Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བདུན་པ།

12 occurrences of བདག་མེད་པ་
[Clear Hits]


  
  
  
  
  
  
  
  
  
  
  
  
 
བཀའ་སྲུང་ཆེན་པོའི་སྒྲུབ་ཐབས།
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 
 
  
 
 
  
  
  
  
  


12 occurrences of བདག་མེད་པ་
[Clear Hits]

 
previousབཀའ་སྲུང་ཆེན་པོའི་སྒྲུབ་ཐབས།next

བཀའ་སྲུང་ཆེན་པོའི་སྒྲུབ་ཐབས།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ བཀའ་སྲུང་ཆེན་པོའི་སྒྲུབ་ཐབས་བཞུགས༔ དཔལ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ རྒྱུ་རྐྱེན་ལས་འདས་པད་འབྱུང་བདག༔ མཐའ་འཁོབ་བོད་ཀྱི་རྒྱལ་ཁམས་སུ༔ སྨོན་ལམ་དབང་གིས་འོངས་པའི་ཚེ༔ དྲེགས་པ་སྡེ་བརྒྱད་དམ་ལ་བཏགས༔ རང་རང་སྲོག་གི་སྙིང་པོ་ཕུལ༔ བཀའ་དང་དམ་ལ་བཞག་ནས་ཀྱང་༔ དམ་པའི་ཆོས་ཀྱི་སྲུང་མར་བསྐོས༔ ཁྱད་པར་དམ་ཅན་སྐྱེས་བུ་འདི༔ སྙིང་ཉེ་བསྒྲུབ་སླ་རྣོ་མྱུར་ཆེ༔ དམ་ཚིག་གཙང་ཞིང་འཁུ་ཟློག་ཆུང་༔ ཕྱག་ན་རྡོ་རྗེའི་སྤྲུལ་ ་སྟེ༔ བླ་མེད་གསང་སྔགས་བྱ་ར་བ༔ པདྨ་བདག next hit་གི་ཕོ་ཉ་ཆེ༔ དེ་ཕྱིར་བདེ་མཆོག་འཁོར་ལོ་ཡི༔ བཀའ་ཡི་སྲུང་མར་བསྐོས་ཏེ་བཞག༔ རིག་འཛིན་ཡོངས་ཀྱི་སྲུང་མར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འོ་ཡུག་ཤངས་ཀྱི་བྲེ་མོའམ༔ ལུང་ནས་བཤད་པའི་གནས་ཆེན་ནམ༔ ཡང་ན་དབེན་ཞིང་དྭངས་པའི་ཡུལ༔ བྲག་ནག་སོག་པོ་ཁྲོས་འདྲའི་མདུན༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་བཏང་ནས༔ གཞི་བདག་རྣམས་ལ་གཙང་གཏོར་དབུལ༔ བདེན་པ་བརྡར་ཞིང་འཕྲིན་ལས་བཅོལ༔ སྟེགས་བུ་ནག་འཇམ་མཁྲེགས་པར་བཟོ༔ རོ་སོལ་དུག་ཁྲག་ཆག་ཆག་གདབ༔ ཚངས་པའི་ཐིག་དྲངས་འདབ་བརྒྱད་ཟླུམ༔ མུ་ཁྱུད་དཀར་སེང་དམར་ལྗང་མཐིང་༔ ཁ་ཁྱེར་རྡོ་རྗེ་མེ་རིས་བསྐོར༔ དབུས་སུ་མཉྫིའི་ཁྲིའུ་ཁར༔ ནས་ནག་བཤོས་བུ་ཁྲུ་གང་ལ༔ བཤོས་ཕྲན་བརྒྱད་ཀྱིས་བསྐོར་བར་བཤམས༔ ར་ཡི་ཤ་ཁྲག་དག་གིས་བརྒྱན༔ སྙིང་སྣ་བརྒྱད་དང་ཞུན་ཆེན་གྱི༔ མར་མེ་བརྒྱད་དང་རཱུ་པ་བརྒྱད༔ དཔལ་གྱི་བཤོས་བུ་རྣམས་ལ་གཟུགས༔ མཐིང་ནག་དར་གྱི་གུར་ཡང་ཕུབ༔ ར་ཡི་དབང་པོ་རྣམ་ལྔ་དང་༔ ཚོགས་འཁོར་ཤ་ཆང་དམ་རྫས་བསགས༔ སྐྱེས་བུ་ཆེན་པོའི་བླ་རྡོ་ཡང་༔ སྒྲུབ་པའི་རྟེན་དུ་ལེགས་པར་འགོད༔ དགྲ་བགེགས་དུ་ཡོད་ལིངྒ་ནི༔ འབྲུབ་ཁུང་ནང་དུ་གཞུག་པར་བྱ༔ ཡི་དམ་གཞུང་བསྲང་ཚོགས་འཁོར་བསྐོར༔ དེ་ནས་སྐད་ཅིག་དྲན་རྫོགས་སུ༔ མདུན་གྱི་རྟེན་གཞིའི་དཀྱིལ་འཁོར་དེ༔ ཐོད་མཁར་འབར་བའི་གཞལ་ཡས་ཁང་༔ དུག་གསུམ་མེ་ལྟར་འབར་བའི་དབུས༔ དུག་ལྔ་ཆུ་ལྟར་ཁོལ་བའི་ཀློང་༔ དགྲ་བགེགས་ཉི་ཟླ་པདྨའི་སྟེང་༔ ཏྲི་ཡིག་མཐིང་ནག་ཡོངས་གྱུར་པས༔ དགེ་བསྙེན་རྡོ་རྗེ་འབར་བ་རྩལ༔ སྨུག་ནག་ཞལ་གཅིག་ཕྱག་གཉིས་པ༔ སྤྱན་གསུམ་རབ་བགྲད་མཆེ་བ་གཙིགས༔ སྨ་ར་སྨིན་མ་དམར་སེར་འབར༔ གཡས་པས་རྡོ་རྗེ་མདུང་དར་བསྣམས༔ གཡོན་པས་མགར་གྱི་སྦུད་པ་ཐོགས༔ སྟག་རལ་གཟིག་ཤུབས་འཁོར་གསུམ་བརྒྱན༔ སྨུག་བེར་ཟ་འོག་སྔོ་བཀྲས་ཀླུབས༔ དབུ་ལ་སག་ཞུ་སྨུག་པོ་གསོལ༔ ཞབས་གཉིས་སག་ལྷམ་ར་སྐྱེས་བཅིབས༔ མེ་དཔུང་འབར་བའི་ཀློང་ཡངས་སུ༔ གདུག་པའི་སྡེ་བརྒྱད་འཁོར་གྱིས་བསྐོར༔ བཀའ་ཉན་ལས་བྱེད་ཚུལ་དུ་བསྐྱེད༔ རང་ཉིད་ཡི་དམ་ལྷར་གསལ་ཞིང་༔ ཐུགས་ཀའི་འོད་ཀྱིས་ཆོས་དབྱིངས་དང་༔ འོ་ཡུག་ཤངས་ཀྱི་བྲེ་མོ་ནས༔ དགེ་བསྙེན་ཆེན་པོ་སྤྱན་དྲངས་ཏེ༔ མདུན་བསྐྱེད་དམ་ཚིག་པ་ལ་བསྟིམ༔ བཛྲ་ས་དྷུ་ཏྲི་ཤུ་ལ་ཨ་ཡ་མ་དུ་རུ་ཙ་ཤ་ན་ཛཿཧཱུྃ་བཾ་ཧོ༔ ཅེས་བརྗོད་ལྕགས་ཀྱུའི་ཕྱག་རྒྱ་ཡིས༔ ཏིང་འཛིན་ངང་ནས་ཡང་ཡང་དགུག༔ ར་གསུར་གཏོར་ཞིང་རྐང་གླིང་འབུད༔ རོལ་མོ་འཁྲོལ་ཞིང་འདི་སྐད་དོ༔ ཧཱུྃ༔ སངས་རྒྱས་བསྟན་པ་སྐྱོང་བའི་ལྷ༔ བླ་མེད་བཀའ་ཡི་བྱ་ར་བ༔ ལེགས་ཉེས་སྟངས་འཛིན་དགེ་བསྙེན་མཆོག༔ རྡོ་རྗེ་འབར་བ་གཤེགས་སུ་གསོལ༔ དགེ་བསྙེན་ཆེན་པོ་གཤེགས་སུ་གསོལ༔ ཨ་ཇོ་ཆེན་པོ་གཤེགས་སུ་གསོལ༔ ཚོང་དཔོན་ཆེན་པོ་གཤེགས་སུ་གསོལ༔ དམག་དཔོན་ཆེན་པོ་གཤེགས་སུ་གསོལ༔ ཇག་དཔོན་ཆེན་པོ་གཤེགས་སུ་གསོལ༔ དགྲ་ལྷ་ཆེན་པོ་གཤེགས་སུ་གསོལ༔ སྐྱེས་བུ་ཆེན་པོ་གཤེགས་སུ་གསོལ༔ གཏེར་བདག་ཆེན་པོ་གཤེགས་སུ་གསོལ༔ སྲུང་མ་ཆེན་པོ་གཤེགས་སུ་གསོལ༔ བཀའ་དང་བསྟན་པ་སྲུང་བ་ཡི༔ གདུག་པའི་སྡེ་བརྒྱད་ཐམས་ཅད་ཀྱང་༔ དམ་ཚིག་དབང་གིས་གཤེགས་སུ་གསོལ༔ བཛྲ་ས་དྷུ་ས་མ་ཡ་ཏྲི་ཤུ་ལ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་བཛྲ་ས་མ་ཡ་ཛཿཛ༔ དམ་ཚིག་པ་དང་ཡེ་ཤེས་པ་དབྱེར་མེད་དུ་དམིགས་ནས༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ དགྲ་བགེགས་ཉི་ཟླ་པདྨའི་སྟེང་༔ དུར་ཁྲོད་འབར་བའི་གཞལ་ཡས་སུ༔ དགེ་བསྙེན་ཆེན་པོ་སྤྲུལ་འཁོར་བཅས༔ མ་ལུས་བརྟན་པར་བཞུགས་སུ་གསོལ༔ ཏྲི་ཤུ་ལ་ཨ་ཡ་མ་དུ་རུ་ཙ་ཤ་ན༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ དམ་ཕྱག་ནི༔ ཧཱུྃ༔ འབར་བ་ཆེན་པོ་སྲུང་མ་ཆེ༔ སྤྲུལ་པ་ཆེན་པོ་རྫུ་འཕྲུལ་ཆེ༔ ཆོ་འཕྲུལ་ཆེན་པོ་སྡེ་བརྒྱད་འཁོར༔ དམ་ཚིག་དབང་གིས་ཕྱག་འཚལ་བསྟོད༔ ཏྲི་ཤུ་ལ་ཨ་ཡ་མ་དུ་རུ་ཙ་ཤ་ན་པུ་རུ་ཤ་ཡ་ཧོ༔ ཕྱི་མཆོད་ནི༔ ཧཱུྃ༔ མེ་ཏོག་དྲི་ཞིམ་སྣང་གསལ་མེ༔ བྱུག་པ་ཞལ་ཟས་རོལ་མོའི་སྒྲ༔ དགེ་བསྙེན་ཆེན་པོ་འཁོར་བཅས་ལ༔ གུས་པས་འབུལ་ལོ་བཞེས་སུ་གསོལ༔ ཏྲི་ཤུ་ལ་ཨ་ཡ་མ་དུ་རུ་ཙ་ཤ་ན༔ བཛྲ་པུཥྤེ་དྷཱུ་པེ་ཨ་ལོ་ཀེ་གྷནྡྷེ་ནཻ་ཝི་ཏེ་ཤཔྟ་པཱུ་ཙ་ཨཱཿཧཱུྃ༔ ནང་མཆོད་ནི༔ ཧཱུྃ༔ བྷན་དྷ་ཡངས་པའི་གཏོར་གཞོང་དུ༔ འབྲུ་བཅུད་སྦྱར་བའི་བྷ་ལིངྟ༔ བསད་པའི་ཤ་ཁྲག་ལོངས་སྤྱོད་ཚོགས༔ སུ་ར་ཆང་སྟེ་ཨ་མྲྀ་ཏ༔ འབར་བ་སྡེ་བརྒྱད་ཚོགས་ལ་འབུལ༔ ཏྲི་ཤུ་ལ་ཨ་ཡ་མ་དུ་རུ་ཙ་ཤ་ན༔ མ་ཧཱ་བྷ་ལིངྟ་རཀྟ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི་ཁཱ་ཧི༔ གསང་མཆོད་ནི༔ ཧཱུྃ༔ འཁོར་འདས་གཉིས་མེད་ངོ་བོ་ཉིད༔ རྟོགས་པའི་ཁྱབ་བདག་རྡོ་རྗེ་འཆང་༔ མ་རིག་བདག་འཛིན་སྡེ་བརྒྱད་གཙོ༔ ཀ་དག་ཆོས་དབྱིངས་ཀློང་དུ་མཆོད༔ ཏྲི་ཤུ་ལ་ཨ་ཡ་མ་དུ་རུ་ཙ་ཤ་ན༔ དྷརྨ་དྷརྟུ་པཱུ་ཙ་ཧོ༔ བསྟོད་བསྐུལ་ནི༔ ད་ལ་འཆམས་སྟབས་འགྲོས་ཀྱིས་བསྐོར༔ སྤོས་དང་ར་གསུར་དུད་པ་གཏོང་༔ རོལ་མོ་འཁྲོལ་ཞིང་འདི་སྐད་དོ༔ ཧཱུྃ༔ ཕྱོགས་ཕྱོགས་ཉི་མ་ནུབ་གྱི་ཕྱོགས༔ ཉི་མ་ནུབ་ཕྱོགས་གཙང་གི་ཡུལ༔ འོ་ཡུག་ཤངས་ཀྱི་བྲེ་མོ་ན༔ ཕོ་བྲང་ལྕགས་མཁར་དགུ་ཐོག་ནང་༔ ཡབ་རྗེ་བདུད་རྒྱལ་ཐོད་ཕྲེངཅན༔ ཡུམ་གཅིག་ཀླུ་སྨན་ཁྲག་མིག་མ༔ སྲས་མཆོག་རྡོ་རྗེ་དགྲ་འཇོམས་རྩལ༔ ཞལ་གཅིག་ཆོས་སྐུ་ཉག་གཅིག་ཞལ༔ སྨུག་ནག་ཆོས་དབྱིངས་འགྱུར་བ་མེད༔ སྐུ་གསུམ་མཚོན་ཕྱིར་སྤྱན་གསུམ་བགྲད༔ བདུད་བཞི་བཅོམ་ཕྱིར་མཆེ་བ་གཙིགས༔ སྤྲུལ་པ་སྣ་ཚོགས་འགྱེད་པའི་ཕྱིར༔ སྨ་ར་ཁ་སྤུ་མེ་སྟག་འཕྲོ༔ ཐབས་ཤེས་དབྱེ་བ་མེད་པའི་ཕྱིར༔ སྙན་ལ་དུང་གི་རྒྱན་ཆ་འཁྲོལ༔ གདུག་པའི་དགྲ་བགེགས་སྒྲོལ་བའི་ཕྱིར༔ རྡུང་བྱེད་རྡོ་རྗེ་མདུང་དར་གཡས༔ ཉམས་པའི་ལྷ་དབྱེ་བླ་འགུགས་ཕྱིར༔ མགར་གྱི་སྦུད་པ་གཡོན་ན་ཐོགས༔ སྣང་སྲིད་ཀུན་ལ་དབང་སྒྱུར་ཕྱིར༔ སྨུག་ནག་ཟ་འོག་བེར་ཕྱམ་ཅན༔ བདེ་གཤེགས་རྒྱལ་བས་དབང་བསྐུར་ཕྱིར༔ རྡོ་རྗེ་འབར་བའི་སག་ཞུ་ཅན༔ འགྲོ་དོན་སྐྱོ་དུབ་བྲལ་བའི་ཕྱིར༔ ཞབས་གཉིས་སག་ལྷམ་སྨུག་པོས་བརྒྱན༔ གར་རྦད་ལས་ལ་ཐོགས་མེད་ཕྱིར༔ ཆིབས་སུ་ར་སྐྱེས་ཁམས་པ་བཅིབས༔ རྣལ་འབྱོར་བུ་བཞིན་སྐྱོང་བའི་ཕྱིར༔ མདའ་གཞུ་འཁོར་གསུམ་ལུས་ལ་བརྒྱན༔ ཕྱོགས་བཅུར་སྤྲུལ་པ་འགྱེད་པའི་ཕྱིར༔ ཡེ་ཤེས་མེ་དཔུང་ཀློང་དུ་བཞུགས༔ གདུག་པའི་དགྲ་བགེགས་སྒྲོལ་བའི་ཕྱིར༔ འཁོར་དུ་སྡེ་བརྒྱད་ཕོ་ཉར་འགྱེད༔ མི་བརྫུ་དགུར་བརྫུ་སྟོབས་པོ་ཆེ༔ སངས་རྒྱས་བསྟན་སྲུང་མཐུ་བོ་ཆེ༔ སེར་ཆགས་ཡོངས་ཀྱི་དཀོར་སྲུང་བ༔ རིག་འཛིན་ཡོངས་ཀྱི་བསྲུང་མ་མཆོག༔ སྟག་ཤར་ཡོངས་ཀྱི་དགྲ་ལྷ་རྒྱལ༔ དབེན་གནས་ཡོངས་ཀྱི་སྲུང་མ་སྟེ༔ གཏེར་སྲུང་ཆེན་པོ་སྐྱེས་བུ་ཆེ༔ སྐྱེ་འགྲོའི་སྲོག་གི་བདག་པོ་སྟེ༔ དམ་ཉམས་སྒྲོལ་བའི་བཤན་པ་པོ༔ འཛམ་གླིང་གནམ་ས་ཕྱེད་ཀྱི་བདག༔ སྤྲུལ་པས་སྟོང་གསུམ་ཁྱབ་པར་ཉུལ༔ གནས་ནི་འོ་ཡུག་ཤངས་ན་གནས༔ ཉུལ་ནི་གཙུག་ལག་དཔལ་དགོན་ཉུལ༔ ལས་སུ་གཏེར་གྱི་སྲུང་མ་མཛད༔ བཅོམ་ལྡན་ཕྱག་ན་རྡོ་རྗེ་དང་༔ སློབ་དཔོན་པདྨ་ཐོད་ཕྲེང་གི༔ དམ་ཚིག་ལ་གནས་མཐུ་བོ་ཆེ༔ བསྲུང་མ་ཆེན་པོ་སྡེ་བརྒྱད་གཙོ༔ མ་ལུས་འཁོར་དང་བཅས་ལ་བསྟོད༔ དམ་རྫས་གཏོར་མ་འདི་བཞེས་ལ༔ སྡང་བྱེད་དགྲ་དང་གནོད་བྱེད་བགེགས༔ ལོ་དང་ཟླ་བར་མ་འགྱངས་པར༔ ཞག་དང་ཟ་མར་མྱུར་དུ་སྒྲོལ༔ བསད་རྟགས་དོན་སྙིང་ཁྱེར་ལ་ཤོག༔ དགྲ་བོའི་བདུན་རྒྱུད་རྩད་ནས་ཆོད༔ གནོད་བྱེད་བགེགས་ཀྱི་སྦྱོར་བ་ཤིག༔ འཕུང་གསུམ་ཡས་ཀྱི་གཡབ་ཀྱིས་ཐོབ༔ ཉེས་གསུམ་མས་ཀྱི་སྲི་རྣམས་སློངས༔ སྡེ་བརྒྱད་དམོད་པའི་དྲག་སྔགས་ཕོབ༔ འཆི་བདག་ཞགས་པས་ད་ཆིངས་ལ༔ ཚེ་ཡི་འདུ་བྱེད་མྱུར་དུ་བཀུམས༔ སྲོག་གི་ཐག་པ་ད་ཆོད་ལ༔ སེམས་ཀྱི་མར་མེ་མྱུར་དུ་སོད༔ སྡིག་ཅན་དམ་ཉམས་དགྲ་དང་བགེགས༔ མ་ཐོགས་མྱུར་དུ་སྒྲོལ་ལ་ཤོག༔ གཏད་དོ་གཉེར་རོ་ཐུགས་དམ་ཅན༔ ལས་ལ་བསྐུལ་ལོ་བང་མ་བུལ༔ མཐུ་སྟོབས་དྲག་པོས་དགྲ་བགེགས་སྒྲོལ༔ དུས་ལ་བབ་བོ་ས་མ་ཡཱ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་བསྟོད་བསྐུལ་ཞིང་གཏོར་མ་འབུལ༔ དེ་ལྟར་བསྐྱེད་རིམ་ཏིང་འཛིན་གྱིས༔ མ་ཡེངས་དགོངས་པའི་གཟེར་གདབ་ནས༔ དྲིལ་སྒྲུབ་གསང་བའི་སྙིང་པོ་འདི༔ ཞག་བདུན་བཟླས་པས་ཆོས་སྐྱོང་ཆེ༔ གཏེར་སྲུང་ཆེན་པོ་དངོས་ཉམས་དང་༔ རྨི་ལམ་སོགས་ལ་ངེས་པར་མཇལ༔ འུར་སྒྲ་ཐུག་ཆོམ་ཁང་པ་འཚེག༔ ཨ་ཙར་མོན་པས་སྒོ་བརྡུང་ཞིང་༔ ཤིང་བཅད་བྲག་གཤགས་ལིངས་བཏབ་དང་༔ གོ་གོན་མཚོན་ཐོགས་ཕ་རོལ་བཅོམས༔ དངོས་ཉམས་རྨི་ལམ་མང་པོར་ཡོང་༔ དེ་ཚེ་ཆོས་སྐྱོང་གྲུབ་པའི་རྟགས༔ བསྟོད་བསྐུལ་འདོན་ཞིང་གཏོར་མ་འབུལ༔ གར་རྦད་ལས་རྣམས་ཐོགས་མེད་འགྲུབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསང་བ་དྲིལ་སྒྲུབ་སྙིང་པོ་ནི༔ ཨཱོཾ་བཛྲ་ས་དྷུ་ས་མ་ཡཱ༔ ཏྲི་ཤུ་ལ་ཨ་ཡ་མ་དུ་རུ་ཙ་ཤ་ན་ཙིཏྟ་ཧྲིང་ཧྲིང་ཛཿཛཿ དགྲ་བོ་ཆེ་གེ་མཱ་ར་ཡ༔ སྲོག་རྩ་ལ་འདུས་འདུས༔ སྙིང་རྩ་ལ་ཡཾ་ཡཾ༔ བླ་སྲོག་རྣམ་པར་ཤེས་པ་བྷྲུཾ་བྷྲུཾ་ལཾ་ལཾ་སྟཾ་བྷ་ཡ་ནན༔ ཁ་ལ་ཁ་ཚེ་དགྲ་བོ་མཱ་ར་ཡ་རྦད་རྦད༔ ཆིངས་ཤིག༔ ནྲི་ཏྲི་ཐུམ་རིལ་རྦད་ཡ་སོད་སོད་ཛྭ་ལ་རཾ་མཱ་ར་ཡ་ཕཊ༔ ས་མ་ཡཱ༔ དེ་ལྟར་བསྒྲུབས་པས་རྟགས་མེད་ན༔ བླ་རྡོ་ཐུན་དང་ཡི་དམ་གྱི༔ དྲག་སྔགས་བྲབ་ལ་ཏིང་འཛིན་ནི༔ རང་ཉིད་ཡི་དམ་གང་ཡིན་གྱི༔ ཞབས་འོག་ཆོས་སྐྱོང་འཁོར་བཅས་བསམས༔ ཡེ་ཤེས་སྤྲུལ་པའི་ཁྲོ་བོ་དང་༔ ཁྲོ་མོ་དཔག་ཏུ་མེད་པ་ཡིས༔ ཆོས་སྐྱོང་སྲུང་མ་འཁོར་བཅས་ལ༔ རང་གཤེད་རང་ལ་ཕབས་ནས་ཀྱང་༔ དམྱལ་སྒྲ་དིར་དིར་བསམས་པའི་ངང་༔ ཏྲི་བཛྲ་ས་དུ་ས་མ་ཡཱ༔ ཨ་ཡ་མ་དུ་རུ་ཙ་ཤ་ན༔ ཙིཏྟ་སྲོག་ལ་ཟུང་ཟུང་༔ ཡ་མ་སྙིང་ལ་ཤག་ཤག༔ རྒྱུག་རྒྱུག༔ ཆོ་ཆོ༔ བྲེང་བྲེང་༔ ནྲི་ཏྲི་དགྲ་བགེགས་མཱ་ར་ཡཱ༔ ཁུག་རི་ལི་ལི་ཐུཾ་རིལ་རྦད་རྦད་ཛཿཛཿ སྤོག་ཆོག་ཞག་བདུན་འདི་བཟླས་ན༔ དགྲ་བགེགས་གང་དང་གང་ལ་རྦད༔ མ་ཐོགས་མྱུར་དུ་རྟགས་མེད་ན༔ པདྨ་བདག་གིས་མ་ཤེས་སོ༔ དམ་ཚིག་བྱ་ཤ་ར་ཤ་སྤང་༔ སྒྲུབ་པའི་གནས་དང་བླ་རྡོ་རྣམས༔ འགྲོ་བ་གཞན་ལ་རབ་ཏུ་གསང་༔ ལིངྒ་ཟག་རྫས་ལྡན་པ་གཅེས༔ ས་མ་ཡཱ༔ རྟགས་བྱུང་གཏོར་མ་དགྲ་ཕྱོགས་བསྐྱལ༔ མཆོད་རྟེན་ཞབས་སམ་རྒྱ་གྲམ་ལམ༔ ལིངྒ་མནན་ཅིང་ལྟ་བྲོ་བརྡུང་༔ བཀྲ་ཤིས་བསྔོ་སྨོན་བསྟན་མ་སྐྱོང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཆོས་སྐྱོང་གཏེར་བདག་གི༔ དྲིལ་སྒྲུབ་གསང་བའི་སྙིང་པོ་འདི༔ མ་འོངས་བུ་དང་འཕྲད་ནས་ཀྱང་༔ སངས་རྒྱས་བསྟན་པའི་བཙས་སུ་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ཉི་མ་གྲགས་པས་གཏེར་ནས་གདན་དྲངས་པའོ། མངྒ་ལཾ།། །།


previousབཀའ་སྲུང་ཆེན་པོའི་སྒྲུབ་ཐབས།next