Nitartha Digital Library
Tibetan
༄༅། །བླང་དོར་གསལ་བའི་སྒྲོན་མེ་བཞུགས་སོ།།

70 occurrences of གཙང་
[Clear Hits]


21  collapse section
21  collapse section
  
 
སྤྱི་ལོ་ ༡༩༩༩ ལོར་བསྩལ་བའི་བཀའ་སློབ། ཀ༽
 
 
 
  
  
  
 
  
  
 
  
  
  
  
  
 
 
12  expand section
expand section
22  expand section
expand section


70 occurrences of གཙང་
[Clear Hits]

 
previousསྤྱི་ལོ་ ༡༩༩༩ ལོར་བསྩལ་བའི་བཀའ་སློབ། ཀ༽next

སྤྱི་ལོ་ ༡༩༩༩ ལོར་བསྩལ་བའི་བཀའ་སློབ། ཀ༽

ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་སློབ་གྲྭ་ཆེན་མོ་འདི་ཉིད་ཀྱི་དབུ་ལས་གནང་མཁན་མཁན་པོ་རེད། སྤྲུལ་སྐུ་རྣམ་པ་རེད། དགེ་འདུན་འདུས་སྡེ་ཐམས་ཅད་ལ་ཐོག་མར་བཀྲ་ཤིས་བདེ་ལེགས་ཞུ་ཡ་རེད། དེ་ནས་སྤྱི་ཡོངས་ཀྱི་ག་རེ་ཟེར་དགོས་རེད། འདི་ནས་མར་བཤད་བསྡད་ཡ་ཞིག་རེད་མ་གཏོགས་སྤྱི་ཡོངས་ཐམས་ཅད་ཀྱིས་རྟག་པར་གསུངས་སྡོད་ཀྱིན་ཡོད་རེད། རྟག་པར་གསུངས་བསྡད་རྒྱུ་དེ་ལག་ལེན་ཡང་དག་པ་ཞིག་བསྟར་ན་དེ་ལས་ལྷག་པ་ཞིག ངས་དམིགས་བསལ་བཤད་བཞག་ཡ་ཅི་ཡོད་མ་རེད། ཡིན་ན་ཡང་ང་ཚོའི་སློབ་གྲྭ་རེད། བཤད་གྲྭ་རེད། འདི་བཙུགས་པའི་དགོས་དོན་དེ། ཁྱེད་རང་ཚོས་མཁྱེན་བཞིན་པ་རེད། ལོ་རྟག་པར་ངས་བཤད་བསྡད་ཀྱི་ཡོད། ག་རེ་ཟེར་ན་དུས་སྙིགས་མ་མི་ཡུལ་ས་མཐའ་ལ་འཁྱམས་ནས་དེ་འདྲ་ཞིག་གི་སྐབས་སུ་སྤྱིར་སངས་རྒྱས་ཀྱི་བསྟན་པའི་ཆེད་དང༌། ཁྱད་པར་དུ་ང་ཚོ་སྔ་འགྱུར་རྙིང་མ་བའི་བསྟན་པ་འདི་ཉག་ཕྲ། ཧ་ཅང་གི་དཀའ་ངལ་ཆེན་པོ་ཞིག་ཡོད་པ་དེ་དང་བསྟུན་ནས་རང་རང་སོ་སོའི་རྙིང་མའི་ཆོས་བརྒྱུད་ཅིག་མེད་ན་རང་གི་བསྟན་པ་གང་ཡིན་མི་ཤེས་མཁན་འདྲ་ཞིག བསྟན་པ་གང་ཡིན་ཧ་མ་གོ་མཁན། དེ་འདྲ་འབོར་ཆེན་པོ་ཞིག་ཡོང་གི་ཡོད་རེད། དེ་ཡིན་དུས་རང་ལ་དཔལ་འབྱོར་ལོངས་སྤྱོད་གང་ཡང་མེད། ག་རེ་ཡིན་ནའང་དཀའ་ངལ་ཡོད་པ་ཞིག་ཡིན་ཡང༌། ད་ག་རེ་ཟེར་དགོས་རེད། ལྷག་བསམ་འདྲ་ཟེར་དགོས་རེད་བ། ཐོག་མར་མགོ་བཙུགས་ནས་ད་ལྟའི་བར་དུ་སྤྱིར་རྒྱ་གར་ལ་བསླེབས་ནས་ལོ་ ༤༠ ཙམ་སོང་རེད། སླེབ་པའི་ཐོག་མ་ནས་བཟུང་སྟེ་བསམ་བློ་དེར་གཏོང་བ་ཡིན་ཡང་ལག་ལེན་བསྟར་ཐུབ་མི་ཐུབ་དཔེ་མང་པོ་ཞིག་བྱུང༌། རྗེས་སུ་ལོ་ཉི་ཤུ་ཡས་མས་ཤིག་སོང་ཡོད་རེད།

སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་འདིའི་མཚན་བཏགས་ནས་ད་ལྟའི་བར་ལ་ཡར་རྒྱས་འདྲ། ལས་ཀ་ཆ་ཚང་བ། ཐམས་ཅད་བསམ་བསམ་ཞིག་མ་བྱུང་ནའང་གང་ལ་གང་འཚམས་ཀྱི་སྒོ་ནས་ཡག་པོ་བྱུང་ཡོད་རེད། དེ་ལ་ཁྱེད་རང་ཚོ་གཙོ་བོ་མཁན་པོ་རྣམ་པ་རེད། སློབ་དཔོན་རེད། དགེ་བསྐོས་རྣམས་རེད། གྲྭ་ཚང་དམངས་ཡོངས་སུ་རྫོགས་པས་སེམས་ཤུགས་བསྐྱེད། སློབ་སྦྱོང་བྱས་བཞག་པའི་རྐྱེན་འདྲ་པོ་རེད། དེ་ཡིན་དུས་བཀའ་དྲིན་ཆེ། ཡག་པོ་འདུག ཐུགས་རྗེ་ཆེ། ཡིན་ནའང་དངོས་གནས་བྱས་ན་ཐོག་མར་བཤད་གྲྭ་འཛུགས་དུས་ང་ཚོ་ལ་གྲྭ་གྲངས་དྲུག་བདུན་ཙམ་ལས་ཡོད་མ་རེད། དེ་ནས་ལོ་རེ་ལོ་རེ་ཡར་གཅིག་འཕར་འགྲོ་དུས། ད་དེང་སང་སུམ་བརྒྱ་བཞི་བརྒྱ་ཞིག་བཤད་ཀྱི་ཡོད་རེད། རེ་ཟུང་རེ་ཟུང་རེད་མ་གཏོགས་དཔེ་མ་སྲིད་སློབ་སྦྱོང་ཡག་པོ་གནང་གི་འདུག ཡིན་ན་ཡང་ཤེས་ཡོན་མཐར་ཕྱིན་པ་མཁན་པོའི་མཚན་གནས་ལེན་ཐུབ་ཡ་འདི་ཧ་ཅང་གི་ཉུང་ཉུང་རེད། ལོ་ཉི་ཤུ་ཙམ་ལ་མི་བརྒྱ་ཚོ་མང་པོས་སློབ་སྦྱོང་བཟོས་བཞག་པ་དེ་ལ་མཁན་པོ་བཅོ་ལྔ་ཉི་ཤུ་ཙམ་ཞིག་ལས་ཐོན་མི་ཐུབ་པ་དེ་དཔེ་ཉུང་ཉུང་འདྲ་ཞིག་རེད་མ་གཏོགས་མང་པོ་མ་རེད་བ། བརྒྱ་ཆ་འདྲ་ཞིག་བགོས་དང་བརྒྱ་ཆ་རེ་ལ་མི་རེ་རེ་ཙམ་ལས་མེད་བསྡད་མཁན་འདྲ་ཞིག་རེད་འདུག་བ། དེ་ཡིན་དུས། མ་འོངས་པར་ཡིན་ན་ཡང་སློབ་སྦྱོང་དེ་གཟབ་གཟབ་གྱིས།

ཉིན་མཚན་མེད་པར་གཟབ་གཟབ་བྱེད་ནས་སློབ་སྦྱོང་གནང༌། མཁས་དབང་གི་མཚན་གནས་བཞེས་ཐུབ་པ་དེ། ཐ་ན་བརྒྱ་ཆ་ཉི་ཤུ་སུམ་ཅུ་ཡོད་ཐུབ་པ་ཞིག་བསམ་མནོ་གཏོང་རྒྱུ་དེ་གལ་ཆེན་པོ་རེད། ཕལ་ཆེར་འདིའི་བཤད་གྲྭ་ནང་ཡར་ཞུགས་ཚར་བའི་རྗེས་ལོ་རིམ་ལྔ་པ་དྲུག་པ་ཡས་མས་མཚམས་ནས་སློབ་སྦྱོང་མཐའ་མི་ཕུད་མཁན་དཔེ་འབོར་ཆེན་པོ་རེད། དང་པོ་ནས་སློབ་སྦྱོང་ཞིག་བཟོ་ཚར་དུས་དེ་འདྲ་མི་བྱེད་པར་མཐའ་ཕུད་ཐུབ་དགོས་རེད། ལོ་རིམ་དགུའི་སློབ་ཚན་ཆ་ཚང་བ་ཞིག་ལ་བལྟ་ཐུབ་སོང་ན་མདོ་སྔགས་གཉིས་ཀྱི་ལམ་དང༌། སྤྱོད་སྟངས་ཐམས་ཅད་འདིར་ཡོད་རེད། དེ་ཡིས་དཔག་ཚོད་ཅིག་ཕན་ཐོགས་པ་ཡོང་རེད། སྤྱི་ཡོངས་ཀྱི་ཆོས་ཟེར་ཡ་དེ་མ་འོངས་པ་ན་ང་མཁས་པ་ཆེན་པོ་ཞིག་བྱེད། དེ་ཡིས་དཔལ་འབྱོར་ཆེན་པོ་ཞིག་བསྒྲུབ། སྐད་གྲགས་འདྲ་ཞིག་བཟོ་བསམ་པའི་ཀུན་སློང་དེ་ག་དུས་ཡང་མ་གཏོང་ཟེར་ནས་ངས་རྟག་པར་ཞུ་གི་ཡོད། བསམ་བློ་དེ་འདྲ་ཞིག་འཁུར་ཡ་ཡོད་མ་རེད། འཁུར་ཡ་ཡོད་མ་རེད་དེ།

རང་རང་སོ་སོ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་འཐོབ་པ་ལ་ཤེས་ཡོན་ག་ཚོད་ཅིག་ཡོད་ནའང་དེ་ལ་ཚོད་འཛིན་ཡ་དང་དེ་ཡིས་འདང་ཡ་ཞིག་ཡོད་མ་རེད། ཐར་པ་དང་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ཀྱི་བར་དུ་སློབ་སྦྱོང་ལ་མཐའ་ཐུག་ཡ་དང་མཐར་ཕྱིན་ཡ་ཞིག་མེད་རེད། ཡིན་ན་ཡང་ང་རང་ཚོ་དཔག་ཚོད་ཅིག་ལ་ལོ་རིམ་དགུ་པ་མཐར་ཕྱིན། དེ་ཡི་མཁས་དབང་གི་མཚན་གནས་འདྲ་ཞིག་རང་གིས་ལེན། མིས་ཀྱང་སྤྲད། དེ་འདྲ་ཞིག་ལ་མཁས་པ་རེད་ཟེར་དགོས་ཀྱི་ཡོད་རེད། ཡིན་ནའང་དེ་དཔེ་མ་སྲིད་ཡག་པོ་རེད། དུས་སྙིགས་མ་ལ་དཀའ་ངལ་ཡོད་རེད། ད་ཡང་ནས་ཡང་དུ་རྟག་པར་བཤད་རྒྱུ་ཞིག་མི་འདུག་སྟེ་ཡིན་ནའང་བོད་གངས་ཅན་ལྗོངས་ཀྱི་མ་དགོན་ཆེན་པོ་དྲུག་ཟེར་ཡ་དེ་ཚང་མ་གཙོ་བོ་རབ་བྱུང་གི་སྡེ་ཤ་སྟག་རེད་མ་གཏོགས་གཞན་ཡོད་མ་རེད། དེ་ཡི་ནང་ནས་དཔལ་ཡུལ་ཚང་འདྲ་ཞིག་ཡིན་ན་གདན་རབས་ག་ཚོད་སོང་ཡོད་ནའང་རབ་བྱུང་གི་སྡེ་ཤ་སྟག་རེད།

དེ་ཡང་ཁོ་རང་དགོན་པའི་ལུགས་སྲོལ་འདྲ་ཞིག་རེད། བར་སྐབས་ལ་ཆག་ཉམས་འདྲ་མི་འདྲ་སོང་ཡོད་རེད་མ་གཏོགས་སྤྱི་བཏང་དེ་འདྲ་ཞིག་རེད། དེ་ཡིན་དུས། ང་ཚོའི་དགོན་པ་འདིའང་དེ་ནང་བཞིན་གཙོ་བོ་རབ་བྱུང་གི་སྡེ་ཞིག་རེད། དེའི་སྒོ་ནས་རང་རང་སོ་སོས་གང་ཐུབ་ཐུབ་ཅིག་ཆོས་ཉམས་སུ་ལེན་རྒྱུ་དེ་རེད་བ། དེ་ཡིན་དུས་ཐམས་ཅད་ཀྱིས་ཚུལ་ཁྲིམས་ གཙང next hit་མ་བསྲུང་ཡ་དེ་གལ་ཆེ་ཤོས་ཤིག་རེད། རང་གི་སྲོག་དང་ཁྱད་པར་མེད་པ་འདྲ་ཞིག་མཛད་དགོས་རེད། དེ་དགོན་པ་འདིའི་དོན་དག་ཅི་མ་རེད། ང་རང་ཚོ་མི་རེ་རེའི་དོན་དག་ཅི་མ་རེད། སངས་རྒྱས་ཀྱི་བསྟན་པ་དང་རང་གཞན་སེམས་ཅན་ཐམས་ཅད་ཀྱི་དོན་རེད། དེ་ཡིན་དུས་འདུལ་ཁྲིམས་previous hit གཙང next hit་མ་གནང་རྒྱུ་གལ་ཆེ་ཤོས་རེད། འདུལ་ཁྲིམས་previous hit གཙང next hit་མ་སྲུང་ཚར་དུས་དེའི་ནང་ལ་ཡོན་ཏན་ཐམས་ཅད་འདུས་ཚར་རེད། མང་པོ་ཅི་ཡོད་མ་རེད། ཡིན་ནའང་སོ་སོར་བཤད་ན་ག་རེ་ཟེར་དགོས་རེད། སྤྱོད་ལམ་ཡག་པོ། ཞི་ཞིང་དུལ་བ། ཆོས་མདོ་རྒྱུད་གང་ཡིན་ནའང་རང་གི་སེམས་ལ་འདྲེས་ཐུབ་པ། ཐོས་བསམ་སྒོམ་གསུམ་ཡོངས་སུ་རྫོགས་པ་ལ་བརྩོན་ཐུབ་པ། ཐམས་ཅད་དེའི་ནང་འདུས་ཡོད་རེད། དེ་ཡིན་དུས་ལག་ལེན་ཚུལ་བཞིན་དུ་ཡག་པོ་གནང༌།

སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་རེད། བྱ་བྲལ་སངས་རྒྱས་རྡོ་རྗེ་རེད། དཔེ་ཆ་ཟེར་ཡ་འདི་ལ་བཀའ་བཀྱོན་མང་པོ་གནང་གི་ཡོད་རེད། དེ་ག་རེ་ཟེར་དུས་དཔེ་ཆ་ག་ཚོད་ཅིག་ཤེས་ནའང༌། དཔེ་ཆ་ཟེར་ཡ་དེ་ཁ་ཕར་བལྟས་བྱས་ནས། མི་ལ་སྐྱོན་བརྗོད་བྱེད་ཡ་ཙམ། དེ་རེད། དེ་མ་རེད། ཕུ་ཡས་རེད། མདའ་མས་རེད་ཟེར་བསྡད་དུས། དེ་ཡི་རྒྱུ་མཚན་གྱིས་གསུང་གི་ཡོད་རེད། དཔེ་ཆ་ཏོག་ཙམ་ཤེས་ཡོང་དུས་སྐྱོན་བརྗོད་བྱེད་ཡ་མང་རུ་མང་རུ་ཆགས་ཀྱི་རེད། དེ་ལ་བརྟེན་ནས་དད་པ་མེད་མཁན། དག་སྣང་མེད་མཁན། མང་པོ་ཆགས་ཡོང་གི་རེད། རང་ལ་ཡོན་ཏན་ཏོག་ཙམ་ཡོད་དུས། དེ་ལ་ཧ་འདྲ་ཞིག་ལས་ནས་ང་མཁས་པ་ཡིན་དྲན་ནས་མི་ལ་སྐྱོན་བརྗོད་བྱེད་རྒྱུ་མང་རུ་ཡོང་གི་ཡོད་རེད། ཡོན་ཏན་དེ་ཚུར་རང་གི་རྒྱུད་ལ་སྦྱོར་དང་ཚེ་འདི་ཕྱི་གཉིས་ཀྱི་ལས་དོན་ཐམས་ཅད་འགྲུབ་ཡོང་གི་རེད། རྟོག་གེ་བ་མ་བྱེད། རྟོག་གེ་བ་ཟེར་རྒྱུ་དེ་ག་རེ་ཟེར་ན་ཁོས་ཚུར་འདི་བརྗོད་ན་ངས་ལན་འདི་རྒྱག་ཟེར་ཡ་འདྲ་དང༌། དཔེར་ན་རྩོད་པ་རྒྱག་ཡ་འདྲ། དེའི་བསམ་བློ་གཏོང་འདུག་ཡ་ཞིག མི་ལ་སྐྱོན་བརྗོད་ཡ་ག་རེ་འདུག་སྙམ་པ་དེ་གཙོ་བོ་བསམ་བློའི་ནང་འཁུར་འདུག་མཁན་ལ་རྟོག་གེ་བ་ཟེར་གྱི་ཡོད་རེད།

ང་ཚོ་རྙིང་མའི་ཕྱོགས་ལ་དེའི་ལུགས་སྲོལ་དེ་དཔེ་ཉུང་ཉུང་རེད། ག་ཚོད་ཤེས་ནའང་ཁ་ཚུར་འཁོར་ནས་རང་རྒྱུད་ལ་སློབ་སྦྱོང་སྤྲད། རང་ཉིད་རང་གིས་འདུལ་ཡ་མ་གཏོགས་ཕར་སྐད་གྲགས་འགྲོ་བའི་ཆེད་དུ་བརྗོད་ཡ་ཞིག་མ་རེད། ག་ཚོད་ཅིག་དཔེ་ཆ་ཤེས་ནའང་ཕ་རོལ་པོར་ཕན་པའི་ཆེད་དང༌། རང་རྒྱུད་གྲོལ་བའི་ཆེད་དུ་གསུང་གི་ཡོད་རེད་བ་མ་གཏོགས། ཁྱོད་ཀྱིས་འདི་ཤེས། ངས་འདི་ཤེས་ཟེར་ནས་མཐོ་དམན་བྱེད་བཞག་ཡ་དེ་འདྲའི་ལུགས་སྲོལ་ཡོད་མ་རེད་བ། དེ་བྱེད་དུས། ཆོས་ཆོས་བཞིན་དུ་བྱེད་ཟེར་ཡ་དེ། ཆོས་ཆོས་བཞིན་དུ་ཉམས་སུ་ལེན་ན་དེ་ཙམ་གྱི་དཀའ་ངལ་ཡོད་མ་རེད། རང་རྒྱུད་འདུལ་ཡ་དཔེ་ལས་སླ་མོ་རེད། དེ་ག་རེ་ཟེར་ན། མི་ལུས་ཁྱད་པར་ཅན་ང་རང་ཚོར་ཐོབ་བཞག་པ་དེའི་སྐབས་སུ་ཐོས་བསམ་སྒོམ་གསུམ་ཡག་པོ་བྱེད་རྒྱུ་ཡོད་རེད། དེ་ཡོད་བཞག་པ་འདི་འཕྲོ་བརླག་མི་གཏོང་བར་རང་མགོ་ཐོན་པ་ཞིག་དང་བསྟན་པ་སེམས་ཅན་ལ་ཕན་ཐོགས་པ་ཞིག སྤྱིར་ཐོས་བསམ་སྒོམ་གསུམ་སྒོམ་པ་གཙོ་ཆེ་བ་ཡིན་ཡིན་པ་རེད་དེ། སྐབས་ཐོབ་དེང་སང་དུས་ཚོད་དང་བསྟུན་པ་ཞིག་བྱེད་དུས། བཤད་པ་ཐོས་བསམ་དེ་ཤིན་ཏུ་ནས་ཀྱང་གལ་ཆེན་པོ་རེད། དེ་ཡིན་དུས་ཐམས་ཅད་དེ་སྔའང་དཔེ་ཡག་པོ་འདུག་བཀའ་དྲིན་ཆེ།

ད་རུང་ཡིན་ནའང་སློབ་སྦྱོང་ཡག་པོ་བྱོས། དེ་ནས་གཞན་བཤད་གྲྭའི་སྒྲིག་ལམ་གྱི་སྐོར་ནི་མཁན་པོ་ཐམས་ཅད་བཞུགས་ཡོད་རེད། དགེ་བསྐོས་ཐམས་ཅད་བཞུགས་ཡོད་རེད། ཐམས་ཅད་ཡིག་ཆ་གཏན་འབེབས་བྱས་ཡོད་རེད། དེ་དག་ཐམས་ཅད་ལག་ལེན་བསྟར་ཐུབ་ཡ་ཞིག ཁོས་འདི་བྱས་འདུག འདི་ང་ལ་མི་ལོ། འདིས་གཅིག་བྱས་སོང༌། འདི་ངས་ཧ་མི་གོ་ཟེར་ཡ་དེ་འདྲ་མ་གནང༌། སྒྲིག་ལམ་ཟེར་ཡ་འདི་རང་རང་སོ་སོའི་སྤྱོད་ལམ་ཡར་རྒྱས་གཏོང་རྒྱུ་དང་ཤེས་རྒྱུད་ཡར་རྒྱས་གཏོང་ཡ་དེའི་སྒོ་ནས་བཤད་ཀྱི་ཡོད་རེད་མ་གཏོགས་བཙན་དབང་མ་རེད། དེ་འདྲ་བྱེད་དུས། དཔེར་ན། ཚུལ་འཆོས་ཤུགས་ཆེན་པོ་ཞིག་བྱས་ན་རིམ་གྱིས་ཚུལ་ཁྲིམས་ཡང་དག་པར་འབྱུང་གསུངས་བ་འདྲ་ཡོད་རེད་བ། ཕྱིའི་སྤྱོད་ལམ་ཐམས་ཅད་གཟབ་གཟབ་བྱེད་ནས་དེ་རྒྱུད་ལ་བཞག་ན་རང་གི་སྤྱོད་ལམ་ག་དུས་ཡིན་ནའང་ཚུར་ཡག་པོ་ཞིག་ཡོང་ཐུབ་ཀྱི་རེད་བ།

དེ་མ་ཡིན་པར་ཉི་མ་གཅིག་གཉིས་ཤིག་སྲུང་ཐུབ་ཐུབ་འདྲ་བྱས་དེ་ནས་མཐའ་མེད་འགྲོ་མཁན་དེ་འདྲ་བྱས་ ན་ཆོ་མེད་རེད། ཡིན་ནའང་ང་ཚོའི་དགོན་པར་དེ་འདྲ་མེད་སྙམ་པ་ཞིག་ང་རང་ལ་རེ་བ་ཡོད། ཕྱི་ལ་འགྲོ་ནའང་འདྲ། ནང་དུ་འདུག་ནའང་འདྲ། ཕལ་ཆེར་གྱིས་བླ་མ་གྲྭ་པའི་ཚུལ་ཀུན་སྤྱོད་འཛིན། གཟན་ཤམ་ཚུལ་བཞིན་དུ་མནབས། ཡག་པོ་ཡིན་བསམ་པ་དེ་འདྲ་ཞིག་ཡོད། ཡིན་ནའང་དེ་ནང་བཞིན་ཞིག་ཐམས་ཅད་ཀྱིས་གཟབ་གཟབ་གནང་རོགས་གྱིས། བཤད་འདུག་དགོས་མ་རེད། ཧ་གོ་གི་རེད་བ། མི་ཞིག་ཡིན་ཚར་ནས་བཟུང་སྟེ། དེ་ཡག་པོ་རེད། དེ་སྡུག་ཆགས་རེད་ཟེར་དུས། སུས་ཀྱང་ཧ་གོ་གི་རེད་བ། དེ་ཡིན་དུས་ཉོན་མོངས་པའི་དབང་དུ་མ་གཏོང་བ་བྱེད་ནས་རང་གི་སེམས་ལ་གོ་འདྲ་ཞིག་བགོས། རང་སྐྱོན་རང་གིས་བསྲུང༌། སློབ་སྦྱོང་གནང༌། དེ་འདྲ་བཟོ་འདུག་ན་ཡག་པོ་ཆགས་ཀྱི་རེད། གཞན་དག་ཅིག་གིས་རྟག་པར་བཤད་འདུག་དགོས་ན་ཞེ་དྲག་དཀའ་ལས་ཁག་པོ་རེད། རྣ་བ་ལ་མ་འགྲོ་བ་ཞིག་དང༌། ཕན་ཚུན་ལ་མ་བདེ་བ་མང་པོ་ཡོང་རེད། རང་རང་སོ་སོའི་སྒྲིག་ལམ་དེ་རང་རང་སོ་སོས་སྲུང་སྡོད་དང༌། གཞན་གྱིས་བཤད་དགོས་ཡ་ཅི་ཡོད་མ་རེད། བཤད་ནའང་ད་ཡག་པོ་རེད་བསམ་པ་ཞིག་ཤར་གྱི་རེད་བ། དེ་ཡིན་དུས་ཐམས་ཅད་ཀྱིས་གཟབ་གཟབ་གནང༌།

དེ་ནས་གཞན་སློབ་ཚན་སྐོར་རེད། དེ་རྣམས་ཐམས་ཅད་ནི་སོ་སོར་མཁན་པོ་དང་ཁོང་རྣམ་པས་མང་པོ་ཞིག་འཆར་གཞི་བསྒྲིགས་ཡོད་རེད། དེ་དག་ཐམས་ཅད་ཁ་ཡིས་བཤད་བསྡད་པ་ཙམ་མ་ཡིན་པར་ཐམས་ཅད་ཡིག་ཐོག་ལ་ཕར་གཏན་འཇག་བཟོས། དགེ་འདུན་པ་ཐམས་ཅད་ཀྱིས་མཁྱེན་པར་གྱིས། མ་གཏོགས་ང་ཚོའི་ཚོགས་འདུ་འཚོགས་ཡིན་ཟེར་ནས་ཡི་གེ་ཞིག་བྲིས། དེ་ལག་ལེན་རྩ་བ་ནས་མེད་པ་བྱས་ཏེ་ལྷག དེ་ལྷག་ཚར་དུས། དེ་ནས་ཚོགས་འདུ་འཚོགས་མ་འཚོགས་དང༌། སྐད་ཆ་བཤད་མ་བཤད་ཅི་མི་འདུག དཔེར་ན་སློབ་གྲྭའི་ནང་ལ་བློ་རིག་རྟགས་རིགས་ཁྲིད་ཡ་ཞིག་དང༌། རྩོད་པ་རྩོད་ཡ་འདྲ་དེ། ལོ་མང་པོ་ཞིག་གི་སྔོན་ནས་བཞག་ཡོད་རེད། དངོས་གནས་དེ་ཚོ་བཟོ་དགོས་ཀྱི་ཡོད། བཞག་དགོས་ཀྱི་ཡོད། ངས་མི་ལ་བཤད་ཀྱི་ཡོད་རེད། ཁྱེད་རང་ཚོ་སློབ་གྲྭ་ལ་སྡོད་དང་བློ་རིག་རྟགས་རིགས་དག་ཡིག་སུམ་རྟགས་ཕྱོགས་ཕྱོགས་ཤིག་མས་ནས་ཤེས་ཀྱི་ཡོད་རེད། བཤད་གྲྭ་ལ་འགྲོ་དུས་སློབ་སྦྱོང་ལས་སླ་མོ་ཆགས་ཀྱི་རེད་ཟེར་ནས་ངས་རྟག་པར་བཤད་ཀྱིན་ཡོད། ཡིན་ནའང་ང་ཚོས་མས་ནས་ལག་ལེན་བསྟར་ཐུབ་མི་ཐུབ་དེ་འདྲ་རེད་ཀྱི་ཡོད་ས་རེད། དེ་དག་ཐམས་ཅད་སློབ་གྲྭ་འཛིན་གྲྭ་བདུན་པ་བརྒྱད་པ་ནང་ལ་གང་ཐུབ་ཐུབ་ཁོ་རང་དུས་ཚོད་ལ་དཔག་ཚོད་ཅིག་གི་སྒོ་ནས་མ་གཏོགས་ཧ་ཅང་རྒྱ་ཆེན་པོ་བཤད་དགོས་ཡ་ཡོད་མ་རེད།

ཁོ་རང་ཚོའི་བློ་ཚོད་ཅིག་ལ་ཕན་པ་ཞིག་གི་སྒོ་ནས་སློབ་སྦྱོང་བྱེད་རྒྱུ་ཡོད་ན་བཤད་གྲྭ་ནང་ལ་ཡར་འཛུལ་ཡོང་དུས་ལས་སླ་པོ་ཡོད་རེད། བཤད་གྲྭ་ནང་ལ་མ་འཛུལ་ནའང་རང་རང་སོ་སོའི་ཤེས་ཡོན་ཡག་པོ་འབྱོར་ཡོང་གི་ཡོད་རེད། དེ་ཡིན་དུས་ཐམས་ཅད་ཀྱིས་ཐུགས་བསམ་དེ་འདྲ་གནང༌། སློབ་སྦྱོང་ང་ཚོའི་ཁ་ནས་བཤད་བཞག་པ་དེ་ལག་ལེན་བསྟར་ཐུབ་པ་བྱེད་རྒྱུ་གལ་ཆེན་པོ་རེད། དེ་ནས་གཞན་དག་གཏོར་མ་བཅའ་བཟོ་དང་འདོན་ལྟ་དབྱངས་ཀྱི་སྐོར་མཁན་པོས་གསུངས་པ་ནང་བཞིན་རེད། དངོས་གནས་དྲང་གནས་ལྟོས་དང་ཧ་གོ་གི་རེད། མཁན་པོ་མང་པོ་ཞིག་གིས་གཏོར་མ་ནི་བཅའ་ཤེས་ཀྱི་མ་རེད། ཆོ་ག་ནི་འདོན་ཤེས་ཀྱི་མ་རེད། དེ་བཅའ་རོགས་གྱིས། འདོན་རོགས་གྱིས་ཟེར་དུས། ད་རོགས་པ་ཞིག་ཁྲིད་ཤོག་ཟེར་ནས་སྒུག་འདུག་རྒྱུ་དེ་རེད།

དེ་ནས་དེ་ཚོས་ཅི་བྱེད་བལྟ་ནས་འདོན་རྒྱུ་རེད་མ་གཏོགས་ཤེས་ཀྱི་མ་རེད། མ་ཤེས་ན་ནི་ཐབས་མེད་རེད། ཡིན་ནའང་ང་རང་ཚོ་དེང་སང་ཏོག་ཙམ་དྲག་གི་འདུག་མ་གཏོགས། མཉམ་པོ་འཚོགས་ཡོང་དུས་ང་ཚོ་བཤད་གྲྭ་བའི་གྲྭ་པ་ཞིག་ཡིན་ནས་བཟུང་སྟེ་ཁ་བཙུམས་ནས་འདུག་ཡ་ཞིག་རེད་མ་གཏོགས་དཔེ་ཆ་ཀློག་གི་མ་རེད། གྲྭ་ཚང་གྲྭ་པ་ཐམས་ཅད་ཀྱིས་དཔེ་ཆ་ཀློག་གི་རེད་འདོན་གྱི་རེད། བཤད་གྲྭ་བ་འབོར་ཆེ་བས་ཡི་གེ་འདོན་གྱི་མ་རེད། དེ་དག་ཐམས་ཅད་ཀྱིས་ང་དཔེ་ཆ་བ་ཡིན་ཟེར་ནས། དཔེ་ཆ་མ་གཏོགས་གཞན་དག་བསམ་བློ་མི་གཏོང་མཁན་ཡོད་རེད། དེ་འདྲ་མ་བྱེད། ཤེས་ཡོན་ག་རེ་ཡིན་ན་ཡང་ཐམས་ཅད་དགོས་ཀྱི་རེད། དེའི་ནང་ནས་རང་རང་སོ་སོས་ཆོས་ཉམས་སུ་ལེན་པ་ལ་ལྷ་ཟེར་ཡ་འདྲ། སྔགས་ཟེར་ཡ་འདྲ། དེ་རྣམས་གལ་ཆེ་ཤོས་ཤིག་རེད། ཐར་པ་ཐམས་ཅད་མཁྱེན་པའི་ལམ་ལ་བགྲོད་བྱེད་ཀྱི་ཐབས་གལ་ཆེ་ཤོས་ཤིག་དེ་རེད་བ།

སངས་རྒྱས་ཀྱི་ཆོས་ཤིག་གསུང་གི་ཡོད་རེད་མ་གཏོགས་མུ་སྟེགས་པའི་གཞུང་ནི་འདོན་གྱི་ཡོད་མ་རེད། བཞད་མོ་དང་བཅས། དེ་ཡིན་དུས་ཐམས་ཅད་ཀྱིས་དད་པ་དག་སྣང་བྱེད་ནས་ཉམས་ལེན་ཡག་པོ་གནང༌། ད་མང་པོ་ཞིག་བཤད་བསྡད་ཡ་མི་འདུག ཁྱོད་རང་ཚོ་ཐུགས་མཐུན་པོ་གྱིས། ཁྲིམས་previous hit གཙང next hit་མ་གྱིས། རྒྱག་རེས། ཁོང་ཁྲོ། ཏོག་ཙམ་ཞིག་ལ་དགའ་མ་དགའ་བཤད་མ་འདུག ང་ཚོ་ལ་ཤ་འབུ་རྭ་ཅོ་ཟེར་ནས་དཔེ་ཞིག་བཞག་རྒྱུ་ཡོད་རེད། དེ་འདྲ་བྱེད་རྒྱུ་ཡོད་མ་རེད། ཏོག་ཙམ་གྱིས་སྤྲོ་ལང་ཆོག་ཆོག ཁོང་ཁྲོ་ལང་ཆོག་ཆོག ཏོག་ཙམ་ཞིག་གིས་ཁོས་ང་ལ་བརྙས་བཅོས་བྱས་སོང་བསམ་པ་དེ་འདྲ་རྩ་བ་ནས་དྲན་ཉན་མ་རེད། སྐྱེ་བོ་ངན་པ་སྲང་མདའ་བཞིན། དཔེར་ན་རྒྱ་མ་ཡར་བཀྱག་ཡོང་དུས་ཏོག་ཙམ་ཡང་ལྗིད་ཡོད་ནའང་ཕར་ཚུར་ཡོ་འགྲོ་གི་རེད། དེ་འདྲ་ཞིག་གི་མི་དེའི་གང་ཡང་ལོ་གི་མ་རེད། མི་བརྟན་པོ། མི་བཟང་པོ། གཏམ་ག་རེ་བཤད་ནའང་རྣ་བ་ལ་ཤོང་མཁན། ཁོག་ཆེན་པོ་བཟོ་དགོས་རེད། ཁོག་ཆེན་པོ་ཟེར་ཡ་དེ་དང་པོ་ནས་ཡོང་བསྡད་པ་ཞིག་མ་རེད། རང་རང་སོ་སོའི་བསམ་བློ་གཏོང་སྟངས་ཀྱི་སྒོ་ནས་ཡོང་གི་ཡོད་རེད། ཐམས་ཅད་ཀྱིས་མཐུན་པོ་ཡག་པོ་ཞིག་དང་སློབ་སྦྱོང་ཡག་པོ་ཞིག་གྱིས། གོང་མ་རྣམས་ལ་གུས་བཀུར་ཡག་པོ་གནང༌། ཐུགས་རྗེ་ཆེ། དེ་ནས་ལོ་གཅིག་ལ་ང་རང་ཚོ་དཔེ་མ་སྲིད་ཡག་པོ་ཡོང་བ་ཞིག་དང༌། ད་རུང་དེའི་ནང་ནས་ཀྱང་ཁྱོད་རང་ཚོ་རྩོད་པའི་རིགས་དེ། ན་ནིང་གཞེས་ནིང་ཞིག་ངས་བཤད་རྒྱུ་བྱུང༌། དཔེ་མ་སྲིད་སྡུག་རུ་འགྲོ་ཚར་འདུག ཐལ་ངག་ཡག་པོ་བཀོད་མ་ཤེས་མཁན་འདྲ་མང་པོ་ཞིག་མཐོང་གི་འདུག དེ་འདྲ་མ་བྱེད་རྩོད་པ་ཡར་རྒྱས་ཡག་པོ་གཏོང༌།

སྤྱི་ཡོངས་སྐྱབས་རྗེ་རིན་པོ་ཆེ་རྣམ་པ་ཚོ་རྩོད་པ་ལ་ཐུགས་དགྱེས་ཀྱི་མ་རེད་དེ། ཁྱོད་རང་ཚོ་རིག་པ་ཡར་རྒྱས་འགྲོ་ཡ་དང༌། དཔེ་ཆ་བློ་ལ་ངེས་པ་དེ་འདྲའི་དགོས་པ་ལ་རྩོད་པ་དེ་དཔེ་མ་སྲིད་ཡག་པོ་རེད། ངས་ཡིན་གཅིག་མིན་གཅིག་རྩོད་པ་དགོས་ཟེར་ནས་རྩོད་པ་འཇོག་ཡ་རྩ་བ་དེ་ཡིན། དེ་ཡིན་དུས་རྩོད་པ་རང་ལ་མགོ་འཁོར་ནས་མི་ཚེ་མཐའ་ཟད་འདུག་དགོས་ཡ་ཅི་ཡོད་མ་རེད་དེ། དུས་ཚོད་དུས་ཚོད་ལ་རྩོད་ནས་ཏོག་ཙམ་ཞིག་སུ་ལ་ཡིན་ནའང་འགྲན་ཐུབ་པ་ཞིག་དེ་འདྲ་བཟོ་ན་ཕན་ཐོགས་ཡག་པོ་ཡོད་རེད། དེ་ནས་ད་ལོ་ལྷ་ཁང་སྒོ་འབྱེད་འཚོགས་ཡོང་དུས་༸རྒྱལ་བ་རིན་པོ་ཆེ་ཕེབས་ཀྱི་རེད། དགེ་ལུགས་པའི་དགེ་བཤེས་འདྲ་མཁས་པ་མང་པོ་ཡོང་མདོག་ཁ་པོ་རེད། དེའི་སྐབས་སུ་ཡིན་ནའང་དུས་ཚོད་ཐུང་ཐུང་ཞིག་གི་སྐད་ཆ་རེད་བ། ཧ་ལས་དགོས་ཡ་ཞིག་མ་ཐོན་ཡང་ཞབས་འདྲེན་མེད་པ་ཞིག་བཟོ་རྒྱུ་དེ་དཔེ་མ་སྲིད་གལ་ཆེན་པོ་རེད།

༸རྒྱལ་བ་རིན་པོ་ཆེས། སྔོན་མ་རྩོད་པ་དེ་འདྲ་ཡག་པོ་མེད། དེའིེ་བར་ཞིག་ལ་ཁོང་འདིར་ཕེབས་དུས་ཁྱོད་ཚོ་རྩོད་པ་དཔེ་མ་སྲིད་ཡག་པོ་འདུག གྲྭ་པ་དེ་ཚོ་ཨེ་ཡོད། དེ་འདྲ་གསུང་གི་འདུག ད་རུང་དེ་བས་ཀྱང་ང་ཚོ་ཡག་དགོས་རེད་མ་གཏོགས་ལོ་མང་པོ་ཞིག་སོང་ཚར་དུས་སྡུག་རུ་འགྲོ་འདུག་ཡ་ཅི་ཡོད་མ་རེད། དེ་བྱེད་དུས། རྩོད་པ་དེ་གཟབ་གཟབ་གྱིས། བཤད་པའང་ངས་དཔེ་སྡུག་རུ་འགྲོ་སྣང་འདྲ་ཞིག་འཆར་གྱི་འདུག དེ་ཡིན་དུས། དུས་ཚོད་དུས་ཚོད་ལ་བཤད་པ་གྱིས། རང་རང་སོ་སོའི་སློབ་སྦྱོང་གྱིས། བཤད་པ་ལ་བློ་རྒྱུགས་སྤྲད་མ་འདུག་མ་གཏོགས། བློ་རྒྱུགས་སུས་ཡིན་ན་ཡང་ཡི་གེ་མི་ཤེས་མཁན་འདྲ་མ་གཏོགས་ཐབས་ཆག་འདྲ་ཞིག་གིས་ཀྱང་བཤད་ཀྱི་རེད། བློ་རྒྱུགས་སྤྲད་ཀྱི་རེད་དེ། དེས་གོ་ཆོད་ཀྱི་མ་རེད། དབུ་མ་ཕར་ཕྱིན་སོགས་ག་རེ་ཡིན་ནའང་གཞུང་དེ་ཆ་ཚང་ཞིག་བློ་ཐོག་ཏུ་གང་ཐུབ་ཐུབ་ངེས་པ་གྱིས། དེ་ནས་མར་ག་ལེར་ཤོད་དང་དེ་ལ་ནོར་རྒྱུ་ཡོད་མ་རེད། ཆད་རྒྱུ་ཡོད་མ་རེད། བློ་རྒྱུགས་ཤིག་སྤྲད་ན་སེམས་པ་ཚབ་ཚུབ་བྱེད་ནས་བློ་རྒྱུགས་ཆད་འགྲོ་རེད། དེ་ནས་རང་ངོ་ཚ། གཞན་གྱིས་ཀྱང་འཕྱ་འདུག་དགོས་ཡ་ཡོང་གི་རེད། དེ་འདྲ་མ་བྱེད། ཐམས་ཅད་ཀྱིས་གཞུང་ཁོ་རང་བློ་ཐོག་ལ་ཚུར་ངེས་པ་གྱིས།

གཞུང་ཆེ་ཆུང་ག་འདྲ་ཞིག་ཡིན་ནའང་བློ་ལ་ངེས་པ་ཞིག་བྱས་ན། དེ་ལ་བཤད་སྒྲོས་ཡག་ཞན་ཞིག་ཡོང་གི་རེད་མ་གཏོགས་དཀའ་ངལ་མེད་པའི་ཐོག་ནས་རང་གི་ཡོན་ཏན་ཡག་རུ་ཡག་རུ་འགྲོ་གི་རེད། བློ་རྒྱུགས་ཤིག་སྤྲད་ཤོག་དང་བློ་རྒྱུགས་བརྗེད་འགྲོ་གི་རེད། དེ་རིང་བློ་རྒྱུགས་ཡག་ཐག་ཆོད་ཅིག་སྤྲད། ཟླ་བ་རྗེས་མ་ཡང་བསྐྱར་ཞིག་འདོན་དང་བརྗེད་ཚར་ནས་ཡོད་མ་རེད། ཡང་བསྐྱར་དུ་བློ་ལ་ལེན་དགོས་རེད། བཞད་མོ་དང་བཅས། དེ་འདྲ་མ་བྱེད་པ་གྱིས། གཞུང་ཁོ་རང་གི་དོན་དེ་དང་ས་བཅད་བློ་ཐོག་ཏུ་ངེས་པ་གྱིས། དེའི་སྒོ་ནས་མར་བཤད་པ་བྱེད་ན་དཔེ་ཡག་པོ་ཡོད་རེད། ཐུགས་རྗེ་ཆེ། ཐམས་ཅད་ཀྱིས་གཟབ་གཟབ་གནང་རོགས་གྱིས། བཀྲ་ཤིས་བདེ་ལེགས།

སྤྱི་ལོ་ ༡༩༩༩ ལོར་བསྩལ་བའི་བཀའ་སློབ། ཁ༽

རྣམ་གྲོལ་གླིང་དགོན་པའི་བཤད་གྲྭ། ལས་བྱེད་ཐམས་ཅད་དང༌། ད་ལྟ་གཞི་རིམ་སློབ་གྲྭ་ཐམས་ཅད་ཡོད་རེད། གྲྭ་ཚང་དགེ་འདུན་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ་ཡ་ཡིན། དེ་ནས་ང་རང་ཚོ་སྐབས་སུ་བབ་པའི་འཕྲོས་དོན་འདྲ་ཕྲན་བུ་ཞུ་དགོས་ཡ་ཞིག་རེད། ག་རེ་ཟེར་ན་ད་ལོ་གཅིག་གི་རང་རང་སོ་སོས་བསླབ་པ་སློབ་གཉེར་བྱེད་ཡ་དང༌། དགེ་འདུན་པ་ཐམས་ཅད་ཀྱི་རང་རང་སོ་སོའི་སློབ་སྦྱོང་རེད། ཕྱོགས་ཕྱི་ནང་གི་ལས་ཀ་བྱེད་ཡ་གི་དུས་སྐབས་ལོ་གཅིག་གི་མགོ་འདྲ་ཞིག་རེད། ཡིན་ན་གཙོ་བོ་ནི་རྟག་པར་བཤད་འདུག་ཡ་དེ་རེད། རང་རང་སོ་སོ་བླ་མ་གྲྭ་པ་དགེ་འདུན་པ་ཤ་སྟག་ཅིག་ཡིན་དུས་རྒན་པ་ཡིན་ན་འདྲ། ཆུང་བ་ཡིན་ན་འདྲ། ཐམས་ཅད་ཀྱིས་གཙོ་བོ་འདུལ་ཁྲིམས་previous hit གཙང next hit་མ་མིག་གི་འབྲས་བུ་ལྟར་དུ་སྲུང་ཡ་དེ་གལ་ཆེ་ཤོས་ཞིག་རེད། ག་དུས་ཡིན་ནའང་ཐོག་མར་ཞུ་འདུག་རྒྱུ་དེ་རེད། དེ་ཡིན་དུས་ལུང་པའི་ལང་ཕྱོགས་དང་བྱེད་སྟངས་འདྲ་པོ། གཅིག་གིས་གཅིག་ལ་དཔེ་ལེན་པ་འདྲ་པོ། དེ་ལྟར་མ་ཡིན་པ་དགོན་པ་འདིའི་ནང་འདུག་མཁན་གྱི་དགེ་འདུན་པ་ཆེ་ཆུང་སུ་ཡིན་ནའང་གཙོ་བོ་འདུལ་ཁྲིམས་ཡང་དག་པ་སྲུང་ཡ་དེ་གལ་ཆེ་ཤོས་ཤིག་རེད། ཐོག་མར་ཞུ་ཡ་དེ་ཡིན། དེའི་ཐོག་ནས་བསླབ་པ་སློབ་གཉེར་བྱེད་ཕྱོགས་ཀྱི་སྐོར་ལ། སྤྱིར་དེང་སང་མི་རྣམས་ཀྱིས་བཤད་ཀྱི་ཡོད་རེད། དུས་སྙིགས་མ་རེད། དཔེ་མ་སྲིད་དཀའ་ངལ་འོང་གི་རེད་ཟེར་བཤད་ཀྱི་ཡོད་རེད། དུས་སྙིགས་མ་ཨེ་ཡིན་ཅི་མི་ཤེས། དུས་ཀྱི་ཁུག་པ་འདྲ་ཏོག་ཙམ་ཏོག་ཙམ་ཡོད་རྒྱུ་རེད།

ང་རང་ཚོས་ལུགས་ལ་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་རྩ་གཉིས་བྱོན་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྒྲོན་མེའི་བསྐལ་པ་ཕུན་སུམ་ཚོགས་པ་ཞིག་རེད། དེ་ལ་བསྐལ་པ་རྫོགས་ལྡན་ནས་ད་ལྟ་ཚེ་ལོ་བརྒྱ་པའི་བར་དུ་སངས་རྒྱས་བཞི་བྱོན་ནས་ཆོས་ཀྱི་འཁོར་ལོ་བསྐོར་བསྟན་པ་དར་འདུག་པའི་སྐབས་དེ་འདྲ་ཞིག་རེད། བསྟན་པའི་འཕེལ་འགྲིབ་འདྲ་དང༌། བསྐལ་པའི་ཁུག་འདྲ་ཏོག་ཙམ་ཏོག་ཙམ་ཡོང་སྲིད་རྒྱུ་རེད་མ་གཏོགས། སངས་རྒྱས་སྟོང་རྩ་ལས་བཞི་མ་གཏོགས་བྱོན་མ་ཚར་རེད། ད་དུང་དགུ་བརྒྱ་དགུ་བཅུ་གོ་དྲུག་གསར་དུ་བྱོན་ཡ་རེད། དེ་ཡིན་དུས། དུས་ཀྱི་མཐའ་ལ་ཅི་ཐུག་ཡོད་མ་རེད། ཡིན་ན་ཡང་བར་སྐབས་ཤིག་ལ་རྒྱ་དམར་གྱི་རྐྱེན་གྱིས་རང་རང་སོ་སོའི་ལུང་པ་ལ་དཀའ་ངལ་ཆེན་པོ་བྱུང་ཡོད་རེད་མ་གཏོགས། དེའི་སྔོན་ནས་བོད་གངས་ཅན་ལྗོངས་ལ་སངས་རྒྱས་ཀྱི་བསྟན་པ། ཆོས་སྡེ་ཆེན་པོ་བཞི་ཡི་བསྟན་པ་དེ་ཧ་ཅང་གི་དར་རྒྱས་ཆེན་པོ་རེད། ཡིན་ནའང་བོད་ཀྱི་མི་རང་རང་སོ་སོས་གཙོ་བོར་བྱས་པའི་ལས་རྒྱུ་འབྲས་མ་བསྲུང༌། འདྲ་མི་འདྲ་མང་པོ་ལས་འབྲས་ཁྱད་གསོད་ཁོ་ན་བྱས་བཞག་པའི་རྐྱེན་གྱིས་དུས་ཀྱི་ཁུག་པ་འདྲ་ང་ཚོའི་དུས་སྐབས་ལ་འདི་འདྲ་ཞིག་བྱུང་ཡོད་རེད།

མི་ངན་ཡར་སྐྱེ་དུས་དུས་ངན་ཐུར་དུ་ལོག་ཟེར་ཡ་འདྲ་པོ་ཞིག་ང་ཚོའི་དུས་སྐབས་ལ་བྱུང་ཡོད་རེད། ཡིན་ན་ཡང་༸གོང་ས་ལྷ་མིའི་རྣམ་འདྲེན་རྒྱལ་བ་རིན་པོ་ཆེ་མཆོག་གི་གཙོས་བོད་ཀྱི་བླ་ཆེན་སྐྱེས་ཆེན་མང་པོ་ཞིག་རྒྱ་གར་ལ་ཕེབས་ཐུབ་པ་དང༌། དགེ་འདུན་པ་གང་ལ་གང་འཚམས་ཤིག་ཕེབས་འབྱོར་བྱུང་བ་ལ་བརྟེན་ནས། རྒྱ་གར་ལ་སྔོན་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟ་བུ་བྱུང་ཡོད་རེད་དེ། བར་སྐབས་ལ་བསྟན་པ་མར་ཉམས་ནས་དཀའ་ངལ་ཆེན་པོ་འཕྲད་ཡོད་རེད། ཡིན་ནའང་ད་དེང་སང་བསྟན་པ་ཡར་རྒྱས་འདྲ་ཞིག་དང་སངས་རྒྱས་བསྟན་པ་ཡར་དར་བའི་དུས་སྐབས་འདྲ་དེ་རེད། དེའི་རྐྱེན་འདྲ་པོ་དེ་རྒྱ་མི་གུང་ཁྲན་གྱིས་བོད་ལ་བསྟན་པ་བསྣུབས་འོངས་དུས་དེའི་རྐྱེན་གྱིས་འདི་ནས་བསྟན་པ་ཡར་སྤེལ་དགོས་པའི་རྩ་བ་འདྲ་དེ་ནས་བྱུང་ཡོད་རེད། རང་གིས་ཀྱང་དེ་ལ་བསམས་ནས་རྣམ་གྲོལ་གླིང་དགོན་པ་འདི་བརྒྱབ་པ་རེད།

ཐོག་མར་རྣམ་གྲོལ་གླིང་དགོན་པ་བརྒྱབ་དུས་ཡིན་ནའང་ཕྲག་དོག འགྲན་སེམས། ཆེ་ཚུགས་དེ་འདྲ་གང་ཡང་ཡོད་མ་རེད། བོད་ལ་ཧ་ཅང་གི་ཉམས་ཐག་པོ་ཞིག་བྱུང་སོང༌། བསྟན་པ་བསྣུབས་སོང༌། དེའི་བསྟན་པ་དེ་མི་ཉམས་པ་ཡར་རྒྱས་ཤིག་འོང་ན་བསམས་ནས་དེའི་ཆེད་དུ་བཤད་གྲྭ་མགོ་བཙུགས་པ་རེད། ཐོག་མར་བཤད་གྲྭ་ཞིག་མ་གཏོགས་དགོན་པའི་བསམ་བློ་ཅི་མེད། དེ་འདྲ་ཞིག་བཟོས་པ་ཡིན་ཡང་ལོ་མང་པོ་ཞིག་ལ་སྐབས་རེ་མཁན་པོ་འགྲིག་དུས་སློབ་ཕྲུག་མི་འགྲིག སློབ་ཕྲུག་གྲ་འགྲིག་དུས་མཁན་པོ་མེད་པ་འདྲ། ཟླ་བ་ལྔ་དྲུག་རེ་ཙམ་ཡར་འཛོམས་ནས་ཟླ་བ་ལྔ་དྲུག་རེ་ཙམ་ཕར་ཆད་ཤོར། དེ་འདྲ་ཐེངས་མ་མང་པོ་ཞིག་བྱུང་ནས་ཐ་མ་དེ་ལ་འདི་ཆ་ཚང་བ་འདྲ་ཞིག་བྱུང་ཐུབ་པ་དེ། ལོ་ཉི་ཤུ་རྩ་བཞི་ལྔ་ག་ཚད་རེད་ཡོད་ན་ད་ཡག་པོ་བྱུང་ཡོད་རེད། ཐོག་མ་ནས་ད་བར་དུ་ཡར་རྒྱས་ཀྱང་དཔེ་ཡག་པོ་བྱུང་ཡོད་རེད། ང་རང་གི་ཐོག་མར་བསམ་བློ་གཏོང་བ་ནང་བཞིན་ལས་དོན་འགྲུབ་པ་འདྲ་ཞིག་རེད། ང་ཡི་ཤུགས་ཅི་མ་རེད། ཁྱེད་རང་རྣམས་ཚང་མས་སེམས་ཤུགས་བརྒྱབ། ང་རང་ཚོ་ཕན་ཚུན་བརྩེ་བ་ཡོད་པ་དང༌། གཅིག་གིས་གཅིག་ལ་འབྲེལ་བ་ཡོད་པ། དེ་འདྲ་ཞིག་གི་སྒོ་ནས་ལོ་རེ་ནས་ལོ་རེ་ཡར་རྒྱས་འགྲོ་ནས། ད་ལྟ་ཧ་ཅང་བོད་གངས་ཅན་ལྗོངས་ནང་བཞིན་ཡག་པོ་ཅི་མེད་ནའང༌། སུ་དང་ཡིན་ན་ཡང་མཉམ་པོར་འདུག་ཐུབ་ཡ་འདྲ་དང༌། འདུག་ཆོག་མཁན་འདྲ་དུས་ཚོད་དེ་འདྲ་ཞིག་ཁེལ་ཡོད་རེད། གཙོ་བོ་ཁྱེད་རང་རྣམས་ཀྱིས་བཀའ་སྡོམ་པ་བསྲུང༌། དེའི་ཐོག་ནས་བསླབ་པ་སློབ་གཉེར་ལ་བརྩོན། ཉིན་མཚན་བར་མེད་ལ་དཀའ་ལས་མང་པོ་བརྒྱབ་བཞག་པ་དེའི་གྲུབ་འབྲས་ལས་བྱུང་ཡོད་རེད། དེ་ཡིན་དུས་ཐམས་ཅད་ལ་ཐུགས་རྗེ་ཆེ་བཀའ་དྲིན་ཆེ་ཞུ་ཡ་ཡིན།

ད་ལྟ་ང་རང་ཚོ་གཙུག་ལག་ཁང་འདི་འདྲ་ཞིག་ཡིན་ན་ཡང་མི་མང་པོ་ཞིག་འདུས་ཚར་དུས་ཁང་པ་ཞིག་མེད་ན་མི་འགྲིག་རེད། ཐོག་མར་ངས་འདུ་ཁང་རྙིང་པ་དེ་བརྒྱབ་དུས་རྒྱ་ཆེན་པོ་ཞིག་ཆ་གཞི་བཞག་པ་ཡིན་ཡང༌། ཡོད་ཚད་ཀྱིས་ཁྱོད་ཀྱི་ཁང་པ་ཆེ་དྲག་འདུག་ཟེར་ནས་རིམ་བཞིན་ཇེ་ཆུང་ལ་བཏང་ནས་འདི་ཙམ་ལས་བཟོ་ཐུབ་ཡོད་མ་རེད་མ་གཏོགས་ཐོག་མ་ནས་ངས་རྒྱ་ཆེན་པོ་ཞིག་གི་ཆ་གཞི་བཞག་ཡོད་རེད། ཡིན་ནའང་ཐ་མ་དགེ་འདུན་པ་མ་ཤོང་ནས་འདུ་ཁང་གསར་པ་མ་བརྒྱབ་ཀ་མེད་ཁེལ་སོང༌། འདི་དག་ཐམས་ཅད་ཡིན་ནའང་སྤྱིར་མི་མང་ཐམས་ཅད་དང༌། དེ་བཞིན་དུ་ཕྱི་རྒྱལ་ཁག་ནས་རང་རང་སོ་སོའི་འབྲེལ་བ་ཡོད་པ་སློབ་མ་ཐམས་ཅད་ཀྱིས་ང་ལ་བརྩེ་བ་དང༌། ཁོ་རང་རྣམས་ཀྱིས་དད་འདུན་བྱས། དེ་འདྲའི་སྒོ་ནས་ཕུལ་བཞག་པ་ཤ་སྟག་ཅིག་རེད་མ་གཏོགས། ནག་ཚོང་བརྒྱབ། རྐུ་བྱས། ཇག་བྱས། འདྲ་མི་འདྲ་བྱས་ནས་དཔལ་འབྱོར་བསགས་བཞག་པ་རྩ་བ་ནས་ཡོད་མ་རེད།

སྦྱིན་བདག་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་ཡར་བཟོས་ཡོད་རེད། ཡར་བཟོ་བའི་གནས་སྐབས་ཡིན་ནའང་ཕྱི་གཙུག་ལག་ཁང་ཞིག་བཟོ་ཚར་དུས་ནང་ན་སྐུ་གསུང་ཐུགས་རྟེན་རེད། ཐམས་ཅད་ཆ་ཚང་བ་ཞིག་མེད་ན་ཧོབ་ཆེན་པོ་ཞིག་བཟོས་བཞག་ན་ཆོ་མེད་པ་འདྲ་ཞིག་མཐོང་ནས། ནང་གི་སྐུ་གསུང་ཐུགས་རྟེན་འདི་རྣམས་ཐམས་ཅད་ཆ་གཞི་བཞག་ནས་བཟོ་རྒྱུ་དེ་རེད། དེ་དུས་ཡིན་ནའང་གཙོ་བོ་སློབ་དཔོན་ཉི་མ་རེད། ངག་དབང་རེད། གྲགས་པ་རེད། ལྷ་བཟོ་ཐམས་ཅད་ལྷག་བསམ་ཡོད་མཁན་ཤ་སྟག་རེད། ཁོང་རྣམ་པས་ལྷག་བསམ་མཛད་ནས་ཆ་གཞི་བཞག སེམས་ཤུགས་བརྒྱབ། དབུ་ཁྲིད་བྱས་ནས་ཡར་བཟོས་བཞག་པ་རེད།

ང་རང་ཚོའི་གྲྭ་པ་རྣམས་ཡིན་ན་ཡང་རང་རང་སོ་སོས་ལྷག་བསམ་གང་ཡོད་ཀྱི་ཐོག་ནས་ཉིན་མཚན་བར་མེད་དུ་དཀའ་ངལ་བརྒྱབ་བཞག་པའི་གྲུབ་འབྲས་དེ་ལ་ང་རང་ཚོའི་གཙུག་ལག་ཁང་དཔེ་ཡག་པོ་ཐོན་སོང༌། དེ་ཐོན་སོང་བ་དེའང་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པ་ཞིག་དང༌། མཐོང་གྲོལ་ཐོས་གྲོལ་ཡོང་ཡ་འདྲ་པོ་རེད་མ་གཏོགས༌། ང་ཚོས་གཙུག་ལག་ཁང་ཆེན་པོ་བཟོས་ཡོད། གཅིག་ཡིན་གཉིས་ཡིན་ཟེར་ནས་ང་རྒྱལ་བྱེད་ཡ། འགྲན་སེམས་བྱེད་ཡ། རུ་ང་བྱེད་ཡ་སྣེ་གཅིག་ཡོད་མ་རེད། འདི་འདྲ་ཐོན་པ་དེ་རང་གཞན་ཚང་མ་ལ་བཟང་འབྲེལ་ངན་འབྲེལ་གྱི་སྒོ་ནས་འབྲེལ་བ་ཐོབ་པའི་སེམས་ཅན་ག་ཚད་ཅིག་ཡོད་རེད། དེ་རྣམས་གཙོས་བྱས་པའི་ཕ་མ་སེམས་ཅན་ཐམས་ཅད་ལ་ཡང་ནས་ཡང་དུ་བསྔོ་བ་བྱེད། དཀོན་མཆོག་ལ་མཆོད་པ་འབུལ། དེ་འདྲ་ཞིག་གི་ཐོག་ནས་འགྲོ་བ་རེད་མ་གཏོགས་འཇིག་རྟེན་ཆོས་བརྒྱད་ཀྱི་བསམ་བློ་རྡུལ་ཙམ་ཡང་ང་ལ་མེད། ཁྱེད་རང་རྣམས་ཀྱིས་ཀྱང་དེ་ནང་བཞིན་དགའ་བས་རྗེས་སུ་ཡི་རང་གྱིས། བསོད་ནམས་ག་རེ་ཡོད་ན་ང་རང་ཚོ་ཚང་མ་ལ་འདྲ་མཉམ་དུ་ཐོབ་ཀྱི་ཡོད་རེད། དེ་ཡིན་དུས་དེ་དག་ཐམས་ཅད་སྤྱི་ཡོངས་ཀྱི་ཁྱེད་རང་རྣམས་དཔེ་ཆ་ཤེས་མཁན་རེད། ཧ་གོ་གི་རེད་དེ། ཡིན་ནའང་མི་ཟེར་ཡ་དེ་ལ་འཇིག་རྟེན་གྱི་བསམ་བློ་འདྲ་ཏོག་ཙམ་ཏོག་ཙམ་ཡོང་སྲིད་ཀྱི་རེད། དེ་འདྲ་མ་བྱས་ན་ཡག་པོ་རེད། དགོས་པ་ཅི་ཡོད་མ་རེད། ང་རང་ཚོ་ཚང་མས་དགའ་བས་རྗེས་སུ་ཡི་རང༌། རང་རང་སོ་སོས་དད་པ་མོས་གུས་ཕྱག་དང་སྐོར་བ་བྱེད། འདི་ནང་འདུག་ནའང་དགའ་སྤྲོ་དང་ལྡན་པའི་སྒོ་ནས་བཞུགས་ན་ཡག་པོ་རེད། འདི་ཡི་སྐོར་ལ་གླིང་ཁ་འདྲ་པོ་ཏོག་ཙམ་ཡོད་རེད།

ང་དཔལ་འབྱོར་མེད་མཁན་རེད། རྒྱ་ཆེན་པོ་ཅི་ཐུབ་ཡོད་མ་རེད་དེ་ཏོག་ཙམ་ཏོོག་ཙམ་བཟོས་ཡོད་རེད། འདི་ཐམས་ཅད་དམིགས་ཡུལ་དེ་ཁྱེད་རང་རྣམས་འདི་ན་བཞུགས་འདུག་དུས་གླིང་ཁ་ནང་ཕར་ཚུར་འགྲོ། འཁྱམས། བལྟ། དེ་འདྲ་བྱེད་འོང་དུས་སེམས་པ་སྐྱིད་པོ་དང་དགའ་པོ། ལྷོད་ལྷོད་འདྲ་ཡོང་གི་རེད་བསམ། སེམས་པ་ཞི་བ་ཞིག་ཡོང་ན་བསླབ་པ་སློབ་གཉེར་བྱེད་ན་འདྲ། ཉམས་ལེན་བྱེད་ན་འདྲ། ཏོག་ཙམ་ལྷོད་པོ་ཡག་པོ་ཡོང་གི་ཡོད་རེད། དེའི་རྐྱེན་གྱིས་དམིགས་བསལ་འདི་རྣམས་བཟོ་དགོས་ཡ་རྩ་བ་དེ་རེད་མ་གཏོགས། གཞན་མེ་ཏོག་ལྡུམ་ར་དང་གླིང་ཁ་བཟོ་དགོས་ཡ་ཅི་མི་འདུག ཡིན་ནའང་ཁྱེད་རང་ཚོ་ཐམས་ཅད་འདུག་བདེ་པོ་དང༌། སེམས་དགའ་པོ་སྐྱེ་ཡ་འདྲ་ཞིག་ཡོད་རེད། དེ་ཡིན་དུས་དམིགས་བསལ་དཀའ་ངལ་བརྒྱབ་ནས་འདི་རྣམས་བཟོ་དགོས་ཡ་དེ་རེད་མ་གཏོགས་སུ་གཅིག་ལ་འགྲན་སེམས་བྱས་མེད། སུ་གཅིག་ལ་ཆགས་སྡང་རྩོད་མེད། རང་རང་སོ་སོའི་ལས་དོན་དེ་རང་རང་སོ་སོས་སྒྲུབ། བསྟན་པ་སེམས་ཅན་ལ་བསམ་བློ་གཏོང༌། འབྲེལ་བ་ཐོབ་པའི་སེམས་ཅན་རྣམས་ཀྱིས་ཏོག་ཙམ་འབྲེལ་བ་ཡོད་པ་དེ་ཐམས་ཅད་ཆུད་ཟོས་མ་སོང་བའི་སྒོ་ནས་འདི་དག་ཐམས་ཅད་བསྒྲུབས་བཞག་པ་དེ་འདྲ་ཞིག་རེད། དེ་དག་ཐམས་ཅད་ང་ཚོས་དཔག་ཚོད་ཅིག་ལ་ཡག་པོ་འགྲུབ་ཡོད་རེད།

ཁྱེད་རང་རྣམས་ཀྱིས་ཀྱང་གོང་དུ་ཞུས་པ་བཞིན་དུ་རྟག་པར་སློབ་སྦྱོང་ཤུགས་ཆེན་པོ་གནང༌། ཡག་པོ་མཛད་འདུག་པ་དེ་ནང་བཞིན་ད་རུང་ཡིན་ན་ཡང་ག་ཚོད་ཡིན་ན་སློབ་སྦྱོང་ཤུགས་ཆེན་པོ་བྱེད་ཐུབ་པ་ཞིག་གནང༌། འདོད་རྒུ་ཕུན་སུམ་ཚོགས་པ་ང་ཚོ་ལ་ཅི་ཡོད་མ་རེད། ཡིན་ནའང་ཟ་ཡ་འཐུང་ཡ་ཡོད་ཙམ་ཞིག་རེད། དེ་འདྲ་ཞིག་གི་སྒོ་ནས་རང་རང་སོ་སོར་དགོས་པའི་ཡོན་ཏན་སྦྱོང་ཐུབ་ཡ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་ཡིན་དུས་ཐམས་ཅད་ཀྱིས་སློབ་སྦྱོང་ཡག་པོ་གནང་རོགས་གྱིས། འདིར་སློབ་སྦྱོང་བྱེད་ཡ་འདྲ་ཞིག་བཤད་གྲྭ་གཞན་དག་དང༌། དགོན་པ་གཞན་དག་ལ་ངས་ཡོད་མ་རེད་ཟེར་གྱི་མིན་ཏེ། ཡིན་ན་ཡང་མཁན་པོ་རེ་རེ་གཉིས་རེ་དང༌། དགེ་རྒན་རེ་རེ་གཉིས་རེ་ཙམ་མ་གཏོགས་དཀའ་ལས་ཁག་པོ་རེད། ང་ཚོ་འདིའི་ནང་ལ་མཁན་པོ་མང་པོ་ཡོད་རེད། དགེ་རྒན་དཔེ་མ་སྲིད་མཁས་པ་མང་པོ་ཞིག་ཡོད་རེད། སློབ་ཕྲུག་ནང་ནས་ཡིན་ནའང་འཛིན་རིམ་མཐོ་ཤོས་རྣམས་ལ་མཁས་པ་མང་པོ་ཡོད་རེད། དེ་རྣམས་ཐམས་ཅད་ཀྱི་ཤེས་ཡོན་དེ་མི་རེ་རེས་ཡིན་ནའང་བསྡུ་ཐུབ་དགོས་ཀྱི་རེད། བསྡུ་ས་འདྲ་ཆགས་ཡོད་རེད།

རང་རང་སོ་སོས་བསམ་མནོ་མ་གཏོང་ན་དེ་རེད། བསམ་མནོ་གཏོང་ན་མཁན་པོ་དགེ་རྒན་ཡོངས་རྫོོོགས་ཀྱི་ཡོན་ཏན་དེ་ལེན་ཆོག་གི་ཡོད་རེད། བསྡུ་ཆོག་གི་ཡོད་རེད། ཐམས་ཅད་ཀྱིས་ཁྱེད་རང་ཚོ་ལ་ཤེས་ཡོན་སྤྲད་པའི་ཆེད་དུ་གང་ཐུབ་ཐུབ་ཀྱིས་སློབ་སྦྱོང་བྱས་ནས་སློབ་སྦྱོང་སྤྲད་ཀྱི་ཡོད་རེད། སྔོན་མ་བོད་ལ་ཤིང་བཟོ་མཁས་པ་ཞིག་ཡོད་དར་རེད། དེ་ལ་བུ་གཅིག་ཡོད་རེད། ཤིང་བཟོ་དེ་དཔེ་མཁས་པ་རེད། བུ་དེས་ཨ་ཕ་ང་ལ་ཤིང་བཟོ་ཞིག་སློབ་དང་བྱས་རེད། ཡ་ཡ་ཟེར་བསླབ་རོགས་མ་བྱས་རེད། ཐེངས་མ་མང་པོའི་བར་དུ་ལབ་ན་ཡང་བསླབ་རོགས་མ་བྱས་རེད། བསླབ་མ་བསམ་ཅི་ཡིན་ས་མ་རེད་དེ། ལམ་སང་ལམ་སང་བསླབ་མ་ཐུབ་རེད། སྐོར་ཅིག་ཕ་རྒན་དེ་ཆུ་བརྒལ་དུས་ཆུ་ཆེན་པོ་ཞིག་གིས་ཁུར་སོང་རེད། བུ་ཆུ་ཚུར་རི་ལ་འདུག་ཡོད་དུས། ཕ་རྒན་གྱིས། བུ། ཤིང་ཕོ་ཤིང་གཞོག་ན་ཐུར་ནས་གཞོག མོ་ཤིང་གཞོག་ན་གྱེན་ནས་གཞོག བུ་ཤིང་གཞོག་ན་འཕྲད་ནས་གཞོག་ཨ། བྱས་རེད། བུས། ཨ་ཕ་ད་ཁྱེད་རང་ཁུར་སོང་ང་ལ་མི་དགོས་བྱས་པ་རེད། དེ་ནང་བཞིན་བྱས་ནས་ང་ཚོའི་སློབ་སྦྱོང་ཁོག་ན་ཉར་བསྡད་མཁན་སུ་ཡོད་མ་རེད། གང་ཤེས་པ་དེ་ཁྱེད་རང་ཚོ་ལ་ག་དུས་ཡིན་ན་སློབ་སྦྱོང་སྤྲད་བསྡད་ཀྱི་ཡོད་རེད། སྤྲད་བསྡད་པ་དེ་རང་རང་སོ་སོས་སློབ་སྦྱོང་ཤེས་རྒྱུད་ལ་ཚུར་སྦྱར་ཐུབ་དགོས་རེད་མ་གཏོགས་ཕན་པ་ཡོད་མ་རེད། ཕ་རྒན་གྱིས་སྤྲད་ན་ཡང་བུས་མ་ལེན་ན་བྱེད་ཡ་ཅི་ཡོད་མ་རེད། བཞད་མོ་དང་བཅས།

མཁན་པོ་རྣམས་ཡིན་ནའང་དཀའ་ངལ་ག་ཚད་བརྒྱབ་ནས་ཁྱེད་རང་རྣམས་ལ་སློབ་སྦྱོང་སྤྲད་ཀྱི་ཡོད་རེད། དེ་བཞིན་དུ་དགེ་རྒན་ཐམས་ཅད་ཀྱིས་ཡིན་ནའང་ཁོ་རང་ཚོ་ལ་ཤེས་ཡོན་ག་ཚོད་ཡོད་ཡོད་དེ་ཁྱེད་རང་ཚོ་ལ་སློབ་སྦྱོང་སྤྲད་ཀྱི་ཡོད་རེད། དེ་ཡོད་པ་དེ་ཁྱེད་རང་ཚོ་དཔེ་མ་སྲིད་སྐལ་བ་བཟང་པོ་རེད། མཁས་པ་མང་པོ་ཞིག་སྦྱང་ས་ཡོད། བསྟེན་རྒྱུ་ཡོད་པ་དང༌། སློབ་སྦྱོང་བྱེད་རྒྱུ་ཡོད་པ་དེ་དཔེ་མ་སྲིད་ཡག་པོ་རེད།

ངས་རྣམ་གྲོལ་གླིང་དགོན་པ་རང་ཆེ་བཟོ་འདུག་གི་མེད་དེ། དགོན་པ་འདིའི་ནང་ན་ལོ་རེ་ནས་ལོ་རེ་བཞིན་དུ་སློབ་སྦྱོང་ཡག་པོ་བྱས་ནས་སྦྱོང་མཁན་དེ་ཚོ་ག་ཚོད་ཤེས་ཡོན་ཡར་རྒྱས་འགྲོ་གི་འདུག ས་གནས་གཞན་དག་ལ་ལོ་མང་པོ་སྦྱོང་འདུག་པ་ལས་འདི་ན་ལོ་རེ་རེ་གཉིས་རེ་ལ་ཤེས་ཡོན་འབྱོར་ཆེ་གི་ཡོད་བ། མ་སྦྱོང་ན་ནི་ཤེས་ཀྱི་མ་རེད་བ། དཔེར་ན་མཁན་པོ་བརྩོན་འགྲུས་འདས་པོ་འདྲ་ཞིག་ཡིན་ན་ཝ་ར་ཎ་སི་ལ་ནམ་ཡིན་ན་ཕར་ཚུར་ཁོང་འགྲོ་བསྡད་ཀྱི་ཡོད་དེ་རྣམ་གྲོལ་དགོན་པའི་གྲྭ་པ་ཚོ་ལ་ཤེས་ཡོན་འབྱོར་བ་འདྲ་ཞིག་གཞན་དག་ལ་རྩ་བ་ནས་འབྱོར་གྱི་མི་འདུག འདི་ན་དཔེ་ཆ་ཁྲིད་དུས་ང་དཔེ་དགའ་གི་ཡོད། གསུངས་ནས་ནམ་ཡིན་ན་བསྔགས་བརྗོད་གནང་གི་འདུག མཁན་པོ་ཟླ་ཟེར་ཡིན་ནའང་སྔོན་ནས་ངས་ཐེངས་མ་མང་པོ་ཞུས་ཡིན་ཏེ་ཕེབས་ཐུབ་མ་སོང༌། རྗེས་མར་འདིར་ཕེབས་ནས་ཁྱེད་རང་ཚོ་ལ་དཔེ་ཁྲིད་གནང་སློབ་སྦྱོང་བྱེད། དེ་འདྲ་བྱེད་འོང་དུས་མཁན་པོ་དཔེ་མ་སྲིད་ཐུགས་དགྱེས་ནས། ཨ་དེ་འདྲ་སློབ་སྦྱོང་ཡག་པོ་འབྱོར་སོང༌། ཏོག་ཙམ་འདྲ་གི་མི་འདུག ང་ད་ལོ་བོད་ལ་འགྲོ་དགོས་སོང་མ་གཏོགས་དངོས་གནས་བྱས་ན་སྔོན་ནས་འདིར་འོང་སྟེ་སློབ་སྦྱོང་སྤྲད་ན་དཔེ་ཡག་པོ་ཡོད་ས་རེད། ང་བོད་ནས་ཚུར་འོང་ཐུབ་ན་རྣམ་གྲོལ་གླིང་དགོན་པ་ལ་རོགས་པ་བྱེད། སློབ་སྦྱོང་སྤྲད་ཀྱི་ཡིན་གསུངས་ནས་ག་ཚོད་ཐུགས་དགྱེས་དགྱེས་གནང་སོང༌།

དེ་ནང་བཞིན་རེད། ཕྱི་ལོགས་ཀྱི་མཁན་པོ་རྣམས་ཀྱིས་ཁྱེད་རང་ཚོའི་ཤེས་རྒྱུད་ལ་བལྟ། ཕན་ཚུན་བསྡུར་འོང་དུས་ཡོན་ཏན་ཡག་པོ་ཡོད་པ་དེ་མང་པོ་ཞིག་གིས་བསྔགས་པ་བརྗོོོད་ཀྱི་ཡོད་རེད་མ་གཏོགས་རེ་རེ་གཉིས་རེ་མ་རེད། དེ་འདྲ་ཞིག་ཡིན་དུས་རྒྱ་གར་ལྷོ་ཕྱོགས་ན་ཉ་ཤ་མང་པོ་ཟ་རྒྱུ་ཡོད་རེད། དེས་རིག་པ་འཕེལ་བསྡད་ཡིན་རྒྱུ་རེད། བཞད་མོ་དང་བཅས། ཡིན་ན་ཤེས་ཡོན་ཡག་པོ་འབྱོར་གྱི་ཡོད་རེད། ཤེས་ཡོན་ཡག་པོ་འབྱོར་བ་དེ་ནང་བཞིན་ཁྱེད་རང་ཚོས་སློབ་སྦྱོང་དེ་གཟབ་གཟབ་བྱེད་དགོས་རེད། རྒྱ་གར་གྱི་སྔོན་གྱི་མཁས་པ་པཎྜི་ཏ་མང་པོ་ཞིག་རྒྱ་གར་ལྷོ་ཕྱོགས་ནས་འབོར་ཆེ་བ་དེ་ཐོན་འདུག་སའི་ས་གནས་དེ་ཡིན་པ་རེད། ས་ཁྱད་པར་ཅན་རེད། ད་ལྟ་རྒྱ་གར་ནང་གི་མི་མཁས་པ་ཡོན་ཏན་ཆེ་བ་དེ་ཐམས་ཅད་མང་ཆེ་བ་ཞིག རྒྱ་གར་ལྷོ་ཕྱོགས་ནས་རེད་བསྡད་ཡོད་རེད། ས་གནས་ཁྱད་པར་ཅན་དམིགས་བསལ་ཞིག་ཡིན་ས་རེད། བྱེད་དུས་ང་རང་ཚོ་དགོན་པ་ནང་གི་སློབ་སྦྱོང་བྱེད་མཁན་ཐམས་ཅད་ཀྱིས་ཡག་པོ་བྱེད་ཀྱི་ཡིན་ན་ལོ་ཁ་ཤས་སྟེང་ནས་ཕན་སྐྱེད་ཆེན་པོ་འགྲོ་གི་རེད། དེ་ཡིན་དུས་ཐམས་ཅད་ཀྱིས་ཐུགས་བསམ་རྒྱ་ཆེན་པོ་གཏོང༌། རྟག་པར་ཞུ་འདུག་ཡ་དེ་རེད། དང་པོ་ནས་སེམས་བསྐྱེད་རྒྱ་ཆེན་པོ་བྱེད་དགོས་རེད།

ངས་དཔེ་ཆ་ཡག་པོ་ཞིག་ཤེས་ན་ག་ཤེད་འགྲོ་ནས་ཟླ་བ་རེ་ལ་སྒོར་མོ་སྟོང་ཕྲག་རེ་རེ་གཉིས་རེ་རག་ན་བསམ་པ་འདྲ་པོ་འཇིག་རྟེན་ཆོས་བརྒྱད་དཔལ་འབྱོར་འདུ་འགོད་ཀྱི་བསམ་མནོ་མ་གཏོང་མ་གཏོགས། དེས་ཤེས་ཡོན་ཞིག་ཡོད་ནའང་ཕན་ཐོགས་ཡ་དེ་དཀའ་ལས་ཁག་པོ་རེད། དང་པོ་ནས་སེམས་ཤུགས་ཆེན་པོ་ཞིག་གི་ཐོག་ནས་སློབ་སྦྱོང་བྱེད་ཀྱི་ཡིན་ན་ཚེ་འདི་ལའང་རང་ས་ཆ་ག་བར་སོང་ན་ཕན་པ་རྒྱ་ཆེན་པོ་ཡོང་ཐུབ་པ་ཞིག་དང༌། སངས་རྒྱས་ཀྱི་གོ་འཕང་བྱང་ཆུབ་ཀྱི་ལམ་ལ་འགྲོ་བའི་དུས་སྐབས་ཡིན་ནའང་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པའི་ཚེ་ཧ་ཅང་གི་རྒྱ་ཆེན་པོ་ཡོང་ཐུབ་པ་ཞིག་རང་ཤུགས་ཀྱིས་ཡོང་གི་ཡོད་རེད། ང་རང་གཅིག་པོ་བསམ་འདུག་ན་ཕན་པ་ག་ཚོད་ཡོད་མི་ཤེས། དེ་ཡིན་དུས་ཐམས་ཅད་ཀྱིས་ག་དུས་ཡིན་ནའང་སེམས་བསྐྱེད་རྒྱ་ཆེན་པོ་དང༌། སེམས་ཤུགས་རྒྱ་ཆེན་པོ་གྱིས། སྤྱིར་སངས་རྒྱས་ཀྱི་བསྟན་པ་དང༌། ཁྱད་པར་སྔ་འགྱུར་རྙིང་མ་པ་རང་རང་སོ་སོའི་བསྟན་པ་འདི་ལ་བྱ་བ་བྱེད། སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པ་ཞིག་བྱེད་བསམ་པའི་སྒོ་ནས་ཐུགས་བསམ་ག་ཚོད་ཡིན་ན་རྒྱ་ཆེན་པོ་གྱིས།

ཆོས་ཐུན་ཞིག་མ་གསུང་ན་མ་གཏོོོོགས་ནམ་མཁའ་དང་མཉམ་པའི་སེམས་ཅན་གསུང་འདུག་གི་ཡོད་རེད་བ། དེའི་ནང་བཞིན་སེམས་བསྐྱེད་ཡག་པོ་གྱིས། སྤྱི་ཡོངས་ཀྱི་མཁན་པོ་རྣམ་པ་རེད། སྤྲུལ་སྐུ་རྣམ་པ་རེད། རྒན་རབས་ཐམས་ཅད་ལ་བརྩི་བཀུར་དང༌། གུས་བཀུར་གྱིས། བསླབ་པ་རྒན་གཞོན་ལྟར་དུ་གུས་བཀུར་བྱེད་ཡ་དེ་གལ་ཆེན་པོ་རེད། དེའི་གུས་བཀུར་བྱེད་ས་དེ་ཏོག་ཙམ་བློ་ལ་འབབ་མི་འབབ་ཡོད་ཤས་ཆེ་སྟེ། དོན་རང་རང་སོ་སོས་བསོད་ནམས་བསག་གི་ཡོད་རེད། བསོད་ནམས་ཟེར་ཡ་དེ་ཆེ་ན་འདྲ། ཆུང་ན་འདྲ་བསག་དགོས་ཀྱི་རེད། བུ་རྒྱུད་ཀྱིས་ཕ་མ་ལ་གུས་བཀུར་ག་ཚོད་བྱས་ནའང་བུ་རྒྱུད་ལ་བསོད་ནམས་རྒྱ་ཆེན་པོ་ཐོབ་ཀྱི་རེད། ཕ་མ་ལ་གནས་སྐབས་བྱམས་པོ་བྱེད་དུས་ཏོག་ཙམ་དགའ་གི་རེད་དེ། ཡིན་ན་དེའི་འབྲས་བུ་དེ་གཙོ་བོ་བུ་རྒྱུད་དེ་ལ་སྨིན་གྱི་ཡོད་རེད། དེ་ནང་བཞིན་རེད། དེང་སང་དུས་སྙིགས་མ་རེད། ཐམས་ཅད་ཀྱིས་འདྲ་འདྲ་ཡིན་དྲན་གྱི་རེད། དགེ་རྒན་ཐམས་ཅད་ལ་སློབ་ཕྲུག་རྣམས་ཀྱིས་ངོ་རྒོལ་བྱེད་པའི་དུས་ཚོད། བརྙས་བཅོས་བྱེད་པའི་དུས་ཚོད་རེད། དེ་འདྲ་རྩ་བ་ནས་བྱེད་རྒྱུ་ཡོད་མ་རེད། ག་རེ་ཟེར་ན་དགེ་རྒན་ལ་ཏོག་ཙམ་ཐུབ་རྒྱུ་རེད། རྒྱ་ཆེན་པོ་ཅི་ཐུབ་མིན་མི་ཤེས། དོན་དུ་རང་རང་སོ་སོའི་མི་ཚེ་དེའི་བསོད་ནམས་དེ་ཟད་འགྲོ་གི་རེད། བྱེད་དུས་རྒན་པ་ལ་གུས་བཀུར་བྱེད་ཡ་དང༌། རང་རང་སོ་སོའི་བསླབ་པ་གནས་སྐབས་ཀྱི་དོན་དུ་ཅི་མ་རེད།

ཐར་པ་དང་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མཐར་ཐུག་གི་བདེ་བ་ཐོབ་པའི་ལམ་དེ་རེད། དེ་ཡིན་དུས་དེའི་ལམ་བསླབ་པ་དང༌། གདམས་པ་ཐམས་ཅད་ཅིག་ལའང་གུས་བཀུར་བྱེད་ཡ་དང༌། ཉི་མ་རེ་རེ་ཡིན་ནའང་འདུལ་ཁྲིམས་བསྲུང་རྒྱུ་ཡོད་པ་དེ་ཤིན་ཏུ་སྐལ་བ་བཟང་པོ་ཡིན་པ་ཧ་གོ་བར་བྱས་ནས་རང་གི་བསླབ་པ་ལ་གཅེས་སྤྲས་བྱེད་དགོས་རེད། སེམས་ཅན་བློས་མ་གཏོང་བ་ཞིག་དང༌། བྱང་ཆུབ་སེམས་མི་ཉམས་པ་ཞིག་གྱིས། དེ་ཡིན་དུས་ཐམས་ཅད་ཀྱིས་གཟབ་གཟབ་གནང་རོགས་གནང༌། ང་རང་ཚོའི་དགོན་པ་འདི་ལ་ནམ་ཡིན་ན་ངས་བཤད་ཀྱི་ཡོད། སྲིད་དོན་རྩ་བ་ནས་བྱེད་མ་འོང༌། མཁན་པོ་རྣམས་རེད། དགེ་རྒན་རྣམས་རེད། ཏོག་ཙམ་ཏོག་ཙམ་བཤད་མཁན་ཡོད་ནའང་ཁ་རྩེད་མོ་རྩེ་ཞོར་འདྲ་ཡིན་ན་དེ་རེད་མ་གཏོགས་སྲིད་དོན་ག་དུས་ཀྱང་བྱེད་མ་འོང༌། སྲིད་དོན་བྱེད་ནས་ང་ཚོས་ཁུངས་ཆོད་ཀྱི་མ་རེད།

བོད་བསྟན་པ་ཆབས་སྲིད་ཀྱི་སྒོ་ནས་བསྟན་པ་ལ་ཕན་ཐོགས་པའི་སྲིད་དོན་ཞིག་བྱེད་རྒྱུ་ཡོད་ན་དེང་སང་ཏོག་ཙམ་ཕན་རྒྱུ་རེད་དེ། ཡིན་ན་ང་ཚོ་ལ་དེ་ཡོད་མ་རེད། སྲིད་དོན་བྱེད་མཁན་དེས་འཛམ་གླིང་ཁོང་ཆུབ་འདྲ་པོ་བྱས་ནས། ཐ་ནའང་ལོ་བཅུ་བཅོ་ལྔ་ནང་ལ་ག་རེ་ཡོང་བ་དང༌། དེའི་ལས་ཀ་དེ་བྱས་ན་ག་རེ་ཡོང་ཧ་གོ་བ་ཞིག ངས་སྲིད་དོན་འདི་བྱས་ན་ཕན་པ་འདི་ཡོང་བ་དང༌། གནོད་པ་འདི་བཟློག་ཐུབ་ས་རེད་བསམ་པའི་རང་གི་སེམས་ཀྱིས་དཔོག་ཐུབ་པ་ཞིག་དང༌། ལག་ལེན་བྱེད་དུས་དེ་ལྟར་དུ་ཡོང་ཐུབ་པ་ཞིག་དགོས་རེད། དེ་འདྲ་ང་ཚོ་ལ་ཡོད་མ་རེད། ཤེས་རྒྱ་ཆེན་པོ་ཡོད་མ་རེད། དེ་ཡིན་དུས་ག་རེ་གནོད་ཀྱི་རེད་ཟེར་ན། ཉོན་མོངས་པ་མང་རུ་མང་རུ། ཆགས་སྡང་མང་རུ་མང་རུ། རང་རང་སོ་སོར་ཕན་ཚུན་དགའ་ས་བརྩེ་ས་ཡོད་ཚད་ཅིག་ལ་མ་དགའ་བ་དང༌། མ་བདེ་བ་མང་པོ་ཞིག་ཡོང་གི་རེད་བ། དེ་མ་ཡིན་པ་སངས་རྒྱས་ཀྱིས་གསུངས་པ་ནང་བཞིན་ཞི་དུལ་ལྷོད་གསུམ་གྱི་སྒོ་ནས་རང་རང་སོ་སོ་ཆོས་དང་མཐུན་པ་བྱེད་ནས་སྡོད་དང༌། དེ་ལ་ཕན་ཡོན་དང་བྱིན་རླབས་ག་ཚོད་ཡོད་ན་མ་གཏོགས་གནོད་འཚེ་གང་ཡང་ཡོད་མ་རེད། དེ་ཡིན་དུས་ཁུངས་མ་ཆོད་པའི་སྲིད་དོན་དགོས་པ་ཡོད་མ་རེད། རང་རང་སོ་སོས་ཁུངས་ཡོད་པའི་བསླབ་པ་སློབ་གཉེར་བྱེད་ནས་ཉམས་སུ་ལེན་ཡ་དེ་གལ་ཆེ་བ་རེད། ཁྱེད་རྣམ་པས་བྱེད་ཀྱི་ཡོད་རྒྱུ་མ་རེད་བསམ་གྱི་ཡོད། ངས་རྟག་པར་ཞུ་འདུག་དུས་ཁྱེད་རྣམ་པས་ཀྱང་དེ་ནང་བཞིན་ལག་ལེན་བསྟར་གྱི་ཡོད་རྒྱུ་རེད་དྲན་གྱི་ཡོད། མི་ལ་ཡང་བཤད་ཀྱི་ཡོད། ཡིན་ནའང་གྲྭ་པ་རེ་ཟུང་གིས་བལ་ཡུལ་ཀྱི་འབྲུག་པ་དང་འབྲུག་གཞུང་གཉིས་བར་ལ་སྐད་ཆ་འདྲ་མི་འདྲ་ཏོག་ཙམ་ཞིག་ང་ཚོའི་ཕྱོགས་ནས་ཕར་ཡི་གེ་ཐོག་ནས་མང་པོ་ཡོང་གི་འདུག་ཟེར་བཤད་འོང་གི་འདུག དེ་ཐམས་ཅད་འབྲུག་པས་ཟེར་འོང་གི་ཡོད་མ་རེད།

རྒྱ་གར་གཞུང་གི་ཞིབ་འཇུག་པས་བཤད་འོང་གི་ཡོད་རེད། དེ་རྣམས་ཐམས་ཅད་ཁོ་རང་ཚོས་མཐོང་གི་ཡོད་ས་རེད། ངས་ཧ་གོ་གི་མེད། ཡི་གེ་འཁྱར་མ་འདྲ་མི་འདྲ་དེ་འདྲ་གཏོང་གི་ཡོད་ན་རྒྱ་གར་གཞུང་གི་དེ་མཐོང་བསྡད་ཀྱི་ཡོད་རེད། དེ་འདྲ་རེད་སོང་ན་མ་འོངས་པ་ལ་འབྲུག་གཞུང་དང་རྒྱ་གར་གཞུང་གི་བར་ལ་དཀའ་ངལ་མང་པོ་ཞིག་འཕྲད་འོང་གི་རེད། དོན་དག་ཐོན་ཡ་ནི་གང་ཡང་ཡོད་མ་རེད། དེ་ཡིན་དུས་སུས་བྱེད་ཀྱི་ཡོད་རྒྱུ་རེད་དྲན་གྱི་མེད། ཡིན་ནའང་བྱེད་མཁན་ཡོད་ན་དེ་འདྲ་རྩ་བ་ནས་མ་བྱེད། ཡི་གེ་ཡིག་ལན་འདྲ་མི་འདྲ་ཕན་ཐོགས་ལ་མ་ཐོགས་ལ་དེ་འདྲ་གཏོང་མ་འདུག་མ་གཏོགས། ཁྱེད་རང་ཚོས་ཡི་གེ་ཁ་བརྒྱབ་ནས་previous hit གཙང next hit་མ་བྱེད་གཏོང་གི་ཡོད་རྒྱུ་རེད་དེ། མི་གཞན་གྱིས་ཞིབ་འཇུག་བྱེད་ནས་བལྟ་འགྲོ་གི་ཡོད་རེད། ང་ལ་ཐེངས་མ་མང་པོ་བཤད་སོང༌། བཙུན་མ་ནང་ལ་དེ་འདྲ་འདུག་ཟེར། བཙུན་མ་ནང་ལ་ཞིབ་འཇུག་བྱེད་འོང་དུས་གོ་ལ་ཐ་ལ་ཕྱོགས་ནས་ཏོག་ཙམ་བྱུང་འདུག་སྟེ། ཁོ་ཚོས་ཧ་མ་གོ་བ་ཐོག་ནས་རེད་འདུག་མ་གཏོགས་ཤེས་བཞིན་དུ་ཅི་རེད་མི་འདུག དེ་ག་རེ་རེད་ཟེར་ན་སྲུང་མ་བསྟེན་ཕྱོགས་ཀྱི་སྐོར་ནས་རེད།

ང་ཚོས་འདི་ན་ད་ལྟ་འབྲུག་དང་བལ་ཡུལ་གྱི་འབྲུག་གཉིས་ཀྱི་བར་དུ་འདྲ་མི་འདྲ་འདུག་ཟེར་རྒྱ་གར་གཞུང་གི་ཕྱོགས་ནས་སྐད་ཆ་མང་པོ་སླེབ་འོང་གི་ཡོད་རེད། དེ་འདྲ་རྩ་བ་ནས་མ་བཟོ་ཁ་རོག་བཞུགས། དོན་དག་ཅི་ཡོད་མ་རེད། སྐོར་ཅིག་ང་རང་ཚོ་ཚང་མ་དགོན་པ་ནང་འདུག་མི་བདེ་བའི་དཀའ་ངལ་ཆགས་འོང་གི་རེད། དེ་འདྲ་མ་བཟོ། ངས་ཡང་ནས་ཡང་དུ་ཁྱེད་རྣམ་པ་ལ་རེ་བསྐུལ་ཡིན། མ་གཏོགས་རྗེས་མར་དཀའ་ལས་ཆགས་འོང་གི་རེད། དེའི་ཐོག་ནས་སྲུང་མ་ཡི་སྐོར་ལ་ང་ཚོས་ཡག་པོ་རེད་ཟེར་ནས་བཤད་དགོས་ཡ་ཅི་མི་འདུག ༸རྒྱལ་བ་རིན་པོ་ཆེས་མ་སྒྲུབ་མ་བྱེད་མ་བསྟེན་གསུང་འདུག་གི་ཡོད་རེད། སྡུག་པོ་རེད་ཟེར་དགོས་ཡ་ཅི་ཡོད་མ་རེད། ང་ཚོས་ནི་སྲུང་མ་དེ་སྒྲུབ་ཀྱི་མེད། འདོན་མཁན་མེད། གསོ་མཁན་མེད། ཡག་པོ་རེད་ཟེར་ཡར་རྒྱུག སྡུག་པོ་རེད་ཟེར་མར་རྒྱུག བཤད་དགོས་ཡ་ཅི་ཡོད་མ་རེད། རང་རང་སོ་སོའི་ཁ་ཚུམས། རང་རང་སོ་སོའི་ལྷ་བཀའ་སྲུང་ག་རེ་གསོ་རྒྱུ་ཡོད་ན་དེ་གསོས་སྡོད་དང་ཆོག་གི་རེད་བ། མི་ལ་བཤད་དགོས་ཡ་ཅི་ཡོད་མ་རེད། དེ་འདྲ་གྱིས། ཧོལ་རྒྱུག་བྱེད་འདུག་ཡ་ཡོད་མ་རེད།

༸རྒྱལ་བ་རིན་པོ་ཆེས་ང་ལ་གསུང་གི་འདུག སྲུང་མ་སྡོམ་ཕྱོགས་ཀྱི་སྐོར་ལ་ཁྱེད་རང་གིས་གང་ཐུབ་ཐུབ་འབད་རྩོལ་གྱིས་གསུང་གི་འདུག ངས་ཞུས་ཡིན། ངས་རེད་ཀྱི་མ་རེད། ངས་དེ་འདྲ་བྱས་ན་ལྷག་བསམ་བྱེད་རེད་ཟེར་གྱི་མ་རེད། བསྟན་པ་བཤིག་རེད་ཟེར་གྱི་རེད། ཆོས་ལུགས་ནང་ནས་རྒྱབ་འགལ་ཡོང་གི་རེད། དེ་ངས་ཡོང་གི་མ་རེད་ཞུས་ཡིན། ཁག་མི་འདུག བདེན་པ་རེད། རེད་རེད་གསུང་གི་འདུག་དཔེར་ན་དེ་འདྲ་ཞིག་རེད། ཡིན་ལ་མིན་ལ་མགོ་འཚོས་ལ་མ་འཚོས་ལ་དེ་འདྲ་རྩ་བ་ནས་མ་བཤད། མ་གཏོགས་ཆོས་ལུགས་ནང་ནས་འགལ་རྐྱེན་མང་པོ་ཡོང་གི་རེད།

རང་རང་སོ་སོའི་ཆོས་སྔ་འགྱུར་བ་ལ་སྲུང་མ་ག་ཚད་ཡིན་ན་གསོ་རྒྱུ་འདུག་བ། གཞན་ལ་ཡར་རེད་མར་རེད་ཟེར་བཤད་དགོས་ཡ་ཅི་མི་འདུག་བ། དེ་དག་ཐམས་ཅད་གཟབ་གཟབ་གྱིས། དེ་ནས་ཁོང་རྣམ་པས་གསུངས་སོང༌། ཡང་བསྐྱར་ཞེ་དྲག་བཤད་དགོས་ཡ་ཅི་མི་འདུག་སྟེ། དཔེ་ཆ་སློབ་སྦྱོང་གི་སྒོ་ནས་ལོ་རེ་བཞིན་ཡར་རྒྱས་འགྲོ་ཐུབ་དགོས་རེད་མ་གཏོགས། ངས་མཐོང་སྣང་ལ་དེང་སང་ཏོག་ཙམ་སྡུག་རུ་དང་ཏོག་ཙམ་ལྷོད་རུ་འགྲོ་བསྡད་པ་འདྲ་མཐོང་གི་འདུག རྩོད་པ་ཡིན་ནའང་དཔེ་མེད་སྡུག་རུ་འགྲོ་བསྡད་ ཀྱི་འདུག བཤད་པ་ཡིན་ནའང་ཏོག་ཙམ་ལྷོད་ཡངས་འགྲོ་གི་ཡོད་ས་རེད་བསམ་པ་འདུག དེ་ཡིན་དུས་མཁན་པོ་རྣམས་རེད། དགེ་སྐོས་རྣམས་རེད། གྲྭ་ཚང་མང་བ་རྣམས་རེད། སེམས་ཤུགས་རྒྱོབ། དཔེ་ཆ་ཡག་ པོ་སྦྱོངས། རྒྱུགས་འཕྲོད་ཡ་དེ་ཁོ་ན་ལ་བསམ་མནོ་གཏོང་མ་འདུག རྒྱུགས་འཕྲོད་ལོས་དགོས་ཏེ། ཡིན་ན་དཔེ་ཆ་ནང་ག་རེ་ཡོད་ན་ཁོག་ལ་ཚུད་དགོས་རེད། དཔེ་ཆ་ཁོག་ལ་མ་ཚུད་ན་རྒྱུགས་ཤིག་སྤྲད་ཚར་དུས་སྡུག་རུ་སྡུག་རུ་བུད་འགྲོ་གི་རེད། འཛིན་རིམ་དགུ་པ་མན་ཆད་ཀྱིས་རང་གི་སློབ་སྦྱོང་བྱེད་ཚར་བའི་གཞུང་ག་རེ་ཡིན་ན། ཡང་ནས་ཡང་དུ་བལྟས་ཏེ་སློབ་སྦྱོང་བྱེད་ནས་སེམས་ཐོག་ཚུར་ཤར་ཐུབ་པ་གྱིས།

རང་གི་དཔེ་ཆ་སྔ་འགྱུར་རྙིང་མ་པ་རྒྱལ་བ་ཀུན་མཁྱེན་ཡབ་སྲས་རེད། མཁས་མཆོག་མི་ཕམ་རིན་པོ་ཆེ་དང་དཔལ་སྤྲུལ་རིན་པོ་ཆེ་ལ་སོགས་པ་རྙིང་མའི་རྩ་བ་འདྲ་དེ་རྣམས་ཀྱི་གཞུང་བློ་ལ་ཟིན་ངེས་གྱིས། དེའི་ཐོག་ནས་ཆོས་ལུགས་ཁག་སུའི་ཡིན་ནའང་དཔེ་ཆ་ལྟོས་ལ། དགེ་ཕན་ག་རེ་འདུག་ཏོག་ཙམ་ཏོག་ཙམ་བལྟ་ན་འགྲིག་གི་རེད། རང་གི་ཡོན་ཏན་རྩ་བ་ནས་མེད་པ་ཞིག་གིས་གཞན་གྱི་དཔེ་ཆ་བལྟ་འདུག་ན་ཕན་ཐོགས་གང་ཡང་ཡོད་མ་རེད། ཤེས་རབ་འཆལ་བྱེད་ཅིག་རེད་མ་གཏོགས་ཕན་འབྲས་གང་ཡང་ཡོད་མ་རེད། རང་རྐང་ཟིན་པ་ཞིག་གིས་སྟེང་ནས་གཞན་ག་རེ་བལྟ་ནའང་མཁས་པའི་རྣམ་དཔྱོད་འདྲ་མང་པོ་སླེབ་འོང་གི་རེད། གཙོ་བོ་ཁོག་འདྲ་དེ་དཔེ་ཆ་ཤེས་དགོས་རེད། དེའི་རྒྱན་འདྲ་དེ་དག་ཡིག་སུམ་རྟགས་སྙན་ངག་ཡི་གེ་བྲི་ཡ་ལ་སོགས་པ་དེ་རྣམས་རེད། དེ་ཡིན་དུས། ཡི་གེ་བྲི་ཡ་དང་དག་ཡིག་སུམ་རྟགས་དང་སྙན་ངག་དེ་ཚོ་ལ་གཟབ་གཟབ་གྱིས། དེ་རྣམས་ཡོན་ཏན་ཆུང་ཆུང་རེད། ཟླ་བ་རེ་རེ་གཉིས་རེ་སྦྱོང་ནའང་ཕན་རླབས་ཆེན་པོ་དཔེ་འགྲོ་གི་རེད། དེ་ཡིན་དུས་རིག་པའི་གནས་ཆེ་ཕྲ་ཐམས་ཅད་ལ་ཚང་མས་གཟབ་གཟབ་གྱིས།

དེའི་ནང་ནས་ཀྱང་ག་དུས་ཡིན་ན་ཞི་ཞིང་དུལ་བ་བག་ཡོད་པ་གྱིས་ཞུ་རྒྱུ་དེ་ཡིན། ཁོང་ཁྲོ་མེད་པ། ང་རྒྱལ་མེད་པ། ཕྲག་དོག་མེད་པ། ཟུར་ཟ་མེད་པ། གཟབ་གཟབ་གནང་རོགས་གྱིས། ཐམས་ཅད་དགོན་པ་འདིའི་ནང་ནས་རྡོ་རྗེའི་མཆེད་གྲོགས་ཤ་སྟག་རེད་མ་གཏོགས་འདྲ་མི་འདྲ་ཁོང་ཁྲོ་ལང་འདུག་ས་དང༌། རྒྱག་རེས་བགོ་འདུག་ས་སུ་གཅིག་ཡོད་མ་རེད། དེ་བྱེད་དུས། མི་ཡི་སེམས་ཟེར་ཡ་དེ། མི་རྣམ་རྟོག་གི་རང་བཞིན། བྱ་རྒྱུས་པའི་རང་བཞིན་ཟེར་ཡ་འདྲ། རྣམ་རྟོག་འདྲ་མི་འདྲ་ཏོག་ཙམ་ཏོག་ཙམ་ཤར་སྲིད་ཀྱི་རེད། དེ་རང་སྐྱོན་ཡིན་པ་ངོ་ཤེས་པར་གྱིས། བཟོད་པ་སྒོམས། བཟོད་པ་སྒོམ་ན་བསོད་ནམས་ཆེན་པོ་རེད་བ། རང་ཤུགས་ཀྱིས་འཇམ་འགྲོ་གི་རེད། མེད་འགྲོ་གི་རེད། རྒྱག་རེས་ཁོང་ཁྲོ། ཕྲག་དོག་དབྱེན་སྦྱོར། ག་དུས་ཀྱང་བྱེད་མ་འོང༌། དེ་བླ་མ་གྲྭ་པའི་ལས་ཀ་མ་རེད། འཇིག་རྟེན་པ་སོ་སྐྱེ་སྡུག་ཤོས་ཤིག་གི་ལས་ཀ་རེད་མ་གཏོགས། འཇིག་རྟེན་པ་ཁྱིམ་པ་རྣམས་ཡིན་ནའང་བཟང་པོ་ཞིག་གིས་དེ་འདྲ་བྱེད་ཀྱི་མ་རེད། འདྲ་མི་འདྲ་དྲན་རྟོག་བྱུང་ནའང་གཅིག་མི་ཉན་གཉིས་མི་ཉན་ཟེར་ནས་ཁ་ཆོབ་ཆོབ་བཤད་དགོས་ཡ་དང༌། ཏོག་ཙམ་མ་རེད་ན་ཁོང་ཁྲོ་ལང་ཆོག་ཆོག ཏོག་ཙམ་མ་རེད་ན་སྡུག་ཆོག་ཆོག དེ་འདྲ་མི་ཐ་མ་ཞིག་གི་ལས་ཀ་རེད་མ་གཏོགས་མི་བཟང་བ་ཞིག་གི་ལས་ཀ་མ་རེད། ང་ཚོའི་ཕ་ཡུལ་ལ་ཤ་འབུ་རྭ་ཅོ་ཟེར་ཡ་འབུ་ཞིག་ཡོད་རེད།

དེའི་ནང་བཞིན་ཏོག་ཙམ་རེད་དུས་དགའ་ཆོག་ཆོག ཏོག་ཙམ་རེད་ན་སྡུག་ཆོག་ཆོག་ག་དུས་ཀྱང་བྱེད་ཉན་མ་རེད། མི་ཟེར་ཡ་དེ་བརྟན་པོ་རྡོ་ནང་བཞིན་ བྱེད་དགོས་རེད། གཏམ་སྐད་ཆ་ཞིག་བཤད་སོང་ན་ག་དུས་ཡིན་ན་དེ་ལ་གནས་ཐུབ་པ་བྱེད། སྤྱོད་ལམ་ཡིན་ན་ག་རེ་ཡིན་ན་བརྟན་པོ་གནས་ཐུབ་པ་བྱེད། དེ་བྱས་ན་ཆོས་འཇིག་རྟེན་སུ་ལ་ཡིན་ནའང་ཕན་ཐོགས་ཡོད་རེད་མ་གཏོགས། ཡར་ཟེར་དུས་ཡར་རྒྱུག་ཆོག་ཆོག མར་ཟེར་དུས་མར་རྒྱུག་ཆོག་ཆོག དེའི་མི་དེའི་ཅི་ལོ་མ་རེད། གཟབ་གཟབ་གྱིས། ཆོས་དང་འཇིག་རྟེན་ག་རེ་བྱེད་ནའང་བརྟན་པོ་གྱིས། ཡག་པོ་གྱིས། ཆོས་ཕྱོགས་ལ་ག་ཚད་འགྲོ་གི་ཡོད་མི་ཤེས་ཏེ། མི་ལ་ཕོ་རུས་ཟེར་ཡ་ཞིག་བཤད་རྒྱུ་ཡོད་རེད། རང་རང་སོ་སོའི་ཕྱོགས་དེ་ལ་རང་རང་སོ་སོས་བརྩེ་བ་བྱེད། ཁྱིམ་ཚང་གཅིག་ནང་བཞིན་བྱེད་ནས་འདུག ཕྱི་རི་ལ་འགྲོ་ན་འདྲ། ནང་ལ་འདུག་ན་འདྲ། ཁྱིམ་གཅིག་གི་མི་ནང་བཞིན་ཕ་མ་གཅིག་གི་བུ་རྒྱུད་ནང་བཞིན་བྱེད་ནས་བསམ་མནོ་གཏོོང་ཡ་དེ་མི་ཡི་སྤྱོད་ལམ་ཡ་རབ་རེད། ཉི་མ་ཁ་ཤས་ལ་དཔེ་དགའ་པོ་འདྲ་བྱེད། ཕར་ཚུར་ཐག་རིང་པོ་ནས་ཐུག་ན་ངོ་མི་ཤེས་ཁུལ་བྱེད་མཁན་དེ་འདྲ་མི་མང་པོ་ཡོད་རེད། དེ་འདྲའི་རིགས་རྩ་བ་ནས་བྱེད་ཉན་མ་རེད། མི་བརྟན་པོ་བཟོ་དགོས་རེད། གཤིས་ཀ་བཟང་པོ་བཟོ་དགོས་རེད།

མི་ཡི་ཀུན་གཞི་བཟང་པོ་བཟོ་ཡ་དེ་གལ་ཆེན་པོ་རེད། ང་ཚོའི་སློབ་གྲྭ་ནང་དེ་རེད་བ། དཔེར་ན་ལོ་རིམ་དགུའི་བར་དུ་ཡིག་ཚད་ཨང་དང་པོ་གཉིས་པ་དེ་འདྲ་ཆོད་བཞག་པ་དང༌། ལོ་དགུ་ཡི་ནང་མི་ཡི་གཤིས་ཀ་བཟང་པོ་ཡོད་འདུག་པ། ཤེས་ཡོན་ཡག་པོ་ཡོད་འདུག་པ། དེ་འདྲ་ཞིག་གི་སྒོ་ནས་རྗེས་མ་མཁན་པོའི་མཚན་གནས་ཕུལ་ཐུབ་པ་ཞིག་གི་སྐད་ཆ་བཤད་ཀྱི་ཡོད་རེད་བ་མ་གཏོགས་ལོ་ཁ་ཤས་སྟེང་ནས་ཚུར་ཡག་པོ་རེད། དང་པོ་སྡུག་ཆགས་བྱེད་འདུག་མཁན་ཡིན་ན་ཏོག་ཙམ་མི་འགྲིག་པ་རེད། དང་པོ་ནས་བཟང་པོ་བྱེད་ཡ་དེ་གལ་ཆེན་པོ་རེད། དེ་འདྲ་གྱིས། ཁ་རོག་མང་པོ་བཤད་མི་འདུག་ཨེ་རེད། ཐམས་ཅད་ཀྱིས་མཐུན་པོ་ཡག་པོ་གྱིས། སློབ་སྦྱོང་ཡག་པོ་གྱིས། སྲིད་དོན་དེ་འདྲ་དགོས་མེད་ཀྱི་ལས་ཀ་མ་བྱེད། ཐམས་ཅད་ལ་གུས་བཀུར་ཡག་པོ་གྱིས། དག་སྣང་ཡག་པོ་སྦྱོངས། དེ་འདྲ་འདུལ་ཁྲིམས་previous hit གཙང next hit་མའི་སྒོ་ནས་མ་འོངས་པ་ན་ང་རང་ཚོ་ལྷན་འཛོམ་གྱི་ཐོག་ནས་ཡིག་རྒྱུགས་ཡག་པོ་དང༌། ཐམས་ཅད་ཀྱི་མཁན་པོའི་མིང་ཤ་སྟག་ཁུར་རྒྱུ་ཡོད་པ་ཤེས་ཡོན་ཆེན་པོ་ཡོང་བའི་སྨོན་ལམ་ཞུ་གི་ཡིན། གཞན་ཅི་མེད།


previousསྤྱི་ལོ་ ༡༩༩༩ ལོར་བསྩལ་བའི་བཀའ་སློབ། ཀ༽next