Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅོ་ལྔ་པ།

105 occurrences of དགོས་པ་
[Clear Hits]


  
  
 
གསང་བ་སྙིང་ཐིགས་ཀྱི་སྔོན་འགྲོའི་སྐབས་ཀྱི་ཉེར་མཁོའི་ངག་འདོན།
  
40   
 
14   
  
 
22   
 
 
13   
 


105 occurrences of དགོས་པ་
[Clear Hits]

 
previousགསང་བ་སྙིང་ཐིགས་ཀྱི་སྔོན་འགྲོའི་སྐབས་ཀྱི་ཉེར་མཁོའི་ངག་འདོན།next

གསང་བ་སྙིང་ཐིགས་ཀྱི་སྔོན་འགྲོའི་སྐབས་ཀྱི་ཉེར་མཁོའི་ངག་འདོན།

གསང་བ་སྙིང་ཐིགས་ཀྱི་སྔོན་འགྲོའི་སྐབས་ཀྱི་ཉེར་མཁོའི་ངག་འདོན་རྣམས་བཞུགས། །ཐུན་བཞི་སོ་སོའི་ཐོག་མར་ལུས་ངག་གི་གནད་སྔོན་དུ་འགྲོ་བས། སེམས་གནད་སེམས་བསྐྱེད་རྒྱ་ཆེན་པོའི་ངང་ནས། རང་གཞན་གྱི་སྤྱི་བོར་མོས་པ་དང་བསྟུན་ནས་བླ་མ་བསྒོམ། རྒྱལ་བ་ཀུན་འདུས་རྗེ་བཙུན་བླ་མ་མཁྱེན་ནོ། འཁོར་བ་དོང་ནས་སྤྲུགས་པར་བྱིན་གྱིས་རློབས་ཤིགམོས་གུས་དྲག་པོས་ཅི་ནུས་གསོལ་བ་བཏབ་མཐར་འོད་དུ་ཞུ་ནས་སོ་སོར་ཐིམ་པར་བསམ། ༈ཐུན་མོང་གསུམ་གྱི་སྐབས། རྒྱུད་ལ་སྐྱེ་སླ་ཕྱིར་དམིགས་པ་སོགས་སྤྲོ་ན། དང་པོ་དལ་འབྱོར་རྙེད་དཀའི་སྐབས། དབེན་པར་གཅིག་པུར་གནས་ཤིང་བདེ་བའི་སྟན་ལ་རྐང་པ་ཕྱེད་སྐྱིལ་གྱི་གཡས་པ་ས་ལ་བཙུགས་ཏེ་བསླང་གཡོན་པུས་མོ་ཕབ་ལ་ལག་པ་གཡས་ཀྱི་གྲུ་མོ་པུས་མོ་ལ་བཙུགས་ཏེ་འགྲམ་པ་སྐྱོང་། གཡོན་པུས་མོར་བཀབ་སྟེ་མྱ་ངན་གྱི་འདུག་སྟངས་བཅས་ལ། དམིགས་པ་ནི་ཡུལ་ཕྱོགས་ཐམས་ཅད་ཡངས་ཤིང་རྒྱ་ཆེ་བ་ལ་ངན་སོང་གསུམ་གྱི་སེམས་ཅན་བསམ་གྱིས་མི་ཁྱབ་པ་རང་རང་གི་སྡུག་བསྔལ་གྱིས་མནར་སྟེ་ངུ་ཙི་དི་རི་བ། དེའི་དཀྱིལ་དུ་བྲག་རི་ཤིན་ཏུ་མཐོ་བ་གཅིག་གི་སྟེང་ན་རང་གཅིག་པུ་གྲོགས་མེད་པར་མི་ལུས་ཐོབ་ནས་ཡོད་པས། དེ་ཉིད་མར་ལྷུང་ལ་ཁད་ཁད་ཡོད་པ་ལ་འདི་སྙམས་དུ་ཨ་ཙ་མ། དམྱལ་བ་ཡི་དྭགས་དུད་འགྲོ་དཔག་ཏུ་མེད་པ་འདི་ལྟ་བུའི་ནང་ནས་རང་གཅིག་པུ་མི་ལུས་ཐོབ་པ་འདི་སྔོན་དགེ་བའི་མཐུ་གཅིག་ལ་བརྟེན་ནས་སྟབས་ཀ་ལེགས་པ་ཙམ་འདུག་ཀྱང་ཆོས་མེད་པར་མ་ཀི་སྡུག་བསྔལ་ཚན་པོ་ཆེ་དེར་མྱུར་དུ་འགྲོ་ དགོས next hit་ཕངས་པ་ལ་ད་མ་ཀིར་མི་ལྷུང་བའི་ཐབས་ཇི་ལྟ་བུ་ཞིག་དྲག་གམ། ཨ་རྫི་འཇིགས་པ་ལ་སྙམ་པའི་ངང་ནས་ཚིག་འདི་ལྷང་ལྷང་དུ་བརྗོད་ཅིང་། ཨ་ཙ་མ་ནི་ང་རེ་འཇིགས། །ངན་སོང་སེམས་ཅན་མང་ལུགས་སམ། །མི་ལུས་ཐོབ་པའི་དཀོན་ལུགས་སམ། །མ་གིར་ལྷུང་བའི་མགྱོགས་ལུགས་སམ། །རྙེད་པར་དཀའ་ལ་འཇིགས་པར་སླ། །འདི་ལས་ཇི་ལྟར་བྱས་ན་ཐར། །ཐབས་ཤིག་ཡོད་ན་སྒྲུབ་པ་ལ། །ཞེས་སྨྲེ་སྔགས་ལྷང་ལྷང་ཡོད་པའི་ཚེ་སྟེང་གི་ནམ་མཁའ་ལ་དྲིན་ཅན་རྩ་བའི་བླ་མ་དེ་ཉིད་སྐུ་ལ་རུས་པའི་རྒྱན་དྲུག་གསོལ་བ། ཕྱག་གཉིས་སྐྱབས་སྦྱིན་གྱི་ཕྱག་རྒྱ་དང་བཅས་པ་བྱུང་སྟེ་འདི་སྐད་དུ་གསུངས་པར་བསྒོམ་ལ། ཀྱཻ་མ་དལ་འབྱོར་རྙེད་དཀའ་ཐོབ་པ་ད་རེས་ཙམ། །མྱུར་དུ་ངན་འགྲོའི་གནས་སུ་ལྷུང་ལ་ཁད། །ད་རེས་འདི་ལ་དོན་ཆེན་མ་སྒྲུབ་ན། །ཕྱིས་ནས་མི་ལུས་ཤིན་ཏུ་རྙེད་པར་དཀའ། །ཞེས་གསུང་མ་ཐག་ཏུ་རང་གི་བསམ་པ་ལ། ད་ལན་བདག་འཁོར་བའི་སྡུག་བསྔལ་ལས་གྲོལ་བར་བྱས་ནས་བདག་གིས་སེམས་ཅན་གཅིག་ཀྱང་མ་ལུས་པ་བསྒྲལ་བར་བྱའོ། །སྙམས་པའི་སེམས་བསྐྱེད་མ་ཐག་ཏུ་བླ་མའི་ཐུགས་ཀ་ནས་འོད་ཟེར་གྱི་སྙིང་པོ་ཞིག་བདག་ལ་ཕོག་པ་ཙམ་གྱིས་རང་ཉིད་བདེ་ཆེན་གྱི་ཞིང་དུ་ཡེར་གྱིས་སླེབ་བྱུང་སྙམ་པ་དང་བདག་གི་ཐུགས་ཀ་ནས་འོད་ཟེར་དཔག་མེད་འཕྲོས་ཏེ་སེམས་ཅན་དེ་དག་གཅིག་ཀྱང་མ་ལུས་པར་བདེ་ཆེན་གྱི་གནས་སུ་དྲངས་པར་བསམ་ཞིང་སེམས་ཅན་ལ་སྙིང་རྗེ་དྲག་ཏུ་བསྒོམ་པར་བྱའོ། ༈གཉིས་པ་མི་རྟག་པའི་སྐོར་ལ། ཡང་ལུས་གནད་གོང་ལྟར་རམ་སྐྱིལ་ཀྲུང་བཅས་ལ་དམིགས་པ་ནི། བདག་གང་ནས་ཕྱིན་ཆ་མེད་པར་ལུང་པ་ཁ་བྱང་དུ་བསྟན་པ། ཁ་དོག་ནག་པ། གྱང་སྟོང་དམར་སང་སང་བ་མིའི་རྒྱུ་འགྲུལ་མེད་པ། རྫ་རི་སྔོ་སྤུངས་སྤུངས། རྫ་ཆུ་སྔོ་ཁྲ་ལ་ལ་འབབ་པ། གྲོག་རལ་ཁམ་ཤར་བ། འཇག་སྐྱ་སྐྱུ་རུ་རུ་ཟེར་བ། མི་རོ་མང་པོ་གཅན་ཟན་གྱིས་ཕར་ཚུར་འཐེན་པ། ཝ་མོ་ཁེང་ཁེང་རྒྱལ་བ། བྱ་རོག་ཏོང་ཏོང་གྲགས་པ། འུག་པ་ཧ་སྒྲ་སྒྲོག་པ། བྲག་རི་མཐོ་བསང་བསང་། ལྷག་པ་འུ་རུ་རུ་ཟེར་བ། ཉི་མ་རི་རྩེ་ལ་ནུབ་པ། གྲིབ་སོ་ནག་ངམ་ངམ་པའི་ས་དེར་སླེབས་ཏེ་སྔོན་ཆད་འགྲོ་ནི་མ་མྱོང་གྲོགས་མེད་གཏད་སོ་མེད་པར་ཐོམ་ཐོམ་དུ། ཀྱེ་མ་ཀྱི་ཧུད་ཨ་ཙ་མ། གར་འགྲོའི་གཏད་སོ་བདག་ལ་མེད། །བུ་དང་ནོར་རྫས་གར་ཡོད་དམ། །ཡུལ་དང་ཕ་མ་ནམ་སླེབ་བམ། །ཀྱེ་མ་ཀྱི་ཧུད་ང་རེ་སྐྱོ། ཅེས་ལྷང་ལྷང་ཟེར་ཞིང་ཐོམ་ཐོམ་ཕྱིན་པ་ལ་ནམ་ཞིག་ཙ་ན་བྲག་རོང་ཞིག་ཏུ་ལྷུང་བར་ལག་པ་གཡས་པས་བྲག་གི་དཀྱིལ་དེར་རྩ་ཕོན་གཅིག་འདུག་པ་དེ་ལ་ཟིན་ཏེ་དམ་དུ་བཅང་ཞིང་འདར་ཕྲི་ལི་ལི་ཡོད་པ་ལ། མར་ལ་བལྟས་པས་ན་གཏིང་མི་མངོན་པ། ཡར་ལ་བལྟས་པས་ན་གནམ་ལ་སྙེགས་པ་མེ་ལོང་གི་ངོས་ལྟར་འདྲེད་ཅིང་རྒྱ་ཆེ་བ་རླུང་འུ་རུ་རུ་ཟེར་བ་ཞིག་ཏུ་ཡོད་པ་ལས། རྩ་ཕོན་དེའི་གཡས་ཕྱོགས་ཀྱི་བྲག་གི་སེར་ཁ་གཅིག་ནས་བྱི་བ་དཀར་པོ་གཅིག་བྱུང་ནས་རྩ་ཉག་མ་གཅིག་བཅད་དེ་ཁྱེར་སོང་། གཡོན་ཕྱོགས་ནས་བྱི་བ་ནག་པོ་གཅིག་བྱུང་ནས་རྩ་ཉག་མ་གཅིག་བཅད་དེ་ཁྱེར་སོང་། དེ་གཉིས་རེས་མོས་བྱས་ཏེ་ཁྱེར་བས་རྩྭ་ཕོན་དེ་ཇེ་ཆུང་ཇེ་ཆུང་ལ་སོང་བྱི་བ་ལ་རྒོལ་ཐབས་ནི་མེད། ཤི་བ་ལ་ནི་འཇིགས་དངངས་སྐྲག་འདར་ཏེ་ཨ་ཙ་མ། ད་ནི་བདག་ལ་འཆི་བ་སླེབས་ཏེ་གདའ། བོས་པས་ཐོས་པའི་ས་ནི་མེད། སྔོན་ཆད་འཆི་བ་མ་དྲན་པས་ཆོས་ནི་མེད། ཤི་བ་ཡོངས་རྒྱུ་ཡིད་ལ་མེད་པར་གློ་བུར་དུ་སླེབས། ད་ནི་བུ་ཚ་ནོར་རྫས་ཉེ་འབྲེལ་ཡུལ་མི་ཁྱིམ་མཚེས་དང་དེ་རིང་ནས་བྲལ་ཏེ་དེང་ཕྱིན་ཆད་འཕྲད་ནི་མི་ཡོངས། སྔོན་ལ་དགེ་བ་ནི་མ་བྱས། ནོར་བསགས་པ་ནི་ཤུལ་དུ་ལུས། སྔོན་ཆད་འགྲོ་མ་མྱོང་བའི་གཤིན་ཡུལ་མུན་ནག་ཐག་རིང་དུ་གྲོགས་མེད་གཅིག་པུར་འགྲོ་previous hit དགོས next hit་ཨ་རྫི་འཇིགས་པ་ལ། འདི་ལས་ཐར་ཐབས་ཅི་དྲག་གམ། གང་ན་ཡོད། ཅི་ཚུག་བྱེད། ཨ་ཙ་མ་འདི་ལས་ཇི་ལྟར་བྱས་ན་ཐར། ཞེས་སྨྲེ་སྔགས་ལྷང་ལྷང་ཡོད་པའི་ཚེ། སྟེང་གི་ནམ་མཁའ་ལ་དྲིན་ཅན་རྩ་བའི་བླ་མ་དེ་ཉིད་པད་ཟླའི་སྟེང་ན་རུས་པའི་རྒྱན་དྲུག་གསོལ་ནས་ཌཱ་དྲིལ་བསྣམས་ཏེ་གར་སྟབས་ལིང་ལིང་བྱོན་ཅིང་འདི་སྐད་དུ། ཀྱེ་མ་ད་ནི་མི་རྟག་མྱུར་དུ་འཇིག །ཕྱི་ཡི་དུས་བཞི་མི་རྟག་འགྱུར་ཞིང་འགྲོ། རྒན་རིམ་དགྲ་གཉེན་ཐམས་ཅད་འཆི་དང་རྒུད། །གཞོན་རིམ་དར་མ་ལོ་ཟླ་ཞག་གྲངས་འགྱུར། །འཆི་བ་འདི་ལ་བཟློག་པ་ཅི་ཡང་མེད། །བཟློག་ཐབས་འདུག་གམ་ད་ལྟ་འདི་ལ་ལྟོས། །ད་ནི་ལོང་མེད་བླ་མར་མོས་གུས་མཛོད། །ཅེས་གསུང་པ་དེ་ཐོས་པ་ཙམ་གྱིས། ཀྱེ་མ་འདི་ལྟ་བུའི་འཆི་བ་ལ་མ་ཐུག་པའི་ཚེ་ཆོས་ཤིག་བྱ་རྒྱུ་ཡིན་པར་འདུག་པ་ལ་དེ་སྔ་ཆོས་ཤིག་མ་བྱས་ང་རེ་འགྱོད་ད་ནི་ཤི་རུང་གསོན་རུང་བླ་མ་དཀོན་མཆོག་མཁྱེན། བླ་མ་དཀོན་མཆོག་ལ་ཐུགས་རྗེ་ཡོད་ན་བདག་འཁོར་བའི་གཡང་ས་ཆེན་པོ་འདི་ལས་བསྒྲལ་ན་ཅི་མ་རུང་བསམ་ཤིང་བླ་མ་དཀོན་མཆོག་མཁྱེན་ཞེས་སྙིང་ཐག་པ་ནས་མོས་གུས་དྲག་པོ་བྱས་པ་ཙམ་གྱིས་བླ་མའི་ཐུགས་ཀ་ནས་འོད་ཟེར་གྱི་སྙིང་པོ་ཞིག་བདག་ལ་ཟུག་པ་དང་རྩྭ་ཕོན་ཆད་པ་དུས་མཚུངས་ཏེ་རང་འོད་ཟེར་དེས་གཡེང་ཀྱིས་བཏེགས་ནས་བདེ་ཆེན་གྱི་ཞིང་དུ་དྲངས་སོང་སྙམ་པ་དང་བདག་གི་ཐུགས་ཀ་ནས་ཀྱང་འོད་ཟེར་དཔག་མེད་འཕྲོས་པས་ཁམས་གསུམ་གྱི་སེམས་ཅན་གཅིག་ཀྱང་མ་ལུས་པར་བདེ་ཆེན་གྱི་ཞིང་དུ་དྲངས་པར་བསམ་ཞིང་སྙིང་རྗེ་དྲག་ཏུ་བསྒོམ་པར་བྱའོ། ༈གསུམ་པ་ཉེས་དམིགས་སྐབས། ལུས་མྱ་ངན་གྱི་འདུག་སྟངས་བཅས་ལ། འཁོར་བའི་སྡུག་བསྔལ་ཡང་དང་ཡང་དུ་བསམ་ཞིང་འདི་ལྟར་ཕྱི་ནང་སྣོད་བཅུད་འཁོར་བའི་རང་བཞིན་ཐམས་ཅད་མེ་ཡི་དོང་ཆེན་པོ་ཚ་བའི་ངར་དང་ལྡན་པ་གཏིང་ཟབ་ལ་དཔང་མཐོ་བ་རྒྱ་ཆེ་ལ་མུ་མེད་པ་འཇིགས་སུ་རུང་བའི་ཀློང་དུ་རང་དང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཚུད་ནས་ཡོད་པ་ལ་སྔོན་ཆད་ཐོག་མེད་ནས་ད་བར་དུ་ཚིག་ཅིང་སྡུག་བསྔལ་བཟོད་གླག་མེད་པས་མནར་བ་ལ། ཀྱེ་མ་ཀྱེ་ཧུད་འཁོར་བའི་སྡུག་བསྔལ་ཨ་རྫི་འདི་ལས་འབྲོས་པའི་དུས་ལ་བབས། །ཨ་ཙ་མ་ང་རེ་འཇིགས། །ཞེས་སྨྲེ་སྔགས་ཟི་ལྷང་ལྷང་ཡོད་པའི་ཚེ། སྟེང་གི་ནམ་མཁའ་ལ་རྩ་བའི་བླ་མ་སྐུ་ལ་རུས་པའི་རྒྱན་དྲུག་གསོལ་ཞིང་ཕྱག་གཉིས་ཟིལ་གནོན་གྱི་ཕྱག་རྒྱ་ལས་འོད་ཟེར་གྱི་ལྕགས་ཀྱུ་འཕྲོ་བ་ཞིག་བྱུང་བའི་ཞལ་ནས། ངན་སོང་གི་སྡུག་བསྔལ་མེ་འོབ་ཆེན་པོ་འདི་ལས་འབྲོས་རེ་རན། ཞེས་གསུངས་པ་དེ་ཐོས་པ་ཙམ་གྱིས་ད་ནི་བླ་མའི་བཀའ་ལ་ཉན་ཏེ་སེམས་ཅན་གཅིག་ཀྱང་མ་ལུས་པ་འདྲེན་པར་བྱ་སྙམས་པའི་སེམས་བསྐྱེད་མ་ཐག་ཏུ་བླ་མའི་ཕྱག་གི་འོད་ཟེར་གྱི་ལྕགས་ཀྱུས་སྙིང་ག་ནས་བཟུང་སྟེ་བདེ་ཆེན་གྱི་གནས་སུ་ཡེར་གྱི་དྲང་མ་ཐག་ཏུ་འཁོར་བའི་སེམས་ཅན་ལ་སྙིང་རྗེ་དྲག་པོ་བསྒོམ་པའི་ཤུགས་ཀྱིས་བདག་གི་ལག་ནས་ཀྱང་འོད་ཟེར་གྱི་ལྕགས་ཀྱུ་དཔག་མེད་འཕྲོས་པས། མེ་དོང་གི་སེམས་ཅན་གཅིག་ཀྱང་མ་ལུས་པ་བདེ་ཆེན་གྱི་ཞིང་དུ་དྲངས་ནས་སངས་རྒྱས་པར་བསམ་མོ། དེ་དག་རྣམས་ནི་འཁོར་བ་ལས་བློ་ལྡོག་ཅིང་ཟབ་ལམ་ལ་འཛུད་པའི་རིམ་པ་སྟེ། འདི་དག་དུས་རྒྱུན་དུའང་ཉིན་རེ་བཞིན་ཐུན་རེ་བསྒོམ་པ་གལ་ཤིན་ཏུ་ཆེ་བར་གསུང་སྣང་ངོ་། ༈ཐུན་གྱི་སྔོན་འགྲོར་སྤྱི་བོར་བླ་མ་བསྒོམ་གསོལ་བ་འདི་ལྟར་བཏབ། སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །དལ་འབྱོར་རྙེད་དཀའ་འཆི་བ་མི་རྟག་དྲན། །རྒྱུ་འབྲས་བསླུ་མེད་ངེས་པའི་བདེན་འབྲས་ཀྱིས། །འཁོར་བའི་ཉེས་དམིགས་ཐར་པའི་ཕན་ཡོན་རྣམས། །ཚུལ་བཞིན་རྒྱུད་སྐྱེས་ཉིན་མཚན་བར་མེད་དུ། །དམ་པའི་ཆོས་ལ་བརྩོན་འགྲུས་མཐར་ཕྱིན་ནས། །མྱུར་དུ་སངས་རྒྱས་གོ་འཕང་མངོན་གྱུར་ཤོག །ཚར་ཅི་ལྕོག་འདོན་ཞིང་མཐར་བླ་མ་འོད་ཞུ་རང་དང་དབྱེར་མེད་བསྲེ། །


previousགསང་བ་སྙིང་ཐིགས་ཀྱི་སྔོན་འགྲོའི་སྐབས་ཀྱི་ཉེར་མཁོའི་ངག་འདོན།next