུལ། །མགོ་ནད་ལ་འབྲུག་རུས་མཆོག་ཏུ་བསྔགས། རུ་རྟ་དང་དུར་བྱིད་ཀྱིས་བསྐུ་མཉེ་བྱ། སྣ་རྩེ་མཚོགས་གསང་གཏར་བས་ཕན་ནོ། །རེ་རལ་འཁོར་སྡེས་ཤ་དུག་གསོ་བ་ལ། རྒྱལ་པོ་བཙུན་མོ་སྡུམ་བུ་བེ་སྐྱེས་རེ་རལ་བཞི་དང༌། བྲག་སྐྱ་ཧ་བོ་ཨ་རུ་གསེར་མདོག་རྣམས་ཀྱི་གྲང་ཐང་གྲང་མོས་ཤ་དུག་སེལ། ཤ་དུག་རིགས་གསུམ་ངོས་བཟུང༌། སྦྲེ་དུག་སྐྱུགས་དང་ལྟོ་སྦྱོང་བྱ། ཆང་དུག་ལ་ཨ་རུའི་ཐང་ལ་དྲོད་སྨན་ཧྲིལ་འཇོང་གཉིས་དང་ན་ལེ་ཤམ་བཏགས་པས་ཁ་ཚར་བཏབ།རྩི་དུག་ལ་ཆུ་གྲང་ཁོང་དུ་བཏང༌། ཤ་དུག་ཀུན་ལ་ཆུ་རུ་ཞུགས། ཚ་བ་ཆེ་ན་རུ་ཐུང་གཏར་མེ་བཙའ་མི་བྱའོ། །མུ་ཏིག་སྦྱོར་སྡེས་དབྱིག་དུག་ཕྱི་རུ་འདེད་
པ་ནི། མུ་ཏིག་དགུ། གངས་ཐིག་ལྔ། བོང་དཀར་བཞི། རྡོ་མདུང་རྩེ་བཞི།སྦལ་རྒྱབ་དྲུགརྡོ་ཕ་ཝང་ལོང་བུ་ལྔ། ཨ་རུ་ར་དགུའམ་ལྔ། སྲད་དཀར་རྣམས་དབྱིག་དུག་སོགས་དུག་རིགས་རྣམས་ནང་ནས་ཕྱི་རུ་འདེད་པའི་དེད་དཔོན་ཡིན། ཆ་འདི་རྣམས་ཕལ་ཆེར་ཐུན་ཚོད་ལ་གོ་བར་བྱའོ། །འདི་སྟེང་དངུལ་ཆུའི་དུག་ལ་མུ་ཏིག་སྟར་ཞུན་བསྐྱེད། ཤ་དུག་ཙམ་ལ་འོམ་བུའི་ཐང་གིས་དབུལ། སྦྱར་དུག་ཙམ་ལ་འབྲི་རྟ་ས་འཛིན། སྤང་ཤ་ནགས་ཤ་གསེར་ཤ་ཨ་རུ་ར་སྦྱར་བཏང༌། སྦལ་རྒྱབ་མདུང་རྩེ་ཁབ་ལེན་རྡོ་རྒྱུས་དང༌། གངས་ཐིག་རྣམས་ཀྱིས་རྐང་གི་གཏིང་ནས་འདེད། ཕྱིར་ཐོན་ཚེ་ནད་པ་རང་གི་དྲི་ཆུས་བཀྲུས་པ་ན། ནད་རོ་འདོན་ཞེས་མཁས་པ་ཀླུ་སྒྲུབ་གསུངས། གི་ཝཾ་སྦྱོར་སྡེས་དུག་ཚད་གསོད་པ་ནི། གི་ཝཾ་ཐུན་གསུམ། དེ་བཞིན་ཅུ་གང་གསུམ།གུར་གུམ་གསུམ་ཨུཏྤལ་དགུ། ཨ་རུ་ར་བརྒྱད། སུག་སྨེལ་ལྔ། ལི་ཤི་གསུམ།སྲད་དཀར་ལྔ། ནཱ་ག་གེ་སར་བཞི་རྣམས་སྐམ་བརྡུང་བྱས་ལ་ཆུ་འཐག་བྱ།ཅོང་ཞི་ཕྱེད་བཏང་ངོ༌། །དུག་ཚད་གསོད་པའི་སྦྱོར་སྡེ་འདི་ལ་ཡང༌། །མཆིན་ནད་ཅན་ལ་གུར་གུམ་མང་བར་བསྐྱེད། །ག་པུར་གི་ཝཾ་ཐུན་གྱི་ཚད་དང་སྦྱར། །སྲད་མ་དཀར་པོ་ཀུན་དང་ལོག་པོ་སྦྱོར། །དུག་ནད་ཐམས་ཅད་ལ་ནི་ཨ་རུ་ར། །ཙན་དན་དཀར་པོ་བོང་ང་དཀར་པོ་རྣམས། །མེད་དུ་མི་རུང་བ་ཡི་སྨན་ཡིན་ཞེས། །སྔོན་གྱི་དྲང་སྲོང་ཆེན་པོ་ཙ་ནས་བརྩེ་བས་གསུངས། །ཞེས་སོ། །བདུད་རྩི་ལྔ་ཡི་ལུམས་ཞེས་བྱ་བ་ནི། །བརྒྱད་པ་ལ་སོགས་གཞུང་
ཆེན་རྣམས་ནས་གསུངས། །བདུད་རྩི་བ་ལུས་པགས་པ་མཉེན་པར་བྱེད། །འོམ་བུ་ཡིས་ནི་རུས་པའི་དུག་འབྱིན་ཞིང༌། །བདུད་རྩི་མཚེས་ནི་ལུས་ཟུངས་སྐྱེད་པར་བྱེད། །མཁན་པས་ལུས་ཀྱི་འབྱུང་བ་མཐུན་པར་བྱེད། །ཤུག་པ་ཡོན་ཏན་བརྒྱད་དང་ལྡན་པ་སྟེ། །སྣེའུ་ཡིས་ནི་འབྲས་དང་འདྲིལ་བ་བཤིག །ཉེ་བར་མཁོ་བ་ཆང་དང་ཕབས་ཡིན་ཏེ། །འཕྲུལ་ཐབ་འཕྲུལ་དྲྭ་འཕྲུལ་མེའི་འཕྲུལ་གྱིས་བྱ། །ཞེས་སོ། །དེ་ཡང་བལ་བུ་འོམ་བུ་མཚེ་མཁན་པ་ཤུག་པ།བདུད་རྩི་ལྔ་དང་སྣེའུ་ཆང་དང་ཕབས་བཏབ་པའི་འཕྲུལ་ཐབ་ཀྱི་རླངས་ལུམས་བྱ་བ་ནི་བ་སྤུའི་སྐྱི་ཁྲུས་ཞེས་པགས་ཚད་སེལ་བ་སྟེ་རྡུལ་བལ་གྱིས་ཕྱིས་ལ་བྱུག་པ་བྱའོ། །རང་གི་དྲི་ཆུས་ལུས་བཀྲུ། རྩ་ཐམས་ཅད་ལ་ཅི་རིགས་གཏར་གསུངས། སྟོབས་ལྡན་གྱད་འདོན་ཞེས་བྱ་བ་ནི། ག་བུར་བཞི། ཙན་དན་དཀར་པོ་བཞི། ཨུཏྤལ་སྔོན་པོ་བཞི། གླ་རྩི་བཞི། ཅུ་གང་གཅིགསྒོག་ཐལ་གཅིགགུར་གུམ་གཅིགསུག་སྨེལ་གཅིགལི་ཤི་གཅིག་རྣམས་རྟ་བུ་གུར་གུམ་ཟེར་རམ་གྱི་ཆུ་ལ་བྱས་ནས་བཏང་ན་སྟོབས་ལྡན་གྱད་འདོན་ཞེས་གཏིང་གི་ཚད་པ་སེལ་བར་བྱེད། དེས་ལུས་ལ་ཐོར་བ་སྐམ་ཁོག་དང་ཚ་ཙེག་བེམ་བཅུ་གསལ་བར་བྱུང་ན་རང་གི་དྲི་ཆུས་བཀྲུ་ཞིང་ཡང་ཡང་སྨན་གྱིས་འདེད།རྩ་ཡི་རྒྱལ་པོ་རྩེ་ཆུང་ཁོ་ན་གཏར། མང་གཏར་ཉུང་དུད་བྱུང་བ་འདི་ལ་ཤིས། །འགྲམ་པའི་གཏིང་འདོན་ཞེས་བྱ་བ་ནི། རྡོ་ཧ་ཤིག་མདུད་རྩེ་སྦལ་རྒྱབ། གངས་ཐིག་སེང་ལྡེང༌། སྐྱེར་ཤུན། མཛོ་མོ་ཤིང་རྣམས་མང་དུ་སྦྱར་ལ་ཉུང་ངུ་
ཡུན་རིང་བཏང་བས་ཚད་རྙིང་སྦྱོང་བ་ཡིན་ཏེ། ནད་ཀྱི་རྟེན་ཕུར་འབྱིན་པའིསླད་དུ་གང་གནོད་ཟས་ཀྱིས་ནད་རོ་གཏིང་ནས་བསླངས་ལ། རྡོ་སྨན་རྣམས་ཀྱིས་ནད་རོ་གཏིང་ནས་འདོན། །ཤིང་སྨན་རྣམས་ཀྱིས་ཚིགས་ལ་གྲམ་པ་འདོན། །ཨུཏྤལ་བ་ཤ་ཀ་དང་ཙན་དན་དམར། །རྩི་དམར་རྐང་གཅིག་ཤ་ལ་གྲམ་པ་འདོན། །འགྲམ་པ་ཐོན་ནས་གསོད་པའི་སྦྱོར་སྡེས་བསད། །ནད་ཟུག་ཆག་ནས་ནད་རོ་སྦྱོང་གིས་སྦྱང༌། །ཞེས་སོ། །ག་བུར་བདུན་སྦྱོར་ནི།ག་བུར་གཅིགརྒུན་འབྲུམ་གཉིས། བཅའ་ལྒ་གཅིགཅུ་གང་གསུམ། གུར་གུམ་གཉིས། ཤིང་མངར་གཉིས། ལྕགས་བྱེ་གཉིས། ཀ་ར་དཀར་པོ་བརྒྱད་འགྱུར་རྣམས་གངས་ཆུའི་རྟ་བྱས་ལ་གུང་གཉིས་བཏང༌། གསར་བཅུད་ཀྱི་ཟས་བརྟེན་པར་བྱ། འདི་གློ་ཚད་དང་གློ་ནད་ཙམ་ལ་བསྔགས། གློ་རྙིང་ཡིན་ན་རྒྱ་རུ་བསེ་རུ་དང༌། །ནཱ་ག་གེ་སར་པདྨ་གེ་སར་རྣམས། །རྒན་པ་རྣམས་ལ་བུ་རམ་རྟ་དང་སྦྱར། །གཞོན་པ་རྣམས་ལ་སྤང་རྒྱན་གུར་གུམ་བསྐྱེད། །ཅེས་གསུངས་སོ། །ཞོ་ཤ་བདུན་པ་ནི། ག་བུར་གཅིགཅུ་གང་གཉིས། ཨ་རུ་གཅིགསྙིང་ཞོ་གསུམ། བ་རུ་གཅིགསྤོས་དཀར་གཉིས། བ་ལེ་ཀ་གཅིགཀ་ར་དྲུག་སྟེ་བདུན་པོ་འདིས་སྙིང་ཚད་སེལ། ཨ་རུའི་ཐང་གིས་སྲོད་དང་ཐོ་རངས་བཏང༌། རྒན་པ་རྣམས་ལ་ག་བུར་མི་བཏང་བར། ཙན་དན་དཀར་པོ་ཛཱ་ཏི་བསྣན་པར་བྱའོ། །བྱ་མོ་སྣ་ནས་རྩེ་སོར་འཇལ་བ་སྙིང་དབུས་དང༌།ཚིགས་པ་དང་པོ་སོགས་མདུན་རྒྱབ་སྙིང་གསང་མེས་མནན། སྙིང་ཐུར་
བྱ་བར་བཤད། དེས་འཚོ་བར་འགྱུར་རོ། །ཙན་དན་དགུ་པས་མཆིན་ཚད་སེལ་ཏེ། ཙན་དན་དཀར་པོ་བཞི། ག་བུར་གཅིགགུར་གུམ་གཉིས། ཅུ་གང་གཅིགཏིག་ཏ་གཉིས། བ་ཤ་ཀ་གཉིས། དུག་ཉུང་གཅིག་གསེར་མེ་གཅིགཀ་ར་དཀར་པོ་བཞི་བཅས་པས་མཆིན་ཚད་སེལ། རྟ་ཆུ་གྲང་ལ་བྱ།འདི་སྐབས་སུ་པྲི་ཡང་ཀུ་དང་གསེར་གྱི་མེ་ཏོག་བརྗེ། གུར་གུམ་བྲག་ཞུན་ལྕགས་དྲེག་ཁོ་ན་ཤིས། དེ་ཡིས་མཆོག་སྦྱོར་བ་བསྐྱར་ཏེ་བྱ་ཞེས་གསུངས།གེ་སར་སྦྱོར་སྡེས་མཚེར་ཚད་སེལ་བ་ནི། པདྨ་གེ་སར་བཞི། ནཱ་ག་གེ་སར་བཞི། ག་བུར་གཅིགཅུ་གང་གཅིགགུར་གུམ་གཉིས། མཚེ་ལྡུམ་གཉིས།སྤང་སྤོས་གཅིགཀ་ར་བཞི་བཅས་པས་མཚེར་ཚད་སེལ། ཆུ་གྲང་གིས་རྟ་བྱས་སྲོད་དང་ཐོ་རེངས་བཏང༌། ཚ་བ་ཆེ་ན་ལྕེ་རྩ་གཏར། གཞན་ཡང་སྐབས་འདིར། རྒན་པ་རྣམས་ལ་ག་བུར་མི་བཏང་བར། །སྦྱོར་སྡེ་རབ་ལ་ཤུག་པ་ཚེར་མ་ཅན། །ཞོ་ཤ་གསུམ་དང་སྦྱར་ཏེ་བཏང་བས་སེལ། །མཚེར་རྩ་གཏར་ཞིང་སློ་དུག་སྦྲགས་མས་གསོ། །མཚེར་ནད་ཙམ་ལ་སྦྱོར་སྡེ་གཉིས་པོས་གསོ། །མཁལ་མ་ཞོ་ཤས་སྦྱོར་བས་མཁལ་ཚད་གསོ་བ་ནི། མཁལ་མ་ཞོ་ཤ་བཞི། ཤུག་པ་སྤ་མ་གཅིག་ག་བུར་གཅིགཅུ་གང་གཅིགཨ་རུ་ར་གཉིས་རྣམས་རྟ་ཆུ་ལ་བྱས་ཏེ་གུང་གཉིས་བཏང༌། མཁལ་གསང་ལ་ཆུ་དུག་བྱ།ཟས་གསར་བཅུད་ཅན་བཏང༌། འདིར་བུ་དཔེ་གཞན་ན་མི་འདུག་མཚལ་དཀར་སྦྱོར་སྡེས་གློ་རྨུགས་གསོ་བ་ནི། མཚལ་དཀར་བཞི། ག་བུར་བཞི།
ཅུ་གང་གཅིགསྒོག་ཐལ་དྲུགཨུཏྤལ་བཞི། སྤང་རྩི་བཞི། སྤང་སྤོས་བཞི།ཀ་ར་བཞི་རྣམས་རྟ་རུ་རྟའི་ཆུ་ལ་བྱས་ཏེ་གུང་གཉིས་བཏང༌། འདི་གློ་རྨུགས་གསོ་བའི་མཆོག་ཡིན། རྩ་ཁ་ཐམས་ཅད་གསེར་ཐང་གི་ཕྱེ། རྩའི་རྒྱུ་ལམ་སྐམ་བུར་བྱ། བ་ཤ་ཀ་དང་བཙོད་དག་ཕན་གྱི་གྲོགས་སུ་བཟང༌། སྤྱང་ཀིའི་གློ་བ་བྱུང་ན་མཆོག་ཏུ་བཟང༌། མ་སྨན་རྩི་ཆུང་གཏར། ནག་པོའི་སྦྱོར་སྡེ་ནི། ག་བུར་གཅིག་གུར་གུམ་གསུམ། ཅུ་གང་གཉིས། སྒོག་ཐལ་དྲུགཨུཏྤལ་གཉིས། སྤང་རྩི་གཉིས། སྤང་སྤོས་གཉིས། ཀ་ར་བཞི་རྣམས་ཚད་པ་ཐོག་བབ་ཏུ་གསོད་པའི་སྨན་ཡིན། རྟ་ཆུ་གྲང་ལ་བྱས་ཏེ་གྲང་མོ་གུང་གཉིས་བཏང༌། རྩི་ཆུང་སོགས་སྟོད་སྨད་བར་རྩ་གང་བབ་གཏར། གཉན་དང་བསྡོངས་ན་གླ་རྩི་བསྐྱེད། ན་སོ་རྒན་པར་ཀ་ར་མང་ཙམ་བཏང༌། དར་མ་རྣམས་ལ་ཨ་རུ་བ་ཤ་ཀ་སྒོག་ཐལ་ཁོང་དུ་བཏང༌། རྗེ་བློན་གསུམ་གྱིས་ཚད་པ་གསར་པ་གསོད། །ཆང་དང་སྦྱར་ན་ག་བུར་དུལ་བ་ཡིན། །གང་ནའི་རྩ་དེ་བཀག་དང་བཙོན་དུ་བཟུང༌། །ཚད་ཆོག་ཨ་སོ་རྩེ་ཆུང་སོགས་ལ་གཏང༌། །ཁ་ཟས་གསར་བཅུད་ལྷོད་ཅིང་སྨན་འཕྲོ་བསྲིང༌། །ཞེས་སོ། །འདུས་པའི་སྦྱོར་སྡེས་སྨན་ཚད་སེལ་བ་ལ། ག་བུར་གཅིགཙན་དན་དཀར་པོ་གཉིས། ཨ་ཀ་རུ་གཉིས། གུར་གུམ་གཉིས། ཅུ་གང་གཉིས། སེ་འབྲུ་གཉིས། ཨུཏྤལ་ལྔ། ཀ་ར་དྲུག་བཅས་ཆུས་ཕུལ་གུང་གཉིས་བཏང༌། འདིས་སྨད་ཚད་སེལ། སྨད་དུ་ཚ་བ་ཆུ་དང་བསྡོང་བར་བདུད་རྩི་འདྲ། དེ་སྟེང་མོ་
།ནད་ཙམ་ལ་སྲམ་ཤ་འོལ་མོ་སེ། །མཁལ་མའི་ནད་ལ་མཁལ་མ་ཞོ་ཤ་དང༌། །མཆིན་པ་ཕོ་མཚེར་དོན་སྣོད་ཀྱི་ནད་ལ། །སུག་སྨེལ་དང་ནི་གུར་གུམ་ཤུག་ཚེར་སྦྱར། །རྗེས་སུ་མཁལ་གསང་བསྲེག་ལ་ལོང་རྩ་གཏར། །རྗེ་བློན་སྦྱོར་སྡེས་ཚད་པ་གསར་པ་གསོ་བ། ག་བུར་གཅིགགུར་གུམ་གཅིགཅུ་གང་གཅིགཀ་ར་གསུམ་གཉིས་བཅས་བཏང༌། ཟས་བསྡམ། གཉིད་བསྲུང༌།འབྲས་གསུམ་ཐང་བཏང༌། སྨན་གཞུག་བསྲིང༌། ཚ་བ་ཆེ་བར་ཨ་སོ་དང་རྩེ་ཆུང་གཏར། འདི་ལ་བུ་མི་སྣང༌། ལི་ཤིའི་སྦྱོར་སྡེས་གྲེ་བའི་ཚད་པ་སེལ་བ།ག་བུར་གཅིགགུར་གུམ་གཉིས། ཅུ་གང་གསུམ། ལི་ཤི་དྲུག་བྱ་པ་གསུམ།མཚལ་དཀར་གཅིག་རྣམས་ཀྱི་སྐམ་ཕྱེ་རྟ་ཆུ་ལ་བྱས་ནས་འབུལ། གྲེ་ཚད་སེལ་ཞིང་ནམ་འགགས་གདོང་ཟློག་བྱ། སྦྱོར་སྡེ་དེ་ཉིད་ལ་ཨ་རུ་དང་སྦྱར།དོ་བའི་འབྲས་བུ་ཁ་ཚར་བཏབ་པ་དང༌། །གག་པ་ཙམ་ལ་གླ་རྩི་བསྐྱེད་པར་བྱ། །ཐོང་རྩ་གཏར། གཉིད་བསྲུང༌། ཙན་དན་བཅུ་བས་གློ་ནད་སེལ་བ་ནི།ཙན་དན་དཀར་པོ། ཤིང་མངར། ཨཱ་རུ། གི་ཝཾ། འབུ་སུ་ཧང༌། སྤང་རྒྱན་དཀར་པོ། གུར་གུམ། རྒུན་འབྲུམ། སྲོ་ལོ་དཀར་པོ། ཀ་ར་བཅས་པས་གློ་ནད་སྤྱི་དང་ཁྱད་པར་གློ་འབུ་ཡི་ནད་སེལ། འདི་ལ་སྦྱར་ཚད་མེད་པ་ཐམས་ཅད་ཆ་མཉམ་ཡིན་ནོ། །གློ་ནད་རྙིང་པ་རྒྱ་རུ་བསེ་རུ་བསྐྱེད། །ནད་གསར་ལ་ནི་གི་ཝཾ་བཏང་མི་བྱ། །གློ་རྩ་གཉིས་དང་མཆོག་ཏུ་བུ་རྩ་གཏར། །བཅུད་དང་ཚ་དང་གནོད་པའི་ཁ་ཟས་སྤང༌། །ཨུཏྤལ་བདུན་པའི་སྦྱོར་སྡེས་པགས་
ཚད་སེལ་བ་ནི། ཨུཏྤལ་སྔོན་པོ། བ་ལེ་ཀ་གངས་ཐིག་གླ་རྩི་སྲད་དཀར་སྐྱུ་རུ་རྣམས་ཀྱིས་པགས་ཚད་སེལ་བ་བརྒྱད་པ་ལ་སོགས་གཞུང་ཆེན་རྣམས་ལས་གསུངས། རྟ་ནི་ཆུ་ལ་བྱ་ཞིང་གུང་གཉིས་བཏང༌། །འབྲུམ་བུའི་ནད་ལ་དགེ་སློང་དྲི་ཆུ་དང༌། །དུག་ནད་པགས་ཚད་རང་གི་དྲི་ཆུ་སྦྱར། །ཕྱི་ནས་ག་བུར་བྱུག་པ་དག་ཀྱང་བྱ། །མཇུག་ཏུ་བ་སྤུའི་སྐྱི་ཁྲུས་གྲང་མོ་བྱ། །འབྲུག་རུས་སྦྱོར་སྡེས་རུས་ཚད་གསོ་བ་ནི། །འབྲུག་རུས་གཅིགཏིག་ཏ་གཉིས། པྲི་ཡང་ཀུ་གཅིགབྲག་ཞུན་གཅིགསྤོས་དཀར་གཉིས། གངས་ཐིག་གཅིག་རྣམས་ཆུ་བསྐོལ་ཕུལ་ལ་ཐོ་རངས་དང་སྔ་དྲོ་བཏང༌། རུས་ནད་དང་ཁྱད་པར་མགོ་བོ་ན་བ་སེལ། ཕྱི་ནས་སྟར་ཁན་བྱུག་དཔྱད་དུ་མཚོགས་གསང་སྣ་རྩེ་གཏར། འབྲི་མོག་གི་ཐལ་བ། ཆུ་རྩ་ཅོང་ཞི་རྣམས་རའི་ཞོ་དང་ར་བལ་གྱི་དུག་ཡང་ཡང་བྱས་པས་ཚད་པས་ལུས་ཟུངས་མི་འཆོར། ཀོ་ལེའི་ཚད་པ་སེལ་བར་འདི་ཡང་བྱུག་པ་བསྐྱར་ལ་བྱའོ། །སྐབས་སུ་ཚད་པ་སེལ་བར་དང༌། གང་ཉེ་གང་རྒྱས་རྩ་ལ་གཏར་ཀ་བྱ། གུར་གུམ་བསིལ་སྦྱོར་ཞེས་པ།གུར་གུམ། གང་གངས་ཆུའམ་དཔྱད། ཆུང་རྒྱ་དར་ལྕགདར་ཡ་ཀན། ཕུག་རོན་སྒྲོ། ཅུ་གང་གཅིག་རྣམས་མིག་ཏུ་བླུགས་པས་མིག་གི་ཚད་པ་སེལ་བའོ། །འདིར་གུར་གུམ་ཅུ་གང་དར་ཡ་ཀན་རྣམས་དར་དམར་པོ་གཏུམས་གངས་ཆུར་གཞུག་ཕུག་རོན་སྒྲོས་བླངས་ནས་མིག་ཏུ་བླུགས་པ་འདྲ་སྙམ་མོ། །གུར་གུམ་དང་ཀ་རས་སྣ་འགགས་པ་སེལ། ཀ་རའི་སྦྱོར་སྡེས་སྣ་ཡི་ནད་དང་
ཚད་པ་སེལ་བ། ཀ་ར་གཉིས། གུར་གུམ་གཉིས། ཨུཏྤལ་གཉིས། རེ་རལ་གཉིས། འབྲུག་རུས་གཉིས། ཨ་རུ་ར་གསུམ། གུ་གུལ་གཅིགསྦྲུལ་ཤ་གཅིག་རྣམས་ཆུ་ལ་རྟ་བྱས་མང་སྦྱར་ཉུང་ངུ་བརྟེན་པར་བྱའོ། །དུག་ཉུང་སྦྱོར་སྡེས་རྒྱུ་མའི་ཚད་པ་སེལ་བ། དུག་ཉུང་གཅིགཨ་རུ་གཅིགརུ་རྟ་གཅིགརྒུ་དྲུ ༡ས། ག་བུ ༡ར། ཙན་དན་དཀར་པོ་གཅི༢ག་ཙནྡན་དམར་པོ་གཅི༢གཅུ་གང་བཞི། ཀ་ར་བཞི་རྣམས་ཆུས་འཕུལ་བར་བྱའོ། །ཤང་ཤང་བདུན་པས་ཁྲག་ནད་སེལ་བ་ནི། ཤང་ཤང་དམར་པོ་ཡུ་མོ་རྒྱུག་སླེབ་དུ་གྲགས་པ་ནི་ཤང་དྲིལ་དམར་པོ་སྟེ་དེ་ཆ་གཉིས། གུར་གུམ་གཅིགདོམ་མཁྲིས་གཅིགཙན་དན་དམར་པོ་གཅིགབཙོད་གཅིགསྤང་རྒྱན་གཅིགའབྲི་མོག་གཅིག་རྣམས་ཆུ་ལ་རྟ་བྱས་ཏེ་བཏང་བ་ཁྲག་ནད་ཁྲག་ཚད་སེལ་བའི་མཆོག་གོ །རིན་ཆེན་ཤོག་དྲིལ་མ་བུ་ལས་ཚད་པ་གསར་རྙིང་གི་སྨན་གྱི་སྡེ་ཚན་རྣམས་ལེའུ་ཉེར་བདུན་ནོ། །༈ ཡན་ལག་བརྒྱད་པའི་གཞུང་ལས་གསུངས་པ། །གུར་གུམ་གངས་ཆུས་མིག་གི་ཚད་པ་སེལ། །ལྡོང་རོས་ཀ་རས་རྣ་བའི་ཚད་པ་སེལ། །སྤང་རྒྱན་སྔོན་པོས་གྲེ་བའི་འབྲུམ་ཚད་སེལ། །ལི་ག་དུར་གྱི་ཚིགས་ཀྱི་ཚད་པ་སེལ། །འབྲུག་རུས་ཀྱིས་ནི་རུས་ཚད་སེལ། །ཨུཏྤལ་སྔོན་པོས་པགས་ཚད་སེལ། །གུར་གུམ་མཆིན་ཚད་ཀ་པེད་ཕོ་ཚད་ཕོ་ནད་སེལ། །མ་ནུས་དྭངས་སྙིགས་འབྱེད། །ཏིག་ཏས་མགོ་ནད་བྲག་ཞུན་མཆིན་པའི་ནད། །ཛཱ་ཏིས་སྙིང་ནད་
སྙིང་ཞོས་སྙིང་བདེ་སྐྱིད། །མཁལ་མ་ཞོ་ཤས་མཁལ་མ་བདེ། །རུ་རྟས་གློ་ལུ་ཅུ་གང་གློ་ཚད་དང༌། །གུར་གུམ་གྱིས་ནི་གློ་ཆུང་འབུད་པ་སེལ། །ཀ་རས་གློ་རྩ་སྐམ་པ་སྤང་བར་བྱེད། །སྤང་རྒྱན་སྲོ་ལོས་སྐད་ནི་སྙན་པར་བྱེད། །འུ་སུའི་ཐང་གིས་ཕོ་ནད་མཆིན་ནད་སེལ། །ཞེས་གསུངས་སོ། །རིན་ཆེན་ཤོག་དྲིལ་ལས་དེ་ལྟར་ཚད་པ་གསར་རྙིང་གི་ལེའུ་དང་པོ་མ་བུ་བསྡེབས་པ་རྫོགས་སོ། །ད་ནི་གག་ལྷོག་གཅོང་གི་སྡེ་ཚན་གྱི་ཉམས་མྱོང་གདམས་པ་ཉེར་མཁོ་གབ་སྦས་མེད་པར་བསྟན་པ་ལ་སྦྱིར། ཚད་པའི་སྨན་རྣམས་ཐོག་བབ་དག་ཏུ་བསྟེན། །གྲང་བའི་སྨན་རྣམས་ནད་དང་སྦྱར་ལ་བསྟེན། །གཅོང་གི་སྨན་རྣམས་དཔུང་བསྐྱེད་གཉུག་བསྲིང་གཅེས། །འདུས་པའི་ནད་རྣམས་གང་དགོས་ཁ་བསྒྱུར་ཞིང༌། །རྟ་དང་ལྕག་དང་གྲོགས་དང་ཁ་བསྒྱུར་བཞི། །རང་རང་དོན་སྣོད་ནད་དང་སྦྱར་ཏེ་དཔྱད། །ཟུང་བཞི་ཡ་བརྒྱད་གཅོང་གི་སྨན་རྣམས་ནི། །འཐོར་བུ་ཆེ་ལོང་ཙམ་དུ་བསྟན་མོད་ཀྱང༌། །རིགས་པས་དཔྱད་ནས་སོ་སོར་ཤེས་པར་བྱ། །ག་ལྷོག་སྨན་རྣམས་གྲངས་ཉུང་བོང་ཆེ་བྱ། །དེ་ལྟར་ཤེས་ན་ནད་པ་ནད་ལས་ཐར། །སྨན་པ་རང་ཡང་གཏམ་སྙན་ནོར་གྱིཕྱུག།ཅེས་སྨན་པའི་རྒྱལ་པོ་གཡུ་ཐོག་རྗེས་གདམས་པའོ། །སྔོ་ཡི་འདུལ་སྡེས་ལྷོག་པ་འཇོམས་པ། ཀྱི་ལྕེ་དཀར་པོ། སྤང་རྩི་དོ་བོ། སྤང་རྒྱན་དཀར་པོ།ལྷོག་དུག་པ། ཁང་དུད། ཁྲུ་དུས་སུ་ཟེར་དཔྱད། འབམ་པོ་ནག་པོ་རྣམས་ཆང་དང་སྦྱར་ནས་བཏང་བས། ས་ཆུ་མེ་ང་གི་ལྷོག་པ་འཇོམས། །མཛོ་གཅིན་སྤྲུ་
བ་དང་སྦྱར་བའི་ལུམས་བྱ། རིན་ཆེན་བདུད་རྩི་ཐིགས་པ་ལས། བོད་སྨན་སྔོ་རྣམས་ནད་རོ་གསོད་དང་སྦྱོང་བར་སྦྱར་ལ། དེ་ནང་གླ་རྩི་མང་དུ་བཏང༌།བཤལ་བྱེད་པར་སྔོན་བུ་བསྲེ་ཞེས་མཁས་རྣམས་དགོངས་པ་མཐུན། མེལྷོག་ལ་ག་བུར་དང༌། ས་དང་ཆུ་དང་ང་ལྷོག་ལ་ཤུ་དག་གླ་རྩི་བསྐྱེད་པར།དཔྱད་ནི་མེ་ཐུར་སྦྲགས་མ་བྱ། །ཞེས་གསུངས། ག་བུར་གཅིགགི་ཝཾ་གཉིས།གླ་རྩི་གཉིས། རུ་རྟ་གསུམ། ཅུ་གང་གཅིགསུག་སྨེལ་གཅིགཨུཏྤལ་གཉིས་རྣམས་རྩི་སྦྱོར་དྲག་པོ་ཞེས་ཀླུ་སྒྲུབ་གསུངས། ཆུ་ལ་རྟ་བྱས་ཏེ་སྨན་མང་དུ་བཏང་བས་གཉན་ལྷོག་འཇོམས། རྡུལ་དབྱུང་བ་དང་དུད་པ་བྱ་བལ་གྱིས་བདུག་པའམ་བྱུག་པ་བྱ། གཟེར་མེད་ན་ཨུཏྤལ་མི་བཏང༌། སྐྲངས་ཆེ་ན་གླ་རྩི་ཤུ་དག་བསྐྱེད། ཕྱི་ནས་བྱུག་པ་ནག་པོ་དགུ་སྦྱོར་བྱ་སྟེ། སྲམ་དང་ཁྱི་ནག་བྱ་ཕོའི་རིལ་མ། ར་ཐུག་རིལ་མ། གླ་བ། ཤུ་དགརྟ་བོན། གྲི་ཁྲག་དང༌།ཁྲག་སྣ་དུག་སྣ་འདྲེས་པའི་བྱུག་ལུམས་བྱ། སྐྲངས་ཆེ་ ན་སྤྲུ་ནག་ཁྱོར་གང་བཏབ། སྟེང་དུ་མི་འགྱུར་ཐིག་གདབ་མེ་ཐུར་བྱ། རྣག་རྣམས་དྲངས་ནས་སྐེམ་དང་ཟས་ཀྱིས་གསོ། ལྡོང་རོས་གཅིགབ་བླ་གཉིས། མུ་ཟི་བཞི། ཆུ་ཐང་ཕྲོམ་པ་དྲུགརྨ་བྱ་དང་ཕོ་རོག་སྒྲོ་གཞོབ་གཉིས། ནག་པོ་གཅིགགུ་གུལ་བདུན། རྡོ་ཐལ་གཅིགརྡོ་མདུང་རྩེ་གཅིགསྦལ་རྒྱབ་གཅིག་བྱེའུ་མགོ་གཅིག་རྣམས་དྭངས་མའི་སྦྱོར་སྡེ་ཞེས་ཆུས་འཕུལ་བས་ལྷོག་པ་འཇོམས་པའི་སྨན་ནོ། །དེ་ཡང་རུས་བབ་རྡོ་སྣ་མང་དུ་བཏང༌། ཤྭ་ལ་རྒྱས་ན་གུ་གུལ།
ཆུ་ཐང་ཕྲོམ། སྲམ། ཁྱིམ་བྱ་ཕོའི་རིལ་མ། གྲི་ཁྲག་གླ་བ། ཆུ་དགརྟ་བོན།ར་ཐུག་རིལ་མ་རྣམས་མཛོའི་ཆུས་སྦྲུས་ལ། བྱུག་ལུམས་འདྲ། པགས་ལ་གྲམ་ན་ཆུ་ཕྲོམ་མུ་ཟི་བསྐྱེད། མི་ཤ་གཅིགསྲེ་མོང་ཤ་གཅིགཏེའུ་ལོའི་ཤ་གསུམ། པུ་ཤུད་ཀྱི་ཤ་གཅིགཆུ་རུ་ནག་པོ་བཞི། སྦྲུལ་ཤ་གསུམ། སྦལ་ཤ་བཞི། སྡིག་པའི་ཤ་ལྔ་རྣམས་ཞིབ་བཏགས་ཤ་སྦྱོར་དྲག་པོ་ཞེས་ང་ལྷོག་འཇོམས་པའི་སྨན་ཏེ་ཆུ་སྦྱར་མང་དུ་བཏང༌། རྔུལ་ཕྱིས་ལ་བྱུག་པ་བྱ།དེ་ཡང་དར་མ་རྣམས་ལ་ཏེའུ་ལོའི་ཤ་སྦྲུལ་ཤ་བསྐྱེད་ཚན་དེ་དྲུག་པ་བདུན་པ་སོགས་དྲུག་འགྱུར་ཙམ་དུ་བ་ནུས་ཆེ་ན་བཏང༌། ཆུང་ན་བཞི། འབྲིང་ན་ཆ་ལྔ་བཏང༌། ཚན་དེའི་སྦྱོར་བ་ལྔའམ་དྲུག་པ་སྦྱོར་སྡེའི་གཞུང་དུ་གསལ་བས་འདིར་མ་བཀོད། ཕྱི་ནས་བྱུགས་པས་སྐྲངས་འབུར་འཇོམས། རོ་འདོན་སྦྱོང་གི་ལེའུར་ལྟོས། འདི་སྐབས་ཡན་ལག་བརྒྱད་པ་དང་ཕན་པའི་མདོ་ལས། ཚན་དེ་རབ་དེ་འབྲི་ཚིལ་འདྲ། །འབྲིང་ནི་གྲོ་མ་སྐམ་པོ་འདྲ། །ཐ་མ་ལྕམ་པའི་རྩ་བ་འདྲ། །ཨ་རུ་ར་ཡི་སྦྱོར་བ་ཡི། །རབ་གསུམ་འབྲིང་དང་ཐ་མ་བསྐྱེད། །སྦྱོར་རིགས་ལྔ་གསུམ་དྲུག་དང་དགུ། །ནང་དུ་ཁ་འཛིན་ཁོང་སྲུང་བཏང་ཞེས་གསུངས། །དཔྱད་དུ་མེ་ཐུར་མེ་བཙའ་དང༌། །ཁ་ཐུར་བསྡེབས་དང་རུས་པ་ཕུག་པར་བྱ། །ཨ་རུ་གསེར་མདོག་རྡོག་མ་གསུམ། བཙན་དུག་གཅིག་གླ་རྩི་གཉིས། ཤུ་དག་གསུམ། རུ་རྟ་གཉིས། སྒང་ཐུར་གཅིག་རྣམས་དུག་སྦྱོར་དྲག་པོ་ཞེས་བྱིས་པའི་ཆུ་ལ་རྟ་བྱས། རིལ་བུ་བདུན་རེ་ཟོས་ན་ལྷོག་
པ་གསོད་པའི་སྨན་ཡིན། །དེས་ཕྱི་ནས་ཀྱང་བྱུག་པ་བྱའོ། །དུད་པ་བྱ་བལ་མ། ལུག་རྭ་བསྲེགས་ཐལ། ར་རུ། ར་ཐུག་དང་ལུག་ཐུག་གི་རྨོངས་སྤུ་གྱང་ས་འཇམ་པོ། གུ་གུལ་ནག་པོ། ཤུ་དག་ནག་པོ་རྣམས་ཀྱི་ནང་དུ་ཁྱི་ལུད་བཏབ་ལ་ཕྱི་ནས་བྱུག་པ་བྱས་པས་ལྷོག་པའི་སྐྲངས་འབུར་སྙོལ་བའི་སྨན་ཡིན། རྩ་ལྟོའི་སྦྱོང་བྱའོ། །གླ་རྩི་གཅིགཤུ་དག་གཅིགརྒྱ་ཚྭ་གཅིགན་ལེ་ཤམ་བདུན། སྣ་ཁྲིད་པ་གཅིན། བྱང་བ་གཉིས། བྱེ་མ་གཉིས་རྣམས་ཕྱེ་མར་བྱས་པའི་འདེབས་སྨན་འདིས་གག་པ་གསོ། འདེབས་དུས་ཁབ་ཤུབ་བམ་སྦུ་གུའི་ནང་དུ་བླུགས་ལ་དབུགས་ཀྱིས་དཔུར་ཏེ་ལྕེ་དང་གྲེ་བར་བཏབ། འདིའི་གསང་བའི་སྨན་གཅིག་མཚལ་དཀར་ཡིན་པས་དེ་བསྲེས་ན་སླར་མི་འབྱུང༌།གསང་སྨན་དེ་ཚྭ་དང་ཞོ་སྦྱར་ལ་འཐུང་ན་ལུས་ལ་རྟེན་པས་ཞེས་འདུག་གག་རྒྱུན་གཅོད།ཀུ་མུ་ཏའི་རྒྱུད་ལས་གསུངས་པ། རྒྱ་ཚྭས་གྲེ་བའི་ཚད་པ་གཏིང་ལེན་བྱེད། །ཤུ་དག་རྣག་ཁྱིམ་གག་པའི་ནད་རྣམས་འཐུངས། །མཚལ་དཀར་གྱིས་ནི་གཏིང་ནད་འཚོལ་བ་དང༌། །ཚེར་ཐོག་སྤང་སྤོས་ཕ་ཝཾ་དྲེགས་པས་འདེད། །བྱང་བས་འབྲད་དང་གླ་རྩིས་འཁྲུད་པར་བྱེད། །ཅེས་གསུངས། འདིའི་དཔྱད་དུ་ཐོར་པ་བྲེགས་ལ་ཤུལ་དུ་འདེབས་སྨན་བཏབ་པར་བྱའོ། །རྒྱ་ཚྭ་གཅིག་བྱ་བ་བདུན། མཚལ་དཀར་གཅིག་བྱེ་མ་གཅིག་རྣམས་གྲེ་བ་ལ་བཏབ་ན། གག་འབྲུམ་གཏིང་ལེན་ཞེས་གག་རྒྱུན་གཅོད་པ་དང༌། ཡང་ལུགས་གཅིག་སྲུབ་ཀཚར་ཐོགཚེར་ཐོག་གིར་བོད་སྐྱང་སྤང་སྤོས། ཕ་ཝཾ་དྲེག་པ་རྣམས་
སྦུག་གུས་གག་སྐྲངས་སྟེང་དུ་བཏབ་པར་བྱའོ། །བྱ་སྲམ་ཞུམ་བུ། བྱི་བའི་རིལ་མ་རྣམས་ཀྱིས་ལུམས་བྱ་ཞིང༌། སྤྲ་བ་ལྔའམ་བདུན་བརྒྱད་ཀྱིས་བསྲེགས་ལ། རྡོ་མདུང་རྩེ། སྦལ་རྒྱབ། རྒྱ་ཚྭ་རྣམས་བཏབ་པས་ལུ མས་དང༌། བྱུག་པ་རང་བྱ་བ། ཐུར་སེལ་གྱི་སྦྱོར་བ་ཞེས་བྱ་སྟེ་ཤ་འབྲས་གསོ་བའི་ཐབས་སོ། །ཕྱི་ནས་ཞུམ་བུའི་པགས་པས་དཀྲི་བར་བྱའོ། །དེ་ཡང་ཤ་འབྲས་སྐྲངས་ཆེ་ཟུག་ཆུང་བ་དང༌། རྩ་འབྲས་སྐྲངས་ཆུང་ན་ཚ་ཆེ། །རུས་འབྲས་རུས་ཞུགས་ན་ཚ་ཆུང༌། །ཤ་དྲ་རྩ་བསྲེག་རུས་པ་བརྡར། །མེ་བཙས་བསྲེགས་ཤུལ་འདེབས་གསོད་བཏབ། །དྲ་བ་སྡོམ་པའི་རྒྱུད་ལས་འདི་སྐད་དུ། །ཤ་འབྲས་སྐྲངས་ཆེ་ནག་ལ་ནི་མ་བཟོད་པ། །གྲིབ་དང་ང་གིས་ཕོག་ན་ན་སྙམ་བྱེད། །རྩ་འབྲས་ཡ་མ་བཞིན་དུ་རྒྱུག་པར་བྱེད། །སྐམ་ཁོལ་ལྡང་དུབ་ལྷག་པར་སྲོད་ལ་ན། །རུས་འབྲས་རུས་མདོག་ཉི་རྒས་གྲིབ་སོ་འདྲ། །རུས་པ་འབྲད་ལ་འདེབས་ཀྱིས་གསོ་བར་བྱས། གཅོད་པར་བྱེད། །འབྲས་ཀྱི་གྲོང་ཁྱེར་འཇོམས་ཞེས་འཇམ་དཔལ་བཤད། །ཅེས་གསུངས་སོ། །མཚལ་དཀར་གཅིགརུ་རྟ་གཅིགརྒྱ་ཚྭ་བདུན་བྱང་པ་བདུན། སྲུབ་ཀསྤང་སྤོས་རྣམས་རྨ་ལ་འདེབས་འབྲད་པའི་འདེབས་སྨན་ཞེས་རུས་འབྲས་གཅོད་པ་སྟེ། རུས་དཀར་ནག་མཚམས་སུ་བླུད་ལ་བཏབ་བོ། །འདིར་བུ་ཡིག་གི་ནང༌། ཞིམ་བུའི་པགས་པ་ཤའང༌། ཤ་བའི་ཚིལ་བུ། འཇམ་འབྲས་ཟོ་བ། ཚན་དེ། ཨ་རུ་ར། སྡིག་སྲིན། བྱང་པ་རྣམས་མར་དང་སྦྱར་ལ་བྱུག་པ། བྱིབས་པའི་སྦྱོར་སྡེ་དབྱིབས་
དང་ཞེས་འདུག་དཔྱད། ཞེས་རྩ་འབྲས་གསོ་བའི་སྨན་ནོ། །དཔྱད་དུ་མེ་བཙའ་གདབ་ཁྲག་གཏར་རོ། །རུ་རྟ་གཅིགརྒྱ་ཚྭ་གཅིགཤུ་དག་གཉིས། ཅུ་གང་གསུམ། ཀ་ར་བཞི་རྣམས་སོ། །ཡངས་ལུགས་གཅིག་གླ་རྩི་གཅིགགི་ཝཾ་གཉིས། གུ་གུལ་གསུམ། ཚྭ་ལ་གཅིགརྒྱ་ཚྭ་བཞི་རྣམས་སྦྱར་བ་ལིང་རོ་གསོ་བའི་སྨན་ནོ། །དེ་ཡང་རུ་རྟའི་འཕྲུལ་སྦྱོར་སྐབས་སུ། རྒྱ་ཚྭ་ཞིབ་བཏགས་པ་ཡི་ཆུ་དང་སྦྱར་ལ་ལེགས་པར་བསྐོལ་ནས་བསྐོལ་གྲངས་ལན་གསུམ་བྱ་དེའི་ནང་དུ་རུ་རྟའི་ཕྱེ་ཞིབ་བཏབ་ལ། ཞིབ་ཏུ་བསྣུར་ཏེ་རིལ་བུར་བྱས་པ་དེའི་ཕྱེ་མ་ལིང་རོའི་སྟེང་དུ་བཏབ། ཁ་འཛེམ་དང་སྤྱོད་ལམ་གང་ཡང་སྲུང་མི་དགོས་སོ། །སྡིག་སྲིན་སྦྱོར་བས་ཆུ་འགགས་སེལ་བ་ནི། རྒྱ་ཚྭ་གསུམ།སུག་སྨེལ་གཉིས། སྡིག་པ་སྲིན་གཉིས། སྲིན་བུ་གཉིས། ཐང་ཤིང་ཐལ་བ་རྣམས་ལྕམ་པའི་ཐང་གིས་འཕུལ་བས་ཆུ་འགགས་སེལ། འདི་ལའང༌། དུང་ཁང་འབུ་སྐོགས་ཞེས་མཆན་འདུག་འབུ་སྐྱོགས་འདྲ། ཐལ་བས་ནད་རྣམས་ཁོང་ནས་འདེད། །ར་ཡི་རུས་པས་རྒྱུ་མ་དང་ཚང་སྐེད་ན་བ་གསོ། །སྡིག་པ་སྲིན་བུས་ཆུ་རྣམས་ཐུར་དུ་འདེད། །ལྕམ་པ་གཡེར་མས་རྩ་ལམ་འགགས་པ་འབྱེད། །ཅེས་པ་རྣམས་ཀྱང་མན་ངག་གི་གསང་སྨན་ཡིན་ལ། འདི་ལ་དཔྱད་དུ་ལུང་ཐང་མེ་ཡིས་བསྲེགས། །རྒྱབ་ཏུ་ཡོས་ཀྱི་དུག་དང་སྦང་དུག་བྱ། །གུང་མོའི་སེན་མོ་གཉིས་ལ་གསེར་མདོག་སེར་ཙམ་བསྲེག་པ་འདྲ། འདོན། །མུ་ཟིའི་སྦྱོར་སྡེས་ཚ་ཆུ་འགག་པ་འདྲེན། མུ་ཟི་གཉིས། ཨ་རུ་གཉིས། བ་རུ་གསུམ། སྐྱུ་
རུ་གསུམ་རྣམས་ཆུ་གྲང་ལ་རྟ་བྱས་སྲོད་དང་ཐོ་རེངས་བཏང༌། འདི་ཐང་བྱས་པས་སྡུད་པར་བྱེད་ལ། དེ་སྟེང་གྲེ་ག་དང་ཀ་ར་བཏབ་པར་བྱ། གསར་བཅུད་བཏང༌། རྙིང་པ་ལྕི་བ་བཅུད་ཅན་སྤང་བར་བྱའོ། །གསེར་དངུལ་བྱི་རུ་མུ་ཏིག་དངུལ་ཆུ་ཟངས་ལྕགས་དུང་འཁར་བ་ཨ་ཀྲ་པི་ག་མུ་མེན་དེ་རྣམས་སྟར་བུ་དང་སྦྱར་བ་སྦྱོར་སྡེ་རང་འཁོལ་ཞེས་དངུལ་དུག་སོགས་སེལ། སྦྱོར་སྡེ་རང་ཁོལ་རྒྱུད་ལས་འདི་ལྟར་གསུངས། རིན་ཆེན་སྦྱོར་བ་ཡོན་ཏན་དྲུག་དང་ལྡན། །སེམས་གསལ་རྒས་སྲའང༌། དཀའ་ལུས་ཉམས་བདེ་བ་དང༌། །ནད་རིགས་འདུ་བ་འཇོམས་དང་བདེ་བ་བསྐྱེད། །ཀུན་དང་སྦྱོར་བ་མཐུན་པ་རིན་ཆེན་སྦྱོར་སྡེ་ཡིན། །རིན་ཆེན་གསེར་དུག་ཆང་དང་ཚྭ་ཡིས་སྦྱོང༌། །རིན་ཆེན་དངུལ་དུག་ལྕུམ་དང་བྲག་ཇས་སྦྱངས། །བྱི་རུའི་དུག་ནི་རྡོ་ཐལ་མཚུར་གྱིས་དབྱུང༌། །མུ་ཏིག་དུག་སྤང་དབྱུང༌། སྦྱོར་སྡེ་གཞན་དང་འདྲ། །ཟངས་ལྕགས་འཁར་བའི་དུག་ནི་འོམ་བུས་དབྱུང༌། །དངུལ་ཆུ་སྟར་བུས་བཤིག་པ་མན་ངག་ཡིན། །དེ་ལྟར་དུག་དབྱུང་ཡོན་ཏན་སྦྱོར་སྡེ་ཡིན། །ནད་ཀྱི་རིགས་དང་ཤ་དུག་སྦྱར་དུག་ཐུབ། །སེང་ལྡེང་སྦྱོར་བས་བྱེར་པའི་ནད་ཀུན་སྡུད་པ་ནི།སེང་ལྡེང༌། ར་ཁྲག་སྐྱེར་པ། དབྱི་མོང་དཀར་པོ། མཛོ་མོ་ཤིང༌། བཙོད།འབྲི་མོགཨ་ག་རུ་རྣམས་ཆུ་བྲེ་གང་དུ་གདུས་ནས་གྲང་ཐང་བྱས་ལ་བཏང་བས་ནད་བྱེར་བ་ཐམས་ཅད་བསྡུ་བར་བྱེད། ཚེགས་རྣམས་མཉེན་པར་བྱེད།འདུས་ནས་གཏར་ཀས་དྲངས། ཡང་ན་བཤལ་གྱིས་སྦྱང་བ་སོགས་རིམ་
གྱིས་གང་འཕྲོད་བྱའོ། །ཤིང་ཀུན་ཅུར་ནིས་ཀྱིས་སྙིང་ང་གྲང་བ་སེལ་བ་ནི། ཤིང་ཀུན་གཅིག་ཁ་རུ་ཚ་བཞི། སྟར་བུ་གསུམ། སེ་འབྲུ་གསུམ། བཅའ་ལྒ་བཞི་རྣམས་དར་བ་བསྐོལ་བས་འཕུལ་ལ་ནང་ནུབ་བཏང༌། རུལ་བཅུད་སྤང༌། སེམས་མི་བདེ་ཆེ་ན་དཀར་ནག་མཚམས་སུ་བསྲེག །གཞན་ཡང་རླུང་གསང་རྣམས་སུ་ཛ་ཏིས་བསྲེག །ལུས་སེམས་དལ་ཞིང་གཏམ་སྙན་སྨྲ་བར་བྱ། །སེ་འབྲུ་བརྒྱད་སྦྱོར་གྱིས་བད་ང་སེལ་བ་ནི། སེ་འབྲུ་གསུམ།ཤིང་ཚ་བཞི། ཛཱ་ཏི་གཉིས། ཀ་ཀོ་ལ་གཅིགགུར་གུམ་དྲུགསུག་སྨེལ་ལྔ།པི་ལིང་གཉིས། སྒ་སྐྱ་བཞི་རྣམས་ཆུ་བསྐོལ་རྟ་བྱས་ཏེ་བཏང༌། བད་ཀན་ཅན་ལ་དར་བའམ་ཆང་བསྐོལ་གྱིས་འཕུལ་བར་བྱའོ། །སེ་འབྲུ་བདུན། ཤིང་ཚ་ལྔ། པི་ལིང་བཞི་རྣམས་དར་བས་འཕུལ། འུ་སུ་གུར་གུམ་ཡང་ལུགས་གཅིག་ཡིན། སེ་འབྲུ་ལྔ་པའམ་འབྲུ་ལྔའི་སྦྱོར་བ་འདིས་དང་ག་འབྱེད། གཞོན་པ་ལ་སྣོད་ཀ་གཏར་བ་བླ་མའི་མན་ངག་གོ །སུག་སྨེལ་བདུན་པས་དང་ག་འབྱེད་པ་ནི། སུག་སྨེལ་བཙོད་བཅའ་ལྒ་ལ་ཕུད་ནཱ་ག་གེ་སར་པུཥྤེ་གེ་སར་པི་ལིང་རྣམས་ཀ་ར་དྲུག་འགྱུར་སྦྱར་བ་གྲོ་སོག་གི་ཚིག་མས་འཕུལ། སྐྱུགས་ན་སྨན་གྱིས་བཅད། སེ་འབྲུ་ལྔ་པ་དང༌། སུག་སྨེལ་སྦྱོར་བ་འདི། རྒན་དང་ཟུངས་ངན་རྣམས་དང་ག་འབྱེད་པའི་མཆོག་གོ །ཨུཏྤལ་དགུ་སྦྱོར་འདིས་འཐབ་པའི་ནད་རྣམས་སེལ་ཏེ། ཨུཏྤལ་གཉིས། ཅུ་གང་གཉིས། གུར་གུམ་གཉིས། ལི་ཤི་གཉིས། བ་ལེ་ཀ་གཅིགརྡོ་དྲེག་གཅིག་ག་བུར། པི་ལིང་
ཆུ་སྲིན་སྡེར་མོ་རྣམས་ནད་ངོས་མ་ཟིན་ཞིང་ཕན་ཚུན་འཐབ་པ་རྣམས་ལ་མན་ངག་གི་སྨན་འདི་ལན་འགའ་རེར་བཏང་བས་ནད་གང་ཡིན་རྩ་རུ་སྟོན། དེ་ནས་དེའི་སྟེང་དུ་སོ་སོའི་སྨན་རྣམས་བཏང་བར་བྱའོ། །ད་ལི་དགུ་སྦྱོར་གྱིས་གྲང་སྐྲན་ཐམས་ཅད་སེལ་བ་ནི། ད་ལི་གཉིས། ཛྭ་ཏི་གཅིགཙི་ཏྲ་ཀ་གཅིགསུག་སྨེལ་གཉིས། རྒྱམ་ཚྭ་གཉིས། དབྱི་མོང༌། རྒྱ་ཚྭ། གཅིག་ལྷག་འདུགཀ་ཀོ་ལ། ཤིང་ཚ། ཁ་རུ་ཚྭ་རྣམས་ཀ་ར་སྦྱར་བ་ཆུ་བསྐོལ་གྱིས་དབུལ་བས་ནད་ཀྱི་ངོ་བོ་གསོད། ཚ་སྐྲངས་ནད་ལ་རྡོ་བའི་གྲང་སྦྱོར་དང༌། །རྡོ་ཞུན་གྲང་སྦྱོར་སྒྲོམ་བུའི་ནང་བཞིན་བྱ། །དཔྱད་དུ་མེ་བཙའ་སོགས་བསྔགས་སོ། །སེ་འབྲུ་དགུ་པས་མ་ཞུ་བ་ཐམས་ཅད་སེལ་བ་ནི། སེ་འབྲུ་སུག་སྨེལ་ཛཱ་ཏི་ཀ་ཀོ་ལ། དབྱི་མོང་ཙིཏྲ་ཀ་དང་རྒྱ་ཚྭ་དང༌། །རྒྱམ་ཚྭ་ཁ་རུ་ཚྭ་དང་ཀ་ར་བཅས། །དར་བ་བསྐོལ་བས་ཕུལ་བས་མ་ཞུ་སེལ། །དྭངས་མ་དང་སྙིགས་མ་ཞུ་བའིབྱེ་བྲག་ངོས་བཟུང་ལ། གང་དང་མཐུན་པར་ཚ་བ་རྣམ་གསུམ་དང༌། ཚ་ལ་རྣམ་གསུམ་ཞེས། མཚུར་དཀར་ཟེ་ཚྭ། ཚྭ་ལ་ཞེས་མཆན་འདུགདབྱི་མོང་དཀར་པོ་སོག་ཡུ་བྱི་རིལ་ཞེས་དཔེ། པི་ལིང་ཐང༌། དེ་རྣམས་བཏང་ན་མ་ཞུའིགྲོང་ཁྱེར་འཇོམས། །ཞེས་སོ། །ན་ལེ་དྲུག་སྦྱོར་གྱིས་སྐྱུགས་པ་གཅོད་པ་ནི། ན་ལེ་ཤམ། ཤིང་ཀུན། སེ་འབྲུ། ཤིང་ཚ། ཁ་རུ་ཚྭ། ཅོང་ཞི་དྲུག །ཀ་ར་བཞི་འགྱུར་རྣམས་རྟ་ཆུ་བསྐོལ་ལ་བྱས་ཏེ་སྲོད་དང་ཐོ་རངས་བཏང༌།
སྐྱུགས་བཅད་ཀྱང་མ་ཆོད་པའི་རིགས་ལ་ཐོང་ཀར་མེ་བཙའ་བཏང་བས་མན་ངག་གོ །ད་ལིའི་སྦྱོར་བས་གཅོང་ཆེན་དང་གཅོང་ནད་ཐམས་ཅད་སེལ་བ་ནི།ད་ལི་སུམ་ཆ། སྨན་གྱིའམ་ཆེ། སུག་སྨེལ་ན་ལེ་ཤམ་རེ་རེ། ཤིང་ཚ་བཅའ་ལྒ་གཉིས་རེ། པི་ལིང་བརྒྱད་ཆ་བྱ། དེ་སྟེང་བད་ཀན་ཅན་ལ་རྒྱམ་ཚྭ། སྙིང་རླུང་ཅན་ལ་ཁ་རུ་ཚྭ། ལྡན་འདུས་ལ་གུར་གུམ། ཚ་ལོག་ལ་ཏིག་ཏ་དང་འབྲས་བུ་གསུམ་གྲང་ལོག་ལ་ཙི་ཏྲ་ཀ་སྦྱར་བར་བྱའོ། །སུག་སྨེལ་དྲུག་པས་དབུགས་མི་བདེ་བ་སེལ་བ་ནི། སུག་སྨེལ་གཉིས། ཤིང་ཚ་གཉིས། ནཱ་ག་པུཥྤེ། ན་ལེ་ཤམ། པི་ལིང་བཅའ་ལྒ། ཀ་ར་དྲུག་འགྱུར་སྦྱར་བ་འདི་ལ་དབུགས་མི་བདེ་བར་མ་ཟད་སྙིང་གི་ནད་དང༌། ལྕེ་དང་ལྐོག་མའི་ནད་དང༌། སྐྲན་དང་གཞང་འབྲུམ་ལ་ཡང་ཕན་ནོ། །ནད་འདི་ལ་མན་ངག་ཏུ་གློ་རྩ་ཐོད་རྩ་གཏར།ཤིང་ཀུན་བརྒྱད་པས་དམུ་རྫིང་སྐེམ་པ་ནི། ཤིང་ཀུན་གཅིགན་ལེ་ཤམ་གཅིགརྒྱ་ཚྭ་གཅིག་ཁ་རུ་ཚྭ་གཉིས། སྐྱུ་རུ་ར་བཞི། ལ་ལ་ཕུད་གཉིས། བུ་རམ་བརྒྱད་འགྱུར་འདི་སོགས་གཅིག་པ་རྣམས་ཐུན་རེ། གཉིས་པ་རྣམས་ཐུན་ལོག་སོགས་སུ་ཤེས་པར་བྱ། རང་རྣམས་ཆུ་བསྐོལ་གྱིས་ཕུལ་བས་དམུ་ཆུ་རྫིང་དུ་འཁྱིལ་བ་སྐེམ། དཀར་གསུམ་དང་དྲོ་ལ་ཡང་བ་ཟ། སྲ་ཟས་ཡིན་ནམ་ལ་ངན་པ་དང་སྐམ་པ་སྤང་བར་བྱ། ཕོ་གསང་བསྲེགསྤྱིར་རྩ་བ་མ་ཞུ་བ་དང༌། འབྲས་བུ་གཅོང་ནད་ཡ་བཞི་ཟུང་བརྒྱད་དེ། ལྕི་ཞིང་སོས་དཀའ་བས་གཅོང་ཞེས་བྱ། དེ་ལ།འོར་དང་སྐྱ་རྦབ་ཡ་ཟུང་གཅིགསྐྲན་དང་དམུ་ཆུ་ཡ་ཟུང་གཅིགགློ་བ་སུརྻ་ཡ་ཟུང་གཅིག་དྲེག་དང་གྲུམ་བུ་ཡ་ཟུང་གཅིག་སྟེ། ཟུང་བཞི་ཡ་བརྒྱད་པོ་
དག་ངོས་འཛིན་བྱས་ལ། འདི་རྣམས་དང་པོ་ནས་ནད་ཆུང་ཡང་གལ་ཆེར་བྱ་དགོས་པ་ཡིན་པས་སོས་ན་གསོ་ཞིང༌། དམུ་ཆུ་སོགས་རྒྱས་ནས་མི་སོས་ན་འཆི་དུས་བཏབ་ལ་བོར་གསུངས། དམུ་ཆུ་ལ་ཕྱི་ཆུ་སྦྱོང་བར་ཆུ་སྐེམ་དང་འདྲེན། ནང་ཆུ་སྦྱོང་བར་བྱ། དམུ་རྫིང་སྐེམ་པར་ཤིང་ཀུན་བརྒྱད་པའི་སྟེང་འཕྱི་བའི་ཐོད་རུས་བསྣན། རླུང་ཤས་ཆེ་ན་ཤིང་ཀུན་མང་ཙམ་བཏང་འཚལ། བཏང༌། ཁྱད་པར་ཛཱ་ཏི་བསྣན། དང་ག་འགགས་ན་ཞོ་དང་སྦྱར་བས་འཚོ། །དཔྱད་དུ་ཕོ་གསང་རྣམས་སུ་བསྲེག །དམུ་ཆུས་དང་ག་འགགས་ན་སེ་འབྲུ་བསྣན། གཉིད་དུ་འཐིབ་ན་ཅོང་ཞི་ཀ་ར་བཏང༌། །མེ་དྲོད་ཉམས་ན་ཛཱ་ཏི་ཀ་ཀོ་ལ། །ལྒ་སྐྱ་ལྒ་དམར་ཁོ་ན་བཏང་བར་བྱ། །ཚྭ་སྣའི་སྦྱོར་བས་དམུ་རྫིང་སྐེམ་པ་ནི། །རྒྱ་ཚྭ་རྒྱམ་ཚྭ་ཁ་རུ་ཚྭ་ཐལ་ཚྭ། །དབྱི་མོང་སྐྱེར་ཤུན་གངས་ཐིག་ཅོང་ཞི་རྣམས། །ཆུ་བསྐོལ་གྱིས་ཕུལ་བཏང་བར་བྱ། །འདི་སྔོན་དུ་བཏང་བས་ཕྱི་རུ་སྐྲངས་པ་ཆེར་སོང་ན་ཚྭ་ཆུ་དང་ཕྱིར་མི་མངོན་པར་ཁོང་དུ་བྱུང་ན་གྲང་ཆུ་ཡིན། འཕྱི་རུས་སྦྱོར་བས་བར་ཆུ་སྐེམ་པ་ནི་མི་ཐོད་བཙའ་ཅན་དང༌།རྟ་དང༌། ཁྱི་དང༌། ར་དང༌། འཕྱི་བའི་ཐོད་པ། ཤ་རུ། རྣ་རུ། ཅོང་ཞི། རྡོ་ཐལ་རྣམས་ར་ཞོ་ལ་སྦྱར་ནས་གར་སྐྲངས་སར་བྱུགས་པས་ཚ་ཆུ་ཡིན་ན་དེས་ཐུབ། གྲང་ཆུ་ལ་མར་དཀར་སྦྱར་ཏེ་བྱུགས། ནང་དུ་ཁོང་སྨན་གོང་བཤད་ཤིང་ཀུན་བརྒྱད་པ་དང་སྐེམ་བཤལ་སོགས་དེ་ལྟར་བཏང་ནས་སུ། རུས་པ་བཞི་དང་རྭ་ཅོ་རྣམ་པ་གཉིས་ཀྱི་སྟེང་དུ་ཅོང་ཞི་རྡོ་ཐལ་བཏང་སྟེ། འཕྲུལ་
གྱི་གདམས་པ་འདི་ཉིད་རྒས་པ་དང་དང་ག་འགགས་པ་ཞོ་དང་སྦྱར། དང་པོར་འོག་ཏུ་རྒོད་རྐང༌། མར་རྙིང་ཚིལ་རྙིང་བྱུགས་ལ་དེ་སྟེང་བྱུག་པ་ཡང་ཡང་བྱ། ལུས་ཐམས་ཅད་མེ་ཉིས་བསྲེགནང་བཅུད་ཅན་ཡིད་གར་གང་འོང་བཏང༌། རྒྱ་རུ། བསེ་རུ། ཆུ་སེར་སྨན་བརྒྱད་ཀྱི་སྟེང་དུ་ཚྭ་སྣ་ཅོང་ཞི་བསྣན་པ་རྣམས་ཆང་ངམ་དར་བ་བསྐོལ་བས་ཕུལ་ཏེ་འཐུང་ན་དམུ་རྫིང་ཐམས་ཅད་སྐེམ་པར་དྲང་སྲོང་གིས་བཞེད། ཡང་རུས་པའི་སྦྱོར་སྡེ་གཞན་ལུགས་གཅིག་ལ། ཡན་ལག་བརྒྱད་པ་ལས། མི་རུས་རྟ་རུས་བོང་བུ་རྐྱང་གི་རུས། །ཁྱི་རུས་ལུག་རུས་ཕག་པ་དོམ་གྱིས་རུས། །དེ་རྣམས་རུས་པ་ལོ་མང་བཙའ་དང་སྐམ་པོ་རྣམས། ཞག་དང་སྦྱར་ནས་དམུ་ཆུ་ཅན་གྱི་ལུས་ལ་ཕྱི་ནས་བྱུགནང་དུ་རྒྱ་ཚྭ་རྒྱམ་ཚྭ་ཁ་རུ་ཚྭ ། །ཐལ་ཚྭ་ཟེ་ཚྭ་ལྕེ་མྱང་དྭ་རྒོད་ཚྭ། །ཡ་བཀྵ་ར་བསེ་རུ་རྒྱ་རུ་དང༌། །ཕ་ཝཾ་དྲེག་པ་སྤང་སྤོས་ལི་ག་དུར། །ཏིལ་དང་ཟི་ར་དཀར་ནག་གེ་སར་གསུམ། །ཐལ་ཀ་རྡོ་རྗེ་སྤོས་དཀར་སོ་མ་ར། །དུག་མོ་ཉུང་དང་འགྲོན་བུ་བུ་མ་དང༌། །གངས་ཀྱི་ཐིག་པ་ཅོང་ཞི་དུལ་བ་དང༌། །བྱང་བ་བྱེ་མ་སྡིག་སྲིན་གཡེར་མ་དང༌། །དེ་རྣམས་ཞག་གི་གྲངས་དང་འཕྲལ་ལ་བསྟུན། །ཆང་གིས་ཕུལ་ན་བདུད་རྩི་ལྟ་བུར་འགྱུར། །ཞེས་གསུངས། རྒྱ་ཚྭ་རྒྱམ་ཚ་ཁ་རུ་ཚྭ། །ཤིང་ཚ་སྡིག་སྲིན་བྱང་བ་བྱེ་མ་གཡེར་མ་ལྕམ་པ། རྒྱ་རུ་བསེ་རུ་ག་དོར། ཏིལ་དཀར་ནགཟི་ར་དཀར་ནགཆུ་སེར་སྨན་གསུམ། མཚལ་འུ་སུ་གེ་སར་གསུམ་བཅས་ཀྱི་རིལ་བུ་ནང་རེ་བདུན་
རེ་བཏང་བ་ནང་གི་སྐེམ་བཤལ་ཞེས་ནང་ཆུ་སྐེམ་པའི་སྨན་ཡིན་ནོ། །ནང་གི་སྐེམ་བཤལ་སྨན་གཞན་ཤོག་དྲིལ་འདི་བཞིན་སྦྱར་ལ། རྒྱ་ཚྭ་སོགས་རིམ་བཞིན་བཏུལ་བ་བུ་རམ་གྱིས་རིལ་བུར་དྲིལ། ཞོའམ་ཆང་གིས་འཕུལ་ཏེ་བཏང༌། ཡང་ན་རུས་སྣའི་ཐང་གིས་དབུལ། དེ་ལྟར་ཤེས་ན་མཁས་ཞེས་མཁའ་འགྲོས་གསུངས། ཚ་ཆུ་གྲང་ཆུར་བསྒྱུར་བ་འདི། །མཁས་པ་རྣམས་ཀྱི་ཞལ་གདམས་ཡིན། །ཚ་གྲང་གི་དམུ་ཆུའི་སྦྱོར་བ་དབྱི་མོང་སོགས་ཤོག་དྲིལ་ནང་བཞིན་བྱ། འཁྲེས་ན་གྲང་བ། སྐྲངས་ན་ཚ་བ་ཡིན་པར་ཤན་འབྱེད། ཞག་གསུམ་ཟས་དང་བྲ་བོ་དང་ན་གཤེར་ཟས་ཀྱིས་བསླངས།ནང་དུ་ཅོང་ཞི་རྒོད་པོ་དང་འོ་ཤང་སྦྱར་ལ་བཏང༌། ཕྱི་ནས་ར་ཕག་ཚིལ་བུས་བྱུགསྐོམ་དད་ཆུང་དུ་སོང་ན་ཚད་རྟགས་ཞི་བས་ན། དེ་ལ་བཅོས་ཀ་རྫོགས་པར་བྱ། འདི་ལ་དཔྱད་དུ་ཕོ་གསང་གོང་འོག་གསུམ་པོ་དང༌། རྒྱབ་ཀྱི་སྒལ་ཚིགས་གསུམ་པ་མེས་བསྲེག་གཞན་ཡང་རྩ་ནད་གར་སྐྲངས་རྩེ་ལ་མེས་བསྲེགའོལ་ཁ་སྒྱུར་ན་སྙིང་གསང་གསུམ་པ་བསྲེགརྩ་གནས་རྒྱས་ན་ལོང་རྩ་སྒབ་རྩ་གཏར། དང་ག་འགགས་ན་སྣོད་ཀ་གཏར། བྱིང་འཐིབ་ལ་རུ་ཐུང༌། གློ་ཆུང་འབུད་ན་གློ་བའི་སྒང་རྩ་གཏར་རོ། །གུར་གུམ་དོམ་མཁྲིས་མཚལ་ལ་ལ་ཕུད། མོན་ཆ་ར། པྲི་ཡང་ཀུ། བྲག་ཞུན་རྣམས་འདུ་བ་རང་ཁོལ་ཞེས་དམུ་ཐག་གཅོད་པའི་སྨན་དེ་དམུ་ཆུའི་རྗེས་གཅོད་དོ། །མར་རྙིང་ཤ་རྙིང་ཟ་བ་དང་ཉིན་གཉིད་སྤང༌། རྫས་ཀྱིས་ཕྱི་ནས་བྱུགཟས་བཅུད་
ཅན་སྤང་ངོ༌། །མཁལ་ཞོ་སྦལ་རྒྱབ་མདུང་རྩེ་ཧ་ཤིག་ཕ་ཝཾ་ལོང་བུ་གུར་གུམ་སུག་སྨེལ་སྤ་ཡག་རྣམས་སྐྱེས་ཕྲན་ཐུར་སེལ་ཞེས་སྐྲན་ནད་སེལ་བའི་སྨན་ཏེ། དར་བསྐོལ་ཀྱིས་འཕུལ་ལ་སྔ་གུང་གཉིས་བཏང༌། དེས་གྲང་སྐྲན་ཡིན་ན་འཁྲོགཚ་སྐྲན་ཡིན་ན་སྒྲིལ། རྡོ་སྐྲན་ཡིན་ན་སྐྱུག་གོ །གདུང་གསེབ་ཤ་མོ་གཉིས་ཆུ་རྟ་མོ་གཉིས། ལྒ་སྐྱ་བཞི། སེ་འབྲུ་གཅིགཔི་ལིང་གཅིག་རྣམས་ངོས་འཛིན་དོན་བཤལ་ཞེས་གྲང་སྐྲན་ལ་ཆུ་བསྐོལ་གྱིས་ཕུལ་ཏེ་སྲོད་ལ་བཏང༌། སྔ་དྲོ་ཟས་བཅུད་ཅན་བཏང༌། སྐམ་སར་བསྡད། འདི་སྐྲན་ངོས་འཛིན་པ་འདྲ། དེས་ཇི་ཞིག་བྱེད་དཔྱད། ཙན་དན་དཀར་དམར་ཨུཏྤལ་གཉིས་ཆ། བ་ཤ་ཀགངས་ཐིག་སུམ་ཆ། བྱེའུ་མགོ་དང་མཚལ་གཉིས་ཆ། རྡོ་ཐལ་ཆ་གཅིག་རྣམས་བསིལ་སྦྱོར་དགུ་པ་ཞེས་ཚ་སྐྲན་འཇོམས་པའི་སྨན་ཏེ། གངས་ཆུས་འཕུལ་ལ་གུང་གཉིས་བཏང༌། ལྕི་བའི་ཟས་བསྲུང་བར་བྱའོ། །རྡོ་གངས་ཐིག་ཆ་བཞི། རྡོ་ཕུག་རོན་དངུལ་རྡོ་སྐེ་གཅིགརྡོ་ལྕེ་ཚ་བ་གཅིགརྡོ་མདུང་རྩེ་གཅིགརྡོ་རྒོད་གཉིས། སྦལ་རྒྱབ་གཅིགཧ་ཤིག་གཅིག་མཚལ་རྡོ་གཅིགརག་རྡོ་གཉིས། ཅོང་ཞི་བརྒྱད་རྣམས་དཔའ་བོ་རྡོ་སྦྱོར་ཞེས་རྡོ་སྐྲན། འཇོམས་པའི་སྨན་ཏེ་ལྕུམ་རྩའི་ཁུ་བས་དབུལ། ཅོང་ཞི་འདུལ་སྐབས་མན་ངག་མང་པོ་ཡོད་ཀྱང༌། འཕྲུལ་གྱི་འདུལ་ལུགས་བཞི་སྟེ། རྒོད་འདུལ་མེས་ཚིག་ངེས་བསྲེག་ནས་གྲང་བར་འདོད་ན་ཆུ་དང༌། དྲོད་འདོད་ཆང་ནང་བསྐྱུར་བས་བྱེར་འཇིག་མ་ཚིག་ན་བསྐྱར་ཏེ་ཚིག་ངེས་བྱའོ། །གཡུང་འདུལ་ཅོང་ཞི་མི་
བསྲེག་པར་འོ་མར་བརྔོ་ཙམ་བྱས་ལ་འོ་མར་བསྐྱུར་སྟེང་དུ་འགྲོན་བུའི་ཕྱེ་ཐལ་འདྲ། བཏབ་སྟེ་ལེགས་པར་བསྲེས་ནས་འདམ་འཐག་བྱས་པའོ། །རྒོད་འདུལ་གཡུང་འདུལ་གཉིས་ཀྱིས་བད་ཀན་དང་མ་ཞུ་བ་འཇོམས། མཉེན་འདུལ་མི་བསྲེག་པར་བརྔོ་བར་བྱས་ལ་བ་ཆུའི་ནང་དུ་བུལ་ཏོག་བཏབ་པར་ཅོང་ཞི་བསྐྱུར། དེ་དང་ཅོང་ཞི་སྦྱར་འདམ་ཕྱལ་འདྲ། བས་བད་ཀན་རིགས་དང་གྲང་དྲེག་གྲང་ཁོལ་རིགས་རྣམས་ཧུར་ཐོན་བྱེད། ཁྱད་པར་དམུ་ཆུ་སྐེམ་མོ། །གྱོང་འདུལ་ནི་ཕོ་ཅོང་བསྲེག་པ་དར་བ་ལ་རྒྱ་ཚྭ་བཏབ་པར་བསྐྱུར་ཏེ་ལེགས་པར་དཀྲུག་པའོ། །འདི་ནི་སྐྲན་ལ་མཆོག་ཏུ་བཤད། ཅོང་ཞི་ལ་རིགས་ཕོ་ཅོང་སྲ་མཁྲེགས་སྣལ་མ་ཡོད་པ་རྟ་སོ་འདྲ་བ་རྩ་ལྟ་བུ་རྐང་ཅན་ནོ། །མོ་ཅོང་སེར་པོ་ཁོང་སང་སེར་ཐིག་ཅན་གཉིས་སུ་དབྱེ། རྒོད་འདུལ་གྱོང་འདུལ་གང་བྱེད་ཀྱང་སོལ་མེ་མེ་ལྕེ་སྔོ་དམར་ཅན་གྱི་ནང་དུ་ཚོས་པར་བསྲེག་ནས་རང་རང་གི་འདུལ་ཁུར་བསྐྱུར། མ་ཚིག་ན་སླར་བསྐྱར། དེ་ལྟར་འདུལ་ལུགས་བཞི་གང་བྱས་ཀྱང་འདྲ་སྟེ་འདི་ལ་ཁ་བསྒྱུར་མང༌། དེས་གཅོང་ཟུང་བཞི་དང་ཁྱད་པར་དམུ་ཆུ་འོར་སྐྱ་སྦབ། བད་ཀན་སྐྱ་སེར་སྨུག་པོ་སྐྲན་མ་ཞུ་བ་རྣམས་སེལ་བར་མཁའ་འགྲོ་མ་དང་དྲང་སྲོང་གིས་གསུངས་སོ། །དེ་བཞིན་དུ་རྡོ་རྒྱུས། རྡོ་རྒོད་མཆོད་རྟེན་རིས། སྦལ་རྒྱབ། ས་རྟ། ཕུག་རོན་སྐེ། མཁར་གོང༌། བྱེའུ་མགོ། ཕོ་མདུང་མོ་མདུང༌། པ་རྟ་ཧུ་ལ། ལོང་རྡོ་སོགས་རྡོ་ཡི་བྱེ་བྲག་རྣམས་ཀྱང་དུལ་བ་དང་རྒོད་པ་རྒན་པ་དང་གཞོན་
པ་ལ་སྦྱར་ཏེ་གཏོང་ཞིང་རྡོ་ཐལ་བྱ་བའང་དེ་བཞིན་ནོ། །དེ་ལྟར་ནང་དུ་དཔའ་བོ་རྡོ་སྦྱོར་བཏང༌། ཕྱི་ནས་རུས་པའི་རྩི་སྦྱར་བྱ། །ཁ་ཟས་ཟས་སྐོམ་གང་འཕྲོད་བརྟེན། །ནང་ཆུ་འོར་དུ་འདྲེན་པ་ལ། །ཁ་སྒྱུར་སྨན་ནི་ལྟོ་དང་སྦྱར། །ཞེས་གསུངས། སྒོག་སྐྱ་ཅོང་ཞི་ལ་ལ་ཕུད། རྩི་ལྕང་སྐྱའང༌། སྐྱ་མ་ནུ་རུ་རྟ་གངས་ཐིག་བཅས། །ཆུ་ཡི་འཁྲུལ་འཁོར་ཞེས་བྱ་སྟེ། །ཆུ་ལ་རྟ་བྱས་ཁོང་དུ་བཏང༌། །ཆུ་མདའ་བརྒྱབ་དེས་ཚ་སྐྲངས་འཇོམས། །ཟས་ནི་བཅུད་ཅན་བསྲུང་བར་བྱ། །ཐང་སྨན་རྣམས་ཀྱིས་ནད་ཀྱི་དྭངས་སྙིགས་འབྱེད། །ལྕམ་བུ་རྣམས་ཀྱིས་རྟེན་ཕུར་ཕྱུངས། །ལུས་ཉམས་སྐྱེས་ན་གཏར་བ་ཁོ་ན་བསྔགས་ཞེས་དང༌། སྐྲན་ལ་རིགས་གསུམ་སྟེ་ཚ་སྐྲན་གྲང་སྐྲན་རྡོ་སྐྲན་གསུམ་མོ། །དེ་དག་གི་རྩ་བའི་སྨན་ཤོག་དྲིལ་བཞིན་དུ་བྱ། ཚ་སྐྲན་རང་གི་གཉེན་པོས་གསོ། །གྲང་སྐྲན་སྨན་གྱིས་བསྐམ་པར་བྱ། རྡོ་སྦྱོར་ཕྱེད་ལ་སྨན་གཞན་ཕྱེད་དུ་བྱས་ཏེ། ཡང་ཡང་གཉུག་གོ་མ་དུ་ལིས་རྩིས། བསྲིང་ངང་གིས་བསྟེན། ཅོང་ཞིའི་འདུལ་སྡེ་འདིའི་གཉེན་པོ་ཡིན། །འདི་བཤལ་སྨན་སྦྱར་བཏང་བཤལ་སྐྱུག་པར་བྱེད། །གང་ནའི་སྟེང་དུ་མེ་བཙའ་གདབ་པར་བྱ། །རྩ་གསང་བརྩིས་ལ་དེ་ལ་ཐུར་མས་བཙལ། །སེམས་ཅན་གཟུགས་སུ་གནས་པའི་སྐྲན་ལ་ཐུར་མ་བྱ་བར་མ་བཤད་དོ། །ཚ་སྐྲན་གཏར་ལ་རྡོ་སྐྲན་དབྱུང༌། །གྲང་སྐྲན་ཐུར་མས་ཕུག་པར་བྱ། ཁོང་དུ་རྡོ་སྦྱོར་བཏང༌། ཕྱི་ནས་དཔྱད་ཀྱིས་བཅོས་པས་སྐྲན་དྲུངས་ནས་དབྱུང་བར་བྱའོ། །ཞེས་གསུངས། བཅུད་སྦྱོར་སྡེ་ཚན་
ཤོག་དྲིལ་དཔེར་མི་འདུགབུ་ཡིག་ཏུ། བཅུད་སྦྱོར་སྡེ་ཚན་གཞན་རྣམས་གཞུང་དུ་གསལ། །དྲེགས་ལ་དཔྱད་ནི་གཞན་སྤང་ཐུར་མ་བྱ། །ཞེས་གསུངས།བྱ་རྒོད་ཀྱི་རྐང༌། འབྲི་མོགགུར་གུམ། དོམ་མཁྲིས། མཚལ། གངས་ཐིགཤེའུ་རྣ་བ་རྣམས་ལ་འོར་སྡེ་རང་གྲོལ་ཞེས་འོར་བུ་སེལ་བའི་སྨན་ཏེ་ཁན་ཌབྱས་ལ་སྲོད་དུས་བཏང༌། ཉིན་གཉིད་སྤངས། དཀར་ཆོས་བྱ། འོར་གྱི་ནང་ལ་སྨན་དང་ཟས་ཀྱིས་འཚོ། ནང་དུ་སྐེམ་བཏང་ཕྱི་ནས་བྱུག་པ་བྱ། འདི་ལ་དཔྱད་ནི་མེ་དང་ཐུར་མ་བྱ། །ཞེས་སོ། །ནད་པའི་སྦྱོར་བ་ཤོག་དྲིལ་དཔེ་གཉིས་ན་མི་སྣང་ཆད། བུར། ནད་མའི་སྦྱོར་བ་གཞུང་ལྟར་ལ་རྒས་པ་རྣམས་ལ་རུས་ཐང་གིས་དབུལ་ཞེས་གསུངས་སོ། །ཅུ་གང་གུར་གུམ་ཆ་གཉིས། འབྲས་བུ་གསུམ། ཤིང་མངར། སེ་འབྲུ། རྒྱ་མཚོའི་དབུ་བ་ཙི་ཏྲ་ཀ་རྣམས་སྟར་བུའི་ཐང་གིས་གུང་གཉིས། ཕྱི་སྤྱད་སྡེ་ཞེས་སྐྱ་རྦབ་སེལ་བའི་སྨན་ཡིན་ནོ། །སྐྱ་རྦབ་རྣམས་མ་ཞུ་ཕྱི་ལ་བྱེར་བ་ཡིན་པས། ཁོང་སྨན་གོང་བཞིན་བཏང་ནས་དཔྱད་དུ་དུག་དང་བྱུག་པ་བྱ། ཅུ་ག༡ང༌། སྲོ་༤ལོ་ཤིང་མངར། སྤང་རྒྱན། ཙན་དན་དཀར་པོ། ཨ་རུ་ར། ཝ་མོའི་གློ་བ། རེའུའི་གློ་བ། ལུག་གི་གློ་བ། སྤྱང་ཀིའི་གློ་བ་རྣམས་དཀར་བོའི་སྦྱོར་སྡེ་ཞེས་གངས་ཆུས་ཕུལ་བས་གློ་ནད་སེལ། གློ་ནད་རྣམས་སྟོད་དུ་བབ་པ་ན། དེ་ཡང་ང་གློ་ཛཱ་ཏི་བཅུ་པས་བཅོས། གཞན་ལ་གློ་བའི་སྦྱོར་སྡེ་གཞུང་ལྟར་བྱ། དཔྱད་དུ་གློ་བའི་སྒང་རྩ་གཏར་བར་བྱ། །ཞེས་གསུངས། ཅུ་ག༡ང༌།
སྲོ་༤ལོ༌། སྤང་རྒྱན། གུར་གུམ། རུ་རྟ། རྩི་དམར། ན་ལེ་ཤམ། སྟར་ཞུན་རྣམས་སོ་སོ་གང་ནོན་ཞེས་གློ་བ་སུར་ཡའི་སྨན་ཏེ་ཆུ་ལ་རྟ་བྱས་ཏེ་བཏང༌། སུར་ཡ་ཞེས་པ་ནད་ལྕི་བའི་དོན་ཡིན། སྨན་རྟ་སྲོ་ལོ་དང་འབྲུག་རུས་ཀྱི་ཐང་གིས་བྱ།དཔྱད་དུ་གློ་བའི་སྒང་རྩ་གཏར་བར་བྱ། །འདིར་ཤོག་དྲིལ་མཆིན་མཚེར་ཕོ་མཁལ་སུར་ཡ་ཆད། དགེ་མང་དཔེར་ཡང་མི་སྣང༌། བུ་ཡོད་པ་ཟུར་གྱི་འདིའོ། །༈ བུ་ཡིག་ཏུ། མཆིན་པ་སུར་ཡའི་སྨན་རྣམས་གཞུང་དང་མཐུན། །གཟེར་མེད་ཨུཏྤལ་བཞག་ལ་གི་ཝཾ་བསྣན། །དེ་སྟེང་འུ་སུ་ཀ་ར་རྫ་མ་གསར། །འདི་ལ་དཔྱད་ནི་མཆིན་རྩ་གཏར་བར་བྱ། །ཞེས་དང༌། མཚེར་པ་སུར་ཡའི་སྨན་ནི་གཞུང་ན་གསལ། །དེ་སྟེང་བཙོད་དང་རྒྱ་སྐྱེགས་འབྲི་མོག་བསྣན། །འདི ་ལ་དཔྱད་ནི་མཚེར་བའི་རཱ་ལ་གཏར། །ཞེས་དང༌། ཕོ་བ་སུར་ཡའི་སྨན་རྣམས་གཞུང་ན་གསལ། །ཀ་ཀོ་ལ་དང་རྒྱམ་ཚྭ་སྒ་དམར་བསྐྱེད། །པི་པི་ལིང་དང་ཕོ་བ་རིས་ཀྱི་ཐང༌། །འདི་ལ་དཔྱད་ནི་ཕོ་གསང་བསྲེག་པ་དང༌། །སྣོད་ཀ་ཤ་རུ་མོན་རུ་འང༌། རྒྱབ་རྩ་གཏར་བ་ཁོ་ནར་བཤད། །མཁལ་མ་རྩ་སུར་ཡའི་སྨན་ནི་གཞུང་ན་གསལ། །སྨན་རྟ་ཤུག་པ་ཚེར་མ་ཅན་ཁུར་བྱ། །འདི་ལ་དཔྱད་ནི་མཚེར་གསང་མཁལ་གསང་བསྲེགས། །བཙོད་བསྲེག་བྱིན་གཞུག་ལོང་རྩ་གཏར། །ཞེས་གསུངས་སོ། །༈ སེང་ལྡེང༡ ་་ ་ ། མཛོ་མོ་ཤི༣ང༌། ཤ་རུ་བཙའ་ཅ༣ན། ར་རུ་བཙའ་ཅ༧ན། མ་
ནུ།བ་ཤ་ཀ་རྣམས་ཚད་པ་སེལ་བའི་ཐང་གི་འབྱེད་སྡེ་སྟེ། ནད་གཞན་ཚད་པ་དང་འདྲེས་པ་འབྱེད་དོ། །ཚིགས་ནད་སེལ་ཟེར་བརྟས་དཔེ་མ་དག་གམ། ཐང་འདི་སྲོད་དང་ཐོ་རངས་བཏང༌། སྣོད་ཀ་རུ་ཐུང་མཆིན་རྩ་སྒབ་རྩ་གང་བབ་གཏར་རོ་དཔྱད། ཐང་གི་ཁ་བསྒྱུར་ལ། གླ་རྩི་འབྲས་དང་གུར་གུམ་སུག་སྨེལ་རྣམས། རྩི་བཞིན་བཏང་པ་མར་ཁུར་སྦྱར་བཏང་འཁྲུ་བ་གཅོད་ཅེས་གསུངས། བུ་ཡིག་ལས། ཐང་གི་སྦྱོར་བ་མ༣ན་ང༤ག་སྨ༡ན་གསུ༢ མ་དང༌། རྩ་བའི་ལེའུ་གསུམ་པོང་ཞེས་པ་གཞུང་ན་གསལ། དཔྱད་ནི་ཚ་གྲང་དང་བསྟུན་གཏར་བསྲེག་བྱ། ཞེས་གསུངས། འདི་ཐང་གི་སྦྱོར་སྡེ། འབྱེད་སྡེ། ཁ་བསྒྱུར་གསུམ་ཡོད་འདྲ་ཡང༌། སྦྱོར་སྡེའམ་འབྱེད་སྡེ་ཆད་འདུགསླར་ཞིབ་དཔྱད་གྱིས། འདི་གསུམ་གཅོང་གི་མཇུག་སྡུད་ཡིན་ནོ་གསུངས། རིན་ཆེན་ཤོག་དྲིལ་མ་བུ་ལས། གག་ལྷོག་དང་གཅོང་གི་སྡེ་ཚན་གྱི་ལེའུ་གཉིས་པ་རྫོགས་སོ། །གཡུ་ཐོག་ཡོན་ཏན་མགོན་པོ་བདག་གིས་བཀའ་དང་མདོ་རྒྱུད་ཐམས་ཅད་ནས་ཆད་ལྷག་བསབ་སྟེ་སྙིང་པོ་བསྡུས་པ་འདི་ཡི་ལེའུ་རེ་རེ་ལའང་བཀའ་ཡི་མདོ་ཚིག་རེ་རེ་ཡོད་ཀྱང་མང་གིས་དོགས་ནས་མ་བཀོད་དོ། །ཞེས་གསུངས། ད་ནི་རྨ་ཡི་བཅོས་ལ་རྨ་རིགས་གསུམ་སྟེ། མདའ་རྨ་རྡོ་རྨ་གྲི་རྨ་གསུམ་པོ་ལུས་ལ་བྱུང་ན་ཞག་གཅིག་བསྙུང་བ་བྱ། ཞག་བཞིའི་ནང་པར་ཁ་འཛིན་བཏང༌། ཞག་གསུམ་སྦང་མས་དཀྲིས།རྩ་སྒོ་གོང་འོག་མེ་བཙས་བསྡམས། །སྐྲངས་ན་ནག་སྦྱོར་འཇར་གྱིས་མནན། །རྩ་འབྲུམ་རྣམས་ནི་ཚན་དེས་བསྙལ། །གཏིང་སྐྱོན་མེད་ན་འབྱོར་རྩི་གདབ། །ཡོད་ན་ཆུ་སེར་འདྲེན་སྐེམ་བྱ། །ལྡུམ་བུ་དུར་བས་རྨ་ཁ་བཅད། །དབྱེ་བ་ཤོག་
བཀྲ་དག་ལ་ལྟོས། །རྨ་ཚད་ལ་ཁོང་དུ་ག་བུར་གི་ཝཾ་སོགས་རིམ་བཞིན་བཏང༌།ཞག་གཉིས་ནས་བཞི་བར་རིམ་གྱིས་འདྲིས་སྒྲིམ་ཡིན་ནམ་བརྟག་གོ །པར་བྱ། ནང་གི་ཝང་མའི་རིགས་ལ་རུལ་གཅོད་ཤའུ་གསོ་བ་དང་རྨེན་པ་འཁྲིག་པར་བྱེད་པ་རྣམས་རིམ་བཞིན་ཤོག་དྲིལ་ལྟར་བྱ། ཟས་ཀྱི་བྱེ་བྲག་དཔྱད་ཅིང་རྒྱབ་ཆོས་རིམ་གྲོ་བྱ་བ་རྣམས་དེ་དག་གང་འོས་རིགས་པས་དཔྱད་ལ་བྱ་སྟེ། ཚངས་བུག་དང་རྩེའུ་ཆུང་གཡས་གཡོན་ཐོང་རྩ་ལྟག་རྩ་སྟེ་སྒོ་བཞི་མེས་བསྡམ་པ་མེ་བཙའི་ཁ་སྲུང་ཞེས་རྩ་ཁ་འཛིན་པའོ། །རྟིང་པ་གཡས་གཡོན་དུ་ནི་རི་རབ་ཀྱི་རྟེན་ཕུར་བཅའ་བའོ། །སྦང་མས་རྨ་དཀྲིས་ལ་བཞགཞག་གསུམ་ནས་བཀྲུས་ལ་བལྟའོ། །རྨ་སྐྱོན་ཞུགས་མ་ཞུགས། སྤང་སྤོས་ཕ་ཝཾ་དྲེག་པ། ལི་ག་དུར།གོ་སྙོད་བཞི་པོ་ཐུན་བསྐྱེད་བྱས་པ་འབའ་ཆ་ལ་གཞི་བྱས་ཏེ། མར་ནག་རབ།མེད་ན་རྩི་མར་རྙིང་པར་བསྐོལ་སྨན་རྣམས་རས་ཐུམ་བྱས་པ་མར་ཁུའི་ནང་དུ་བཅུག་སྟེ་ཚ་མོར་བྱས་པ་རྩ་འབྲུམ་གར་ཡོད་དུ་གླན་པས། རྩ་གཏོའི་ཆན་དེའི་འདྲའོ། །འཁྲུལ་འཁོར་ཞེས་རྩ་འབྲུམ་བསྙོལ་བའོ། །གི་ཝཾ། བ་ཤ་ཀ་གླ་རྩི། གུར་གུམ། ཨ་རུ་ར་རྣམས་སྤྱི་བཞུར་ཁུ་བའི་ནང་དུ་བཏབ་སྟེ་བཏང་བ་རྩ་ཁ་བསྡམ་པའི་ཁོང་སྨན་ནོ། །དོམ་མཁྲིས། བ་ལེ་ཀསྤྱི་བཞུར་རྣམས་ཀྱང་ནང་དུ་ཁོང་སྨན་དུ་བཏང་ངོ༌། །རྨ་ལ་དང་པོ། ཞག་གཅིག་གཉིས་གསུམ་ལ་སྦང་མས་དཀྲིས། དེ་ནས་ཞག་གཅིག་གཉིས་གསུམ་ལ་སྦང་མགོ་སྙོད།ཕ་ཝཾ་དྲེག་པ། སྤང་སྤོས། ལི་ག་དུར་རྣམས་ཀྱིས་དཀྲིས་པ་ཕྱིའི་ལུམས་
དཀྲིས་ཞེས་རྨ་ངོ་བརྟག་པའི་སླད་དུའོ། །རྨ་རྩིའི་སྦྱོར་དགེ་མང་དཔེར་ཡོད། སྡེས་ཆུ་སེར་འདྲེན་པ་ནི། བྱི་བཟུང་འཛིན་པ་ཐོད་པ་དང༌། ཐམས་ཅད་དཔྱད། ཆུའི་དྭངས་མ་གཉིས་སོ། །རྐྱང་ཤོགགསེར་སྦུབ། དོམ་མཁྲིས། དྭ་བ། སྤང་རྒྱན་རྡོ་སྦལ་རྒྱབ་དང་བདུན། བྱེའུ་མགོ་གསེར་ཏིག་སྐྱེས་བུ་དྲུགདར་ཡ་ཀན་ཨ་བ་སུམ་ཏིག་གསུམ། ཚེར་མ་ཅན་གསུམ། པུ་ཤུད་མིག་སྨན། བྱ་རོག་ཉུང་ཡུག་ཐལ། མ་གསུམ། ཁ་བསྒྱུར་བཞི་བཞིའོ། །ཟས་ཀྱི་བྱེ་བྲག་ལུས་ཟུངས་གསོ་བ་ཆེ། གཅིག་གཉིས་གསུམ་དུ་གསར་བཅུད་གསུམ་བཏང༌། གཅིག་གཉིས་གསུམ་དུ་ཤའུ་གསོ། །གཅིག་གཉིས་གསུམ་དུ་རིམ་གྲོ་བྱ། །གདབ་ན་གང་རྒྱས་རྩ་ལ་གདབ། །དཀྲིས་མ་དག་ལ་ནན་ཏན་བྱའོ། །བྱང་ཁོག་རྣག་མཚོ་སྐེམ་པའི་སྨན་ནི། རྒྱ་༣རུ༌། བསེ་༣ རུ༌། ག་དོ༣ར༌། བདུད་རྩི་དར་ཡ་ཀན། ཨ་བྱག་ཚེར་སྔོན་འདི་ལ་དར་ཡ་ཀན་ཚེར་མ་ཅན་ཟེར། དར་ཡ་ཀ་ནག་པོ། སྲད་མ་དཀར་པོ། སྤོས་དཀར། གངས་ཐིག་ཆུ་སེར་སྨན་བརྒྱད། ༈ སོ་མ་ར་ཙ།ཐར་རྡོར། ཏིལ་དཀར་ནགཟི་ར་དཀར་ནགགུ་གུལ་དཀར་ནག་ལ་ཆུ་སེར་སྨན་བརྒྱད་གཅེས་བཏུས་འདུལ་བ། ཟབ་མོའི་སྦྱོར་སྡེར་འདུག༈ སྤོས་ཐ་སོ། སེང་ལྡེང༌། མུ་ཟི། བསེ་རུ། སྲུབ་ཀ་སོགས་ཡིན་ནམ་རང་དཔྱད། བཅས་བྱང་ཁོག་གི་རྣག་མཚོ་སྐེམ་པའི་སྨན་ཏེ་མཛོ་མོའི་འོ་མ་ལ་རྟ་བྱ། ཟས་དང་བསྣོས་ནས་བཏང་བ་མན་ངག་གོ །ཟས་ཀྱི་བྱེ་བྲག་འཕྲོད་པར་བཏང༌། རྒྱབ་ཆོས་རིམ་གྲོ་བྱ། ཀྱི་ལྕེ་དང་ཙན་དན་དཀར་པོ་མཆོག་ཏུ་བསྐྱེད་དེ་བཏང་ན་ཟབ། བྱང་ཁོག་ཁྲག་བཤལ་ཞེས་པ། རྒྱ་རུ། བསེ་རུ།
ཙན་དན་དམར་པོ། ཨ་རུ་ར། རྒུ་དྲུས། དྲོས་ཟེར་དཔྱད། རྒྱ་སྐྱེགས། སྤང་མ།བ་ཤ་ཀནད་མ་སྒྱིད་མ། དར་ཡ་ཀན་རྣམས་ཀྱིས་བྱང་ཁོག་ཏུ་ཁྲག་བབ་པ་སྐེམ་པ་དང་བཤལ་བའི་སྨན་ཡིན། འདི་སྟེང་ཨུཏྤལ་སྔོན་པོ་དང༌། མཚལ་དཀར་བསྣན་པ་བསྔགས་སོ། །སྨན་འདི་དག་བཙོད་ཐང་གིས་འཕུལ་ལ་བཏང་ངོ༌། །རྒྱ་རུ། བསེ་རུ། གྭ་དོར། ཨ་རུ་ར་ཆུ་སེར་སྨན་བརྒྱད་རྟ་ཐོད་འཕྱི་ཐོད། དབྱི་མོང་དཀར་པོ། ཚེར་མ་ཅན་རྣམས་རྒྱལ་མོའི་འདྲེན་སྐེམ་ཞེས་བྱང་ཁོག་གི་རྣག་དང་ཆུ་སེར་འདྲེན་ཞིང་སྐེམ་པ་སྟེ། མཛོ་འོ་བསྐོལ་གྲང་གིས་ཕུལ། འདི་སྟེང་ཤུ་དག་མཆོག་ཏུ་བསྐྱེད་པ་མ་ནོར་བའི་སྨན་ཡང་དག་པའོ། །རྨ་ལ་ཐོར་ཚེར་སྔོན་བུའི་ཚད་པ་སྐྱེས་ན་བསིལ་གྱིས་བཅོས་པ་ནི། ག་བུ༡ར་གུར་གུ༢མ་རུ་༡རྟ། འབྲུག་རུ༡ས། ལི་ཤི བྲག་ཞུ༢ན། ཏིག་༢ཏ། སུག་སྨེ༤ལ་རྣམས་ལ་ཐོར་བུས་སྐན་བུའམ། སྐབས་སུ་བསིལ་བཅོས་ཞེས་གངས་ཆུས་འཕུལ་ལ་བཏང༌། ཐོར་བུའི་ཚད་བ་བསིལ་གྱིས་བཅག་པའི་སྨན། དེ་ལྟར་ཤེས་ན་རྨ་ཡི་ནད་ལས་གྲོལ། མིག་སྨན་རྣམ་གཉིས་འདི་ནི་དེ་དག་ཡིན་དཔྱད། ཡན་ལག་གཟེར་ཏིག་ཞེས་ཡན་ལག་གསོ་བ་གཡས་འཕྲུལ་གཡོན་འཕྲུལ་ཐུར་སྒྱོགསྐེད་པ་བུད་པར་མི་རྒན་འགྱོགདཔུང་པ་བུད་ན་རང་འཕྲུལ་འགྱོགཔུས་མོ་བུད་ན་རང་ལོ་འགྱོག །ཚིགས་ཆུང་བུད་ན་རང་སོལ་འགྱོག །སྒྱོག་ཀྱང་ཟེར་བ་ཤིང་ཆས་ཀྱི་མིང༌། ཆུ་རྩ༡ ། བུལ་ཏོ༡གརྣམ་སྣང་གི་ཐལ་བ་རྣམས་ལུགས་གཅིག་ཡིན། གྲི་རུ ས༌། ཆུ་ཕྱེ་རྩ། ལྡོང་རོས་གཅིག་ལྡུམ་བུ་རེ་
རཱལ། འགྲོན་བུ་བུ་ཅན། གི་འདི་མེད་པ་ཡོད། ཝཾ༌། གླ་རྩི༌། ཆུ་དྭགས་ཡང་ལུགས་གཅིག་སྟེ། སྦྱོར་སྡེ་དྲུག་པ་ཞེས་པ་རུས་པ་སྦྱོར་བའི་སྨན་ནོ། །དྲུག་ལས་མི་འདུག་དཔྱད། ལོག་ནོན་དོན་ལྔ་ཞེས་རྨ་ལོག་གསོ་བ་ལ། ཚ་ལོག་ལ་གུར་གུམ་སུག་སྨེལ་ཙན་དན་དཀར་པོ་ཨ་རུ་ར་རྣམ་བཏང༌། གྲང་ལོག་ལ་ལི་ཤི་རུ་རྟ་ཛཱ་ཏི། ཀ་ཀོ་ལ་སུག་སྨེལ་རྣམས་སྲོད་ལ་བཏང༌། བཏབ་ཀྱང་སྣང༌།གླ་རྩི་ཐུན་གཅིག་ནད་པ་རང་གི་དྲི་ཆུ་སྒོང་སྐོགས་གང་དང་ཆུ་གྲང་ཕོར་ཕྱེད་བསྲེས་པ་དེས་རྨ་ལ་ཁྲུས་བྱས་ནས། སྒྲོས་བྱབས་པ་ནི། གླ་རྩིའི་རང་ཁྲུས་ཞེས་འབྱམས་པ་གསོ་བའོ། །ཟས་བཅུད་བཏང༌། འབྲས་བུ་གསུམ། དོམ་མཁྲིས། ཀ་ར། དབང་ལག་ཐུན་བསྐྱེད། དར་ཡ་ཀན། སུག་སྨེལ་རྣམས་ལུག་ཤ་གསར་པར་བཏབ་པའི་སྨན་མར་ལ་འདུས་པའི་སྨན་མར་ཞེས་རྣག་གཞུག་གཅོད་པའི་སྨན་ཡིན་ནོ། །འདུས་པའི་ཁན་ཌ་ཞེས་པ་འབྲས་བུ་གསུམ།ལྕ་བ། རྩ་བ་དང་ལྕམ་པ་ཟེར་མིན་པ་འདྲ། ཉེར་ཤིང༌། ལྕགས་ཀྱུ། དབང་ལགར་མཉེ། སྦྲང་རྩི། མར་གསར། ལུག་ཤ་གསར་པ་རྣམས་ཁན་ཌ་བྱས་ལ་བརྟེན་པས་ལུས་ཟུང་གསོ་བར་བྱེད། ནད་གཞུག་གཅོད་ཕྱིར་འབྲུ་ལྔའི་བཅོས་ལུམས་ཞེས། གྱོང་ན་ཆང་ལུམས། ཞ་ན་སློ་ལུམས། ཟུངས་ངན་ན་བདུད་རྩི་ལྔའི་ལུམ། རྩ་རྒྱུད་ཀོ་ལེར་མ་བདེ་ན་འབྲུ་མར་གྱི་ལུམས་བྱའོ། །ཀ་ར་དོམ་མཁྲིས་གུར་གུམ་ནུ་ཞོ་སྦྱར་བ་ཀ་རའི་སྦྱོར་སྡེ་ཞེས་རྨ་སྐྱོན་སེལ་ཞིང་རྨ་འདྲུབས་པ་འདི་རྨ་ལ་བཏབ་པས་ཤའུ་སྐྱེ། ཉལ་ཉིལ་གོག་ནས་འོང༌། དེ་
ནས་བཅད་འབྱོར་བཏབ་པར་བྱའོ། །ཚིགས་པའི་ཁྲུམ་གྲུ་མ་ཡང༌། དུག་ཅེས་རུས་མཐིང་གཅོད་པ་ལ། རླུང་སྐྱེས་ན་ཚིགས་པ་དྲུག་པ་བསྲེག་མགོ་ཆག་རྐང་ལག་འཐེང་ན་སྤྱི་བོའི་གཙུག་ཏུ་བསྲེག་གཡས་སྣད་པས་གཡོན་འཁུམ་ན་གཡས་པའི་དཔུང་པ་བསྲེག་གཡོན་ཡང་དེ་བཞིན་ནོ། །སྐེད་བསྣད་པས་ལག་པ་འགུལ་མ་ཤེས་ན། བཅུ་བཞི་པ་དང་སྤུ་ན་གུའི་མཚམས་དྲང་པོར་བསྲེག་གོ །འབྱུང་བའི་སྒོ་སྲུང་ཞེས་ལོག་ཆུང་སེལ་བ་ནི། ཞག་བདུན་བརྒྱད་ནས་ལོག་ཆུང་བྱུང་ན། ཟས་དྲོད་ལ་སྨན་བསིལ་དུ་བྱ། རྩ་དང་བསྟུན་ལ་གདོན་ལ་རིམ་གྲོ་བྱ། ཚ་ལོག་ལ་ག་བུར་བསིལ་སྦྱོར་བྱ། གྲང་ལོག་ལ་དན་རོག་གི་འཁོར་བཤལ་བཏང༌། འདུས་པའི་རྨ་ཆིངས་ཞེས་ཆག་གྲུམ་བཅིང་ཐབས།ཞག་གཅིག་ནས་རྨའི་རྩ་རུལ་གྱི་སྐྱོན་རྟོགས་ནས། དུང་ཆེན་མཚལ་ཀ་ར།དོམ་མཁྲིས། ཁུར་མོང་གི་མེ་ཏོག་བཏབ། ཟས་ཚ་གྲང་གང་གཏོང་རྩ་དང་སྦྱར། བྱུག་པའི་རྩི་བཞི་ཞེས་ཆག་ཆིངས་ཅན་ལ་བྱུག་པའི་རྫས་ནི། སྒོ་ངའི་ཆུ་དང༌། བག་ཕྱེ། གྲོའི་ཚིག་མ། ཆུ་རྩྭ་སོ་ཏོག་རོག་པོ་རྣམས་ཞིབ་ཏུ་འཐགདེའི་གསེབ་ཏུ་རི་བོང་གི་སྤུ་བཏང་བས་བྱུགས་པར་བྱའོ། །དེ་ལྟར་རྨ་ཡི་སྐོར་སོང་ནས་ནད་ཕྲན་ཚེག་གི་སྐོར་ལ། སྦྱོར་སྡེ་དྲུག་པ་ཞེས་ཤུ་བ་སེལ་བའི་སྨན་ནི། ཆུ་རྩྭ། བུལ་ཏོགརྣམ་སྣང་གི་ཐལ་བ། ཡང་ལུགས་གཅིག་ལ་གྲི་རུས་གཉིས། ཆུ་རྩ་ཕྱེད། ལྡོང་རོས་གཅིགཡང་གཅིགལྡུམ་བུ་རེ་རལ།འགྲོན་བུ་བུ་ཅན། གླ་རྩི། ཤུ་ད༢ག་རྣམས་བྱུགས་པས་སོ། །བརྒྱད་སྦྱོར་
རྣམ་གསུམ་ཞེས་མིག་ནད་གསོ་བ། རྩྭ་ཨ་བ། རག་རྡོ་གུར་གུམ། ཚྭ་ལ། ཡང་ལུགས་གཅིགགུར་གུམ། ཨ་རུ་ར་གི་ཝཾ་རྒྱ་ཚྭ་འདི་རྣམས་བུད་མེད་ཀྱི་ནུ་ཞོ་དང་སྦྱར་ཏེ་མིག་ཏུ་བླུག་གོ །དུང་ལོའི་སྦྱོར་བས་རྣ་བའི་ནད་གསོ་བ། དུང་ལོ་སེ་བའི་མེ་ཏོགབརྒྱད། སུག་སྨེལ། རུ་རྟ། འབྲུག་རུས། ཏིག་ཏ། བ་ཤ་ཀམོན་མོན་ལུག་དཔྱད། སུགཔྲི་ཡང་ཀུ། ཨ་རུ་ར་འདི་རྣམས་ཀྱི་ཁུ་བ་རྣ་བར་བླུགརྒན་ལ་བཅུད་བཏང་གཞོན་ལ་མི་བཏང་ངོ༌། །ཤིང་ཀུན་སྦྱོར་སྡེས་སོ་ནད་སེལ་བ། ཤིང་ཀུན། མེ་རུ་རྩེ། བྱི་ཏང་ཀལང་ཐང་རྩེ། དྭ་བའི་འབྲས་བུ།སྙ་ལོའི་རྩ་བ། རྒྱ་ཚྭ། ཚན་དེ། ཨ་རུ་ར། ཤ་བའི་ཚིལ་དང༌། ཤུག་པ་ཚེར་མ་ཅན་ནི་མཆོག་ཡིན། འདི་རྣམས་འབྲུ་མར་ནང་དུ་བཙོས་ནས་དྲོན་པོ་སོ་བར་བཙོས་པས་སོ་ནད་དང་སོ་སྲིན་སེལ། ཨ་འབྲས་སྦྱོར་བས་ལྕེ་ནད་གསོ་བ་རྒྱུད་ལས་གསུངས་པ་ཡོན་ཏན་མང་པོ་ཅན་ནི། ཨ་འབྲས། སྦྲུལ་ཤསྦལ་ཤཁ་རུ་ཚྭ། ཐལ་ཚྭ། ལྕེ་མྱང་ཚྭ། དོང་རྒོད་ཚྭ། ཡ་བཀྵ་ར། རྡོ་མདུང་རྩེ།རྟའི་མཁྲིས་པ་འདི་རྣམས་ཁོག་ཏུ་བཏང༌། ལྕེ་རྩ་གཏར། ལྕེ་ཟོར་བརྒྱབ།ད་ཏྲིག་སྦྱོར་སྡེས་གཞང་འབྲུམ་གསོ་བ། ད་ཏྲིག་མོན་ཆ་ར། སྨགསྦྲུལ་ཞགས།ཤ་མང༌། ཐོ་ལི་ཀོར། ལོང་རྡོ། གོ་སྙོད། སྤང་སྤོས། སླེ་ཏྲེས། བ་ལེ་ཀ་རྣམས་མར་དང་སྦྱར་བ་གཞང་འབྲུམ་ལ་བྱུགཚྭ་སྣ་གང་རྙེད་གསེབ་ཏུ་བསེ་རུ་བསྲེས་པ་བསྣན། འདི་མན་སྦྱོར་སྡེའི་ལེའུ་དྲུག་ནི། སྲམ་ཤའི་སྦྱོར་སྡེས་མངལ་སྐྲན་གསོ་བ། སྲམ་ཤལི་ག་དུར། རྒྱ་རུ། བསེ་རུ། ག་དོར། སྔོན་བུ།
རྒྱ་ཚྭ། བྱང་པ། སྡིག་སྲིན་རྣམས་བ་ཡི་ཆུ་ལ་རྟ་བྱས་གུང་གཉིས་བཏང༌། ལོང་རྩ་གཏར། ཚིགས་ཀྱི་བྱེ་དབྱེ་གསང་ཡང་ཚང་ཞེས་པའི་འབྱར་གྱིས་ཚིགས་ཆུ་འབྱིན་པ་ནི། ནད་མ་རྨེན་བུ། ནད་མ་འབྱར་མ། ནད་མ་སྒྱིད་མ༡ ། སྲད་མ༡ ་སྔོན་པོ། ནད་མ་འཁྲིལ་མ། རྡོ་ཐ༡ལ། སེང་ལྡེ༨ང་འདི་རྣམས་བསྐོལ་གྲང་བྱས་ནས་འབྱར་དུ་བྱ། ལོང་རྩ་བྱིན་གཞུག་གཏར། མ་ཐུབ་ན་འཇིབ་རུ་གཞུགསྐྲངས་པའི་འབུར་འཇོམས་ཀྱིས་ནད་ཆུ་འདོན་པ། གླ་རྩི་ཤུ་དགགུ་གུལ།བྲག་སྐྱ་ཨ་བོ་ནང་དུ་བཏང༌། ཕྱི་ནས་རུ་རྟའང་སྣང༌། ར་དུགལྷོག་དུག་པ། ཅོང་ཞི་རྣམས་བྱུག་མེ་རིས་མེད་ན་མེ་བཙའ་བྱ། རུ་རྟའི་ཁན་ཌས་ང་གློ་གཅོག་པ།རུ་རྟ་༨། བུ་རམ་༨། སྦྲང་རྩི། ཤ་བའི་རུས་པ། སྲོ་ལོ། སྤང་རྒྱན། རྩི་དམར།སྐྱེར་པའི་འབྲས་བུ། མ་ནུ། སྤོས་དཀར་རྣམས་མར་དང་སྦྱར་ལ་སེ་བ་རུས་ཙམ་ཟའོ། །རྒྱ་སྣག་སྦྱོར་སྡེས་ཁོང་ཆུ་གསོད་པ་ནི། རྒྱ་སྣག་ཐང་ཤིང་གི་ཐལ་བ། ཏིག་ཏ། འབྲུག་རུས། བ་ཤ་ཀབྲག་ཞུན། གུར་གུམ། རྟ་སྦང༌། བྱ་བལ་མ། ལྕི་བ་སེར་ཀ་མ། མཚེའི་ཐལ་བ་རྣམས་ཆུ་ལ་རྟ་བྱའོ། །གཅིག་མ་ཚང༌།བུ་ཡིག་ཏུ། ལེའུ་དྲུག་པའི་མདོ་དོན་གཞུང་དུ་གསལ། །ཁྱད་པར་ན་སོའི་སྨན་རྟ་དག་དང་སྦྱར། །ཞེས་གསུངས། སྨན་དཔྱད་སྡེ་ཚན་མི་འདྲ་བ། །སོ་སོ་མདོ་རྒྱུད་ནས་བཏུས་ཏེ། །ཕྱི་རབས་སྐྱེ་བོའི་གསོས་སྨན་དུ། །གཞུང་མང་བལྟས་ཤིང་བླ་མ་མང་བསྟེན་ནས། །གཞུང་གི་དོན་དང་བླ་མའི་བཀའ། །ཟབ་ཚིག་ཡི་གེར་བྲིས་པ་ཡིན། །ཞེས་གསུངས་སོ། །དེ་ལྟར་རྨ་དང་ཕྲན་
ཚེགས་ཀྱི་སྐོར་ལེའུ་གསུམ་པ་བསྟན་ནས།༈ ད་ནི་སྦྱོང་གི་སྡེ་ཚན་བསྟན་པ་ལ། སྦྱོང་ལ་སྤྱི་དོན་གསུམ་སྟེ། སྔོན་འགྲོ་ཞག་གསུམ་མམ་ལྔའི་གོང་ནས་ལུས་སྤྱི་དང་ཁྱད་པར་རྩ་སྦྱོངས་ལ། ཕོ་ཡི་ཕོ་མཚན་རྩ་བ་དང༌། མོ་ཡི་སྤུ་ན་གུའི་མཚམས་སུ་མར་གྱི་བསྐུ་མཉེ་ནན་ཏན་བྱ། ལྟོ་སྦྱོང་ལ་ཕོ་བ་སོགས་སུ་བསྐུ་མཉེ་ནན་ཏན་བྱའོ། །གང་གནོད་པའི་ཟས་ཀྱིས་ནད་བསླངས། རྩ་ལྟོ་སོ་སོའི་ཐང་བསྐོལ་སྦྱོང་བས་རྩ་ལམ་ལྟོ་ལམ་སྦྱོང་བར་བྱའོ། །དངོས་གཞི་སྦྱོང་སྨན་རིལ་བུའམ། ཕྱེ་མ་དང་ལྡེ་གུ་གང་རིགས་གཏོང༌། དེ་ཡང་ལྟོ་སྦྱོང་ལ་རིལ་བུ། རྩ་སྦྱོང་ལ་ལྡེ་གུ །གག་རིགས་ལ་གམ་ཕྱེ་བྱ། ཐུན་ཚོད་ཆེ་ཆུང་ཕོ་བ་སྲ་སྙིས་ཤེས། འཕྲལ་གྱི་ལྕག་ནི་ཚ་གྲང་སྦྱར་ཏེ་བཏང༌། གེགས་གག་དང་ཞེས་འདུགབསལ་བོགས་འདོན་བླ་མའི་མན་ངག་ལྟར་བྱའོ། །རྗེས་ཀྱི་བྱ་བ་ནད་གཞི་སོ་སོར་བསྟུན། །དུག་དང་བྱུག་པ་རང་རིག་གསལ་བས་དཔྱད། །དེ་ཤེས་མཁས་པ་གཡུ་ཐོག་མགོན་པོས་གསུངས། །ཞེས་པའི་གནད་བུ་ཡིག་ཏུ་བཀྲོལ་བ། རྩ་སྦྱོང་ལ་ལྕམ་པ་གཡེར་མ་འུ་སུའི་ཐང་བཏང་བས་རྩ་ལམ་འབྱེད། ནད་སོ་སོའི་གཉེན་པོའི་ཐང་ནི།བད་ཀན་ཅན་ལ་རྫ་སར་ཀ་ར་མ་ནུ་ཁོ་ན་བསྔགས། རླུང་ནད་ཅན་ལ་ཨ་ཀར་ཛཱ་ཏི། མཁྲིས་པར་ཏིག་ཏ། བ་ལེ་ཀཁྲག་ཚད་ཅན་ལ་བ་ཤ་ཀའི་ཐང༌།གཉན་ལྷོག་རྣམས་ལ་གྲོག་མ་དམར་པོའི་ཐང༌། མ་ཞུ་བ་ལ་གོ་ཐལ་ཚྭ་བའང༌།ལ་བསྐྱེད། དེ་རྣམས་རྩ་ལམ་འབྱེད་པའི་ཐང་དང་བསྲེས་ལ། ཞག་གསུམ་
ནས་ཚ་ཐང་འབའ་ཞིག་བྱ་བར་བཤད་དེ་དེ་རྣམས་སྔོན་འགྲོའོ། །རྩ་སྦྱོང་དངོས་གཞིའི་སྨན་ནི་འདི་ལྟ་སྟེ། བྱང་བ་རྒྱ་ཚྭས་འདུལ་དང་ཕྱེ་མས་མནན། རྒྱ་ཚྭས་འབིགས་ཤིང་བྱང་པས་འདེད་པར་བྱེད། །ཐང་ཆུ་དཀར་པོས་རྩ་ལམ་འབྱེད་པར་བྱེད། །བྱེ་མས་ནད་རྣམས་གནོན་པར་བྱེད་པ་སྟེ། །ཧ་ཤིག་རྡོ་ཡིས་གཏིང་དུ་འཁྲིད་པར་བྱེད། །རིན་ཆེན་མཚལ་གྱིས་དྭངས་སྙིགས་འབྱེད་པར་བྱེད། །སྡིག་པ་ཡིས་ནི་ཁྲག་རྣམས་སྦྱོང་པར་བྱེད། །སྡིག་སྲིན་ནད་རྣམས་རྩ་ལམ་འཁྲིད་པར་བྱེད། ཅེས་འདྲ་མིན། སྲིན་བུ་ཡིས་ནི་ཆུ་སེར་སྦྱོང་པར་བྱེད། །རྒྱམ་ཚྭ་ལོང་རྡོས་རྩ་ཟུག་འབྱིན་པར་བྱེད། །མཆུ་སྙུང་གིས་ནི་ནད་རྣམས་འཚོལ་བར་བྱེད། །ནག་པོ་བདུན་ལ་ཁྲ་བོ་ཉི་ཤུ་གཅིག །སེར་པོ་གཉིས་ལ་ཆེ་བ་གཅིག་ཏུ་འདོད། །དེ་རྣམས་ཕལ་ཆེར་ཞིབ་བཏགས་ཆུ་ལ་སྦྱར། །རིལ་བུ་བྱས་ལ་ཉེ་བར་བསྟེན་པར་བྱ། །འདི་ལ་ལུང་དང་བཞེད་པ་གཉིས་སུ་ཡོད། །སུམ་གཉིས་བཏང་ནས་སུམ་ཆ་བཞག་པ་དང༌། །ཡང་དང་ཡང་དུ་རྩ་དང་བསྟུན་པ་དང༌། །མ་ཐེབ་རིལ་བུ་ལྷག་མ་བསྟེན་པའོ། །འགགས་པའི་བོགས་འདོན་མན་ངག་འདི་ལྟར་བྱ། །གྲང་འགག་ཡིན་ན་རྒྱ་ཚྭའི་ཆིག་ཐང་བཏང༌། །ཚ་འགག་ཡིན་ན་ལྕམ་པའི་ཆིག་ཐང་བཏང༌། །གདོན་འགག་ཡིན་ན་སྔགས་ཆུ་གླུད་གཏོར་བཏང༌། །དེ་ལྟར་ཤེས་ན་མན་ངག་གདམས་པའོ། །སོ་སོའི་བཅད་ལུགས་ལེའུ་བཞིན་དུ་བྱ། །རྗེས་ནི་ཁ་ཟས་དར་བསྐོལ་ཆང་བསྐོལ་བཏང༌། །སྤྱོད་པ་སྤྱོད་ལའང༌། ལམ་བཞིན་དུ་རིམ་པར་བཅད་པར་བྱ། །རྩ་ཡི་ཁ་བསྡམ་དོམ་
མཁྲིས་ཤང་ཤང་སྦྱར། །མར་ལ་རྟ་བྱས་ལན་གཉིས་ལན་གསུམ་བསྟེན། །ལྟོ་སྦྱོང་སྔོན་འགྲོ་ཞག་གསུམ་སྔ་གོང་ནས། །ཕབ་དང་བུལ་ཏོག་ཤིང་སྔོན་ཡང་ཡང་བཏང༌། །ཁ་འཛིན་ཁོང་སྨན་རྩ་དང་བསྟུན་པའོ། །དན་རོག་དུག་ལྕེ་འདོན་ཅིང་པགས་པ་བཤུ། །དུར་བྱིད་རྐང་མར་འདོན་དང་སྐོགས་པ་བཤུས། །ཆུ་རྩ་སྐོགས་པ་བཤུས་ཤིང་ཆུ་རུ་སྦང༌། །དེ་རྣམས་སྨན་གྱི་མན་ངག་དམ་པའོ། །སུག་སྨེལ་དག་གིས་ཕོ་བའི་གཞི་འཛིན་ཞིང༌། །གུར་གུམ་གྱིས་ནི་མཆིན་པ་སྐྱོབ་པར་བྱེད། །ཨ་རུ་ར་ནི་ཡོན་ཏན་ལུས་ཟུངས་བསྐྱེད། །དན་དས་རྒྱུག་ལ་སྔོན་བུས་འཁྲོག་པར་བྱེད། །ཤྲི་ཁན་ཌས་བོང་དང་གཉུག་ཏུ་མཐུད། །རྒྱ་ཚྭས་འགོག་དང་བུལ་ཏོག་ན་ཚ་མེད། །དོང་གའི་འཁོར་ལོས་འཁོར་ཞིང་འཁྲུ་བ་དང༌། །རྒྱུ་མའི་ནང་ཤུན་ནད་རྣམས་བཤལ་བར་བྱེད། །དཔའ་བོ་དུར་བྱིད་རིན་ཆེན་སྟོབས་ལྡན་ཡང༌། །ཕན་ཡོན་ཉེས་དམིགས་སྤེལ་མ་དག་ཀྱང་ཡིན། །ཆུ་རྩ་ཡིས་ནི་ཕོ་བ་མྱུར་དུ། སྦོས་པར་རྣོའང་བའམ། འགྱུར། །དེ་རྣམས་རིལ་བུ་མང་དུ་བྱས་གྱུར་ཏེ། །ཐུན་ཚད་ཕོ་བ་སྲ་སྙིའི་ཚོད་དང་བསྟུན། །ལྕག་གིས་བྲབས་ལ་དག་པར་སྦྱངས་ནས་སུ། །ལྟོ་བཤལ་རྗེས་ལ་ཟན་སོགས་མི་ཟ་བར། །རུས་པའི་ཐང་སོགས་རིམ་པ་བཞིན་དུ་བསྐྱེད། །ལྟོ་ཡི་རྗེས་ལ་མར་ཁུ་བཙག་བཅད་བཏང༌། །མི་འགྱུར་མན་ངག་བཀྲུ་བཤལ་མ་ཤེས་ན། །ནད་ཀྱི་རོ་རྣམས་འདོན་པར་ག་ལ་འགྱུར། །པདྨའི་ཕྲེང་བ་ཅན་གྱིས་འདི་སྐད་གསུངས། །འབྲུག་རུས་ཨུཏྤལ་བ་ཤ་ཀ།གུར་གུམ་ཀ་པེད་
དུག་མོ་ཉུང༌། །ཚེར་ནག་འབྲས་བུ་ཅན་ནའང༌། ཞོ་ཤ་སྙིང་ཞོ་ཤཚེར་ནག་འབྲས་བུ་ཅན་ཁ་ཅིག་གིས་རཀྴའི་འབྲས་བུ་ཡིན་ཡང་ཟེར་ཞེས་མཆན་འདུགདེ་དགུས་ལུས་ཀྱི་ནད་རྣམས་འཁྲུ། །ཨ་ག་རུ་དང་ཅུ་གང་དང༌། །པྲི་ཡང་ཀུ་དང་ཨ་རུ་ར། །ལྕུམ་རྩ་བུལ་ཏོག་གསང་སྨན་བདུན། །འདི་ཡིས་དོན་སྣོད་ནད་རྣམས་སྦྱོང༌། །དགུ་བདུན་ལྔ་ལ་ཡོན་ཏན་མང༌། །མདོར་ན་མན་ངག་འདི་ཤེས་དགོས། །ཞེས་ཆོས་རྗེ་གཡུ་ཐོག་པའི་གདམས་པ་ཟབ་མོའོ། །དེ་ལྟར་སྤྱིར་ཤེས་པར་བྱས་ནས་ད་ནི་རིན་ཆེན་ཤོག་དྲིལ་ལས་གསུངས་པའི་སྦྱོང་གི་སྡེ་ཚན་རྣམས་བཀོད་པ།ག་བུར་བསིལ་སྦྱོར་གྱིས་ཚད་རྙིང་སྦྱོང་བ་ནི། ག་བུ༢ར། གུར་གུ༢མ། སུག་སྨེ ༢ལ།ཅུ་ག༡ང༌། སྒོག་ཐ༨ལ༌། གླ་༢ རྩི། དན་ད་རོག་༧པོ་འདི་རྣམས་གངས་ཆུས་རྟ་བྱས་ཁོང་དུ་བཏང༌། ཚད་པའི་གཞུག་ལ་བསེའང༌། གསེབ་དྲི་བྲོ་བ་འདིས་གཅོད་དོ། །གུར་གུམ་དོན་བཤལ་གྱིས་མཆིན་ནད་སྦྱོང་བ། གུར་གུ༤མ། སུག་སྨེ ༢ལ༌། བ་ཤ་༡ཀརྡོ་དྲེ ༢གལྕགས་དྲེ༡གཔྲི་ཡང་༢ཀུ། དན་རོ༧གཤྲཱི་ཁན་༢ཌ།ཚྭ་༢ལ། བུལ་ཏོ༢གགུ་གུ ༢ལ་རྣམས་བཏང༌། སྦྱོང་རྗེས་ཁྲག་ཏུ་བྱུང་ན་བཅད།ལོང་ཀའི་འདམ་ཁྲུས་ཀྱིས་ལོང་ཆུ་འདྲེན་པ་ནི། དུག་ཉུ༨ང༌། ཀ་པེ ༢ད། དན་རོ༨གདུར་བྱི༡ད། ཤྲཱི་ཁ༢ན། ལྕུམ༤་རྩ། བུལ་ཏོ ༢གཉེ་ཤིང་ཞོ་ལ་རྟ་བྱས་ཏེ་བཏང༌། ལོང་ཀའི་ལོང་ཆུ་བྱུང་ན་དོམ་མཁྲིས་ཀྱིས་བཅད། ཕོ་བའི་རྒྱུན་སྦྱོང་གིས་ཕོ་ནད་གསོ་བ། སུག་སྨེ ༢ལ། པི་ལི ༡ང་ལི་ཤི་ཟེར་བ་ཕྱེད་ལྷག་འདྲ། རྒྱམ་༡ ཚྭ།ཕབ༤ས། ཆུ ༢་རྩ། དན་ཁྲ༤། དུར་བྱི ༡ད་རྣམས་ཆང་བསྐོལ་ལ་རྟ་བྱས་ཏེ་བཏང༌།
མཐར་ཆུར་འཇོམས་ན་བཅད། རྒྱུན་ཁྲུས་དྲུག་དཔྱད། སྦྱོར་སྤྱོད་ལྔས་ཀྱང་མི་དག་གམ།སྡེས་ལུས་ཟུངས་དང་བསྟུན་ཏེ་ནད་གསོ་བ། སྦལ་པའི་ཤ་ཤུག་པའི་འབྲས་བུ། དན་རོ ༥གདོང་༢ གསྔོན་༡བུ༌། ཁྲོན་༡བུ། ཆུ ༤་རྩ་རྣམས་ཆང་ངམ་འོ་མས་རྟ་བྱས་ཏེ་ལུས་ཟུངས་དང་སྦྱར་ལ་བཏང་བས་ནད་རྣམས་འདོན་ནོ། །སྦྲུལ་ཤའི་འཁྲུལ་སྦྱོང་གིས་གཉན་ནད་སྦྱོང་བ་ནི། མི་༤ཤསྦྲུལ་༢ཤརུ་༣ རྟ། ཤུ་ད༤ གདན་རོ༧གདུར་བྱི ༤ད། ཁྲོན་༡བུཤའམ་རས་ཐུམ་བྱ། དཔྱད། རྟ་ཆུ་བསྐོལ་གྱིས་དབུལ།ལྕག་གིས་བྲབས་པས་གཉན་སྦྱོང༌། སྐྲངས་པ་ཞི་ནས་བཅད་དོ། །རྒྱ་ཚྭའི་འདུལ་སྦྱོང་གིས་ཆུ་ལྷོག་འཇོམས་པ། རྒྱ་༢ ཚྭ། མུ་༣ཟི། གུར་གུ ༢མ། གུ་གུ༣ལ།ཆུ་ད༡ག་གླ༤་རྩི། དན་རོ༧གཐར༢་ནུ། སྔོན་༡བུརྣམས་བཏང༌། ཆུ་ལྷོག་ལ་ཆུ་སྒང་ཞར་ནས་བཅད། གཉེན་པོའི་འདུལ་སྦྱོང་གིས་དུག་ནད་གསོ་བ། གངས་ཐི ༤གརྡོ་ཐ༤ལ། བོང་ང་དཀར་༤པོ། གུ་གུ ༤ལ། སྤོས་དཀ༤ ར། ཚྭ་༢ ལ། ཨ་རུ་༨རྭ།ཙི་ཏྲ་༢ཀདན་རོ༧གདུར་བྱི༥ད། ཤྲཱི་ཁ༥ན་ཌ་རྣམས་བཏང༌། དུག་སྦྱོང་གིས་ཆུ་སེར་བྱུང་ཆག་ཟེར། ན་བཅད། བུལ་ཏོག་འཇམ་བཤལ་གྱིས་དྭངས་མ་མ་ཞུ་བ་སྦྱོང་བ། བུལ་ཏོ༦ག་ཐར་༡ནུ། དོང་༤གཨ་༢རུ། རྒྱམ་༥ཚྭ། མཚལ་དཀ༥ར་རྣམས་སོག་པའི་ཐང་ལ་རྟ་བྱ། དྭངས་མའི་སྦྱོང་ལ་ཞག་ཏུ་བྱུང་ན་བཅད། གོ་ཐལ་འཕྲུལ་ཐལ་གྱིས་མ་ཞུ་བ་སྦྱོང་བ། གོ་ཐ༢ལ། ཚྭ་༢ལ། འབར་མེ། རྡོ་ཐལ་རྡོ་ཚྭ་ལ་རྩི ༢་ཚྭ་ཤྲི་ཁནྜ་ལ། ཆུ ༢་ཚྭ་རྒྱ་ཚྭ་ལ། ཤིང་ཀུ ༢ན། ཆུ ༢་རྩ། ལ་ཕུག་སྐམ་༤པོ། ཕབ༤ས་
རྣམས་སོག་ཚིགས་ཐང་གིས་འཕུལ་ཏེ་བཏང༌། སྐྲན་གྱི་གཅོད་བཤལ་གྱིས་སྐྲན་རོ་འདོན་པ། མཚེའི་༥ཁཎྜ། ཨ་རུ་༢ རཱ། དན་རོ༧གདུར་བྱི ༡ད། ཤྲཱི་ཁ༥ན།སྔོན་༡བུ། འགྲོན་༣བུ། སྦལ་རྒྱ༧བ་རྣམས་བཏང་བས་བཤལ་སོལ་ཁུ་འདྲ་ན་བཅད། ཕོ་གསང་བསྲོ། ལོང་ཀའི་འདམ་འདྲེན་འང༌། བཤལ་གྱིས་ལོང་ཆུ་འདྲེན་པ་ནི། བརྟས། དོང་༥ ག་གླ༡་རྩི། གུ་གུ ༡ལ། སུག་སྨེལ། ཨ་རུ་ར། ཚྭ་ལ།བ་ལེ་ཀསྔོན་བུ་རྣམས་བཏང་བས་སྦྱོང་མར་ཁུ་འདྲ་ན་བཅད། མཁལ་མའིརྒྱུན་བཤལ་གྱིས་མཁལ་ནད་སྦྱོང་བ། ཡི་ཡོད། མཁལ་མ་ཞོ་༧ཤསྤ་ཤུག་ཚེར་ཅན་ཤུ༧ག༧དནྡ། རྒྱམ༢ ་ཚྭ། ཀ་ཀོ་༢ལ། ནད་མ་སྒྱིད་༡ མ། ནད་མ་འབྱར་༢ མ། མཁན་སྐྲད་པྲ༡ལ། བྲ་བོ་རྣམས་བཏང་སྦུ་བ་བྱུང་ན་བཅད། ཕོ་བའི་འདོན་བཤལ་གྱིས་སྐྱུག་བཤལ་གཅོད་པའི་སྦྱོང་ནི། སུ ག་སྨ༤ ེ ལ། ཀ་པེ ༤ད། དན་༣ཁྲ།སྦྲུ་བའི་རྩ་༡བ། དྲོད་སྨན་སྒ་སྒོ ༢ང་འཇོ ༢ང་གཉིས། ན་ལེ་ཤ༡མརྣམས་བཏང་བཅད་མི་དགོས། རང་བཞིན་ཆད་ནས་འགྲོ། ཆང་ཕབས་ཀྱིས་ཕོ་བར་དུག་བྱའོ། །རྒྱུ་མའི་གྲང་བཤལ་གྱིས་དམར་བཤལ་གཅོད་པ། གླ༧་རྩི། གུ་གུ ༢ལ།ཤུ་ད༢གསྔོན་༤བུ། དན་༢རོ ༤གཡུལ་ད༥ ོགདུག་ཉུ ༤ང༌། ཆུ་༤ རྩ་རྣམས་བཏང་བས།ཆུ་རུ་བྱུང་ན་བཅད། དེ་ནས་ཁ་འཛིན་སྨན་བཏང་ངོ༌། །མི་རྒོད་རྒྱུན་བཤལ་གྱིས་གློ་བུར་ནད་རྣམས་གསོ་བ། ཤུ་ད༤ གཨ་རུ་༤ར། དངུལ༤་ཆུ། སྟར་༤བུ།སྔོན་༢ བུ། དན་རོ ༢ག་དུར་བྱི༣ད། གུར་གུ ༤མ། སུག་སྨ ༤ ེ ལརྣམས་བཏང་བས་ནད་
ཀྱི་ཟུག་གཟེར་ཞི་ནས་བཅད། འགེའུ་གསོད་བཤལ་གྱིས་གྲང་སྲིན་གསོ་བ།སྲིན་ཤིང་འགེ ༢ འུ། མ་རུ་རྩ༧ེ ། བྱི་ཏང་༧ཀརྒྱ་༦ཚྭ་ཨ་རུ་༡ར། དྭ་བའི་འབྲས་བུ་རྣམས་སྦང་མ་སྐམ་པོའི་ཐང་གིས་འཕུལ། སྲིན་བུ་སོད་ནས་གཅོད། སྲད་མའི་གསོད་བཤལ་གྱིས་ཚ་སྲིན་འཇོམས་པ། སྲད་མ་དཀར་༡ པོ། ག་བུ ༡ར།གུར་གུ ༡མ། ན་ག་གེ་ས༣ར། བ་ཤ་༡ཀཨ་༤ རུ། སྒ༤་སྐྱ། སྤང་སྤོ ༤ས། རྣམས་བྱིས་པའི་ཆུ་ལ་རྟ་བྱས་ཏེ་བཏང་བས་སྦྱོང་འོ་མ་འདྲ་བ་བྱུང་ན་བཅད། སྡིག་སྲིན་སྦྱོང་འདོན་གྱིས་ཚིགས་ནད་གསོ་བ། སྡིག་སྲ༥ ོན། སྲིན༤་བུ། བྱང་༡ པ། རྒྱ༢་ཚྭ།མོན་ལུགུ་འང༌། སུ ༧གལི་༡ཤི ཨ་༨རུ༌། སེང་ལྡེ ༨ང་རྣམས་བཏང༌། ཚད་ནད་འདོན་བཤལ་ལ་གྲང་ཐག་ཆོད་ནས་བཅད། མཚལ་དཀར་སྦྱོར་སྡེས་རྩ་བྱེར་སྦྱོང་བ། མཚལ་དཀ༤ར། གུར་གུ༡མ། སྤོས་དཀ༧ར། བྲག་ཞུ ༧ན། རྒྱ་༧ཚྭ། བྱང་༧པ།ན་ལེ་ཤ༧མ། དབྱི་མོང་དཀར་༧ པོ་རྣམས་ཆུ་ཚན་གྱིས་འཕུལ་ལ་བཏང༌། རྩ་ཟུག་ཞི་ནས་བཅད། བ་བླའི་འདུལ་སྦྱོང་གིས་དྭངས་མ་སྦྱོང་བ༌། བ༣་བླ༌། རྒྱ༢ ་ཚྭ།བྱང་༧པ། བྱེ་༡མ། སྤོས་དཀ༣ར། ལོང༣་རྡོ། མཚལ་དཀ༥ར། ལྕམ་༥པ། གཡེར་མ་རྣམས་བཏང༌། སྦྱོང་ཁྲག་ཏུ་བྱུང་ན་བཅད། མུ་ཟིའི་འཕྲུལ་སྦྱོང་གིས་པགས་ནད་གསོ་བ། མུ་ཟི་ནག་༡པོ། མུ་ཟི་སེར་༡པོ། ཨུཏྤལ། མ༢ ་ནུ། བྱང་༢པ། སྡིག་༢པ། སྡིག་སྲིན་ཟེར་བ་འདུགསྡིག་སྲ༢ ིན། སྲིན་སྡིག་སྲིན་ཟེར་བ་འདུག ། ༢བུ། སུག་སྨ ༤ ེལ་རྣམས་བཏང༌། དེས་ཐོར་བ་ཞི་ནས་བཅད། བྱུག་པ་བྱ་རུས་ཐང་བཏང༌། རྒྱལ་
མོའི་ཆུ་སྦྱོང་གིས་དམུ་ཆུ་སྐམ་སྦྱང་ལ། རྒྱ༡་ཚྭ་རྒྱམ༡་ཚྭ་ཨ་མཆུ་སྙུང་རུ་༣ར། མཚ༤ལ་ནད་མ་རེང༤ས་མ། ནད་མ་ཆ་མེད། སྒྱིད་མ། ལྡུམ་བུ་རེ་རལ། ཆུ་མ་རྩི། དབྱི་མོང་དཀར་༢པོ། སྤོས་དཀ༢ར། སུག་སྨེ ༧ལ། བྱང་༧པ། ཁྲ་བོ། བྱེ་མ། སྡིག་སྲིན་རྣམས་བཏང༌། ལུས་ཤེད་ཤ་ཉམས་དང་བསྟུན་ལ་བཅད། གུར་གུམ་བདུན་བརྒྱད་འདུགབཤལ་གྱིས་མཆིན་ཆུ་སེལ་བ། གུར་གུ༥མ། སུག་སྨེ༢ལ། ཀ་པེ༢ད།རུ༢་རྟ། མ༢་ནུ། སླེ་ཏྲེ༦ས༌། བྲག་ཞུ༡ན། སྔོན་༦བུ་རྣམས་བཏང༌། མཆིན་ཆུ་ཞི་ནས་བཅད། ཀ་རའི་བསིལ་སྦྱོང་གིས་བད་ཀན། སྦྱོང་བ། ཀ་༧ར། གུར་གུ༥མ། སུག་སྨེ༥ལ། རྒྱ༥་ཚྭ། བྱང་༢པ། བྱེ་མ། སྡིག་སྲིན། ལོང་རྡོ་ཧ་ཤིག་རྣམས་བཏང་པས་མཆིན་ཚད་ཞི་ནས་བཅད། ཏིག་ཏའི་འཕྲུལ་སྦྱོང་གིས་མཁྲིས་ཆུ་སྦྱོར་བ་ཏིག་ཏའི་རིགས་ག༦ང་རྙེད། ཤུག་པའི་ཐང༥་ཆུ། སྤོས་དཀ༥ར། སུག་སྨེ ༧ལ། ཨ་༧རུ༌།རྒྱ༧་ཚྭ། བྱང་༧པ། བྱེ་མ། རྡོ་རྒྱུ ༤ས། རིགས་ཟེར་རྡོ་དྲེག་པའང༌། རྣམས་བཏང་བས་མཁྲིས་ཁུ་སངས་ནས་བཅད། ཤིང་ཀུན་རྩ་སྦྱོང་གིས་ཡ་མ་སྦྱོང་བ། ཤིང་ཀུ ༤ན། གླ༢་རྩི། ཤུ་ད༢གརྒྱ་བྱང་ཚྭའང་འདྲ། ༥ཚྭ། བྱང་༧བ། མཚལ། སྡིག་སྲིན། ཧ་ཤིགའབྲུག་རུས་རྣམས་བཏང༌། ཡ་མ་རྩ་ལ་རྒྱུག་པ་ཞི་ནས་བཅད། ཨུཏྤལ་རྒྱུན་སྦྱོང་གིས། ནག་པོ་སྦྱོང་བ། ཨུཏྤ ༤ལ། བ་ཤ་༤ ཀརྒྱ་༤ཚྭ། བྱང་༧པ། བྱེ་༡མ།དྲོད་སྨ༣ན། སུག་སྨེལ། ག་དུར། ཕ་ཝོང་དྲེག་པ་རྣམས་བཏང་བས་བགས་ཚད་ཞི་ནས་བཅད། བྱང་པས་དོན་སྦྱོང་གིས་མགོ་ནད་སེལ་བ། བྱང་བ་ནག་༥པོ།
བྱེ་༥ མ། དན་རོ ༧གདུར་བྱི༦ད། སྡིག་སྲིན། རྒྱ་ཚྭ། མཚལ་རྣམས་མར་ཁུ་དང་སྦྱར་ལ་སྤྱི་བོར་བྱུགས་ལ་ཟན་དྲོན་གྱིས་སྐྱོར་གཡོགས། མང་དུ་གཏར་ལ་ཉུང་ངུ་མི་བཅད། རྐང་པ་འདི་དཔེ་བསྡུར་དགོས། འཕྲུལ་མིག་རྣམ་དྲུག་བདུན་འདུག་དཔྱད།གིས་རྣ་བ་གསོ་བ། བྱང་༧ བ། རྒྱ་ཚྭ། ཕྱེ་མ། སྤོས་དཀར། དན་རོགལི་ཤིགླ་རྩི་རྣམས་མར་ཁུ་དང་སྦྱར་ལ། རྣ་བུག་ཏུ་བླུགས་ལ་ཟན་དྲོན་གྱིས་སྐྱོར་དགག་བར་བྱའོ། །དུང་ལོ་བདུན་སྦྱོང་རྣ་བ་གསོ་བ། སེ་བའི་དུང་༨ལོ༌། བྱང་༧པ། བྱེ་༢ མ། སྡིག་སྲི༢ན། རྡོ་རྒྱུ ༤ ས། རྡོ་ཞོ། རྒྱ་ཚྭ། སྒོག་པ་རྣམས་འཕྱི་བའི་ཚིལ་ཞུན་དང་སྦྱར་ལ་རྣ་བར་བླུགཟན་དྲོན་གྱིས་ཁ་བཅད་དོ། །སྤང་སྤོས་སྦྱོར་སྡེས་ཐོད་སྲིན་གསོ་བ། མ་རུ༢་རྩེ། ལང་ཐང༢་ཙེ། བྱི་ཏང་༢ཀ། རྒྱ༢་ཚྭ། སྤང་སྤོ ༤ ས།སྐྱེར་ཤུ ༤ ན། འབྲི་མོ ༤ ག་རྣམས་མར་དང་སྦྱར་ལ་ཐོད་པ་ན་སར་གླན་འདམ་པས་སྦྱར་ལ་བཞགསྔོན་དུ་མེ་བཙའ་བྱ། རྒྱ་ཚྭ་དྲུག་འདྲེན་གྱིས་གག་པ་གསོ་བ།རྒྱ༢་ཚྭ། བྱང་༧བ། བྱེ་༡མ། ཐར༡་ནུ། ཁྲོན༡་བུ༌། ལི་༧ཤི། སྤང་རྒྱན་སྔོན༡་པོ། མཚ༡ལ་རྣམས་བྱིས་པའི་ཆུ་ལ་རྟ་བྱས་ཏེ་བཏང༌། ལྦུ་བ་དཀར་ལ་སྙིགས་མ་མང་ན་བཅད། ཅུ་གང་བསིལ་སྦྱོར་གྱིས་བྱང་ཁོག་གསོ་བ་ནི། ཅུ་ག༤ ང༌། སོ་༡ཆ། རི་༤ ཤོསྤྱང་ཚ༡ ེར། ཤིང་མང༡ར། གུར་གུ༡མ། ཀྱང་ཕྱེད། གསེར་ཕྱེད༡་བྱེ། གསེར་ཕུ༡ད།མ༡་ནུ། ཁ་རུ༡་ཚྭ་རྣམས་བཏང་བས་སྐྱུག་པ་ལྟར། ཁྲག་ཏུ་བྱུང་ན་བཅད། དར་ཡའི་སྦྱོར་སྡེས་གློ་ནད་གསོ་བ། སྐྱེས་བུ་དར་ཡ་ཀན། རྒྱ་རུ། བསེ་རུ། གྭ་དོར། པདྨ་གེ་སར། ནཱ་ག་གེ་སར། དར་ཡ་ཀན་ཚེར་མ་ཅན། སོ་ཆ། ཀ་ར།
རྒུན་འབྲུམ། ཤིང་མངར། རི་ཤོ སྤྱང་ཚེར། གསེར་ཕུད། གསེར་མེ། ཁྲི་རྡ།རྒྱས་འང་དཔྱད། ཤང་ཤང་རྣམས་བཏང༌། གློ་རྨུགས་བཤལ་རིང་ཉམས་དང་སྦྱར་ལ་བཅད། འདི་སྡུས་པའི་འམ་བརྟགསྲམ་ཤའི་སྦྱོར་སྡ ༡ ེ ས༨་མོ་ནད་གསོ་བ། སྲམ་༦ཤམ་རུ་༡ཙེ། མཁལ་༣ཞོ། གླ་གོར་ཞོ་༡ཤཆུ་སེར་སྨན་བརྒྱད། རྒྱ༢་ཚྭ། བྱང་༢པ།སྡིག་སྲི༢ན། བྱེ་༡མ་རྣམས་མོ་ནད་མངལ་སྦྱོང་བཅུ་གསུམ་འདུས། མ་སྟེ་འདི་བཏང༌། ཁྲག་རྣག་ཆད་ནས་བཅད། སྦྲུལ་ཤས་རྗེས་ནད་གསོ་བ་ནི། སྦྲུལ་༦ཤསྲམ་༤ ཤམི་༦ཤགེ་ས༡ར། དངུལ༡་ཆུ། སྟར་༨ བུ། བྱང་༧པ། རྒྱ་༡ཚྭ། བྱེ་༡མ་མཚལ་དཀར་རྣམས་བཏང་བས་བུ་བཙས་འདྲ། རྗེས་ནད་སྦྱོང་འདིས་ཁྲག་ནད་ཆོད་ནས་བཅད། ཆུ་སེར་འདྲེན་བཤལ་གྱིས་བུ་སྣོད་གསོ་བ། པདྨ་གེ་ས༡ར། ནཱ་ག་གེ་ས༡ར། བསེ་༢རུ། རྒྱ་༢རུ། ག་དོ༢ར། ཏིལ་ན༢ག་ཀྱང༌། དཀར། ཐར་རྡོ༢ར། ཕྱེད། སོ་མ་རཱ་༢ཛ། རྒྱ་ཚྭ། ཚལ་འདུས་བྱང་པ། བྱེ་མ། སྡིག་སྲིན་རྣམས་ཀྱིས་བུ་སྣོད་ནད་རྣམས་སྦྱངས་ལ་ཆུ་སེར་ལེགས་པར་ཐོན་ནས་བཅད། བྱིས་པའི་འཇམ་བཤལ་གྱིས་བུ་ཆུང་གསོ་བ། ཀ་ར་སུག་སྨེ ༤ ལ། སྔོན་ཕྱེད། བུ་བུལ་ཏོ༡གགོ་ཐལ་རྣམས་མའི་ནུ་ཞོ་ལ་རྟ་བྱས་ཏེ་བཏང༌། ལུས་དྲོ་བ་གཅེས།བུ་ཆུང་འཇམ་བཤལ་འདིས་མ་ཞུ་བ་ཐོན་ནས་བཅད། གཞོན་ནུ་རྒྱུན་བཤལ་གྱིས་བུ་ཆུང་གསོ་བ། གུར་ཕྱེད་གུམ། སུག་སྨེ ༤ ལ༌། སྔོན་བུ་ཕྱེད། བུལ་ཏོག་ཕྱེད་རྣམས་ཆང་ལ་རྟ་བྱས་ཏེ་བཏང༌། ཟླ་བ་དུ་ལོན་པའི་ཚད་སྦྱོང་བར་བྱ། དང་ག་འགགས་པ་ཕྱེ་ནས་བཅད། ཕོ་གསང་བསྲེག་མ་ལ་ཟས་བཅུད་བཏང༌།
དལ་བ་གཅེས། ཧྱ་སྔགས་ཀྱིས་བསྲུང༌། རྡོ་བའི་ཁྲག་བཤལ་གྱིས་ནད་རྙིང་སྦྱོང་བ། ཅོང་ཞི་གྱོང་འདུ༡ལ། རྡོ་རྡོ་ཞོ་ཚྭ་༡ལ། རྩི་ཤྲཱི་ཁནྜ་ཚྭ་ལ། ཆུ་རྒྱ་ཚ་ཚྭ་ཆུ་རྩའང་ལ། སྔོན་བུ་བྱེའུ་སྒོང་གང་རྒྱམ༢་ཚྭ། དན་རོ ༧གལྕུམ༧་རྩ་རྣམས་བཏང༌། ནད་རོ་ཐོན་ནས་བཅད། གཟུང་འང༌། བཟང་དྲུག་རྒྱུན་སྦྱོང་གིས་བྱི་ནུ་བད་ཀན་ནམ།འཇོམས་པ། དན་རོ༦གདུར་བྱི༡ད། ཤྲཱི་༥ཁནྜ། ཨ་རུ་༡ར། སྒང་བའི་ཤ་དེ་རྣམས་ཕྱེ་མར་བྱས་ལ། ནུ་ཞོའམ་འོ་མ་ལ་རྟ་བྱས་ལ་ནང་དུ་སྨན་བཏང༌། ཕྱི་ནས་ཁ་སླེབ་ཏུ་གླན་ནོ། །རྒྱམ་ཚྭའི་རང་སྦྱོར་གྱིས་རྒས་པའི་ནད་སྦྱོང་ཞིང་གསོ་བ། རྒྱམ༤ ་ཚྭ། པི་ལི ༧ང༌། སྔོན༢་བུ། དུར་བྱི༣ད། ཤྲཱི་ཁ༢ན། མ༡་ནུ། གུར་གུ༡མ།སེ་༡འབྲུ། བུ་ར༡མ། ལྕུམ༢ ་རྩ་རྣམས་བཏང༌། ལུས་ཉམས་དང་བསྟུན་ཏེ་བཅད།ཤ་སྣའི་ཚོགས་སྦྱོང་གིས་གཉན་གཟེར། ཆེན་འང༌། སྦྱོང་བ། མི་༤ ཤསྲེ་མོ༡ང༌།ཏེལ་༢ལོ། སྦལ་༣ པ། སྦྲུ༣ལ་རྣམས་ཀྱི་ཤརྒྱམ༡་ཚྭ། དུར་བྱི༢ད། དན་རོ ༧གཤྲཱི་ཁ༥ན་རྣམས་བཏང་བས་ལྷོག་རོ་ཐོན་ནས་བཅད། གོ་ཐལ་རང་བཤལ་གྱིས་མ་ཞུ་སྦྱོང་བ། གོ་ཐལ། བུལ་ཏོགཚ་ལ། པི་པི་ལིང༌། དན་ར༥ ོགདུར་བྱི༡ད།སྔོན་༤ བུ་རྣམས་བཏང་བས་གཟེར་ཟུག་ཞི་ནས་བཅད། ཚད་པའི་སྤྱི་བཤལ་གྱིས་ཚད་རོ་དབྱུང་བ། སེ་རུལ་རྙིང་པ་དང་ལྕུམ་ལྕམ་རྩ་རྩ་ཆུ་ནང་དུ་སྦང་ལ།ཨ་རུ་ར་མཆུ་སྙུང་བཞི་བཏབ་པ་ཕུལ་ཕྱེད་ཙམ་བཏང་སྔོན་འགྲོ་དང་རྗེས་གཅོད་མི་དགོས་སོ། །འདི་ཡན་ཆད་ཤོག་དྲིལ་རྩ་བའི་སྨན་རྣམས་ཐམས་ཅད་ལ། སྦྱོར་སྡེ་འདི་མི་ཤེས་ན། ནད་འདི་གསོ་བའི་སྨན་པ་མིན་ཞེས་གསུངས་
པའང༌། སྨན་འདི་ནད་འདི་དག་གི་གཉེན་པོ་ཁྱད་པར་ཅན་ཡིན་པར་སྟོན་པ་ཡིན་ནོ། ། ༈ དཔྱད་ལྔའི་ནང་ནས་སྦྱོང་གི་སྡེ་ཚན་ལ། །རིལ་བུའི་གྲངས་དང་བཤལ་སྨན་བཀྲུ་བའི་ལུགས། །གདམས་པ་སྣ་ཚོགས་ཁ་འཐོར་ཕྱོགས་སུ་བསྡུས། །རེ་རེ་བསྟེན་ན་ཡིད་བཞིན་ནོར་བུ་འདྲ། །མི་རྡུག་མི་འབྱམ་རྣམ་གཉིས་སྣ་གཉིས་ནས་ཡོན་ཏན་ལྡན་འང༌། དོན་ལ་བདེ། །ལུས་ཟུངས་མི་འཕྲོག་འགལ་རྐྱེན་ནད་ལས་གྲོལ། །མ་ཞུ་ཡུལ་འདོན་ཆད་པའི་ཚེ་བསྲིང་ལ། །ལུས་བདེ་ཉམས་གསལ་སྐྲ་ནག་གཉེར་མ་མེད། །དྲན་གསལ་ཡིད་བདེ་ཉོན་མོངས་ཕྲ་བ་འཇོམས། །ཞེས་གསུངས་སོ། །བཤལ་གྱི་ལེའུ་སྟེ་བཞི་པའོ།། །།དེ་དང་རྗེས་འབྲེལ་དུ་སྐྱུག་དང་དཔྱད་ཀྱི་སྐོར་ཅི་རིགས་མདོ་ཙམ་གསུངས་པ།སྐྱུག་ལ་སྔོན་འགྲོ་དངོས་གཞི་རྗེས་དང་གསུམ། སྔོན་འགྲོ་ཞག་གསུམ་ལྔའི་གོང་ནས། །གང་གནོད་ཟས་རྣམས་བསྟེན་བྱས་བསླངས། །བསྐུ་མཉེ་ཐམས་ཅད་སྦྱོང་དང་མཐུན། །ཁྱད་པར་དུ་ཡང་མགོ་ལ་བསྐུ་མཉེ་བྱ། །དངོས་གཞིའི་སྨན་ནི་རི་ཤོ་དུར་བྱིད་ལ། །གསེར་གྱི་མེ་ཏོག་རྒྱམ་ཚྭ་ཤིང་མངར་དང༌། །སྦྱང་ཚེར་པ་དང་རེ་ལྕག་རྩ་བ་རྣམས། །རིམ་པ་བཞིན་དུ་རྩི་བཞིན་བཏགས་བྱས་ཏེ། །བད་ཀན་ཅན་ལ་ཆུར་ཁུ་དག་དང་སྦྱར། །ནང་དུ་རིལ་བུ་ཚུལ་བཞིན་མང་དུ་བཏང༌། །གྲེ་བར་བྱ་སྒྲོས་གྱེན་དུ་སྐྱུགས་པར་ནུས་པའོ། །དུར་བྱིད་ཀྱིས་ནི་ནད་གཞི་དམ་པོ་འགོག །རི་ཤོ་བས་ནི་སྟོད་ནད་ལམ་དུ་འདྲེན། །གསེར་གྱི་མེ་ཏོག་གསེར་འདྲའི་ནད་མཁྲིས་པ་འདྲ། རིགས་འཇོམས། །ཚེར་
མ་ཅན་གྱིས་སྦྱར་ཚེར་རམ་སྟར་བུ་འདྲ། གློ་བའི་ནད་རྣམས་འདྲེན། །པོ་སོ་ཆ་ནི་གཉེར་དང་ཡོན་ཏན་ལྡན། །ཉུང་ངུ་བཏང་ལ་མང་དུ་སྤྱད་པར་བྱ། །མང་དུ་བཏང་ལ་ཉུང་ངུ་སྤྱད་པར་བྱ། །འདི་དཔེ་ལ་ལར་མི་སྣང༌། རྐྱེན་དང་རང་བཞིན་ནད་རིགས་གང་ལ་ཡང༌། །སྤྱད་ནི་དཔྱད་ཀྱང༌། སྟོད་ནད་ཐམས་ཅད་སྐྱུགས་ཀྱིས་དྲངས། །སྐྱུགས་ཀྱི་རྗེས་གཅོད་ནད་རོ་མ་ལུས་པར། ཁྲག་ལ་སོགས་པ་མི་འདོད་མ་ཤར་ན། །ཡོན་ཏན་མར་དང་ཞོ་སྐོལ་དག་གིས་བཅད། །གདམས་པ་རིན་ཆེན་ལྡེའུ་མིག་ལས། སྐྱུགས་ཀྱི་ལེའུ་ལྔ་པའོ།། །།དེའི་རྗེས་འབྲེལ་དུ་འཇམ་རྩི་དང་གཏར་བསྲེག་མདོར་བསྡུས་གསུངས་པ།འཇམ་རྩི་ནི་རུ་ཧ་གཞན་བཤལ་དང་མཐུན། ངོ་བོ་བཤལ་ཡིན་རྐུབ་ནས་གྱེན་ལ་བཏང༌། །སྣ་རུ་སྨན་དྲི་བྲོ་ན་ལེགས་པར་ཏེ། །སྔོན་འགྲོ་མི་འཚལ་དངོས་གཞི་རང་ནས་འཇུག །ནི་རུ་ཧ་ནི་དེ་དང་ཆ་མཐུན་ལ། ཕལ་ཆེར་རྟ་ནི་དྲོ་འཇམ་ཆང་ལ་བྱ། །ནང་དུ་སུག་པ་བུལ་ཏོག་ཕབས་རྣམས་བཏབ། །བཏང་འང༌། ཤ་སྤ་ཡང་ནི་གཞན་རྣམས་བཤལ་དང་འདྲ། །མི་འདྲ་སྨན་ལ་གོང་བཞིན་ནང་ནས། རྩ་བའི་སྨན། །མི་འགྱུར་སྲོད་ལ་ཚལ་དུའང༌། བཏང་ནས་མར་ཁུ་བཏང༌། །དེའི་ཡོན་ཏན་སྨད་ནད་སྨད་དུ་འདྲེན། །ཞེས་གསུངས། གཏར་ཁའི་མཚན་ཉིད་རུང་དང་མི་རུང་དང༌། །ཡོན་ཏན་ཉེས་དམིགས་རང་བཞིན་ལྔ་རུ་འདོད། །ཁྲག་གི་ཚད་པ་འོག་ཏུ་ཕེབ་དང་ལྷུང༌། །གཟེར་ཆེན་གཟེར་ཆུང་ནད་རྙིང་འགའ་རེ་ལུས། །དེ་རྣམས་གཏར་བར་བྱ་བ་ཁོ་ན་ཡིན། །ལོ་
བཞི་མ་ལོན་པ་དང་བདུན་ཅུ་འདས། །ཁྲག་ཟད་ཟུངས་ཟད་སྦེག་དང་ལུས་སྙིགས་དང༌། །ངལ་དུབ་ཆེ་དང་ཁ་ཟས་མི་ཟ་དང༌། །འདར་དང་སྔངས་དང་བྲེད་དང་འཁོར་བ་དང༌། །ཡུན་རིང་སྐོམ་མེད་ཁ་ཟས་ལྷག་པར་ངན། །གྲང་དང་དམུ་ཆུ་སོགས་ལ་མི་རུང་ངོ༌། །ཡོན་ཏན་ལྔའམ་བདུན་ལ་སོགས་པ་སྟེ། །ནད་དངོས་བསད་དང་ཟུག་རྔུ་འབྱིན་པར་བྱེད། །སྙིགས་མ་འདོན་དང་གསར་པ་ལམ་ཞུགས་བསལ། །ཡོན་ཏན་རིན་ཆེན་གཏར་ཁའི་ཕན་ཡོན་ནི། །ཉེས་དམིགས་འཛེར་པ་སྐྱེས་དང་སྐྲངས་པ་དང༌། །རླུང་གི་སྦྱོར་བས་མྱུར་དུ་ཚེ་ལ་རྒོལ། །དེ་ཤེས་གཏར་ཁ་མཁས་ཞེས་དྲང་སྲོང་གསུངས། །གཏར་ཀའི་ངོ་བོ་གང་ལ་གཏར་ཀྱང་རུང༌། །བློ་ཕུག་སྒང་གཤག་དོལ་ཆོད་རྣམ་པ་གསུམ། །གནམ་བཏོལ་དག་དང་རྣམ་གྲངས་བཞི་རུ་བཤད། །ཞེས་གསུངས། གདབ་དམིགས་རྣམས་གསུངས་པའི་དོན་བསྡུས་ཏེ་བརྗོད་ན། རྣ་བ་གཉིས་ཀྱི་རྩེ་ནས་སྲད་བུ་འཐེན་པ། །བཞི་ལྟེབ་དེ་ཡི་གྱེན་དུ་གང་སླེབ་འཐེན། །ཁྱུང་རྩ་ཞེས་གསུངས་རྩ་བྱེར་ཆེན་པོ་ཡོད། །མགོ་ལྕེ་ཁྲག་དགྱེར་སོང་ན་དེ་ལ་གདབ། །རྣ་བའི་ཕྱི་མཆན་ལྟག་ཁུང་གཉིས་ཀྱི་ནང༌། །དཔྲལ་རྩ་རྩེའི་སྤུ་འཇམ་གྱེན་ལ་འཁྱིལ་བ་ན། །ལྟག་རྩ་ནག་པོ་ཞེས་བྱའི་རྩ་གཉིས་ཡོད། །རྩ་ཁ་གྱེན་དུ་ཡོད་པས་ཅུང་ཟད་གཤག །ལྟག་པ་རེངས་དང་མཇིང་བསྒྱུར་དཀའ་ལ་ཕན། །བཅུ་དྲུག་མདོ་ནས་གྱེན་དུ་འདྲ། ཚོན་དོ་གཞལ་བ་ན། །སྔོན་བུ་ཞེས་བྱའི་རྩ་ཡོད་དེར་གཏར་ན། །གློ་གཅོང་རིམས་ནད་ཚ་བས་འགགས་ལ་ཕན། །རྩེ
མགོ་ཞེས་བྱ་རྩེའུ་ཆུང་གི་རྩེ་མོ་འདྲ། ཡ་མ་དཀར་ནག་རྩ། །བརྒྱལ་འབོག་གླལ་དང་ལབ་འཆོལ་སྨྲ་ལ་གདབ། །མགོ་བོ་ཆག་དང་རྩ་བྱེར་སྙོགས་ལའང་ཕན། །མགོ་དང་མིག་གི་ནད་ལ་དཔྲལ་རྩ་གཏར། །རྣ་ནད་རྣ་རྩ་སྣ་མིག་ནད་ལའང༌།སྣ་རྩེར་གཏར། །ཁ་དང་ལྕེ་མཆུའི་ནད་ལ་རྐན་རྩ་གཏར། །འབྲས་དང་རྩིབ་ལོགས་ཟུག་གཟེར་གྱིས་ན་བར། །རྩིབ་ལོགས་མོན་རུ་མོན་ཆུང་གཏར་བར་བྱ། །རིམས་ནད་ཀུན་ལ་དཔྲལ་རྩ་ཁོ་ན་གཏར། །རྔབས་རྭས་འཇིབ་ན་ནད་རིགས་ཀུན་ལ་ཕན། །ཁུ་བ་འབྱམས་པར་ཕོ་མཚན་རྩ་ལ་འགྲམ། གཏར། །རྐང་པའི་རྟིང་པའི་དྲེག་མཚམས་བསྲེག་ཅིང་གདབ། །མིག་ནད་མ་ལུས་འབྱང་ཞེས་རྒྱུད་ནས་བསྟན། །སྙིང་རྩ་ཁྲག་གིས་གང་ཞིང་དབུགས་ཐུང་རྒོད། །ཨ་སོ་ལི་ཀ་གཡས་གཡོན་གྱི། གཉིས་ལ་གཏར་བར་བྱ། །ལྕེ་སྐམ་སྨྲ་དཀའ་མི་བདེ་སྐོམ་དད་ཆེ། །ལྕེ་ཡི་སྒབ་རྩ་ནག་གཡས་གཡོན་གཉིས་ལ་གཏར། །སྙིང་ང་སྙིང་གཟེར་ཐབས། གཞན་གྱིས་མ་འཚོ་ན། །རྒྱུ་མའི་གཉེར་མ་གསུམ་པར་ཚད་བཞིན་གདབ། །རྐང་མཐིལ་རྒྱུ་རྩ་མ་ཁུག་ཟེར་བར་རྐང་མཐིལ་གྱི་ཚད་ཀྱིས་སྲད་བུ་ཉིས་ཁུག་བྱས་པའི་དབུས་དེར་རྩེ་སོར་གཉིས་ཀྱི་ཚད་ཕུག་པ་ཁྲག་རིགས་རེ་ཟུང་འབྱུང་ངོ༌། །རང་མཆན་ནོ། །འཁྲུགས་རིམས་ཚད་པ་རྙིང་པར་སོང་བ་ལ། །ཨོལ་གོང་ཐོག་གི་སྙིང་རྩ་འགྲེང་བུ་གཏར། །གློ་བ་ཁྲག་གིས་གང་ཞིང་རྒྱས་པ་ལ། །གློ་བའི་ཨ་སོ་ལི་ཀ་གཉིས་ལ་གདབ། །ཨ་སོའི་གཞུག་གློ་བའི་སྒང་རྩའོ། །གློ་ཆུང་ལུ་དང་ལུད་པ་རྣག་ཁྲག་འཛག །དེ་ལ་གློ་བའི་སྒང་རྩ་གཉིས་པོ་གཏར། །ལག་པའི་གོང་
བུ་མཁྲིག་མའི། འབུར་བོའི་སྟེང་གནས་པའི། །གློ་བའི་བུ་རྩ་གྲེ་བ་འགགས་ལ་ཕན། །མཆིན་རྒྱས་མཆིན་ཁྲག་ཕོ་བར་ལུད་པ་ལ། །གྲུ་མོའི་རུས་འོག་འགོའང༌།མཆིན་པའི་ཨ་སོ་རུ་ཐུང་ངོ༌། །གཏར། །གློ་བ་མཆིན་པ་ཁྲག་གིས་འདེགས་པ་ལ། །གློ་མཆིན་འདོམ་པའི་རྒྱས་རྩ་ཕྲན་བུ་གཏར། །མཆིན་ཁྲག་ལོང་དུ་ལྷུང་ནས་འཐུམ་པ་ལ། །སྒྱིད་ཁུག་སྒབ་རྩ་གཉིས་དང་ལོང་རྩ་གཏར། །མཁྲིས་རྩ་རྣམ་གཉིས་དྲུག་འགོའི་འོག་འོག་ནས་བྲལ། ཏུ་འབྲེལ། །ཚུར་ལ་ཁྲིད་པས་གློ་རྩའི་གོང་དུ་འགྲིལ། །ཤ་རུ་མོན་རུ་གཉིས་ཀྱི་འོག་ཏུ་འབྱུང༌། །མཁྲིས་པའི་རྩ་ནི་དེ་ཡི་འོག་ཏུ་གནས། །དེ་ལ་གཏར་ན། མཁྲིས་པ་ཀྵ་ཡ་ཁ་ཤོར་ཚད་ནད་དང༌། །མིག་ཚག་ཁ་ལྕེ་སྐམ་པ་རྣམས་ལ་ཕན། །མཁྲིས་རྒྱས་མཁྲིས་པ་ཕོ་བར་ལུད་པ་ལ། །གཏར་ཀ་མཆིན་མཁྲིས་གཉིས་ཀྱི་རྩ་ལ་གདབ། །མགོ་ཡི་ནད་རྣམས་མཚོགས་མའི་གསང་ལ་གདབ། །སྨད་ཀྱི་རྩ་རྣམས་ལོང་རྩ་གཉིས་སུ་གདབ། །སྟོད་ཀྱི་རྩ་རྣམས་རྩེ་འགོ་གཞུག་ལ་འདུས་འང༌། གདབ། །བར་གྱི་རྩ་རྣམས་སྙིང་རྩ་རུ་ཐུང་ཡིན། །གཏར་གྱི་སྔོན་འགྲོ་སྐམ་སྙམ་འང༌། སྐོམ་མེད་འཁྱག་དང་ངལ་ཡིན་ནམ། ཆགས་དང་དལ། །སེམས་ལ་བྲེད་སྔངས་མེད་པ་མཆོག་ཏུ་བྱ། །དངོས་གཞི་བསྙལ་ཏེ་རེས་གཅིག་རྩ་སྦྲིད་དུ་གཞུག །བསྙལ་མ་ཐག་ཏུ་གཏར་བ་ཡོངས་མི་སྟེ་མི་ཐེག་བྱ། །གཏར་མ་ཐག་ཏུ་ལྷོད་པར་མ་བཤད་དོ། །རྗེས་ནི་དོན་དང་སྣོད་ཁྲག་གང་བྱུང་ངོ༌། །རླུང་ཁྲག་བྱུང་དབུ་བ་ཅན།ན་མྱུར་དུ་བཅད་པར་བྱ། །རྩ་ཁ་མི་འགྱུར་རིན་ཆེན་རྡོ་ཡིས་བསྲུང༌། མནན། །
རིན་ཆེན་ལྡེ་མིག་ལས་ལེའུ་དྲུག་པའོ། །མེ་བཙའ་ཐམས་ཅད་སྔོན་ཆད་གཞུང་དུ་བསྟན། །སྤྲ་བའི་ཚད་ནི་ནད་ན་ཚོད་ལུས་འདས་དང༌། ཀྱི་གནད་དང་སྦྱར། །མེ་ལ་དམིགས་ཡོད་དམིགས་མེད་ནད་བསྟན་གསུམ། །རྡོལ་ཆོས་ཅན་དང་བརྟག་དཔྱད་བྱས་པའོ། །འཕྲུལ་གྱི་སྨན་པ་བདག་གིས་འདིར་མ་བཀོད། །དེ་ལྟར་སྨན་དཔྱད་ཟས་དང་སྤྱོད་ལམ་ལས། །ཁ་ཟས་སྤྱོད་ལམ་རང་རང་ནད་དང་བསྟུན། །དེ་ལྟར་ཤེས་པའི། ན་ཡོན་ཏན་ནད་ལས་གྲོལ། །སྔོན་གྱི་མཁས་པ་ཀླུ་སྒྲུབ་སྙིང་པོས་གསུངས། །ཞེས་གསུངས་དེ་ལྟར་སྦྱོང་དང་དཔྱད་ཀྱི་སྐོར་སོང་ནས། །༈ ད་ནི་ཕྲན་ཚེགས་སྣ་ཚོགས་བསྟན་པར་བྱ། །གདམས་པའི་རིགས་ལ་སྣ་ཚོགས་མང་མོད་ཀྱི། །བདག་གིས་སྔོན་ཆད་གཞུང་ལས་མ་བསྟན་ཀྱང༌། །འདི་མི། འདྲའི་གསོ་དཔྱད་གཞུང་གཞན་སྣ་ཚོགས་དང༌། །བརྒྱད་པ་ལ་སོགས་བཀའ་ཡི་དགོངས་པ་དང༌། །སྲོ་མ་ར་ཙ་ཕན་པའི་མདོ་དང་ནི། མཁས་པ་དྲང་སྲོང་རྣམས་ཀྱི་གསུང་སྒྲོས་དང༌། །བསྟེན་པའི་བླ་མ་རྣམས་ཀྱི་ཐུགས་དགོངས་དང། །བདག་གི་ཡིད་ལ་ཤར་བའི་གདམས་པ་དང༌། །ཉམས་མྱོང་ཡིད་ལ་ཤར་བའི་ཟིན་ཏིག་དང༌། །མཆེད་གྲོགས་གཞན་ལས་རྙེད་པའི་སྦྱོར་སྡེ་དང༌། །དངོས་དང་དངོས་མིན་རྨི་ལམ་སྣ་ཚོགས་སུ། །མཁའ་འགྲོ་མ་དང་རིགས་གསུམ་སྤྲུལ་པ་ཡིས། །བྱེད་པ་མི་འདྲ་དུ་མ་བསྟན་པ་རྣམས། །འདིར་བཀོད་པ་ལ་ནོར་དང་འཁྲུལ་པ་མེད། །ལེའུ་རེ་རེས་འགྲོ་བའི་སྲོག་
མགོ་སྐྱོབས། །སྨན་པ་མང་པོ་ཚོགས་པར་གྱུར་ཙམ་ན། །ཕྱུག་པོའི་མཛོད་དང་སྤྲང་པོའི་སྒྱེ་བཞིན་དུ། །འབྱུང་དང་མི་འབྱུང་བྱེ་བྲག་ཤེས་པར་མཛོད། །དཀོན་ཟབ་གཞན་ལས་ཁྱད་པར་ཤིན་ཏུ་ཆེ། །ཞེས་སྨན་པའི་རྒྱལ་པོ་གུ་ཎ་ནཱ་ཐ་ཉིད་ཀྱིས་གདམས་ཤིང་ཕྲན་ཚེགས་ཀྱི་སྐོར་རིམ་པ་བཞིན་དུ་བསྟན་པ་ལས། །འཕྲུལ་གྱི་སྦྱོར་སྡེས་ཤུ་བ་སེལ་བར་བྱེད། །སྡོང་རོས། མུ་ཟི། རུ་རྟ།རི་བོང་རིལ་མ་བསྲེག་པའི་ཐལ་བ་འདི་རྣམས་མར་དང་སྦྱར་ལ་བྱུགབཅུད་བཏང་ངོ༌། །གྲི་རུས་སྦྱོར་སྡེས་ཤུ་བ་གསར་པ་སེལ། གྲི་རུས། བྱེའུ་རྐང་མར། སྲད་མ་སེར་པོ། ཕ་བོང་དྲེག་པ། ལི་ག་དུར་རྣམས་མར་ཁུ་དང་སྦྱར་ནས་ཤུ་བ་ལ་བྱུག་ནས་ཉི་མར་བསྲེགཁོང་དུ་ཆང་བཏང༌། ཆུ་རྩའི་སྦྱོར་སྡེས་ཤུ་བ་རྙིང་པ་སེལ་བ། ཆུ་རྩ། རྣམ་སྣང་གི་ཐལ་བ། གྲི་རུས་བུལ་ཏོག་རྣམས་ཤུ་བ་རྙིང་པ་ལ་མར་རྙིང་ཁ་ཚན་མོ་དང༌། གསར་པ་ལ་འོ་མར་སྦྱར་ལ་བྱུགཁོང་དུ་གསར་བཅུད་བཏང༌། རུས་པའི་སྦྱོར་སྡེས་ཤུ་བ་ཕྱང་འབྱང་བ་སེལ། །ཤ་རུས་དང་གནའ་རུས་ཀྱི་ཐལ་བ། །མི་རྟ་ཁྱི་གསུམ་གྱི་རུས་པས་བསྲེག་ཐལ། ཧང་ལེན་དང་སྤང་སྤོས་འདི་རྣམས་ཆང་དང་སྦྱར་ལ་ལུས་ལ་བྱུག་ནས་ཉི་མ་ལ་བསྲེགཤ་རུའི་སྦྱོར་སྡེས་ལྟོ་འཁྲུ་གཅོད་པར་བྱེད། ཤ་རུ་ལུག་རུ་གཙོད་རུ་གསུམ་ཞིབ་པར་བརྡུང་ལ་ཚོས་པར་བཙོ། །དེའི་ནང་དུ་སྨག་དང་ད་ཏྲིག་མོན་ཆར་སྦྱར་ལ་ཁོང་དུ་བཏང༌། །སྔ་ནས་ཁ་ཟས་གང་འཕྲོད་དེ་བཏང་བར་བྱའོ། །རྭ་སྦྱིན་སྤྲིན་ཟེར། སྦྱོར་སྡེས་ལོང་འཁྲུ་གཅོད་པར་
བྱེད། །དགོ་རུ་ཤ་རུ་རྣ་རུ་གཙོད་རུ་རྒྱ་རུ་དང་བྲག་སྐྱ་ཨ་བོ་གོ་སྙོད་གུར་རྒུན་འབྲུམ་ཟེར་དཔྱད། གུམ་རྣམས་ཆང་དང་སྦྱར་ལ་བཏང༌། ཤིང་ཀུན་སྦྱོར་སྡེས་ཡ་མ་དྲུངས་ནས་འབྱིན། ཤིང་ཀུན་གླ་རྩི་སྒོག་སྐྱ་རྣམས་མར་ཁུར་གདུས་ལ་རྣ་བར་བླུགདཔྱད་དུ་སྒོག་པའི་མེ་བཙའ་བྱ། སྣ་རྩེ་མཚོགས། གསང་གཏར། གསར་བཅུད་བཏང༌། རུ་རྟའི་སྦྱོར་སྡེས་གཉན་སྲིན་སྦྱོང་བར་བྱེད།རུ་རྟ་གླ་རྩི་ཤུ་དག་ཨ་རུ་ར། སྨན་ཆེན་འབྲུག་རུས་རྣམས་རིལ་བུར་བྱས་ལ་ཁོང་དུ་བཏང༌། སྨན་ནད་སྲུང་ཞིང་ཡ་མ་དང་གཉན་སྲིན་ལ་དེས་སྦྱོང་བྱ། སྡིག་སྲིན་སྦྱོར་སྡེས་ཆུ་སེར་འབྱིན་པར་བྱེད། སྡིག་སྲིན། བྱང་པ། བྱེ་མ།རྒྱ་ཚྭ། རྒྱམ་ཚྭའང༌། མ་རུ་ཙེ། ལང་ཐང་ཙེ། བྱི་ཏང་ཀ་རྣམས་ཆུ་ལ་རྟ་བྱས་ནས་རྣ་བར་བླུགཁོང་དུ་ཡང་བཏང་བ་ཆུ་སེར་ཡ་མའི་སྨན་ནོ། །ཨུཏྤལ་སྦྱོར་སྡེས་ཁྲག་ནད་སྦྱོང་བར་བྱེད། ཨུཏྤལ། བ་ཤ་ཀབ་ལེ་ཀམ་རུ་ཙེ། བྱི་ཏང་ཀལང་ཐང་རྩེ་རྣམས་ཆུ་ལ་རྟ་བྱས་ཁོང་དུ་བཏང༌། བད་ཁྲག་ཡ་མའི་སྨན་སྤྱད་ཡིན་ནོ། །ཁྲག་ཡ་མ་ལ་རྩ་དཀར་ནག་ལ་གཏར་ཀ་བྱ།འབྲུག་རུས་སྦྱོར་སྡེས་རུས་ནད་སྦྱོང་བར་བྱེད། འབྲུག་རུས། དུར་བྱིད། མཚེའི་ཁནྜ། བྱང་བ། བྱི་ཏང་ཀལང་ཐང་ཙེ། མ་རུ་ཙེ། ན་ལེ་ཤམ་རྣམས་མར་དང་སྦྱར་བ་མགོ་ལ་བྱུགས་པས་མགོ་རུས་ཀྱི་སྲིན་སེལ། རུལ་གཅོད་ཀྱང་ཡིན། ནག་པོའི་སྦྱོར་སྡེས་ནག་པོ་གསོད་པར་བྱེད། གླ་རྩི་ཤིང་ཀུན་ཤུ་དག་འོལ་མོ་སེ། གཡེར་མ། སླང་ཏྲེག་གླང་བསྲེལ་ཟེར། སྒོག་འདྲེག་ཨ་རུ་རའི་ཐང་
བྱ་ལ་མང་དུ་བསྟེན། འདི་ཡ་མ་ནག་པོ་འདྲ། རྩ་སྦྱོང་བྱ། དུད་པའི་སྦྱོར་སྡེས་ཡ་མ་འཇོམས་པར་བྱེད། ཤ་བ་དང་གླ་བའི་རུས་པ། ཤ་བ་དང་ཕག་གི་ཚིལ།ལྟེ་བརྒྱག་ཤུ་དགརང་འཐག་ལྟེ་ཕྱེ། ས་སྣ་བསྡུས་པ་ཕབས་དང་བཅས་པ་འདི་རྣམས་སྣ་ནས་དུ་བས་བདུགདེས་བྱུག་པ་ཡང་བྱའོ། །བྱུག་པའི་སྦྱོར་སྡེས་པགས་ནད་སེལ་བར་བྱེད། རྒོད་རྐང༌། མི་ཚིལ། རུ་རྟ། ཆུ་དགདུར་བྱིད། ཨ་རུ་ར། པདྨ་གེ་སར་རྣམས་མར་དང་སྦྱར་ལ་བྱུག་པ་བྱ་ཞིང་ཉི་མ་ལ་བསྲེགདང་ག་འགགས་ཞོ་དང་སྦྱར་རོ། །འདི་པགས་ནད་སྤྱི་དང་པགས་སྲིན་གྱི་ཡིན་འདྲ། རྒྱ་ཚྭའི་སྦྱོར་སྡེས་གྲང་སྲིན་འཇོམས་པར་བྱེད། རྒྱ་ཚྭ། བྱང་པ། དྭ་བ།ན་ལེ་ཤམ། སྒ་དམར། ཨ་རུ་ར། ལྕགས་དྲེག་སྤང་སྤོས་རྣམས་ཆང་གིས་ཕུལ། ག་བུར་སྦྱོར་སྡེས་ཚ་སྲིན་འཇོམས་པར་བྱེད། ག་བུར། ཅུ་གང་ལི་ཤིགངས་ཐིགཨུཏྤལ། སྟར་བུས་བཤིག་པའི་དངུལ་ཆུ་རྣམས་གངས་ཆུས་རིལ་བུར་དྲིལ་པ་ཚ་སྲིན་ལའོ། །དནྡའི་སྦྱོར་བས་སྲིན་རོ་འདོན་པར་བྱེད། དན་རོག་སྔོན་བུ་རྒྱམ་ཚྭ་སྲིན་ཤིང་སྤང་སྐམ་སྤང་སྤོས་མ་རུ་ཙེ་རྒྱ་ཚྭ་བཙན་དུག་འང༌།ཕ་བོང་དྲེག་པ་རྣམས་བྱིས་པའི་ཆུ་ལ་རྟ་བྱས་ཏེ་བཏང༌། སྲིན་སྡིག་སྲིན་ཀྱང༌།ཤིང་སྦྱོར་སྡེས་སྲིན་བུ་འཇོམས་པར་བྱེད། སྲིན་ཤིང༌། དཔེ་ལ་ལར་སྲིན་ཤིང༌། སྡིག་སྲིན་རྩད་དམ་དཔྱད། སྦང་རྟ་སྤང་འང༌། སྐམ། སྤང་སྤོས། སྤང་རྒྱན་སྔོན་པོ། བྲེ་ག་གླ་རྩི། སྒོག་པ་རྣམས་སྦང་མ་སྐམ་པོའི་ཐང་གི་རྟ་བྱས་ཏེ་བཏང་བས་སྲིན་བུ་རྣལ་བར་བྱེད་དོ། །མི་རུས་སྦྱོར་སྡེས་མགོ་རུས་ན་བ་གསོ། མི་ཐོད་བཙའ་
ཅན། ར་ཁྲགདབྱི་མོང་ནག་པོ། སྐྱེར་པའི་འབྲས་བུ། འབྲུག་རུས། རུ་རྟརྣམས་ཆུ་ལ་རྟ་བྱས་ཏེ་ཕུལ་བས་མགོ་སྲིན་གྱི་ནད་སེལ་བའི་དཔྱད་དོ། །སྤང་སྤོས་སྦྱོར་སྡེས་སོ་སྲིན་གསོད་པར་བྱེད། སྤང་སྤོས། སྤ་མ། གོ་སྙོད། ཕུར་མང༌། སྒོག་པ་རྣམས་རས་ཀྱིས་གཏུམས་ལ་མར་ནང་བཙོས་པ་སོ་བར་བཙིར།ཤ་དང་གྲིབ་བསྲུང་བར་བྱ། རྩ་བའི་སྨན་གྱིས་སྲིན་ཡིན་ནམ། ལོག་ནད་གསོ་བར་བྱེད། དུག་ཉུང༌། ཀ་པེད། རྒྱམ་ཚྭ། མ་རུ་ཙེ། ཡ་བཀྵ་ར། དྭ་རྒོད་རྩ་བ། སྲིན་ཤིང་འགེའུ་རྣམས་ཁོང་དུ་བཏང༌། སྦྱོང་ཐེངས་ལྔའམ་དྲུག་ཙམ་ན་བཅད་དོ། །རྩ་བའི་སྨན་ལྔས་སྲིན་བུ་གསོད་པར་བྱེད། ཕུར་མང༌། བྱི་ཏང་ཀལང་ཐང་རྩེ། དྭ་བའི་འབྲས་བུ། མ་རུ་ཙེ་ལྔའི་རིལ་བུ་ཆུ་སྐོལ་གྱིས་ཕུལ་ལ་ནམ་ན་དུས་ཟའོ། །དཔྱད་དུ་ལོང་རྩ་གཏར། དཔའ་བོ་ལྔ་ཡིས་བྱི་ནུ་གཉན་རིགས་འཇོམས། བ་བླའི་ཆུ། ཐར་ནུ། རྐང་གཅིགགུ་གུལ་ནག་པོ།དཔའ་བོ་སེར་པོ། ཨ་རུ་ར་སྨན་ཆེན་ལྔའི་རིལ་བུ་ཁོང་དུ་བཏང༌། དཀར་མངར་དམར་འང༌། སྐྱུར་གསུམ་སྤང༌། མི་རྟའི་ཞུད་བསྲུང་བྱི་ནུའི་དཔྱད་དོ། །ཕྱི་ཡི་བྱུག་པས་སྐྲངས་པ་འཇོམས་པར་བྱེད། ཕུག་རོན་དང་བྱ་ཝང་གི་རིལ་མ། མོན་བུ། སྤྲུ་བ་འདི་རྣམས་བྱུག་གོ །ཤུ་དག་བྱིས་པའི་ཆུ་དང་སྦྱར་ཏེབྱུགདངུལ་ཆུའི་སྦྱོར་བས་ནད་ཀྱང༌། ཁོང་ནས་སྲུང་བར་བྱེད། དངུལ་ཆུ་སྟར་བུས་བཤིག་པ་དང༌། ཚ་བ་གསུམ་གྱིས་ལུམས་དུག་བྱ་ཞིང་དུལ། དཔལ་བསད་ཨ་རུ་ར་ཤ་ཆེན་དང་སྦྱར། རིལ་བུ་བྲ་བའི་རིལ་མ་ཙམ་བྱས་ལ་ལྔ་
བདུན་གང་རིགས་བཏང༌། དཀར་དམར་འགྲུལ་འདྲེ་བསྲུང༌། དངུལ་ཆུའི་བཤལ་གྱིས་གྲང་ནད་སྦྱོང་བ། དངུལ་ཆུ། སྟར་བུ། རུ་རྟ། མུ་ཟི། སྔོན་བུ།དན་རོག་རྣམས་བྱིས་པའི་ཆུ་ལ་རྟ་བྱས་པའི་རིལ་བུ་ཆུ་བསྐོལ་གྱིས་ཕུལ་ལ་བཏང༌། རིལ་བུ་རེ་ལ་སྦྱོང་ཐེབ་རེ་འབྱུང་ངོ༌། །ཤ་མོའི་སྦྱོར་བས་ཤ་ནད་གསོ་བར་བྱེད། སྤང་ཤནགས་ཤགསེར་ཤ་མོ་རྣམས་བྲག་སྐྱ་ཨ་བོས་རྟ་བྱས་ལ་བཏང༌། ཆུར་འཇུགཉིན་གཉིད་བསྲུང༌། ཤ་ནད་ཀྱི་སྨན་ནོ། ཙན་དན་དྲུག་པས་ཀླུ་ནད་སྲུང་བར་བྱེད། ཙན་དན་དཀར་པོ། ཨ་རུ་ར། གླ་རྩི།གི་ཝཾ ། ཤུ་དགགུ་གུལ་གྱི་རིལ་བུ་རྣམས་ཀྱི་ཚད་ནི་ལུས་ཟུངས་དང་ལྟོ་དང་འཚམས་པར་སྦྱར་ལ་བཏང༌། བྱ་ཁྱུང་ལྔ་པས་རིགས་བཞིའི་ཀླུ་ནད་བསྲུང་བ། ཨ་རུ་ར་གསེར་མདོགརུ་རྟ་ཤུ་དག་གླ་རྩི་བོང་ང་རྣམས་ཀྱི་རིལ་བུ་བྲ་རིལ་ཙམ་ནད་དང་སྦྱར་ཏེ་བཏང༌། དཔའ་བོ་བཅུ་ཡིས་རིམས་ནད་སྲུང་བར་བྱེད། ཨ་རུ་ར། ཤུ་དགགི་ཝཾ། བ་བླ། གུ་གུལ། མུ་ཟི། ར་དུགསྦྲུལ་ཤགཉིས་མ་ཚང་བས་སླར་དཔེ་རྙེད་འཛུད། རྣམས་ཀྱི་རིལ་བུ་ནད་དང་སྦྱར་ཏེ་བཏང༌། བོང་ང་དྲུག་པས་ལྷོག་པ་འཇོམས་པར་བྱེད། བོང་ང་དཀར་པོ།སེར་པོ་ནག་པོ་དམར་པོ། ཨ་ཀྲོང་ར་དུག་པ། ཐར་ནུ་རྣམས་གྲངས་མི་འགྲིགས་དཔྱད།ཕག་ཚིལ་དང་སྦྱར་ལ་བཏང༌། སྨན་ནད་སྲུང༌། དཔའ་བོ་གསུམ་གྱིས་ཀླུ་དུག་སྲུང་བར་བྱེད། ག་བུར་གི་ཝཾ་གླ་རྩི་གསུམ་ཆུ་ལ་རྟ་བྱ། ཡང་ལུགས་གཅིག་ལ། རུ་རྟ། ཚནྡེ། ཨ་རུ་རའི་རིལ་བུ་ལྔ་བདུན་བཅུ་གཅིག་རིམ་བཏང་
བྱ། ཨུཏྤལ་སྦྱོར་སྡེས་ཚད་རྙིང་འབྱེད་པ། ཨུཏྤལ། གུར་གུམ་གི་ཝཾ་བོང་ང་དཀར་པོ་པདྨ་གེ་སར། ནཱ་ག་གེ་སར་རྡོ་མདུང་རྩེ་སྦལ་རྒྱབ་མཚལ་དཀར་སྲད་དཀར་སྤོས་དཀར་སྤང་རྒྱན་ཙནྡན་དཀར་པོ། ལི་ཤི་སུག་སྨེལ་ཨ་རུ་ར་ཏིགའང་མུ་ཟི་ཅོང་ཞི་འུ་སུ་རྫ་གསར་ལི་ག་དུར་ཙི་ཏྲ་ཀ་མ་ནུ་རུ་རྟ་བཅས་ཨུཏྤལ་ཉེར་ལྔས་ཚད་རོ་གཏིང་ནས་འདོན་ནོ། །ག་བུར། ཅུ་གང༌། གུར་གུམ། པདྨ་གེ་སར། ནཱ་ག་གེ་སར་ཙན་དན་གཉིས་ག་དུར་ཛཱ་ཏི་ཨུཏྤལ། བ་ཤ་ཀསླེཏྲེས།མ་ནུ། འབུ་སུ་ཧང༌། རྒྱ་རུ། བསེ་རུ། སྟག་ཤཀྱི་ལྕེ། སྟར་བུ། འུ་སུ། ཙི་ཏྲ་ཀཚ་ལ། ལྕགས་དྲེག་སྤང་སྤོས། ཨ་རུ་ར་རྣམས་ག་བུར་ཉེར་ལྔ་སྟེ། སྨན་རྟ་ན་ཚོད་དང་བསྟུན་པའི་ཡང་ཚད་རྙིང་འདོན་པའི་སྨན་ནོ། །མ་ནུ་བདུན་སྦྱོར་ནད་རོ་འདོན་པར་བྱེད། མ་ནུ་སླེ་ཏྲེས་བྲག་ཞུན་པྲི་ཡང་ཀུ་བཞི་ཐང་བྱས་ལ། སེ་འབྲུ་སུག་སྨེལ་གུར་གུམ་གསུམ་ཁ་ཚར་བཏབ་ལ་བཏང༌། དྲོ་གྲང་ན་སོ་དང་སྦྱར། སེ་འབྲུ་བདུན་སྦྱོར་དང་ག་འབྱེད་པར་བྱེད། སེ་འབྲུ་ཤིང་ཚྭ་སུག་སྨེལ་པི་ལིང་མ་ནུ་བཅའ་ལྒ་ཀ་ར་དང་བཅས་བདུན་པོ་ཞིབ་བཏགས་ཆུ་སྐོལ་དབུལ། ཛཱ་ཏི་བརྒྱད་པས་ཕོ་བའི་མེ་དྲོད་བསྐྱེད། ཛཱ་ཏི་ཤིང་ཚ་ཀ་ཀོ་ལ་རྒྱམ་ཚྭ་ཕོ་བ་རིས་ན་ལེ་ཤམ། སྒ་སྐྱ་ཚ་ལ་དར་བ་བསྐོལ་བས་འཕུལ་ལ་ནང་ནུབ་བཟའོ། །ཀ་པེད་སྦྱོར་སྡེས་མེ་དྲོད་གསོ་བར་བྱེད། ཀ་པེད་ཛཱ་ཏི་ཀ་ཀོ་ལ། སྒ་སྐྱ་པི་ལིང་རྒྱམ་ཚྭ་ཁ་རུ་ཚྭ། ཟེཚྭ་ཐལ་ཚྭ་ལྕེ་མྱང་ཚྭ། ཅོང་ཞི་རྣམས་ཆང་གིས་ཕུལ་ཏེ་བཏང༌། སྦྲུལ་ཞགས་
སྦྱོར་སྡེས་ཆོམ་བུ་ལུགས་པ་སེལ། སྦྲུལ་ཞགས། ད་ཏྲིགསྨག་མོན་ཆ་ར།སྨན་སྒ། ཆུ་ཕྲོམ་པ་རྣམས་མར་ཁུ་ལ་རྟ་བྱས་ཏེ་བཏང༌། ཕོ་གསང་བསྲེགཟས་བཅུད་ཅན་བཏང་ངོ༌། །རྒྱ་རུའི་སྦྱོར་སྡེས་སྲིན་སྐྲངས་སམ་རང་གྱི་ཆུ་སྐེམ་པར་བྱེད། རྒྱ་རུ་དང་ཤ་རུ་ར་རུ་རྟ་རུས་བཙའ་ཅན། འགྲོན་བུ། རྡོ་ཚྭ་ལ་རྣམས་རྒོད་རྐང་ལ་རྟ་བྱས། ཆང་དང་སྦྱར་ལ་བྱུགཉི་མ་ལ་བསྲེག་གོ །བསེ་རུའི་སྦྱོར་སྡེས་བར་ཆུ་སྐེམ་པར་བྱེད། །བསེ་རུ་དང་དངུལ་ཆུ་སྟར་བུ་རྣམས་ཁོང་དུ་བཏང༌། མི་ཐོད་རྟ་ཐོད་ཕྱི་བའི་ཐོད་པ་རྣམས་ཕྱི་ནས་བྱུགདབྱི་མོང་དཀར་པོའི་ཁུ་བས་སྨན་རྣམས་ཕུལ། ལོ་མར་དང་ཞོ་གང་དགའ་དང་ག་དང་བསྟུན་པར་བྱས་ཏེ་བྱུག་པར་བྱའོ། །ཐང་ཆུའི་སྦྱོར་སྡེས་དྭངས་སྙིགས་འབྱེད་པར་བྱེད། སྤོས་དཀར། སོ་མ་ར་ཙ། ཨ་ག་རུ་པི་ལིང་འབྲུག་རུས་ཙནྡན་དམར་པོ་རྣམས་ཐང་བྱ་སྟེ་ང་མཁྲིས་བད་ཀན་འདོམས་པ་ལའོ། །གུ་གུལ་ཐང་གིས་གཉིད་འཐིབ་སེལ། གུ་གུལ། ཙནྡན་དཀར་པོ། སྤང་རྒྱན་དཀར་པོ། བ་ལེ་ཀསླེ་ཏྲེས་རྣམས་ཐང་བྱས་ལ་གུང་གཉིས་སུ་བཏང༌། སྣ་རྩེ་མཚོགས་གསང་གཏར། སློང་སྨན་དྲུག་གིས་མཆེ་བའི་ཟུག་གཟེར་སློང༌།རྟ་སྦང༌། ལྷྭམ་ཀྲད། སྐྲ་ཆུ་འདི་རྣམས་ཁོང་དུ་བཏང༌། མར་མེ་དང་མེ་ལོང་བསྟན་ཞིང་རོལ་མོ་རྣམས་བྱས་པས། སྦུ་ཟིང་བྱེད་པ་དང༌། སྐྱིགས་བུ་དང༌།གླལ་བ་དང༌། སྦྲིད་པ་འབྱུང༌། མིག་རེས་ལྕེ་གཞུང་དཔེ་ལྟ་དགོས། བརྟགཁྱི་དུག་སློང་བར་བྱེད་པའི་སྨན་ནོ། །དེ་ལྟར་བསླང་ནས་ལངས་པའི་རྟགས་
བྱུང་ན། །གསོད་སྨན་དྲུག་གིས་མཆེ་བའི་ཟུག་གཟེར་གསོད། ག་བུར། ཅུ་གང༌། གླ་རྩི། གི་ཝཾ། རྡོ་དྲེག་གསུམ། ཕ་བོང་ལོང་བུ། སྨུག་པོ་སྦལ་རྒྱབ། བྱེའུ་མགོ། མཆན།གུར་གུམ་འདི་རྣམས་ཕྱེ་མར་བྱས་པ་སྔོ་མ་ནུའི་ཐང་ལ་རྟ་བྱས་ཏེ་གུང་གཉིས་བཏང༌། དེ་ཡང་ཡུན་རིང་ལུས་ན་རྡོ་སྨན་ཁོ་ན་བསྔགས། །གསར་དུག་ཡིན་ན་རྩི་སྦྱོར་རྐྱང་པས་ཐུབ། རྡོ་ལ་བསྔགས་པ་སྨུག་པོ་སྦལ་རྒྱབ་ཡིན། རྩི་ལ་བསྔགས་པ་མ་གླ་རྩི་ནུ་ནག་པོ་ཡིན། །སྨན་ལ་བསྔགས་པ་བོང་ང་དཀར་པོ་ཡིན། །སྔོ་ལ་བསྔགས་པ་བདུད་རྩི་དར་དར་ཕྱར་ཡིན། ཕྱར་ཡིན། །རྟ་རུ་བསྔགས་པ་ལོ་བརྒྱད་བྱིས་པའི་ཆུ། །གྲོགས་སུ་བསྔགས་པ་སྨན། བཟང་པོ་དྲུག་པོ་ཡིན། །འདི་རྣམས་བསྡེབས་ལ་ཁོང་དུ་གསོད་སྨན་བཏང༌། །རྒྱབ་ཆོག་རིམ་གྲོ་ཁྱི་ཡི་ཁ་དོག་བསྟུན། །ཞེས་གསུངས་སོ། །སྤོས་དཀར་སྦྱོར་སྡེས་གཟའ་བདུན་བཙོན་དུ་འཛིན། །ཐམས་ཅད་སྤྱི་ལ་སྤོས་དཀར་པ་ཝ་སངས་ལ་ཙནྡན། སྤེན་པ་ལ་རུ་ཨ་རུའང༌། རྟ། དམག་དཔོན་ལ་ཐར་རུ་རྟའང༌། ཀ་རྡོ་རྗེ།ཉི་མ་ལ་མཚལ། ཟླ་བ་ལ་ཨ་རུ་ར། ལག་པ་ལ་གུ་གུལ། ཕུར་བུ་ལ་གི་ཝཾ་བཏང་སྟེ་དུད་པས་ངོས་བཟུང་ངོ༌། །ནག་པོ་བརྒྱད་ཀྱིས་དྲང་སྲོང་དུག་དཔལ་གསོད། ཡུགས་ས་མོའི་དོར་རྟ། མཛེ་ཕོའི་སོ། ཁྱི་སྨྱོན་གྱི་སོ། ནལ་བུའི་ཤགུ་གུལ་བཟའ་དུག་པ། ཨ་རུ་ར། གླ་རྩི། མངལ་ཁྲགགྲི་ཁྲག་སྦྱར་ལ་བཏང༌།བསེལ་པོ་བརྒྱད་ཀྱིས་མེ་གཟའ་དྲུངས་ནས་འབྱིན། ག་བུར། ཅུ་གང༌། ལི་ཤིཙན་དན་དཀར་པོ། བོང་དཀར། རུ་རྟ། གུར་གུམ། འབྲུག་རུས་རྣམས་གངས་
ཆུ་ལ་རྟ་བྱས་ཏེ་བཏང༌། རྩུབ་པོ་བརྒྱད་ཀྱིས་གཟའ་ཡི་རང་བཞིན་འདུལ།བོང་ང་ནག་པོ། རྒོད་ཁྲག་གཙོད་ཁྲག་ག་བུར། ཙན་དན་གཉིས། རུ་རྟ།འབྲུག་རུས། ཨ་ཀ་རུ། ཛཱ་ཏི་རྣམས་ཆུའམ་ཆང་ལ་རྟ་བྱས་ཏེ་ཕུལ། འཕྲ་བ་བརྒྱད་ཀྱིས་ཆུ་གཟའ་དྲུངས་ནས་འདོན། པདྨ་གེ་སར། ན་ལེ་ཤམ། སོ་མ་ར་ཙ། རྒྱམ་ཚྭ། ཤིང་ཚྭ། ལྕེ་མྱང་ཚྭ། ཐལ་ཚྭ། སུག་སྨེལ་རྣམས་ཛཱ་ཏིའི་ཐང་ལ་རྟ་བྱས་སྲོད་དང་སྔ་དྲོ་བཏང༌། རྩི་སྦྱོར་བརྒྱད་ཀྱིས་ང་གཟའི་ཡུལ་མཁར་འདོན། གླ་རྩི། ཤིང་ཀུན། བྲག་ཞུན། སྤོས་དཀར། ཛཱ་ཏི། ཀ་ཀོ་ལ།སྒོག་སྐྱ་རྣམས་རྟ་རུས་ཀྱི་ཐང་གིས་དབུལ། རླུང་གསང་བསྲེག་གོ །རྩ་བ་སུམ་ཅུས་ལྡན་པའི་དྲང་སྲོང་དབྱུང༌། གི་ཝཾ། གུ་གུ༡ལ། གུར་གུ༢མ། བྲག་ཞུན། ཙན་དན་བདུན་པ། ཛཱ་ཏི། ཁ་རུ་ཚྭ། ནཱ་ག་གེ་སར། སྙིང་ཞོ། རུ་རྟ། དུར་བྱིད།ན་ལེ་ཤམ། འབྲུག་རུས། ཀྱི་ལྕེ། ཨ་རུ་ར། རྩ་བ་ལྔ་དབང་ལག་རྣམས་མ་ཚང་དཔེར་བལྟ། ཆུ་དང་མར་ལ་རྟ་བྱས་ཏེ་བཏང༌། རྒོད་པོ་བརྒྱད་ཀྱིས་གཟའ་མཁར་གཏིང་ནས་བཤིགཧ་ཤིགསྦལ་རྒྱབ། མདུང་རྩེ། རུ་རྟ། ཨ་རུ་ར་འབྲུག་རུས། ཤིང་ཀུན། ཤུ་དག་རྣམས་ཆང་ངམ་ཆུ་ལ་རྟ་བྱས་ཏེ་བཏང༌།གཏར་བསྲེག་གཉིས་བྱ། རྩ་ལྟོ་སྦྲགས་མས་སྤྲུག་ལ། གཟའ་རོ་དྲུངས་ནས་འདོན། དན་རོག་བདུན། དུར་བྱིད། ཤྲཱི་ཁན། སྔོན་བུ། ཨ་རུ་ར། བྱང་པ་བྱེ་མ་སྡིག་སྲིན། སྤོས་དཀར། མཚལ། རྒྱ་ཚྭ་རྣམས་ཞོ་དང་ཆུ་བསྐོལ་བའི་ཐང་གིས་དབུལ། རྩ་བའི་ཐང་གིས་མོ་ནད་ངོས་འཛིན་བྱ། རྒྱ་ཚྭ་སྦྲུལ་ཤམ་ནུ།
བཅའ་ལྒ། སྲམ་ཤ་རྣམས་ཆུ་ལ་རྟ་བྱས་ཏེ་བཏང༌། མེ་ལ་བརྟེན། རྔུལ་དབྱུང་བྱ། གླལ་བ་དང་སྦྲིད་པའོ། །ཁ་སོ་ཐམས་ཅད་སྲུང་ལ་བརྟག་གོ་ཞེས་འདུགསྦྲུལ་ཤའི་སྦྱོར་སྡེས་བུ་སྣོད་ནད་རྣམས་དབྱུང༌། སྦྲུལ་ཤདྲོད་སྨན། ཀ་ཀོ་ལ།དནྡ། དུར་བྱིད། བྱང་པ། རྒྱ་ཚྭ། འོལ་མོ་སེ་འདི་རྣམས་བཏང་བས་རྣག་ཁྲག་འདེད་དོ། །ལི་ཤིའི་སྦྱོར་བས་མངལ་གྱི་ཚད་པ་སེལ། ལི་ཤི སྤང་རྒྱན། སྤང་སྤོས། རྒྱ་ཚྭ། འུ་སུ་བཅའ་ལྒ་འདི་རྣམས་ཆུ་ལ་རྟ་བྱས་ཡང་ཡང་བཏང་བ་གཅེས་སོ། །ཙན་དན་སྦྱོར་བས་མངལ་གྱི་ཚད་པ་སེལ། ཙན་དན་གཉིས།རུ་རྟ། ཨ་རུ་ར། གུར་གུམ། སྲམ་ཤབོང་ང་དཀར་པོ་རྣམས་ཆུ་ལ་རྟ་བྱས་ཏེ་ཉུང་ཙམ་རེ་ལན་མང་བཏང་ངོ༌། །སྲམ་ཤའི་ཚོ་ཁུས་ལུས་ཀྱི་ཆུ་སེར་སེལ།སྲམ་ཤལུག་ཤགླང་ཤར་ཤ་རི་དྭགས་སྣ་ཚོགས་ཀྱི་ཤ་འདི་རྣམས་འོ་མ་ལ་འཚོད་པའི་ཁུ་བ། ཚོད་ཁུ་བཏབ་ལ་བལྟ་ཟེར་བརྟགབཏང་སྙམ་བསྲུང་ཞིང་བསྐུ་མཉེ་བྱའོ། །གེ་སར་སྦྱོར་བས་བུ་སྣོད་ཆུ་རུལ་སྐེམས། པདྨ་གེ་སར། ནཱ་ག་གེ་སར། ཨ་འབྲས། ཡ་བཀྵ་ར། སྲམ་གྱི་བྲང་ཤལུག་ཤ་ཚང་ར། ཨ་རུ་ར་མཆུ་སྙུང་ཤུ ན་པ། རྣམས་མཛོ་མོའི་འོ་མས་རྟ་བྱས་ལ་བཏང༌། རུ་རྟའི་སྦྱོར་པས་ཚང་རུས་ཚད་པ་སེལ། རུ་རྟ་འབྲུག་རུས། སྟར་བུ། བ་ལེ་ཀབསེ་ཡབ།གུར་གུམ་རྣམས་ཆུ་ལ་རྟ་བྱས་ཏེ་བཏང༌། ཛཱ་ཏིའི་སྦྱོར་བས་ཐོར་བུའི་ང་རྣམས་སྲུང༌། ཛཱ་ཏི་ལུག་རུས་གུ་གུལ། ཤིང་ཀུན་སྒོག་པ་རྣམས་བུར་ཆང་སྦྱར་ལ་བཏང༌། དུག་ལུམས་བྱུག་པ་རྔུལ་དབྱུང་བྱ། མོ་ནད་རིགས་ཀྱི་སྨན་
གཞུང་ན་གསལ། མོ་ནད་རིགས་ལ་མང་དུ་ཡོད་ཀྱང་གལ་ཆེ་མདོ་དོན་ཚ་གྲང་གཉིས་སུ་འདུས་པས། ཚ་བ་ཡིན་ན་གུར་གུམ་སྲམ་ཤ་དང༌། འོལ་མོ་སེ་ཡི་རྩ་བ་མཆོག་ཏུ་བཤད། གྲང་བ་ཡིན་ན་རྒྱམ་ཚྭ་ཀ་ཀོ་ལ། བྱ་ལེགལེག་པའི་ཤ་དང་ཉ་སྦལ་རྩངས་པའི་ཤ།མཆོག་ཏུ་འོལ་མོ་སེ་ཉིད་ཁོ་ན་བསྐྱེད། །རུལ་བ་ལ་ནི་འཇམ་རྩི་རྩི་འཇམ་ཟེར་དཔྱད། མང་དུ་བཏང༌། །རྣག་ཁྲག་འཛག་ལ་རྩ་སྦྱོང་རྒྱས་པ་བྱ། །དེ་ཡི་སྨན་ཕྱེད་རྒྱ་རུ་བསེ་རུ་དང༌། །ཆུ་སེར་སྨན་བརྒྱད་འོལ་མོ་སེ་ཡང་བཏང༌། །ཀ་ཀོ་ལ་དང་འོམ་བུའི་བལ་ལུའི་ལོ་མ་བཏང༌། །མཁལ་སྐེད་ན་ན་གླ་རིལ་དུག་གིས་བསྲོ། །མགོ་བོ་ན་ན་དུར་བྱིད་བསྐུ་མཉེབྱ།།རོ་སྟོད་ན་ན་ཛཱ་ཏིའི་ཆིག་ཐང་བཏང༌། །འདི་ལ་གཏར་བསྲེག་བཤལ་གསུམ་བྱ་བ་བསྔགས། །ཁྱད་པར་དུ་ཡང་མཁལ་མའི་རྩ་ལམ་སྦྱངས། །དེ་ལྟར་ཤེས་ན་མོ་ནད་དྲུངས་ནས་འབྱིན། །དང་ག་འགགས་ན་ད་ལིའི་སྦྱོར་བའམ། །སེ་འབྲུ་བརྒྱད་པ་སྦྱར་ཞིང་སྣོད་ཀ་གཏར། །ལུས་ཉམས་ངན་ན་ཤེད་བསྐྱེད་ཏིང་ཁྲོལ་སྦྱར། །ཏིང་ ཁྲོལ་སྨན་ལ་འབྲས་གསུམ་རྩ་བ་ལྔ། །དེ་ཡི་སྟེང་དུ་སྐེམ་དང་ཚྭ་སྨན་བཏང༌། །སྦྲང་དང་བུ ་རམ་སུམ་ཆ་སུམ་གཉིས་བྱ། །དེ་རྣམས་ཟོས་པས་དང་ག་མ་བདེ་ན། །ལུས་དང་བསྟུན་པའི་རྩ་ལྟོ་འཕྲུལ་དུ་སྦྱང༌། །འདི་ལ་རྒྱས་པ་མོ་ནད་གཟེར་བུ་དང༌། །བྱང་ཁོག་དམར་བྱད་རྒྱུད་ལ་ལེགས་པར་ལྟོས། །ཞེས་གསུངས། དནྡའི་སྦྱོར་བས་མོ་ནད་ལྟོ་ནས་སྦྱོང༌།དན་རོག་རྒྱ་ཚྭ་དུར་བྱིད་ཤྲཱི་ཁན་རྒྱམ་ཚྭ་སྤོས་དཀར་ཆུ་སེར་སྨན་བརྒྱད་རྣམས་
རྟ་ཆུ་ལ་བྱས་ཏེ་བཏང༌། རྒྱ་ཚྭའི་སྦྱོར་སྡེས་མོ་ནད་རྩ་ལམ་ལས། སྦྱོང༌། རྒྱ་ཚྭ་བྱང་པ་བྱེ་མ་སྡིག་སྲིན། བ་ཤ་ཀསྤོས་དཀར་སོགས་ཆུ་སེར་སྨན་བརྒྱད་བཞིས། རྣམས་ལྕམ་པའི་ཐང་གིས་རྟ་བྱས་ཏེ་ཕུལ། ཚྭ་དང་སྤོས་དང་གླ་རིལ་གྱིས་དུགས་བྱས་ཏེ་སྐམ་འཕུར་རློན་འཕུར་བྱའོ། །སྤྲ་བའི་སྦྱོར་བས་མོ་ནད་གསང་རྣམས་སྲུང༌། སྒྱིད་མ་གཉིས། མཁལ་མ་གཉིས། ཚིགས་པ་བདུན་པ།ཕོ་གསང་བར་མ། བཅུ་དྲུག་མདོ་རྣམས་སུ་མེ་བཙའ་གདབ་དང་ཚྭ་དང་སྤོས་དང་གླ་རིལ་གྱིས་དུགས་བྱའོ། །ཁྲག་ནད་བྱུང་བས་མོ་ནད་རྩར་འགྲམ་འདོན། །ལོང་རྩ་གཉིས། བྱིན་གཞུག་གཉིས། ཡོབ་ཆེནའང༌། གོང་གཉིས། སྨད་ཀྱིརྩ་ཕྲན་རྣམས་གང་བབ་གང་བདེར་གཏར་རོ། །སྐམ་པའི་བཅུད་དང་ཡང་བའི་ཟས་སྨན་གཏོང༌། སྨན་མར་ཀྱང་བཏང་ངོ༌། །སྒོ་ངའི་སྦྱོར་སྡེས་མངལ་གྱི་དུག་རིགས་དབྱུང༌། ཁྲའི་སྒོ་ང་སོགས་ཀྱི་ཆད་ཞག་གཉིས་ཀྱི་འཁྲུལ་འཁོར་བྱ།སྲམ་སྦྲུལ་སྦལ་པ་ཉའི་ཤ་དང་རྒྱ་རུ་ལྟོར་བཏང་ངོ༌། །ཁབ་ལེན་སྦྱོར་སྡེས་ནད་རོ་ཁོང་ནས་འདོན། རྡོ་ཁབ་ལེན། མདུང་རྩེ། རྡོ་རྒྱུས། གངས་ཐིགསྐྱུ་རུ་ར་འདི་རྣམས་ཁོང་དུ་བཏང་ན་ང་མཁྲིས་བད་ཀན་གྱི་ནད་གང་ཡིན་དེའིརྟགས་འོང་ངོ༌། །སྲད་མའི་སྦྱོར་བས་ཚིགས་པ་འཁྲུམ་པ་བསྲིང༌། སྲད་མ་སྣེའུ་སྤྲུ་བ་མཚེ་འོམ་བུ་མོན་ལུག་གླ་རིལ་མའང༌། རྩི་རྣམས་ཀྱིས་དུགས་བྱ། དེས་གཟེར་བཅག་གོ །འབྲི་མོག་སྦྱོར་སྡེས་སྐྲངས་པའི་བུག་རྡོལ་གསོ། འབྲི་མོག་ཀ་ར་མར་དཀར་དང་སྦྱར་ལ་བྱུགཡང་ཀ་ར་བུར་དཀར་ཞོ་དང་སྦྱར་ལ་བྱུག
མང་དུ་བཏང་ངོ༌། །ཐང་ཆུའི་སྦྱོར་སྡེས་ཡན་ལག་ཆུ་ཤོར་གསོ། སྤོས་དཀར།ཐང་ཆུ། རྒྱ་ཚྭ་རྡོ་ཐལ། རྟ་སྤང་བྱ་བལ་མ། ལྕི་བ་སེར་ཀ་མ། གཡེར་མ་རྣམས་ཆུ་ལ་རྟ་བྱས་མང་དུ་བཏང༌། ཉུང་མའི་སྦྱོར་སྡེས་ཡན་ལག་ཆུ་ཤོར་གསོ། རི་ཡི་ཉུང་རིལ་མའི་ཟེར། མ། ཚྭ་ལ་ཤུ་དག་གྲོ་དྲོན་མོས་གཡོགས་ཡིན་ནམ་བ།ཞག་གཅིག་གཉིས་ནས་ཟན་དྲོན་བསྲེའོ། །ཆུ་ལ་བརྒལ་བར་མི་བྱ། སྤང་རྒྱན་སྦྱོར་སྡེས་གྲེ་བའི་འབྲུམ་པ་སེལ། སྤང་རྒྱན་དཀར་སྔོན་ཁྲ་གསུམ། ཤུ་དག་མཚལ། སྦལ་རྒྱབ། བྱང་པ་རྣམས་ཀྱི་ཕྱེ་མ་གྲེ་བ་ལའོ། །ཆུ་མི་བཏུང་པར་ཚ་གྲང་གི་ཐང་བསྟེན་ནོ། །ན་ལེའུ་སྦྱོར་སྡེས་ལྟོ་གཟེར་སྐྱུག་པ་ཟོས་གཅོད།ལ་ཕུག་སྐམ་པོ་གྲོ་ཡི་ཆང་ཐང༌། གིས་འཐུང༌། ཐོང་ཀ་ལ་སློ་དུགས་བྱ། དྲོ་ཡིན་མ་དག་སྤྲལ་བར་མེ་འགུལ་ལོ། །ཏིག་ཏའི་སྦྱོར་བས་ཆང་ནད་དམ་པོ་སེལ།ཏིག་ཏ་དྲུག་རིགས་འདྲ། གུ་གུལ་དང་འབྲུག་རུས་ཀྱི་ཐང་བྱ། མཚོགས་སྣ་རྩེ་གཏར་རོ། །སོག་ཡུའི་སྦྱོར་སྡེས་མ་ཞུའི་གྲོང་ཁྱེར་འཇོམས། སོག་ཡུ།བྱེའུ་མཆིལ་པའི་རིལ་མ་གྲོ་སོག་ཚིགས་པ། སྙ་ལོའི་རྩ་བ་ཅོང་ཞི། ན་ལེ་ཤམ་རྣམས་ཀྱི་ཁུ་བ་དྲོན་མོ་བསྟེན། དར་བ་བསྐོལ་བ་བཏང༌། བྲག་ཞུན་སྦྱོར་བས་མཆིན་པའི་གཏིང་ཚད་སེལ། བྲག་ཞུན། ལྕགས་དྲེགཔྲི་ཡང་ཀུ་རྣམས་ཐང་བྱས་ལ་བཏང༌། གཅིག་གཉིས་གསུམ་ཙམ་སྐྱུག་ན་ལེགས་པ་ཡིན། མཆིན་ཁ་མེས་བསྲོ། སྦལ་རྒྱབ་སྦྱོར་སྡེས་ལྕེ་འབྲས་གཏིང་ནས་འདོན། རུ་རྟ། སྦལ་རྒྱབ། རྒྱ་ཚྭ། རྭ་གཞོབ། ཐང་ཕྲོམ་རྣམས་ཀྱི་ཕྱེ་མ་རྣམས།
ལྕེ་ཟོར་བརྒྱབ་ནས་རྨ་ལ་བཏབ། ཚྭ་ཞོ་བཏང༌། ཆང་སྲུང་ཞེས་སོ། །ཕྲན་ཚེག་སའདི་༦ ལ༣་ཙམ་དྲུག་འདྲ། དེ་ལྟར་སྨན་གྱི་བསྟན་བཅོས་ལེའུ་བརྒྱ་ལྔ་བཅུ་རྩ་གཅིག་གི་བདག་ཉིད་ཅན་རྫོགས་སོ། །༈ དེ་ཡང་རྗེ་གཡུ་ཐོག་པའི་ཞལ་ནས། གསོ་དཔྱད་རིན་ཆེན་མདོ་དོན་ལེགས་བཤད་པ། །དགོས་འདོད་འབྱུང་བ་ཡིད་བཞིན་ནོར་བུ་འདྲ། །ཀུན་ལ་ཁྱབ་པ་ཉི་ཟླ་ཟུང་གཅིག་འདྲ། །དབང་ཐང་ཆེ་བ་འཁོར་ལོས་སྒྱུར་རྒྱལ་འདྲ། །ཀུན་གྱིས་བཀུར་བ་འཕགས་པའི་ནོར་བདུན་ལ། །འགྲན་ཟླ་མེད་པ་སངས་རྒྱས་ཡེ་ཤེས་འདྲ། །སྡིག་པ་འགགས་པས་མངོན་པའི་འཁོར་ལོ་འདྲ། །དགེ་བ་འཕེལ་བས་མཆོད་པའི་སྤྲིན་ཆེན་འདྲ། །གཏམ་སྙན་གྲགས་པ་ཁུ་བྱུག་སྔོན་མོ་འདྲ། །ཚ་གྲང་སྙོམས་པས་ཆོས་རྒྱལ་ཁྲིམས་མཁན་འདྲ། །ལུས་ཟུངས་གསོ་བ་བྱ་རྒྱལ་ཁྱུང་ཆེན་འདྲ། །ཚ་གྲང་འབྱེད་པས་གསེར་གྱིལྡེའུ་མིག་འདྲ། །ནོར་གྱིས་ཕྱུག་པས་ཀླུ་རྒྱལ་བང་མཛོད་འདྲ། །སྦྱོར་སྡེ་མང་བས་རྒྱལ་པོའི་ཁྲིམས་དམག་འདྲ། །སྨན་སྦྱོར་ཕྱུག་པས་མང་པོས་བཀུར་བ་འདྲ། །སྨན་པ་རྒྱུད་མཁས་འགྲོ་དོན་མཐར་ཕྱིན་ནས། །འགྲོ་བའི་དོན་དུ་སྙིང་རྗེའི་གྲོང་ཁྱེར་འཇུག །དེད་དཔོན་དམ་པས་འགྲོ་བའི་སྲོག་མགོ་འདོན། །སྨན་པ་རང་ཡང་གཏམ་སྙན་ནོར་གྱིས་ཕྱུག །ཅེས་གསུངས་པ་ལྟར་སྦྱོར་སྡེའི་མན་ངག་འདི་རྣམས་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །ད་ནི་བུ་ཡིག་དང་ངོས་འཛིན་ལས་གསུངས་པའི་ལྡན་འདུས་ནད་ཀྱི་གནད་བྱང་
གི་མན་ངག་འགའ་ཞིག་འགག་བཀྲོལ་ཏེ་བསྟན་པ་ནི། སོ་སོའི་ནད་ལ་སྨན་པ་བླུན་པོ་མཁས། །ལས་འཕྲོས་ཟས་དེ་རྨོངས་པ་རྣམས་ཀྱིས་ཟ། །བཅོས་འཕྲོས་ནད་དེ་མཁས་པའི་ཕྱག་ཏུ་བསྐྱུར། །ལྡན་འདུས་ནད་ལ་སྨན་པ་གཞོན་ནུ་སྡུག །མི་འདོད་རྟགས་རྣམས་ནད་པའི་ལུས་ལ་ཚང༌། །ཡོན་མཆོད་ཐམས་ཅད་མུན་ལྟར་འཐིབ་པ་ལ། །ཁོ་བོའི་མེ་ལོང་ནམ་ལངས་ཉི་ཤར་འདྲ། །ཁྲག་རླུང་འདྲེས་པའི་ནད་ལ་རྟགས་འདི་འདོད། །རྩ་ལ་ང་སྟོན་ཡང་ཡང་པུ་རུ་རུ། །ལུས་ལ་ཁྲག་རྒྱས་ཁྲག་ཚད་མེ་ལྟར་འབར། །རླུང་ལ་ཞོན་པས་ང་གསང་རྣམས་སུ་གཟེར། །བླུན་པོ་རྣམས་ཀྱིས་ཁྲག་ལ་ང་བཅོས་བྱེད། །གློ་རུལ་མཆིན་སྐྲངས་ནད་རྣམས་འདི་ལས་བྱུང༌། །འདི་ལ་རྩ་བ་གལ་འགག་གཅིག་ཡོད་པ། །རླུང་གསོ་ཁྲག་འདོན་རྒན་གཞོན་རིག་པས་དཔྱད། །རླུང་མཁྲིས་འདྲེས་པའི་ནད་ལ་རྟགས་འདི་འདོད། །རླུང་རྩ་གཏིང་ནས་ཁྲག་རྩ་བཞིན་དུ་མཁྲང། །ལེགས་པར་བརྟགས་ན་ང་ཁྲག་གདངས་སྲིབ་འབྱེད། །མགོ་ན་ཤ་ཚ་སེར་ཞིང་ང་དུས་ན། །མཆོག་ཏུ་ང་གསང་རྣམས་སུ་ཡང་ཡང་གཟེར། །རྨོངས་པ་རྣམས་ཀྱིས་འདི་ལ་ང་བཅོས་བྱེད། །ཁ་ཤོར་སུར་ཡའི་ནད་རྣམས་འདི་ལས་བྱུང༌། །རླུང་གིས་མི་འཆི་ཐོག་མར་མཁྲིས་པ་བཅོས། །རླུང་གསང་ཐམས་ཅད་མེ་ཡིས་སྲུང་བར་བྱ། །ཚ་བ་བསྲེག་པའི་མདོ་དོན་དེ་ན་བདོག །བད་ང་འདྲེས་པའི་རྟགས་ལ་འདི་ལྟར་འདོད། །གདོན་རྩ་བཞིན་དུ་མི་མངོན་འར་འདྲ། ཞར་ལ་རྒོད། །ལོ་འདས་མར་ནག་འདྲ་བའི་འཆི་
ཆུ་ལ། །ཀུ་ཡ་སྐྱ་བོ་ལང་ལོང་སྤྲིས་མ་སྐྱ། །ལུས་ནི་གྲང་ལ་ཚ་བ་ཐོག་ཕབ་འདྲ། །བད་ང་དུས་ན་ཁམ་ཁ་སྐྱུར་འང༌། སྐྱུག་བག་རེ་འོང༌། །སྨན་པ་བླུན་པོས་གཟའ་དང་ང་དུ་འཛིན། །དེ་ལ་ཁ་ཟས་སྦྱོར་བ་སྨན་ལོག་གིས། །ལོ་དང་ཟླ་བར་སྐྱོང་ནས་ཤི་བ་ཡོད། །རླུང་བཞག་བད་ཀན་བཅོས་པ་མན་ངག་ཡིན། །རྫ་གསར་འུ་སུ་མ་ནུ་ཀ་ར་བཞི། །ཐང་བྱས་གུར་གུམ་ཁ་ཚར་བཏབ་པས་འཚོ། །ཕྱེ་མའི་སྦྱོར་སྡེ་ཤོག་དྲིལ་ནང་དུ་བལྟ། །རླུང་དང་ཡ་མ་འདྲེས་ན་རྟགས་འདི་འོངས། །རླུང་རྟགས་གསེབ་ཏུ་ཡ་མས་འཐེན་སྡོད་བྱེད། །སྦུན་དང་འཆོར་སྡོད་མནན་ན་མི་བཟོད་བས། །ངོ་བོ་ང་ཡིན་ཡ་མ་ཁུར་དུ་ཁུར། །མི་ནོར་རྟགས་སུ་མིག་ལ་ལོང་བརྩེ་བསླང་རྩལ་རྩེའང་འོང༌། །བླ་སྐེད་གཟེར་དང་ང་རྩར་ཁྲིད་པ་འོང༌། །ཁ་ཅིག་འདི་ལ་མཁལ་རྩའི་ནད་དུ་འཛིན། །སྐམ་དང་ཚ་བས་ང་རྩའི་ནང་བཅད་ནས། །ལུས་སྐམ་ནད་ངན་མཛེ་རུ་འཛིན་པ་ཡོད། །འདི་ལ་མན་ངག་སྔོན་དུ་ང་བཅག་ལ། །ཡ་མ་རྐང་ཐང་ཇི་ལྟར་བྱས་ཀྱང་འཚོ། །རླུང་དང་སྲིན་བུ་གཉིས་སུ་བསྡོངས་པའི་ནད། །ངོ་བོ་སྲིན་ཡིན་ན་ལུགས་ང་དང་མཐུན། །ཚད་པའི་རྟགས་མེད་གྲང་བའི་རྟགས་རྣམས་ཚང༌། །རྩ་ནི་སྤུར་ལ་སྐབས་སུ་དུམ་ཆད་བྱེད། །སྨན་པ་གཞོན་པས་མཆིན་པའི་ནད་དུ་འདོད། །མི་ནོར་རྟགས་སུ་ལྕེ་གཞུང་ཐོར་བ་དམར་བའང༌། འབྱུང༌། །སྦྱོར་བ་ལོག་པས་དུས་མིན་འཆི་བར་ངེས། །འདི་ལ་མན་ངག་ངོ་བོ་གཅིག་ཏུ་བཅོས། །རླུང་སྲིན་སྨན་དང་སོ་སོའི་ཕྱེ་མ་སྦྱར། །མཁན་པ་དཀར་པོ་སྲིན་
ཤིང་གདེའུ་འང༌། འབེའུ་དང༌། །ཁ་རྩི་སྒོག་པའི་ཕྱེ་མ་བསྡེབས་པས་འཚོ་བར་ངེས། །ཞེས་གསུངས། ཡང་ནད་པ་གཅིག་གི་ལུས་པོ་ལ། །དང་པོར་ཁྲག་ནད་མ་སྨིན་མ་ཕྱེད་པར། །ཕྱེ་མ་གཏར་ཀ་བྱས་པས་བྱེར་གྱུར་ནས། །ནད་རོ་མ་ཐོན་ལུས་ཟུངས་ཟད་པར་གྱུར། །དེ་ཡི་རྐྱེན་གྱིས་ཁྲག་རོ་ང་དང་ལྡན། །གཏིང་ན་ཁྲག་ཚད་ཕྱི་རྟགས་ང་དུ་སྟོན། །མི་ནོར་རྟགས་སུ་མིག་རྩ་ལྕེ་རྩ་དམར། །གཉིད་ཆེ་ཁ་མི་སྐོམ་པ་དང་ག་འགགས། །སྨན་པ་བླུན་པོས་བད་ང་ནད་དུ་འཛིན། །ཚ་བཅུད་སྨན་གྱིས་ཁྲག་རོ་གཏིང་ནས་བསླང༌། །རླུང་གཟེར་བཞིན་དུ་གཟེར་ནས་ཁྲག་གིས་འཆི། །བ་ཤ་ཀ་ཡིས་བྱེར་བ་དབུས་སུ་སྡུད། །ཙན་དན་དཀར་པོས་གབ་པ་གཏིང་ནས་སློང༌། །ཨུཏྤལ་སྔོན་པོས་འགྲམ་པ་མཐའ་རུ་དབྱུང༌། །སྟེང་དུ་བསླངས་ནས་གཏར་གྱི་ལམ་དུ་དྲངས། །སྐབས་སུ་ཐོར་བུའི་ང་ཡང་མནན་པར་བྱ། །གཏར་མང་གཏར་ཉུང་ནད་དང་ན་སོར་བསྟུན། །ཞེས་གསུངས། ཡང་སྐྱེས་བུ་གཅིག་གི་ལུས་པོ་ལ། །ལས་ལས་སྐྱེས་པའི་བད་ཀན་རི་ལྟར་ཆགས། །རྩིགས་མས་ཁྲག་བསྐྱེད་དྭངས་མས་ང་བསྐྱེད་དེ། །རླུང་ཁྲག་ནད་དུ་མི་འཛིན་གཅོད་སྨན་བཏང༌། །ཚྭ་སྣ་བཏང་བས་མཆིན་ཚད་མེ་ལྟར་འབར། །དེ་ཡི་སྟེང་དུ་ང་གི་ནད་དང་ལྡན། །རྩ་སྟོང་ཆུ་དམར་གཉིད་དང་སྐོམ་དད་ཆེ། །ལྕེ་སེར་མདངས་དང་དབང་གསལ་ཕལ་ཆེར་དང༌། །སྨན་པ་བླུན་པོས་སྟོང་པའི་ང་དུ་འཛིན། །རླུང་སྨན་ལ་སོགས་སྦྱོར་བ་ལྷག་དྲགས་པས། །རྩི་ལྟར་ཞེན་པའི་
ཚ་བ་ལྕགས་དྲེག་འདྲ། །འདི་ལ་ང་དོར་ཚ་བ་གཏིང་ནས་ཕྱུང༌། །ཙན་དན་དཀར་པོ་གུར་གུམ་བྲག་ཞུན་དང༌། །ཨུཏྤལ་བ་ཤ་ཀ་དང་གི་ཝཾ་སྟེ། །དེ་ཡི་སྟེང་དུ་དོན་སྣོད་ཁ་འཛིན་བཏང༌། །དེ་ཡིས་མ་སོས་ག་བུར་ནད་དང་སྦྱར། །བྱིང་ཞིང་འཐིབ་ན་རུ་ཐུང་གཉིས་པོ་གཏར། །བད་ཀན་མཆིན་ཚད་ཁྲག་ཚད་གཏར་བར་བྱ། །ཡང་སྐྱེས་བུ་གཅིག་གི་ལུས་པོ་ལ། །ཆམས་པ་ལས་བྱུང་རིམས་རྒོད་གངས་ལྟར་ཉིལ། །དེ་ལ་སྦྱོར་བ་ཁ་ཟས་བཅུད་ཟོས་པས། །མུན་ལྟར་གཏིབས་པའི་ཚ་བ་ཆར་མུན་འདྲ། །སྨན་པ་བླུན་པོས་ང་དང་ཁྲག་ཏུ་འཛིན། །རླུང་བཅོས་བྱས་པས་ཚ་བས་དོན་སྣོད་ཟིན། །གཏར་ཁ་སྔས་པ་བྱ་ཕུར་རྡོ་འཕངས་འདྲ། །སྟོད་དུ་ཚ་བ་སྨད་དུ་གྲང་བ་འབྱམས། །ཚད་པའི་རྟགས་སུ་ཆུ་དམར་རྩིགས་མ་ཆགས། །ལེགས་པར་བརྟག་ན་ལྕེ་གཞུང་སེར་སྐམ་བྱེད། །རླུང་གི་རྟགས་སུ་རྩ་སྟོང་འཆོལ་ལ་རྒོད། །དེ་ལ་ཙན་དན་བོང་ང་དཀར་པོ་དང༌། །གུར་གུམ་གསུམ་གྱི་ཚད་པ་དོན་ལ་འབབ་པ། བཀག །དེ་ཡི་སྟེང་དུ་ཚད་པ་གསོ་བྱེད། ག་བུར་བདུན་པ་བཏང༌། །ཚད་རོ་འདོན། དེ་ནས་ག་བུར་རམ་ཨུཏྤལ། ཉི་ཤུ་རྩ་ལྔའི་སྦྱོར་བ་བཏང༌། །བྱིང་ཞིང་འཐིབ་པ་སངས་ན་གཏར་ཀ་བྱ། །སྨད་ཀྱི་གྲང་བས་རྐང་པ། སྐྲངས་ན་བུལ་ཏོག་བྱུག །སེ་འབྲུ་བརྒྱད་པས་དང་ག་འགགས་པ་བསལ། །གེ་སར་སྦྱོར་བས་སྨད་ཀྱི་གྲང་བ་འཇོམས། །ཡང་སྐྱེས་བུ་གཅིག་གི་ལུས་པོ་ལ། །ཁོང་དུ་རྒྱས་ཚད་བབ་པས་སྐོམ་དད་ཆེ། །དེ་ལ་བསིལ་ཆེས་སྨན་སྦྱོར་དྲག་པོ་ཡིས། །ཚད་པ་ཆོག་ནས་
སྣོད་དུ་གྲང་ང་བསགས། །དེ་ཡི་རྐྱེན་གྱིས་ཁོང་པར་ཚ་ཆུ་འཁྱིལ། །སྨན་པ་བླུན་པོས་སྐེམ་དང་ཚ་སྨན་སྦྱར། །ཚ་བ་ཁོལ་བུར་ལུས་ནས་གབ་པ་ཡོད། །གྲང་ང་སྟོབས་ཀྱིས་མགོ་ལུས་མེད་པར་སྐྲངས། །འདི་ཡི་རྟགས་སུ་ང་དང་ཚད་རྟགས་ཚང༌། །ཚ་ཆུ་གྲང་ཆུར་བསྒྱུར་བ་གོང་བཞིན་བྱ། །ཡང་ན་སྐྱེས་བུ་གཅིག་གི་ལུས་པོ་ལ། །མཁྲིས་པའི་ནད་ཞུགས་མཁྲིས་པའི་ཚད་པ་རྒྱས། །དེ་ལ་བསིལ་སྨན་བཏང་བས་ང་སྐྱེས་པས། །མཁྲིས་པ་དེད་ནས་མཆིན་མཁྲིས་གཉིས་པོ་འདྲེས། །དེ་ཡི་སྟེང་དུ་གྲང་བའི་ནད་དང་ལྡན། །རྩ་འཁྲུག་ཆུ་སེར་རྔུལ་མེད་ཁ་ཆུ་སྐམ། །རྣ་བ་སྐྱ་ལ་སྨིན་མའི་མཚམས་སུ་བརྩེ། །སྨན་པ་བླུན་པོས་མཁྲིས་པ་ཁ་ཤོར་ཟེར། །དྲང་སྲོང་ལུགས་ཀྱིས་ཁོ་བོས་འདི་ལྟར་འདོད། །མཁྲིས་པའི་སྣ་ཁ་འབྱུང་བ་ང་གིས་ཁྲིད། །དོན་སྣོད་དམ་པ་མཆིན་པའི་རྩ་ལ་ཞུགས། །ངོ་བོ་ང་ཡིན་ཕྱི་རྟགས་མཁྲིས་པར་གསལ། །ལེགས་པར་བརྟགས་ན་གཞན་པས་ང་གསང་གཟེར། །ནད་རིགས་གཉིས་ལ་སྨན་གྱི་སྦྱོར་བ་གཉིས། །ཚ་དང་གྲང་དང་ང་དང་མཁྲིས་པ་ལ། །མི་མཐུན་སྦྱོར་བ་ཤོག་དྲིལ་ལེའུར་བསྒྲིགས། །དེ་རྣམས་ཤེས་ན་ལྡན་པའི་ནད་ལས་གྲོལ། །འདུས་པ་ནད་རིགས་གསུམ་དུ་ཚོགས་པ་སྟེ། །གློ་བའི་སྟེང་དུ་ང་མཁྲིས་བད་ཀན་འདུས། །རླུང་གི་རྟགས་སུ་ཐོ་རེངས་གློ་རྒྱལ་འབུད། །མཁྲིས་པའི་རྟགས་སུ་སྐོམ་དད་ལྕེ་སྐམ་འགྱུར། །བད་ཀན་རྟགས་སུ་དང་འགགས་ཟས་མི་ལེན། །ཆུ་ལ་ལྷག་པར་གསུམ་ཀའི་རྟགས་
དང་ལྡན། །བླུན་པོ་རྣམས་ཀྱིས་གློ་བའི་ནད་དུ་འདོད། །རྟོག་དཔྱོད་ཅན་གྱིས་སུར་ཡ་ཡིན་ཞེས་ཟེར། །ལེགས་པར་བརྟགས་ན་ནད་རིགས་གསུམ་ཀ་ཚང༌། །དེ་ལ་སྲོ་ལོ་རྒུན་འབྲུམ་མ་ནུ་དང༌། །གུར་གུམ་སུག་སྨེལ་ཅུ་གང་ཨ་གསེར་མདོགརུ་ར། །འབྲུག་རུས་ཙན་དན་དཀར་པོ། ཏིག་ཏ་བ་ཤ་ཀ།ལེགས་པར་སྦྱར་ལ་སྨན་རྟ་ན་སོ་བསྟུན། །སྙིང་གསང་བསྲེག་དང་གློ་གསང་གཏར་དང་སྐྱུག །འདུས་པའི་ནད་ལ་བདུད་རྩི་ལྟ་བུར་འདོད། །སྙིང་གི་དཀྱིལ་དུ་རླུང་མཁྲིས་བད་ཀན་འདུས། །རླུང་གི་རྟགས་སུ་ང་ལངས་སྙིང་མི་དགའ། །མཁྲིས་པའི་རྟགས་སུ་ཁ་ཁ་སྐོམ་དད་ཆེ། །བད་ཀན་རྟགས་སུ་སྙིང་གར་གྲང་ཤུམ་བྱེད། །རྩ་ནི་སྟེང་འོག་བར་དང་རྣམ་པ་གསུམ། །རིམ་པ་བཞིན་དུ་རེས་འཇོག་ཡང་རིས་ཀྱི་བདེན། མི་བདེན། །ཆུ་ལ་མེ་འོད་གསུམ་ཀའི་རྟགས་ཚང་བ། །སྨན་པ་གཞོན་པས་འདི་ལ་སྙིང་ང་ཟེར། །ཛཱ་ཏི་ལ་སོགས་དྲོད་སྦྱོར་གཏོང་དྲགས་པས། །སྙིང་གི་ཁྲག་རྒྱས་ཚ་བ་མེ་ལྟར་འབར། །དོན་སྣོད་སྨན་བཏང་ཕན་མེད་ནད་རྣམས་འབྱུང༌། །འདི་ལ་ག་བུར་གུར་གུམ་ཙན་དན་དམར། །ཅུ་གང་སྙིང་ཞོ་ཤ་དང་འབྲས་བུ་གསུམ། །བད་ཀན་ཤས་ཆེ་ཅོང་ཞི་རུ་རྟ་བསྣན། །དེ་ལྟར་ཤེས་ན་བར་ཆད་ནད་ལས་གྲོལ། །གཏར་ཀ་མེ་བཙའ་བཤལ་སྐྱུག་ལ་སོགས་བྱ། །མཆིན་པའི་གནས་སུ་ང་མཁྲིས་བད་ཀན་འདུས། །རླུང་གི་རྟགས་སུ་སྐྱི་གཡའ་གྲང་ཤུམ་བྱེད། །མཁྲིས་པའི་རྟགས་སུ་མིག་ནག་ཤ་མདོག་སེར། །བད་ཀན་རྟགས་སུ་ཁ་ཟས་ངན་པས་གནོད། །
དལ་འཐེན་མཁྲང་འབུར་རང་བཞིན་གསུམ་དང་ལྡན། །ཆུ་ལ་མི་འགྱུར་སྟེང་འོག་བར་དང་གསུམ། །རང་བཞིན་ཚང་ན་གུར་གུམ་བ་ཤ་ཀ།ཀ་པེད་དོམ་མཁྲིས་མཚལ་དཀར་ལ་སོགས་པ། །རྩ་བའི་གདམས་པ་ལེའུར་བསྒྲིགས་ལ་ལྟོས། །བཤལ་དང་གཏར་ཀ་མེ་བཙའ་ལ་སོགས་བྱ། །མཚེར་པའི་གནས་སུ་ང་མཁྲིས་བད་ཀན་འདུས། །རླུང་གི་རྟགས་སུ་སྐྱིག་བུས་འདེབས་པར་འགྱུར། །མཁྲིས་པའི་རྟགས་སུ་རྩིབ་མའི་བར་དུ་གཟེར། །བད་ཀན་རྟགས་སུ་ཁ་ཟས་ཡིད་མི་འོང༌། །མཚེར་རྩའི་སྟེང་དུ་རང་བཞིན་གསུམ་དང་ལྡན། །མཚེར་ཆུང་རང་བཞིན་སྣ་ཚོགས་སྔོ་དམར་འོང༌། །བཞི་བརྒྱད་རུས་སྦལ་རང་སར་རབ་ཏུ་འཁོར། །དེ་ལ་གུར་གུམ་བདུན་པ་ཁོ་ན་བཏང༌། །མཚེར་པའི་རྩ་ལ་གཏར་ཀ་མང་དུ ་བྱ། །ས་དང་འདྲ་བའི་བཅོས་ཀ་བསྟེན་པར་བྱ། །ཕོ་བའི་གནས་སུ་ང་མཁྲིས་བད་ཀན་འདུས། །རླུང་གི་རྟགས་སུ་ཕོ་བ་གྲང་ནས་ན། །མཁྲིས་པའི་རྟགས་སུ་མཁྲིས་ཆུ་གྱེན་དུ་སྐྱུགས། །བད་ཀན་རྟགས་སུ་རང་བཞིན་གཉིས་དང་ལྡན། །ཆུ་ལ་ངེས་མེད་སྣ་ཚོགས་ཟས་སྐོམ་མདོག །དེ་ལ་སྨན་ནི་གུར་གུམ་བདུན་པ་སྟེ། །དེ་ཡི་སྟེང་དུ་ཁ་འཛིན་གང་འཐད་སྦྱོར། །ཁོང་སྨན་བཏང་འང༌། དཔྱད་ནི་མེ་བཙའ་ཁོ་ན་བཤད་པ་ཡིན། །དེ་ལྟར་བྱས་ན་བར་ཆད་ནད་ལས་གྲོལ། །ལྒང་པའི་གནས་སུ་མཁྲིས་པ་གབ་པ་མེད། །ཆུ་རྒྱུས་གསེབ་ཏུ་ཆུ་སེར་ཞུགས་པ་མེད། །རུས་པའི་གསེབ་ཏུ་བད་ཀན་ཞུགས་པ་མེད། །དབང་པོའི་གནས་སུ་དབབ་ནད་ཟེར་དཔྱད། བད་ནད་ཞུགས་པ་མེད། །
ངོས་འཛིན་མེད་ན་དེ་ཡི་བཅོས་ཐབས་མེད། །དེ་རྟགས་ལྡན་ན་ལེགས་པར་བརྟགས་བྱས་ཏེ། །ངོ་བོ་གསལ་ན་བཅོས་ཀ་སོ་སོར་བྱ། །ཞེས་གསུངས་པ་རྣམས་ཀྱི་ཉམས་རྙེད་ན་གཉེན་པོས་ཆོམ་དཀའ་ཞིང་བཅོས་རྡུགས་པའི་ནད་རྣམས་ལ་ཐོགས་པ་མེད་པའི་སྨན་དཔྱད་ཀྱི་བློ་གྲོས་རྒྱས་པར་འགྱུར་ཏེ་རྗེ་ཡོན་ཏན་མགོན་པོའི་ཞལ་ནས། འདི་དོན་མདོ་དང་རྒྱས་པ་ལེགས་ཤེས་ན། །འདུ་བ་རྣམ་བཞིའི་ནད་ལས་གྲོལ་བར་ཁོ་བོས་མཐོང༌། །བདག་གིས་ལེགས་བཤད་སྐོར་གསུམ་འདི་སྦྱར་བས། །སྲིད་པར་གནས་པའི་འགྲོ་བ་རིགས་དྲུག་པོ། །སེམས་དང་ལུས་ཀྱི་འབྱུང་བའི་ནད་ཞི་ནས། །ཀུན་མཁྱེན་ཆེན་པོའི་གོ་འཕང་ཐོབ་པར་ཤོག །ཅེས་གསུངས་སོ། །དེ་ལྟར་རིན་ཆེན་ཤོག་དྲིལ་མ་བུའི་དོན་བསྡེབས་ཏེ་ལེགས་པར་བཤད་པ་ཡིན་ལ། ཤོག་དྲིལ་སྐོར་གསུམ་ཞེས་པའི་གཞུང་འདི་མཛད་པ་པོ་གཡུ་ཐོག་ཅེས་པའི་རིགས་ལས་བརྒྱུད་བ་ཡབ་གཡུ་ཐོག་འབུམ་སེང་ཞེས་བྱ་བའི་སྲས་སུ་སྙེ་མོ་གཡུ་རུ་སྐུ་འཁྲུངས་པ། གཡུ་ཐོག་ཡོན་ཏན་མགོན་པོ་ཞེས་བྱ་བ་མཁས་དང་གྲུབ་པའི་དབང་ཕྱུག་ཆེན་པོ་དེ་ཉིད་ཀྱིས་གདན་ས་ཆེན་པོ་ཤངས་ཀྱི་དཔལ་སྐྱེས་ཞེས་བྱ་བར་ཡི་གེར་བཀོད་ནས་སློབ་མ་དམ་པ་ལྷ་བཙུན་ཡེ་ཤེས་འོད་ལ་གནང་བ་ནས་རིམ་པར་བརྒྱུད་པ་སྟེ། རྗེ་ཉིད་ཀྱི་ཞལ་ནས། བདག་གི་སྔོན་ཆད་གསོ་དཔྱད་རྒྱུད་ཐོས་པ། །ཀུན་རྡའི་རྒའི། གླིང་དུ་ལྕང་ལོ་ནག་པོ་ཐོས། །ནུབ་ཕྱོགས་དྲང་སྲོང་མེ་བཞི་འཇུག་ལས་སོ། །ཝ་ར་ན་སེར་ཡན་ལག་ཙ་ན་ཀ་ཡི་
བཀའ་སོགས། བརྒྱད་པ་དང༌། །སྲོ་མ་ར་ཙ་ཕན་པའི་མདོ་དང་ནི། །རིན་ཆེན་སྤུངས་པ་གཅེས་པའི་ཀུ་མུ་ཏ། །རེག་པ་རྩ་མདོ་སྲོག་སྐྱོང་ཏི་ཀ་ཐོས། །སེང་གྷའི་གླིང་དུ་ཟླ་ཟེར་དཀར་ནག་དང༌། །བདུད་རྩི་འབུམ་པ་ཆེ་འབྲིང་ཆུང་གསུམ་ཐོས། །རྒྱལ་པོའི་ཁབ་ཏུ་བསྟན་བཅོས་བརྒྱད་པ་དང༌། །འཁྲུངས་དཔེ་ཆེ་ཆུང་རྡོ་སྦྱོར་གབ་པའི་རྒྱུད། །གསེར་གླིང་ཁབ་ཏུ་ཕྱི་བའི་རྒྱུད་བཞི་ཐོས། །སྲོག་ཆགས་བསྒྲལ་བ་སྒྲོན་མ་གསེར་གྱི་གཟོང༌། །ཤ་ཁྲག་འཚོ་བ་སྙིང་རྗེ་མེད་པའི་རྒྱུད། །དུས་ལ་འབྱུང་བ་ཉི་ཟླ་ཁ་སྦྱོར་རྒྱུད། །གྲོལ་གྱི་མདོ་ལ་འཇམ་དཔལ་ཡབ་ཡུམ་གྱི། །ངོ་བོ་ཞལ་བསྟན་སྤྲུལ་པ་ནེ་ཙོས་མཛད། །རྒྱུད་དང་མན་ངག་བསམ་གྱིས་མི་ཁྱབ་གསུངས། །གསེར་སྒྲོམ་བྱིང་དྲིལ་རོ་བཀྲའི་ལེའུ་མང་གསུངས། །རོ་བཀྲ་སིལ་བུ་འབྱུང་བ་སོ་སོའི་རྒྱུད། །རྩ་མདོ་ཆེན་པོ་སྙིང་པོ་བསྟན་པ་དང༌། །ལུས་ཀྱི་རྣམ་བཞག་བདུད་རྩི་ཐེམ་ཡིག་དགུ། །རིག་པའི་རྩ་དཔྱད་རྒྱ་ཡི་སྨྲ་མཆུ་མ། །གུ་ཎ་ཤཱ་སྟྲཾ་བམ་པོ་ལྔ་བརྒྱ་ཐོས། །ཀ་མ་ཀ་ལ་ཡ་ཡི་དང༌། ལ་ཡི་ཚལ་དུ་ལྷ་མོ་ཉིད་དང་འཕགས་པ་ཡབ་ཡུམ་དང་མཁའ་འགྲོ་གསུམ་གྱིས་དངོས་དང་སྤྲུལ་པ་མཛད་ནས་གསུངས། མཆན། མཇལ། །ཞུས་ལན་སྐོར་གསུམ་གདམས་ངག་ཁ་འཐོར་དང༌། །རྨ་རྩའི་གདམས་ངག་འཆི་མེད་བཅད་འབྱོར་ཐོབ། །བྷནྡྷའི་གླིང་དུ་ལྷ་མོའི་དངོས་གྲུབ་ཐོབ། །ཐང་ལ་འབར་གྱི་ཞིང་ཁམས་གསུམ་པ་དང༌། །ངོ་བོ་གསོ་དཔྱད་སྒྲོན་མེ་སྐོར་གསུམ་ཐོས། །ཉི་ཤུ་གཉིས་ལ་དཀར་པོའི་གླིང་དུ་ཕྱིན། །ཉི་ཤུ་དྲུག་ལ་རྒྱལ་པོའི་ཁབ་ཏུ་
སླེབས། །ལྷ་མོས་རྒྱུད་བསྐུལ་སུམ་ཅུ་བཞི་ལ་ཕྱིན། །རྒྱལ་པོའི་ཆད་པ་གླང་ཆེན་དུག་སྦྲུལ་དང༌། །སྟག་གཟིག་དོམ་དྲེད་མེ་ཆུ་ཆོམ་རྐུན་ལ། །སྐད་ཅིག་མ་ཉིད་ལྷ་མོས་ཐུགས་རྗེས་བཟུང༌། །གསོ་དཔྱད་རྣམས་ཀྱི་དཔེ་དོན་སྤྱན་དྲངས་ནས། །གདན་ས་ཆེན་པོ་ཤངས་ཀྱི་དཔལ་སྐྱེས་སླེབས། །བུ་དང་སློབ་མ་འདུ་བའི་སྨོན་ལམ་བཏབ། །ཅེས་དང༌། སྡེབ་སྦྱོར་མི་འདྲ་སྣ་ཚོགས་སོ་སོ་ལ། །རུས་སྦལ་འཁོར་ལོ་ཆུ་ཡི་ངོ་བོ་བསྟན། །ཁོ་བོ་གཡུ་ཐོག་མགོན་པོ་བདག་གིས་ནི། །སུམ་ཅུ་བཞི་ལ་རྒྱ་གར་ཡུལ་དུ་ཕྱིན། །མཁས་གྲུབ་རྣམས་དང་ཞལ་མཇལ་གསུང་ཐོས་ནས། །མཁའ་འགྲོའི་གཙོ་མོ་དཔལ་ལྡན་ཕྲེང་དང་མཇལ། །ཡན་ལག་བརྒྱད་དང་ལྕང་ལོ་ནག་པོའི་རྒྱུད། །བསིལ་ཟེར་གནད་དང་རྒྱུད་རིགས་དྲུག་ཅུ་ལྔ། །དེ་ལ་སོགས་པའི་གསང་བའི་གདམས་པ་རྣམས། །མ་ནོར་སོ་སོར་བདག་གིས་ཀུན་ཐོས་ནས། །ཌཱཀྐི་རང་བཞིན་མཁའ་སྤྱོད་གནས་སུ་གཤེགས། །བར་ཆད་མི་འབྱུང་གསོལ་བ་བཏབ་ནས་ཀྱང༌། །བུ་སློབ་སེམས་ཅན་འགྲོ་བའི་ལུང་བསྟན་གསུངས། །ལུས་སེམས་གདུང་བས་ལྷ་མོའི་གསུང་སྒྲོས་རྣམས། །དད་དང་འདུན་པས་ཡི་གེའི་རིས་སུ་བྲིས། །ཕྱི་རབས་སྐྱེ་བོའི་གསོས་སྨན་ཆ་ལག་ཏུ། །ཨེན་རྩེ་ཆ་གཅིག་རྒྱ་གར་ཡུལ་དུ་བཞག །བཀའ་རྒྱས་བཏབ་པ་ལུང་བསྟན་གཅིག་གིས་རྙེད། །དེ་ནས་དྲང་སྲོང་ཙ་ར་ཀ་ལ་སོགས། །ཀུན་དང་ཞལ་མཇལ་གདམས་པ་སྣ་ཚོགས་ཐོས། །བླ་མ་བསྟེན་དང་གསོ་དཔྱད་བསྐྱང་བ་ཡིས། །མི་ལོ་མང་དུ་
འཇིག་རྟེན་ཁམས་སུ་བསྡད། །བུ་སློབ་དོན་དུ་ཤོག་དྲིལ་སྐོར་གསུམ་མཛད། །ད་ནི་གཡུ་ཐོག་ཤི་ཡང་འགྱོད་པ་མེད། །ཆོས་འདི་དཔལ་གྱི་མགོན་པོ་རྣམས་ལ་གཏད། །འདི་ལུགས་བསྟེན་ན་བུ་བཞིན་ལེགས་པར་སྐྱོངས། །གནོད་པ་བྱས་ན་སྙིང་ཁྲག་བནྡྷར་ལུགས། །གསོ་དཔྱད་འདི་སྦྱར་དགེ་བའི་རྩ་བ་དེས། །འགྲོ་རྣམས་བཞི་བརྒྱ་རྩ་བཞིའི་ནད་ལས་ཐར་གྱུར་ཅིག །ཅེས་གསུངས་པའི་གདམས་པ་རིན་པོ་ཆེ་མ་བུ་བསྡེབས་ཏེ་ལག་ལེན་འཇུག་པ་བདེ་བར་བྱས་པ་འདི་ནི། རྗེ་དམ་པ་མཆོག་དེའི་བརྒྱུད་འཛིན་དུ་གྱུར་ཅིང་གསོ་དཔྱད་འཛིན་པ་མི་ཕམ་འཇམ་དབྱངས་རྒྱ་མཚོ་ཞེས་བྱ་བས་བདག་ཉིད་ཆེན་པོ་དེ་ལ་གསོལ་བ་བཏབ་ནས་ཆུ་སྟག་རྒྱལ་ཟླའི་ཚེས་སྐོར་ལ་པདྨ་བསམ་གཏན་བདེ་ལྡན་གླིང་ཞེས་པ་རྫོགས་ཆེན་རུ་དམ་གྱི་ཡང་ཁྲོད་རང་གནས་ཀྱི་ཁང་བུར་ཡི་གེར་སྤེལ་བ་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾ། །༈ སྭ་སྟི། བཅུ་ཕྲག་རིག་གནས་མཁའ་ལ་རྒྱུ་སྐར་བཞིན། །བགྲང་དུ་མེད་ཀྱང་འཆི་མེད་སྲོག་སྟེར་བའི། །གསོ་རིག་ནམ་མཁའི་ནོར་བུ་དྲངས་པའི་མགོན། །སྨན་རྒྱལ་གཡུ་ཐོག་པ་ལས་གཞན་སུ་ཞིག །དེ་ཡི་དགོངས་ཉམས་ཤོག་དྲིལ་སྐོར་གསུམ་གྱི། །ཡང་ཟབ་སྙིང་པོ་གཅིག་ཏུ་དྲིལ་བ་དང༌། །ངོས་འཛིན་མན་ངག་གསེར་གྱི་ལྡེའུ་མིག་བཅས། །མི་ཕམ་ཆོས་རྗེའི་རྣམ་དཔྱོད་དྲིན་ལས་བྱུང༌། །དེ་ཕྱིར་ཆོས་སྦྱིན་སྤར་གྱི་ཕྱི་མོ་འདི། །རིག་འཛིན་བླ་མའི་དགོངས་པ་རྫོགས་པའི་ཕྱིར། །ས་སྐྱོང་སྤར་ཁང་ཆོས་མཛོད་ཆེན་པོ་རུ། །
ཐོག་མཐར་བསམ་སྦྱོར་དགེ་བས་བསྒྲུབས་ཟིན་ཏོ། །དེ་ཡིས་དགེ་དེས་མཁའ་ཁྱབ་ཡིད་ཅན་གྱི། །གནས་སྐབས་འདུ་བའི་ཟུག་རྔུ་རབ་སེལ་ཞིང༌། །སྲིད་ཞིའི་དགེ་ལེགས་ལ་གུས་གོང་འཕེལ་ནས། །མཐར་ཐུག་སྨན་བླའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་༧སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེའི་དགོངས་རྫོགས་སུ་སྤར་དུ་བསྒྲུབས་སྐབས་དགེ་སློང་ཞིང་སྐྱོང་གིས་བཀའ་བསྐུལ་ལྟར་སྤར་བྱང་སྨོན་ཚིག་འདི་བནྡེ་འཇམ་དཔལ་བཟང་པོས་སྨྲས་པ་སརྦ་མངྒ་ལཾ།། །།