Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བདུན་པ།

28 occurrences of དགོས་པ་
[Clear Hits]


  
  
  
  
  
 
སྡིག་ཅན་གྲོལ་ལམ་འཕོ་བའི་གདམས་པ།
 
  
  
  
 
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
 
  
  
 
 
  
  
  
  
  


28 occurrences of དགོས་པ་
[Clear Hits]

 
previousསྡིག་ཅན་གྲོལ་ལམ་འཕོ་བའི་གདམས་པ།next

སྡིག་ཅན་གྲོལ་ལམ་འཕོ་བའི་གདམས་པ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ སྡིག་ཅན་གྲོལ་ལམ་འཕོ་བའི་གདམས་པ་བཞུགས་སོ༔ དཔལ་ཆེན་པོ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ སྡིག་ཅན་མ་བསྒོམས་གྲོལ་བའི་ལམ༔ ཟབ་ལམ་འཕོ་བའི་གདམས་པ་ཞིག༔ མ་འོངས་འགྲོ་བའི་དོན་དུ་འགོད༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་སྔོན་འགྲོ་དངོས་གཞི་རྗེས༔ ས་བཅད་རིམ་པ་རྣམ་པ་གསུམ༔ འཕོ་བའི་ཆོ་ག་རྫོགས་པར་བསྟན༔ ས་མ་ཡཱ༔ རྒྱ༔ དང་པོ་སྔོན་འགྲོར་ས་བཅད་ལྔ༔ སྐྱབས་འགྲོ་སེམས་བསྐྱེད་བསྐྱེད་རིམ་དང་༔ རྩ་དང་ཐིག་ལེ་གསལ་བའོ༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ མདུན་དུ་སྐྱབས་གནས་ཐམས་ཅད་བསྒོམ༔ ན་མོ༔ དེང་ནས་བཟུང་སྟེ་བྱང་ཆུབ་བར༔ སྐྱབས་གནས་དཀོན་མཆོག་རིན་ཆེན་གསུམ༔ ཁྱད་པར་རྩ་གསུམ་ཐུགས་རྗེའི་བདག༔ གུས་པའི་ཡིད་ཀྱིས་སྐྱབས་སུ་མཆི༔ གཉིས་པ་སེམས་བསྐྱེད་པ་ནི༔ ན་མོ༔ མར་གྱུར་འགྲོ་བ་སེམས་ཅན་ཀུན༔ ཟབ་མོ་གསང་བའི་ལམ་མཆོག་འདིར༔ བརྟེན་ནས་སངས་རྒྱས་ས་ལ་འགོདཿ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོཿ གསུམ་པ་བསྐྱེད་རིམ་ནི༔ ཧཱུྃ༔ བདག་ལུས་འབྱུང་འདུས་ཕུང་པོ་འདི༔ མནྡྷ་རཱ་ཝ་སྐུ་མདོག་དམར༔ ཞལ་གཅིག་ཕྱག་གཉིས་གར་སྟབས་ཅན༔ གཡས་པས་གྲི་གུག་ནམ་མཁར་འཕྱར༔ གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས༔ རིན་ཆེན་རྒྱན་ལྡན་ཅོད་པན་འཕུར༔ ཁྲོ་འཛུམ་སྤྱན་གསུམ་སྡང་མིག་ལྟ༔ རལ་བའི་ཅོད་པན་སིལ་བུར་འཕྱོ༔ སྣང་སྟོང་འོད་ཀྱི་སྐུ་རུ་བསྒོམ༔ བཞི་པ་རྩ་བསྐྱེད་པ་ནི༔ ཧཱུྃ༔ འཇའ་འོད་ཀློང་ནས་མཁའ་སྤྱོད་རྩ༔ དཀར་དམར་མདངས་ལྡན་དབུ་མ་ནི༔ ཁང་སྟོང་ནང་གི་ཀ་བ་ལྟར༔ མར་སྣེ་ལྟེ་འོག་འདུས་མདོར་ཟླུམ༔ ཡར་སྣེ་སྤྱི་བོར་ཟང་ཐལ་ལེ༔ འོད་སྣང་ཟངས་དུང་ལྟ་བུར་བསྒོམ༔ ལྔ་པ་ཐིག་ལེ་གསལ་བ་ནི༔ ཧཱུྃ༔ དཀར་དམར་མདངས་ལྡན་དབུ་མའི་ནང་༔ ཆོས་དབྱིངས་འཁོར་ལོའི་ཆ་འཛིན་དུ༔ སེམས་ཉིད་ངོ་བོ་འོད་ལྔའི་མདངས༔ མ་གསར་བྱ་ཡི་སྒོ་ང་ཙམ༔ ཉི་གདན་སྟེང་དུ་ལྷན་ནེར་གསལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞིར་ས་བཅད་གསུམ༔ གསོལ་བ་འདེབས་དང་སྦྱང་བ་དང་༔ འཕོ་བ་འབྱོངས་བའི་ཚད་བཟུང་ངོ་༔ ས་མ་ཡཱ༔ རྒྱ༔ དང་པོ་གསོལ་བ་འདེབས་པ་ནི༔ ཧཱུྃ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ ཟབ་ལམ་འཕོ་བའི་དངོས་གྲུབ་སྩོལ༔ མྱུར་ལམ་མཁའ་སྤྱོད་གནས་སུ་དྲོངས༔ དག་པ་དབྱིངས་ཀྱི་གཞལ་ཡས་ནས༔ ལོངས་སྐུ་རྡོ་རྗེ་སེམས་དཔའ་ལ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ ཟབ་ལམ་འཕོ་བའི་དངོས་གྲུབ་སྩོལ༔ མྱུར་ལམ་མཁའ་སྤྱོད་གནས་སུ་དྲོངས༔ ཟངས་མདོག་དཔལ་རིའི་རྩེ་མོ་ནས༔ སྤྲུལ་སྐུ་པདྨ་འབྱུང་གནས་ལ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ ཟབ་ལམ་འཕོ་བའི་དངོས་གྲུབ་སྩོལ༔ མྱུར་ལམ་མཁའ་སྤྱོད་གནས་སུ་དྲོངས༔ མཁའ་སྤྱོད་མཁའ་འགྲོའི་ཕོ་བྲང་ནས༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ ཟབ་ལམ་འཕོ་བའི་དངོས་གྲུབ་སྩོལ༔ མྱུར་ལམ་མཁའ་སྤྱོད་གནས་སུ་དྲོངས༔ སྤྱི་གཙུག་ཉི་ཟླའི་གདན་སྟེང་ནས༔ དྲིན་ཅན་རྩ་བའི་བླ་མ་ལ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ ཟབ་ལམ་འཕོ་བའི་དངོས་གྲུབ་སྩོལ༔ མྱུར་ལམ་མཁའ་སྤྱོད་གནས་སུ་དྲོངས༔ ཅེས་གསོལ་བ་གདབ་བོ༔ གཉིས་པ་སྦྱང་བ་ནི༔ སེམས་ཉིད་ངོ་བོ་ཐིག་ལེ་བྱ་མ་གསར་གྱི་སྒོ་ང་ཙམ་པ་དེ༔ ཧིག་ཅེས་ངག་ནས་བརྗོད་པ་དང་༔ མཉམ་དུ་སྤྱི་བོར་རང་གི་རྩ་བའི་བླ་མ་འོད་དཔག་མེད་ཀྱི་སྐུ་རུ་གསལ་བའི་ཞབས་ལ་རེག༔ ཀ་ཞེས་བརྗོད་པས་མར་བབས་སྙིང་གར་གནས༔ དེ་ལྟར་ཡང་ཡང་སྦྱང་བ་དོན་གྱི་གནད༔ གསུམ་པ་འཕོ་བ་འབྱོངས་པའི་ཚད་བཟུང་བ་ནི༔ སྤྱི་བོ་སྐྲང་དང་ཆུ་སེར་བརྡོལ༔ ཟ་དང་གཡའ་བ་འབྱོངས་པའི་ཚད༔ ས་མ་ཡཱ༔ རྒྱ༔ གསུམ་ ་རྗེས་ནི་ས་བཅད་བཞི༔ ལས་སྦྱོར་གཉིས་དང་དགོས next hit་ཆེད་དང་༔ ཕན་ཡོན་དག་གི་རིམ་པའོ༔ ས་མ་ཡཱ༔ རྒྱ༔ དང་པོ་གཞན་དོན་ལས་སྦྱོར་ནི༔ སེམས་བསྐྱེད་ལྡན་པའི་རྣལ་འབྱོར་པས༔ འགྲོ་དྲུག་བག་ཆགས་ཕུང་པོ་ལ༔ སྔགས་ཀྱིས་བགེགས་སྦྱང་རྣམ་ཤེས་བསྟིམ༔ གཟུགས་ཕུང་ཕག་མོའི་ཏིང་འཛིན་གསལ༔ སངས་རྒྱས་སྟོང་ངམ་རབ་བདུན་སོགས༔ མཚན་བརྗོད་ངོ་སྤྲོད་གསལ་བར་གདབ༔ དབུ་མ་བྱང་ཆུབ་རྒྱུན་ལམ་ནང་༔ རིག་པ་གཞུག་ཅིང་དབྱིངས་སུ་སྤར༔ བླ་མ་སྣང་མཐའི་ཐུགས་ཀར་བསྟིམ༔ དམིགས་མེད་ཆོས་དབྱིངས་ངང་དུ་གློད༔ རྣལ་འབྱོར་གོམས་པའི་དྲོད་ལྟར་དུ༔ རབ་འབྲིང་ཐ་མའི་ཞིང་དུ་འཕོ༔ གཉིས་པ་རང་དོན་ལས་སྦྱོར་ནི༔ མི་རྟག་ཕ་རོལ་འཕོ་བའི་ཚེ༔ ཆགས་མེད་སེམས་ཀྱི་གཟུང་འཛིན་བཏང་༔ ཞེན་མེད་གོམས་འདྲིས་རྩལ་ཤུགས་ཀྱིས༔ སེམས་དང་བླ་མ་དབྱེར་མེད་བསྲེ༔ བསྟིམ་བསྟིམ་ནན་བསྐྱེད་ཐུགས་ཀར་བསྟིམ༔ སྲིད་གསུམ་འཁོར་འདས་གདོད་ནས་དག༔ འོག་མིན་ཞིང་དུ་ལ་བཟླའོ༔ གསུམ་previous hit དགོས next hit་ཆེད་བསྟན་པ་ནི༔ ཐེག་པ་རིམ་དགུར་མ་གྲགས་ཤིང་༔ གསང་བའི་ལམ་མཆོག་གསང་བའི་ཆོས༔ འདི་ནི་ཡང་ཟབ་གདམས་པ་སྟེ༔ མ་འོངས་དུས་ཀྱི་བསྐལ་པ་ལ༔ མི་དགེ་བཅུར་སྤྱོད་མཚམས་མེད་གཡོ༔ མི་ལུས་ཐོབ་ཚད་ངན་སོངས་སྙོགས༔ ཆོས་ཀྱི་ལྟ་སྒོམ་དྲོད་རྟགས་བྲལ༔ ལེ་ལོ་རྣམ་གཡེང་བདུད་ཀྱིས་འཁྱེར༔ དེ་ཚེ་འགྲོ་བའི་དོན་འདིས་བྱེད༔ བཞི་པ་ཕན་ཡོན་བསྟན་པ་ནི༔ མི་དགེའི་ལས་ལ་སྤྱོད་པ་དང་༔ ཉིན་བཞིན་བྲམ་ཟེ་གསོད་པ་དང་༔ མཚམས་མེད་ལྔ་བྱས་འགྲོ་བ་ཡང་༔ གདམས་པ་འདི་ཡི་སྒོར་ཞུགས་ན༔ གྲོལ་བར་འགྱུར་ལ་གདོན་མི་ཟ༔ སྒོ་དགུ་བཀག་པས་རྒྱུ་དྲུག་ཁེགས༔ འགྲོ་དྲུག་གནས་ནས་རྒྱངས་ཀྱིས་འཕགས༔ སྒོ་གཅིག་འོད་གསལ་མཆོག་གི་ལམ༔ མཆོག་གི་དངོས་གྲུབ་འཐོབ་པར་འགྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བནྡྷེ་ཉི་མ་གྲགས་པས་གངས་རིའི་རྒྱལ་པོ་ཏེ་སེའི་བདེ་ཆེན་ཕུག་ནས་གདན་དྲངས་ཤིང་ཤོག་སེར་ལས་ཕབ་པའོ། །མངྒ་ལཾ།། །།


previousསྡིག་ཅན་གྲོལ་ལམ་འཕོ་བའི་གདམས་པ།next