(༡)ཧཱུྃ། ངེས་དོན་སྙིང་པོ་ཞེས་བྱ་བ་ལྡེབ་༦། བྱིན་རླབས་ཐུགས་སྒྲུབ་ཅེས་བྱ་བ་ལྡེབ་༥། རིག་འཛིན་མཆོག་སྒྲུབ་ལྡེབ་༦། མཁའ་འགྲོ་བདེ་ཆེན་རྒྱ་མཚོ་བསྐྱེད་རིམ་ཡིད་བཞིན་ནོར་བུ་ལྡེབ་༦། རླུང་སྦྱོར་ཡེ་ཤེས་དྲྭ་བ་ལྡེབ་༤། ཟབ་ལམ་བདེ་ཆེན་རྒྱ་མཚོ་ལྡེབ་༤། འོད་གསལ་འཁོར་ལོ་ལྡེབ་༦། གཞི་སྣང་ངོ་སྤྲོད་ལྡེབ་༣། འོད་གསལ་སྦུབས་འཇུག་ལྡེབ་༦། སྒྲོལ་མ་བཞི་སྐོར་ལྡེབ་༥། འཁྲུལ་སྣང་གཞི་གྲོལ་ལྡེབ་༣། རྨི་ལམ་སྦུབས་འཇུག་ཅེས་བྱ་བ་ལྡེབ་༤། དབྱིངས་སྣང་ངོ་སྤྲོད་ཅེས་བྱ་བ་ལྡེབ་༤། ཟབ་དོན་གནད་ཀྱི་ལྡེ་མིག་ལྡེབ་༩། འོད་གསལ་པྲ་ཁྲིད་ལྡེབ་༦། གསང་ལམ་རིན་པོ་ཆེའི་ངོ་སྤྲོད་ལྡེབ་༤། ཟབ་དོན་སྙིང་པོ་ཞེས་བྱ་བ་ལྡེབ་༤། ཀུན་འདུས་རིན་པོ་ཆེའི་ངོ་སྤྲོད་ལྡེབ་༤། བར་དོ་སྦུབས་འཇུག་ལྡེབ་༣། བར་དོ་གནད་ཀྱི་སྒྲོན་མེ་ལྡེབ་༥། གནས་གསུམ་སྒྲོན་མེ་ཞེས་བྱ་བ་ལྡེབ་༤། མཐོང་སྣང་རིན་པོ་ཆེ་འོད་ཀྱི་དྲྭ་ལྡེབ་༣༢། ཞལ་ཆེམས་དྲི་མ་མེད་པའི་འོད་ཅེས་བྱ་བ་ལྡེབ་༡༠། བདེ་གཤེགས་རིགས་ལྔའི་སྒྲུབ་ཐབས་པདྨ་སྟོང་ལྡན་ལྡེབ་༦། རིགས་ལྔའི་བཅུད་ལེན་བདུད་རྩིའི་ཐིགས་པ་ལྡེབ་༡༡། བདུད་རྩི་སྤྲིན་ཕུང་ཞེས་བྱ་བ་ལྡེབ་༡༠། འཆི་བ་བརྟག་བསླུའི་མན་ངག་ཉི་ཟླ་གཟའ་བྲལ་ལྡེབ་༦། བཏགས་གྲོལ་རྒྱུད་ཀྱི་མན་ངག་རིན་ཆེན་སྙིང་པོ་ལྡེབ་༦། སྲེག་སྤྱོད་འོད་ཀྱི་སྙེ་མ་ལྡེབ་༦། གཞན་ཕན་འོད་ཀྱི་འཁོར་ལོ་ལྡེབ་༣༧། ཕྱག་རྒྱ་བཞི་མཆོད་འོད་ཀྱི་འཁོར་ལོའི་གནད་ཡིག་ལྡེབ་༥། མཆོད་རྟེན་རབ་གནས་རིན་ཆེན་དྲྭ་བ་ཞེས་བྱ་བ་ལྡེབ་༦། རབ་ཏུ་གནས་པའི་ཆོ་ག་ཡེ་ཤེས་དྲི་མེད་ཅེས་བྱ་བ་ལྡེབ་༡། མཐོང་སྣང་རིན་ཆེན་གསེར་གྱི་དྲྭ་བ་ལྡེབ་༦། རྡོ་རྗེ་གཡུ་སྒྲོན་མའི་སྒྲུབ་ཐབས་ཟླ་བ་འདོད་འཇོ་ལྡེབ་༤ གཟའ་བདུད་གསང་སྒྲུབ་ལྡེབ་༥། གནོད་སྦྱིན་དམར་ནག་གི་སྒྲུབ་པ་མེ་རླུང་འཁྱིལ་བ་ལྡེབ་༦། ཤན་པ་སྲོག་སྒྲུབ་ནག་མོའི་གསང་སྒྲུབ་ལྡེབ་༦། མཁའ་འགྲོ་ཡང་ཏིག་གི་ཐེམ་བྱང་དཔག་བསམ་ལྗོན་ཤིང་ལྡེབ་༨བཅས་ལྡེབ་གྲངས་བསྡོམས༢༧བཞུགས།། །།དགེའོ།།
(༡)༔ངེས་དོན་སྙིང་པོ་ཞེས་བྱ་བ་བཞུགས་སོ༔༔།
(༢)སྒརྶགྶནཥཥླཿ །ངེས་དོན་སྙིང་པོ་ཞེས་བྱ་བཿདཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ་ཿཐུགས་རྗེའི་རང་བཞིན་ཕན་བདེའི་སྤྲིན་ཚོགས་ཅནཿརང་བྱུང་པདྨ་རྒྱལ་ལ་ཕྱག་འཚལ་ལོཿཤིན་ཏུ་སྤྲོས་དང་བྲལ་བའི་གང་ཟག་རྣམསཿམངོན་སུམ་སྙིང་པོའི་དོན་འདིར་གཞུག་བྱའི་ཕྱིརཿསྤྲོས་ཀུན་དོར་ཏེ་སྤྲོས་མེད་སྙིང་པོའི་དོནཿཇི་ལྟར་བདག་ལ་བབས་བཞིན་འདིར་བརྗོད་བྱཿདེ་ལ་གཞི་དབང་ཿལམ་ཁྲིདཿའབྲས་བུའི་
(༣)གྲོལ་ལུགས་གསུམ་ལསཿདང་པོ་ནི་ཚོགས་ཀྱི་འཁོར་ལོས་བརྒྱན་པར་བླ་མས་བསྐྱེད་རྫོགས་བསྒོམ་ཞིང་ཿསློབ་མ་ལ་སྐྱབས་སུ་འགྲོ་བ་དང་ཿབྱང་ཆུབ་ཏུ་སེམས་བསྐྱེད་པ་དང་ཿསྟོང་པའི་ངང་ལས་ཀུན་བཟང་ཡབ་ཡུམ་མཐིང་ག་ཞལ་སྦྱོར་རྡོ་རྗེའི་སྐྱིལ་ཀྲུང་མཛད་པར་བསྒོམ་དུ་བཅུག་ནས། བླ་མ་བརྒྱུད་པ་དང་ཿསངས་རྒྱས་རིགས་ལྔཿམཁའ་འགྲོ་སྡེ་ལྔ་དང་བཅས་པ་དབྱིངས་ནས་སྤྱན་དྲངས་ལཿཧཱུྃ་ཧཱུྃ་ཧཱུྃཿ ཕེ༚་ཕེ༚་ཕེ༚ཿ ཧྲི༚་ཧྲི༚་ཧྲི༚ཿ ཛ་ཧཱུྃ་བཾ་ཧོཿ པྲ་བྷེ་ཤ་ཡ་པྲ་བྷེ་ཤ་ཡ། ཞེས་བཟླས་ཤིང་བསྟིམ་ལཿརོལ་མོ་དཀྲོལཿཚིལ་
(༤)ཆེན་གྱི་དུད་པ་གཏོང་ངོ་ཿདེ་ནི་ལུས་ལྷར་གསལ་བ་བུམ་དབང་ངོ་ཿདེ་ནས་ནམ་མཁར་ཀུན་བཟང་ཡབ་ཡུམ་བླ་མ་བརྒྱུད་པ་དང་བཅས་པའི་སྦྱོར་མཚམས་ནས་བྱང་སེམས་བབས་པསཿསློབ་མའི་སྤྱི་བོར་ཐིམ་ནས་ལུས་གང་བསཿབདེ་བ་རྒྱས་པར་བསམ་ཞིང་ཿབདུད་རྩི་ལྕེ་ལ་བཞག་སྟེཿལུས་ཀྱི་ནང་ཡི་གེས་གང་བར་བསམ་ཞིང་ཿཿཨཱོྃ་ཨཱཿཧཱུྃ་དང་ཿཨཱ་ལི་ཀཱ་ལི་བརྒྱ་རྩ་རེ་བཟླས་པ་ནིཿངག་སྔགས་སུ་གསལ་བ་གསང་བའི་དབང་ངོ་ཿདེ་ནས་བླ་མ་ཡབ་ཡུམ་དུ་སྒོམ་དུ་བཅུག་ནས་སྙོམས་པར་ཞུགས་པར་བསམ་དུསཿདབའ་རླབས་མནན་པས་བདེ་བ་སྐྱེས་པ་ལ་འཛིན་པ་མེད་པར་ངོ་སྤྲོད་པ་ནི་ཤེས་རབ་ཡེ་ཤེས་ཏེ་ཡིད་བདེ་བ་ཆེན་པོར་གསལ་བའོཿདེ་ནས་བུ་ཁྱོད་ཤར་གྱི་ནམ་མཁར་འགྲོ་བར་སྒོམས་ཤིགཿཨེ་མ་འགྲོ་བའི་གནས་འདུག་གམཿའགྲོ་བའི་མཁན་པོ་འདུག་གམཿའགྲོ་བྱེད་ཀྱི་ཤེས་པ་འདུག་གམཿལྷོ་དང་ནུབ་དང་བྱང་ལའང་དེ་བཞིན་དུ་སྦྱར་ནས་ནམ་མཁའི་དཀྱིལ་ན་ཉི་མའི་དཀྱིལ་འཁོར་འོད་གསལ་བའི་སྟེང་དུ་ཡོད་པར་བསྒོམས་ལཿཇེ་མཐོ་ཇེ་མཐོར་སོང་བས་
(༥)སེམས་དང་ནམ་མཁར་འདྲེས་ཏེ་ལྡོག་པའི་གནས་མེད་པརཿམི་རྟོག་པའི་ངང་ལ་སྟོང་གསལ་འཛིན་པ་མེད་པར་མཉམ་པར་འཇོག་དུ་བཅུག་ནས། སེམས་ཉིད་ནམ་མཁའ་ལྟ་བུར་ངོ་སྤྲད་པ་ནིཿརང་བྱུང་ཡེ་ཤེས་ཀྱི་གནས་ལུགས་ཀ་དག་ལྷུན་གྲུབ་ཀྱི་རང་བཞིནཿརྫོགས་པ་ཆེན་པོའི་ཚིག་དབང་རིན་པོ་ཆེའོཿདེ་ཡང་དང་པོ་རྣམ་རྟོག་དང་ཿསྒོ་ལྔའི་ཤེས་པ་རང་གྲོལ་དུ་ཤེས་པར་བྱ་བའི་ཕྱིརཿགྲགས་སྟོང་ལ་སོགས་པར་ངོ་སྤྲོད་རྗེས་ནམ་མཁའ་ལྟ་བུའི་དོན་ལ་ངོ་སྤྲད་པ་ནི་གནད་དམ་པའོཿདབང་རྣམ་པར་ཕྱེ་བའི་དོན་གཅིག་ཏུ་བསྡུས་པ་རྫོགས་སོཿས་མ་ཡཿརྒྱ་རྒྱ་རྒྱཿ༈དོན་གཉིས་པ་ཁྲིད་ལ་གསུམ་ལསཿསྔོན་འགྲོ་ནི་ལག་པ་སྤྱི་བོ་ལ་མ་རེག་པར་ཐལ་མོ་སྦྱར་ཏེ་བརྐྱང་ཿརྐང་པའི་མཐིལ་སྤྲད་དེ་བསྐྱེདཿསྐེད་པ་བསྲང་ལ་རྡོ་རྗེ་མཐིང་ག་མེ་འབར་བའི་ལྟེ་བ་ལ་ཧཱུྃ་གིས་མཚན་པ་གཅིག་ཏུ་བསྒོམས་ལ་ཞག་གཅིག་འབད་ནསཿཧཱུྃ་ལས་ཧཱུྃ་འཕྲོས་ནམ་མཁའ་གང་བསཿཧཱུྃ་སྒྲ་འབྲུག་སྟོང་ལྡིར་བ་ཙམ་བསྒྲགསཿཧཱུྃ་རྣམས་ནམ་མཁའི་དཀྱིལ་ན་ཕར་
(༦)འགྲོ་ཚུར་འགྲོ་རང་ཉིད་རྡོ་རྗེར་གྱུར་པའི་ཕྱི་ནང་ཟང་ཐལ་དུ་སོང་ཿརྡོ་རྗེ་ཡང་ཇེ་མཐོར་འགྲོ་ཞིང་ཧཱུྃ་སྒྲས་ནམ་མཁའ་གང་བར་བསམས་ལ། །ཧཱུྃ་ཧཱུྃ་ཧཱུྃ་ཞེས་སྙན་ལ་གདངས་རིང་བ་ཞག་གསུམ་རིམ་པ་བཞིན་འབད་དོཿདེ་ནས་མཚན་མོ་ཉལ་དུས་རྣམས་སུ་དྲན་བསམ་ཡིད་ལ་མི་བྱེད་པའི་ངང་དུ་རྣལ་ལ་དབབ་པ་ཡང་བྱའོཿདེ་ནས་ད་ལྟར་གྱི་སེམས་དྲན་རྟོགས་སྣ་ཚོགས་སུ་འཆར་བ་ནིཿཤར་དུས་གང་ནས་བྱུང་ཿགང་ན་འདུགཿཡལ་སོང་དུས་གར་སོང་ཿཁ་དོག་ངོས་གཟུང་ཇི་ལྟ་བུཿཿཤར་བ་དང་འཆར་མཁན་གཉིས་གཉིས་སུ་གྲུབ་བམ་ཞེས་ཞག་གསུམ་དུ་བརྟག་ཏུ་གཞུག་པར་བྱའོཿདེ་དག་ནི་སྔོན་འགྲོ་དམ་པའོཿདེ་ནས་དངོས་གཞི་ལ། གཞི་ཀ་དག་ཁྲེགས་ཆོད་ཀྱི་ངོ་སྤྲོད་དང་ཿལམ་ལྷུན་གྲུབ་ཐོད་རྒལ་གྱི་ངོ་སྤྲོད་གཉིས་ལསཿདང་པོ་ནི་ཚོགས་གཏོར་དང་གསོལ་བ་བཏབ་པའི་རྗེས་ལ། ཀྱེ་སྐལ་ལྡན་ཕྱི་རོལ་སྣ་ཚོགས་སུ་སྣང་བ་ཐམས་ཅད་རྨི་ལམ་དང་འདྲ་སྟེཿསེམས་ལ་སྣང་ཡང་དོན་ལ་མ་གྲུབ་པསཿབཅས་བཅོས་དང་དགག་སྒྲུབ་མ་བྱེདཿ
(༧)ནང་དྲན་རིག་སྣ་ཚོགས་སུ་འཆར་བ་ལྟར་སྣང་ཡང་འཆར་བ་དང་འཆར་མཁན་མ་གྲུབཿངོ་བོ་དང་ངོས་གཟུང་མ་གྲུབཿཆུའི་རི་མོ་ལྟར་ཝལ་པོ་རྗེས་མེད་དུ་གྲོལ་བསཿགཏང་གཞག་དང་རེ་དོགས་མ་བྱེདཿཕྱི་སྣང་ཐོག་ཏུ་གཞག་པསཿནང་རིག་ཐོག་ཏུ་གྲོལ་ནས་སེམས་སྤྲོ་བསྡུ་མེད་པའི་གནས་ལུག་ལ་གནས་པ་ནིཿཀུན་ཏུ་བཟང་པོའི་དགོངས་པ་ཡིན་པསཿཅིར་སྣང་ཆོས་ཉིད་དུ་ཤེས་པསཿརིག་རྩལ་རྗེས་མེད་དུ་ཐོང་ཞིགཿཕྱི་འབྱུང་བ་ལྔཿནང་ཕུང་པོ་ལྔཿགསང་བ་དུག་ལྔ་གང་སྣང་གི་ཐོག་ཏུ་ཙེན་གྱིས་རྣམ་རྟོག་སྤྲོ་བསྡུ་མེད་པའི་ངང་ལ་རང་བབས་སུ་ལྷོད་དེ་གློད་དང་ཿགང་སྣང་འོད་གསལ་དུ་གྲོལ་ནས་བདེ་ཆེན་ཕྱོགས་ཡན་དུ་གྲོལ་ཏེཿབདེ་གསལ་མི་རྟོག་པའི་ཉམས་རང་བྱུང་དུ་སྐྱེ་ཞིང་ཿསེམས་ཉིད་རང་བྱུང་གི་ཡེ་ཤེས་ནམ་མཁའ་མཐའ་དབུས་མེད་པའི་དགོངས་པ་ནང་ནས་ནང་གསལ་འཆར་བ་ཡིནཿཞེས་ཐེབས་པར་གདབ་བོཿགཉིས་པ་ཐོད་རྒལ་ནི་སྔ་དྲོ་འཆར་མཚམས་སམཿཕྱི་དྲོ་ནུབ་མཚམས་སུ་དྲང་སྲོང་གི་འདུག་སྟངས་ཀྱིས་བལྟར་
(༨)བཅུག་པསཿཡེ་ཤེས་ཀྱི་སྣང་བ་མངོན་སུམ་དུ་མཐོང་བའི་ཚེཿཕྱི་འོད་ཀྱི་སྣང་བ་ལ་མ་ཡེངས་པར་བལྟས་པའི་དུས་ནཿདགག་སྒྲུབ་ཀྱི་ཞེན་རྟོག་དབྱིངས་སུ་ནུབ་སྟེ། གང་ལའང་མི་རྟོག་པའི་ཡེ་ཤེས་སྤྲོ་བསྡུ་མེད་པ་ཤར་དུསཿའདི་ཁོ་ན་སངས་རྒྱས་ཐམས་ཅད་ཀྱི་དགོངས་པཿཤེས་རབ་རང་བྱུང་གི་སྒྲོན་མ་འོད་སྣང་མངོན་སུམ་གྱི་གནད་ལས་རྩོལ་མེད་ལྷུག་པར་འཆར་བ་ངོ་ཤེས་པར་གྱིས་ཤིག། དུས་བཞི་ཆོས་ཉིད་ཀྱི་འཁོར་ལོ་བདེ་ཆེན་འོད་གསལ་གྱི་དགོངས་པ་ལས་མི་གཡོ་བ་སྟེ། གདོད་མ་ཆོས་ཟད་ཀྱི་དགོངས་པ་ལ་ཐུག་པས་ཟད་པ་ངོ་ཤེས་ཡིན་ཐོག་ཏུ་ཞོག་ལ་དུས་ཐམས་ཅད་དུ་སྐྱོངས་ཤིག་ཅེས་གདབ་བོཿདངོས་གཞིའོཿརྗེས་སྣང་བ་བཞིའི་འཆར་ལུགས་ལ་བཞི་ལསཿཆོས་ཉིད་མངོན་སུམ་གྱི་སྣང་བ་ནིཿདེ་ལྟར་གོམས་ནས་ཐིག་ལེ་གསུམ་སྦྲེལ་དུ་སྣང་བ་ཚུན་ཆད་དེཿལུས་འདུག་སྟངས་ལས་མི་གཡོ་བཿངག་སྨྲ་བརྗོད་ཉུང་བཿསེམས་བདེ་གསལ་མི་རྟོག་པ་ཤས་ཆེ་ཞིང་ཿརྨི་ལམ་དགེ་བ་སྡིག་པ་ཟད་པ་རྣམས་རྨིའོཿཉམས་གོང་
(༩)འཕེལ་ནིཿའོད་སྣང་ལིང་ཙེ་དང་ཿཡུལ་གྲུ་ཁྱབ་པའི་ནང་ནས་ཐིག་ལེ་ཐིག་ཕྲན་དུ་གསལ་ལ་མི་གཡོ་ཞིང་། པདྨ་སྟོང་ལྡན་དང་ཿམཆོད་རྟེན་དང་ཿགཞལ་མེད་ཁང་ལྟ་བུ་ནས་ལྷ་ཡབ་རྐྱང་པའི་བར་དུ་སྣང་ཞིང་ཿལུས་ངག་སེམས་གསུམ་སྔར་བས་དག་ཅིང་ཿབར་འགར་མངོན་ཤེས་ཀྱང་ལྡན་པའོཿརིག་པ་ཚད་ཕེབས་ནིཿལྷའི་སྐུ་གཟུགས་སྦྲེལ་ནས་དབྱིངས་སྣང་ནམ་མཁའ་ཁྱབ་པ་སྟེཿརྨི་ལམ་མེད་ཅིང་རྫུ་འཕྲུལ་དང་མངོན་ཤེས་འགྲུབ་པའོཿཆོས་ཉིད་ཟད་པ་ནིཿསྣང་བའི་འཕེལ་དང་ཿཕྱི་ནང་གི་འཛིན་པ་དང་ཿརྡོས་བཅས་སུ་སྣང་བ་ཐམས་ཅད་ཟད་པའོཿའདི་དག་ནི་ལམ་སྣང་བ་བཞིའི་འཕེལ་ཚད་ཟད་པའི་རིམ་པ་སྟེཿལམ་གྲོལ་བར་བྱེད་པའི་གདམས་པ་རྣམས་རྫོགས་སོཿས་མ་ཡཿརྒྱ་རྒྱ་རྒྱཿ༈དོན་གསུམ་པ་འབྲས་བུའི་གྲོལ་ལུགས་ནིཿགདོད་མའི་གཞི་ཐོག་ཏུ་ཕྱིན་པ་སྟེཿདཔེར་ན་ཤེལ་འོད་ནང་དུ་ཐིམ་དུས་འོད་ལྔ་སྦུབས་སུ་འཁྱིལ་བའི་ཚེ་ནང་གསལ་དུ་ཡོད་ལཿཕྱི་གསལ་དུ་མེད་ཀྱང་འོད་ཀྱི་འཆར་གཞི་བྱེད་པ་ལྟརཿཿ
(༡༠)ལམ་སྣང་གི་ལོངས་སྐུ་གདོད་མའི་ཟད་ས་ཀ་དག་རང་བྱུང་གི་ཡེ་ཤེས་སྤྲོས་པ་དང་བྲལ་བའི་ཆོས་སྐུར་ཐིམ་དུསཿངོ་བོ་ལ་གཟུང་འཛིན་མཚན་མའི་ཆོས་སུ་མ་གྲུབ་ཅིང་ཿཆོས་སྐུའི་སྦུབས་ན་ལོངས་སྐུ་ལྔ་ལྡན་གྱི་འོད་དང་ཿསྤྲུལ་སྐུ་དཀར་པོ་གཉིས་ཐིམ་ལ་མ་རྨུགས་པར་འཆར་གཞིའི་ཚུལ་དུ་ཡོད་པ་མཚོན་ཏེཿནང་གསལ་ལྷུན་གྲུབ་ཆེན་པོར་བཞུགས་སོཿདེའི་དུས་ཐམས་ཅད་མཁྱེན་པའི་ཡེ་ཤེས་མཁྱེན་བྱེད་དུ་ཡོད་ཀྱང་ཿསྤྱོད་བྱེད་དུ་མ་ཤར་བ་ཞེས་བྱའོཿའདི་ནི་ཀ་དག་གི་ངང་ནས་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ནང་གསལ་འཆར་གཞིར་བཞུགས་པའི་དུས་སུཿདེ་ནས་གདུལ་བྱའི་སྣང་བ་ལ་འཇུག་པ་ནི། ཤེལ་ལས་འོད་གཉིས་པོ་ཕྱིར་འཆར་བ་བཞིན་དུཿཀ་དག་ཆོས་སྐུའི་ངང་ལསཿརང་སྣང་ཕྱིར་གསལ་གྱི་ལོངས་སྐུའི་སྣང་ཆ་ལསཿརང་བཞིན་སྤྲུལ་པ་སྐུའི་རིགས་ལྔའི་སངས་རྒྱས་སེམས་དཔའ་ས་ལ་བཞུགས་པ་ལ་སྣང་ཞིང་ཿལྷའི་ཐུབ་པ་ལ་སོགས་པ་འགྲོ་བ་འདུལ་བའི་ཐུབ་པ་སྤྲུལ་པའི་སྐུ་དང་། བེམས་པོར་སྣང་བས་དོན་བྱེད་པ་སྣ་ཚོགས་སྤྲུལ་པའི་སྐུ་རྣམས་གང་
(༡༡)ལ་གང་མོས་སུ་འཆར་བ་ནིཿལྷུན་གྱིས་གྲུབ་པའི་ཐུགས་རྗེ་ལས་གཡོ་བ་དང་ཿའབད་པའི་སྩོལ་བ་གང་ཡང་མེད་བཞིན་དུ་ངང་གིས་སྣང་བ་ཡིན་ནོཿགདུལ་བྱ་མེད་ན་དེའི་ངོ་ཁ་ལ་སྣང་བའི་སྟོན་པ་ཡང་མི་སྣང་བཿཆུ་སྣོད་མེད་པས་ཟླ་གཟུགས་མི་སྣང་བ་ལྟ་བུ་སྟེཿདབྱིངས་ཐོག་མའི་གཞི་ལ་གཡོ་བ་མེད་པར་དུས་ཐམས་ཅད་དུ་བཞུགས་སོཿགནམ་གང་གི་ཟླ་བ་དབྱིངས་ན་གནས་ཀྱང་ཿཕྱིར་མི་གསལ་བ་ལྟརཿཀ་དག་གི་གཞི་ལ་བཞུགས་པར་ཤེས་པར་བྱའོཿཐ་མ་འབྲས་བུའི་གྲོལ་ལུགས་བསྟན་པ་རྫོགས་སོཿས་མ་ཡཿརྒྱ་རྒྱ་རྒྱཿའདི་ནི་ངེས་དོན་འོད་གསལ་སྙིང་པོའི་ལམཿམཁའ་འགྲོ་སྙིང་ཐིག་གསང་བའི་བཅུད་བསྡུས་ནསཿགངས་རི་ཐོད་དཀར་ཨོ་རྒྱན་རྫོང་གནས་སུཿདྲི་མེད་འོད་ཟེར་ཤར་བས་སྣང་བར་བྱསཿཕྱི་རབས་སྐལ་ལྡན་བྱང་ཆུབ་འདོད་པ་དགཿཡི་གེ་འདི་ལ་རྟག་ཏུ་ནན་ཏན་གྱིསཿཚིག་ཉུང་དོན་འདྲིལ་ཉམས་སུ་བླང་བདེ་བཿགང་དང་མི་འདྲ་སྙིང་པོའི་གནད་བསྡུས་ཏེཿཕྱི་རབས་དོན་དུ་ལེགས་པར་
(༡༢)བཀོད་པ་འདིཿགསང་ཞིང་རྒྱས་གདབ་སྙིང་ལ་ས་མ་ཡཿམཁའ་འགྲོ་སྙིང་ཏིག་གི་དབང་ཁྲིད་གྲོལ་ས་དང་བཅས་པ་དྲིལ་བའི་གནདཿ ངེས་དོན་སྙིང་པོ་ཞེས་བྱ་བ། པདྨ་ལས་འབྲེལ་རྩལ་གྱིས་ཡི་གེར་བཀོད་པ་རྫོགས་སོཿ ས་མ་ཡཿརྒྱ་རྒྱ་རྒྱཿ ཿཤོག་སེར་སྐོར་ལསཿ བྱིན་རླབས་ཐུགས་སྒྲུབ་ཅེས་བྱ་བ་བཞུགས་སོའ། ཀ་མྲ་མ་གཿ བྱིན་རླབས་བླ་མའི་ཐུགས་སྒྲུབ་ཅེས་བྱ་བཿ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོཿ དངོས་གྲུབ་ཀུན་འབྱུང་པདྨ་ལཿ བཏུང་ནས་བྱིན་རླབས་ཐུགས་སྒྲུབ་འདིཿ ཀུན་འདུས་སྤྱི་རུ་བསྒྲུབ་པ་དང་ཿ མཚན་བརྒྱད་བྱེད་བྲག་བསྒྲུབ་པའོཿ དང་པོ་སྐྱབས་འགྲོ་སེམས་བསྐྱེད་ནསཿ སྟོང་པའི་ངང་ལས་པད་ཉིའི་སྟེངཿ རང་ཉིད་ཧྲཱིཿལས་མཚོ་རྒྱལ་སྐུཿམཐིང་ནག་གྲི་གུག་ཐོད་པ་དང་ཿཁ་ཊྭཱཾ་་རིན་ཆེན་རྒྱན་རྣམས་རྫོགསཿགཅེར་བུ་རུས་པས་བརྒྱན་པར་བསྒོམཿཉིན་པར་སྤྱི་གཙུག་པད་ཟླའི་སྟེང་ཿཞི་བ་ཀུན་འདུས་ལོངས་སྤྱོད་རྫོགསཿདཀར་གསལ་ཟ་འོག་བེར་ཆེན་གསོལཿཔད་ཞྭ་རྒོད་པོའི་རྩེ་
(༡༣)རྒྱལ་བཙུགསཿཕྱག་གཉིས་མཉམ་གཞག་ཀ་པཱ་ལཿབདུད་རྩིས་བཀང་བསྣམས་སྐྱིལ་ཀྲུང་མཛདཿཕྱོགས་བཞིར་རིགས་བཞིའི་མཁའ་འགྲོ་མ། དཀར་སེར་དམར་ལྗང་གཅེར་བུ་ལཿགྲི་གུག་ཐོད་པ་ཁ་ཊྭཱྃ་འཛིནཿ གཡས་བསྐུམ་གཡོན་བརྐྱང་གར་སྟབས་བཞུགསཿ མུ་མེད་འོད་ཟེར་འཕྲོ་བར་བསྒོམཿ མཚན་དུས་རང་གི་སྙིང་ག་རུཿ པད་ཉིའི་སྟེང་དུ་པདྨ་ནིཿ ཡབ་ཡུམ་ཧེ་རུ་ཀ་ཡི་ཚུལཿ འཁྲིལ་སྦྱོར་ཡབ་སྔོ་རྡོ་རྗེ་དྲིལཿ ཡུམ་དམར་གྲི་གུག་ཐོད་པས་འཁྱུདཿ གཉིས་ཀ་རིན་ཆེན་རུས་པས་བརྒྱནཿ གཡས་བསྐུམ་གཡོན་བརྐྱང་རྒྱན་རྣམས་རྫོགསཿ དེ་ཡི་ཕྱོགས་བཞིའི་མཁའ་འགྲོ་བཞིཿ ཡབ་ཡུམ་འཁྲིལ་སྦྱོར་རྒྱན་རྣམས་རྫོགས། དཀར་སེར་དམར་ལྗང་གར་སྟབས་མཛད། ཕྱག་མཚན་བཞུགས་ཚུལ་གཙོ་བོ་འདྲཿ ཀུན་ལས་འོད་འཕྲོས་བདག་གཞན་གྱིཿ སྒོ་གསུམ་སྒྲིབ་སྦྱངས་དངོས་གྲུབ་ཐོབཿ ཟག་མེད་བདེ་བས་གང་བར་བསམཿ དེ་ལྟར་ཉིན་མཚན་སྒོམ་པའི་ཚེཿ བླ་མ་མཁའ་འགྲོའི་འོད་ཟེར་གྱིསཿ བདག་གཞན་
(༡༤)སྒྲིབ་སྦྱངས་དངོས་གྲུབ་ཐོབཿ ཡང་ཅིག་སྤྲུལ་པའི་འོད་ཟེར་ལསཿ བླ་མ་མཁའ་འགྲོ་དཔག་མེད་སྤྲོསཿ འཇིག་རྟེན་ཁམས་ཀུན་གང་བར་བསྒོམཿ ཀུན་གྱིས་སྔགས་འདི་བརྗོད་པར་བསམ ཨཱྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིང་ཧྲིང་ཛ་ཛཿ ཏིང་འཛིན་གསལ་བས་མ་ཡེངས་བཟླསཿ དངོས་གྲུབ་གང་འདོད་ཐོབ་པར་བསམཿ རྗེས་ལ་ཐམས་ཅད་བླ་མར་ཐིམཿ དེ་ཡང་མི་དམིགས་ཆོས་ཉིད་དང་ཿམ་སྐྱེས་གདོད་ནས་དག་པར་བཞགཿདགེ་བ་སེམས་ཅན་དོན་བསྔོས་ལཿསྤྱོད་ལམ་རྨི་ལམ་སྒྱུ་མར་སྤྱདཿཞག་ནི་ཉི་ཤུ་རྩ་གཅིག་ནཿདངོས་སམ་རྨི་ལམ་གང་རུང་དུཿསློབ་དཔོན་ཞལ་མཐོང་ཅི་བསམ་འགྲུབཿམཆོག་གི་གོ་འཕོང་ཐོབ་པར་འགྱུརཿམཚན་བརྒྱད་བྱེ་བྲག་བསྒྲུབ་པ་ལཿདང་པོ་ཞི་བ་མཆོག་སྒྲུབ་པསཿསྐྱབས་འགྲོ་སེམས་བསྐྱེད་སྟོང་པའི་ངང་། །པད་ཟླའི་སྟེང་དུ་རང་སེམས་ཧཱུྃཿའོད་འཕྲོས་དོན་བྱས་ཚུར་འདུས་པསཿཔདྨ་འབྱུང་གནས་སྐུ་མདོག་དཀརཿཕྱག་གཉིས་རྡོ་རྗེ་ དྲིལ་བུ ་བསྣོལཿསྐྱིལ་ཀྲུང་ཟ་འོག་བེར་ཆེན་
(༡༥)གསོལ། པད་ཞྭ་རྒོད་པོའི་རྩེ་རྒྱལ་བཙུགསཿཕྱོགས་བཞིར་རིགས་བཞིའི་མཁའ་འགྲོ་བསམཿསྙིང་གར་པད་ཟླའི་དབུས་སུ་ཧཱུྃཿཕྱོགས་བཞིར་ཧ་རི་ནི་སའོཿདེ་ལས་འོད་འཕྲོས་རང་གཞན་གྱིཿསྒོ་གསུམ་སྒྲིབས་སྦྱངས་དངོས་གྲུབ་ཐོབཿསྣང་སྲིད་བླ་མ་མཁའ་འགྲོ་བསྒོམཿཀུན་ཀྱང་ཧཱུྃ་སྒྲ་དི་རི་རིཿཕཊ་ཀྱི་བརྡ་སྐད་སངས་སེ་སང་ཿབསྒོམས་ལ་ཧཱུྃ་གླུ་རིང་དུ་བླངསཿཐུན་ཞབས་འདི་ཡང་བཟླ་བར་བྱཿཨཱོྃ་ཧ་རི་ནི་ས་ཨཱཿཧཱུྃཿརྗེས་ལ་སྔར་བཞིན་ཤེས་པར་བྱཿལས་དང་སྡིག་སྒྲིབ་སྦྱང་བ་དང་ཿམཆོག་དང་ཐུན་མོང་དངོས་གྲུབ་ཐོབཿནད་རྣམས་ཞི་བར་འདོད་པ་ཡིསཿསྐྱབས་འགྲོ་སེམས་བསྐྱེད་སྟོང་པ་ལསཿཧཱུྃ་ལས་པདྨ་སམ་བྷ་ཝཿདཀར་ལྗང་རྒྱན་སོགས་གོང་དང་འདྲཿཕྱག་གཉིས་བདུད་རྩིའི་བུམ་པ་བསྣམསཿཐུགས་ཀར་པད་ཟླའི་དབུས་སུ་ཧཱུྃཿཕྱོགས་བཞིར་ཧ་རི་ནི་ས་ལསཿའོད་འཕྲོས་བདག་གཞན་ནད་རྣམས་བསྲེགསཿབདུད་རྩིས་ལུས་ཁེངས་བདེ་བའི་ངང་ཿསྣང་སྲིད་བླ་མ་མཁའ་འགྲོ་རྣམསཿསྔར་བཞིན་
(༡༦)ཧཱུྃ་ཕཊ་སྒྲོགས་པ་ལསཿན་སར་ཧཱུྃ་གིས་ཟང་ཐལ་ཕུགཿའོད་འཕྲོས་ནད་རྣམས་སྐར་མདའ་བཞིནཿཕྱི་རོལ་ནམ་མཁའི་ངང་དུ་དེངསཿཡང་ཡང་བསྒོམས་ལ་ཧཱུྃ་གླུ་ལེནཿདེ་རྗེས་འདི་ཡང་བཟླ་བར་བྱཿཨཱྃ་ཧ་རི་ནི་ས་ཨཱཿཧཱུྃཿརྗེས་ལ་སྔར་བཞིན་བསྒོམས་པ་ཡིསཿནད་རྣམས་མ་ལུས་ཞི་བར་འགྱུརཿགདོན་རྣམས་ཞི་བར་འདོད་པ་ཡིསཿཔད་ཟླའི་སྟེང་དུ་རང་སེམས་ཧཱུྃ། དེ་ལས་སེང་གེ་སྒྲ་སྒྲོགས་ནིཿདཀར་སེར་གཙོ་འཁོར་སྔར་དང་འདྲཿཕྱག་གཉིས་རྡོ་རྗེ་ཀ་པཱ་ལཿཐུགས་ཀར་ཡིག་འབྲུ་སྔ་མ་བཞིནཿའོད་འཕྲོས་སྣང་སྲིད་མཁའ་འགྲོའི་ཞིང་ཿབགེགས་རྣམས་ཚར་བཅད་མེ་ཕུང་བསྒོམསཿཧཱུྃ་གླུ་བླངས་རྗེས་སྔར་བཞིན་བཟླསཿབར་ཆད་གདོན་བགེགས་བླ་མར་བསྒོམཿསྤྱི་གཙུག་སྤྱན་དྲངས་གསོལ་བ་གདབཿབར་ཆད་བྱང་ཆུབ་སེམས་བསྒོམས་ལཿལན་ཆགས་སྦྱང་ཕྱིར་རང་གི་ལུས། དུམ་བུར་འཐོར་ནས་གང་འདོད་སྦྱིནཿལན་ཆགས་བུ་ལོན་ཁྱེར་བར་བསམསཿརྗེས་ལ་མཉམ་གཞག་སྟོང་པ་ལསཿདགེ་བ་སེམས་ཅན་
(༡༧)དོན་དུ་བསྔོཿབགེགས་རྣམས་ཞི་བར་ཐེ་ཚོམ་མེདཿགཉིས་པ་རྒྱས་པའི་ལས་བསྟན་པཿཚེ་དང་བསོད་ནམས་རྒྱས་འདོད་ནཿསྐྱབས་འགྲོ་སེམས་བསྐྱེད་སྟོང་པའི་ངང་ཿཧཱུྃ་ལས་རང་ཉིད་ཤཱཀྱ་སྲིང་ཿསེར་གསལ་གཙོ་འཁོར་སྔ་མ་བཞིནཿཕྱག་གཉིས་རིན་ཆེན་ཀཱ་པ་ལཿཐུགས་ཀར་པད་ཉིའི་དབུས་སུ་ཧཱུྃཿཕྱོགས་བཞིར་ཧ་རི་ནི་ས་སེརཿའོད་འཕྲོས་འཁོར་འདས་ཐམས་ཅད་ཀྱིཿཚེ་དང་བསོད་ནམས་ནོར་རྣམས་བསྡུསཿབདག་ལ་དངོས་གྲུབ་ཐོབ་པར་བསམཿསྣང་སྲིད་བླ་མ་མཁའ་འགྲོ་རྣམསཿབདག་ལ་བྱིན་རླབས་དངོས་གྲུབ་སྟེརཿཧཱུྃ་ཕཊ་གདངས་སྐད་བརྗོད་པར་བསམཿཧཱུྃ་གླུ་བླངས་རྗེས་སྔགས་འདི་བཟླསཿ ཨཱྃ་རི་ནི་ས་ཧ་ཨཱཿཧཱུྃཿརྗེས་ལ་ཐམས་ཅད་བླ་མ་ལཿདེ་ཡང་ནམ་མཁའི་ངང་བཞག་བསྔོཿཚེ་དང་བསོད་ནམས་འབྱོར་པ་འཁོརཿཅི་བསམ་ཡིད་བཞིན་ལྷུན་གྱིས་གྲུབཿཤེས་རབ་རྒྱས་པར་འདོད་པ་ཡིསཿསྐྱབས་འགྲོ་སེམས་བསྐྱེད་སྟོང་པའི་ངངཿཧཱུྃ་ལས་བློ་ལྡན་མཆོག་སྲེད་ནིཿདམར་སེར་གཙོ་འཁོར་
(༡༨)སྔར་བཞིན་ལཿཕྱག་ན་གླེགས་བམ་ཀཱ་པཱ་ལཿཐུགས་ཀར་པད་ཉི་ཧཱུྃ་གི་མཐརཿཧ་རི་ནི་ས་དམར་སེར་ནིཿསྒྲོན་མེ་འབར་བའི་འོད་ཟེར་གྱིཿལུས་ནང་ཁེངས་པས་གཏི་མུག་གིཿམུན་པ་ཀུན་སངས་ཤེལ་སྒོང་འདྲཿའོད་འཕྲོས་འགྲོ་བའི་གཏི་མུག་བསལཿསྣང་སྲིད་བླ་མ་མཁའ་འགྲོར་བསམཿཀུན་གྱི་འཆད་རྩོད་རྩོམ་པ་དང་། འཛིན་བཟང་ཚེ་དང་གཟི་བརྗིད་སྡུདཿསྙིང་གའི་ཡི་གེ་ལྔ་ལ་ཐིམཿཤེས་རབ་ཆེན་པོ་ཐོབ་པར་འགྱུརཿཚེ་དང་ཤེས་རབ་བདུད་རྩི་ཡིསཿརང་གི་ལུས་ཁེངས་བདེ་བར་བསམཿཡང་ཡང་སྤྲོ་བསྡུ་དེ་བཞིན་བསྒོམཿརླུང་བཟུང་མཉམ་པར་གཞག་པར་བྱཿདེ་རྗེས་སྤྲོ་བསྡུ་སྔར་བཞིན་ལཿཧཱུྃ་གླུ་བླང་ཞིང་མ་ཡེངས་བསྒོམཿརྗེས་ལ་རིག་སྔགས་འདི་ཡང་བཟླསཿཨཱྃ་རི་ནི་ས་ཧ་ཨཱཿཧཱུྃཿདེ་རྗེས་སྔར་བཞིན་སྤྱོད་པ་ཡིསཿཤེས་རབ་འཕེལ་བའི་རྟགས་རྣམས་འབྱུང་ཿཉི་ཤུ་གཅིག་གིས་སྐལ་ལྡན་པརཿའགྲུབ་འགྱུར་འདི་ལ་ཐེ་ཚོམ་མེདཿགསུམ་པ་དབང་གི་ལས་བསྟན་པཿསྐྱབས་འགྲོ་སེམས་བསྐྱེད་སྟོང་པའི་ངང་ཿཧཱུྃ་ལས་ཉི་མ་
(༡༩)འོད་ཟེར་དམརཿགཙོ་འཁོར་སྔར་བཞིན་ཕྱག་གཉིས་ནཿཔདྨ་དམར་དང་ཀ་པཱ་ལཿཐུགས་ཀར་པད་ཉིའི་དབུས་སུ་ཧཱུྃཿཕྱོགས་བཞིར་ཧ་རི་ནི་ས་དམརཿའོད་ཟེར་ལྕགས་ཀྱུའི་རྣམ་པར་འཕྲོསཿཁམས་གསུམ་ཀུན་འདུས་སྙིང་གར་ཐིམཿཡང་འཕྲོས་སྣང་སྲིད་མཁའ་འགྲོའི་ཞིང་ཿཚུར་འདུས་སྙིང་གའི་ཡི་གེར་ཐིམཿཡང་འཕྲོས་གང་མོས་བསྒྲུབ་བྱ་བཀུགཿའོད་གྱུར་སྙིང་གར་ཐིམ་པ་ལསཿཡང་འཕྲོས་དབང་གི་མཁའ་འགྲོ་མཿཿདམར་མོ་ལྕགས་ཀྱུ་འཛིན་པའི་ཚོགསཿབ་སྤུའི་བུ་ག་ཀུན་ནས་ཐོནཿསྔར་བཞིན་བཀུག་ནས་བསྒོམས་བྱས་ལཿཧཱུྃ་གླུ་བླངས་ཤིང་སྔགས་འདི་བཟླསཿཨཱྃནི་ཧ་ས་རི་ཨཱཿཧཱུྃཿཆྒཻ་མོའི་རྣམ་པར་ཤེས་པ་ཁུག་ཛཿཧྲིང་ཧྲིང་ཿརྗེས་ལ་སྣང་སྲིད་ཧཱུྃ་ལ་བསྡུཿདེ་ཡང་མཉམ་རྫོགས་ཆོས་སྐུའི་ངང་ཿབདེ་ཆེན་གཟའ་གཏད་མེད་པར་གཞགཿདགེ་བ་བྱང་ཆུབ་ཐོབ་ཕྱིར་བསྔོཿཟླ་བ་ཕྱེད་ཀྱིས་སྐལ་ལྡན་པརཿའགྲུབ་འགྱུར་འདི་ལ་ཐེ་ཚོམ་མེདཿབཞི་པ་དྲག་པོའི་
(༢༠)འཕྲིན་ལས་ནིཿབགེགས་ཆེན་དམ་སྲི་མ་རུངས་པཿའཚེ་ཞིང་བདག་ལ་གནོད་པ་ནཿསྐྱབས་འགྲོ་སེམས་བསྐྱེད་སྟོང་པའི་ངང་ཿནམ་མཁའ་མཐའ་དབུས་མེད་པ་རུཿརྡོ་རྗེ་རྭ་བ་བླ་བྲེས་གུརཿཡེ་ཤེས་མེ་རི་འབར་བའི་ནང་ཿཔདྨ་ཉི་མའི་དབུས་སུ་ཧཱུྃཿའོད་འཕྲོས་མེ་ཡི་འཁོར་ལོ་ནིཿརྣོ་ངར་མཚོན་ཆའི་རང་བཞིན་ལཿརྩིབས་སྟོང་ལྡན་པ་འཁོར་བར་བསམཿདེ་རྗེས་ཧཱུྃ་ལས་རང་ཉིད་ནིཿཔདྨ་ཐོད་ཕྲེང་མཐིང་ནག་ལཿརིན་ཆེན་རུས་པའི་རྒྱན་དང་ལྡནཿཕྱག་གཡས་མེ་ཡི་འཁོར་ལོ་བསྣམསཿགཡོན་པ་སྡིགས་མཛུབ་ཐུགས་ཀར་མཛདཿསྟག་གི་པགས་པའི་ཤམ་ཐབས་དང་ཿཐོད་སྐམ་སྦྲུལ་ནག་ཆུན་པོས་བརྒྱནཿགཡས་བསྐུམ་གཡོན་བརྐྱང་དོར་སྟབས་ཚུལཿཞལ་གཅིག་སྤྱན་གསུམ་མཆེ་བ་གཙིགསཿདབུ་སྐྲ་དམར་སེར་ཨག་ཚོམ་འབརཿཐུགས་ཀར་པད་ཉིའི་དབུས་སུ་ཧཱུྃཿཕྱོགས་བཞིར་ཧ་རི་ནི་ས་མཐིང་ཿནམ་མཁའ་ཁྱབ་པར་བསྒོམས་པ་ཡིསཿརྡོ་རྗེ་འབར་བའི་སྤུ་གསེབ་ནསཿཡེ་ཤེས་
(༢༡)མེ་སྟག་རྣམ་པར་འཕྲོཿསྤྲུལ་པའི་ཁྲོ་ཆུང་འཕྲོ་འདུ་ཡིསཿབགེགས་རྣམས་གཟིར་གནོན་ཕྱེ་མར་རློགཿཕྱོགས་བཞིར་འཕྲོས་པའི་མཁའ་འགྲོ་བཞིཿགཙོ་བོ་འདྲ་བ་རྣམ་པར་བསྒོམཿསྣང་སྲིད་མེ་ཀློང་གཅིག་ཏུ་འཁྱིལཿམེ་ཡི་འཁོར་ལོ་འཁོར་བ་ཡིསཿགནོད་བྱེད་རྒྱལ་བསེན་དམ་སྲི་རྣམསཿམེ་ལྕེའི་ཁ་ལ་སྦྲང་བུ་བཞིནཿལུས་གཏུབས་མེས་བསྲེགས་རྡུལ་ཕྲན་བཞིནཿསྐུ་ཡི་འཐོར་རླུང་བསྐྱོད་པ་ཡིསཿརླུང་གིས་སྤྲིན་གཏོར་དེངས་པ་བཞིནཿགནོད་བྱེད་གནས་འཁོར་ཡུལ་གཏོར་ནསཿརྣམས་ཤེས་ནམ་མཁའི་དབྱིངས་སུ་འདྲེསཿསུས་ཀྱང་གནོད་པ་མེད་པར་བསམཿདེ་ལྟར་འཕྲོ་འདུའི་ཏིང་འཛིན་གྱིསཿསྣང་སྲིད་ཁྲོ་བོ་ཁྲོ་མོ་རྣམས། ཧཱུྃ་དང་ཕཊ་སྒྲ་སྒྲོགས་པ་ཡིསཿགནོད་བྱེད་གཟིར་བར་བསམས་བྱས་ལཿཧཱུྃ་གླུ་ངར་དང་བཅས་པ་བླང་ཿཐུན་ཞབས་དྲག་སྔགས་འདི་ཡང་བརྗོདཿཨཱོྃ་ས་ཧ་རི་ནི་ཨཱཿཧཱུྃཿགནོད་བྱེད་འབྱུང་པོའི་སྙིང་ལ་མཱ་ར་ཡ་ཕཊཿཅེས་བཟླས་རྗེས་ལ་ཆོས་ཉིད་ངང་ཿབགེགས་སུ་འཛིན་པ་རང་གི་སེམསཿསེམས་ནི་ཁ་དོག་དབྱིབས་དང་
(༢༢)བྲལཿསྲུང་དང་བསྲུང་བྱ་མེད་པར་བཞགཿསེམས་ཅན་དོན་དུ་བསྔོ་བ་བྱཿབགེགས་རྣམས་མེད་ཅིང་བསམ་པ་འགྲུབཿདེ་ལྟར་བསྐྱེད་རིམ་ལེགས་བསྒོམས་ནསཿའོད་གསལ་རྫོགས་པའི་རིམ་པ་ཡང་ཿདབེན་ཞིང་དངས་ལ་ཉམས་དགའ་བརཿསྐྱབས་སུ་འགྲོ་དང་སེམས་བསྐྱེད་དང་ཿམི་རྟག་འཆི་བ་དྲན་བྱས་ལཿསྤྱི་བོར་བླ་མའི་རྣལ་འབྱོར་བསྒོམཿསྙིང་ནས་གསོལ་གདབ་བྱིན་རླབས་བསམཿདེ་ནས་ལྟ་སྟངས་གཟིགས་སྟངས་གཅུནཿཀ་དག་ལྷུན་གྲུབ་འོད་གསལ་བསྒོམཿབྱིང་རྒོད་བྲལ་བས་བརྩོན་བྱས་ཏེཿརྗེས་ལ་སེམས་ཅན་དོན་དུ་བསྔོཿའགྲོ་འཆག་ཟ་ཉལ་དུས་ཀུན་ཏུཿབར་འགའ་མི་རྟག་འཆི་བ་བསྒོམཿབར་དོའི་གདམས་པ་དྲན་པར་བྱཿབར་འགའ་སྒྱུ་མ་རྨི་ལམ་བསྒོམཿཀ་དག་ཆོས་སྐུའི་རྩལ་སྦྱང་བྱཿབར་འགའ་མཉམ་རྫོགས་ཆོས་སྐུ་བསྒོམཿའོད་གསལ་དག་པའི་ལམ་ཁྱེར་བྱཿབར་འགའ་གང་ཤར་ཆོས་སྐུ་ལཿདུག་ལྔ་རང་གྲོལ་ལམ་ཁྱེར་བྱཿམདོར་ན་ཐ་མལ་སྤངས་བྱས་ལཿཉིན་མཚན་དགེ་བས་འདའ་བར་བྱཿཚེ་འདིར་སངས་རྒྱས་ཐོབ་པར་ངེསཿཨེ་
(༢༣)མ་ཧོཿམཁའ་འགྲོ་སྙིང་ཏིག་གསང་བའི་མན་ངག་ལསཿཡང་གསང་ཟབ་མོའི་བྱིན་རླབས་ཐུགས་སྒྲུབ་བཀོདཿཚེགས་ཆུང་སྒྲུབ་སླ་འབྲས་བུ་དོན་ཆེ་བཿའདི་འདྲའི་གདམས་པ་རྒྱ་བོད་གཉིས་ན་མེདཿདེ་ཕྱིར་སྐལ་ལྡན་རྣམས་ཀྱིས་ཉམས་སུ་ལོངསཿབྱིན་རླབས་ཐུགས་སྒྲུབ་དྲི་མེད་འོད་ཟེར་གྱིས་གངས་རི་ཐོད་དཀར་དུ་བཀོད་པ་རྫོགས་སོཿམངྒ་ལམཿ ཿརིན་ཆེན་ཤོག་སེར་གྱི་སྐོརཿརིག་འཛིན་མཆོག་སྒྲུབ་བཞུགས་སོཿ༈རྒཅཏམམྱཿ།། །རིག་འཛིན་མཆོག་སྒྲུབ་ཅེས་བྱ་བཿསློབ་དཔོན་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོཿརྣམ་སྨིན་ཚེ་དབང་ཕྱག་རྒྱ་ལྷུན་གྱིས་གྲུབཿགྲུབ་པའི་རིག་འཛིན་རྣམས་ལའང་ཕྱག་འཚལ་ལོཿདེ་ཉིད་གྲུབ་ཕྱིར་སྒྲུབ་པའི་རིམ་པ་ནིཿམཆོག་དང་ཐུན་མོང་རྣམ་པ་གཉིས་སུ་བརྗོདཿབདུད་རྩི་སྨན་གྱི་སྒྲུབ་པཿའཆི་མེད་ཚེ་ཡི་སྒྲུབ་པཿའོད་གསལ་མཆོག་གི་སྒྲུབ་པ་དང་གསུམཿདང་པོ་ལ་གསུམ་ལསཿསྔོན་འགྲོ་ནིཿདབེན་ཞིང་ཡིད་དང་མཐུན་པའི་གནས་སུཿརྒྱས་པའི་དུས་སྟོན་
(༢༤)གསུམ་མེ་ཏོག་དང་འབྲས་བུ་སྨིན་པའི་ཚེཿཨ་རུ་རཿབ་རུ་རཿསྐྱུ་རུ་རཿགླ་རྩིཿགྷི་ཧ་ངཿགུར་གུམཿལི་ཤིཿཅུ་གང་ཿརྒྱ་ཚཿརྒྱམ་ཚཿཁ་རུ་ཚཿཔི་པི་ལི་ང་ཿཤིང་མངརཿགོ་སྙོདཿཨ་བཿདབང་ལགཿརྟག་ཏུ་ངུ་ཿཨ་ཀ་རུ་ནག་བོཿཙནྡན་དཀར་དམརཿསྦྲུལ་ཤཿདབྱིད་རྣམས་ཕྱེ་མར་བརྟགས་ཏེཿམུ་ཟི་སེར་པོས་དངུལ་ཆུ་བཏུལ་བ་དང་བསྲེས་ལཿཀ་རཿབུ་རམཿསྦྲང་རྩི་གསུམ་གྱིས་ དྲིལ་ཏེ་རིལ་བུ ་ལུག་གི་རིལ་མ་ཙམ་བྱས་ལཿརིན་པོ་ཆེའི་སྣོད་དུ་བླུགས་ཏེཿམཎྜལ་པདྨ་སེར་པོ་འདབ་མ་བརྒྱད་པའི་སྟེང་དུ་བཞགཿམཐའ་སྐོར་དུ་མཆོད་པ་ཡང་བཤམ་མོཿགཉིས་པ་དངོས་གཞི་ནིཿཟླ་བ་ཡར་གྱི་ཚེས་གཅིག་གི་ཚེཿདམ་ཚིག་ལ་གནས་པའི་རྣལ་འབྱོར་པ་དུ་ཡོད་ཚོགས་ཏེཿཉི་མ་རྩེ་ཤར་ནས་སྒྲུབ་པའི་མགོ་བོ་བརྩམ་མོཿཐོག་མར་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ནསཿརང་ཉིད་རིག་འཛིན་གྱི་སློབ་དཔོན་པདྨ་སམ་བྷ་ཝ་ལྗང་སེར་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་མོས་ལཿསྟོང་པའི་ངང་ལས་གནས་དེ་ཉིད་བདེ་བ་ཅན་དུ་བསམ་པའི་ནང་དུཿརིལ་བུ་རྣམས་འོད་
(༢༥)དུ་ཞུ་བ་ལས་སྐད་ཅིག་གིསཿཔདྨ་དང་ཟླ་བའི་སྟེང་དུཿཚེ་དཔག་མེད་དམར་པོ་ལོངས་སྤྱོད་རྫོགས་པའི་སྐུཿཚེའི་བདུད་རྩིས་གང་བའི་བུམ་པ་ཐོགས་པ་རྡོ་རྗེའི་སྐྱིལ་མོ་ཀྲུང་མཉམ་གཞག་དང་བཅས་པའི་ཕྱོགས་བཞིརཿསྨན་གྱི་ལྷ་མོ་དཀར་སེར་དམར་ལྗང་བཞི་ཡང་སྨན་གྱི་བུམ་པ་བཟུང་སྟེ་བཞེངས་ནས་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བསམ་ལཿཡེ་ཤེས་སེམས་དཔའ་བཅུག་ནསཿདངོས་དང་ཡིད་ཀྱིས་མཆོད་དེཿཨཱོྃ་ཨཱ་ཡུ་ཤེ་ཨ་མ་ར་ནི་ཛི་ཝཱ་ན་ཏི་ཡེ་སྭཱ་ཧཱཿཿཞེས་ཅི་འགྲུབ་བརྗོད་པསཿཕྱོགས་བཅུ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའཿཉི་ཟླ་རྩི་ཤིང་ནགས་ཚལཿམཁའ་འགྲོ་དམ་ཅན་རྒྱ་མཚོ་ཐམས་ཅད་ཀྱི་ཚེ་དང་ཿགཟི་བརྗིད་དང་ཿདབང་ཕྱུག་ཐམས་ཅད་བསྡུས་ཏེ་དེ་ཉིད་དུ་ཐིམ་པར་གྱུརཿསྨན་གྱི་ལྷ་མོ་བཞི་ལས་འོད་འཕྲོས་པསཿཞི་རྒྱས་དབང་དྲག་བཞིའི་དངོས་གྲུབ་བསྡུས་ཏེཿདེ་ཉིད་དུ་ཐིམ་པར་བསམ་ཞིང་བཟླས་པ་རྒྱུན་མི་ཆད་པར་ཞག་ཉི་ཤུ་རྩ་གཅིག་ཏུ་བྱའོཿགྲུབ་པའི་རྟགས་སུ་སྨན་རྣམས་འཕེལ་བ་དང་ཿངད་
(༢༦)ཀྱིས་ཐམས་ཅད་ཁྱབ་པ་དང་ཿརྨི་ལམ་དུ་ཉི་ཟླ་ཤར་བ་དང་ཿསྨན་གྱི་རི་ལ་འཛེགས་པ་དང་ཿམེ་ཏོག་འཐུ་བ་ལ་སོགས་པའོཿསྒྲུབ་པ་ཐོན་དུས་ཡེ་ཤེས་པ་གཤེགསཿཿདམ་ཚིག་པ་འོད་དུ་ཞུ་བ་ལས་བྱུང་བའི་རིལ་བུར་མོས་པར་བྱའོཿགསུམ་པ་རྗེས་ནིཿརིལ་བུ་དེ་ཉིད་ཐོ་རངས་ལྔ་ལྔ་ཟོས་ཏེཿསྔར་གྱི་དམིགས་པ་དང་སྔགས་ཀྱི་སྒོམ་བཟླས་བྱས་པས་ཚེ་ཉི་ཟླ་དང་མཉམ་པ་དང་ཿནད་ཀྱི་རིགས་ཐམས་ཅད་ཞི་ཞིང་མི་འབྱུང་བ་དང་ཿསངས་རྒྱས་བྱང་ཆུབ་སེམས་དཔའ་ལ་སོགས་པ་འཕགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པ་དང་ཿམཁའ་འགྲོ་ཐམས་ཅད་སྤྲིན་བཞིན་དུ་འདུ་བས་སྟོང་གྲོགས་བྱེད་པ་དང་། ཞི་བ་དང་ཿརྒྱས་པ་དང་ཿདབང་དང་ཿཿདྲག་པོའི་ཕྲིན་ལས་ཐོགས་པ་མེད་པར་འགྲུབ་པ་དང་ཿགདོན་བགེགས་དང་བར་ཆད་ཐམས་ཅད་ཞི་བ་དང་། ལོངས་སྤྱོད་རབ་ཏུ་རྒྱས་པ་དང་ཿཤེས་རབ་འཕེལ་བ་དང་ཿལྷའི་རིགས་འདུ་ཞིང་མཐོང་བ་དང་ཿཅི་བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའོཿབདུད་རྩི་སྨན་གྱི་སྒྲུབ་པ་རྫོགས་སོ ཨྠྀིཿ རྒྱ་རྒྱ་རྒྱཿཿ
(༢༧)གཉིས་པ་འཆི་མེད་ཚེའི་སྒྲུབ་པ་ནིཿདབེན་ཞིང་ཡིད་དང་མཐུན་པའི་གནས་སུཿསྟན་བདེ་བ་ལ་འདུག་སྟེཿསྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ནསཿསྐད་ཅིག་གིས་སྟོང་པའི་ངང་ལསཿཔདྨ་དམར་པོ་དང་ཿཉི་ཟླའི་སྟེང་དུ་ཧྲཱེཿདམར་པོ་ལས་འོད་འཕྲོས་སྣང་སྲིད་སྣོད་བཅུད་ཐམས་ཅད་འོད་དམར་པོ་གཅིག་ཏུ་གྱུར་པ་ཧྲཱེཿ ལ་ཐིམ་པ་ཡོངས་སུ་གྱུར་པ་ལསཿརང་ཉིད་སློབ་དཔོན་ཆེན་པོ་ཉི་མ་འོད་ཟེར་དམར་པོ་ཚེའི་མྱུ་གུ་དང་བུམ་པ་བསྣམས་པཿརྡོ་རྗེའི་སྐྱིལ་མོ་ཀྲུང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པཿཡུམ་གསང་བ་ཡེ་ཤེས་དམར་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་ཞལ་སྦྱོར་བཿསྤྱན་གསུམ་གསུམ་དང་ལྡན་པཿའོད་ཟེར་དམར་པོ་འཕྲོ་བའི་ཕྱོགས་བཞིརཿཧ་རི་ནི་ས་བཞི་ལས་ཚེ་འཛིན་མཁའ་འགྲོ་རིགས་བཞི་དམར་སེར་སེམས་དཔའི་སྐྱིལ་ཀྲུང་རིན་པོ་ཆེ་དང་རུས་པས་བརྒྱན་པཿཐམས་ཅད་ཀྱིས་ཕྱག་གཡས་གྲི་གུག་གཡོན་ཐོད་པཿགྲུ་མོ་ན་ཁ་ཊཾྭཱ་བསྣམས་པའོཿདེ་ནས་ཡེ་ཤེས་པ་བཅུག་ལཿདེ་ཐམས་ཅད་ཀྱི་ཐུགས་ཀར་པདྨ་ཉི་ཟླའི་སྟེང་ན་ཧྲཱིཿ
(༢༨)རེ་བསམ་པའི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དཔའ་མོ་མཁའ་འགྲོ་འཇིག་རྟེན་ཐམས་ཅད་ཀྱི་འོད་དང་ཿགཟི་བརྗིད་ཚེ་དང་བསོད་ནམས་ཐམས་ཅད་བསྡུས་ལཿརང་གི་སྙིང་གའི་ཧྲཱིཿལ་ཐིམ་པས་རང་ཉིད་ཚེ་ཡི་རིག་འཛིན་ཐོབཿཚེ་ཉི་ཟླ་དང་མཉམ་པ་ཐོབ་པར་བསམ་ཞིང་ཿའོག་རླུང་དྲག་ཏུ་འཐེནཿསྟེང་རླུང་ཅུང་ཟད་མནན་ལཿསྤྱི་བོ་ནས་དངས་མ་དཀར་དམར་བབས་པས་ལུས་ཐམས་ཅད་བདེ་སྟོང་དུ་མེར་ཁེངས་པར་བསམ་ཞིང་ཿརླུང་བུམ་པ་ཅན་བསྐྱིལ་ལོཿབཟླས་པའི་རྣལ་འབྱོར་ནིཿཧྲཱིཿལས་ཧྲཱིཿའི་ཕྲེང་བ་ཡབ་ཀྱི་ཞལ་ནས་ཡུམ་གྱི་ཞལ་དུ་སོང་བསཿཡུམ་གྱི་མཁའ་ནས་ཡབ་ཀྱི་གསང་བར་ཞུགས་ཏེཿསྙིང་གའི་ཧྲིཿའི་ཞབས་སུ་ཐིམ་པ་འགལ་མེ་ལྟར་འཁོར་བའི་འོད་ཟེར་གྱིས་བླ་མ་དང་ཿསངས་རྒྱས་དང་ཿབྱང་ཆུབ་སེམས་དཔའ་ཐམས་ཅད་དང་ཿདཔའ་བོ་དཔའ་མོ་འཇིག་རྟེན་གྱི་ལྷ་ཀླུ་རིག་འཛིནཿཉི་མཿཟླ་བཿརྩི་ཤིང་ཿནགས་ཚལ་ལ་སོགས་པའི་ཚེ་དང་ཿཤེས་རབ་དང་ཿབསོད་ནམས་དང་ཿགཟི་བརྗིད་
(༢༩)ཐམས་ཅད་བསྡུས་ཏེཿསྙིང་གའི་ཧྲཱིཿལ་ཐིམ་པསཿརང་ཉིད་ཚེའི་དངོས་གྲུབ་ཉི་ཟླ་དང་མཉམ་པ་ཐོབ་པར་བསམ་ཞིང་ཿཧྲཱིཿཧྲཱིཿཧྲཱིཿཞེས་གྲངས་མེད་པ་བཟླས་སོཿཐུན་འཇོག་ཁར་སྣང་སྲིད་སྣོད་བཅུད་ཐམས་ཅད་སྔགས་ཕྲེང་ལ་ཐིམཿསྔགས་ཕྲེང་ཧྲཱིཿལ་ཐིམཿའཁོར་བཞི་ཡབ་ཡུམ་དང་བཅས་པ་གསལ་བཏབ་ལཿསེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བ་བྱས་ཏེཿསྒྱུ་མ་ལྟ་བུའི་ངང་ནས་ལྡང་ངོ་ཿཐུན་མཚམས་སུ་གཏོར་མ་ཇི་ལྟར་འབྱོར་པ་བདུད་རྩིར་བྱིན་གྱིས་བརླབས་ལཿམདུན་དུ་ལྷ་དེ་རྣམས་གསལ་གདབ་སྟེཿཨཱོྃ་ཧྲཱི་རི་ནི་ས་ཨཱཿཧཱུྃ་བ་ལི༚་ཏ་ཁ་ཁ་ཁཱ་ཧིཿལྔའམ་བདུན་གྱིས་ཕུལ་བས་མཉེས་པར་བསམ་ལཿཿམགྲོན་རྣམས་རང་ལ་བསྡུས་ཏེ་བསྔོ་བ་བྱའོཿདེ་ལྟ་བུའི་སྒྲུབ་པ་ལོ་རེ་ལ་ཞག་ཉི་ཤུ་རྩ་གཅིག་རེ་མ་ཆག་པར་བྱའོཿཞག་རེ་བཞིན་ཐོ་རངས་དམིགས་པ་ཐུན་རེ་མ་ཆགས་པར་བྱའོཿགྲུབ་པའི་རྟགས་སུཿནས་ལ་སོགས་པ་འབྲུའི་ཕུང་པོ་དང་། ཉི་ཟླ་ཤར་བ་དང་ཿམེ་ཏོག་ཐུ་བ་དང་ཿནམ་ལངས་པ་དང་ཿགོས་དཀར་པོ་དྲི་མ་
(༣༠)མེད་པ་གྱོན་པ་དང་ཿཆུ་བོའི་རྒྱུན་ལ་འཐུང་ཞིང་ཁྲུས་བྱེད་པ་དང་ཿནམ་མཁའ་འགྲོ་བ་ལ་སོགས་པ་རྨིའོ། །ལོ་དྲུག་བསྒོམས་ན་འཆི་མེད་ཚེའི་རིག་འཛིན་འགྲུབ་བོཿདེང་སང་ཚེ་ལ་ལོང་མེད་སྐར་མདའ་འདྲཿཟབ་མོའི་དགོངས་གཏེར་ཉམས་ལེན་མཐར་མི་ཕྱིནཿདེ་ཕྱིར་གྲུབ་པ་ཐོབ་པ་ཤིན་ཏུ་ཉུང་ཿའདི་ནི་འཆི་མེད་ཚེ་ཡི་དངོས་གྲུབ་མཆོགཿརིག་འཛིན་ས་ལ་སྙེག་ཕྱིར་སྙིང་ཕྱུང་ནསཿཕྱི་རབས་སྙིང་ཏིག་སྤྱོད་པའི་ཆ་རྐྱེན་དུཿདྲི་མེད་འོད་ཟེར་བདག་གིས་ལེགས་པར་བཀོདཿའཆི་མེད་ཚེ་ཡི་སྒྲུབ་པ་རྫོགས་སོཿ ཿཨྀི༚ྠ་རྒྱ་རྒྱཿགསུམ་པ་འོད་གསལ་མཆོག་གི་སྒྲུབ་པ་ལ་གཉིས་ལསཿཉིན་མོ་འོད་གསལ་མཁའ་ལ་དབྱུང་བ་ནིཿབཞུགས་སྟངས་གསུམ་གྱིས་མངོན་སུམ་གྱི་དོན་ལ་མ་ཡེངས་པར་བྱའོཿགཉིས་པ་མཚན་མོ་འོད་གསལ་སྦུབས་སུ་སྦ་བ་ནིཿལུས་ནི་ལྷ་ཡི་དཀྱིལ་འཁོར་ལཿསྐྲ་སེན་ཡེ་ཤེས་མེ་རི་འབརཿཡན་ལག་སྒོ་བཞི་རྟ་བབས་བཅསཿམགོ་བོ་གཙང་ཁང་ཕྱུར་བུ་ལཿམིག་སོགས་དབང་པོ་རྣམ་པ་ལྔཿརྩིག་པ་ལྔ་དང་རྒྱན་རྣམས་རྫོགས༔དེ་དུས་སྙིང་ག་པདྨ་དང་ཿཉི་མ་
(༣༡)ཟླ་བའི་དབུས་དག་ནཿའོད་ཀྱི་འཁོར་ལོ་མུ་ཁྱུད་ལྔཿའོད་ཟེར་ཉི་མ་སྟོང་འདྲ་ཞིང་ཿགསལ་འཚེར་ལྷུན་སྡུག་གཟི་བརྗིད་འབརཿདེ་དབུས་རིགས་ལྔའི་སངས་རྒྱས་ནིཿརྣམ་སྣང་མི་བསྐྱོད་རིན་ཆེན་འབྱུང་ཿསྣང་མཐའ་དོན་ཡོད་གྲུབ་པ་རྣམསཿཀུན་བཟང་མཱ་མ་ཀཱི་དང་ནིཿསངས་རྒྱས་སྤྱན་དང་གོས་དཀར་མོཿདམ་ཚིག་སྒྲོལ་དང་མཉམ་པར་སྦྱོརཿམཐིང་ག་དཀར་སེར་དམར་ལྗང་ཞིང་ཿརྡོ་རྗེའི་སྐྱིལ་ཀྲུང་རྒྱན་རྣམས་རྫོགསཿའཁོར་ལོ་རྡོ་རྗེ་རིན་ཆེན་དང་ཿཔདྨ་རྒྱ་གྲམ་འཛིན་པའོཿཟུར་བཞིར་སེམས་དཔའ་སེམས་མ་བརྒྱདཿསྒོ་བཞིར་སྒོ་བ་ཡབ་ཡུམ་བཞིཿསོ་སོའི་སྐུ་མདོག་ཕྱག་མཚན་བཞིནཿཡང་ན་འོད་ཀྱི་གོང་བུ་བསམཿསྟེང་དུ་ཁྲོ་བོའི་དཀྱིལ་འཁོར་ནིཿའོད་ལྔའི་གདངས་ཏེ་འཁྲིལ་སྦྱོར་ཉིདཿཡང་ན་འོད་ཀྱི་འཁོར་ལོ་བསམཿསྙིང་དབུས་འོད་ཀྱི་འཁོར་ལོ་ནཿརིགས་ལྤ་ཡབ་ཡུམ་འོད་གསལ་སྐུཿསྣང་ལ་རང་བཞིན་མེད་པ་ལཿསྟེང་འོག་ཕྱོགས་མཚམས་ལྷ་རྣམས་ཀུནཿའོད་ཀྱི་གོང་བུ་འོད་ཟེར་འཕྲོཿགསལ་འཚེར་
(༣༢)མདངས་དང་ལྡན་པར་བསྒོམཿདེས་ནི་འོད་གསལ་ཟིན་པའི་རྟགསཿརྨི་ལམ་ཟིན་དང་མེད་པ་དང་ཿརིགས་ལྔའི་ཞིང་ཁམས་སྣང་བ་དང་ཿརྣམ་རྟོགས་མ་ལུས་དབྱིངས་སུ་ནུབཿཉིན་མཚན་འོད་ཀྱི་འཁོར་ལོར་སྣང་ཿལྷ་ལ་སོགས་པའི་གཟུགས་མཐོང་དང་ཿསྒྲ་སྙན་དྲི་མཆོག་སྔོན་མེད་སྣང་ཿཐ་མལ་སྣང་བ་ནུབ་པ་དང་ཿཅིར་སྣང་གཟུགས་བརྙན་འདྲ་བ་དང་ཿཕྱི་ནང་ཟང་ཐལ་མཐོང་བའོཿདེ་ལྟར་གོམས་པས་སྐལ་ལྡན་དེཿབརྩོན་འགྲུས་རབ་ཀྱིས་ཚེ་འདིར་གྲོལཿའབྲིང་རྣམས་བར་དོར་རྫོགས་སངས་རྒྱསཿཐ་མའང་རང་བཞིན་སྤྲུལ་སྐུའི་ཞིང་ཿམངོན་དུ་གྱུར་ནས་རྫོགས་སངས་རྒྱསཿདེ་ཉིད་རྟགས་སུ་སྐལ་ལྡན་དེཿའདས་དུས་སྐུ་གདུང་རིང་བསྲེལ་དང་ཿའཇའ་འོད་སྣ་ཚོགས་འབྱུང་བར་ངེསཿའདི་རྣམས་རྣལ་འབྱོར་སྐལ་པ་རབཿསྐུ་གདུང་རིང་བསྲེལ་འཇའ་འོད་ནིཿངེས་པར་འདི་ཡིས་འགྲུབ་འགྲུབ་པ་ཡིནཿརྗེས་འཇུག་སྤྲོ་བ་མཆོག་ཏུ་སྐྱེདཿགདམས་པའི་སྙིང་པོ་ཡང་ཟབ་འདིཿསྐལ་ལྡན་གཅིག་ལས་མང་བ་ནཿམཁའ་འགྲོའི་
(༣༣)ཆད་པ་འབྱུང་བར་ངེསཿདེ་ཕྱིར་རང་ཉིད་ཉམས་སུ་ལོངསཿམ་སྤེལ་སྙིང་དུ་རྒྱ་ཡིས་གདབཿའོད་གསལ་མཆོག་གི་སྒྲུབ་པ་འདིཿརིག་འཛིན་མཆོག་གི་སྒྲུབ་པ་ཡིནཿདེ་ཕྱིར་ཡང་གསང་སྙིང་ལ་སྦཿའོད་གསལ་མཆོག་གི་སྒྲུབ་པ་རྫོགས་སོཿརྒྱ་རྒྱ་རྒྱཿཨྠྀིདེ་ཡང་འདི་ལྟ་བུའི་གསང་སྔགས་མཐར་ཐུག་པའི་ཆོས་དང་འཕྲད་པའི་སྐལ་ལྡན་དེ་ཉིད་རྣམ་པར་སྨིན་པའི་རིག་འཛིན་ཡིན་ལཿདེས་ཟབ་མོའི་དོན་རྫོགས་པར་ཉམས་སུ་ལེན་པའི་ཕྱིརཿའཆི་མེད་འགྲུབ་པ་ནི་ཚེའི་རིག་འཛིན་ཡིནཿདེའི་རྟེན་ལ་གདམས་པའི་དོན་མངོན་དུ་གྱུར་པས་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཡིན་ལཿདེ་ཉིད་མཐར་ཕྱིན་ནས་འོག་མིན་དུ་སངས་རྒྱས་པའི་ཚེ། ལྷུན་གྱིས་གྲུབ་པའི་རིག་འཛིན་ཡིན་ནོཿའདིར་མཁའ་འགྲོ་སྙིང་ཏིག་གི་སྐལ་ལྡན་གཅིག་ལ་བཞི་ཀ་ཚངས་ཏེཿསྔོན་ནས་ལས་འཕྲོའི་རྣམ་པ་ཚེ་འདིར་སྨིན་ནས་འདི་དང་འཕྲད་པས་རྣམ་པར་སྨིན་པའི་རིག་འཛིནཿབརྩོན་འགྲུས་རབ་ཀྱིས་འོད་ལུས་གྲུབ་པས་ཚེ་ལ་དབང་ཐོབཿའབྲིང་དང་ཐ་མས་འོད་གསལ་མཆོག་གི་
(༣༤)ཚེ་ལ་དབང་ཐོབ་པས་ཚེ་ལ་དབང་བའི་རིག་འཛིནཿམངོན་སུམ་གྱི་སྣང་བ་མཐོང་བས་ཕྱག་རྒྱ་ཆེན་པོའི་རིག་འཛིནཿདེ་ཉིད་ཀྱིས་ཀྱང་གདོད་མའི་སར་གྲོལ་བས་ངེས་པས་ལྷུན་གྱིས་གྲུབ་པའི་རིག་འཛིནཿདེས་ན་འདི་འདྲའི་གདམས་པ་རྒྱ་བོད་གཉིས་ན་མེད་དོཿཨེ་མ་ཧོཿམཁའ་འགྲོ་སྙིང་ཏིག་བཀའ་གསང་རྒྱ་ཆེ་ལསཿཤིན་ཏུ་ཟབ་མོའི་གནད་བསྡུས་བཅུད་ཕྱུང་བཿདོན་གྱི་སྙིང་པོ་འོད་གསལ་མཆོག་གི་ལམཿགང་དང་མི་འདྲ་ཀུན་གྱིས་མ་རྟོགས་པཿཚིག་དོན་མཐའ་དག་རྫོགས་པར་བདག་ལ་བབསཿབདག་ཉིད་སྙིང་ལ་རྒྱས་བཏབ་སྦ་སྙམ་པསཿཐོ་རངས་བུད་མེད་གཡུ་ཡི་ལན་ཚར་ཅནཿཤིན་ཏུ་མཛེས་པའི་གཟུགས་ཅན་གཅིག་ན་རེཿཕྱི་རབས་སྐལ་ལྡན་དོན་དུ་སྤེལ་ཅིག་གསུངསཿདེ་ནས་བདག་གིས་ཟབ་མོའི་གནད་རྣམས་ཀུནཿཤོག་སེར་ངོས་ལ་ལྷག་ཆད་མེད་པར་བཀོདཿཕྱི་རབས་ལས་ཅན་རྣམས་དང་འཕྲད་པར་ཤོགཿརིག་འཛིན་མཆོག་སྒྲུབ་ཅེས་བྱ་བཿདྲི་མེད་འོད་ཟེར་གྱིས་ཨོ་རྒྱན་རྫོང་དུ་བཀོད་པ་རྫོགས་སོཿབཀྲ་ཤིསཿ
(༣༥)མཁའ་འགྲོ་བདེ་ཆེན་རྒྱ་མཚོ་བཞུགས་སོཿརིན་ཆེན་ཤོག་སེར་སྐོར་བསྐྱེད་རིམ་ཡིད་བཞིན་ནོར་བུའོ། ཿ༈།། །དངོས་གྲུབ་ཕུན་ཚོགས་འབྱུང་བའི་གཞིཿརྡོ་རྗེ་ཕག་མོ་ལ་བཏུད་དེཿམཁའ་འགྲོ་བདེ་ཆེན་རྒྱ་མཚོ་ལསཿབསྐྱེད་རིམ་ཡིད་བཞིན་ནོར་བུ་བཤདཿསྐད་ཅིག་གིས་སྟོང་པའི་ངང་ལས་ཆོས་འབྱུང་དམར་པོ་སུམ་བརྩེགས་དབུས་སུ་པདྨ་འདབ་བཞིའི་སྟེང་དུཿཟླ་བ་དང་། ཉི་མ་དང་། རོའི་སྟེང་དུཿཧྲཱི་མཿདམར་པོ་ལས་འོད་འཕྲོས་སྣང་སྲིད་ཐམས་ཅད་ལ་ཕོགཿའོད་ཟེར་དམར་པོ་གཅིག་ཏུ་གྱུར་ནས་ཚུར་འདུསཿཡི་གེ་གཉིས་ལ་ཐིམ་པས་རང་ཉིད་རྡོ་རྗེ་ཕག་མོ་དམར་མོ་གཅེར་ བུ་སྤྱན་གསུམ་དང་ཿཕག་ཞལ་ནག་མོ་དུར་བ་མེ་ལོང་དྲིལ ་བུའི་ཕྲེང་བ་འཁྲོལ་བཿཞབས་གཡོན་རོའི་སྙིང་གར་བརྐྱང་ཞིང་ཿགཡས་བསྐུམས་པའི་རྟིང་པ་བྷ་ག་ལ་གཏད་པཿསྐྲ་འཕྱངས་ཤིང་ཁ་ཊྭཱཾ་ག་མཆན་ཁུང་དུ་བཅུག་པར་བསམ་པའི་པང་དུ་དཔའ་བོ་རྟ་མགྲིན་དམར་པོ་སྤྱི་གཙུག་ན་རྟ་མགོ་ལྗང་ནག་མཚེར་བཿཞབས་གཉིས་ཡུམ་ལ་
(༣༦)འཁྲིལ་བཿསྤྱན་གསུམ་པ་མཆེ་བ་གཙིགས་པཿདེ་གཉིས་ཀའི་ཕྱག་གཡས་གཉིས་ན་གྲི་གུག་དང་ཿགཡོན་གཉིས་ན་ཐོད་པ་ཁྲག་གིས་བཀང་བ་བསྣམས་པཿརིན་པོ་ཆེ་དང་རུས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བསམ་མོཿསྤྱི་བོའི་རྩ་འདབ་བཞི་ལ་པད་ཉི་ཟླ་བའི་སྟེང་དུཿདབུས་སུ་ཧ་དང་ར་ལས་སྐྱེས་པའི་རྡོ་རྗེ་དཔའ་བོ་ཡབ་ཡུམ་དཀར་པོ་དང་ཿའདབ་མ་བཞི་ལ་ཧ་རི་ནི་ས་བཞི་ལས་དེ་དང་འདྲ་བའི་རིགས་བཞི་མཁའ་འགྲོ་ཡབ་ཡུམ་གཡས་གཡོན་གྲི་གུག་དང་ཐོད་པ་འཛིན་པཿརྒྱན་ཐམས་ཅད་ཀྱིས་བརྒྱན་པཿཁ་ཊྃྭཱག་མཆན་ཁུང་ན་ཡོད་པཿསྤྱན་གསུམ་པའི་ཐུགས་ཀར་གཡུང་དྲུང་དཀར་པོའི་ལྟེ་བར་ཧ་དང་རཿཡན་ལག་བཞི་ལ་ཨ་རི་ནི་ས་བཞི་ཡོད་པའོཿམགྲིན་པའི་རྩ་འདབ་བཞི་ལཿདབུས་སུ་རི་དང་ཙ་ལས་རིན་ཆེན་མཁའ་འགྲོ་ཡབ་ཡུམ་སེར་པོཿའདབ་མ་བཞི་ལ་ཧ་ཨ་ནི་ས་བཞི་ལས་རིན་ཆེན་དཔའ་བོ་དེ་དང་འདྲ་བའི་འཁོར་བཞིཿརྒྱན་དང་ཕྱག་མཚན་གོང་དང་འདྲ་བའི་ཐུགས་ཀརཿགཡུང་དྲུང་སེར་པོའི་དབུས་སུ་རི་དང་ཙཿཡན་ལག་བཞི་ལ་ཧ་ཨ་
(༣༧)ནི་སའོཿསྙིང་གར་པད་འདབ་བཞི་དང་ཉི་ཟླའི་དབུས་སུ་མ་དང་ཧཱུྃ་ལས་སངས་རྒྱས་མཁའ་འགྲོ་ཡབ་ཡུམ་མཐིང་ཀ་འདབ་མ་བཞི་ལ་ཧ་རི་ནི་ས་ལས་དེ་འདྲ་བའི་འཁོར་བཞིཿསྙིང་གར་གཡུང་དྲུང་འཁྱིལ་པའི་དབུས་སུ་མ་དང་ཧཱུྃཿཡན་ལག་བཞི་ལ་ཧ་རི་ནི་སའོཿལྟེ་བར་པད་འདབ་བཞིའི་དབུས་སུ་ཉི་ཟླ་ལ་ནི་དང་ཧྲཱིཿདམར་པོ་ལསཿཔདྨ་མཁའ་འགྲོ་ཡབ་ཡུམ་དམར་པོཿའདབ་མ་བཞི་ལ་ཧ་རི་ཨ་ས་བཞི་ལསཿདེ་འདྲ་བའི་འཁོར་བཞིཿཐུགས་ཀར་གཡུང་དྲུང་དམར་པོའི་དབུས་སུ་ནི་དང་ཧྲཱིཿཡན་ལག་བཞི་ལ་ཧ་རི་ཨ་སའོཿགསང་བར་པད་འདབ་བཞིའི་ལྟེ་བར་ཉི་ཟླ་ལ་ས་དང་ཡ་ལསཿལས་ཀྱི་མཁའ་འགྲོ་ལྗང་གུཿའདབ་མ་བཞི་ལ་ཧ་རི་ནི་ཨ་ལསཿདེ་འདྲ་བའི་འཁོརཿཐུགས་ཀར་གཡུང་དྲུང་ལྗང་གུའི་དབུས་སུ་ས་དང་ཡཿཡན་ལག་བཞི་ལ་ཧ་རི་ནི་ཨའོཿདེ་ཐམས་ཅད་ཀྱང་སྣང་ལ་རང་བཞིན་མེད་པ་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པཿའོག་མིན་དང་ཕྱོགས་བཞིའི་འཇིག་རྟེན་ནསཿཡེ་ཤེས་པ་བསྟིམ་ལ་རླུང་ཁ་སྦྱོར་དུ་བཟུང་བས་ལྷ་དེ་
(༣༨)རྣམས་ཀྱི་འོད་ཟེར་གྱིསཿའཇིག་རྟེན་ཐམས་ཅད་གཡོ་འདེགས་འཕར་བ་ལསཿསྐྱེ་འགྲོ་ཐམས་ཅད་དབང་དུ་བསྡུསཿཟས་ནོར་གྱི་ཆར་ཕབཿནད་གདོན་བར་ཆད་ཞི་བར་བསམས་ལཿཨཱོྃཧྲཱི་མ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲི༚་ཧྲི༚་ཛཿཛཿཨཱོྃ་བུདྡྷ་ཌཱ་ཀི་ནི་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཙིཏྟ་ཧྲི༚་ཧྲི༚་ཛཿཛཿདེ་བཞིན་དུཿཨཱོྃ་བཛྲ་ཌཱ་ཀི་ནི་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲི༚་ཧྲི༚་ཛཿཛཿཨཱོྃ་རཏྣ་ཌཱ་ཀི་ནི་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲི༚་ཧྲི༚་ཛཿཛཿཨཱོྃ་པདྨ་ཌཱ་ཀི་ནི་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲི༚་ཧྲི༚་ཛཿཛཿཨཱོྃ་ཀརྨ་ཌཱ་ཀི་ནི་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲི༚་ཧྲི༚་ཛཿཛཿཞེས་བརྗོད་པསཿའཁོར་ལོ་ལྔའི་ལྟའི་ཐུགས་ཀའི་གཡུང་དྲུང་རྣམས་དྲག་ཏུ་འཁོར་བསཿལྷ་དེ་རྣམས་རང་གི་སྙིང་ག་ན་འཁྲབ་ཅིང་གར་བྱེད་པསཿསྐྱེ་འགྲོ་ཐམས་ཅད་ཀྱི་དྲན་པ་མྱོས་པར་བྱས་ཏེ་དབང་དུ་བསྡུས་ནས་བདག་གི་རྐང་པའི་དྲུང་དུ་ལྷགས་པར་བསམ་ཞིང་། རླུང་ཕྱིར་སོང་བས་འོད་ཟེར་དམར་པོ་ལྕགས་ཀྱུ་དང་ཿཞགས་པ་དང་ཿལྕགས་སྒྲོགས་དང་ཿདྲིལ་བུའི་རྣམ་པསཿའགྲོ་བ་རྣམས་བཀུགཿབཅིངསཿབསྡམསཿདབང་དུ་བྱསཿནང་
(༣༩)དུ་རྔུབས་པས་དེ་རྣམས་སྙིང་ག་དང་གསང་གནས་སུ་ཐིམ་པར་བསམ་ལཿལུས་ལྷཿངག་སྔགསཿསེམས་ཏིང་འཛིན་ལས་མ་ཡེངས་པར་རབ་ཏུ་ཆགས་པས་བཀུག་པར་བྱའོཿསྐབས་སུ་ཐིག་ལེའི་འགྲིམས་སྡུད་ཀྱིས་བདེ་སྟོང་སྔར་བཞིན་མཁའ་འགྲོ་རྣམས་མཉེས་པར་བྱའོཿདེ་ལྟར་ཞག་བདུན་ནི་བསྙེན་པའོཿདེ་ནས་སྒྲུབ་པ་དང་ལས་སྦྱོར་ནིཿགང་ལ་དམིགས་པའི་བསྒྲུབ་བྱ་དེའི་སྙིང་གའི་ནང་ན་བདག་ཉིད་ཡོད་པར་བསམ་ལཿསྔགས་བཟླས་དམིགས་པས་གཅུན་ལཿཁོ་རང་དབང་མེད་པར་རང་ལ་འདུད་ཅིང་དགའ་བར་བསམ་སྟེཿ ཨཱྃ་ཧྲཱི་མ་ཧ་རི་ནི་སཿར་ཙ་ཧྲི་ཡ་ཆྒཻ་མོ་ཨ་ཀརྵ་ཡ་ནྲྀ་ཁུག་ཛཿཛཿཞེས་པས་རྣམ་ཤེས་ཨའི་རྣམ་པ་ཅན་རང་གི་གསང་གནས་དང་ཿསྙིང་གར་ཐིམ་པར་བསམ་ལཿདྲག་ཏུ་བཟླས་པས་ཞག་གསུམ་ན་རང་དབང་མེད་པར་ཁུག་གོཿདེ་བཞིན་དུ་ནོར་སྒྲུབ་པའི་ཚེ་རང་གི་སྙིང་གའི་འོད་ཀྱིས་ཕྱོགས་བཅུའི་ནོར་ལྷ་བཀུག་ལཿསྒྲུབ་ཁང་དུ་ནོར་གྱི་ཆར་འབེབས་པར་བསམཿཨཱོྃ་ཧྲཱི་མ་ཧ་རི་ནི་ས་ར་ཙ་ཧྲི་ཡཿ
(༤༠)སིདྡྷི་ཕ་ལ་བཻ་ཤྲ་མ་ནེ་ཙིཏྟ་ཧྲི༚་ཧྲི༚་ཛཿཛཿཞེས་སོཿནད་གདོན་དང་སྡིག་པ་ཞི་བ་ལ་ནིཿའོད་ཟེར་དཀར་པོས་རང་གི་ལུས་ངག་ཡིད་གསུམ་གྱི་བར་ཆད་སྡིག་སྒྲིབ་སྦྱངས་པར་བསྒོམ་ལཿཨཱོྃ་ཧྲཱི་མ་ཧ་རི་ནི་སཿནད་གདོན་སྡིག་སྒྲིབ་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱཿཞེས་སོཿལྷ་ལ་གང་སྒྲུབ་ཀྱང་དེ་དང་མཐུན་པའི་སྐུ་མདོག་དང་འོད་ཟེར་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་གྱི་སྤྲོ་བསྡུ་དང་ཿརིགས་དེའི་ལྷའི་སྔགས་ཐོག་མར་འདྲེན་པ་ནི་གནད་དོཿདེ་ལྟར་བཟླས་པའི་རྣལ་འབྱོར་པས་འཁོར་ལོ་ལྔ་གསལ་བཏབ་སྟེཿབཟའ་བཏུང་མཁའ་འགྲོའི་ཚོགས་འཁོར་བྱཿགལ་ཏེ་ལས་རྣམས་མ་གྲུབ་ནཿའཁོར་ལོ་ལྔ་ཡི་མཁའ་འགྲོ་མཿགང་ཡིན་འཁྲབ་ཅིང་གཟིར་བ་དང་ཿདེ་ཡི་སྲོག་སྔགས་ཐོག་མར་བགྲང་ཿདེས་ནི་ཐེ་ཚོམ་མེད་པའོཿསངས་རྒྱས་མཁའ་འགྲོའི་དམ་ཚིག་ཏུཿསྐྱེ་མེད་དོན་ལ་གནས་པར་བྱཿརྡོ་རྗེ་མཁའ་འགྲོའི་དམ་ཚིག་ཏུཿསེམས་ཅན་ཀུན་ལ་བྱམས་པ་བསྒོམསཿརིན་ཆེན་མཁའ་འགྲོའི་དམ་ཚིག་ཏུཿམ་ཆགས་སྦྱིན་པ་ཕྱོགས་མེད་གཏང་ཿཔདྨ་མཁའ་འགྲོའི་
(༤༡)དམ་ཚིག་ཏུཿགཏུམ་མོ་སྒོམ་ཞིང་བདེ་སྟོང་སྦརཿལས་ཀྱི་མཁའ་འགྲོའི་དམ་ཚིག་ཏུཿསྨྱོན་སྤྱོད་གདུག་རྩུབ་སྣ་ཚོགས་བྱཿམེ་ནང་མཁའ་འགྲོ་ལྔ་བསྐྱེད་ལཿཟས་སྣ་འབྲུ་སྣ་སྣ་ཚོགས་བསྲེགཿཚོགས་གཏོར་བུད་མེད་སྟོན་མོ་བྱཿདེས་ནི་མྱུར་དུ་འགྲུབ་པར་འགྱུརཿབསྐྱེད་རིམ་ཡིད་བཞིན་ནོར་བུ་ཞེས་བྱ་བཿགངས་རི་ཐོད་དཀར་དུ་བཀོད་པཿཨྠིྀྀིཿམཁའ་འགྲོ་བདེ་ཆེན་རྒྱ་མཚོ་ལསཿཿརྫོགས་རིམ་ཡེ་ཤེས་འཁོར་ལོ་བཤདཿདེ་ཡང་ཡེ་ཤེས་སེམས་གཉིས་ལསཿལྔ་ལྡན་འོད་ཀྱི་རིམ་པ་ནིཿབདེ་བའི་སྟན་ལ་འདུག་ནས་ཀྱང་ཿསངས་རྒྱས་མཁའ་འགྲོའི་ཞིང་ཁམས་སུཿརྡོ་རྗེ་མཁའ་འགྲོའི་མེ་ལོང་ལཿཔདྨ་མཁའ་འགྲོའི་སྒོ་ཕྱེ་སྟེཿསྒོ་ལ་ལས་ཀྱི་མཁའ་འགྲོ་བྱོནཿརིན་ཆེན་མཁའ་འགྲོ་མཁའ་ལ་སྣང་ཿམི་འགུལ་མི་བསམ་མི་ཡེངས་པརཿཡེ་ཤེས་ཉིད་ལས་འབྲལ་མི་བྱཿཚེ་འདི་ཉིད་ལ་རྫོགས་སངས་རྒྱསཿསེམས་ཀྱི་རྫོགས་རིམ་རྣམ་གསུམ་ལསཿབདེ་
(༤༢)བ་ཉིད་ནི་བསྒོམ་འདོད་ནཿའཁོར་ལོ་ལྔ་ཡི་དབུས་དག་ནཿརྩ་གསུམ་སྤུག་མ་སྟོང་པ་ལཿཡར་སྣ་ཚང་བུག་ཡི་གེ་ཧྃ། མར་སྣེ་གསང་གནས་ཡི་གེ་ཨཿལྟེ་བར་རྃ་ལས་མེ་འབར་བསཿཧྃ་ལས་བྱང་སེམས་འོ་རྒྱུན་བབསཿགསང་གནས་བར་དུ་ཁྱབ་པ་ལཿཨ་དང་འདྲེས་པས་བདེ་སྟོང་སྐྱེསཿསླར་བཟློག་ཧཱུྃ་རིང་བཞི་བརྗོད་ནསཿནི་ྲི་ཧྲིང་ནི་ཉེར་གཅིག་གིསཿསྒལ་ཚིགས་དྲངས་ལ་དགྲམ་པར་བྱཿདེ་ཉིད་འབྱངས་ནས་བཙུན་མོ་དང་ཿམཉམ་དུ་སྦྱར་བས་བདེ་སྟོང་སྒོམཿམི་རྟོག་ཀ་དག་ངང་ལ་གཞགཿགཉིས་པ་གསལ་སྟོང་ཡེ་ཤེས་ནིཿགང་ཤར་རིག་པ་ངོས་བཟུང་ལཿམི་དགག་མི་སྒྲུབ་རང་སར་གཞགཿཁྱད་པར་རྩ་གསུམ་གསལ་བཏབ་ལཿབུམ་པ་ཅན་དུ་བསྐྱིལ་བ་དང་ཿསེང་གེ་རྣམ་གྲོལ་འཆིང་བ་དང་ཿཆུ་སྲིན་ཅན་དུ་མཉམ་པར་གནསཿདང་པོར་རླུང་རོ་ཕུད་ནས་ཀྱང་ཿལྟེ་འོག་ཨ་ལ་སེམས་བཟུང་ལཿའོག་རླུང་གཙོ་བོར་བསྐྱིལ་བ་ཡིནཿགཉིས་པ་སྟེང་རླུང་འཆིང་བ་སྟེ། སྙིན་གའི་ཧ་རི་ནི་ས་ལཿསེམས་བཟུང་གཙོ་བོར་སྟེང་
(༤༣)རླུང་མནནཿགསུམ་པ་བར་རླུང་སྦྱར་བ་སྟེཿམཉམ་གནས་གང་ལའང་མི་རྟོག་པསཿའགྲོ་འོང་རབ་ཏུ་དལ་བ་ཡིནཿདེ་དུས་གསལ་ལ་མི་རྟོག་པའིཿཡེ་ཤེས་དོན་དེ་ངོས་གཟུང་ལཿཡུན་དུ་བསྒོམ་པ་རབ་ཏུ་གཅེསཿལུས་གཅུན་འཁྲུལ་འཁོར་སྣ་ཚོགས་བྱཿགཡོན་དང་མཉམ་རྒྱུའི་རླུང་དང་ནིཿདད་དང་ངེས་འབྱུང་སྐྱེས་ཚེ་གཟུང་ཿཆགས་སོགས་ཉོན་མོངས་སྐྱེས་ཚེ་འབུདཿནང་དུ་མི་གཟུང་དྲག་ཏུ་འདོནཿདེས་ནི་གསལ་སྟོང་ཆོས་སྐུ་སྐྱེཿགསུམ་པ་མི་རྟོག་ཡེ་ཤེས་ནིཿལུས་བསྲང་ཨེ་ཡི་འདུག་སྟངས་ཀྱིསཿསྟེང་འོག་རླུང་སྦྱར་མིག་མི་འགུལཿབར་སྣང་མདའ་གང་ཚད་དུ་གཏདཿགང་ཡང་མི་སེམས་མི་རྟོག་ཅིང་ཿམ་བཅོས་མ་བསླད་འགྱུ་བ་མེདཿཇི་ལྟར་ནམ་མཁའ་དག་པ་བཞིནཿམི་རྟོག་མཐའ་དབུས་མེད་པར་བཞགཿའཕྲོ་ན་འཕྲོ་མཁན་རང་གི་སེམསཿཁ་དོག་དབྱིབས་བྲལ་ངོས་གཟུང་མེདཿགནས་ན་གནས་མཁན་རང་གི་སེམསཿཡེ་གྲོལ་གདོད་མའི་གནས་ལུགས་ཉིདཿབླང་དོར་རེ་དོགས་རྩིས་གདབ་མེདཿ
(༤༤)ཡེ་སྟོང་རྩ་བྲལ་ཆེན་པོར་གཞགཿརྗེས་ལ་ཕྱི་ནང་སྣང་སྲིད་ཀུནཿརང་སྣང་ཡིན་ཏེ་རྨི་ལམ་འདྲཿསྣང་ལ་བདེན་མེད་ཆུ་ཟླ་འདྲཿརྟེན་འབྲེལ་ཙམ་སྟེ་སྒྱུ་མ་འདྲཿཿཆགས་སྡང་རེ་དོགས་མེད་པར་བལྟཿཉོན་མོངས་དུག་ལྔ་གང་སྐྱེས་ཀྱང་ཿརླབས་ཉིད་རྒྱ་མཚོར་ཐིམ་པ་ལྟརཿརང་ཤར་ཆོས་སྐུའི་ལམ་ཁྱེར་བྱཿཡོད་མེད་སྣང་སྟོང་བཏགས་པ་ཙམཿའཁོར་འདས་རང་སྣང་རྨི་ལམ་ཙམཿབླང་དོར་རེ་དོགས་བློས་བཏགས་ཙམཿདོན་ལ་གཉིས་མེད་ཆོས་སྐུར་སྦྱང་ཿདེ་ལྟར་ཤེས་པའི་རྣལ་འབྱོར་ལཿཐམས་ཅད་རྣམ་དག་བདེ་བའི་ཞིང་ཿཨོ་རྒྱན་ཡེ་ཤེས་མཁའ་འགྲོའི་ཞིང་ཿལོགས་ན་མེད་དེ་རང་ལ་ཚང་ཿམཁའ་འགྲོ་སྤྲིན་བཞིན་རང་གིས་འདུཿམཆོག་དང་ཐུན་མོང་དངོས་གྲུབ་ཐོབཿབདག་འདྲ་དྲི་མེད་འོད་ཟེར་གྱིསཿམཁའ་འགྲོའི་གནད་ཡིག་གསང་བ་འདིཿགངས་རི་ཐོད་དཀར་མགུལ་དུ་བཀོདཿཨྠིྀྀིཿརྒྱ་རྒྱཿཤོག་སེར་སྐོརཿརླུང་དྲུག་རྡོ་རྗེའི་ཆིངས་བཞུགསཿམཁའ་འགྲོ་བདེ་ཆེན་རྒྱ་མཚོ་ལསཿརླུང་དྲུག་རྡོ་རྗེའི་ཆིངས་ཉིད་བཤདཿཆོས་ཀུན་སྟོང་པའི་ངང་ཉིད་
(༤༥)ལསཿའདབ་བཞི་ཆོས་འབྱུང་དམར་གསལ་དབུསཿཧཱུྃ་ལས་རང་ཉིད་ཕག་མོའི་སྐུཿམཐིང་ནག་གྲི་གུག་ཐོད་ཁྲག་འཛིནཿཁ་ཊཾྭ*ཌཱ་དྲི*་བུའི་ཕྲེང་བས་བརྒྱནཿརོ་སྟེང་གཡས་བསྐུམ་གཡོན་བརྐྱང་ཞིང་ཿཕག་ཞལ་སྤྱན་གསུམ་ཁྲོས་པར་བསམཿསྙིང་གར་པདྨ་ཉི་ཟླའི་དབུསཿཨེ་དང་ཧ་རི་ནི་ས་ལསཿགཙོ་མོ་འདྲ་བའི་མཁའ་འགྲོ་ལྔཿཐུགས་ཀར་ས་བོན་ཡིག་འབྲུས་མཚནཿསྟོང་གསུམ་རང་ལ་ཐིམ་པར་བསམཿརླུང་ནི་མཉམ་གནས་ཐུབ་ཐང་གཟུང་ཿཕྱིར་རྒྱུ་ཨཱོྃཿདཀར་ནང་འཇུག་ཨཿགནས་པ་ཧཱུྃ་ཡིན་སྣོད་བཅུད་བསྡུཿཐུགས་ཀར་ལྷ་ལྔ་གར་བྱེད་པསཿཐམས་ཅད་དབང་བསྡུས་རླུང་ཉིད་བསྒོམཿཿརྩ་བའི་རླུང་ནི་དང་པོ་ཡིནཿཡན་ལག་རླུང་ནི་སྤྱི་བོ་རུཿརྡོ་རྗེ་མཁའ་འགྲོ་ཡབ་ཡུམ་དཀརཿསྙིང་གར་ཧ་དང་ཕྱོགས་བཞི་རུཿཨ་རི་ནི་ས་འཁོར་བ་ཡིསཿའཇིག་རྟེན་བསྡུ་ཞིང་སྤྱི་གཙུག་ཏུཿདམིགས་པ་གཏད་པས་རླུང་གཟུང་འགྱུརཿདེ་བཞིན་མགྲིན་པར་པད་ཟླའི་སྟེང་ཿརིན་ཆེན་མཁའ་འགྲོ་སེར་གསལ་ཏེཿཐུགས་ཀར་རི་དང་
(༤༦)ཕྱོགས་བཞི་རུཿཧ་ཨ་ནི་ས་སེར་པོ་བསྒོམཿསྙིང་གར་སྔར་བཞིན་དམིགས་པ་སྟེཿལྟེ་བར་པདྨ་མཁའ་འགྲོ་དམར༔ཐུགས་ཀར་ནི་ལ་ཧ་རི་ཝཿས་བཞི་དག་གིས་བསྐོར་བ་ལསཿབུད་མེད་རྣམས་ནི་གཙོ་བོར་དགུགཿཆགས་པས་བདེ་སྟོང་བསྒོམ་པར་བྱཿགསང་བར་ལས་ཀྱི་མཁའ་འགྲོ་ལྗངཿཐུགས་ཀར་ས་ལ་ཧ་རི་ནིཿཨ་བཞིས་བསྐོར་པའི་འོད་ཟེར་གྱིསཿསྐྱེས་པ་རྣམས་ནི་གཙོ་བོར་དགུགཿདེ་ལྟར་འཁོར་ལོ་ལྔ་དབུས་སུཿམཁའ་འགྲོ་ལྔ་ཚན་ལྔ་བསྒོམས་ལཿརང་དང་མཐུན་པའི་འོད་ཟེར་ནིཿཡི་གེ་གསུམ་གྱི་རྣམ་པ་ཡིསཿརྡོ་རྗེ་རླུང་གི་བཟླས་པ་ཡིསཿཞག་དྲུག་བསྒོམས་པའི་རྣལ་འབྱོར་ལཿམཁའ་འགྲོས་དངོས་སུ་ལུང་སྟོན་ཞིང་ཿམཆོག་དང་ཐུན་མོང་དངོས་གྲུབ་ཐོབཿདམ་ཚིག་ཆགས་ཞེན་ཆུང་བ་དང་ཿབུད་མེད་མི་སྤང་བདེ་སྟོང་བསྒོམཿབྱམས་དང་སྙིང་རྗེ་བྱང་སེམས་བསྒོམཿལྟ་བ་ནམ་མཁའ་ཡངས་པ་ལསཿཿསྨྱོན་སྤྱོད་ཐོ་ཅོ་སྐབས་སུ་བརྩམཿགཏད་མེད་རང་གྲོལ་ལམ་ཁྱེར་བྱཿཇི་སྲིད་ཆེད་འཛིན་ཞིག་པ་ནཿམཁའ་འགྲོའི་དངོས་གྲུབ་མཐར་ཐུག་ཡིནཿརླུང་དྲུག་རྡོ་རྗེའི་
(༤༧)ཆིངས་ཞེས་བྱ་བཿམཁའ་འགྲོ་བདེ་ཆེན་རྒྱ་མཚོ་རྫོགས་སོཿཨྠིྀྀིཿརླུང་སྦྱོར་ཡེ་ཤེས་དྲ་བ་བཞུགས་སོཿརིན་ཆེན་ཤོག་སེར་སྐོརཿ༈།། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོཿཡང་ཟབ་མཁའ་འགྲོ་སྙིང་ཏིག་གི་གདམས་པཿརླུང་སྦྱོར་ཡེ་ཤེས་དྲ་བ་འདི་ལ་དོན་གསུམ་སྟེཿབདེ་གསལ་མི་རྟོག་པའི་རླུང་གསུམ་གྱིསཿལྷུན་གྲུབ་སྐུ་གསུམ་དུ་ངོ་སྤྲོད་པ་དང་ཿགཉིས་མེད་ཡེ་ཤེས་ཀྱི་རླུང་གིསཿཿགདོད་མའི་ཀ་དག་ཆེན་པོར་ངོ་སྤྲོད་པ་དང་ཿརང་གྲོལ་ཐ་མལ་གྱི་རླུང་གིསཿཅིར་སྣང་ཤར་གྲོལ་དུ་ངོ་སྤྲོད་པའོཿདང་པོ་ལ་གསུམ་ལསཿབདེ་སྟོང་ལོངས་སྐུའི་རླུང་སྦྱོར་ནིཿསྟན་བདེ་བ་ལ་རྣལ་འབྱོར་པའི་འདུག་སྟངས་ཀྱིསཿཕྱིད་ཀྲུང་དུ་འདུག་ལཿརླུང་རོ་གསུམ་ཕྱིར་དྲག་པོས་ཕྱུང་ལ་འཇམ་རླུང་དལ་བུས་བརྡུབས་ཏེཿསྟེང་རླུང་ཅུང་ཟད་མནནཿའོག་རླུང་དྲག་ཏུ་འཐེན་ལཿཡབ་ཡུམ་འཁྲིལ་སྦྱོར་གྱིས་བདེ་བ་ལ་སེམས་བཟུང་སྟེཿརླུང་ཐུབ་ཐང་བུམ་པ་ཅན་དུ་བསྐྱལ་བསཿཉི་
(༤༨)མ་བདུན་ན་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེསཿལོངས་སྤྱོད་རྫོགས་པའི་སྐུའི་ཡེ་ཤེས་སྐྱེ་བར་ངེས་སོཿདེའི་ཚེ་ཕྱི་སྣང་བ་སྣ་ཚོགས་བདེ་བའི་ཞིང་ཁམས་སུ་ལྷུན་གྱིས་གྲུབཿནང་རིག་པ་སྣ་ཚོགས་བདེ་བའི་ཞིང་ཁམས་སུ་ལྷུན་གྱིས་གྲུབཿགསང་བ་འོད་གསལ་ལ་གཏད་ནས་བསྒོམས་པསཿསྐུ་དང་ཡེ་ཤེས་ཀྱི་ཐིག་ལེ་གསལ་བསཿབདེ་སྟོང་གི་ཡེ་ཤེས་ལྷན་ཅིག་སྐྱེས་པ་དང་ཿརང་བཞིན་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ་པ་ནིཿརྫོགས་པ་ཆེན་པོ་བདེ་བ་ཆེན་པོ་འོད་གསལ་གྱི་རྒྱ་མཚོ་ལས་ལྷུན་གྱིས་གྲུབ་པའི་དགོངས་པའོཿགཉིས་པ་གསལ་བ་སྤྲུལ་པ་སྐུའི་རླུང་སྦྱོར་ནིཿཡང་སྟན་བདེ་བ་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་འདུག་ལཿདར་གཅིག་ངལ་སོས་པར་བྱས་ཏེཿབར་སྣང་སྤྲིན་མེད་པའི་ངོས་སུ་མིག་མ་འགུལ་བར་གཏད་ལཿརླུང་དྲག་ཅིང་དལ་ལ་རབ་ཏུ་འཇམ་པསཿམཉམ་པར་ཕྱིར་ཕྱུང་ལཿརིག་པ་ནམ་མཁའ་ལ་གཏད་དེཿཐུབ་ཐང་དུ་ཕྱིར་བཟུང་ལཿནང་དུ་མི་གཏང་བར་ལྷན་ནེར་མཉམ་པར་བཞག་པསཿསྔ་དྲོ་གཅིག་ན་གསལ་སྟོང་
(༤༩)གཉིས་སུ་མེད་པའི་ཡེ་ཤེས་འཆར་ཏེཿདེའི་ཚེ་ཕྱི་སྣང་བ་སྣ་ཚོགས་གསལ་ལ་འཛིན་པ་མེད་པཿནང་རིག་པ་སྣ་ཚོགས་འཕྲོ་ལ་གཅིག་ཏུ་གནས་པཿགསང་བ་འོད་གསལ་ལ་གཏད་ནས་བསྒོམས་པསཿསྐུ་དང་ཡེ་ཤེས་ཀྱི་ཐིག་ལེ་གསལ་ལཿའཛིན་མེད་གཉུག་མའི་ཡེ་ཤེས་སྣ་ཚོགས་སྤྲུལ་པའི་སྐུའི་ཡེ་ཤེས་སྐྱེ་བར་ངེས་སོཿགསུམ་པ་ཟུང་འཇུག་ཆོས་ཀྱི་སྐུའི་རླུང་སྦྱོར་ནིཿབར་རླུང་མ་ནིང་གི་རླུང་ཞེས་བྱ་སྟེཿཡང་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་འདུག་ལཿརླུང་སྣ་གཉིས་ལ་མི་གཏོང་བརཿཁ་ན་ཕར་ལ་ཅི་ནས་ཀྱང་དལ་བར་རང་འགྲོས་སུ་གཏོང་སྟེཿཕྱིར་ཇི་ཙམ་གནས་ཀྱི་ཡུན་བཞག་ལཿནང་དུ་རང་འགྲོས་རབ་ཏུ་དལ་བས་མ་ཚོར་ཙམ་དུ་བརྡུབས་ལཿསྙིང་གར་སྟེང་འོག་གི་རླུང་གཉིས་སུ་མེད་པས་མི་རྟོག་པའི་ངང་ལ་མཉམ་པར་བཞག་གོཿཉི་མ་གསུམ་ན་གང་ལ་ཡང་མི་རྟོག་ཅི་ལ་ཡང་མི་འཕྲོ་བའི་ཤེས་པ་སྐྱེ་མེད་སྤྲོས་པ་དང་བྲལ་བཿཆོས་ཀྱི་སྐུའི་ཡེ་ཤེས་སྐྱེའོཿདེའི་ཚེ་ཕྱི་སྣང་བ་སྣ་ཚོགས་དབང་པོའི་མངོན་
(༥༠)སུམ་ལྟརཿསྣང་ལ་མ་ངེས་པ་ཆོས་སྐུ་མཉམ་པར་རོ་གཅིགཿནང་རིག་པ་སྣ་ཚོགས་ཐང་ཆད་ཀྱི་སྐྱེས་བུ་ངལ་སོས་པ་ལྟརཿའཕྲོ་གནས་གཉིས་སུ་མེད་ལ་སྐྱེ་མེད་དུ་རོ་གཅིགཿགསང་བ་འོད་གསལ་ལ་གཏད་ནས་བསྒོམས་པསཿསྐུ་དང་ཡེ་ཤེས་ཀྱི་ཐིག་ལེར་གསལ་ཡང་ཿཁ་དོག་དབྱིབས་མཚན་དུ་མི་རྟོག་པ་ཡེ་སྟོང་རྫོགས་པ་ཆེན་པོ་བྱ་བྲལ་ཆོས་ཀྱི་སྐུར་ལྷུན་གྱིས་གྲུབ་པ་ནིཿརྣམ་པར་མི་རྟོག་པ་ཆོས་ཀྱི་སྐུའི་དགོངས་པའོཿགཉིས་པ་གཉིས་མེད་ཡེ་ཤེས་ཀྱི་རླུང་གིས་གདོད་མའི་ཀ་དག་ཆེན་པོར་ངོ་སྤྲད་པ་ནིཿསྟོན་སེར་ལྟ་བུ་ནམ་མཁའ་སྤྲིན་དང་བྲལ་བའི་ཚེཿགནས་དབེན་པར་སྟན་བདེ་བ་ལ་གན་རྐྱལ་ལ་ཉལ་ཏེཿམིག་ནམ་མཁའི་དཀྱིལ་དུ་མི་འགུལ་བརཿཉིན་མོ་ཐིག་ལེ་ཡེ་ཤེས་ཀྱི་སྣང་བཿམཚན་མོ་གཟའ་སྐར་ལྷུན་གྲུབ་ཀྱི་སྣང་བ་ལ་བལྟ་སྟེཿདབུགས་ཕྱི་ནང་དུ་རྒྱུ་བ་ཤིན་ཏུ་དལ་བུས་མི་ཚོང་བར་བྱས་ཏེཿལྷན་ནེར་མཉམ་པར་བཞག་པསཿམི་གཅིག་ཟན་ཟ་བའི་ཡུན་ལ་ཤེས་པ་སྟོང་གསལ་བདེ་བ་ཆེན་པོའི་ཆོས་ཉིདཿསྐྱེ་
(༥༡)མེད་བསམ་ཡུལ་ལས་འདས་པཿགདོད་མའི་ཀ་དག་གི་ངང་ཅི་འདྲ་བར་འཆར་ཏེཿདེའི་ཚེ་ནམ་མཁའ་སྔོན་པོ་སྟོང་གསལ་འདུས་མ་བྱས་པཿགང་གིའང་འཆར་གཞིར་སྣང་བ་ནིཿགདོད་མའི་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཀ་དག་གི་ངོ་བོ་ལཿགཟའ་སྐར་ཐིག་ལེར་གསལ་བ་ནི་ལྷུན་གྲུབ་སྐུ་གསུམ་གྱི་སྣང་བ་ནང་གསལ་དུ་སྣང་བ་སྟེཿའདི་ལྟར་ཡིན་པ་གང་དུའང་མ་གྲུབ་པའི་ཤེས་པ་ནིཿགཞི་གནས་ཀྱི་ཡེ་ཤེས་ལ་གང་གིའང་འཆར་གཞི་མ་འགགས་པ་ཐུགས་རྗེ་རིག་པའི་ཡེ་ཤེས་ཏེཿསྐུ་གསུམ་དུ་འདུ་འབྲལ་མེད་པའི་དགོངས་པ་མཐར་ཕྱིན་པའོཿདེའང་ངོ་བོ་སྟོང་པཿརང་བཞིན་གསལ་བཿཐུགས་རྗེ་མ་འགགས་པ་གསུམ་ནིཿཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་སྟེཿགདོད་མའི་མགོན་པོ་འོད་མི་འགྱུར་བཿགཞི་ཐོག་ན་ཇི་ལྟར་གནས་པའི་དགོངས་པ་མཐར་ཐུག་པའོཿདེའི་ཚེ་ཕྱི་སྣང་བར་འཛིན་པའི་རྟོག་པ་ཕྲ་རགས་ནུབ་པས་ཡེ་སྟོང་རྩ་བ་དང་བྲལ་བའི་ཆོས་ཉིད་དུ་ལྷུན་གྱིས་གྲུབཿནང་རིག་པ་སྣ་ཚོགས་སུ་
(༥༢)འཕྲོ་བ་གཞི་ལ་ཐིམ་པས་སྐྱེ་མེད་བསམ་ཡུལ་ལས་འདས་པར་ལྷུན་གྱིས་གྲུབཿགསང་བ་འོད་གསལ་དུ་འཛིན་པ་རང་གྲོལ་བསཿསྐུ་དང་ཡེ་ཤེས་སུ་སྣང་བའང་ཡོད་མེད་ཀྱི་མཐའ་ལས་འདས་པསཿགདོད་མའི་གནས་ལུགས་གཞོན་ནུ་བུམ་པའི་སྐུར་ལྷུན་གྱིས་གྲུབ་པའི་དགོངས་པའོཿའདི་ནི་བདག་གིས་གདོད་མའི་གཞིའི་འདུག་ཚུལ་ཇི་ལྟ་བ་བཞིན་མཐོང་ནས་ཕྱི་རབས་ཀྱི་ངོ་སྤྲོད་ཆེན་མོར་བཀོད་པས་རབ་ཏུ་ཟབ་པའི་ཡང་ཟབ་བོཿགསུམ་པ་རང་གྲོལ་ཐ་མལ་གྱི་རླུང་གིས་ཅིར་སྣང་ཤར་གྲོལ་དུ་ངོ་སྤྲད་པ་ནིཿལས་རླུང་རང་སར་བཞག་པ་སྟེཿདེ་ཡང་ད་ལྟར་གྱི་ལུས་ངག་ཡིད་གསུམ་ལཿཅི་ཤར་ཅིར་སྣང་ཡང་མི་དགགས་མི་བསྒྲུབ་མི་ལེན་མི་འདོར་བརཿརང་སར་ཕྱམ་ཕྱམ་གཟའ་གཏད་མེད་པར་འཇོག་པ་སྟེཿརྨི་ལམ་གྱི་ནང་ན་སྣང་བའམཿཤེས་པ་བུ་ཆུང་གི་ཤེས་པ་ལྟ་བུའམཿསྨྱོན་པའི་རང་སྣང་ལྟརཿགང་ལའང་ཆེད་འཛིན་དང་བདེན་ཞེན་མེད་པརཿསྐད་ཅིག་སྔ་མའི་ཤེས་པ་ཕན་ཆད་ལ་དྲན་པས་རྗེས་སྙོགས་མི་བྱེདཿཕྱི་མ་ཕན་
(༥༣)ཆད་ལ་རེ་དོགས་ཀྱིས་སྔོན་བསུ་མི་བྱེདཿད་ལྟར་གྱི་རིག་པ་སྐད་ཅིག་མ་ལ་དགག་སྒྲུབ་ཀྱིས་རྩིས་གདབ་མི་བྱེདཿགང་ཤར་གྱི་རིག་པ་ལ་དེར་འཛིན་གྱིས་གཟོ་མེད་པརཿཆོད་དེཿབུན་ནེཿསང་ངེ་ཿབདེན་མེད་ཀྱི་ངང་དུ་འགྲོཿཉལཿའདུག་སྡོད་ལ་སོགས་པ་བྱེད་པའོཿདེའང་ཕྱི་སྣང་བ་སེམས་ཀྱི་འཁྲུལ་སྣང་ཡིན་པས་རྨི་ལམ་སྒྱུ་མ་དང་འདྲ་བར་ངོ་སྤྲོདཿནང་དྲན་རིག་གློ་བུར་གྱི་རྐྱེན་སྣང་ཡིན་པསཿབར་སྣང་གི་སེར་བུ་དང་འདྲ་བར་ཝལ་པོ་རྗེས་མེད་དུ་ངོ་སྤྲདཿགསང་བ་སྐུ་དང་ཡེ་ཤེས་ཀྱི་འོད་གསལ་རིག་པའི་རང་གདངས་ཡིན་པས་བྱད་དང་མེ་ལོང་གི་གཟུགས་བརྙན་ལྟར་སྐྱེ་འགག་གནས་གསུམ་དང་བྲལ་བར་ངོ་སྤྲདཿསྣང་སྲིད་གཞི་བྲལ་གྱི་དགོངས་པ་ཡེ་གྲོལ་ཀློང་ཡངས་ཆེན་པོར་ལ་བཟླའོཿདེ་ལྟར་རླུང་གི་གནད་ལ་བརྟེན་ནས་ནིཿགདོད་མའི་གཞི་སྣང་ཟབ་མོའི་ངོ་སྤྲད་ནིཿཨོ་རྒྱན་པདྨའི་བཀའ་དྲིན་བྱིན་རླབས་ལསཿཇི་ལྟར་བདག་གིས་རྟོགས་བཞིན་འདི་ཉིད་དུཿསྙིང་ཕྱུང་ལག་མཐིལ་ཉིད་དུ་བཀྲམ་པ་ཡིནཿ
(༥༤)ཕྱི་རབས་སྐལ་ལྡན་རྣམས་དང་འདི་འཕྲད་ཤོགཿརླུང་སྦྱོར་ཡེ་ཤེས་དྲ་བ་ཞེས་བྱ་བཿགངས་རི་ཐོད་དཀར་རིན་ཆེན་སྙིང་པོའི་མགུལཿཨོ་རྒྱན་རྫོང་དུ་དྲི་མེད་འོད་ཟེར་གྱིསཿཕྱི་རབས་དོན་དུ་སྣང་བར་བྱས་པ་ཡིནཿཨྠིྀྀིཿག་སེར་སྐོརཿཟབ་ལམ་བདེ་ཆེན་རྒྱ་མཚོ་བཞུགས་སོཿ༈།། །ཟབ་ལམ་བདེ་ཆེན་རྒྱ་མཚོ་ཞེས་བྱ་བཿདཔལ་བདེ་བ་ཆེན་པོའི་སྐུ་ལ་ཕྱག་འཚལ་ལོཿའདི་ལ་ཐིག་ལེ་བཅུ་དྲུག་ཏུ་ངོ་སྤྲད་པར་བྱ་སྟེཿདེ་ཡང་ཡས་བརྟན་གྱི་དགའ་བ་བཞི་དང་ཿམས་བརྟན་གྱི་དགའ་བ་བཞི་སྟེ་བརྒྱད་ལསཿཀུན་རྫོབ་ཀྱི་ཐིག་ལེ་བརྒྱད་སྣང་ཞིང་ཿདེ་ཉིད་རང་བཞིན་དག་པའི་དོན་དམ་ཡེ་ཤེས་ཀྱི་ཐིག་ལེ་བརྒྱད་དེ་བཅུ་དྲུག་གོཿའདི་ལ་དབབ་པ་དང་ཿབསྐྱིལ་བ་དང་ཿབཟློག་པ་དང་ཿདགྲམ་པ་དང་ཿཡེ་ཤེས་ཆེན་པོར་ལ་བཟླ་བ་དང་ལྔ་ལསཿདང་པོ་ནི་རྡོ་རྗེའི་ལུས་ལ་རོ་མ་རྐྱང་མཿཀུན་དྷརྨ་གསུམ་ཀ་བ་ལྟར་གནས་པའིཿསྤྱི་གཙུག་ན་བདེ་ཆེན་འཁོར་ལོ་རྩ་འདབ་སུམ་བརྒྱ་དྲུག་ཅུ་རྩེ་མོ་བཀོད་པའི་ཞིང་ངོ་ཿཿ
(༥༥)མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་བཅུ་དྲུག་སྟེ་རོ་རྣམས་འདུས་པའོཿསྙིང་ག་ཆོས་ཀྱི་འཁོར་ལོ་ན་སུམ་ཅུ་རྩ་གཉིས་ཏེ་དྲན་པ་རྣམ་བཀོད་དོཿལྟེ་བ་སྤྲུལ་པའི་འཁོར་ལོ་ན་དྲུག་ཅུ་རྩ་བཞི་སྟེ་སྐྱེད་པར་བྱེད་པའོཿགསང་བ་བདེ་བ་མྱོང་བྱེད་ན་ཉི་ཤུ་རྩ་བརྒྱད་དེཿམྱོས་པར་བྱེད་པ་ནི་དགའ་བ་དང་ཡེ་ཤེས་དེ་དག་གི་ངོ་བོ་དབྱེར་མི་ཕྱེད་པའི་གཞི་ཡིན་པསཿའཁོར་ལོ་བཞིར་མི་འདྲེན་ཀྱང་དོན་གྱིས་ཚང་བའོཿདེ་ལྟར་འཁོར་ལོ་བཞིའི་དབུས་ནཿདབུ་མ་ཀ་བ་ལྟར་གསལ་བཏབ་ལཿཧཱུྃ་ཞེས་འོག་རླུང་དྲག་ཏུ་འཐེན་པསཿགསང་གནས་ན་དྭངས་མ་དཀར་དམར་མུ་ཏིག་གི་ཕྲེང་བ་ལྟར་ཡོད་པཿསྤྱི་བོར་དྲངས་ཤིང་སྦྱངས་པསཿཧཱུྃ་གི་ནུས་པ་བརྟན་ནསཿའོག་རླུང་གྱེན་དུ་འདྲོངས་པ་དང་ཿསྟེང་རླུང་འོག་རླུང་དྲང་བའི་ཕྱིརཿབདེ་སྐྱོང་འཁོར་ལོ་ན་ཨ་དམར་པོ་ལ་ཤེས་པ་གཏད་ལཿཧི་ཞེས་སྟེང་རླུང་མཐུར་ལ་མནན་ཞིང་སྦྱངས་པསཿའོག་སྒོ་ཐུར་སེལ་གྱི་ལས་ལ་བརྟན་པ་ཐོབ་པའི་ཚེ་མཉམ་གནས་མ་ནིང་གི་རླུང་བཟུང་སྟེཿཧ་ཞེས་མི་ཚོར་ཙམ་དུ་དབུགས་ཕྱི་ནས་ནང་དུ་དྲངས་ཏེཿསྙིང་
(༥༦)གར་ཧཱུྃ་མཐིང་ག་ལ་ཤེས་པ་གཏད་པསཿབར་རླུང་མཉམ་གནས་འབྱོངས་ཏེཿབདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་བསྐྱེད་དུསཿལུས་ཀྱི་རྩ་འཁོར་ཐམས་ཅད་རྒྱུ་མ་ཕུས་བཏབ་པ་བཞིན་དུ་བསམས་ལཿགསང་བ་ནས་དྭངས་མའི་འགྲེམ་བཟློག་སྦྱང་བ་ནིཿསྔོན་འགྲོའོཿདངོས་གཞི་ནི་ཕྱག་རྒྱ་མ་མཚན་ཉིད་དང་ལྡན་པ་ལ་མཉམ་པར་སྦྱོར་བསཿརང་གི་དྭངས་མ་སྦྱོང་བ་དང་ཿཕྱག་རྒྱའི་དྭངས་མ་འདྲེན་པ་གང་བྱེད་ཀྱང་འདི་བཞིན་བྱ་སྟེཿདང་པོ་ཡབ་ཡུམ་ལྷའི་སྐུར་བསྐྱེད་ལ་སྙོམས་པར་ཞུགས་དུསཿབདེ་ཆེན་འཁོར་ལོ་ནས་བདེ་བ་མགོ་གཡོ་བ་ནིཿདགའ་བའི་ཡེ་ཤེས་ཏེཿདེ་ཉིད་ཀྱི་ངང་ལ་དར་ཅིག་ཅེར་གྱིས་བལྟས་ལ་བདེ་སྟོང་གི་ངང་ལ་ཕྱམ་གྱིས་བཞག་གོཿདེ་ནས་ཅུང་ཟད་སྤྱོད་པས་མགྲིན་པར་བབས་དུསཿཡང་སྔ་མ་བཞིན་མཉམ་པར་བཞག་པ་ནི་མཆོག་དགའི་ཡེ་ཤེས་སོཿཡང་ཅུང་ཟད་བསྲུབས་པ་ལཿསྙིང་གར་དགའ་བྲལ་དང་ཿགསང་བར་སླེབས་དུས་མི་བསྲུབས་པརཿའོག་རླུང་དྲག་ཏུ་འཐེན་ལ་དྭངས་མ་བསྐྱིལ་བ་སྟེཿནོར་བུའི་
(༥༧)ནང་དུ་ཧཱུྃ་ལས་རྩེ་མོར་ཕཊ་ཀྱིས་བཀག་པར་བསམ་ཞིང་ཿབདུད་རྩི་རྒྱུ་བའི་རྩ་གཏེམས་ལ་བདེ་སྟོང་གི་ངོ་བོར་ཅེར་གྱིས་བལྟས་ལཿཿཡུན་རིང་བར་མཉམ་པར་བཞག་པསཿབདེ་སྟོང་གི་འཛིན་པ་རང་གྲོལ་ཏེཿགདོད་མའི་གནས་ལུགས་ཀ་དག་བདེ་བ་ཆེན་པོའི་ངང་ལ་གནས་པའོཿདེ་ནི་ཡས་བརྟན་གྱི་དགའ་བ་བཞི་སྟེཿརྣམ་པར་མི་རྟོག་པའི་ཆོས་ཉིད་ཡེ་ཤེས་ཀྱི་གནས་ལུགས་བཞི་དང་བཅས་པ་བརྒྱད་དོཿདེ་ནས་ཧཱུྃ་དྲག་ལ་རིང་བར་ཕྱག་རྒྱ་དང་མ་བྲལ་བར་གླིང་བཞི་རི་རབ་ཀྱི་ངོས་ལ་བསྡུས་ཏེཿམིག་ལྡོག་དར་པོ་ཆེ་བསྐྱོད་ལཿགསང་བ་ནས་འཁོར་ལོ་བཞིའི་རྩ་འདབ་རྣམས་ལས་རིམ་པ་བཞིན་གཅིག་ནས་གཅིག་ཏུ་འགེངས་ཤིང་ཡས་བརྟན་བཞིན་མཉམ་པར་གཞག་པསཿབདེ་ཆེན་འཁོར་ལོའི་བར་མས་བརྟན་བཞིའོཿདེ་དག་ཀྱང་ཐིག་ལེའི་འགེངས་པ་བཞི་དང་ཿམཉམ་པར་གཞག་པའི་ཡེ་ཤེས་བཞི་སྟེ་བརྒྱད་དོཿདེ་ལྟར་བཅུ་དྲུག་ནིཿབཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན་ཞེས་བྱའོཿདེ་ནས་དགྲམ་པ་
(༥༨)ནིཿའོག་རླུང་སྟེང་དུ་དྲངས་པའི་ཧཱུྃ་རིང་གསུམཿསྟེང་རླུང་ཐུར་ལ་དྲངས་པའི་ཧི་རིང་གསུམཿབར་རླུང་མཉམ་པར་གཞག་པའི་ཧ་རིང་གསུམ་བརྗོད་ནས་རྩེ་མོ་གཙུག་གཏོར་གྱི་ཕྱག་རྒྱས་གཡས་སུ་གཅུས་ཤིང་གཡོན་དུ་འཐེནཿགཡོན་དུ་གཅུ་ཞིང་གཡས་སུ་འཐེནཿམཉམ་པར་གཞག་པས་བྲང་ལ་གཟུགཿརྗེས་ལ་ནམ་མཁའ་རྣམ་གྲོལ་གྱིསཿམ་སྐྱེས་མཉམ་པའི་ངང་ལ་གཞགཿདམིགས་པས་མི་འགྲེམ་ནད་དུ་འགྲོཿདེས་ནི་ཐམས་ཅད་ཀུན་ཏུ་ཁྲེམསཿལྔ་པ་ཡེ་ཤེས་ཆེན་པོར་ལ་བཟླ་བ་ལ་གཉིས་ལསཿདང་པོ་ཀ་དག་ཏུ་ལ་བཟླ་བ་ནིཿནམ་མཁའ་རྣམ་གྲོལ་ལ་སོགས་པའི་ལྟ་སྟངས་ཀྱིསཿརླུང་འཇམ་པོར་རྒྱུ་བས་གང་ལ་ཡང་མི་རྟོགཿཅི་ལ་ཡང་མི་བསམ་པར་ནམ་མཁའ་དག་པའི་ངོས་སུ་བལྟས་ཏེཿགསལ་ལ་བདེ་བ་སྟོང་པ་ཆེན་པོའི་ངང་ལཿཇི་ཙམ་གནས་ཀྱི་བར་ལ་མཉམ་པར་གཞག་གོཿདེས་ནི་ཆོས་ཉིད་ཀ་དག་གི་ཡེ་ཤེས་སྐྱེའོཿགཉིས་པ་
(༥༩)ལྷུན་གྲུབ་ཏུ་ལ་བཟླ་བ་ནིཿསེང་གེ་དྲང་སྲོང་གླང་པོ་གང་རུང་གིས་འདུག་ལཿབདེ་བའི་ངང་དེ་ཉིད་ལས་འོད་གསལ་གྱི་སྣང་བ་ལ་མ་ཡེངས་པར་བལྟས་པསཿབདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་གདོད་མའི་ལྷུན་གྲུབ་ཅི་འདྲ་བ་འཆར་ངེས་སོཿདེ་ཉིད་གྲོལ་བའི་དུས་བསྟན་པ་ནིཿདེ་ལྟར་རྒྱུན་དུ་གོམས་པས་རབ་ཚེ་འདིར་ལྷག་མེད་འགྲུབཿཕལ་པས་བར་དེའི་ཡེ་ཤེས་ངོས་གཟུང་སྟེ་དེའང་ནམ་མཁའ་འོད་གསལ་ལ་ཐིམ་ནས་སྐད་ཅིག་མ་བཞིའི་ཡེ་ཤེས་འཆར་ཏེཿསྐད་ཅིག་མ་དང་པོ་ལ་སྤྲིན་མེད་པའི་ནམ་མཁའ་ལྟ་བུ་དྲངས་ལ་མི་གཡོ་བར་འཆར་རོཿགཉིས་པ་ཐོ་རངས་ཀྱི་སྐར་མ་ཤར་བ་ལྟར་གསལ་ལ་མི་རྟོག་པ་འཆར་རོཿགསུམ་པ་ཟླ་བ་ཤར་བ་ལྟར་སྔོན་བས་ཀྱང་གསལ་ལ་ཐིག་ལེའི་རྣམ་པ་གང་བར་འཆར་རོཿབཞི་པ་ཉི་མ་ཤར་བ་ལྟ་བུ་འོད་གསལ་ཕྱོགས་མཐས་གཏུགས་པ་ཀུན་ཏུ་འཆར་རོཿདེའི་ཚེ་རང་བཞིན་བརྒྱད་ཅུའི་རྣམ་རྟོག་དབྱིངས་སུ་ནུབ་སྟེཿསངས་རྒྱས་
(༦༠)ཀྱི་ཡེ་ཤེས་འཆར་བས་སྐད་ཅིག་དང་པོ་ཀ་དག་ཏུ་སྦྱངས་པ་དང་གཉིས་འདྲེས་ནས་གྲོལ་ལོཿགཉིས་པ་དང་གསུམ་པ་བཞི་པ་རྣམས་སུ་ལྷུན་གྲུབ་ལ་གོམས་པའི་ཉམས་དང་འདྲེས་ནས་གྲོལ་ལོཿདེའང་སྙིང་གར་སྟེང་འོག་གི་ཐིག་ལེ་དཀར་དམར་ཨ་ཧ་གཉིས་འཕྲད་དུས་འོད་གསལ་བཞི་འཆར་ཏེཿདང་པོ་འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུཿཞེ་སྡང་ལས་གྱུར་པའི་སུམ་ཅུ་རྩ་གསུམ་ནི་གཉིས་པར་འགགས་ལཿགསུམ་པ་གཏི་མུག་ལས་གྱུར་པའི་རྟོག་པ་བདུན་འགགས་སོཿབཞི་པར་དེ་དག་གི་བག་ཆགས་མ་ལུས་པར་འགགས་ཏེཿརྣམ་པར་མི་རྟོག་པའི་ཡེ་ཤེས་འཆར་རོཿདེའི་ཚེ་བདེ་གསལ་རྣམ་པར་མི་རྟོག་པའི་རྟོག་པ་གསུམ་གྱི་དོན་གྱི་ཡེ་ཤེས་ལཿའོད་སྣང་གིས་བརྒྱན་པ་འཆར་བསཿམངོན་སུམ་གྱི་སྣང་བ་དང་བདེ་སྟོང་གི་ཡེ་ཤེས་སྤྲེལ་ནས་སྒོམ་དགོས་ཏེཿཿལྷུན་གྲུབ་ཀྱི་སྣང་བ་སྐར་མ་དང་ཿཟླ་བ་དང་ཿཉི་མ་ཤར་བ་ལྟ་བུ་ངོས་ཟིན་དགོས་པའི་ཕྱིར་རོཿཡང་ཀ་དག་གི་སྣང་བ་དང་འབྲེལ་དགོས་ཏེཿསྤྲིན་
(༦༡)མེད་པའི་ནམ་མཁའ་ལྟ་བུ་ངོས་ཟིན་དགོས་པའི་ཕྱིར་རོཿའདིར་མཁའ་འགྲོ་སྙིང་ཏིག་ནི་བདེ་གསལ་མི་རྟོག་པའི་ཡེ་ཤེས་དེ་ལྟར་འདོད་ལཿབདེ་སྟོང་ཕྱག་རྒྱ་ཆེན་པོ་ལ་སོགས་ཕལ་པ་ནིཿཀ་དག་ལ་སོགས་པའི་སྣང་བར་མི་འདོདཿརྟོག་མེད་ཕྱག་རྒྱ་ཆེན་པོ་ཅི་ཡང་མེད་པ་ལ་ངོས་འཛིན་ནོཿདེ་ནི་གནད་མ་གོ་བར་སྣང་ངོ་ཿལུང་རིགས་མན་ངག་མང་སྟེ་འདིར་མ་སྤྲོས་སོཿདེས་ན་ཀ་དག་ལྷུན་གྲུབ་གཉིས་སུ་ལ་བཟླ་བ་མཆོག་ཏུ་གཅེས་སོཿགསུམ་པ་རྗེས་ནིཿཁམས་དྭངས་མ་གསོ་བའི་སྦྱོར་བ་སྟེཿསྦྲུལ་ཤ་ད་བྱེད་རྩངས་པ་གསུམཿཨ་ཝ་དབང་ལག་རྟག་ཏུ་ངུ། ཀ་ར་བུ་རམ་སྦྲང་རྩི་གསུམཿགླ་རྩི་གྷི་ཧང་གུར་གུམ་གསུམཿཤ་སྣ་གསུམ་ལ་གཞི་བྱས་ལ། སྔོ་སྣ་གསུམ་གྱི་སྤོད་བཏབ་སྟེཿམངར་སྣ་གསུམ་གྱིས་འབྲིལ་དང་ལྡནཿསྨན་སྣ་གསུམ་གྱིས་ཁ་བསྒྱུར་བའིཿརིལ་བུ་ལུག་གི་རིལ་མ་ཙམཿརེ་རེས་ཞག་བདུན་དྭངས་མ་འཕེལཿཡེ་ཤེས་རྒྱས་ཤིང་གཟི་བརྗིད་ཆེཿམཁའ་འགྲོ་འདུ་ཞིང་
(༦༢)དངོས་གྲུབ་འཐོབཿལས་ཀྱི་ཕྱག་རྒྱ་བསྟེན་དུ་རུང་ཿའདི་འདྲའི་གདམས་པ་སྙིང་དང་འདྲཿགཞན་ཡང་གྲིབ་ལ་ཤིན་ཏུ་གཟབསཿགསང་ཞིང་བསྒྲུབ་པར་བྱ་བར་གཅེསཿཨེ་མ་ཧོཿམཁའ་འགྲོ་སྙིང་ཏིག་གསང་བའི་མན་ངག་ལསཿབཅུད་ཀྱི་སྙིང་པོ་ཡང་ནས་ཡང་བསྡུས་པཿཆུ་འདྲེན་ཆུ་འཐུང་ལ་སོགས་མན་ངག་གིཿརྒྱབ་ཡིག་གསང་བ་སྙིང་དང་འདྲ་བ་འདིཿདྲི་མེད་འོད་ཟེར་བདག་གིས་ལེགས་པར་བཀོདཿགངས་རི་ཐོད་དཀར་དུ་བཀོད་པ་རྫོགས་སོཿམ་སྤེལ་ཤིན་ཏུ་དམ་པར་མཛོདཿཿསྔགས་ཀྱི་བདག་མོ་སྲོག་སྒྲུབ་མས་སྲུངས་ཤིགཿརྒྱ་རྒྱ་རྒྱཿ ཿརིན་ཆེན་ཤོག་སེར་སྐོརཿའོད་གསལ་འཁོར་ལོ་བཞུགས་སོཿ༈།། །འོད་གསལ་འཁོར་ལོ་ཞེས་བྱ་བཿགདོད་མའི་མགོན་པོ་རྒྱལ་བ་འོད་ཀྱི་ཕུང་པོ་ཆེན་པོ་ལ་ཕྱག་འཚལ་ལོཿམཁའ་འགྲོ་སྙིང་ཏིག་གསང་བའི་མན་ངག་ལསཿམངོན་སུམ་གནད་ཀྱི་མན་ངག་ཟབ་མོའི་དོནཿགང་དང་མི་འདྲ་ཀུན་གྱིས་མ་རྟོགས་པའིཿཡེ་ཤེས་ལམ་བྱེད་འོད་གསལ་སྙིང་པོ་བརྗོདཿའདི་ལ་དང་པོ་འོད་གསལ་ངོ་སྤྲད་པ་དང་ཿ
(༦༣)དེ་ཉམས་སུ་བླང་ཐབས་དང་ཿགེགས་སེལ་བ་གསུམ་ལསཿདང་པོ་ནི་གནམ་དངས་པའི་ཚེ་ཉི་མ་ཟེར་ཉེའི་དུས་སུཿསྟན་བདེ་བ་ལ་གན་རྐྱལ་དུ་ཉལ་ཏེཿམིག་ཕྱེད་བཙུམ་རབ་ཏུ་ཟིམ་པར་བྱས་ཏེ་ཉི་མའི་ངོས་ལ་ཁྲུ་གང་གིས་མ་རེག་པའི་འོད་ཟེར་ལ་བལྟས་པསཿདབྱིངས་ཀྱི་སྣང་བ་དྲ་བ་རིས་དང་ཿམིག་ཚགས་ཀྱི་རྣམ་པ་ལྟ་བུ་ཁྲུ་གང་ལས་ལྷག་པར་མཐོང་ངོ་ཿདེའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་སྦའི་ཕུབ་སྐོར་རམཿཀོ་མོག་ལ་རྔོ་བསྐྱུར་བའམཿརྨ་བྱའི་མདོངས་འདྲ་བ་ཁ་དོག་ལྔ་ལྡན་གྱི་མུ་ཁྱུད་རབ་ཏུ་མང་པོས་བསྐོར་བའི་དབུས་སུཿཔདྨ་འདབ་མ་བཞི་ཡོད་པ་གཅིག་འཆར་རོཿདེའི་ནང་དུ་རྡོ་རྗེ་ལུ་གུ་རྒྱུད་ཕྲ་བ་བཀྲག་ཆེ་བཿཿཚིག་མཚམས་སུ་ཐིག་ལེས་བརྒྱན་པཿགསེར་གྱི་སྐུད་པའམཿམུ་ཏིག་གི་དྲྭ་བ་དྲྭ་ཕྱེད་འདྲ་བ་འཆར་རོཿདེ་ཉིད་ལ་གཏད་ཅིང་ཉམས་སུ་བླངས་པས་དབྱིངས་རིག་གི་སྣང་བ་སྔར་བས་རབ་ཏུ་གསལ་ལོཿདེའང་ཟུར་ལ་འདབ་ཆགས་ཀྱི་ལྡིང་ཐབས་ཀྱིས་རབ་ཏུ་དལ་བར་ཁྲིད་དེཿཉི་མ་མེད་པའི་ཕྱོགས་ཀྱི་ནམ་མཁའ་དང་ཿ
(༦༤)རི་ཁང་ཁྱིམ་ལ་སོགས་པ་དངོས་པོ་རགས་པ་རྣམས་ཀྱི་སྟེང་དུ་ཉམས་སུ་བླངས་པསཿཕྱིས་ཉི་མ་ལ་མི་ལྟོས་པར་དབྱིངས་རིག་གསལ་བ་ཡིན་ནོཿགཉིས་པ་ཉམས་སུ་བླང་ཐབས་ནིཿཁ་དོག་གི་བྱེ་བྲག་ལཿདམར་ཤས་ཆེ་བ་ལ་མཐོང་དུས་མིག་ཐུར་ལ་བལྟ་བ་གནད་དོཿདཀར་ཤས་ཆེ་ན་གཡས་སུ་ལྡོགཿསེར་ཤས་ཆེ་ན་གྱེན་དུ་ལྡོག་གོཿལྗང་ཤས་ཆེ་ན་གཡོན་དུ་བལྟའོཿམཐིང་ཤས་ཆེ་ན་དབུས་སུ་དྲིལ་ནས་བལྟའོཿཁ་དོག་ལྔ་ལྡན་དུ་གསལ་ན་གཟིགས་སྟངས་གང་ཡིན་ལས་མི་འགྱུར་བར་ལྟ་བ་གནད་ཡིན་ནོཿདབྱིངས་ལ་ཐིག་ལེའི་སྣང་བ་མ་མཐོང་ན་མིག་གཉིས་སྨིན་ཕྲག་ལ་མཉམ་པར་བལྟས་པས་མཐོང་ངོ་ཿརྩིབས་ཤར་དུ་མཐོང་དུས་རང་གི་མདུན་དུ་དྲིལ་ནས་བལྟའོཿགྱེན་འགྲེང་བ་ལ་ཐུར་ལ་དབབ་བོཿགྲུ་བཞི་ལ་གཡས་སུ་གཅུན་ནོཿཟླུམ་པོ་ལ་གཡོན་དུ་གཅུན་ནོཿཟླ་ག་མ་ལ་སྟེང་དུ་བལྟའོཿགྲུ་གསུམ་ལ་ཐུར་དུ་དབབ་ནས་བལྟའོཿཡེ་ཤེས་ལྔའི་དབྱིངས་མཁར་ཐབས་ལ་སོགས་པའི་དུས་ནཿདེ་ཉིད་གང་འདུག་གི་
(༦༥)ཕྱོགས་དང་བསྟུན་ལ་ཉམས་སུ་བླང་ངོ་ཿདེ་ཡང་སྐྱེས་པས་མིག་གཡས་དང་ཿབུད་མེད་ཀྱིས་གཡོན་ནས་བལྟའོཿཉིན་དུས་ན་ཕྱིའི་ཡུལ་ནམ་མཁའ་སྤྲིན་བྲལ་ལཿནང་དབྱིངས་རྣམ་དག་གི་སྒྲོན་མ་འཇའ་ཚོན་གྱི་དབུས་སུཿཐིག་ལེ་སྟོང་པའི་སྒྲོན་མའི་དབུས་སུཿརིག་པ་མི་འགུལ་པར་འཇོག་པ་ནི་གནད་ཡང་དག་པའོཿལྟ་སྟངས་གསུམ་དང་གཟིགས་སྟངས་གསུམ་མ་གཅུན་ན་འཕེལ་མེད་པས་གཅུན་པ་གལ་ཆེའོཿདེའང་ལྟ་སྟངས་རེ་རེ་ལ་གཟིགས་སྟངས་གསུམ་གསུམ་དང་ལྡན་པའོཿདང་པོ་ལྟ་སྟངས་གཅིག་ལ་འདུག་ནས་ལུས་དྲང་སྲོང་ལྟ་བུའི་ངང་ནསཿམདའ་སྲོང་པ་ལྟར་དྲང་པོར་བལྟས་པསཿལོངས་སྐུའི་གཟིགས་སྟངས་འདབ་ཆགས་ཀྱི་ལྡིང་སྟབས་ཀྱིས་འཕྲེད་ལ་གལ་གྱིས་ཁྲིད་དེཿཐད་སོ་དང་ཿགཡས་གཡོན་དང་ཿསྟེང་འོག་གང་རུང་དུ་བལྟའོཿདེས་ནི་རིག་པ་དང་དབྱིངས་རྟག་ཏུ་གསལ་བའོཿརླུང་གི་གནད་ནི་རབ་ཏུ་དལ་བ་སྟེཿགཙོ་བོར་ཕྱིར་འཛིན་ལ་གོམས་ཤིང་ཿམ་ནིང་གི་སྦྱོར་བས་རླུང་ཁ་ནས་དལ་བུས་
(༦༦)འགྲོ་འོང་ལ་བསླབ་བོཿདེའང་རླུང་བཅིངས་པས་རྟོག་པ་འཆིང་ཿདེས་དབྱིངས་རིག་གསལ་བའོཿཡང་མིག་གི་གཟིགས་སྟངས་ཀྱིས་ཐིག་ལེ་ལ་སོགས་པ་སྣང་བའི་འོད་གསལ་འབྱོངས་ལཿརླུང་གིས་སྟོང་པའི་འོད་གསལ་ཤེས་རབ་རང་བྱུང་གི་སྒྲོན་མ་གསལ་བར་འབྱོངས་པའི་དགོས་པ་ཡོད་དོཿདེ་དག་གིས་ཉིན་མོའི་རྣལ་འབྱོར་རོཿམཚན་མོ་ནི་ཟླ་བ་ལ་བལྟས་པསཿཉིན་དུས་མིག་མི་བདེ་བའི་སྨན་དམ་པའོཿམར་མེ་ལ་བལྟས་པས་བསིལ་དྲོད་སྙོམས་ཤིང་དབྱིངས་རིག་གསལ་བའོཿཡང་རྒྱ་མཚོ་མཐེབ་མཛུབ་ཀྱིས་གཡས་ཟུར་ལ་གཏེམས་པས་ཐིག་ལེ་ཐིག་ཕྲན་དུ་འཆར་རོཿདེའང་མཐེབ་མཛུབ་ཀྱི་གྲངས་དང་མཉམ་པའི་ཐིག་ལེ་མཐེབ་གང་བ་རྣམས་སྣང་ངོ་ཿདེ་ལྟར་ཉིན་དུས་སུའང་བསླབས་པས་འཕེལ་གོ་ཆེ་བར་སྣང་ངོ་ཿགཞན་ཡང་ལུས་དྲང་སྲོང་ལྟར་བྱས་ཏེཿམུན་པ་ནག་པོར་ཕྱེད་བརྩུམ་རབ་ཏུ་ཟིམ་པས་མ་འགུལ་བར་བལྟས་ནཿཞག་གསུམ་ན་ནང་ཐམས་ཅད་དུ་འོད་གསལ་གྱི་སྣང་བས་ཁྱབ་པར་འགྱུར་རོཿའདིའི་དུས་སུ་རླུང་
(༦༧)དལ་བས་འཕངས་ཤིང་གཡོ་བྱེད་ཀྱི་རྟོག་པ་གཟིར་བ་གནད་གལ་པོ་ཆེའོཿདེའང་ཆུའི་སྒྲོན་མ་མེ་ལོང་དང་འདྲ་ལཿའོད་གསལ་རྣམས་གཟུགས་བརྙན་འཆར་བ་འདྲ་བསཿགཏེམས་པ་དང་དྭངས་སུ་འཇུག་པ་གཉིས་ཀ་ལས་འོད་སྣང་འཆར་བ་ཡིན་ནོཿདེའང་དྭངས་སུ་འཇུག་པ་ནི་གནད་ཡང་ཟབ་གལ་པོ་ཆེ་ཡིན་ནོཿལྷའི་སྐུ་ཐིག་ལེ་ཐིག་ཕྲན་དུ་སྣང་ནསཿཉིན་མཚན་ཁ་སྦྱོར་དུ་སྣང་བས་བར་མཚམས་མེད་དོཿའདི་ནི་བདག་གིས་ཟབ་པའི་ཡང་ཟབ་འོད་གསལ་གྱི་གནད་དམ་པར་མཐོང་ནས་སྨྲས་པའོཿམཚན་མོའི་རྣལ་འབྱོར་བསྟན་ཟིན་ཏོཿགསུམ་པ་གེགས་སེལ་ནིཿམིག་མི་བདེ་བ་བཅོས་པ་སྟེཿདེའང་སྨན་སྦྱོར་གྱིས་ནང་ནས་གསོ་བ་དང་ཿགསོ་དཔྱད་ཀྱིས་ཕྱི་ནས་བཅོས་པ་གཉིས་ལསཿདང་པོ་ནིཿརྩ་ཨ་བཿགོ་སྙོདཿལྕ་བཿར་མོ་ཤག་གི་རྩ་བ་རྣམས་པ་དམར་མོའི་འོ་མ་ཕུལ་བཅུ་དྲུག་ཏུ་བསྡུས་ལཿཐིམ་པར་བྱས་ཏེཿཚ་བ་ཤས་ཆེ་བ་ལ་བཟང་དྲུག་ཐུན་རེཿགྲང་བ་ཤས་ཆེ་ན་བུར་དཀརཿསྙོམས་ན་སེང་ལྡེང་
(༦༨)དང་ཙནྡན་གྱི་ཕྱེ་མ་དྲུག་ཁྱོར་གང་བཏབ་པ་ལསཿབྱ་མོ་ནག་མོའི་སྒོ་ངའི་སེར་མོ་དང་སྦྱར་ཏེཿམཇོ་མོའམ་བ་གསར་མའི་མར་ལོ་གྲངས་དང་མཉམ་པའི་སྲང་ཚད་དུ་ཞུན་མར་དང་སྦྱར་ཏེཿཚེས་བཅུ་དྲུག་གི་དུས་ན་ཁམ་བུ་རེ་ཟོས་པསཿམིག་སྔར་མི་གསལ་བ་ཕྱེདཿཕྱིས་འགྲིབ་མི་སྲིད་དོཿཡང་སྦྲུལ་ཤཿཨ་བཿསྔོ་སྟག་ཏུ་དུཿའབྲས་བུ་གསུམཿདབང་པོ་ལག་པ་རྣམས་སྦྲང་མར་ལ་སྦྱར་ཏེ་ཟོས་ནཿམིག་གསལ་ཞིང་རྣོ་བར་འགྱུར་རོཿགཉིས་པ་ནི་མིག་ཚག་པ་དང་ཿཚ་བ་དང་ཿའབྱར་བ་དང་ཿའགྲིབས་པ་ལཿམཚལ་དཀརཿསྤང་མཿམཐིང་ཞུན་གསུམ་མཉམ་པ་ལཿཁྱེའུ་འོ་འཐུང་གི་འོ་མ་དང་སྦྱར་ལ་བྱུགས་པས་སེལ་ལོཿཿཡང་ཚ་བ་ཤས་ཆེ་བས་དཔྲལ་བའི་མིག་རྩ་འཕྲེད་ཉལ་གྱི་སྟེང་དུཿག་བུར་དང་ཿཙནྡན་དཀར་པོའི་ལྡེ་གུས་བྱུགསཿགྲང་ཤས་ཆེ་ནཿརྒྱ་ཚཿརྒྱམ་ཚཿཁ་རུ་ཚའི་ལྡེ་གུས་བྱུག་གོཿཡང་སྐྱེར་པའི་ཁནྡ་དང་ཿགཟི་ན་ག་ཁྲ་རྙིང་པའི་ཕྱེ་མ་དང་ཿབྱ་མོ་ནག་མོའི་སྒོ་ངའི་སེར་པོ་གསུམ་རའི་འོ་མ་ལ་སྦྱར་ཏེཿཚེས་
(༦༩)གཅིག་གནམ་སྟོང་ཿཉའི་ནངས་པར་སྔ་མོར་ཆུ་གྲང་མོས་བཀྲུས་ལཿབྱུགས་ན་མིག་གསལ་ལཿཡང་རྡོ་སྤུར་ལེན་གྱི་ཕྱེ་མ་སྦྲང་དཀར་གྱིས་སྦྱར་བ་བྱུགས་ན་སྐྱ་རིབ་ལ་སོགས་འགྲིབས་པ་ཀུན་སེལ་ལོཿཡང་ཤེལ་དང་ཿཐོད་ལེ་སྐོར་དང་ཿག་པུར་དང་ཿགླ་རྩི་རྣམས་ཁྱེའུ་ནུ་འཐུང་གི་འོ་མ་ལ་སྦྱར་ཏེ་བྱུགས་ནཿའོད་གསལ་འཕེལ་ལཿཡང་རྡོ་སྨུག་པོ་སྦལ་རྒྱབ་དང་ཿརམ་པའི་རྩ་བ་དང་ཿཞུན་ཐིག་ལེ་དང་ཿས་རམ་རྩི་རྣམས་ཁྱེའུ་ནུ་འཐུང་གི་འོ་མ་ལ་སྦྱར་ནས་བྱུགས་པས་མིག་འགྲིབས་པ་ཡང་ཞག་བདུན་ན་ཕྱེད་དོཿཡང་རག་ཐལ་དང་ཿཐོད་ལེ་སྐོར་གཉིས་འོ་སྤྲིས་ལ་སྦྱར་ཏེཿབྱུགས་ན་སྐམ་ཚག་དང་ཿདམར་ཚག་དང་ཿསྐྱ་རིབ་སེལ་ལོཿམཚན་མོ་ལྟག་ཁུང་དུ་མར་གསར་པའི་བྱུགས་པ་ལྟེ་ཁུང་དང་གཉིས་སུ་བྱས་པས་མིག་ཤེད་ཆེ་ཞིང་སྐམ་ཚག་སེལ་ལོཿགོ་སྙོད་དང་ཿགླ་རྩིའི་ཆུས་དགོངས་མོ་ལྟེ་ཁུང་དུ་བྱུགས་ན་གངས་ལ་ཕྱིན་ཀྱང་མིག་མི་ཕྱིད་དོཿཡང་ཞོགས་པ་ལ་ལག་མཐིལ་གཉིས་ཀྱིས་མིག་འཕུར་ཏེ་ཆུས་བཀྲུས་
(༧༠)པསཿསྒྲིབ་ཤ་བཅད་པ་སྟེ་སྐྱ་རིབ་སེལ་ལོཿལྟོ་སྟོང་དུས་ལ་ཟན་དྲོན་མར་ཅན་གྱིས་མིག་ལ་རླངས་པ་བདུག་ལཿཨཱོྃ་སྲིན་ལོང་ཉེར་གཅིག་བརྗོད་ནས་ཟོས་པས་ཤ་འཛེར་ཞིའོཿཡང་གླ་རྩིཿཀ་རཿཅུ་གང་ཿཞུན་ཐིག་ལེ་རྣམས་བཏབ་ནསཿཨཱོྃ་ལྷིང་ལྷིང་ཐོག་ཐོག་ཨ་ཙ་ལེ་སྭཱ་ཧཱཿཞེས་བརྒྱ་རྩ་གཅིག་བཟླས་པ་བཏབ་ནསཿཕུག་རོན་གྱི་དང་སྒྲོས་བྱབས་པས་ལིང་ཐོག་སེལ་ལོཿཨཱོྃ་ཡ་མ་ཏ་ན་ཏིང་སྭཱ་ཧཱཿབདུན་གྱིས་མིག་ཏུ་རྡུལ་སོང་བ་འབྱིན་ནོཿཡང་དུས་གཉན་ལ་མིག་ལ་ཟན་མཐེབ་སྐྱུ་བརྒྱ་རྩ་རེ་སྒྲེས་པ་བོར་བསཿལོང་བར་མི་འགྱུར་རོཿགཞན་ཡང་རྩ་ཨ་བཿཅོང་ཞིཿབྲག་ཞུནཿསྦྲུལ་སྔོན་པོའི་ཤཿའབྲས་བུ་གསུམཿདོམ་མཁྲིསཿཁྱི་ནག་གི་མཁྲིས་པཿདྲེའུའི་མཁྲིས་པཿརྟའི་མཁྲིས་པཿམིའི་མཁྲིས་པཿའུག་པའི་མཁྲིས་པཿསྔོ་རྟག་ཏུ་དུ་རྣམས་སྦྲང་དཀར་དང་སྦྱར་ཏེཿལྟོ་སྟོང་ལ་དུམ་རེ་ཟླ་བ་གསུམ་ཟོས་ནཿཤའི་སྤྱན་དང་ལྡན་ཞིང་འོད་སྣང་འཕེལ་ལོཿསྲིན་བུ་མེ་ཁྱེརཿལྷང་མ་ལྷང་རྩེ་གཉིས་བྱ་ནག་གི་སྒོ་ངའི་སེར་པོ་ལ་སྦྱར་ཏེཿམིག་
(༧༡)གི་སྟེང་དུ་གླན་ཞིང་ཿཨཱོྃ་ཆེན་ཀོང་ཆེན་བྷ་ཧན་ཞུ་ཆེན་ཞུ་ཧན་།། །སྒ་མེ་སྟོན་ཡང་ཿཞེས་བཟླས་ནཿའོད་སྣ་ཚོགས་སུ་འཆར་ཞིང་འོད་སྐོར་ཕུབ་ཙམ་དུ་འཕེལ་ཏེ་འཆར་རོཿདེ་ལྟར་མིག་ལ་ཕན་པའི་ཐབས་མཆོག་ཏུ་གྱུར་པཿནང་དུ་སྨན་མར་སྦྱར་ནས་ཟ་ཞིང་ཿཕྱིར་སྨན་རྣམས་གང་འོས་སྐབས་སུ་བྱུགས་ལཿའོད་གསལ་སྒོམ་པའི་ཐབས་འབའ་ཞིག་ལ་འབད་དོཿདེའང་སྤྱོད་ལམ་ངལ་དུ་བ་རླབས་པོ་ཆེ་དང་ཿམི་ཐེག་པ་འདེགས་འཇོག་མི་བྱཿདུས་བཞི་ལོག་པའི་ཟས་གོས་དང་ཿསྤྱོད་ལམ་སྤང་ངོ་ཿདབྱར་ནི་རི་རྩེའམཿགངས་འདབས་ལ་སོགས་པ་དྭངས་ཤིང་མཐོ་བའི་སར་བསྒོམཿདགུན་ནི་ས་ཕུག་དང་ནགས་ཁྲོད་ལ་སོགས་པ་དྲོ་ཞིང་འཐིབས་པའི་སར་བསྒོམཿདཔྱིད་ནི་རི་ངོགས་དང་མཚོ་གླིང་ལ་སོགས་པ་དགའ་ཞིང་སྤྲོ་བའི་སར་བསྒོམ་མོཿསྟོན་ནི་སྨན་ལྗོངས་དང་ཿཆུ་ཀླུང་གི་འགྲམ་དང་ཿརིའི་སྟེངས་ལ་སོགས་པ་ཤིན་ཏུ་ཡིད་དང་མཐུན་པར་བསྒོམ་མོཿདེ་ཡང་ཕྱི་ནང་རྟེན་འབྲེལ་གཅིག་པའི་ཕྱིར་རོཿདེ་དག་ཏུ་དགུན་ཟླ་བ་
(༧༢)གསུམ་དང་ཿདཔྱིད་ཟླ་བ་དང་པོར་གླང་པོའི་ལྟ་སྟངས་གཙོ་བོར་བྱའོཿདཔྱིད་ཟླ་འབྲིང་པོ་ནས་དབྱར་ཟླ་འབྲིང་པོའི་བརཿཟླ་བ་བཞིར་སིང་ཞིང་བསིལ་བའི་སྦྱོར་བསཿཿདྲང་སྲོང་གི་འདུག་སྟངས་ལ་གཙོ་བོར་སློབ་བོཿདེ་ནས་སྟོན་ཟླ་གསུམ་སྟེཿཟླ་བ་བཞིར་དབྱིངས་རིག་གསལ་བས་སེངྒེའི་འདུག་སྟངས་གཙོ་བོར་བྱའོཿཉིན་མཚན་གཅིག་གི་དབང་དུ་བྱས་ན་སྔ་དྲོ་གླང་པོའི་འདུག་སྟངས་བྱའོཿགུང་ལ་སེངྒེ་དང་ཿཕྱི་དྲོ་དྲང་སྲོང་གིས་གནས་པར་བྱའོཿསྲོད་ལ་དྲང་སྲོང་དང་ཿགུང་ལ་གླང་པོའི་འདུག་སྟངས་དང་། ཐོ་རང་སེངྒེའི་འདུག་སྟངས་ཀྱིས་རིག་པ་གསལ་སྟོང་དུ་བསྒོམ་པའོཿདེ་ཡང་སྲོད་ལ་གཏུམ་མོ་བསྒོམ་སྟེཿལྟེ་འོག་གི་རཾ་ལས་མེ་འབར་བསཿལུས་ཕྱི་ནང་མེ་དཔུང་དུ་བསམས་ལཿརླུང་ཁ་སྦྱོར་དུ་གཟུང་ངོ་ཿགུང་ལ་གླང་པོ་ཆེ་ནི་སངས་རྒྱས་མྱ་ངན་ལས་འདས་པའི་ཉལ་ལུགས་ཀྱིསཿསྙིང་ནང་དུ་འོད་གསལ་ལྔ་ལྡན་ལ་ཤེས་པ་བཟུང་ལ་ཉལ་ལོཿཐོ་རངས་ལངས་ཏེ་སེངྒེའི་ལྟ་སྟངས་ཀྱིས་ནམ་མཁའ་ལ་རླུང་ཕྱིར་བཟུང་ལཿཤེས་པ་གསལ་སྟོང་གི་ངང་ལ་ཕྱམ་གྱིས་གཞག་གོཿ
(༧༣)རྣམ་རྟོག་འཕྲོ་ན་གཞུ་གང་གི་ནམ་མཁར་ཨ་དཀར་པོ་ལ་ཤེས་པ་གཏད་ལཿརླུང་ནང་དུ་ཅུང་ཟད་བཟུང་སྟེ་མིག་མི་འགུལ་བར་བདེ་གསལ་སྟོང་པའི་རང་བཞིནཿཤེས་རབ་རང་བྱུང་གི་སྒྲོན་མ་ཟིན་པར་འགྱུར་རོཿཐབས་འདི་དག་ནི་ཤིན་ཏུ་གསང་བ་ཆེན་པོ་ཡིན་པསཿསྐལ་ལྡན་གཅིག་ལས་མང་བར་མི་སྤེལ་ལོཿའབྲས་བུ་ནི་མྱུར་དུ་ལྷག་མེད་འགྲུབ་པའོཿཨེ་མ་ཧོཿཆོས་ཀུན་མཐར་ཐུག་སྙིང་པོའི་བཅུད་ཕྱུང་བཿཡང་ཟབ་འོད་གསལ་རྡོ་རྗེ་སྙིང་པོའི་ལམཿམཁའ་འགྲོ་སྙིང་ཏིག་རབ་གསང་མན་ངག་ནིཿགང་ལ་སྣང་བ་ཚེ་གཅིག་སངས་རྒྱས་ཡིནཿཤིན་ཏུ་ཟབ་པའི་ཡང་ཟབ་སྙིང་ཏིག་ལཿསྙིང་ཕྱུང་ལག་མཐིལ་དག་ཏུ་བཀོད་པ་འདིཿཨོ་རྒྱན་པདྨའི་དགོངས་གཏེར་སྙིང་པོ་ལསཿཤར་ཕྱོགས་འབྲས་བུ་སྨིན་པའི་སྙིང་པོ་སྟེཿཀུན་ལས་འཕགས་པའི་ཚུལ་འདི་བདག་ལ་བབསཿགངས་རི་ཐོད་དཀར་མགུལ་དུ་ཡང་ཟབ་གནདཿའོད་གསལ་འཁོར་ལོར་ལེགས་བཀོད་སྦས་པའི་དོནཿཕྱི་རབས་སྐལ་ལྡན་རྣམས་
(༧༤)དང་འཕྲད་པར་ཤོགཿའོད་གསལ་འཁོར་ལོ་ཞེས་བྱ་བཿཔདྨ་ལས་འབྲེལ་རྩལ་གྱིས་ཕྱི་རབས་ཀྱི་དོན་དུ་བཀོད་པ་རྫོགས་སོཿཨྠིྀྀིཿརྒྱ་རྒྱ་རྒྱཿདགེའོཿ༅ཿརིན་ཆེན་ཤོག་སེར་སྐོརཿགཞི་སྣང་ངོ་སྤྲོདཿ༈།། །གཞི་སྣང་ངོ་སྤྲོད་ཅེས་བྱ་བཿདཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོཿའདི་ལ་གཞི་རང་ངོ་སྤྲད་པཿལམ་ཉམས་སུ་བླང་ཚུལཿའབྲས་བུ་གྲོལ་ཚད་བསྟན་པ་དང་གསུམ་ལསཿདང་པོ་ནི་གདོད་མའི་ཀ་དག་ཆེན་པོ་ཞེས་བྱ་བཿའཁོར་འདས་གང་དུའང་མ་ཕྱེ་བའི་སྔོན་རོལ་ན་གནས་པ་སྟེཿཡུལ་ཆོས་ཀྱི་དབྱིངས་རང་བཞིན་གྱི་གནས་རྣམ་པར་དག་པ་སྟོང་ལ་སྤྲོས་པ་དང་བྲལ་བཿགསལ་ལ་ངོས་གཟུང་དང་བྲལ་བཿརིག་ལ་རྟོག་པ་དང་བྲལ་བ་སྟེཿདཔེ་སྟོན་ཀའི་ནམ་མཁའ་དྭངས་པ་ལ་མཉམ་པར་བཞག་དུས་ཀྱི་ཤེས་པ་ལ་ངོ་སྤྲད་དོཿདེ་ནས་ལྷུན་གྲུབ་རིན་པོ་ཆེའི་སྣང་བ་ནི་གདོད་མའི་ཀ་དག་གི་ངང་ལས་ཕྱི་གསལ་དུ་ཤར་བ་སྟེཿདེ་ཡང་ངོ་བོ་སྟོང་ལ་རང་བཞིན་གསལ་བཿཐུགས་རྗེ་རིག་པའི་གདངས་དང་བཅས་པ་སྣ་ཚོགས་
(༧༥)སུ་སྣང་ལཿདེར་འཛིན་རགས་པ་དང་བྲལ་བ་སྟེཿདཔེ་ནམ་མཁའ་དྭངས་པ་ལ་འཇའ་ཚོན་ཤར་བའམཿཟ་འོག་གི་བེར་ཆེན་ལ་ངོ་སྤྲད་དོཿདེ་ནས་གཞི་སྣང་ཆེན་པོ་ནིཿལྷུན་གྲུབ་རིན་པོ་ཆེའི་སྣང་བའི་རྗེས་ལཿསྟེང་འོག་ཕྱོགས་མཚམས་ཐམས་ཅད་ཞི་ཁྲོའི་ཞིང་ཁམས་སུ་སྣང་བ་སྟེཿདེ་ཡང་གསལ་བཿའཚེར་བཿལྷུན་སྡུག་པཿའོད་ཟེར་འཕྲོ་བཿརྒྱ་ཆེ་བཿདཔངས་མཐོ་བཿརྩེ་མོ་ཡངས་པཿསྟུག་པོ་བཀོད་པཿབདེ་བའི་ཞིང་སྣང་ཆེན་པོ་སྟེཿདཔེ་ནམ་མཁའ་ལ་ཞི་ཁྲོའི་དཀྱིལ་འཁོར་ཤར་བ་ལ་ངོ་སྤྲད་དོཿདེ་ནས་ལོངས་སྐུའི་སྣང་བ་ནིཿསྣང་བ་དེ་ཉིད་ལས་ཕྱོགས་ཀུན་ཏུ་རིགས་ལྔའི་ཞིང་ཁམས་སུ་སྣང་བ་སྟེཿདེའང་ཡར་ལོངས་སྐུའི་ཞིང་ཁམས་སྣང་བཿཐང་ཀ་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སྣང་བཿམར་འགྲོ་བ་རིགས་དྲུག་གི་འཇིག་རྟེན་ན་འགྲོ་བ་འདུལ་བ་སྤྲུལ་པའི་སྐུ་ཐུབ་པ་དྲུག་དང་ཿམ་དག་པ་སྤྲུལ་པའི་སྐུའི་སྣང་བཿསངས་རྒྱས་དང་སེམས་ཅན་ཐམས་ཅད་ཀྱི་སྒྲ་སྐད་སྣ་ཚོགས་ཐོས་ཀྱང་ཿརགས་པར་འཆར་བའི་རྟོག་པ་མེད་པ་སྟེཿ
(༧༦)དཔེ་ནམ་མཁའི་དཀྱིལ་ན་འོད་ཚོམ་བུར་སྣང་དུས་སྒྲ་སྐད་སྣ་ཚོགས་སུ་སིལ་སྙན་འཁྲོལ་བ་ལ་ངོ་སྤྲད་དོཿདེ་ནི་གཞི་མཚོན་ཚུལ་དུ་བཤད་པའོཿགཉིས་པ་ལམ་ཉམས་སུ་བླང་ཚུལ་དུ་བཤད་པ་ནིཿདང་པོ་གནས་དབེན་པ་དྭངས་ཤིང་མཐོ་བའི་སརཿསྟོན་ཀའི་ནམ་མཁའ་དངས་ཤིང་སྤྲིན་མེད་པཿརང་བཞིན་གྱིས་འོད་གསལ་བའི་དུས་ལྟ་བུ་ལཿགན་རྐྱལ་ལམ་དྲང་སྲོང་ཙོག་པུའམཿརྡོ་རྗེ་སྐྱིལ་ཀྲུང་ངམཿསེངྒེ་ལྟར་བྱས་ལ་དབུགས་པར་སྣང་ལ་ཕུལཿརིག་པ་ནམ་མཁའི་དཀྱིལ་དུ་གཏད་དེཿསེམས་མི་གཡོ་མི་འགུལ་བར་ཅེ་རེ་བལྟས་པསཿཤེས་པ་དྭངས་ལ་འོད་གསལ་བ་ནམ་མཁའ་དག་པ་དེ་ཁོ་ན་འདྲ་བའི་ཉམས་འཆར་རོཿདེ་ཉིད་ཀྱི་ངང་ལ་རྟག་ཏུ་མཉམ་པར་གཞག་ཅིང་ཿབྱིང་རྒོད་དང་བྲལ་བར་ཉམས་སུ་བླངས་པསཿགདོད་མ་ཀ་དག་གི་དོན་ལ་རེག་པ་ཡིན་ནོཿདེའི་ཚེ་སྤྱན་དང་མངོན་པར་ཤེས་པའི་ཡོན་ཏན་ཡང་འཆར་བ་ངེས་སོཿཡང་དབེན་ཞིང་ཡིད་དང་མཐུན་པར་ཞི་བའི་ཏིང་ངེ་འཛིན་སྔ་མ་བཞིན་བསྒོམས་པ་ལསཿཁྱད་པར་
(༧༧)དུ་འཇའ་ཚོན་ཤར་བའམ་ཟ་འོག་གི་བེར་ཁྱིམ་བར་སྣང་ལ་བཀྲམ་ནསཿལུས་གནད་སྔ་མ་ལྟར་བྱས་ལཿརིག་པ་འཇའ་ཚོན་གྱི་ནང་དུ་གཏད་ནས་བསྒོམས་པསཿགསལ་ལ་མི་རྟོག་པའི་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེའོཿའདིའི་ཚེ་ཤེས་པ་རང་བཞིན་གྱི་འོད་གསལ་བའི་ཉམས་འཆར་རོཿཡང་གཞི་སྣང་ཆེན་པོའི་བླང་ཚུལ་ནིཿཤིན་ཏུ་དབེན་པར་ཞི་ཁྲོའི་བྲིས་སྐུ་ཡོལ་བ་འཇའ་ཚོན་རིས་ཀྱི་ནང་དུ་བཀྲམ་ལཿཚེ་འཛིན་བཀྲམ་ཞིང་ཿཏིང་ལ་སོགས་པ་འོད་ཅན་བཀྲམ་ལཿམེ་ལོང་གི་ངོས་ལ་བལྟས་པསཿབར་སྣང་དག་པའི་ངོས་ཐམས་ཅད་ཞི་ཁྲོའི་དཀྱིལ་འཁོར་འོད་ཟེར་ཐིག་ལེ་ཐིག་ཕྲན་གྱིས་བརྒྱན་པའོཿདེ་ཉིད་ལ་མིག་དང་ཤེས་པ་མི་འགུལ་བར་ཉམས་སུ་བླངས་པསཿཤེས་པ་ལྔ་ལྡན་ཚོམ་བུའི་སྣང་བ་ལ་རང་ས་ཟིན་ཏེཿགསལ་སྟོང་སྤྲོས་པ་དང་བྲལ་བའི་ཉམས་དང་ཿཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་ངེས་པའོཿཡང་ལོངས་སྐུའི་སྣང་བ་ཡང་དེ་དང་འདྲ་བ་ལསཿསིལ་སྙན་གྱི་ཕྲེང་བ་འཁྲོལ་ཞིང་ཿའགྲོ་དྲུག་གི་ཞིང་སྣང་
(༧༨)བྲིས་པ་འོག་ཏུ་བཀྲམ་པ་ལ་བལྟའོཿདེའི་ཚེ་ཤེས་པ་རྩེ་གཅིག་ཏུ་མཉམ་པར་བཞག་པས་ཚོགས་དྲུག་མ་འགགས་གསལ་ལ་མི་རྟོག་པའི་ཏིང་ངེ་འཛིན་གདོད་མའི་གཞི་ཅི་འདྲ་བ་འཆར་ངེས་སོཿདེ་ཐམས་ཅད་ཀྱི་སྐབས་སུ་རང་སྣང་གི་ཤེས་པས་དྲན་པ་མཆོག་ཏུ་གཅེས་སོཿལམ་མཚོན་ཚུལ་ལོཿགསུམ་པ་འབྲས་བུའི་གྲོལ་ཚུལ་ནིཿབརྩོན་འགྲུས་རབ་ལ་ཚེ་འདི་ཉིད་ལ་སྣང་ཞིང་ཿཕལ་པ་རྣམས་ལ་བར་དོར་འཆར་ཏེཿདེའང་རྣམ་ཤེས་ནམ་མཁའ་ལ་ཐིམ་པའི་སྐབས་སུ་གསལ་དྭངས་ཆེན་པོཿགདོད་མའི་ནམ་མཁའ་ཇི་འདྲ་བ་འཆར་ཏེཿསྔར་གདོད་མ་ཀ་དག་གྱི་གྲོལ་གཞིཿནམ་མཁའ་དག་པ་ལ་ཉམས་སུ་བླངས་པའི་དུས་ཀྱི་གདམས་པ་ངོ་ཤེས་པ་ཙམ་གྱིསཿགདོད་མའི་གཞི་ལ་ཟང་ཐལ་དུ་གྲོལ་ལོཿཁ་ཅིག་སྣང་བ་འདི་འོད་གསལ་དུ་བཞེད་པ་ལྟར་ནཿཞི་བ་ཆོས་ཀྱི་སྐུའི་འོད་གསལ་སྐད་ཅིག་དང་པོ་ཞེས་རིག་པར་བྱའོཿགཞན་དུ་ནི་ཁ་དོག་མེད་པསཿསྣང་བའི་འོད་གསལ་མ་ཡིན་ནོཿའདི་ཉིད་སྟོང་པའི་འོད་གསལ་ཞེས་བྱའོཿའདིའི་རང་སྣང་མཆེད་པ་ནིཿདེ་ནས་ནམ་མཁའ་འོད་
(༧༩)གསལ་ལ་ཐིམ་པ་སྟེཿརང་གི་མིག་ནས་ཐུགས་རྗེ་རྒྱུན་གྱི་ཟེར་ཐག་ཤར་བ་ལ་རིག་པ་གཏད་པས་ཀྱང་གྲོལ་པ་ཡོད་དོཿདེའི་ཟེར་ཐག་ལས་ཁ་དོག་གཟུགས་ཀྱི་འོད་གསལ་དབང་པོའི་སྤྱོད་ཡུལ་དུ་གྱུར་ཚད་དུ་འཆར་ཏེཿདེ་ཚེ་སྔར་ལྷུན་གྲུབ་ཀྱི་སྣང་བ་གོམས་པའི་གདམས་པ་རང་ངོ་ཤེས་པར་བྱའོཿདེ་ལྟར་རང་ངོ་ཤེས་པ་དང་གྲོལ་བ་དུས་མཉམ་མོཿདེ་ནས་འོད་གསལ་ཟུང་འཇུག་ལ་ཐིམ་པ་ནིཿལོངས་སྐུའི་ཞིང་སྣང་ཞི་ཁྲོའི་སྣང་བ་འཆར་ཏེཿསྐད་ཅིག་དང་པོ་ལ་ཁྲོ་བོའི་སྣང་བ་སྒྲ་འོད་ཟེར་གསུམ་དུ་འཆར་དུསཿསེངྒེའི་གསོབ་ལྟར་མཚང་ཕུགས་ནས་རིག་སྟེཿརང་སྣང་དུ་ཤེས་པས་ཁྲོ་བོའི་སྐུར་གྲོལ་ལོཿདེ་ནས་ཞི་བའི་ཚོམ་བུ་ལ་སྔར་གྱི་གཞི་སྣང་གི་དུས་སུ་བསྒོམས་པའི་གདམས་པསཿརང་སྣང་འོད་གསལ་དུ་ཤེས་པ་ཙམ་གྱིས་གྲོལ་ལོཿདེ་ནས་ཡེ་ཤེས་ཟུང་འཇུག་ལ་ཐིམ་པ་དང་ཿཟུང་འཇུག་ལྷུན་གྲུབ་རིན་པོ་ཆེ་ལ་ཐིམ་པའི་ཚེཿསྔར་ལོངས་སྐུའི་སྣང་བ་ལ་གོམས་པའི་གདམས་པསཿརང་སྣང་དུ་ཤེས་པ་ཙམ་གྱིསཿཐིམ་ལུགས་བརྒྱད་དང་གྲོལ་ལུག་བཞི་འབྱུང་སྟེཿགཞན་དང་མཐུན་ནོཿའདི་དག་གི་ཚེ་
(༨༠)སྐད་ཅིག་དང་པོ་ལཿརང་སྣང་དུ་ཤེས་པས་རང་སྣང་ཤེལ་གྱི་འོད་ནང་དུ་ཐིམ་པ་ལྟརཿགདོད་མའི་གཞི་ལ་ཐིམ་སྟེཿནང་གསལ་གཞོན་ནུ་བུམ་པའི་སྐུར་གྲོལ་ལོཿདེ་ཡང་སྐད་ཅིག་དང་པོ་ལ་རང་ངོ་ཤེསཿགཉིས་པ་ལ་དར་ཅིག་བསམ་གཏན་ལ་གནསཿགསུམ་པ་ལ་གདོད་མའི་ངང་དུ་གྲོལ་བ་ཡིན་ནོཿདབང་པོའི་ཁྱད་ཀྱིས་ཞག་ལྔ་དང་ཿཉི་ཤུ་རྩ་གཅིག་ཏུ་བཤད་པ་ནིཿསྣང་བ་རྣམས་རིམ་གྱིས་འཆར་བ་རྫོགས་པ་ན་གྲོལ་བ་ལ་དགོངས་པ་ཡིན་ཏེཿདེའང་རབ་ཀ་དག་གི་སར་གྲོལ་བས་ཉི་མ་ནུབ་པ་དང་ཟླ་བ་ཤར་བ་དུས་མཉམ་པ་ལྟརཿདབུགས་བོར་བ་དང་འཚང་རྒྱ་བ་གཉིས་དུས་མཉམ་པ་ནི་སྐད་ཅིག་མ་གཅིག་ལ་གྲོལ་བ་ཡིན་ནོཿནང་དབུགས་ཆད་དེ་ནམ་མཁའི་སྣང་བ་ལ་གྲོལ་བ་ནི་རབ་ཀྱི་ཡང་རབ་བོཿའོད་གསལ་དང་པོ་ཤར་བ་ལ་རང་སྣང་དུ་ཤེས་པས་གྲོལ་བ་ནི། སྐད་ཅིག་དང་པོ་ལ་རང་སྣང་ཿགཉིས་པ་ལ་ནང་དུ་ཐིམ་པས་རབ་ཀྱི་འབྲིང་ངོ་ཿའོད་གསལ་རྫོགས་དུསཿསྐད་ཅིག་དང་པོ་ལ་རང་སྣང་དུ་ཤེསཿགཉིས་པ་ལ་བསམ་གཏན་ལ་གནསཿགསུམ་པ་ལ་ནང་གསལ་དུ་གྲོལ་བ་ནི་རབ་ཀྱི་ཐ་མའོཿའབྲིང་གིས་
(༨༡)ཞི་ཁྲོའི་སྣང་བ་འཆར་བ་ལ་དུས་ལྔར་ཕྱེ་བས་གང་རུང་ལ་གྲོལ་ལུགས་རབ་ཀྱི་ཐ་མ་ཅི་བཞིན་ནོཿཐ་མ་ནི་ལྷུན་གྲུབ་ཀྱི་སྣང་བ་ཚུན་ཆད་ལ་འཆར་ཚུལ་ཉི་ཤུ་རྩ་གཅིག་ལཿབསམ་གཏན་གྱི་ཞག་ཉི་ཤུ་རྩ་གཅིག་ཏུ་བཤད་པསཿདེ་ལ་གྲོལ་ཏེཿགདོད་མའི་ས་ལ་བཙན་ས་ཟིན་པའོཿའདི་དག་ནི་ངེས་པའི་སྙིང་པོ་གཅིག་ཏུ་ཕྱུང་ནས་བཀོད་པའོཿབདག་འདྲ་དྲི་མེད་འོད་ཟེར་རྡོ་རྗེའི་རིགསཿསྔོན་དུས་སྦྱང་བའི་ཤེས་རབ་རྒྱ་ཆེ་ཡང་ཿཆོས་ཚུལ་འདི་དང་འཕྲད་པར་མ་གྱུར་ནཿརིན་ཆེན་གླིང་ནས་སྟོང་ལོག་བྱེད་པ་བཞིནཿརང་བྱུང་པདྨའི་བྱིན་རླབས་ཞུགས་པ་ཡིསཿད་ནི་མི་ལུས་དོན་དང་ལྡན་པར་གྱུརཿཕྱི་རབས་རྣལ་འབྱོར་རྣམས་དང་འདི་འཕྲད་ཤོགཿགཞི་སྣང་ངོ་སྤྲད་ཅེས་བྱ་བཿགངས་རི་ཐོད་དཀར་གྱི་མགུལ་དུ་བཀོད་པ་རྫོགས་སོཿཨྠིྀྀིཿརྒྱ་རྒྱ་རྒྱཿ ༄༅ཿའོད་གསལ་སྦུབས་འཇུག་བཞུགས་པ་ལགས་སོཿརིན་ཆེན་ཤོག་སེར་སྐོརཿ།། །༈འོད་གསལ་སྦུབས་འཇུག་ཞེས་བྱ་བཿདཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོཿརྟག་ཏུ་སྙིང་ལ་གནས་པ་ཡིཿཐིག་ལེ་འོད་གསལ་འགྱུར་མེད་པཿ
(༨༢)སྒྲོན་མ་བཞི་དང་བཅས་པ་ཡིཿམགོན་པོ་དེ་ལ་ཕྱག་འཚལ་ལོཿའདི་ཉིད་ཀུན་གྱིས་མཐོང་བྱའི་ཕྱིརཿརབ་འབད་སྙིང་རྗེ་ཆེན་པོ་ཡིཿམཁའ་འགྲོ་མ་ཡིས་བསྟན་པ་བཞིནཿའདི་ཉིད་དུ་ནི་གསལ་བར་བྱཿདེ་ལ་ཇི་ལྟར་བྱ་བ་བཀོད་པའི་ཁྱད་པརཿདེ་ཉིད་མཚོན་པ་གདམས་པའི་འདེབས་ཚུལཿརབ་ཏུ་དཀོན་པས་བཀའ་རྒྱ་གདབ་ཚུལ་གསུམ་ལསཿདང་པོ་ནི་དབེན་ཞིང་ཡིད་དུ་འོང་བར་མཚན་མོའི་ཚེཿམར་མེ་ལྔའམ་དགུ་པའི་དཀྱིལ་འཁོར་བྱ་སྟེཿདེ་ཡང་སྟེགས་བུའི་དབུས་སུ་སྣང་གསལ་ཆེ་བ་གཅིག་གི་ཕྱོགས་མཚམས་སུ་མར་མེ་བརྒྱདཿདེའི་མཐར་མར་མེ་ཇི་ཙམ་འབྱོར་པས་བསྐོར་ལཿཕྱི་ནང་གི་མཆོད་པས་ལེགས་པར་མཐའ་བསྐོར་ནསཿསྐལ་པ་དང་ལྡན་པ་ཀུན་འཁོད་པ་དང་ཿམཎྜལ་དམ་བཅའ་བ་བཟ་ང་པོ་ལོ་དང་ཟླ་བར་བསྒོམ་པ་ཕུལ་ཏེཿམཉེས་པར་བྱས་ལཿགཉིས་པ་གདམས་པའི་མཚོན་ཚུལ་ལཿབླ་མ་བརྒྱུད་པ་དང་ཿདེ་ལས་བྱུང་བའི་གདམས་པ་གཉིས་ལསཿདང་པོ་ནི་ཆོས་སྐུ་ཀུན་བཟང་ཡབ་ཡུམ་གྱིསཿལོངས་
(༨༣)སྐུ་རྡོ་རྗེ་སེམས་དཔའ་ལ་གསུངསཿདེས་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་ལ་གསུངསཿདེས་སློབ་དཔོན་ཆེན་པོ་ཤྲཱྀ་སིདྡ་ལ་གསུངསཿདེས་སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་རྩལ་ལ་གསུངསཿདེས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསུངསཿདེས་བདག་འདྲ་པདྨ་ལས་འབྲེལ་རྩལ་ལ་གསུངསཿགཉིས་པ་ལ་གཞི་འོད་གསལ་དུ་ངོ་སྤྲད་པཿལམ་འོད་གསལ་ཉམས་སུ་བླང་བཿའབྲས་བུ་འོད་གསལ་འཆར་ཚུལ་བསྟན་པ་གསུམ་ལསཿདང་པོ་ནི་རྡོ་རྗེ་སེམས་དཔའི་མེ་ལོང་ལ་སློབ་མ་ཀུན་རེས་མོས་ཀྱིས་བལྟར་བཅུག་པསཿམར་མེའི་དཀྱིལ་འཁོར་སུམ་བརྩེགས་དང་ལྔ་བརྩེགས་འཇའ་ཚོན་དང་བཅས་པ་འཆར་རོཿདེ་ཉིད་ངོ་སྤྲད་པར་བྱ་སྟེཿདེའང་གཞིའི་མར་མེ་ནི་སྙིང་དབུས་ན་ཞི་བའི་སྐུ་ཚོམ་བུའི་ཚུལ་དུ་ད་ལྟ་གནས་པའི་དཔེའོཿདེའི་གདངས་སྟེང་དུ་འཆར་བ་ནིཿཁྲོ་བོའི་ཚོམ་བུ་ཀླད་པ་དུང་ཁང་ན་ཡོད་པའི་དཔེའོཿམཐའི་མར་མེ་དང་འོད་རྣམས་ནི་དེ་ལས་འཕྲོས་པའི་གདངས་རྩ་རྣམས་ན་སྒྲོན་མར་སྣང་བའི་དཔེའོཿདེའང་
(༨༤)ངོ་བོ་སྟོང་པས་ཆོས་སྐུ་མཚོན་པའོཿརང་བཞིན་གསལ་བས་ལོངས་སྐུ་མཚོན་པའོཿཐུགས་རྗེ་སྒྲོན་མའི་འོད་དང་འཇའ་ཚོན་སྣང་བས་སྤྲུལ་སྐུའི་ངོ་བོ་མཚོན་པའོཿཡང་འོད་དང་སྣང་བ་དེ་ཀུན་སྣང་སྟོང་གཉིས་སུ་མེད་པས་ཀ་དག་དང་ལྷུན་གྲུབ་གཉིས་སུ་མེད་པ་མཚོན་པའོཿདེའི་ངོ་བོ་ནི་དཔེའོཿདོན་ནི་སྙིང་ནང་ན་དེ་བཞིན་དུ་ཡོད་པའོཿརྟགས་ནི་རང་རང་གི་སྒྲོན་མ་གཏེམས་ལཿཀྱེ་སྐལ་ལྡན་ཀུན་གྱི་འདི་ཁོ་ནའོཿཞེས་ངོ་སྤྲད་དོཿདེས་ནི་འོད་གསལ་ནང་ན་གནས་པ་མཚོན་པའོཿད་ནི་དོན་གཉིས་པ་དེ་ཉིད་ཉམས་སུ་བླང་ཚུལ་བསྟན་ཏེཿའདི་ལ་ཉིན་མོ་འོད་གསལ་ཕྱི་རུ་གཟུང་བཿམཚན་མོ་འོད་གསལ་སྦུབས་སུ་སྦ་བཿབར་དུ་ཆོས་ཀུན་མཉམ་པར་གནས་པ་གསུམ་ལསཿདང་པོ་ནི་ནམ་མཁའ་སྤྲིན་མེད་པའི་ཚེཿཉི་མའི་ངོས་ནས་ཁྲུ་གང་ཙམ་གྱི་གཡས་སུ་བལྟས་པསཿདབྱིངས་ཀྱི་རྟགས་སུ་འོད་ཁྱིམ་འཇའ་ཚོན་དུ་སྣང་ལཿརིག་པའི་རྟགས་སུ་ཐིག་ལེ་ལུ་གུ་རྒྱུད་དུ་སྣང་ངོ་ཿདེའང་ཐིག་ལེ་སྟོང་པའི་སྒྲོན་མའི་དབུས་སུཿ
(༨༥)ལུ་གུ་རྒྱུད་བཟུང་ལ་ཉམས་སུ་བླང་ངོ་ཿསྔ་དྲོའི་ཚེ་དེ་ལྟར་ཉམས་སུ་བླང་པསཿཤེས་པ་གསལ་སྟོང་ཤེས་རབ་རང་བྱུང་གི་སྒྲོན་མ་འཆར་རོཿགུང་ལ་ལྷོ་དང་ཿཕྱི་འཕྲེད་ནུབ་ཏུ་ཕྱོགས་པས་སྔ་མ་བཞིན་བལྟས་ལ་བགས་ཀྱིས་ཉི་མ་ལས་བྲལ་ཏེ་ཉམས་སུ་བླང་ངོ་ཿདེའི་ཚེ་བྱིང་ན་གསེང་ཿརྒོད་ན་འདུག་སྟངས་ལས་མི་འགྱུར་བ་གནད་ཡིན་ནོཿགཉིས་པ་མཚན་མོ་འོད་གསལ་ནང་དུ་གཟུང་བ་ནིཿསྙིང་གར་འོད་ལྔའི་མར་མེ་ལྔ་འབར་བ་ལ་ཤེས་པ་གཏད་དེཿསྙིང་གར་འོད་ལྔའི་ནང་ན་འོད་ཟླུམ་པོར་འཁྱིལ་བའི་བུམ་པ་གཅིག་གི་ནང་ནཿའོད་ཀྱི་མར་མེ་གཅིག་འབར་བར་བསམ་པའི་འོད་ཟེར་ལུས་ཀྱི་མགོ་མཇུག་ཀུན་ཏུ་འཕྲོས་པསཿཉིན་མོའི་འོད་གསལ་ལྟར་ཐིག་ལེ་ཐིག་ཕྲན་འཇའ་འོད་ཀྱི་ནང་ན་གསལ་བསཿལུས་ཀྱི་བ་སྤུའི་ནང་ཚུན་ཆད་གང་བའི་འོད་ཟེར་སྟོང་གསལ་གྱིསཿསྒོམ་ཁང་དང་ཿཡུལ་གྲུ་དང་ཿསྟོང་གསུམ་གང་བར་བསམ་ལཿདར་ཅིག་གསལ་སྟོང་གི་ངང་ལ་བཞག་ནསཿསྙིང་གའི་འོད་གསལ་ཉིད་ལ་རིག་པ་གཏད་ནསཿ
(༨༦)སྐབས་སུ་རྒྱ་མཚོ་དབའ་རླབས་གཏེམས་ཤིང་ཉལ་ལོཿདེས་ནི་ཕྱི་སྣང་བའི་འོད་གསལ་ནང་རིག་པའི་འོད་གསལ་གྱི་སྦུབས་སུ་སྦ་བའོཿདེ་ལྟར་ཐ་མལ་གྱི་རྣམ་རྟོག་མེད་པསཿའདི་ལྟར་སྣང་བ་ལ་གོམས་པར་བྱས་ན་ཟླ་བ་ཕྱེད་ནས་རྨི་ལམ་འོད་གསལ་བདེ་བ་ཆེན་པོའི་དབྱིངས་སུ་ཐིམ་ནས་མི་རྨིའོཿདེ་ནས་ཞིང་ཁམས་ལ་སྦྱོང་སྟེཿཉལ་དུས་ཤར་ཕྱོགས་མངོན་པར་དགའ་བ་ལ་སོགས་པའི་འཇིག་རྟེན་དུ་གསལ་བཏབ་ནསཿདོ་ནུབ་དེ་ཉིད་བལྟའོ་སྙམ་ནས་རྒྱ་མཚོའི་དབའ་རླབས་གཏེམས་ཤིང་ཉལ་བསཿཞིང་སྣང་ཆེན་པོ་དེས་མཚན་ཐོག་ཐག་སྣང་བར་འགྱུར་རོཿདེ་བཞིན་དུ་གང་འདོད་པའི་ཡུལ་དང་ཿཁྱད་པར་འོག་མིན་བསམས་པས་དེའི་སྣང་བ་འཆར་རོཿདེའང་འཁོར་འདས་རང་སྣང་ཡིན་པསཿདེའི་ཚེ་རླུང་སེམས་གང་དུ་འདུན་པ་གཏད་པའི་རྩ་ནང་དུ་འདུས་པ་ལས་དེའི་སྣང་བ་འཆར་བ་མ་གཏོགས་པར་གཞན་ནི་འཆར་བ་མ་ཡིན་ནོཿདཔེར་ན་ཐ་མལ་གྱི་རྨི་ལམ་བཞིན་ནོཿད་ལྟའི་སྣང་བ་འདིའང་གཉིད་སོང་བའི་རྨི་ལམ་མཐུན་པར་སྣང་བ་ལྟར་སྣང་བ་མ་གཏོགས་
(༨༧)པརཿདོན་གཞན་དུ་གྲུབ་པ་མེད་དེཿའཁྲུལ་སྣང་ཡིན་པའི་ཕྱིར་རོཿའཁྲུལ་སྣང་ནི་མེད་བཞིན་དུ་སྣང་བ་ཟླ་བ་གཉིས་སྣང་བ་བཞིན་ནོཿཿའཁྲུལ་གཞི་གང་ལས་འཁྲུལ་ནཿལྷུན་གྲུབ་ཀྱི་སྣང་བ་ཟླ་བ་གཅིག་ལྟ་བུ་རང་ངོ་མ་ཤེས་པསཿརང་བཞིན་གྱི་འོད་ནུབ་ནས་གཟུགས་བརྙན་གྱི་འོད་ལ་བདག་ཏུ་བཟུང་བསཿམ་དག་པའི་སྣང་བ་ཟླ་བ་གཉིས་སྣང་ལྟར་བག་ཆགས་ཨ་འཐས་སུ་སྣང་ངོ་ཿགོམས་པའི་རྣལ་འབྱོར་པ་ལ་གཟུགས་བརྙན་དང་འདྲ་བས་རྩིག་པ་དང་རི་ལ་སོགས་ལ་ཟང་ཐལ་དུ་འགྲོའོཿདེས་ན་སྣང་བ་ཐམས་ཅད་རིགས་ལྔའི་ཞིང་ལས་མ་འདས་ཀྱང་ཿདག་མ་དག་ཏུ་སྣང་བ་གཟུང་འཛིན་དུ་བློས་གོམས་པས་བྱུང་གིསཿདོན་ལ་འོད་གསལ་བདེ་བ་ཆེན་པོ་ཉིད་དུ་གནས་སོཿགཉིད་སད་དུས་ཤེས་པ་སྟོང་གསལ་གཅིག་འོངས་པ་དེ་ངོ་ཤེས་པར་བྱས་ལཿསྟོང་གསལ་འཕྲོ་མཐུད་ལ་འོད་གསལ་གྱི་ངང་ལས་མ་ཡེངས་པར་སྒོམ་མོཿདེས་ནི་སྣང་སྲིད་བདེ་སྟོང་ཆེན་པོར་འཆར་རོཿགསུམ་པ་བར་དུ་གཉིས་མེད་མཉམ་པའི་ངང་ལ་སྦྱང་
(༨༨)བ་ནིཿའདི་ལྟར་སྣང་སྲིད་འཁོར་འདས་ཅི་སྣང་ཡང་ཿརྨི་ལམ་མེད་བཞིན་སྣང་བ་དེ་བཞིན་གྱིས་སྟོང་ལ་གསལ་བའི་གནས་ལུགས་སུ་ཐག་བཅད་ལཿགང་ཤར་གྱི་སྣང་བ་ལ་ཆེད་འཛིན་མེད་པསཿསྨྱོན་པ་གཟའ་གཏད་དང་བྲལ་བ་ལྟརཿདུས་ཐམས་ཅད་དུ་ཕྱད་ཕྱོད་བན་བུན་ཡལ་ཡོལ་ཙམ་ལ་སྦྱོང་ངོ་ཿདགག་སྒྲུབ་དང་དགྲ་གཉེན་ལ་སོགས་པ་དང་ཿསྙན་མི་སྙནཿའདོད་མི་འདོད་ཐོག་ཏུ་བབས་དུས་ཤེས་པ་གསལ་ཞིང་རག་པ་དེཿརགས་པའི་འོད་གསལ་དུ་ངོ་ཤེས་པར་བྱས་ལཿདེ་ཉིད་ཀྱི་སྟེང་དུ་ཅེར་གྱིས་བལྟས་ལ་བཞག་པསཿཤེས་པ་གསལ་སྟོང་ཆེན་པོའི་འོད་གསལ་ལ་གནས་པར་འགྱུར་རོཿདེའང་འོད་གསལ་ལ་གསུམ་ལསཿབདེ་བའི་འོད་གསལ་ནི་ཕྱག་རྒྱ་དང་སྙོམས་པར་ཞུག་དུས་ཀྱི་ཤེས་པ་ལྟ་བུསཿབདེ་སྟོང་གཉིས་མེད་ཀྱི་དོན་དབང་གསུམ་པའི་ལམ་མོཿཿགསལ་བའི་འོད་གསལ་ལ་གཉིས་ལསཿསྟོང་པའི་འོད་གསལ་ནི་ཤེས་པ་ཀ་དག་གི་ངང་ལ་བཞག་དུསཿསྤྲོས་བྲལ་གསལ་སྟོང་དུ་ཤར་བ་དེའོཿསྣང་བའི་འོད་གསལ་
(༨༩)ནི་ཐིག་ལེ་ཐིག་ཕྲན་ལ་སོགས་པ་འོད་གསལ་གྱི་སྣང་བ་ལ་སྤྱོད་པའོཿདེའང་འོད་གསལ་ནང་འཇུག་གོམས་ནས་ཇི་ཞིག་ནཿཕྱོགས་ཐམས་ཅད་འོད་དུ་སྣང་བ་དང་ཿགཉིད་དུ་སོང་བའི་རྨུགས་འཐིབས་དང་ཿརྨི་ལམ་མེད་ལཿམ་སོང་བའི་ཤེས་པ་རགས་པོ་མེད་པས་སད་རྒྱུ་བྱུང་ཞིང་ཿཉེ་འཁོར་གྱི་གཟུགས་སྒྲ་དྲི་རོ་ལ་སོགས་མཐོང་སྣང་མ་འགགས་པ་འབྱུང་ངོ་ཿདེ་ནི་གསལ་བའི་འོད་གསལ་ཞེས་བྱའོཿམི་རྟོག་པའི་འོད་གསལ་ནིཿགཉིད་དུ་འགྲོ་ཁའི་ཤེས་པ་གང་དུའང་མི་རྟོག་པ་ལྟ་བུས་མཚོན་ནསཿམཉམ་པར་བཞག་པས་ཞི་གནས་ཀྱི་ངང་ལ་གནས་ནསཿཡུལ་ལྔའི་འཛིན་པ་དང་གཟུང་ཡུལ་ནུབ་པ་ལྟ་བུའོཿདེ་ནི་ལྷག་མཐོང་གསལ་བའི་འོད་གསལ་གྱིས་སད་པར་བྱེད་དགོས་སོཿམ་བྱས་ན་གཟུགས་མེད་དུ་འཁོར་བར་འགྱུར་རོཿགསལ་བའི་འོད་གསལ་ལའང་ཆགས་ན་གཟུགས་ཁམས་སུ་སྐྱེ་བས་མཐའ་གྲོལ་ཀློང་ཡངས་ཆེན་པོའི་ལྟ་བས་ཟིན་པར་གཅེས་སོཿདེ་ལྟར་ཞི་ལྷག་གི་ལྟ་བས་ཟིན་ན་ཁམས་གསུམ་ལས་འདའ་བ་ཡིན་ནོཿདེའི་
(༩༠)ཕྱིར་གང་ལའང་ཆེད་འཛིན་མེད་པར་འོད་གསལ་གྱི་ངང་ལ་གོམས་པ་རབ་ཏུ་གཅེས་སོཿདེ་ནི་སངས་རྒྱས་ཀུན་གྱི་གསང་བའི་ཉེ་ལམ་ཆེན་པོ་ཡིན་ནོཿགསུམ་པ་འབྲས་བུའི་འོད་གསལ་འཆར་ཚུལ་བསྟན་པ་ནིཿརབ་ལ་ཚེ་འདིར་ཞིང་སྣང་འོག་མིན་དུ་འཚང་རྒྱ་ལཿཕལ་པ་གོམས་པས་བར་དོར་འཆར་ཏེཿམེ་ལོང་གི་གསལ་བྱེད་དུ་བལྟར་བཅུག་ནསཿགདངས་བརྩེག་མ་ལྟརཿནང་དབུགས་ཆད་ནས་མིག་ནས་འོད་གསལ་གྱི་ཐག་པ་ལས་མཆེད་དེཿཕྱོགས་ཐམས་ཅད་འོད་ལྔའི་ཞིང་དུ་འཆར་བར་ངོ་སྤྲོད་དོཿདེ་ཉིད་ཧྲིལ་གྱིས་གཞི་མར་མེ་ཉིད་ལ་ཐིམ་དུ་བཅུག་ནསཿསྣང་བ་དེ་ཀུན་རང་སྣང་དུ་རང་ངོ་ཤེས་པས་གཞིའི་འོད་གསལ་ལ་ཐིམ་སྟེ་གྲོལ་བར་ངོ་སྤྲད་དོཿཡང་ཧྲིལ་གྱིས་ཡར་དྲིལ་བས་སྣང་བ་དེ་དག་སྐད་ཅིག་ལ་ནམ་མཁར་ཡལ་བ་ལྟརཿའོད་གསལ་གྱི་སྣང་བ་ཤར་དུས་སྐད་ཅིག་ལ་སྔར་གྱི་འོད་གསལ་དང་འདྲེས་ནསཿགདོད་མའི་ཀ་དག་ནམ་མཁའ་ཆེན་པོའི་ངང་ལ་ནང་དུ་སྐད་ཅིག་མ་གཅིག་ལ་ཐིམ་པར་ངོ་སྤྲད་དོཿདེ་ནས་མར་མེའི་སྣང་
(༩༡)བ་ལས་བརྩེགས་མར་སྣང་བ་ཡུན་དུ་གསལ་བར་བསྟན་ཏེཿདབང་པོ་འབྲིང་རྣམས་ལ་འོད་གསལ་ཟུང་འཇུག་ལ་ཐིམ་པས་ཞི་ཁྲོའི་འཆར་ཚུལཿཟུང་འཇུག་ཡེ་ཤེས་ལ་ཐིམ་པས་ཁོང་སེང་གི་སྣང་བཿཡེ་ཤེས་ལྷུན་གྲུབ་ལ་ཐིམ་པས་རང་སྣང་འཆར་ཚུལཿལྷུན་གྲུབ་ཟད་སར་ཐིམ་པ་ངོ་བོའི་བཙན་ས་ཟིན་ཚུལ་རྣམས་ངོ་སྤྲད་དོཿཡང་ཤེལ་དྲི་མ་མེད་པ་ལྟར་ཀ་དག་ངོ་སྤྲད་དོཿདེ་ལས་འོད་ལྔར་སྣང་བ་ལྟར་ལྷུན་གྲུབ་ངོ་སྤྲད་དོཿསྲིད་པའི་བར་དོ་དང་ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་དུ་སྐྱེ་ཚུལ་ནིཿའོད་བརྩེགས་མ་སྣང་དུས་ངོ་སྤྲད་དོཿདེ་ནས་ཐོག་མར་གྲོལ་གཞི་ནས་སེམས་ཅན་གྱི་དོན་མཛད་པ་ནིཿཡང་སྔ་མ་བཞིན་པ་སྒྲིལ་ལཿགཞིའི་མར་མེ་མི་གཡོ་བ་ནང་གསལ་ཆོས་སྐུ་ཀ་དག་འགྱུར་བ་མེད་པའི་སྐུའི་དཔེའོཿགདངས་ཀྱི་མར་མེ་དང་འོད་ལྟརཿགཞི་ལས་ལྷུན་གྲུབ་ཏུ་ལོངས་སྐུ་དང་སྤྲུལ་སྐུའི་གདངས་འཕྲོས་པས་སེམས་ཅན་གྱི་དོན་འབྱུང་བར་ངོ་སྤྲད་དོཿགདངས་གཞི་ལ་ཐིམ་པ་ལྟར་འགྲོ་དོན་མཛད་ནསཿསྤྲུལ་
(༩༢)སྐུ་ལོངས་སྐུར་ཐིམཿལོངས་སྐུ་གདོད་མའི་ཀ་དག་གཞོན་ནུ་བུམ་པའི་སྐུར་ཐིམ་པ་ངོ་སྤྲད་དོཿདེ་ལས་སེམས་ཅན་དང་སངས་རྒྱས་སུ་འཁྲུལ་ཚུལ་དང་ཿགྲོལ་ཚུལ་ཡང་ངོ་སྤྲད་དོཿདེས་ནི་མཐར་ཐུག་ངེས་པའི་སྙིང་པོ་གཅིག་ཏུ་བསྟན་པ་བཤད་ཟིན་ཏོཿའདི་ནི་ཟབ་མོའི་ཡང་ཟབ་སྙིང་པོའི་དོནཿསྙིང་ཕྱུང་ལག་ཁྲིད་དག་ཏུ་བསྡེབས་པ་ཡིནཿམཁའ་འགྲོའི་ཚོགས་རྣམས་བཟོད་པར་མཛད་དུ་གསོལཿམ་འོངས་ལས་ཅན་རྣམས་དང་འདི་འཕྲད་ཤོགཿདྲི་མེད་འོད་ཟེར་མི་གནས་ད་འགྲོ་ཡང་ཿགདམས་པའི་སྙིང་པོ་བཞག་ནས་སོང་པར་ངེསཿམཐར་ཐུག་སྲོག་ལས་ཕངས་འདི་ཉམས་སུ་ལོངསཿགངས་རི་ཐོད་དཀར་མགུལ་དུ་བཀོད་པ་ཡིནཿའོད་གསལ་སྦུབས་འཇུག་ཅེས་བྱ་བཿཨྠིྀྀིཿས་མ་ཡཿརྒྱ་རྒྱ་རྒྱཿཤིན་ཏུ་དགེ་ཞིང་བཀྲ་ཤིས་སོཿ༄༅ཿསྒྲོན་མ་བཞི་སྐོར་བཞུགས་སོཿརིན་ཆེན་ཤོག་སེར་སྐོརཿ༈།། །སྒྲོན་མ་བཞི་སྐོར་ཅེས་བྱ་བཿདཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོཿརབ་ཟབ་སྙིང་གི་འོད་ཟེར་གྱིསཿསྒྲོན་མའི་སྣང་བ་
(༩༣)དཔག་མེད་སྟོནཿཡེ་ཤེས་བླ་ན་མེད་པ་ཡིཿའབྱུང་གནས་དེ་ལ་གུས་ཕྱག་འཚལཿདང་པོ་ཁོ་ནར་མཁའ་འགྲོ་ཡིཿརྗེས་སུ་ཞུགས་དག་འདི་ཉིད་དུཿརང་གི་བློ་ཡི་འོད་ཟེར་གྱིསཿའགྲོ་བློའི་པདྨོ་དབྱེ་བར་བྱཿདེ་ལ་གཞི་སྒྲོན་མ་བཞིར་ངོ་སྤྲདཿལམ་སྒྲོན་མ་བཞིར་ཉམས་སུ་བླང་ཿའབྲས་བུ་སྒྲོན་མ་བཞིའི་གྲོལ་ཚུལ་བསྟན་པ་དང་གསུམ་ལསཿདང་པོ་ལ་གཉིས་ཏེཿསྔོན་འགྲོ་ནི་ངོ་སྤྲོད་ཀྱི་ཁང་བུ་ཕྱོགས་ཕྱེད་པའི་སར་སྔ་དྲོའི་ཚེཿཉི་མའི་ངོས་སུ་གསེར་སྐུའམཿབྲིས་སྐུའི་སྟེང་འོག་འཁོར་ཡུག་ཏུཿཡེ་ཤེས་ལྔའི་དྲུ་བུ་དྲ་བ་རིས་སུ་བསྐར་བ་འོད་ཀྱི་ཕུང་པོ་ལྟར་བྱས་པའི་མཐའ་ན་ཕརཿཚེ་འཛིན་འོད་ཟེར་རིས་སུ་བཀྲམ་པའི་བར་བར་དང་ཿརྩེ་མོར་ཏིང་ཕོར་བཀྲམ་ཞིང་ཿཚེ་འཛིན་ལུ་གུ་རྒྱུད་དུ་འཁྱོགས་པའི་རི་མོ་མང་པོར་བྱཿཚོགས་གཏོར་བཤམསཿཡོལ་བ་བླ་རེས་བྲེས་ལ་མཎྜལ་ཕུལ་ཏེཿགསོལ་བ་གདབ་བོཿདེ་ནས་དངོས་གཞི་ནི་རྡོ་རྗེ་སེམས་དཔའི་མེ་ལོང་ལ་མ་ཡེངས་པར་བལྟས་ཏེཿསྣང་བ་དེ་ཀུན་ནམ་མཁའ་དཀྱིལ་ན་ཕར་སྣང་བ་ལཿབླ་མས་
(༩༤)འདི་ལྟར་ངོ་སྤྲད་དོཿཨེ་མ་འདི་ལྟར་ཤེས་པར་གྱིས་ཤིགཿདབུས་ཀྱི་འོད་ཟེར་གྱི་ཕུང་པོ་འདི་ནིཿསྙིང་གི་ནང་ན་དབྱིངས་རྣམ་པར་དག་པའི་སྒྲོན་མ་འོད་ལྔ་ལྷུན་གྲུབ་ཏུ་ཡོད་པའི་དཔེའོཿདེའི་ནང་ན་འོད་ཟླུམ་པོ་མུ་ཁྱུད་དུ་སྣང་བ་འདི་ནི་ཐིག་ལེ་སྟོང་པའི་སྒྲོན་མ་མཚོན་པའི་དཔེའོཿདེའི་དབུས་ན་ལྷའི་སྐུ་སྣང་བ་འདི་ནི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུཿནང་གསལ་བུམ་པའི་རང་བཞིན་དུ་ནང་ན་འོད་གསལ་བར་བཞུགས་པའི་དཔེའོཿདེ་ཐམས་ཅད་ཀྱི་མཐར་འོད་ཟེར་དང་འོད་དཀར་པོར་སྣང་བ་འདི་ནིཿརྩ་རྣམས་ཀྱི་ནང་ན་ཐིག་ལེ་ཐིག་ཕྲན་དུ་སྣང་བའི་དཔེའོཿབར་ན་ལུ་གུ་རྒྱུད་འོད་ཟེར་གྱི་ཐག་པ་ལྟར་སྣང་བ་ནི་ཡེ་ཤེས་འོད་ཀྱི་རྩའི་རང་གདངས་མཚོན་པའི་དཔེའོཿདེ་ཡང་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་ལས་གྱེས་པའི་འོད་རྩ་འགྲེང་བུ་རྣམས་ནིཿརྡོ་རྗེ་ལུ་གུ་རྒྱུད་ཀྱི་སྣང་བ་འདི་འཆར་བའི་དཔེའོཿགདངས་གཉིས་པ་གསུམ་ལ་ནམ་མཁར་སྣང་བ་འདི་ནིཿཁྲོ་བོའི་དཀྱིལ་འཁོར་ཞི་བའི་རང་གདངས་ཡིན་པའི་དཔེའོ། དེ་ལྟ་བུའི་སྣང་བ་སྣ་ཚོགས་གཅིག་ལས་མང་པོར་སྣང་བ་འདི་ནིཿསྙིང་དབུས་ནས་རྩ་
(༩༥)དར་དཀར་གྱི་སྐུད་པ་འདྲ་བ་ལས་ཐོན་ཏེཿརྒྱང་ཞག་ཆུའི་སྒྲོན་མའི་དབུས་ན་གསལ་བའི་སྣང་བཿཕྱིའི་དབྱིངས་ནམ་མཁའ་སྟོང་པ་ལ་སྙིང་ནང་གི་གདངས་རྣམས་འཆར་བ་ནི་མེ་ལོང་ལ་བཞིན་གྱི་དཀྱིལ་འཁོར་འཆར་བ་ལྟ་བུ་སྟེཿདབྱིངས་རྣམ་དག་གི་སྒྲོན་མའི་རྟགས་སུ་འོད་ཁྱིམ་སྣང་བ་འདི་ཡིན་ནོཿཐིག་ལེ་སྟོང་པའི་སྒྲོན་མའི་རྟགས་སུ་དེའི་ནང་ན་འོད་ཀྱི་འཁོར་ལོ་སྣང་བ་འདི་ཡིན་ནོཿརིག་པའི་སྐུ་ཡོད་པའི་རྟགས་སུ་དེའི་དབུས་ན་རྡོ་རྗེ་ལུ་གུ་རྒྱུད་སྣང་བ་འདི་ཡིན་ནོཿདེའང་ཐུགས་རྗེ་རང་བྱུང་གི་ཡེ་ཤེས་རང་གསལ་ཆེན་པོ་ཤེས་རབ་ཡེ་ཤེས་རང་བྱུང་གི་སྒྲོན་མའི་རྟགས་སུཿསྣང་བ་འདི་དག་ལ་ལྟོས་ལ་དར་ཅིག་སེམས་མཉམ་པར་ཞོག་ཅིགཿའོ་དེའི་དུས་ན་ཤེས་པ་རང་གསལ་སྣང་སྟོང་འཛིན་མེད་ཆེན་པོར་སྣང་བ་འདི་རང་ཡིན་ནོཿདེ་ལྟར་ན་ངོ་བོའི་རྟགས་སུ་སྐྱེ་མེད་སྤྲོས་པ་དང་བྲལ་བ་ལཿརང་བཞིན་གྱི་རྟགས་སུ་འོད་སྣ་ཚོགས་སུ་གསལ་ཞིང་ཿཐུགས་རྗེའི་རྟགས་སུ་ཤེས་པ་གསལ་སྟོང་དུ་འཆར་བ་འདི་ཁོ་ན་གདོད་མའི་མགོན་པོ་
(༩༦)འོད་མི་འགྱུར་བ་སྙིང་གི་དབུས་ན་སྐུ་གསུམ་འདུ་འབྲལ་མེད་པའི་དགོངས་པ་ལ་བཞུགས་པ་ཡིན་པར་ཤེས་པར་གྱིས་ཤིག་ཅེས་སོཿགཉིས་པ་ལམ་སྒྲོན་མ་བཞིར་ཉམས་སུ་བླང་བ་ནི་བཞུགས་སྟངས་གསུམ་དང་ལྟ་སྟངས་ཀྱི་གཟིགས་སྟངས་གསུམ་ལ་གནད་གཅུན་ལཿནམ་མཁར་སྣང་དུས་ངོ་སྤྲད་པ་བཞིན་ཉམས་སུ་བླང་བ་སྟེཿདེའང་ལུས་མ་འགུལ་བསཿརྩ་དང་མིག་མི་འགུལཿཆུའི་སྒྲོན་མ་མ་འགུལ་བས་ཕྱིའི་དབྱིངས་ནམ་མཁའ་ལ་ནང་གི་དབྱིངས་རྣམ་དག་གི་སྒྲོན་མ་འོད་ཀྱི་འཇའ་ཚོན་རིས་སྣང་བའི་ནང་ན་ཐིག་ལེ་སྟོང་པའི་སྒྲོན་མ་འོད་ཀྱི་འཁོར་ལོར་བཞག་ལཿདེའི་ནང་དུ་ཤེལ་སྦུག་ཅན་གྱི་རང་གདངས་རིག་པ་རྡོ་རྗེ་ལུ་གུ་རྒྱུད་བཞག་ནསཿགཟེར་བཏབ་པ་བཞིན་མི་འགུལ་བར་བྱས་པསཿཤེས་པ་གསལ་སྟོང་སྤྲོས་པ་དང་བྲལ་བ་ཤེས་རབ་རང་བྱུང་གི་སྒྲོན་མ་འཆར་རོཿདེ་ཉིད་ཀྱི་ངང་ལ་མ་ཡེངས་པར་བསྒོམ་པ་ནིཿརྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཏིག་གི་གནད་མཐར་ཐུག་པའོཿདེའང་རྒྱང་ཞག་ཆུའི་སྒྲོན་མ་ལས་སུ་རུང་
(༩༧)བས་མིག་གིས་གཟིགས་སྟངས་གསུམ་གང་ལ་བལྟས་ཀྱང་ཿམི་བདེ་བ་མེད་པར་སྡོད་པའོཿདབྱིངས་རྣམ་དག་གི་སྒྲོན་མ་ལས་སུ་རུང་བས་འོད་ཁྱིམ་ལྔ་ལྡན་དུ་རང་གསལ་ལོཿཐིག་ལེ་སྟོང་པའི་སྒྲོན་མ་ལས་སུ་རུང་བས་རིག་པའི་རང་ཡུལ་རང་གསལ་བའོཿཤེས་རབ་རང་བྱུང་གི་སྒྲོན་མ་རང་གསལ་བས་རྡོ་རྗེ་ལུ་གུ་རྒྱུད་ལ་བརྟན་པ་ཐོབ་སྟེ་འགུལ་འཕྲིགས་མེད་ཅིང་ཿནང་རྩ་འོད་དུ་སོང་བས་ཤ་ཁྲག་རུས་པ་ལ་སོགས་པ་འོད་དུ་འགྲོ་བའི་དགོས་པ་ཡོད་དོཿདེ་ལྟར་སྒྲོན་མ་བཞིའི་གནད་ཀྱིས་ལམ་སྣང་བ་བཞིའི་འཆར་ཚུལ་ངོས་ཟིན་ཏེཿལམ་སྣང་གི་ཡོན་ཏན་ལོངས་སྐུའི་ཞིང་དུ་གྲོལ་ནས་ཚེ་འདི་ཉིད་ལ་ལྷག་མེད་འགྲུབ་པའི་དགོས་པ་ཡོད་དོཿདེའང་རྒྱང་ཞགས་ཆུའི་སྒྲོན་མ་མི་གསལ་ན་སྨན་དང་སྔགས་ལ་སོགས་པས་བཅོས་པར་བྱའོཿདབྱིངས་རྣམ་དག་གི་སྒྲོན་མ་མི་གསལ་ནཿཉི་མའི་ངོས་ལ་ཁྲུ་གང་གིས་མ་རེག་པར་བལྟས་ལ་ཁད་ཀྱིས་ཉི་མ་དང་ཕྲལ་ལ་ཉམས་སུ་བླང་ངོ་ཿཐིག་ལེ་སྟོང་པའི་སྒྲོན་མ་མི་གསལ་ན་དབྱིངས་ཀྱི་སྣང་བ་ལ་མི་འགྱུར་བར་བལྟའོཿ
(༩༨)ཤེས་རབ་རང་བྱུང་གི་སྒྲོན་མ་མི་གསལ་ན་རྡོ་རྗེ་ལུ་གུ་རྒྱུད་འགྲོ་འོང་མེད་པས་རླུང་རབ་ཏུ་དལ་བ་ལ་བསླབ་བོཿདེས་ནི་སྒྲོན་མ་བཞིའི་སྣང་བ་གོང་དུ་འཕེལ་ཞིང་ཆོས་ཉིད་མངོན་སུམ་གྱི་སྣང་བ་ལ་ཐིག་ལེ་སྟོང་པའི་སྒྲོན་མ་རང་གི་སྨིན་མཚམས་ལས་བྲལ་ཏེཿགསུམ་སྤྲེལ་དུ་སྣང་བ་ནས་ཉམས་སྣང་གོང་དུ་འཕེལ་ཏེ་ལོངས་སྤྱོད་རྫོགས་པའི་སྐུ་རྐྱང་བ་སྣང་བ་ནཿརིག་པ་ཚད་ལ་ཕེབས་ཏེ་ཡབ་ཡུམ་ཟུང་འབྲེལ་དུ་སྣང་ཞིང་ཿཕྱི་ནང་གི་རྡོས་བཅས་རྟོག་ཚོགས་དང་བཅས་པ་སྣང་བའི་འཕེལ་ཆ་རྣམས་ཀྱང་ཟད་ནསཿའོད་ཕུང་གི་ནང་ན་རང་གི་ལག་སོར་ཙམ་ལས་མི་སྣང་བ་ནི་ཆོས་ཉིད་ཟད་པའི་སྣང་བ་སྟེཿདེ་ལས་ཀྱང་འདས་ནས་འོད་གསལ་ནང་ཐིམ་ལ་ལྷག་མེད་འགྲུབ་པ་ཡིན་ནོཿགསུམ་པ་འབྲས་བུ་སྒྲོན་མ་བཞིའི་གྲོལ་ཚད་ནིཿརབ་ལ་ཚེ་འདིར་འོང་ལ་ཕལ་པ་རྣམས་ལ་བར་དོར་འཆར་ཏེཿའཆི་ཁའི་སྣང་བ་ལས་ཐལ་ཏེཿརྣམ་ཤེས་ནམ་མཁའ་ལཿནམ་མཁའ་འོད་གསལ་ལ་ཐིམ་པའི་ཚེཿརྒྱང་ཞགས་ཆུའི་སྒྲོན་མ་ལས་ཐུགས་རྗེ་རྒྱུན་གྱི་ཐག་པ་ནམ་མཁར་འབྲེལ་བ་ལསཿ
(༩༩)དབྱིངས་རྣམ་དག་གི་སྒྲོན་མ་འོད་གསལ་གྱི་སྣང་བས་འཇིག་རྟེན་ཁེངས་པ་འོང་ངོ་ཿདེའི་ཚེ་རང་སྣང་རང་ངོ་ཤེས་པས་ཤེས་རབ་རང་བྱུང་གི་སྒྲོན་མ་ཤར་ཏེཿཐིག་ལེ་སྟོང་པའི་སྒྲོན་མ་འོད་ཀྱི་འཁོར་ལོ་ལས་སྐད་ཅིག་མ་ལས་ནང་གསལ་དུ་གྲོལ་ལོཿདེ་ལ་གདིང་མ་རྙེད་ན་འོད་གསལ་ཟུང་འཇུག་ལ་ཐིམ་པའི་ཚེཿདབྱིངས་རྣམ་དག་གི་སྒྲོན་མས་སྟོང་གསུམ་འོད་སྣང་དུ་ཤར་བའི་ནང་དུཿཐིག་ལེ་སྟོང་པའི་སྒྲོན་མ་རང་ཤར་བའི་དབུས་སུ་ཞི་ཁྲོའི་སྣང་བ་ཤར་ནསཿཟེར་ཐག་སྙིང་གར་ཟུག་པའི་ཚེཿརང་བཞིན་གྱིས་བསམ་གཏན་ལ་ཞག་ལྔར་གནས་པསཿཤེས་རབ་རང་བྱུང་གི་སྒྲོན་མ་ཤར་ཏེཿརང་ངོ་ཤེས་པས་དེ་ཉིད་དུ་གྲོལ་ལོཿདེ་ལའང་གདེང་མ་རྙེད་ན་ཟུང་འཇུག་ཡེ་ཤེས་ལ་ཐིམ་པའི་ཚེཿདབྱིངས་རྣམ་དག་གི་སྒྲོན་མ་ཡེ་ཤེས་བཞི་སྦྱོར་དུ་གསལ་བའི་ནང་དུཿཐིག་ལེ་སྟོང་པའི་སྒྲོན་མ་ཐིག་ལེའི་རྣམ་པར་མཐོང་དུསཿཤེས་རབ་རང་བྱུང་གི་སྒྲོན་མ་རང་གསལ་འཛིན་མེད་རང་གྲོལ་དུ་ཤེས་པས་གྲོལ་ལོཿདེ་ལའང་ངེས་པ་མ་
(༡༠༠)རྙེད་ན། ཡེ་ཤེས་ལྷུན་གྲུབ་རིན་པོ་ཆེར་ཐིམ་པའི་ཚེཿདབྱིངས་རྣམ་དག་གི་སྒྲོན་མ་ལས་འོད་དུ་གསལ་ཞིང་ཿཐིག་ལེ་སྟོང་པའི་སྒྲོན་མ་ལས་འོད་ལྔའི་མུ་ཁྱུད་དུ་སྣང་བའི་ནང་ནཿལྷའི་སྐུ་མང་པོ་གསལ་བ་ལཿརང་སྣང་སྤྲོས་པ་དང་བྲལ་བ་ཤེས་རབ་རང་བྱུང་གི་སྒྲོན་མ་ཤར་བས་རང་གྲོལ་ནསཿཐིམ་ལུགས་བརྒྱད་ཀྱིས་གདོད་མའི་སར་ནང་གསལ་དུ་གྲོལ་ལོཿདེ་ལྟར་བར་དོའི་འཆར་སྣང་ཇི་སྙེད་པ་ཐམས་ཅད་སྒྲོན་མ་བཞིའི་སྣང་བ་ལས་རང་བྱུང་བའོཿདེ་ནས་གདོད་མའི་སར་ཐིམ་པའི་ཚེ་སྒྲོན་མ་བཞི་དབྱིངས་སུ་འཁྱིལ་ཏེཿངོ་བོ་ཀ་དག་གི་སྣང་བ་ནམ་མཁའ་རྣམ་པར་དག་པ་ལྟ་བུའམཿམན་ཤེལ་དྲི་མ་མེད་པ་འདྲ་བའི་སྦུབས་སུཿདབྱིངས་རྣམ་དག་གི་སྒྲོན་མཿཐིག་ལེ་སྟོང་པའི་སྒྲོན་མཿཤེས་རབ་རང་བྱུང་གི་སྒྲོན་མཿརྒྱང་ཞགས་ཆུའི་སྒྲོན་མ་ནི་དེའི་ཚེཿདངོས་སུ་ཐིམ་རྒྱུར་མེད་ཀྱང་འཆར་གཞིའི་ཆ་ལ་བཏགས་པསཿདེ་བཞི་ཀ་དག་ནམ་མཁའ་ལྟ་བུའི་ངང་ན་ནང་གསལ་དུ་གནས་པ་ལཿདབྱིངས་སུ་འཁྱིལ་པ་ཞེས་བྱའོཿདེ་ལས་ལོངས་སྐུར་སྣང་བའི་
(༡༠༡)ཚེཿདབྱིངས་རྣམ་དག་གི་སྒྲོན་མས་ཞིང་ཁམས་སྟུག་པོ་བཀོད་པའི་སྣང་བ་སྟོནཿཐིག་ལེ་སྟོང་པའི་སྒྲོན་མས་གཞལ་ཡས་ཁང་རྣམ་པར་དག་པའི་སྣང་བ་སྟོནཿཤེས་རབ་རང་བྱུང་གི་སྒྲོན་མས་མཁྱེན་རབ་དང་ཐུགས་རྗེ་རྣམ་པར་དག་པའི་སྣང་བ་སྟོནཿརྡོ་རྗེ་ལུ་གུ་རྒྱུད་ལས་ཞི་ཁྲོ་སྣ་ཚོགས་ཀྱི་སྐུ་རྣམ་པར་དག་པའི་སྣང་བ་སྟོནཿདེ་ལས་སྤྲུལ་པའི་སྐུ་སྣ་ཚོགས་སྣང་བས་འགྲོ་བའི་དོན་བྱས་ཏེཿམཐར་ཡང་གདོད་མའི་ངང་དུ་ནང་གསལ་གཞི་ཐོག་ཉིད་དུ་ལྷུན་གྱིས་གྲུབ་པའོཿདེ་ལྟར་གཞི་ལམ་འབྲས་བུ་བླ་ན་མེདཿསྒྲོན་མ་བཞིར་བསྡུས་སྐལ་ལྡན་སྨིན་མཛད་ཅིང་ཿཔདྨ་ལས་འབྲེལ་རྩལ་གྱིས་ལེགས་པར་བཀོདཿམཁའ་འགྲོ་སྙིང་ཏིག་མན་ངག་སྙིང་པོའི་དོནཿཡང་ནས་ཡང་བསྡུས་གཅིག་ཏུ་དྲིལ་བ་ནིཿའདི་ཉིད་ཡིན་ཏེ་གཞན་དུ་བསྟན་པ་མེདཿགནད་རྣམས་ཉག་གཅིག་སྙིང་ཕྱུང་འདིར་བཀོད་པསཿཕྱི་རབས་སྐལ་ལྡན་ཉམས་བླང་ཚད་དུ་ཕྱིནཿལྷུན་གྲུབ་ས་ལ་ཞིང་སྣང་རྒྱ་ཆེ་བསཿའགྲོ་བའི་
(༡༠༢)དོན་གཉིས་ལྷུན་གྱིས་གྲུབ་པར་ཤོགཿབདག་གིས་སྙིང་ཕྱུང་ཡང་གསང་སྙིང་པོའི་རྒྱུདཿའདིར་ནི་མངོན་སུམ་ཉིད་དུ་གཏན་ལ་ཕབཿཕྱི་རབས་སྐལ་ལྡན་རྣམས་དང་འདི་འཕྲད་ཤོགཿའཇིག་རྟེན་ཁམས་ན་དཀོན་པའི་རིན་པོ་ཆེཿསྒྲོན་མ་བཞི་སྐོར་སྙིང་ཏིག་ཡང་གསང་འདིཿགངས་རི་ཐོད་ཀར་ཨོ་རྒྱན་རྫོང་གནས་སུཿདྲི་མེད་འོད་ཟེར་བདག་གིས་སྣང་བར་བྱསཿསྒྲོན་མ་བཞི་སྐོར་ཞེས་བྱ་བཿདཔལ་ལྡན་ཡུལ་དབུས་གངས་རི་ཐོད་དཀར་གྱི་མགུལ་དུ་བཀོད་པ་རྫོགས་སོཿདགེའོཿརྒྱ་རྒྱ་རྒྱཿ༄༅ཿའཁྲུལ་སྣང་གཞི་གྲོལ་ཞེས་བྱ་བ་བཞུགས་སོཿརིན་ཆེན་ཤོག་སེར་གྱི་སྐོརཿ༈།། །འཁྲུལ་སྣང་གཞི་གྲོལ་ཞེས་བྱ་བཿདཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོཿའཁྲུལ་པའི་སྣང་བ་མ་འཁྲུལ་ཡེ་ཤེས་སུཿགསལ་བར་སྟོན་མཛད་པདྨའི་ཞབས་བཏུད་དེཿམ་དག་ལས་ཀྱང་དག་པའི་དབྱིངས་འཆར་བ། གདོད་མའི་གྲོལ་གཞིར་འཆར་བ་བཤད་ཀྱིས་ཉོནཿདེ་ལ་སྤྱིར་དང་པོའི་གཞི་ལས་འོད་ལྔར་ཤར་བ་བདག་ཏུ་བཟུང་བས་འཁོར་བར་འཁྱམས་དུསཿ
(༡༠༣)དང་པོའི་གནས་སུ་ལ་ཟློ་བ་ཡེ་ཤེས་འོད་གསལ་གྱི་གདངས་ལ་བལྟས་པས་གདོད་མར་གྲོལ་བའི་གདམས་པ་མཁའ་འགྲོ་སྙིང་ཏིགཿམངོན་སུམ་འོད་གསལ་གྱི་གདམས་པ་གསུངས་ཏེཿརྟག་ཏུ་ཉམས་སུ་ལེན་པ་ལ་བརྩོན་པར་བྱ་བ་ཁོ་ནའོཿའོན་ཀྱང་མིག་ཤས་ཤིན་ཏུ་ངན་པས་དེ་བལྟ་བའི་ནུས་པ་མེད་པའམཿསྐབས་སུ་ངལ་བསོ་བའི་བར་སྐབས་སམཿམིག་ལོང་བའི་གནས་སྐབས་ན་ཉམས་སུ་ཇི་ལྟར་བླང་ཞེ་ནཿའདིར་མདོ་ཐུན་མོང་པའི་ངོ་སྤྲོད་ལ་ཉམས་སུ་བླངས་བར་བྱའོཿདེ་ཡང་དང་པོའི་གཞི་སྣང་འོད་ལྔར་སྣང་བ་བཞིན་དུཿའབྱུང་བ་ལྔ་ཡང་རེགས་པ་འོད་ལས་ཤར་བའི་སྣང་བ་སྟེཿདོན་ལ་བཟང་ངན་མེད་དོཿནམ་མཁར་འོད་ལ་བལྟས་པསཿསེམས་ཀྱི་བྱུང་ཚོར་གནས་སུ་དག་ནསཿཤེས་རབ་རང་བྱུང་གི་སྒྲོན་མ་ནང་དུ་ཤར་བ་བཞིན་དུཿའབྱུང་ལྔར་སྣང་བ་ལ་གཏད་པསཿདེར་འཛིན་མེད་དུས་ཤེས་རབ་རང་བྱུང་གི་སྒྲོན་མ་ལྷུན་གྲུབ་ཏུ་འཆར་བས་ཁྱད་པར་མེད་དོཿཤེས་རབ་རང་བྱུང་གི་སྒྲོན་མ་ཙམ་དུ་འཛིན་པ་མེད་པས་གདོད་མའི་གཞི་ལ་
(༡༠༤)གྲོལ་བར་བསྐྱེལ་སོ་ནི་ཇི་ལྟ་བ་བཞིན་གཉིས་ཀ་ལ་མཚུངས་པའི་ཕྱིརཿའོད་སྣང་དང་ཿའཁྲུལ་སྣང་རིག་གདངས་སུ་མཉམ་པསཿརྒྱ་ཡན་ཕྱོགས་བྲལ་གྱི་གདམས་པས་མཚོན་ནས་ངོ་སྤྲད་ནཿཇི་ལྟར་སྣང་བ་དེ་བཞིན་ཉིད་དུ་ཞོགཿམ་བཅོས་མཉམ་པའི་རྒྱལ་པོ་དེ་ལ་ནིཿགཏང་གཞག་མེད་པའི་འོད་གསལ་ཁོང་ནས་འཆརཿགདོད་མའི་ངང་དེར་ད་ལྟ་ལྷུན་གྱིས་གྲུབཿདེ་ཡང་ས་ཆུ་མེ་རླུང་ནམ་མཁའ་དྭངས་པའི་ངོས་རྣམས་ལཿམིག་མི་འགུལ་བར་གཏད་ནསཿསེམས་གང་དུའང་མི་བསམཿཅིར་ཡང་མ་བཅད་པསཿསྤྲོ་བསྡུ་མེད་པའི་ཡེ་ཤེས་བདེ་གསལ་མི་རྟོག་པ་ཁོང་ནས་འཆར་ཞིང་སྒོམ་པའི་ངོ་བོ་གཞི་གྲོལ་ཅོག་གཞག་གོཿདེ་ཡང་འབྱུང་བ་ལྔསཿང་ནི་འབྱུང་བ་ལྔའོ་སྙམ་དུ་མི་རྟོག་གོཿངེད་ལ་འགྲོ་བ་བརྟེན་ནོ་སྙམ་དུ་གཞན་ལ་མི་རྟོག་པརཿགསལ་ལ་འཛིན་མེདཿབླང་དོར་དང་རེ་དོགས་མེད་པའི་ངང་ལ་གཏན་དུ་གནས་པ་བཞིན་དུཿརང་བྱུང་སེམས་ཉིད་ཀྱང་བཅོས་བསླད་དང་རེ་དོགས་མེད་པའི་ངང་ལ་རྒྱུན་དུ་མ་ཡེངས་པར་གཞག་གོཿདེའི་ཚེ་གཟུགས་སྣང་ཿསྒྲ་སྣང་ཿདྲི་སྣང་ཿརོ་སྣང་ཿརེག་
(༡༠༥)སྣང་གང་ལ་ཡང་རང་རང་གི་ཐོག་དེར་ལྷོད་དེ་གློདཿཙན་ནེར་བཞག་པས་རྣམ་རྟོག་གཞན་རྣམས་དེར་འདུས་ལཿདེ་ཉིད་ཙམ་དུ་ཡང་འཛིན་ཞེན་མེད་པས་གདོད་མའི་གཞི་ཐོག་ཏུ་བཅོས་བསླད་མེད་པའི་སྐད་ཅིག་ལ་སླེབས་སོཿདེ་ཡང་གཏང་གཞག་མེད་པའི་སེམས་ཉིད་ནི་གདོད་མའི་གཞིའོཿདེའི་ངང་ལས་འབྱུང་བ་ལྔའམཿཚོགས་དྲུག་གི་ཡུལ་རྣམས་ཀྱི་སྣང་བ་གཞི་སྣང་དུ་ཤར་བའོཿདེའི་ངང་ལ་མ་བཅོས་པར་བཞག་པ་ནིཿགཞི་ཇི་བཞིན་ཉིད་དུ་བཞག་པའོཿདེ་ཐོག་ཏུ་དེར་འཛིན་མེད་པར་གྲོལ་བ་ནིཿགདོད་མའི་གཞི་ལ་ཕེབས་པའོཿདེའི་ངང་དུ་གཏང་གཞག་དང་སྤྲོ་བསྡུ་མེད་པར་གནས་པ་ནིཿགཞི་ལས་མ་གཡོས་པ་སྐུ་གསུམ་ལྷུན་གྲུབ་ཆེན་པོའི་རང་བཞིནཿལྷུན་གྲུབ་རིན་པོ་ཆེའི་སྦུབས་ཞེས་བྱ་བའོཿདེ་ཉིད་ཐུན་མོང་གི་ཐེག་པ་དང་ཤན་སྦྱར་བའོཿཐོག་མ་མེད་པ་དོན་གྱི་དབྱིངས་སེམས་ཉིད་རང་བཞིན་གྱིས་དག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པཿདོན་གྱི་གནས་ལུགས་དབུ་མ་ནི་གདོད་མའི་གཞིའོཿཐོག་མའི་མ་རེག་པ་ལྷན་སྐྱེས་དང་ཿཀུན་བརྟགས་ནི་འཁོར་བའི་རྒྱུ་རྐྱེན་ཏེཿ
(༡༠༦)གཟུང་འཛིན་འཁྲུལ་པ་བསྐྱེད་ནས་སྲིད་གསུམ་སོ་སོར་འཁྲུལ་པ་ནིཿགཞི་དེ་ཉིད་ངོ་མ་ཤེས་པར་འོད་ལ་ཞེན་པས་འགྲོ་དྲུག་ཏུ་འཁྲུལ་བའོཿའཁྲུལ་པའི་གཉེན་པོར་ཆོས་རྣམས་ཀྱི་གནས་ལུགས་འཁྲུལ་པ་མེད་བཞིན་སྣང་བ་གཟུགས་བརྙན་ལྟ་བུ་བག་ཆགས་ཀྱི་མཐུ་བརྟས་པས་སྣང་བ་ཀུན་རྫོབ་པ་ཉིདཿདོན་ལ་མ་གྲུབ་པས་བདག་མཐའ་དག་གིས་སྟོང་པའི་གནས་ལུགས་ནམ་མཁའ་ལྟ་བུ་བསྒོམས་པསཿགདོད་མའི་གཞིར་གྲོལ་ཏེ་སྐུ་གསུམ་འདུ་འབྲལ་མེད་པས་འགྲོ་བའི་དོན་མཛད་པ་བཞིན་དུཿའོད་ལྔ་ལས་འཁྲུལ་པའི་ཡུལ་དང་ཿལུས་དང་སེམས་རྣམས་མེད་བཞིན་སྣང་བའི་གཉེན་པོརཿའོད་སྣང་ལ་བལྟས་པསཿརྡོས་བཅས་འཁྲུལ་པ་ཐམས་ཅད་རང་ལོག་སྟེ་ཀུན་རྫོབ་སངས་ནས་མ་འཁྲུལ་བའི་ཡེ་ཤེསཿགཞི་ཐོག་ཏུ་ཕྱིན་པསཿསྐུ་གསུམ་འདུ་འབྲལ་མེད་པའི་དོན་བྱེད་པར་མཚུངས་པར་བལྟ་བར་བྱའོཿསྤྱིར་གྱི་ཆོས་རྣམས་གུང་མཐུན་ལཿགནད་ཀྱིས་ཁྱད་ཞུགས་སོཿའདིར་བསྒོམས་
(༡༠༧)ན་སྐྱེ་མེད་ཀྱང་བློའི་རི་མོ་ཡིན་ལཿལྟ་བ་ལ་ཡིན་པ་མེད་པཿསྒོམས་པ་ལ་མིན་པ་མེད་པཿསྤྱོད་པ་ལ་བླང་དོར་མེད་པཿའབྲས་བུ་ལ་རེ་དོགས་མེད་པའོཿདེ་ལྟར་བློས་ཁོལ་བུར་མ་འཆིང་ཿནམ་མཁའ་གུད་ན་མ་བཅད་ཅེས་གདམས་པ་ཡིན་ནོཿའོ་ན་འབྱུང་ལྔར་སྣང་དུས་དེ་ལ་གཏད་པས་གཟུང་འཛིན་དུ་འགྱུར་རོ་སྙམ་ན་མ་ཡིན་ཏེཿའབྱུང་ལྔ་གཟུང་ཡུལ་ཡིན་གྱིསཿགཟུང་བ་མ་ཡིན་ནོཿདེ་ཡང་རི་མཐོང་དུས་རི་བོ་འོ་སྙམ་པ་ནི་གཟུང་བ་ལཿདེའི་ཁྱད་པར་ཁ་དོག་ལ་སོགས་པ་ལ་རྟོག་ཅིང་ཞེན་པ་ནི་འཛིན་པ་སྟེཿདེ་གཉིས་བློ་སྤྲོས་བཅས་ཡིན་པས་གཏང་གཞག་མེད་པའི་ངང་ལ་དེ་གཉིས་གང་ཡང་མེད་པསཿཿགཟུང་འཛིན་གང་ཡང་མེད་དོཿགཟུགས་ལ་སོགས་པའི་རྣམས་དབྱེ་དང་ཿསྣང་མི་སྣང་ཐམས་ཅད་བློའི་བརྡ་ཆད་ཡིན་པས་ཤེས་པ་ཡིན་ལཿགང་དུ་འདམ་བཅད་པར་དོན་རང་མཚང་ཐང་ནས་བཅོས་བསླད་མེད་པར་འཇོག་པ་ནིཿམངོན་སུམ་རྟོག་བྲལ་མ་འཁྲུལ་ཏེཿཤེས་རབ་རང་བྱུང་གི་སྒྲོན་མ་ཞེས་བྱའོ། འདི་
(༡༠༨)ཙམ་གྱིས་ཆོས་སུ་ཞེན་པ་ཐམས་ཅད་གྲོལ་ལོཿདེ་ལྟ་བུའི་ཉམས་ལན་ལ་གོམས་དུས་ཐོག་མའི་གཞི་ལ་གོམས་པསཿསྐད་ཅིག་གཅིག་གིས་ཀུན་ཏུ་བཟང་པོའི་ས་ལ་བཙན་ས་ཟིན་པསཿབར་དོ་ཡེ་ཤེས་ཀྱི་སྣང་བ་ལ་ད་ལྟའི་གནད་དང་འདྲེས་པས་ཡར་གྱི་ཟང་ཐལ་ལ་གྲོལ་བའོཿའདི་ནི་སྣ་ཚོགས་ཐབས་ལ་གོམས་པ་ཡིསཿའབད་པ་མེད་པར་གདོད་མའི་སར་གྲོལ་བཿགངས་རི་ཐོད་དཀར་མགུལ་དུ་བཀོད་པ་ཡིནཿའགྲོ་ཀུན་ཀུན་བཟང་ཞིང་ལ་ཕྱིན་པར་ཤོགཿའཁྲུལ་སྣང་གཞི་གྲོལ་གྱི་གདམས་པའོཿས་མ་ཡཿརྒྱ་རྒྱ་རྒྱཿདགེའོཿ༄༅ཿརྨི་ལམ་སྦུབས་འཇུག་ཅེས་བྱ་བ་བཞུགས་སོཿརིན་ཆེན་ཤོག་སེར་སྐོརཿ༈།། །རྨི་ལམ་སྦུབས་འཇུག་ཅེས་བྱ་བཿཡེ་ཤེས་མཚོ་རྒྱལ་ལ་ཕྱག་འཚལ་ལོཿབག་ཆགས་ཉིད་ལས་འཁྲུལ་པའི་གཟུགས་ཤར་བཿའཁོར་བའི་རྒྱུ་རྐྱེན་རྨི་ལམ་སྣང་བ་ཉིདཿཡེ་ཤེས་སྦུབས་སུ་འཇུག་པའི་མན་ངག་ནིཿཇི་ལྟར་བདག་ལ་བབས་པའི་ཚུལ་བཞིན་བཤདཿདེའང་ཉིན་དུས་ཀྱི་སྣང་བ་འཁྲུལ་པའི་བག་
(༡༠༩)ཆགས་ལསཿམཚན་དུས་ཀྱི་རྨི་ལམ་སྣ་ཚོགས་སུ་འབྱུང་བ་ནིཿརྣམ་རྟོག་ཕྱིར་བལྟས་ཡུལ་གྱི་རྗེས་སུཿནང་གི་རིག་པ་རླུང་གིས་བསྐྱོད་པ་ཉིད་འབྲངས་པ་ལས་བྱུང་བས་ཉིང་འཁྲུལ་དུ་ཤར་ཏེཿལས་དང་བག་ཆགས་ཀྱི་རྣམ་པ་བསགས་པས་འཁོར་བར་འཁྱམས་པའི་ཕྱིརཿབླ་མའི་མན་ངག་གིས་ཡེ་ཤེས་ཆེན་པོའི་དབྱིངས་སུ་སྦ་བར་བྱ་སྟེཿདེའང་ཉི་མ་འགར་དལ་བར་བྱས་ལཿསྣང་བ་ཐམས་ཅད་རྨི་ལམ་སྒྱུ་མར་རྩལ་སྦྱངས་ཏེཿམཚན་མོ་ཉལ་བས་རྨི་ལམ་ན་གང་ཤས་ཆེར་བརྟག་གོཿདེ་ཡང་ད་ལྟ་འབའ་ཞིག་གིས་ཉིན་དུས་ཅི་བྱས་རྨི་ན་བག་ཆགས་ཤས་ཆུང་བས་ཤིན་ཏུ་སྦྱང་སླའོཿའདས་པ་ཤས་ཆེ་བར་རྨི་ན་སྔར་འདྲིས་ཀྱི་བགས་ཆགས་ཤས་ཆེ་བས་ཅུང་ཟད་དཀའོཿཆལ་ཆོལ་དུ་འདྲེས་མར་རྨི་ཞིང་བག་ཆགས་མེད་པའི་རྣམ་པ་ཤས་ཆེར་རྨི་ན་སྦྱང་བར་ཤིན་ཏུ་དཀའ་སྟེཿདུས་གསུམ་གྱི་བག་ཆགས་ཤིན་ཏུ་འཐུག་པའི་ཕྱིར་རོཿདེ་ནས་མི་མེད་པའི་རི་ལ་སོང་སྟེཿགང་ཤས་ཆེ་བའི་རྨི་ལམ་དེཿད་ལྟའི་སྣང་བ་འདི་གསལ་
(༡༡༠)བཏབ་ལཿལུས་མཆོངས་རྒྱུགཿངག་ཀུ་ཅོཿསེམས་དྲན་རྟོག་སྣ་ཚོགས་པ་བླངས་ཏེཿསྐད་ཅིག་སྐད་ཅིག་ལ་བདེན་མེད་དུ་ཤར་ཤར་སྦྱངས་ཤིང་ཕཊ་ཕཊ་ཅེས་བརྗོད་ལ་བླ་མ་སྤྱི་བོར་བསྒོམས་ཏེཿའཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་བཞིན་བྱའོཿདེ་ལྟར་ཟླ་བ་ཕྱེད་དམཿཞག་བཅུར་སྦྱངས་པསཿགང་ཤར་གཟའ་གཏད་དང་བྲལ་བར་གཏན་ལ་ཕེབས་སོཿདེ་དག་གི་སྐབས་སུ་མཚན་མོ་གང་ལའང་མི་རྟོག་པར་ལྷོད་ཀྱིས་གློད་ལ་ཉལ་ལོཿདེ་ནས་སྐྱེ་འགགས་གྲངས་འདེབས་ཀྱི་དགེ་སྦྱོར་རྟོག་པའི་འཕྲོ་འདུ་ཐམས་ཅད་ལིངས་ཀྱིས་བསྒྱུར་ལཿསྒྱུ་མ་དང་རྨི་ལམ་ལྟ་བུའི་ལམ་ཁྱེར་ཡང་མི་བྱ་བརཿདབེན་ཞིང་དྭངས་པའི་གནས་སུ་ལུས་བཞུགས་སྟངས་གསུམ་གང་རུང་ངམཿརྡོ་རྗེ་སྐྱིལ་ཀྲུང་གི་གནས་ཤིང་ངག་སྨྲ་བརྗོད་ཐམས་ཅད་བཀགཿསེམས་དྲན་བསམ་ཐམས་ཅད་ཡིད་ལ་མི་བྱེད་པརཿནམ་མཁའ་དག་པའི་ངོས་སུ་མིག་མི་འགུལ་བར་གཏད་དེཿརླུང་ཕྱིར་དལ་གྱིས་བཟུང་ལཿནང་དུ་མི་བཞག་པར་མཉམ་པར་བཞག་པསཿཤེས་པ་ཕྱི་ནང་གང་ནའང་མི་གནས་
(༡༡༡)པའི་ཆོས་ཉིད་ཤེས་རབ་རང་བྱུང་གི་སྒྲོན་མ་ཁོང་ནས་འཆར་རཿདེ་ཉིད་ཀྱི་ངང་ལ་ཐབས་དེས་ཇི་ཙམ་བཞག་བཞག་གདོད་མའི་ཀ་དག་ཏུ་ད་ལྟ་གནས་པསཿའཕྲོ་འདུའི་རྟོག་པ་གཞི་ལ་ཐིམ་སྟེཿརྣམ་པར་མི་རྟོག་པའི་ཡེ་ཤེས་བློས་མ་བྱས་པའི་ཆོས་ཉིདཿརང་ལ་གནས་པའི་ཡེ་ཤེསཿབྱ་རྩོལ་འདས་པའི་སྒོམ་པཿཀུན་ཏུ་བཟང་པོའི་རང་བཞིན་དུས་ཐམས་ཅད་དུ་འཆར་རོཿདེ་ལྟར་ཉིན་མོ་ཉམས་སུ་བླངས་ནས་ཉལ་བའི་ཚེཿགཞོག་གཡས་ཕབ་ལཿསེམས་ཀྱི་དྲན་བསམས་འཕྲོ་འདུའི་རྟོག་པ་གང་ཡང་མི་བྱ་བར་ལྷོད་ནས་ཉལ་བསཿདང་པོར་རྨི་ལམ་གསལ་ལ་དྭངས་པ་སྔར་བས་ཉུང་བ་རྨིའོཿདེ་ནས་ཇེ་ཉུང་ཇེ་ཉུང་ལ་མཐར་དབྱིངས་སུ་ཐིམ་ནསཿམི་རྨི་བར་ཆོས་ཉིད་གདོད་མའི་ངང་དུ་གནས་པར་འགྱུར་རོཿདེའི་ཚེ་ཉིན་མཚན་འདྲེས་པ་ཞེས་བྱ་སྟེཿརང་བཞིན་སྤྲོས་བྲལ་གྱི་ངང་དུ་འཁོར་བར་གྲོལ་བསཿཚེའི་དུས་བྱས་དུས་ཀ་དག་གི་གྲོལ་གཞི་ནམ་མཁའ་ལྟ་བུའི་ངང་དུ་སངས་རྒྱའོཿདེ་ནི་ཆོས་ཉིད་ཀ་དག་གི་སྣང་བའི་སྦུབས་
(༡༡༢)སུ་རྨི་ལམ་སྦ་བ་ཞེས་བྱའོཿདེ་ནས་ལྷུན་གྲུབ་འོད་གསལ་གྱི་ངང་དུ་སྦ་བ་ནིཿའཁོར་འདས་རུ་ཤན་འབྱེད་པ་ཡན་ཆད་སྔར་དང་འདྲ་བ་ལསཿཁྱད་པར་དུ་ལྟ་སྟངས་དང་གཟིགས་སྟངས་བསྟུན་ལཿཉིན་དུས་མངོན་སུམ་འོད་ལྔའི་ངང་ལས་མ་ཡེངས་པར་བྱས་པསཿའཕྲོ་འདུའི་རྟོགས་པ་ཐམས་ཅད་འོད་གསལ་གྱི་དབྱིངས་སུ་ནུབ་ནསཿསྣང་ཡུལ་དུ་འོད་ལྔར་སྣང་ཡང་ཿསེམས་ཀྱི་སོ་སོར་མི་རྟོག་པ་མཉམ་རྫོགས་སྤྲོས་པ་དང་བྲལ་བའི་ཡེ་ཤེསཿཤེས་རབ་རང་བྱུང་གི་སྒྲོན་མ་ཁོང་ནས་ཤར་ཏེཿསྟོང་གསལ་གཉིས་མེད་ཀྱི་དོན་གདོད་མའི་ངང་ལཿཐབས་དེས་ཇི་ཙམ་བཞག་བཞག་དབྱིངས་སུ་གནས་པའོཿདེའི་ཚེ་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འབའ་ཞིག་ལ་སྤྱོད་པའོཿམཚན་མོ་ཉལ་དུས་རླུང་སེམས་རབ་ཏུ་དལ་བས་སྔ་མ་ལྟར་སེང་གེའི་ཉལ་ལུགས་ཀྱིས་ཉལ་ཏེཿསྙིང་གི་ནང་དུ་འོད་ལྔའི་མར་མེ་མཐེ་བོང་ཙམ་ལས་འོད་ཟེར་འཕྲོས་པས་ལུས་ཀྱི་ནང་ཐམས་ཅད་གང་ཿདེ་ལས་ཕྱིར་འཕྲོས་པས་གནས་ཁང་འོད་ལྔས་གང་ཿདེ་ལས་ཕྱིར་འཕྲོས་
(༡༡༣)པས་ཡུལ་གྲུ་ཐམས་ཅད་གང་ནསཿམཐར་ནམ་མཁས་གར་ཁྱབ་པ་འོད་ལྔས་ཁྱབ་པར་བསྒོམ་མོཿདེ་ཡང་གསལ་བཿའཚེར་བཿལྷུན་སྟུག་པཿའོད་ཟེར་འབར་བཿཕྲི་ལི་ལི་འདུག་པར་བསམ་པའི་ངང་ལས་གཉིད་དུ་སོང་བསཿདང་པོ་རྨི་ལམ་གསལ་དྭངས་ལཿབདེ་བཿགསལ་བཿམི་རྟོག་པས་བརྒྱན་པ་འཆར་ཞིང་ཿརིམ་གྱིས་སངས་རྒྱས་ཀྱི་ཞིང་སྣང་དང་ཿའོད་ལྔའི་སྣང་བས་ཁྱབ་པར་རྨི་ལམ་ནའང་མཐོང་སྟེཿདེ་ནས་རྨི་ལམ་ཇེ་ཉུང་ལ་སོང་བའི་མཐར་འོད་གསལ་གྱི་དབྱིངས་སུ་ཐིམ་ནས་རྨི་ལམ་གང་ཡང་མེད་པར་ཉིན་པར་བཞིན་སོང་དུས་ཉིན་མཚན་འདྲེས་པ་ཞེས་བྱ་སྟེཿའཁྲུལ་སྣང་ལོངས་སྐུར་ཐིམ་ནས་གདོད་མའི་གཞི་ལ་མཐར་ཕྱིན་པར་འགྱུར་རོཿཁྱད་པར་དུ་འོད་གསལ་གྱི་སྣང་བ་ཤར་དུས་གདོད་མའི་ངང་དུ་གྲོལ་བར་འགྱུར་རོཿདེའང་ཕྱོགས་གཞན་ལས་རྨི་ལམ་སྦྱོར་བཟུང་སྤེལ་སྒྱུར་དུ་བྱེད་པ་ནིཿརྟོག་པའི་དྲ་བ་རྒྱུན་མི་འཆད་པས་འོད་གསལ་མ་བུ་འདྲེས་པར་དཀོན་ནོཿའདིར་ཀ་དག་དང་ལྷུན་གྲུབ་གཉིས་ཀྱི་སྦུབས་སུ་རྨི་
(༡༡༤)ལམ་སྦས་པསཿད་ལྟ་ན་ས་གཞི་ཐོག་ཏུ་བཙན་ས་ཟིན་ཏེཿགདོད་མའི་རང་ངོ་ཤེས་ནས་ཚེ་འདིར་གྲོལ་བ་དངོས་ཡིན་ནོཿའོ་ན་ཀ་དག་གཅིག་པུས་ཀྱང་གྲོལ་ནཿདེ་ལ་སྣང་བ་བཞི་ཇི་ལྟར་རྩི་སྙམ་ནཿདང་པོ་ཀ་དག་སྤྲོས་པ་དང་བྲལ་བའི་ཡེ་ཤེས་རང་ངོ་ཤེས་པ་ནི་ཆོས་ཉིད་མངོན་སུམ་གྱི་སྣང་བའོཿདེའི་ངང་ལ་གོམས་པས་ཕྱི་སྣང་བ་སྣ་ཚོགས་ལ་གཟུང་འཛིན་གྱི་བློ་མི་སྐྱེཿནང་རྟོག་པ་སྣ་ཚོགས་ལ་འཕྲོ་འདུའི་སེམས་མི་འཇུགཿགསང་བ་བདེ་གསལ་མི་རྟོག་པའི་ཉམས་བཟང་པོ་ཇེ་ཆེར་འཕེལ་བསཿཉམས་གོང་འཕེལ་གྱི་སྣང་བ་ཞེས་བྱའོཿདེའི་ངང་ལ་གོམས་པས་གཟུང་འཛིན་གཉིས་འཛིན་གྱི་རྟོག་པ་རང་སར་གྲོལ་ཏེཿའཛིན་མེད་མཐའ་བྲལ་གྱི་རྟོག་པ་མངོན་དུ་གྱུར་ནསཿའཁོར་འདས་རེ་དོགས་དང་བྲལ་དུསཿསྤྱན་དང་མངོན་ཤེས་དང་ཿཐུན་མོང་གི་དངོས་གྲུབ་ཞོར་ལ་འགྲུབ་པ་ནིཿརིག་པ་ཚད་ཕེབས་ཀྱི་སྣང་བ་ཞེས་བྱའོཿདེའི་ངང་ལ་ཅིར་ཡང་འཛིན་པ་མེད་པར་གནས་པས་ལས་དང་བག་ཆགས་དང་གཟུང་འཛིན་འཁྲུལ་
(༡༡༥)རྟོག་ཐམས་ཅད་ཟད་པ་ནིཿཆོས་ཉིད་ཟད་པའི་སྣང་བའོཿདེ་ནས་ལུས་པོར་བ་དང་ཕུང་པོ་ལྷག་མ་དང་བཅས་ཏེཿསེམས་གདོད་མའི་གཞི་ལ་མྱ་ངན་ལས་འདའ་བ་ཡིན་ནོཿདེ་ལྟ་བུའི་རྣལ་འབྱོར་པ་རྣམ་ནི་ད་ལྟ་ཉིད་ནས་ལྷག་བཅས་ཀྱི་མྱ་ངན་འདས་པ་ཡིན་ནོཿལུས་བོར་དུས་དེ་ཡང་མེད་པསཿཡང་དག་པར་ལྷག་མེད་དུ་སངས་རྒྱས་པའོཿལྷུན་གྲུབ་ཀྱི་སྣང་བ་བཞི་ཚད་དུ་ཕྱིན་པ་རྣམས་ནི་ད་ལྟར་ནས་ལྷག་མེད་དུ་མྱ་ངན་ལས་འདས་ཏེཿརྡོས་བཅས་ཟད་པའི་ཕྱིར་རོཿདེ་ལ་ལྟོས་ནས་ལྷག་བཅས་སུ་འདས་པ་སྔ་མར་བཞག་གོཿདེས་ནི་ཐབས་འདི་ཤིན་ཏུ་གསང་ཞིང་ཉམས་སུ་བླངས་ནཿཟླ་བ་ཕྱེད་ན་རྨི་ལམ་གདོད་མའི་དབྱིངས་སུ་ནུབ་པ་ལ་ཐེ་ཚོམ་མེད་དོཿབརྩོན་པ་རབ་ཀྱི་སྤྱོད་ཡུལ་ལོཿའབྲིང་གིས་ཟླ་བ་གཅིགཿཐ་མས་ཟླ་བ་གསུམ་ན་གདོད་མའི་དབྱིངས་སུ་འོད་གསལ་མ་བུ་འདྲེས་པར་བྱེད་དོཿདེ་ཡང་ཕྲ་རགས་ཀྱི་རྟོག་པ་ཡུལ་ལ་འཕྲོས་པས་གདོད་མའི་གཞི་ལས་གཡོས་པའོཿདེ་ཉིད་གང་ཡང་མེད་ན་དང་པོའི་གཞི་ལ་ཟིན་པའོཿདེའི་ཕྱིར་གདོད་མའི་
(༡༡༦)གྲོལ་གཞི་ལ་བརྟན་པའི་ཚདཿརྨི་ལམ་དབྱིངས་སུ་ནུབ་དུས་ན་ཡིན་པར་རྒྱུད་ལུང་མན་ངག་ཀུན་མཐུན་ནོཿདེས་ན་གསང་བའི་མན་ངག་འདི་ཆེས་ཤིན་ཏུ་གསང་ཞིང་ཉམས་སུ་ལོངས་ཤིགཿཕ་མ་སྙིང་དང་འདྲ་བའི་མན་ངག་འདིཿམཁའ་འགྲོས་གནང་སྟེ་སྙིང་ལ་གབ་ན་ཡང་ཿཕྱི་རབས་སྐལ་ལྡན་རྗེས་གཟུང་སྙིང་རྗེའི་བློསཿགསང་བའི་ཐབས་འདི་མངོན་དུ་ཕྱུང་པ་ཡིནཿགཞན་དུ་སྤེལ་ན་མཁའ་འགྲོས་ཆད་པ་འབྱུང་ཿདེ་ཕྱིར་རང་གི་སྙིང་ལ་རྒྱས་ཐོབ་ལཿཤིན་ཏུ་གསང་བའི་ཚུལ་གྱིས་ཉམས་སུ་ལོངསཿཨོ་རྒྱན་ཐུག་སྲས་དྲི་མེད་འོད་ཟེར་གྱིསཿགངས་རི་ཐོད་དཀར་རིན་ཆེན་སྙིང་པོར་བཀོདཿསྐལ་ལྡན་ལས་ཅན་རྣམས་དང་འཕྲད་པར་ཤོགཿས་མ་ཡཿརྒྱ་རྒྱ་རྒྱཿདགེའོཿ ༄༅ཿདབྱིངས་སྣང་ངོ་སྤྲོད་ཅེས་བྱ་བ་བཞུགས་པ་ལགས་སོཿརིན་ཆེན་ཤོག་སེར་སྐོརཿ༈།། །དབྱིངས་སྣང་ངོ་སྤྲད་ཅེས་བྱ་བཿསྣང་དང་སྟོང་པ་ལྷུན་རྫོགས་པཿགདོད་མའི་གཞི་ལ་ཕྱག་འཚལ་ཏེཿདུས་ཀུན་དབྱིངས་ཀྱི་རོལ་པ་རུཿགནས་པའི་རང་བཞིན་བཤད་པར་བྱཿདེ་ལ་དང་པོ་གཞི་
(༡༡༧)དབྱིངས་ཀྱི་གནས་ཚུལ་ནིཿཀུན་གྱི་སྔོན་རོལ་ནཿཐོག་མའི་དབྱིངས་ལྷུན་གྲུབ་ཆེན་པོ་ནསཿངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་འཕྲོ་གཞིཿདེ་གསུམ་གང་དུའང་མ་ཕྱེ་བ་ལསཿངོ་བོའི་ངང་ལས་རང་བཞིན་གྱི་སྣང་བ་གཙོ་ཆེན་གྱི་འོད་ལྔ་ཤར་བ་དང་མཉམ་དུཿཐུགས་རྗེའི་གདངས་རིག་པར་ཤར་བ་དུས་མཉམ་པ་སྟེཿརང་ངོ་ཤེས་ན་སླར་གཞི་ཉིད་ཀྱི་ངང་དུ་ཕྱིན་པསཿསྐུ་གསུམ་འདུ་འབྲལ་མེད་པའི་བཙན་ས་ཟིན་ཏེཿལྷུན་གྱིས་གྲུབ་པའི་མཛད་པ་འབྱུང་ཡང་ཿམ་ཤེས་པ་རྣམས་ལ་རང་འོད་དུ་མ་ཤེས་པསཿལྷན་ཅིག་སྐྱེས་པའི་མ་རིག་པ་ཞེས་བྱ་ལཿརང་སྣང་གཞན་དུ་ཞེན་པས་ཀུན་ཏུ་བརྟགས་པའི་མ་རིག་པ་ཞེས་བྱ་བསཿརྒྱུ་དང་རྐྱེན་བྱས་ཏེཿརྩ་བའི་གཞི་རང་བྱུང་གི་ཡེ་ཤེས་དང་ཿདེའི་གདངས་ཡེ་ཤེས་ལྔ་སྐུ་ལྔའི་འོད་ལྔ་ཡུལ་ལུས་རྣམ་པར་ཤེས་པའི་རྣམ་པར་འཁྲུལ་ལོཿདེ་ཡང་འོད་མཐིང་གས་ཕྱི་ནམ་མཁའཿནང་ཁོང་སྟོང་ཿགསང་བ་ཀུན་གཞིར་བསྐྱེད་དོཿའོད་དཀར་པོས་ཕྱི་རུ་ཆུཿནང་ལ་ཁྲག་དང་ཁམསཿགསང་བར་ཀུན་གཞིའི་རྣམ་
(༡༡༨)ཤེས་ཀྱི་རྣམ་པར་བསྐྱེད་དོཿའོད་སེར་པོས་ཕྱིསཿནང་ཤ་རུསཿགསང་བར་ཡིད་དོཿའོད་དམར་པོས་ཕྱི་མེཿནང་དྲོདཿགསང་བ་ཉོན་ཡིད་དོཿའོད་ལྗང་གུས་ཕྱི་རླུང་ཿནང་དབུགསཿགསང་བར་སྒོ་ལྔའི་རྣམ་ཤེས་ཀྱི་རྟེན་བྱེད་དོཿདེ་དག་གི་རྩལ་ལྔས་དུག་ལྔའོཿདེ་དག་གཙོ་ཆེར་བསགས་པས་འགྲོ་བ་ལྔ་དང་ཿདེ་དག་གི་བདེ་སྡུག་རྣམས་རྨི་ལམ་དང་འདྲ་བར་བསྐྱེད་དོཿདེ་ལྟར་འཁྲུལ་དུས་རྣམ་སྨིན་བག་ཆགས་ཀྱི་ལུས་འདི་ལ་རྩའི་གཙོ་བོ་གཡས་རོ་མ་ལས་དྲག་རླུང་རྒྱུ་བའི་རྩ་འདབ་ལས་དྭངས་མ་དཀར་པོ་བབ་ཅིང་ཿགཡོན་རྐྱང་མ་ལས་འཇམ་རླུང་རྒྱུ་བའི་རྩ་འདབ་ལས་དམར་པོ་འབབ་ལཿདབུས་དབུ་མ་ལས་མ་ནིང་གི་རླུང་རྒྱུ་བས་ཤིན་ཏུ་དྭངས་མ་ཆེན་པོ་སྟེཿརགས་པ་ལས་འདས་པའི་ཡེ་ཤེས་ཀྱི་ཁམས་སུ་རྒྱུ་བའི་རྩ་འདབ་རྣམས་ཀྱི་རྟེན་བྱེད་དོཿདེ་དག་གིས་དུག་གསུམ་བརྟེན་པས་ཏེ་འཁོར་བའི་རྩ་ཞེས་བྱའོཿདེ་དག་གི་འཁོར་ལོ་བཞིའམཿལྔའི་རང་བཞིན་ནིཿགཞན་དང་མཐུན་ནོཿཐུན་མོང་གི་རྒྱུད་རྣམས་སུ་རྩ་འདི་གསུམ་སྐུ་གསུམ་སྒོ་གསུམ་
(༡༡༩)དུག་གསུམ་བསྐྱེད་རྫོགས་གསུམ་ལ་སོགས་པར་བཞེད་དེཿམཐར་ཐུག་པའང་མ་ཡིན་པས་འཁོར་བའི་རྩ་འདབ་ཅེས་བྱའོཿམྱ་ངན་ལས་འདས་པ་ཆེན་པོ་གདོད་མའི་རྩ་འདབ་ནིཿརང་བྱུང་ཡེ་ཤེས་ཀྱི་རྩ་ཞེས་ཀྱང་བྱཿགཞིར་སྣང་ལྷུན་གྲུབ་ཀྱི་རྩ་ཞེས་ཀྱང་བྱཿཀ་ཏི་ཤེལ་གྱི་སྦུ་གུ་ཅན་ཞེས་ཀྱང་བྱ་བ་སྟེཿངོ་བོ་སེམས་ལས་འདས་པའི་རང་བྱུང་གི་ཡེ་ཤེསཿརྣམ་པ་འོད་དུ་སྣང་བ་རིགས་ལྔའི་རང་བཞིན་ཐུགས་རྗེ་འཆར་ཚུལ་མ་འགགས་པསཿསྣང་སྲིད་སྣོད་བཅུད་འཁོར་འདས་ཀུན་ལ་ཁྱབ་པ་ཞིགཿདབུ་མའི་དབུས་སྙིང་རིན་པོ་ཆེ་ཟུར་བརྒྱད་པའི་སྲོག་པ་རྩ་ནང་དུ་འབྲེལ་ནསཿདྲན་གཞི་ཐམས་ཅད་ཀྱི་རྟེན་བྱེད་ཅིང་ཿརྩ་སྦུབས་སུ་རླུང་གིས་དྲངས་པས་སྒོ་ལྔ་སོ་སོའི་རྣམ་ཤེས་ཀུན་གཞི་ཡིད་ཤེས་དང་བཅས་པའི་འཆར་གཞི་གནས་ཤིང་ཿདེའི་གདངས་ལུས་ནང་གི་རྩ་ནང་ཕལ་ན་འོད་དང་ཐིག་ལེར་གནས་སོཿདེ་དག་གི་སྒོ་ཆུའི་སྒྲོན་མ་མེ་ལོང་གཡའ་དག་པའི་ངོས་ལ་གསལ་བའི་ནམ་མཁའི་མཐོངས་ན་ཡོད་ཡོད་འདྲ་ཡང་ཿཕྱི་རོལ་ན་མེད་དེ་མིག་
(༡༢༠)བཙུམ་ཡང་ཐིག་ཕྲན་འོད་སྣང་དང་བཅས་པ་མི་འགགས་པས་ཤེས་སོཿདེའང་རང་བྱུང་ཡེ་ཤེས་ཉིད་རང་ངོ་མ་ཤེས་པ་ཙམ་དང་ཿའོད་རྩའི་གདངས་སྲོག་རྩར་གནས་པས་ལུང་མ་བསྟན་ཀུན་གཞི་ཞེས་བྱའོཿདེའི་གདངས་དྭངས་གསལ་མི་འགགས་པ་ཙམ་ལ་ཀུན་གཞིའི་རྣམ་ཤེས་ཏེ་སྲོག་རྩ་ན་གནས་སོཿདེ་ནས་མིག་སོགས་ལྔའི་སྒོ་ལ་དེའི་གདངས་མཆེད་པསཿསྒོ་ལྔའི་རྣམ་ཤེས་ཏེ་རྟོག་མེད་གསལ་སྣང་ཙམ་མོཿདོན་སྔ་མ་ལ་རྟོག་པས་ཡུལ་འདྲེས་པར་འཛིན་པས་ཡེང་ཤེས་སོཿདེའི་སྐད་ཅིག་དང་པོ་རྟོག་མེད་དོཿདེ་ནས་ཆགས་སྡང་བར་མ་གསུམ་གང་རུང་དུ་སྤྱོད་དུས་ཉོན་མོངས་པ་ཅན་གྱི་ཡིད་དོཿདེ་ནས་གཉིད་དུ་འགྲོ་དུས་སྒོ་ལྔ་ཡིད་ཤེས་གཉིས་དང་བཅས་པ་ཀུན་གཞིའི་རྣམ་ཤེས་ལ་ཞུགས་པསཿགསལ་ལ་རྟོག་མེད་དུ་དར་ཅིག་གནས་པ་སྟོང་པའི་འོད་གསལ་ལོཿདེ་ནས་ཀུན་གཞིར་ཐིམ་པས་རོ་རྐྱང་གི་རླུང་སེམས་སྒོ་ལྔའི་རྩ་འདབ་ལ་བརྟེན་པའི་རྣམ་པ་ཐམས་ཅད་དབུ་མར་ཐིམ་པས་རྟོག་མེད་འབའ་ཞིག་པ་སྟེཿགཉིད་རྩེ་གཅིག་པ་
(༡༢༡)གཏི་མུག་གི་དུས་སུཿདེ་དུས་སྔར་གོམས་པའི་བདེ་གསལ་མི་རྟོག་པའི་ཉམས་བརྟན་པ་དང་འདྲེས་ན་རྨི་ལམ་གང་ཡང་མེད་པར་འོད་གསལ་འབའ་ཞིག་ཏུ་འཆར་རོཿའདི་དུས་བླ་མའི་བྱིན་རླབས་དང་ཿཉིན་དུས་འོད་ལྔའི་སྣང་བ་ལ་བལྟས་པའི་རྣལ་འབྱོར་པ་འགའ་ལ་ནིཿདབུ་མའི་རླུང་ཤེལ་སྦུག་ཅན་ལ་ཐིམ་པསཿགཞིར་སྣང་རང་བྱུང་གི་སྣང་བ་འཆར་རོཿདེ་ཡང་ཇི་ལྟ་བུ་ཞེ་ནཿཡར་ཀ་དག་ནམ་མཁའི་ལྟ་བུའི་ངང་ན་ཐིག་ཕྲན་གཟའ་སྐར་ཤར་བ་ཙམ་མོཿཐད་ཀར་ལོངས་སྐུ་འཇའ་ཚོན་ལྟ་བུའི་ངང་ནཿཞིང་ཁམས་མིག་འཕྲུལ་ལྟ་བུའོཿམར་འགྲོ་དྲུག་རྨི་ལམ་ལྟ་བུའི་ངང་ན་བདེ་སྡུག་སྨིག་རྒྱུ་ལྟ་བུར་སྣང་ངོ་ཿདེ་ཐམས་ཅད་རང་སྣང་དུ་ཤེས་པས་ཀ་དག་གི་ངང་ཿཆོས་ཟད་པའི་མཁའ་ལ་བརྡ་ཐིམ་ཟག་པ་ཟད་དོཿའདི་ནི་ཁོ་བོས་རང་བྱུང་པདྨའི་བྱིན་རླབས་ཀྱིས་མཚན་མོ་ཡེ་ཤེས་རིན་པོ་ཆེའི་སྣང་བ་ལ་མཐོང་བའོཿགོམས་པའི་གནད་མེད་པ་རྣམས་ལ་ནིཿདབུ་མ་ནས་སྲོག་རྩར་རླུང་ཅིག་གཡོས་པ་ལསཿབག་ཆགས་སྣ་ཚོགས་པའི་ཀུན་གཞི་ལས་
(༡༢༢)ཡིད་ཤེས་ལངས་ཏེཿརྨི་ལམ་སྣ་ཚོགས་སུ་ཤར་དུས་ཆགས་སྡང་བར་མ་གསུམ་རང་ཆས་སུ་བྱུང་བས་ཉོན་མོངས་པ་ཅན་གྱི་ཡིད་ཀྱང་རྗེས་སུ་འབྲེངས་ཏེཿཿའཁྲུལ་སྣང་གི་ངོ་ཁལ་སྤྱོད་པའོཿདེ་ནས་སྒོ་ལྔ་སོ་སོའི་རྩལ་རླུང་ཞུགས་པས་གཉིད་སདཿཉིན་སྣང་སྣ་ཚོགས་སུ་ཤར་དུས་སྒོ་ལྔའི་དབང་ཤེས་རྟོག་མེད་ཡིན་ལཿཡུལ་ལྔ་ལ་ཆགས་སྡང་བར་མར་འཛིན་པཿཡིད་དང་ཉོན་ཡིད་རྟོག་བཅས་སོཿརྟོག་པ་གཉིས་དུས་གཅིག་ཏུ་བཞུགས་པ་མེད་དེཿགཟུགས་སོགས་མཐོང་བ་ལ་སོགས་པ་གང་ཡིན་པ་རྟོག་མེད་དང་ཿལྷན་ཅིག་ཞུགས་པའི་ཕྱིར་ནཿཡུལ་རིས་ཀྱང་རྟོག་པ་ནི་གཅིག་ལ་མི་འཇུག་གོཿསྒོ་ལྔའི་ཤེས་པ་ནི་སྐྱེས་ནས་མ་ཤིའི་བར་དུ་རྟོག་མེད་ཡིན་པས་གསལ་བར་སྣང་བའོཿདེ་ནས་འཆི་ཁའི་ཚེཿའབྱུང་ལྔ་རགས་པ་རྣམས་ཕྲ་བར་ཐིམ་སྟེཿཕྱིར་སྣང་གཟུགས་སོགས་དབང་ཤེས་བསྡུས་པས་རང་སྣང་གི་གཟུགས་སོགས་རང་སྣང་གི་མིག་ཤེས་ལ་སོགས་པའི་ཆ་ལ་རང་ཐིམ་ནས་ཆུ་སེར་ཁྲག་རྣམས་དྭངས་མར་ཐིམ་ཏེཿདེ་ཡང་རོ་རྐྱང་གི་རྩ་འདབ་
(༡༢༣)ཏུ་རླུང་རྣམས་དང་ལྷན་ཅིག་འདུས་ནསཿདབུ་མའི་ཡར་སྣེ་ཧཾ་ལ་དཀར་ཆ་རགས་རླུང་དང་བཅས་པཿམར་སྣའི་ཨ་ལ་དམར་ཆ་འཇམ་རླུང་དང་བཅས་པ་ཐིམ་ནསཿསྙིང་གར་འདྲེས་ཏེ་ཐིམ་པ་ལས་འཁོར་བ་ཆོས་སྐུར་གྲོལ་བའི་དུས་དེ་སྟོང་པའི་འོད་གསལཿསྣང་བ་དང་ཿམཆེད་པ་དང་ཿཿཐོབ་པ་དང་ཿཉེ་བར་ཐོབ་པ་ཞེས་བྱ་བཿབྲག་ཆའི་སྒྲ་སངས་པའི་ཡུན་དང་མཉམ་པའི་སྐད་ཅིག་མ་བཅུའི་བར་དུ་འཆར་རོཿདེའི་བར་ལ་ཞག་ཕྱེད་དང་བཞི་ཡོད་དོཿཏིང་ངེ་འཛིན་ལ་གོམས་ན་དེའི་ཡུན་རིང་ཐུང་མཚམས་རྣམ་པར་མི་རྟོག་པ་ཇི་ཙམ་ཡོད་པར་དེ་ཙམ་འཆར་བས་ཞག་བདུན་ལ་སོགས་པའམཿཉི་ཟླ་ཁ་སྦྱོར་ལསཿཞག་ཉི་ཤུ་རྩ་གཅིག་ལ་སོགས་པའང་བཤད་དོཿདེས་ན་སྣང་བའི་འོད་གསལ་འཆར་ཏེཿཐོག་མར་ཀ་དག་གི་གྲོལ་གཞི་སྟོང་གསལ་སྤྲོས་པ་དང་བྲལ་བ་དེའི་ངང་ལསཿགཞི་སྣང་ཆེན་པོ་ཞེས་བྱ་བཿནམ་མཁའ་འོད་གསལ་ལ་ཐིམ་པའི་སྣང་བ་ལྔ་ལྡན་འོད་ཀྱིས་ནམ་མཁའ་གང་བའི་སྣང་བ་དར་ཅིག་
(༡༢༤)འཆར་རོཿདེ་ངོ་ཤེས་པས་གྲོལ་ལོཿདེ་ནས་འོད་གསལ་ལྷུན་གྲུབ་ལ་ཐིམ་པས་ལོངས་སྐུ་ཁྲོ་བོ་དང་ཿཞི་བའི་སྣང་བ་བསམ་གཏན་གོམས་པའི་ཡུན་དང་མཉམ་པ་ལྔར་འཆར་རོཿདེ་ངོ་ཤེས་པས་གྲོལ་ལོཿདེ་ནས་ལྷུན་གྲུབ་བཞི་སྦྱོར་ལ་ཐིམ་པསཿའོད་ཀྱི་སྣམ་བུ་འཆར་བ་ངོ་ཤེས་པས་གྲོལ་ལོཿདེ་ནས་ལྷུན་གྲུབ་རིན་པོ་ཆེའི་སྣང་བ་ལ་ཐིམ་པསཿསྔར་སྨོས་པ་བཞིནཿཡར་ཀ་དགཿབར་ལོངས་སྐུཿམར་འགྲོ་དྲུག་གི་སྣང་བ་ཤར་དུསཿརང་ངོ་ཤེས་ན་ཡར་གྲོལ་བས་ལྷུན་གྲུབ་ཀྱི་སྣང་བ་གདོད་མའི་གཞི་ལ་བཙན་ས་ཟིན་ནས་དོན་གཉིས་འབྱུང་ངོ་ཿམ་ཤེས་ན་མར་འགྲོ་དྲུག་སོ་སོའི་སྣང་བ་ལཿལས་ཀྱིས་ཆགས་པས་འཁོར་བར་འཁྱམས་པས་མཐའ་མེད་དོཿདེ་བས་ན་རང་ངོ་ཤེས་པ་གཅེས་སོཿའདིར་ནི་རྒྱལ་སྲས་དྲི་མེད་འོད་ཟེར་གྱིསཿསྙིང་པོའི་གདམས་པ་མ་ལུས་བསྟན་ནས་སོང་ཿཕྱི་རབས་ཐར་པའི་བྱང་ཆུབ་འདོད་པ་དག། ཡི་གེ་འདི་ལ་རྟག་ཏུ་གཅེས་སྤྲས་གྱིསཿདབྱིངས་སྣང་ངོ་སྤྲོད་ཅེས་བྱ་བཿཨྠིྀྀིཿས་མ་ཡཿརྒྱ་རྒྱ་རྒྱཿ
(༡༢༥)ཿདགེའོཿདགེའོཿདགེའོཿ༄༅ཿཟབ་དོན་གནད་ཀྱི་ལྡེ་མིག་བཞུགས་སོཿཤོག་སེརཿ༈།། །ཟབ་དོན་གནད་ཀྱི་ལྡེ་མིག་ཅེས་བྱ་བཿཨོ་རྒྱན་པདྨ་ཡབ་ཡུམ་ལ་ཕྱག་འཚལ་ལོཿརྣལ་འབྱོར་འབྲས་བུ་ཚེ་གཅིག་ངེས་པའི་ལུང་ཿདོན་གྱི་སྙིང་པོ་མངོན་སུམ་རིག་པའི་གནདཿཇི་ལྟར་བདག་གིས་རྟོགས་པའི་ཚུལ་བཞིན་དུཿགབ་ཅིང་སྦས་མེད་གསལ་བར་འདིར་དགོད་བྱཿདེ་ལ་རྣམ་རྟོག་བག་ཆགས་ཀྱི་སྦུབས་ནས་མ་དག་པ་སྤྲུལ་སྐུའི་ཞིང་ཁམས་ངོ་ཤེས་པར་བྱ་བཿཡེ་ཤེས་སྒྱུ་མའི་སྦུབས་ལས་དག་པ་ལོངས་སྐུའི་ཞིང་ཁམས་ངོ་ཤེས་པར་བྱ་བཿལྷུན་གྲུབ་རིན་པོ་ཆེའི་སྦུབས་ལས་ཤིན་ཏུ་རྣམ་པར་དག་པ་ཆོས་སྐུའི་ཞིང་ཁམས་ངོ་ཤེས་པར་བྱ་བ་གསུམ་ལསཿདང་པོ་ལ་རྣམ་རྟོག་བག་ཆགས་ཀྱི་སྦུབས་གྲུབ་ཚུལཿདེ་ལ་ཡེ་ཤེས་གནས་ཚུལཿཇི་ལྟར་ཉམས་སུ་བླང་ཚུལ་གསུམ་ལསཿདང་པོ་ནི་འཁོར་འདས་གང་དུའང་རྒྱ་ཆད་ཕྱོགས་ལྷུང་མེད་པའི་དུས་ནཿཡུལ་ཆོས་ཀྱི་དབྱིངསཿསྟོང་ལ་གོ་འབྱེད་པ་ནམ་
(༡༢༦)མཁའ་དྭངས་པའི་དཀྱིལ་ལྟ་བུཿགསལ་ལ་སྒྲིབ་པ་མེད་པ་མེ་ལོང་དྭངས་པའི་ངོས་ལྟ་བུཿདྭངས་ལ་མི་གཡོ་བ་རྒྱ་མཚོ་དྭངས་པའི་གཏིང་ལྟ་བུཿསངས་རྒྱས་སེམས་ཅན་གང་དུའང་མ་གྲུབ་ལཿགང་ལྟར་ཡང་འཆར་བའི་གཞི་མ་འགགས་པསཿགཞི་འཛིན་པའི་རིག་པཿངོ་བོ་རང་བཞིན་ཐུགས་རྗེ་གསུམ་རྨ་བྱའི་སྒོ་ང་་ལྟ་བུར་གནས་སོཿངོ་བོ་སྤྲོས་པ་མེད་པ་ཆོས་ཀྱི་སྐུ་སྟོང་གསལ་ཀ་ནས་དག་པཿགཡུ་གོང་འབར་བ་ལྟར་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཀྱི་རང་གདངས་མཐིང་ཀར་ཤར་རོཿརང་བཞིན་ལྷུན་གྱིས་གྲུབ་པ་ཆུ་རིས་འོད་དུ་འཁྱིལ་བ་ལྟརཿརིག་པའི་རྩལ་མ་འགགས་པ་སྲོག་རླུང་ཡན་ལག་བཞིའི་རང་གདངས་དཀར་སེར་དམར་ལྗང་བཞིར་ཤར་རོཿཐུགས་རྗེ་འོད་ལྔའི་ཀློང་ན་རིག་པའི་སྐུ་ལྔ་རྣམ་ཤེས་ཀྱི་རྟར་ས་བོན་གྱི་ཚུལ་དུ་གནས་སོཿདེ་དག་ཀྱང་ནང་གསལ་དུ་ཡིན་གྱིསཿཕྱིར་གསལ་དུ་མ་ཡིན་ནོཿགཞིའི་གནས་ཚུལ་ལོཿདེའི་ངང་ལས་རིག་རྩལ་སྲོག་རླུང་བཞིར་ཕྱིར་གསལ་དུ་གཡོས་པ་ལསཿདྭངས་མ་འོད་ཀྱི་འབྱུང་བ་ལྔ་ཤར་རོཿདེའང་སྲོག་རླུང་གདངས་
(༡༢༧)མཐིང་གཿགྱེན་རྒྱུའི་གདངས་དཀར་པོཿཐུར་སེར་གྱི་གདངས་སེར་པོཿམེ་མཉམ་གྱི་གདངས་དམར་པོཿཁྱབ་བྱེད་ཀྱི་གདངས་ལྗང་གུར་ཤར་རོཿསྲོག་རླུང་ངོ་བོ་སྡོང་པོ་ལྟ་བུ་ལ་གཞན་བཞི་ཡན་ལག་ལྟར་ཕྱིར་གསལ་དུ་གཡོས་པསཿཟླ་བ་ལ་འཇའ་ཚོན་ཕྱི་མ་ནང་ལྟར་ཤར་རོཿདེ་ཉིད་རང་སྣང་དུ་ངོ་ཤེས་པས་གཞི་ཐོག་ཏུ་གྲོལ་ལོཿདེ་མ་ཤེས་པས་ཤེས་པ་ཡུལ་ལ་གཟུང་འཛིན་དུ་སྐྱེས་པསཿཕྱི་སྐོར་གཟུགས་བརྙན་གྱི་འོད་ལ་བཟུང་བས་ཕྱི་ཡུལ་གྱི་འཁྲུལ་པཿགླིང་བཞི་རི་རབ་ལ་སོཊ་པ་སྣ་ཚོགས་སྣོད་དུ་སྣང་ངོ་ཿནང་སྐོར་རང་བཞིན་གྱི་འོད་ལ་བཟུང་བས་བག་ཆགས་ཀྱི་ལུས་རྡོས་བཅས་སུ་གྲུབ་བོཿདེ་ཡང་འོད་ལྔ་ལས་འབྱུང་ལྔ་རགས་པར་འགྱུརཿདེ་ལས་སྣོད་བཅུད་སྨིན་ནོཿགཉིས་པ་ནི་སུམ་ལྡན་དང་བཞི་ལྡན་དུ་བུམ་ནང་གི་མར་མེ་ལྟར་གནས་ཏེཿསྙིང་ནང་ན་ཀ་ཏི་ཤེལ་སྦུག་ཅན་ལ་བརྟེན་ནསཿངོ་བོ་སྟོང་པཿརང་བཞིན་གསལ་བཿཐུགས་རྗེ་འགགས་མེད་རིག་པའི་སྙིང་པོ་ཅན་དུ་བཞུགསཿདེའང་དབྱིངས་རྣམ་དག་གི་སྒྲོན་མ་འོད་ལྔའི་
(༡༢༨)ཀློང་ན་ཐིག་ལེ་སྟོང་པའི་སྒྲོན་མ་དངོསཿཁང་བུ་ལྟར་འོད་ལྔའི་མུ་ཁྱུད་དུ་སྣང་བའི་དབུས་ནཿརིག་པ་ཉིད་རིག་ལ་གཟུང་འཛིན་མེད་པ་ཤེས་རབ་རང་བྱུང་གི་སྒྲོན་མ་སྐུ་ལྔའི་སྙིང་པོར་བཞུགས་སོཿདེའི་གདངས་རྩ་འདབ་ཐམས་ཅད་ན་གནས་ཤིང་ཿདངོས་ཀྱི་ལམ་རྒྱང་ཞགས་ཆུའི་སྒྲོན་མ་ནི་གཟའ་སྐར་ཆུ་ནང་དུ་གསལ་བ་བཞིནཿཐིག་ལེ་སྟོང་པའི་སྒྲོན་མའི་གདངས་བར་མཚོན་གང་འོད་ཀྱི་རང་བཞིན་དུ་གསལ་བ་ལསཿཕྱིའི་སྟོང་གཟུགས་ཀྱི་གོ་འབྱེད་ཅིང་གནས་སོཿདེ་ལས་ཕྱིར་དབྱིངས་སྣང་འཇའ་ཚོན་གྱི་ནང་དུཿསྙིང་དང་མིག་གི་ནང་གི་རང་གདངས་ཀྱི་ཐིག་ལེ་སྟོང་སྒྲོན་དང་ཿལུ་གུ་རྒྱུད་དང་ཐིག་ཕྲན་སྣ་ཚོགས་སུ་སྣང་བའོཿཡེ་ཤེས་གནས་ཚུལ་ལོཿསེམས་ནི་སྙིང་ནས་གློ་བར་རྩ་འབྲེལ་པ་ལས་རིག་པའི་གདངས་ཤར་བ་ལ་གློ་བའི་རླུང་དང་འདྲེས་ཏེཿསྒོ་ལྔར་ཤར་བས་གཟུང་འཛིན་གཉིས་འཛིན་བག་ཆགས་ཀྱི་རྟེན་དུ་གནས་སོཿགསུམ་པ་ལཿངོ་བོ་སྟོང་གསལ་ཆོས་ཀྱི་སྐུ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཉམས་སུ་བླང་ཚུལཿརང་བཞིན་གསལ་སྟོང་བར་དོར་འཆར་
(༡༢༩)ཚུལཿལོངས་སྤྱོད་རྫོགས་པའི་སྐུ་ཡེ་ཤེས་སྒྱུ་མའི་སྦུབས་ཉམས་སུ་བླང་ཚུལཿཐུགས་རྗེ་རིག་སྟོང་སྤྲུལ་པའི་སྐུ་ད་ལྟར་འཆར་ཚུལཿརྣམ་རྟོག་བག་ཆགས་ཀྱི་སྦུབས་ཉམས་སུ་བླང་ཚུལ་དང་གསུམ་ལསཿདང་པོ་ནི་དྭངས་ཤིང་དབེན་པར་བཞུགས་སྟངས་གཟིགས་སྟངས་གང་རུང་དང་བསྟུན་ལཿནམ་མཁའ་དྭངས་པའི་རང་གདངས་སྤྲིན་དང་བྲལ་བ་ལ་ཟིམ་བུར་བལྟས་པསཿཡེ་ཤེས་ཆེན་པོའི་འོད་གདངས་དབྱིངས་རིག་འོད་ལྔའི་སྣང་བ་ལ་མ་ཡེངས་པར་བལྟས་པས་ཆོས་ཉིད་དག་པའི་ཡེ་གདངས་གཟུང་འཛིན་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེསཿསྟོང་གསལ་ཤེས་རབ་རང་བྱུང་གི་སྒྲོན་མ་རྒྱ་ཆད་ཕྱོགས་ལྷུང་མེད་པའི་དོན་ཁོང་ནས་འཆར་རོཿདེའི་ངང་ལ་བཞག་པས་འོད་གསལ་དུ་སྣང་བས་བྱིང་རྨུགས་མེདཿགང་ཡང་མི་དམིགས་པས་རྒོད་འགྱོད་མེདཿགཉིས་འཛིན་ཞིག་པས་ཐེ་ཚོམ་མེད་དེཿརང་བཞིན་ལྷུན་གྲུབ་ཆེན་པོའི་དགོངས་པ་སྐུ་གསུམ་འདུ་འབྲལ་མེད་པ་ལ་གནས་སོཿདེའི་ཚེ་ནམ་མཁའ་སྟོང་པ་ནི་ལྷུན་གྲུབ་རིན་པོ་ཆེའི་
(༡༣༠)སྦུབསཿའོད་སྔར་སྣང་བ་ནི་ནང་གསལ་ཡེ་ཤེས་ལྔའི་དཀྱིལ་འཁོར་རོཿདེ་ལ་བལྟས་པས་སེམས་ཕྱི་ནང་གང་དུའང་མི་དམིགས་ལ་གསལ་ཆ་ཤེས་པ་ནི་ཐུགས་རྗེ་ནང་གསལ་ཆེན་པོར་ལྷུན་གྱིས་གྲུབ་པ་ཡིན་ནོཿདེའི་ཚེ་ཐིམ་ལ་མ་རྨུགས་ལཿགསལ་ལ་མི་འཛིནཿཡིན་ལ་བདག་མེདཿསོ་སོར་མ་འདྲེས་ལ་མི་འབྱེད་པའོཿདེའི་ཚེ་ཏིང་ངེ་འཛིན་གསུམ་འབྱུང་སྟེཿལྟ་སྟངས་གཟིགས་སྟངས་ལ་བཞག་པས་གཟུང་འཛིན་གྱི་སྤྲོས་པ་ཐམས་ཅད་ཞི་ནས་སྟོང་གསལ་གྱི་ངང་ལ་ཅི་རིགས་སུ་གནས་པས་གནས་པའི་ཏིང་ངེ་འཛིན་ནོཿདེ་ལ་གོམས་ནས་སྒོམ་རིང་ལ་གཟུང་འཛིན་གྱི་ཡིད་མི་གཡོ་ཞིང་མི་འཕྲོག་པ་ནི་མི་གཡོ་བའི་ཏིང་ངེ་འཛིན་ནོཿདེ་ལས་རབ་ཏུ་གོམས་ནས་དུས་ཐམས་ཅད་དུ་ཤེས་པ་བསྒོམས་དུས་བཞིན་གནས་པ་ནི་ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་ནོཿད་ལྟ་འདི་བཞིན་དུ་ཉམས་སུ་བླངས་པསཿཕྱིས་ལྷུན་གྲུབ་རིན་པོ་ཆེའི་སྣང་བ་ལ་རང་ངོ་ཤེས་པར་ཐེ་ཚོམ་མེད་པ་ཡིན་ནོཿའདི་ནི་གནད་གལ་པོ་ཆེའོཿགཉིས་པ་ལ་འོད་ཁྱིམ་ཁ་སྦྱོར་གྱི་དགོངས་པཿཿ
(༡༣༡)སྐུ་ལྔ་ལྷུན་གྲུབ་ཀྱི་དགོངས་པཿཀ་དག་ཆོས་ཟད་ཀྱི་དགོངས་པཿདཔེས་ཉམས་སུ་བླང་པ་གསུམ་ལསཿདང་པོ་ནི་འོད་མཐིང་གའི་ཀློང་དུ་དཀར་སེར་དམར་ལྗང་བཞི་འཁྱིལ་བ་དང་ཿདཀར་སེར་དམར་ལྗང་རེ་རེའི་ཀློང་དུ་དེ་དག་འཁྱིལ་བའི་རི་མོ་ཉི་མའི་ངོས་ལ་བཀྲམ་སྟེཿམཚན་མོའི་ཕྱོགས་ནས་མེ་ལོང་ལ་བལྟས་པས་སྣང་བ་ལྔ་པོ་རིམ་གྱིས་ནམ་མཁའ་འཆར་དུས་བར་དོ་དང་པོ་འོད་ལྔའི་སྣང་བ་ཡིན་སྙམ་དུ་རང་སྣང་དུ་ཤེས་ནས་གསལ་སྟོང་སྤྲོས་བྲལ་གྱི་ངང་ལ་མཉམ་པར་བཞག་གོཿདེ་ལ་གོམས་པས་འོད་གསལ་ཐུགས་རྗེའི་སྣང་བ་ལ་གྲོལ་ལོཿགནད་གལ་པོ་ཆེའོཿགཉིས་པ་ནི་རིགས་ལྔའི་ཚོམ་བུའི་དཀྱིལ་འཁོར་རིམ་གྱིས་སྔ་མ་བཞིན་བཀྲམ་ལཿབལྟས་པས་བསམ་གཏན་གྱི་ཞག་ལྔར་གཞོན་ནུ་བུམ་པའི་སྐུར་འཆར་བ་ལ་གྲོལ་བ་ཡིན་ནོཿའདི་ནི་གནད་གལ་པོ་ཆེའོཿགསུམ་པ་ནི་ནམ་མཁའ་སྤྲིན་དང་བྲལ་བའི་མཚན་མོ་གཟའ་སྐར་ལྷུན་གྲུབ་ཏུ་ཤར་བ་ནཿལྟ་སྟངས་གང་མོས་བྱས་ལ་བལྟས་པས་སྟོང་གསལ་སྤྲོས་པ་དང་བྲལ་
(༡༣༢)བའི་ཡེ་ཤེས་འཆར་རོཿདེའང་ནམ་མཁའ་རྣམ་པར་དག་པ་ནི་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཀ་དག་མཚོན་ལཿགཟའ་སྐར་འོད་གསལ་དུ་ཤར་བ་ནིཿརང་སྣང་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ནང་གསལ་དུ་གནས་པ་མཚོན་ནོཿདེའི་ཚེ་རིག་པ་ངང་དྭངས་གཉིས་སུ་མེད་པར་གསལ་བསཿཐུགས་རྗེ་ནང་གསལ་དུ་ཡོད་པ་མཚོན་ནོཿདེའི་ཚེ་མཚན་མོ་ཟླ་བ་འཇས་འཁྱིལ་བ་ན་རང་རིག་འོད་ལྔའི་ཀློང་ན་ལྷུན་གྲུབ་ཏུ་བཞུགས་པར་རྟོགས་པར་བྱའོཿགནད་འདི་ནི་ཡང་ཏིག་གལ་པོ་ཆེ་སྟེ་རབ་ཏུ་གསང་ཞིང་སྐལ་ལྡན་གྱིས་ཉམས་སུ་བླང་བར་བྱའོཿལུས་བོར་བ་དང་ཞིང་སྣང་ཤར་དུས་རྣལ་འབྱོར་པ་རྣམས་ཆོས་ཟད་གདོད་མའི་གཞི་ལ་གྲོལ་ནསཿལྷུན་གྲུབ་རིན་པོ་ཆེ་ལ་དུས་གསུམ་འཕོ་འགྱུར་མེད་དོཿའདི་ཁོ་ནའོཿའདི་ཁོ་ནའོཿའདི་ཁོ་ནའོཿགསུམ་པ་ཐུགས་རྗེ་རིག་སྟོང་བག་ཆགས་ཀྱི་སྦུབས་སུ་གནས་པ་ཉམས་སུ་བླང་ཚུལ་ལཿམཉམ་གཞག་དང་རྗེས་ཐོག་གཉིས་ལསཿདང་པོ་ནི་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པསཿསེམས་གཟུང་འཛིན་སྤྲོས་བྲལ་
(༡༣༣)གྱི་ངང་ལ་བཞག་པ་ནཿརིག་པ་གང་དུའང་མ་གྲུབ་པ་ནམ་མཁའ་ལྟ་བུའི་དགོངས་པ་ནང་ནས་ཤར་བ་ལ་གནས་པ་ནིཿསེམས་རྣམ་རྟོག་གི་སྤྲོས་པ་ཞི་བའི་ཞི་གནས་སོཿདེའི་ངང་ལས་ཕྱི་སྒོ་ལྔ་ཡུལ་གྱི་སྣང་བ་གསལ་ལ་འཛིན་པ་མེད་པ་དང་ཿནང་རྣམ་རྟོག་འཕྲོ་འདུ་ཆུའི་དབའ་རླབས་ལྟར་ཤར་གྲོལ་དང་དྭངས་ཆེན་པོར་ཞི་གནས་ཀྱི་ངང་ལ་ཕྱམ་ཕྱམ་གནས་པ་ནིཿསེམས་གཟུང་འཛིན་གྱི་རང་མདངས་མཐོང་བས་ལྷག་མཐོང་གསལ་སྟོང་ཆེན་པོར་ཤར་བའོཿདེའི་ཚེ་སེམས་སྣང་ལ་ངོས་གཟུང་མེད་པས་ལྷག་མཐོང་ཿགནས་ལ་བྱིང་རྒོད་མེད་པས་ཞི་གནསཿགཅིག་ལ་གཅིག་ཚང་དུ་གནས་པས་ཟུང་འབྲེལ་ལོཿགང་ལྟར་ཤར་ཡང་གང་དུའང་མི་འཛིན་པས་སངས་རྒྱས་ཀྱི་དགོངས་པ་མཐའ་གྲོལ་ཀློང་ཡངས་ཆེན་པོའོཿགཉིས་པ་རྗེས་ཐོབ་ནིཿའགྲོ་འདུག་ཟ་ཉལ་ལ་སོགས་པའི་སྤྱོད་ལམ་ཐམས་ཅད་དུཿཕྱི་ཡུལ་གྱི་སྣང་བ་རྨི་ལམ་སྒྱུ་མཿནང་སེམས་ཀྱི་སྣང་བ་གང་ཤར་རང་གྲོལཿཡུལ་སེམས་གཉིས་མེད་ཀྱི་སྣང་བ་གཏད་མེད་ཕྱམ་བརྡལ་
(༡༣༤)ལ་གོམས་པར་བྱའོཿདེ་ལྟར་གྱི་སྣང་བ་ལ་འདི་ཡིན་གྱི་ངོས་གཟུང་མེད་པ་མདང་སུམ་གྱི་རྨི་ལམ་ལྟ་བུཿགང་ཤར་གྱི་རིག་པ་ལ་སྤང་བླང་གི་གོལ་སྒྲིབ་མེད་པ་ཆུ་དང་རྦ་རླབས་ལྟ་བུཿགཏད་མེད་ཀྱི་ངོ་བོ་ལ་འཛིན་མེད་ཀྱི་ཀློང་རྡོལ་བ་བར་སྣང་གི་རླུང་པོ་ལྟ་བུཿསྣ་ཚོགས་སུ་སྣང་ཡང་དེར་འཛིན་མེད་པ་སྒྱུ་མའི་རྩེད་མོ་ལྟ་བུ་སྟེཿངོ་སྤྲོད་རྣམ་པ་བཞིས་མ་དག་པའི་སྣང་བ་ལ་བདེན་མེད་ཆེན་པོའི་རྩལ་སྦྱང་བྱའོཿཞར་ལ་མཚན་མོའི་གདམས་པ་འགག་ལ་གདམས་པའང་བཤད་པར་བྱ་སྟེཿཉལ་དུས་འཆི་བའི་སྣང་བ་དྲན་པར་བྱའོཿདེའི་ཉིན་གང་དུ་བདེ་སྡུག་ཅི་བྱས་ཀྱིས་མི་ཕན་པསཿཚེ་འདིའི་སྣང་བ་ལ་དགག་སྒྲུབ་ཆགས་ཞེན་མེད་པར་དྲན་པར་བྱའོཿགཉིད་དུ་འགྲོ་ཁར་རགས་པའི་སྣང་བ་འགགས་པསཿས་ཆུ་ལ་ཐིམ་པ་ལ་སོགས་པ་འབྱུང་བཞི་སྡུད་ཚུལ་གྱི་རིམ་པ་དྲན་པར་བྱའོཿདར་ཅིག་གཉིད་དུ་བརྒྱལ་བས་ཤེས་བྱ་བུམ་འཇུག་གི་དགོངས་པ་སྙིང་ནང་དུ་དྭངས་མ་འདུས་པ་དྲན་པར་བྱའོཿརྨི་ལམ་སྣ་ཚོགས་སུ་ཤར་བསཿཆོས་ཉིད་དང་སྲིད་པའི་བར་དོ་དྲན་པར་བྱའོཿདེ་
(༡༣༥)ལས་སད་དུས་རྨི་ལམ་རང་སེམས་སུ་ཐིམ་པ་ལྟར་འཁོར་འདས་གདོད་མའི་ངང་དུ་ཐིམ་པའི་གདམས་པ་དྲན་པར་བྱའོཿའདི་ནི་གནད་ཀྱི་མན་ངག་དམ་པའོཿདོན་གཉིས་པ་ཡེ་ཤེས་སྒྱུ་མའི་སྦུབས་ལས་ལོངས་སྐུའི་སྣང་བ་འཆར་ཚུལ་ནིཿའབྱུང་བཞི་རིམ་གྱིས་ཐིམ་སྟེ་ཚེ་འདིའི་སྣང་བ་ནུབཿནམ་མཁའ་འོད་གསལ་ལ་ཐིམ་པས་སྐད་ཅིག་ལ་ཕྱི་ནང་གཟུང་འཛིན་གྱི་འཁྲུལ་པ་ནི་འགགསཿཡེ་ཤེས་གསང་སྒོར་ཐོན་ཏེ་རང་སྣང་གི་མདུན་གྱི་ཕྱིའི་ནམ་མཁའ་ལཿཡེ་ཤེས་རིན་པོ་ཆེའི་སྦུབས་ན་རིག་པ་འོད་ཀྱི་ཁང་པ་ཅན་འོད་མཐའ་མེད་པའི་ཡུལ་ཅན་ནམ་མཁའ་ཁྱབ་པར་འཆར་རོཿཡེ་ཤེས་རིན་པོ་ཆེའི་སྦུབས་དང་ཿརིག་པའི་བར་ན་ཐུགས་རྗེ་རྒྱུན་གྱི་ཟེར་ཐག་འོད་ཀྱི་སྙེ་ཚོན་ལྔ་སྒྲིལ་སྐས་བཙུག་པའམཿདྲུ་བུ་བརྒྱངས་པ་ལྟར་འབྲེལ་ཏེ་དཔེར་ན་ཉི་མ་ཤར་གྱི།། །ལ་ཁར་སྣང་བའི་འོད་ནུབ་རི་ལ་སྣང་བའི་བར་ན་ཉི་ཟེར་གྱིས་མཚམས་སྦྱར་བ་བཞིན་ནོཿདེའི་ཚེ་འོད་ལྔའི་སྣང་བ་རང་སྣང་དུ་ཤེས་པཿསྔར་གྱི་འོད་ཁྱིམ་ཁ་སྦྱོར་གྱི་
(༡༣༦)གདམས་པ་དྲན་པར་བྱའོཿདེའི་ཚེ་རིག་པ་ཡེ་ཤེས་ཀྱི་ཟེར་ལ་ཞོན་ནས་ཡེ་ཤེས་རིན་པོ་ཆེའི་སྦུབས་ཀྱི་སྣང་བ་ལ་འཇུག་གོཿསྣང་བ་དེའང་མི་བརྗེད་པའི་གཟུངས་མངའ་བསཿགཞིའི་ཤེས་པ་ཆོས་སྐུར་སྣང་ཿརང་གདངས་ལོངས་སྤྱོད་རྫོགས་པའི་སྐུར་སྣང་བ་འོད་ཀྱི་འཁོར་ལོར་འཁྱིལ་བསཿགཞོན་ནུ་བུམ་པའི་སྐུ་ལྔ་མེ་ལོང་ནང་གི་གཟུགས་བརྙན་ལྟར་སྣང་ངོ་ཿདེའི་ཚེ་སྐུ་ལྔ་ལྷུན་གྲུབ་ཀྱི་གདམས་པ་དྲན་པས་གྲོལ་ལུགས་ནིཿགཟུང་འཛིན་གྱི་ཡིད་བག་ཆགས་སེམས་ཀྱི་འཁྲུལ་པ་འགགས་ཀྱང་ཿཡིད་ལས་འདས་པའི་ཤེས་རབ་མི་འགགས་པསཿསྔར་འདྲིས་ཀྱི་མི་ཕྱིས་མཐོང་བ་ལྟརཿཤེས་བྱེད་ཀྱིས་ཤེས་ལ་དཔྱོད་བྱེད་མེད་དོཿདེའི་ཚེ་རང་སྣང་རང་གདངས་སུ་ཤེས་ནསཿལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་ལ་བཞག་པསཿསྐུ་ལྔ་ཡེ་ཤེས་ལྔའི་སྣང་བ་ལ་གཟེར་ཐེབསཿསྤྱན་དང་མངོན་པར་ཤེས་པ་ཤར་བས་ལྔ་ལྡན་ཞེས་བྱའོཿདེའི་ཚེ་གདུལ་བྱ་དང་འདུལ་ཐབས་མཁྱེན་ཏེཿལོངས་སྐུ་ཡབ་ཡུམ་གྱི་ལྗགས་ལསཿའཆོས་ཉིད་སྤྲོས་
(༡༣༧)པ་དང་བྲལ་བའི་སྒྲཿཨ་གཟུང་འཛིན་གཉིས་སྣང་དག་པའི་སྒྲཿཧ་ཆོས་ཉིད་རང་བྱུང་གི་སྒྲཿཤ་ཤེས་རབ་འགགས་པ་མེད་པའི་སྒྲཿས་ཆོས་ཉིད་འགྱུར་བ་མེད་པའི་སྒྲཿམ་ཆོས་ཉིད་མཉམ་པ་ཉིད་ཀྱི་སྒྲ་སྟེཿཡི་གེ་དྲུག་པའི་འཁོར་ལོས་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་ལ་སོགས་པའི་འཇིག་རྟེན་དྲུག་གི་ཕྱོགས་མཚམས་ཀུན་ཏུ་འབྲེལ་བསཿཕྱེད་སྤྲུལ་ཏེ་ལོངས་སྐུའི་འཁོར་ལ་སྣང་བ་རང་བཞིན་སྤྲུལ་པའི་སྐུ་དང་ཿཐུབ་པ་དྲུག་སྟེ་འགྲོ་བ་འདུལ་བ་སྤྲུལ་པའི་སྐུ་དང་ཿསོ་སོའི་སྣང་བ་མ་དག་པ་དེ་དང་མཚུངས་པར་བཟོ་དང་སྐྱེ་བ་ལ་སོགས་པ་མ་དག་པ་སྤྲུལ་པའི་སྐུ་དཔག་ཏུ་མེད་པ་འཕྲོས་ནས་འགྲོ་བའི་དོན་མཛད་པ་ནིཿསེམས་ཅན་གྱི་དོན་རྫོགས་པར་མཛད་པས་རྫོགས་ལྡན་ཞེས་བྱ་སྟེ་འོད་ཀྱི་སྦུབས་སོཿདོན་གསུམ་པ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་སུ་ཆོས་སྐུ་ངོ་ཤེས་པར་བྱ་བ་ནིཿསངས་རྒྱས་མྱ་ངན་ལས་འདའ་བ་ཞེས་བྱ་སྟེཿསྔར་གྱི་འོད་ཀྱི་སྦུབས་ཀྱི་གཟུགས་སྐུ་རྣམས་ཆོས་སྐུརཿ
(༡༣༨)ཐིམ་པ་ཤེལ་གྱི་ཕྱིའི་འོད་སྣང་དུ་བསྡུས་པ་ལྟ་བུའོཿདེའི་ཚེ་ཤེས་རབ་མཁའ་ལ་འདེགས་པ་ཞེས་བྱ་སྟེཿཡེ་ཤེས་ཀྱི་རླུང་སྟོབས་ལྡན་མསཿདང་པོ་ཆོས་སྐུ་ལས་གཟུགས་སྐུར་ཤར་ལཿཐ་མ་གཟུགས་སྐུ་ཆོས་སྐུར་གྲོལ་ལོཿཤུགས་འཆང་མས་འབད་སྩོལ་མེད་པར་རང་ཤར་རང་གྲོལ་ལོཿའདེགས་བྱེད་མས་རྟེན་མེད་པའི་ནམ་མཁའ་ལ་བརྟེན་ཏེ་ཆོས་ཉིད་ངང་དུ་གནས་པའོཿབརྟན་མས་ཡེ་ཤེས་ཀྱི་རླུང་ནོན་ཏེ་ཕྱིས་མ་དག་པར་མི་འགྱུར་བའོཿའབྱུང་བ་རྣམས་མ་ལ་།། །ཞ་བ་ནིཿརླུང་རྡོ་རྗེ་རྒྱ་གྲམ་བརྩེགས་ལེགས་ཏེཿདམ་ཚིག་ལྷ་མོ་བཞིས་ཤེས་རབ་མཁའ་ལ་འདེགས་པའོཿཆུ་ཤེལ་གྱི་འཁོར་ལོར་བརྩེགས་ལེགས་ཏེཿཕྱི་ནང་མེད་པར་དབྱིངས་གཅིག་ཏུ་སྡུད་པའོཿས་རིན་པོ་ཆེ་སྣ་ལྔའི་མཆོད་རྟེན་ཁོད་སྙོམས་ཤིང་ཚུལ་དུ་ཤེས་སོཿམེ་པདྨའི་དྲ་བ་འོད་འབར་ཞིང་སྨིན་པའོཿནམ་མཁའ་རྣམ་དག་ཡེ་ཤེས་དཔངས་མཐོ་སྟེ་རྒྱལ་མཚན་གྱི་རྩེ་མོ་ལྟར་ནུབ་པ་མེད་པའོཿསོ་སོར་བཤད་ན་དམ་ཚིག་གི་ལྷ་མོ་བཞི་ནིཿསྟོབས་ལྡན་མ་ལ་སོགས་
(༡༣༩)པ་ཡེ་ཤེས་རླུང་བཞིས་གདོད་མའི་ཤེས་རབ་མི་གཡོ་བའོཿཆུ་ཤེལ་ནི་དངོས་པོ་དང་མཚན་མ་མེད་ཅིང་སྟོང་པ་ཡེ་ཤེས་ཀྱི་སྙིང་པོར་བཞུགས་པའོཿས་རིན་པོ་ཆེ་ནི་ཡོན་ཏན་ལྔ་ལྷུན་གྲུབ་ཏུ་ཁྱབ་པའོཿམེ་པདྨའི་དྲ་བ་ནི་གཞིའི་དུས་ན་ས་བོན་དུ་གནས་པཿའབྲས་བུའི་དུས་སུ་སྐུ་དང་ཡེ་ཤེས་སུ་འཆར་བའོཿནམ་མཁའ་ནི་ཡེ་ཤེས་དབྱིངས་སུ་ཐིམ་པས་གཟིགས་སྣང་གདོད་མར་ཐིམ་སྟེཿནང་གསལ་སྐུ་གསུམ་འདུ་འབྲལ་མེད་པའོཿདེའི་ཚེ་ཤེས་རབ་མཁའ་ལ་འཁྱིལ་བ་ཞེས་བྱ་སྟེཿཐིམ་པ་ལ་མ་རྨུགས་པཿགསལ་བ་ལ་རྟོག་པ་མེདཿཡིན་པ་ལ་བདག་མེད་པཿསོ་སོར་མ་འདྲེས་ལ་མི་འབྱེད་པའོཿངོ་བོ་སྟོང་པ་རིན་པོ་ཆེ་ཆོས་སྐུའི་སྦུབས་ནཿརང་བཞིན་གསལ་བ་ལོངས་སྐུ་དང་ཿཐུགས་རྗེ་མ་འགགས་རིག་པའི་སྙིང་པོ་ཅནཿནང་གསལ་དུ་བཞུགས་པ་ནི་མི་སྣང་ལ་རང་བཞིན་ཡོད་པཿགནམ་སྟོང་གི་ཟླ་བ་ལྟ་བུ་ཕྱིར་གསལ་དུ་མ་གྲུབ་ཀྱང་ཿནང་གསལ་ལ་བཞུགས་སོཿདུས་གསུམ་གྱི་སངས་རྒྱས་
(༡༤༠)ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན་བསམ་གྱིས་མི་ཁྱབ་པ་བཞུགས་ཀྱང་ཿགཅིག་ལ་གཅིག་མི་གཟིགས་ཏེཿཆོས་སྐུ་སྤྲོས་པ་དང་བྲལ་བའི་ངང་ལ་བཞུགས་པའོཿདེ་ལས་མ་གཡོས་བཞིན་དུཿཕྱོགས་བཅུའི་ཞིང་དུ་ལོངས་སྤྱོད་རྫོགས་པ་དང་ཿསྤྲུལ་པའི་སྐུ་ནམ་མཁའི་ཟླ་བ་ལསཿཆུ་ཟླ་ལྟར་སྣང་བས་འགྲོ་བའི་དོན་འཁོར་བ་མ་སྟོངས་ཀྱི་བར་དུ་མཛད་པ་ནིཿཐམས་ཅད་མཁྱེན་པའི་ཐུགས་རྗེ་དང་ཿཐབས་ལ་མཁས་པའི་ཕྲིན་ལས་མ་བཙལ་ལྷུན་གྲུབ་ཏུ་བཞུགས་པ་ལསཿའབད་རྩོལ་མེད་པར་དུས་ཐམས་ཅད་དུ་ལྷུན་གྱིས་གྲུབ་པ་ཡིན་ནོཿའདི་ནི་ངེས་པའི་དོན་གཅིག་ཏུ་གསང་བ་ཆེན་པོ་བཀོད་པའོཿཆོས་ཚུལ་འདི་ནི་མངོན་སུམ་སྙིང་པོའི་དོནཿརིམ་དགུའི་ཐེག་པ་ཀུན་ལས་འདས་པ་སྟེཿབླ་མེད་རྡོ་རྗེ་སྙིང་པོ་སྦས་པའི་དོནཿདྲི་མེད་འོད་ཟེར་བདག་ལ་བབས་པ་ཡིནཿའདི་དག་སྙིང་ཕྱུང་རིན་ཆེན་ཤོག་སེར་ཏེཿཤིན་ཏུ་དཀོན་པས་མཁའ་འགྲོའི་སྙིང་ཏིག་མཿཤིང་མོ་ཡོས་ལ་མཆིམས་ཕུར་སྙིང་ལ་བབསཿདེ་དོན་ཕྱི་རབས་སྐལ་ལྡན་དོན་ཆེད་དུཿམ་
(༡༤༡)སྦས་མ་གབ་ཚང་མེད་སྙིང་རྗེས་བཀོདཿད་ནི་མི་སྡོད་མྱུར་དུ་ཕ་རོལ་འགྲོཿརང་སྣང་བར་དོར་གཏན་སྲིད་ཟིན་ནས་ཀྱང་ཿབརྩེ་བའི་སེམས་དང་སྔོན་སྦྱངས་སྨོན་ལམ་དང་ཿརྒྱལ་སྲས་ཆེན་པོའི་བྱིན་རླབས་མཐུ་ཡིས་ནིཿབུམ་ཐང་ཐར་གླིང་རིན་ཆེན་དགེ་གནས་སུཿཟབ་གཏེར་ཆོས་ཀྱི་སྣང་བ་འགྱེད་དུ་འགྲོཿའཁོར་བའི་ཆུ་གཏེར་སྡུག་བསྔལ་རླབས་ཕྲེང་ཅནཿཤིན་ཏུ་མི་བཟད་ཆུ་སྲིན་འཛིན་ཁྲི་ལསཿདལ་འབྱོར་གྲུ་བོས་བདེ་ཆེན་ཕ་རོལ་འགྲོཿརྒྱུ་སྐར་གྲངས་མཐའ་རྙེད་ལས་ཚེ་རྫོགས་ཀྱང་ཿལས་སྨོན་བྱིན་རླབས་རྟེན་འབྲེལ་ཟབ་མོའི་མཐུསཿརྒྱལ་བའི་མཚན་གྱི་གྲངས་ལོར་དེང་སང་འདུགཿད་ནི་མྱུར་འགྲོ་རི་གཟར་འབབ་ཆུ་འདྲཿསྐྱེས་པའི་ཐ་མ་ཡིན་གྱིས་འཆི་བར་ངེསཿའདུས་པའི་ཐ་མ་ཡིན་གྱིས་འབྲལ་བར་ངེསཿསྐྱེད་ཚལ་གཅིག་ནས་གཅིག་ཏུ་འཕོ་བ་བཞིནཿདྲི་མེད་འོད་ཟེར་ཐར་པའི་གླིང་དུ་འགྲོཿདགེ་བ་འདི་ཡིས་སྲིད་པའི་སེམས་ཅན་ཀུནཿམ་ལུས་ཕྱམ་གཅིག་སངས་རྒྱས་འགྲུབ་པར་ཤོགཿགངས་
(༡༤༢)རི་ཐོད་དཀར་ཨོ་རྒྱན་རྫོང་གནས་སུཿསྟོན་གསུམ་མེ་ཏོག་འབྲས་བུ་སྨིན་དུས་བཀོདཿསྐལ་ལྡན་རྣམས་ཀྱིས་དོན་ཡོངས་འགྲུབ་པར་ཤོགཿཟབ་དོན་གནད་ཀྱི་ལྡེ་མིག་ཅེས་བྱ་བཿདྲི་མེད་འོད་ཟེར་གྱིས་བཀོད་པ་རྫོགས་སོཿརྒྱ་རྒྱ་རྒྱཿ ༅ཿའོད་གསལ་པྲ་ཁྲིད་བཞུགས་པ་ལགསཿརིན་ཆེན་ཤོག་སེར་སྐོརཿཿ ༅ཿ།། །རྒྱ་གར་སྐད་དུཿརཏྣ་བན་དྷུ་ཝ་ར་ཏི་ནཱ་མཿབོད་སྐད་དུཿའོད་གསལ་རིན་པོ་ཆེའི་པྲ་ཁྲིད་ཅེས་བྱ་བཿསྟོང་པ་ཡེ་ཤེས་ཀྱི་སྙིང་པོ་ཅན་ལ་ཕྱག་འཚལ་ལོཿསངས་རྒྱས་རྣམས་ཀྱི་ངེས་པའི་བཅུད་ཕྱུང་བཿསྙིང་པོའི་ཡང་གསང་ཚེ་གཅིག་སངས་རྒྱས་ལམཿདགོངས་གཏེར་ཟབ་མོའི་གནད་བསྡུས་མངོན་སུམ་པརཿཞེ་ཕུགས་ཉམས་ལེན་སྙིང་ཕྱུང་ལག་ཁྲིད་དགོདཿདེ་ལ་ཚེ་འདིར་གྲོལ་བ་འོད་གསལ་གྱི་གནདཿབར་དོར་གྲོལ་བ་འོད་གསལ་གྱི་གནདཿཕྱི་མར་གྲོལ་བ་འོད་གསལ་གྱི་གནད་གསུམ་ལསཿདང་པོ་ནིཿསྣང་དང་མུན་པའི་བྱེ་བྲག་གིསཿའོད་གསལ་དེ་ཡང་རྣམ་པ་གཉིསཿཐོག་མར་སྣང་བའི་རྣལ་
(༡༤༣)འབྱོར་ནིཿདངས་ཤིང་མཐོ་བའི་ས་ཕྱོགས་སུཿཉི་མ་ལ་ནི་རབ་ཕྱོགས་པརཿརྡོ་རྗེ་འཛིན་པའི་སྐྱིལ་ཀྲུང་གིསཿམཉམ་གནས་རླུང་ནི་ཁ་ནས་དྲང་ཿམ་བསྐྱོད་པ་ཡིས་དབང་བསྐུར་ཏེཿརབ་ཏུ་ཐིམ་པས་དབྱིངས་རིག་བལྟཿདེ་ཡང་པུས་མོ་ཕྱིར་དགྱེད་ལཿརྐང་པ་གཉིས་བསྣོལཿལག་པ་གཉིས་བརླ་དང་སྐེད་པའི་བར་དུ་བསྣོལཿཉི་མའི་ངོས་ལ་ཕྱོགས་པརཿབླ་མའི་མན་ངག་གིས་དབང་བསྐུར་ལཿཐད་དྲང་ལ་བལྟ་ཞིང་རླུང་ཁ་ནས་དབྱུང་རྔུབ་རབ་ཏུ་དལ་བར་བྱའོཿདེའི་ཚེ་དབྱིངས་འོད་ཁྱིམ་དང་ཿརིག་གདངས་ལུ་གུ་རྒྱུད་ཐིག་ཕྲན་གྱི་སྣང་བ་ལ་བལྟས་པསཿརིག་པ་ཤེས་རབ་རང་བྱུང་གི་སྒྲོན་མ་གསལ་སྟོང་གཟུང་འཛིན་དང་བྲལ་བ་ཁོང་ནས་འཆར་རོཿདེའི་ཚེ་དབྱིངས་སྣང་ཁ་དོག་ལྔཿཟ་འོག་བེར་ཁྱིམ་བཀྲམ་པ་འདྲཿགདངས་ཀྱི་ཐིག་ལེ་སྟོང་སྒྲོན་ནིཿའབྲེལ་ལ་མ་འདྲེས་སོ་སོར་གསལཿརིག་གདངས་ལུག་རྒྱུད་ཐིག་ཕྲན་རྣམསཿའགྲོ་འོང་གིས་ནི་རྣམ་པར་སྣང་ཿདེ་ཉིད་མི་འགུལ་བཅིངས་པ་
(༡༤༤)གཅེསཿདབྱིངས་སྣང་ཟ་འོག་རིས་ཀྱི་ནང་ནཿགདངས་ཀྱི་ཐིག་ལེ་སྟོང་སྒྲོན་ཟླུམ་འཁྲིགས་རིསཿཁ་དོག་སྣ་ལྔའི་མུ་ཁྱུད་ཀྱིས་བསྐོར་བཿདབུས་ན་པདྨ་འདབ་བཞིའི་རྣམ་པ་ཅནཿགཅིག་ལ་གཅིག་འབྲེལ་མང་པོ་སྣང་བའི་ནང་ནཿལུ་གུ་རྒྱུད་ཐིག་ཕྲན་འགྲོ་འོང་བྱེད་པ་རྣམས་ལ་མིག་དང་ཤེས་པ་མ་འགུལ་བར་བལྟས་པསཿས་རྡོ་རི་བྲག་ལ་སོགས་པ་མི་སྣང་བརཿའོད་གསལ་ཆུ་ཟླ་ལྟར་སྣང་བས་ཕྱི་གཟུང་བ་ཡུལ་གྱི་འཁྲུལ་པ་འོད་གསལ་དུ་འགགས་ཤིང་ཿདེའི་ངང་ལ་གནས་པསཿངང་དྭངས་རང་བཞིན་བདག་ཉིད་ཆེཿསྟོང་གསལ་ཀ་དག་ངང་ལ་གནསཿམི་གནས་མི་དམིགས་སྤྲོས་ཀུན་ཞིཿརང་བཞིན་གདོད་མའི་སར་ཕྱིན་པའོཿདེ་ལྟར་རིག་པ་སྟོང་གསལ་ཕྱོགས་ལྷུང་དང་བྲལ་བསཿནང་འཛིན་སེམས་ཀྱི་འཁྲུལ་པ་གཞི་ཐོག་ཏུ་གྲོལ་ཏེཿདགོངས་པ་མཐའ་གྲོལ་ཀློང་ཡངས་ཆེན་པོར་ལྷུན་གྱིས་གྲུབ་བོཿདེ་ལས་ཕྱི་ཕྱིར་གོམས་པ་ཡིསཿཕྱི་ནང་རྡོས་བཅས་གདོད་མར་གྲོལཿདེའང་སྣང་བ་བཞི་རིམ་གྱིས་མཆེད་ནསཿཆོས་ཉིད་
(༡༤༥)གདོད་མའི་ངང་།། །དུ་རབ་ལོ་གསུམཿའབྲིང་ལྔཿཐ་མ་བདུན་ན་གྲོལ་བ་ཡིན་ནོཿཞར་ལ་ཆུ་ཤེལ་སྒྲོན་མ་ཡང་ཿསྣང་བའི་རྣལ་འབྱོར་ཉིད་དུ་བཤདཿཟླ་བའི་དཀྱིལ་འཁོར་དབུས་སུ་སྟེཿཉིན་དུས་ཚ་བའི་རབ་རིབ་སེལཿསྒྲོན་མེའི་འོད་ཀྱི་རྩ་ལམ་སྦྱོང་ཿདེ་ལྟར་ཉམས་སུ་ལེན་པའི་ཚེཿཉིན་མོའི་སྣང་བས་མིག་གི་ཚ་བ་འཕེལ་ནས་མི་བདེ་བ་ཀུནཿམཚན་མོ་ཟླ་བའི་དཀྱིལ་དུ་བ་རེ་བལྟས་པས་སེལ་ལོཿམར་མེའི་འོད་ལ་བལྟས་པས་རྩ་ཤེལ་སྦུག་ཅན་གྱི་ལམ་བྱང་ནསཿགཟིགས་སྟངས་བདེ་ཞིང་སྣང་བ་འཕེལ་བ་ཡིན་ནོཿསྣང་བའི་རྣལ་འབྱོར་རོཿགཉིས་པ་མུན་པའི་རྣལ་འབྱོར་ནིཿསྣང་བ་ལ་ཟླ་བ་དྲུག་ཏུ་བསྒོམས་པས་མཚན་མོའི་འོད་གསལ་སྦྱང་བ་ནིཿསྣང་བ་མེད་པའི་ཁྱིམ་དག་ཏུཿརྡོ་རྗེ་སྐྱིལ་མོ་ཀྲུང་བཅས་ཏེཿགཟིགས་སྟངས་གསུམ་ལ་སྔ་ཕྱིར་བསླབསཿཉི་ཤུ་གཅིག་གིས་སྐལ་ལྡན་པརཿའགྲུབ་འགྱུར་འདི་ལ་ཐེ་ཚོམ་མེདཿདེ་ཡང་བུ་ག་མེད་པའི་ཁང་པརཿབྲམ་ཟེའི་སྐྱིལ་ཀྲུང་གིས་རླུང་དལ་བསཿ
(༡༤༦)ཞག་བདུན་དུ་ཐུར་དུ་ཟིམ་བུར་བལྟཿདེ་ནས་བདུན་དུ་ཐད་དྲངས་ལཿདེ་ནས་བདུན་དུ་གྱེན་ལ་ཧར་པོར་བལྟས་པསཿན་བུན་ལྟ་བུ་དང་ཿམེ་ཏོག་ལྟ་བུ་དང་ཿསྣ་ཚོགས་གཟུགས་ཅན་དང་ཿའོད་ལྔའི་རྣམ་པ་ཚད་མེད་པ་འཆར་རོ༔གཞན་ཡང་ཿཁམས་དྲུག་འདུས་པའི་རླུང་སེམས་ལསཿའགྲོ་བ་དྲུག་གི་རྣམ་པར་སྣང་ཿཡེ་ཤེས་འདུས་ལས་དག་པའི་ཞིང་ཿསྐུ་དང་ཐིག་ལེ་ལ་སོགས་སོཿདེའང་ལུས་ཀྱི་གནས་སྤྱི་གཙུགཿསྨིན་མཚམསཿམགྲིན་པཿལྟེ་འོགཿགསང་གནསཿརྐང་མཐིལ་དྲུག་ཏུ་རླུང་སེམས་འདུས་པ་ལསཿམ་དག་པ་སྦྱང་གཞི་འགྲོ་དྲུག་གི་སྣང་བ་སྣ་ཚོགས་འཆར་ཞིང་ཿབདེ་ཆེན་འཁོར་ལོ་ལ་སོགས་པ་ལྔར་རླུང་སེམས་འདུས་པ་ལས་སངས་རྒྱས་ཀྱི་ཞིང་དང་ཉན་རང་དང་ཿབྱང་ཆུབ་སེམས་དཔའ་དང་མཁའ་འགྲོ་ལྔ་ལ་སོགས་པ་དག་པའི་སྣང་བ་སྣ་ཚོགས་འཆར་ཞིང་ཿརིག་པ་གང་དུའང་མ་འདུས་པས་རླུང་སེམས་གཞི་ཐོག་ཏུ་གྲོལ་བ་སྟེཿསྣང་དང་མི་སྣང་གི་འཛིན་པ་མེད་པར་ཀུན་ཏུ་བཟང་པོའི་ཀློང་དུ་ཐིམ་པའོཿ
(༡༤༧)དེ་ལ་ནི་ཇི་སྐད་གསུངས་པའི་སྣང་བ་བཞི་འཆར་ཡང་དེར་འཛིན་པ་མེད་པས་གྲོལ་བ་ཡིན་ནོཿའདིར་རྣལ་འབྱོར་པས་འཁོར་འདས་ཀྱི་རྩ་ཁམས་སུ་རླུང་སེམས་འདུས་ཀྱང་དགག་སྒྲུབ་མེད་པསཿལྟ་སྟངས་གཟིགས་སྟངས་བསྒྱུར་ཏེ་གང་དུའང་མི་རྟོག་པར་བཞག་པས་སྣང་བ་དེ་དག་ལས་གྲོལ་བའོཿདེ་ལྟར་བསྒོམས་པའི་རྣལ་འབྱོར་པ་ནིཿཉིན་མཚན་དུས་རྣམས་ཐམས་ཅད་དུཿཕྱིར་ནི་སྣང་བའི་འོད་གསལ་ལསཿནང་དུ་སྟོང་པའི་འོད་གསལ་འཆརཿཐབས་ཤེས་དབྱིངས་རིག་འདུ་འབྲལ་མེདཿཕྱི་འོད་གསལ་ཐབས་ཀྱི་སྣང་བ་ལསཿནང་འོད་གསལ་ཤེས་རབ་ཀྱི་སྣང་བ་རྒྱ་ཆད་ཕྱོགས་ལྷུང་མེད་པའི་ལྟ་བཿངང་དྭངས་རང་གསལ་གྱི་སྒོམ་པཿཚོགས་དྲུག་རང་གྲོལ་གྱི་སྤྱོད་པཿརེ་དོགས་མེད་པའི་འབྲས་བུ་རང་བཞིན་ལྷུན་གྲུབ་ཏུ་ཤར་ཏེཿའོད་སྣང་སྣ་ཚོགས་སུ་སྣང་ཡང་དབྱིངས་རང་བཞིན་གྱི་རྣམ་དག་སྐྱེ་བ་མེད་པའི་ཆོ་འཕྲུལ་དུ་འབྱུང་བ་ནིཿཇི་ལྟར་སྣང་བ་ཆུ་ཟླ་འདྲཿསྐྱེ་བ་མེད་ལས་ཐམས་ཅད་སྐྱེསཿསྐྱེས་ཙམ་ཉིད་ནས་སྐྱེ་བ་
(༡༤༨)མེདཿསྐྱེས་དང་མ་སྐྱེས་མཉམ་པ་ཉིདཿསྣ་ཚོགས་སྣང་ལ་སྤྲོས་དང་བྲལཿརང་བཞིན་གཉིས་མེད་མཐའ་ཡས་འདསཿཀུན་བཟང་ཡབ་ཡུམ་དགོངས་པར་ཕྱིནཿདེ་ལྟར་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པ་གཟུགས་བརྙན་དང་འདྲ་བར་རྟོགས་པའི་རྣལ་འབྱོར་པའི་རིག་པ་ལ་ངོ་སྤྲད་ནཿརང་རིག་མ་འགགས་ཝ་ལེར་གསལ་བ་ཀུན་ཏུ་བཟང་པོཿགསལ་ལ་འཛིན་མེད་སྟོང་པར་སངས་ངེ་བ་འདི་ཀུན་ཏུ་བཟང་མོའི་དགོངས་པའོཿདེའི་ཚེ་འོད་གསལ་འཛིན་མེད་སྒྲོན་མ་བཞིའི་ངང་ལ་ཆེ་བའི་ཡོན་ཏན་ཉི་ཤུ་རྩ་ལྔ་ཡང་རྫོགས་ཏེཿམིག་ལ་སོགས་པ་དབང་པོའི་ཞེན་པ་ལོག་སྟེ་རྣམ་པར་མི་རྟོགཿགཟུགས་ལ་སོགས་པ་ཕུང་པོའི་ཞེན་པ་ལོག་སྟེ་རིགས་དྲུག་མངལ་ཁ་སྟོངསཿཕྱི་ཡུལ་གྱི་ཞེན་པ་ལོག་སྟེ་གཉིས་སུ་མེད་པར་ཞིགཿསེམས་ཀྱི་དངོས་པོ་སྤུར་ཏེ་རང་གྲོལ་སེམས་ཀྱི་བྱུངཿཚོར་གནས་སུ་ཆོད་པས་ངར་འཛིན་ཞིགཿའདུས་ཚོར་སྣང་བ་རང་སྣང་དུ་ངོས་ཟིན་པས་རང་རིགཿརིག་པ་ཆོས་ཉིད་ཀྱི་བརྩོན་རར་ཟིན་པས་འཁོར་བ་དགཿ
(༡༤༩)འཁྲུལ་པའི་རང་རྒྱུད་ཁུངས་ཆོད་དེ་རང་འོད་ངོས་ཟིནཿརང་གིས་རིགས་དྲུག་རིམ་གྱིས་བསྒྲལ་ཏེ་འགྲོ་དྲུག་གི་གཡངས་ཆོདཿའཁོར་བའི་དོང་ནས་ཐོན་ཏེ་ཕྱིར་མི་ལྡོགཿཆོས་ཅན་ཐུར་དུ་ཚུད་པས་ཆོས་ཉིད་དོན་གྱི་ཚད་མ་རྟོགསཿརོའི་ཁུངས་སྦུར་སྟེ་ཡེ་ཤེས་ཀྱི་ལུས་ཐོབཿཞེན་པའི་ཕྲེང་ཐག་ཆོད་དེ་བག་ཆགས་རང་དགཿལུ་གུ་རྒྱུད་ཨར་ལ་གཏད་པས་རིག་པ་དབྱིངས་སུ་གནསཿའོད་ལྔ་ལྷའི་ཕྱག་རྒྱར་མཐོང་བས་རིག་པ་རང་གསལཿཡིད་དཔྱོད་ཀྱི་ལྟ་སྒོམ་ལོག་པས་ཀུན་གསལ་དག་པའི་དྲི་མེད་ཆོས་ཀྱི་སྐུ་ཐོབཿས་ལམ་དུས་གཅིག་ཆོད་པས་རྩོལ་བ་རང་སར་དགཿཡིད་དཔྱོད་འཛིན་པའི་ལྟ་བ་ཁུངས་ཆོད་པས་སྙེམས་དང་བྲལཿསྐུ་གསུམ་ལམ་དུ་ལོངས་པས་འཁྲུལ་པ་ཀ་ནས་དགཿསྣང་བ་དངོས་སུ་བསླངས་པས་རྟོག་པ་མངོན་དུ་གྱུརཿསྒྲའི་ཞེན་པ་ཆོད་པས་བདུད་བཞིའི་འཇིགས་པ་བཅོམཿབསམ་གཏན་ཆེན་པོའི་ས་ནོན་པས་དམིགས་གཏད་ཐམས་ཅད་དང་བྲལཿཕྱི་ནས་
(༡༥༠)སངས་རྒྱས་སུ་རེ་བའི་མངོན་ཞེན་ཆོད་པས་རེ་དོགས་རང་གྲོལཿཕྲིན་ལས་མཐར་ཕྱིན་པས་འགྲོ་དོན་ལྷུན་གྱིས་གྲུབཿརྒྱལ་སྲས་ས་ཆེན་པོ་ནོན་པས་ཆོས་དབྱིངས་ཟད་མི་ཤེསཿདེ་ལྟར་བཏགས་གྲོལ་ནས་གསུངས་པའི་ཡོན་ཏན་རྣམས་རྣལ་འབྱོར་པ་གཅིག་གིས་ད་ལྟ་ཐོབ་པས་འདིར་གྲོལ་བ་ཡིན་ནོཿདེ་ལྟར་གོམས་པའི་གང་ཟག་ལཿཏིང་ངེ་འཛིན་དང་མངོན་ཤེས་དང་ཿསྤྱན་དང་རྫུ་འཕྲུལ་ལ་སོགས་འཆརཿདེ་ལྟར་འོད་གསལ་ལ་ཉིན་མཚན་དུ་གནས་པ་ནཿསེམས་དང་ཡིད་དང་རྣམ་པར་ཤེས་པ་ཐམས་ཅད་དང་བྲལ་བ་འོད་གསལ་རྒྱུན་གྱི་ཏིང་ངེ་འཛིན་ཆེན་པོ་འཆར་རོཿདེ་ལས་ཕ་རོལ་གྱི་སེམས་ཤེས་པ་ལ་སོགས་པའི་མངོན་པར་ཤེས་པ་དང་ཿསྒོམ་ཁང་ནས་འཛམ་བུའི་གླིང་ལ་སོགས་པ་ལེགས་པར་མཐོང་བའི་ལྷའི་མིག་ལ་སོགས་པ་དང་། ལུས་སྣ་ཚོགས་སུ་འཕྲུལ་པས་ནམ་མཁའ་ལ་འགྲོ་བ་ལ་སོགས་པའི་རྫུ་འཕྲུལ་དང་ཿགཞན་ཡང་ཡོན་ཏན་དཔག་ཏུ་མེད་པ་འཆར་རོཿཚེ་འདིར་གོམས་པའི་མན་ངག་གོཿགཉིས་པ་བར་
(༡༥༡)དོའི་འོད་གསལ་ནིཿའབྱུང་བ་རྣམས་རིམ་གྱིས་ཐིམ་ནསཿནམ་མཁའ་འོད་གསལ་ལ་ཐིམ་པའི་ཚེཿནམ་མཁའི་ཁམས་སུ་འོད་ལྔའི་སྣང་བ་སྣ་ཚོགས་སུ་ཤར་བ་དང་ཿརང་རིག་གི་བར་ན་ཟེར་ལྔ་ཐག་པ་བརྒྱངས་པ་ལྟར་ཟུག་པས་རིག་པའི་ཡེ་ཤེས་དེ་རང་སྣང་དུ་ངོ་ཤེས་པ་ནིཿཀུན་ཏུ་བཟང་པོ་ཡབ་ཀྱི་དགོངས་པའོཿརང་སྣང་ངོ་ཤེས་རང་ལ་འོད་ལྔར་གསལ་ཡང་ཿའོད་དུ་འཛིན་པ་མེད་པར་གཏད་མེད་དུ་ཤིགས་སེ་འཇོག་པ་ནི་ཀུན་ཏུ་བཟང་མོའི་དགོངས་པའོཿདེའང་སྐད་ཅིག་དང་པོར་ཡབ་ཀྱི་དགོངས་པས་རང་ངོ་ཤེས་སོཿགཉིས་པར་ཡུམ་གྱི་དགོངས་པས་གཉིས་སུ་མེད་པའི་ཏིང་ངེ་འཛིན་ལ་གནསཿགསུམ་པར་གདོད་མའི་ས་ལ་ནང་གསལ་ལྷུན་གྲུབ་རིན་པོ་ཆེར་ཐིམ་པ་ནི་སངས་རྒྱས་མྱ་ངན་ལས་འདས་པ་ཞེས་བྱའོཿད་ལྟ་སྣང་བའི་འོད་གསལ་ལ་དེ་བཞིན་དུ་ཡང་ཡང་སྦྱང་བ་ནིཿགནད་གལ་པོ་ཆེའོཿདེ་ལ་མ་ཟིན་ན་ཆོས་ཉིད་ཀྱི་བར་དོ་ལ་སྣང་བ་གང་ཤར་ཡང་གདམས་ངག་དེ་བཞིན་དུ་དྲན་པ་ནི་གནད་མངོན་སུམ་དུ་ཕྱུང་བའོཿགཞན་མེད་དོཿ
(༡༥༢)འདི་ཁོ་ནའོཿགསུམ་པ་ཐ་མ་སྤྲུལ་པའི་ཞིང་སྦྱོང་བ་ནིཿདེ་ལས་སྣང་བ་ཕྱིར་ཐལ་ཏེཿསྲིད་པའི་བར་དོ་རྨི་ལམ་དུ་སྣང་བ་ལྟ་བུ་ལསཿཆོས་ཉིད་བདེན་པའི་བྱིན་རླབས་ཀྱིསཿཤར་ཕྱོགས་མངོན་པར་དགའ་བ་ལ་སོགས་པར་སྐྱེས་ནས་གྲོལ་ཚུལ་ནི་ཁྲིད་ཡིག་བཞིན་ཤེས་པར་བྱའོཿད་ལྟ་སྐབས་སུ་ཞིང་དེ་དག་ཏུ་རང་རིག་མིག་ནས་འཕངས་སོཿཉལ་དུས་གཞོགས་གཡས་ཕབ་ནསཿཞིང་ཡིད་ལ་བྱ་སྟེ་སྙིང་གའི་འོད་ལ་སྦྱངས་པ་ནི་གདམས་ངག་དམ་པའོཿམདོར་བསྡུ་ན་དུས་རྣམས་ཐམས་ཅད་དུ་གསལ་སྟོང་འཛིན་མེད་ཆེན་པོར་རྩལ་སྦྱང་ངོ་ཿཕྱི་ནང་་བཅུད་སྣང་བ་ལཿརྨི་ལམ་ལྟ་བུའི་ལམ་ཁྱེར་བྱཿརང་རིག་དྲི་མེད་ཡེ་ཤེས་ལཿཆུ་ཟླ་ལྟ་བུའི་ལམ་ཁྱེར་བྱཿསྣ་ཚོགས་འཕྲོ་འདུའི་རྟོག་པ་ལཿསྨྱོན་པ་ལྟ་བུའི་ལམ་ཁྱེར་བྱཿགང་ཤར་དྲན་རིག་ཆུ་རིས་འདྲཿསྔ་ཕྱིའི་འཛིན་པས་མི་བསླད་འཚལཿརྟག་ཏུ་འཆི་བ་དྲན་པར་བྱཿཉལ་དུས་བར་དོའི་གདམས་པ་གཟུང་ཿརྩིས་མེད་ཞེན་མེད་ཆགས་མེད་བྱཿགང་ལའང་གཟའ་གཏད་ཆེད་འཛིན་ཐོང་ཿལས་འབྲས་མི་
(༡༥༣)གོས་ནམ་མཁའ་འདྲཿཇི་ལྟར་བུམ་པ་ཆག་པ་ནཿནམ་མཁའ་གསུམ་ཉིད་གཅིག་པ་བཞིནཿནམ་ཞིག་འབྱུང་བཞིའི་བུམ་པ་ཆགཿརིག་པ་ཉིད་ནི་དབྱིངས་སུ་ཐིམཿརང་ངོ་ཤེས་པས་གྲོལ་བ་ནིཿརྡོ་རྗེ་གདན་ལ་མངོན་བྱང་ཆུབཿགདོད་མའི་སར་ཕྱིན་མི་འཁྲུལ་བའོཿདེའི་ཚེ་རང་ངོ་མ་ཤེས་ན་མའི་མངལ་གྱིས་ཐོགས་ལ་འཁོར་བར་འཇུག་ཅིང་ཿཤེས་ན་རྡོ་རྗེའི་གདན་ལ་ཐོགས་ནས་མཐར་ཕྱིན་པའོཿདེའི་ཕྱིར་ན་ད་ལྟ་ཉིད་དུ་གོམས་པར་བྱའོཿའདི་ནི་རྒྱལ་སྲས་པདྨའི་ཡང་གཏེར་ཏེཿགཏེར་དང་གཏེར་ཕྲན་དགོངས་གཏེར་ཟབ་དགུ་ལསཿའདི་འདྲའི་གདམས་པ་སྔོན་ཆད་བྱུང་བ་མེདཿའབྲས་བུའི་ཐུགས་གཏེར་ལྷ་སྲས་ཆོས་སྐལ་འདིཿདེང་སང་བདག་ལ་དགོངས་པས་བརྒྱུད་པའི་མཐུསཿངོ་སྤྲོད་གནད་དང་ཟབ་ཡིག་སྙིང་ཏིག་མཿཡི་གེས་མི་ཤེས་དོན་རྣམས་འདིར་བསྡུས་ཏེཿཤོག་སེར་ཤོག་འདྲ་རིན་ཆེན་ཤོག་སྐྱར་བཀོདཿཤོག་སེར་ལས་ཀྱང་ཡང་སེར་ཡི་གེ་འདིཿམངོན་སུམ་གོམས་པའི་གནད་དུ་དེབས་ལ་བཏབཿཕྱི་རབས་སྐལ་ལྡན་
(༡༥༤)རྣམས་དང་འདི་འཕྲད་དེཿགདོད་མའི་ས་ལ་ཀུན་ཏུ་བཟང་པོར་ཤོགཿདྲི་མེད་འོད་ཟེར་ཐར་པའི་གླིང་འགྲོ་ཡང་ཿསྙིང་གི་སྙིང་པོ་མ་སྦས་འདིར་བཀོད་དེཿསྐལ་ལྡན་རྣམས་ལ་སྙིང་ཕྱུང་དངོས་སུ་གཏདཿཡི་གེ་འདི་ལ་རྟག་ཏུ་ནན་ཏན་མཛོདཿའོད་གསལ་རིན་པོ་ཆེའི་པྲ་ཁྲིད་ཅེས་བྱ་བཿཔདྨ་ལས་འབྲེལ་རྩལ་གྱིས་གངས་རི་ཐོད་དཀར་དུ་བཀོད་པ་རྫོགས་སོཿདགེ་ཞིང་བཀྲ་ཤིས་སོཿ༅ཿགསང་ལམ་རིན་པོ་ཆེའི་ངོ་སྤྲོད་བཞུགས་པ་ལགསཿརིན་ཆེན་ཤོག་སེར་གྱི་སྐོརཿ༈རྒ་རྒ་བྱཿཿ།། །གསང་ལམ་རིན་པོ་ཆེའི་ངོ་སྤྲོདཿདཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོཿབྱ་བྲལ་ཆོས་ཟད་རང་བཞིན་རྫོགས་པ་ཆེཿཡེ་ནས་མ་བཅོས་ལྷུན་གྱིས་གྲུབ་པ་ནིཿརིག་པའི་གཤིས་ཉིད་ཡེ་ནས་གནས་པའི་ཚུལཿཇི་ལྟར་བདག་གིས་རྟོགས་བཞིན་བཤད་ཀྱིས་ཉོནཿའདི་ལ་གཞི་ལྟ་བས་གཏན་ལ་དབབ་པཿལམ་བསྒོམས་པས་ཉམས་སུ་བླང་ཚུལཿའབྲས་བུ་གྲོལ་བ་ངོས་གཟུང་བ་གསུམ་ལསཿདང་པོ་ནི་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣ་
(༡༥༥)ཚོགས་སུ་སྣང་ཡང་ཿརང་བཞིན་གདོད་ནས་དག་པ་ནམ་མཁའི་སྤྲིན་དང་བྲལ་བ་ལྟ་བུ་སྟེཿརྒྱ་ཆད་ཕྱོགས་ལྷུང་མེད་པཿརྟག་ཆད་སྤྲོས་པའི་དྲི་མ་ཐམས་ཅད་དང་བྲལ་བ་ངོ་བོ་སྟོང་པཿརང་བཞིན་གསལ་བཿཐུགས་རྗེ་འགགས་པ་མེད་པཿརིག་པ་ཡེ་ཤེས་ཀྱི་ངང་ལས་མ་གཡོས་པཿནམ་མཁའི་ཆོ་འཕྲུལ་ནམ་མཁའི་ངང་ལས་མ་འདས་པ་ལྟ་བུ་ཡིན་ལཿདག་པ་ལོངས་སྐུ་དང་སངས་རྒྱས་ཀྱི་ཞིང་ཁམསཿམ་དག་པ་འགྲོ་དྲུག་དང་དུག་ལྔ་ཇི་ལྟར་ཤར་ཡང་ཿསྣང་དུས་ཉིད་ནས་བདེན་པར་མ་གྲུབ་ཅིང་ངོས་གཟུང་དང་བྲལ་བ་རྨི་ལམ་བཟང་ངན་ལྟ་བུཿརིག་མ་རིག་གི་ཆོ་འཕྲུལ་ཙམ་ལསཿངོ་བོ་ལ་འཕོ་འགྱུར་མེད་པར་ཤེས་པར་བྱའོཿགཉིས་པ་ནིཿའགྱུར་མེད་ཆོས་སྐུའི་གཟིགས་སྟངས་ཀྱིསཿརླུང་ནི་ཕྱིར་བཟུང་མཁའ་ལ་བསྲེཿརང་རིག་ནམ་མཁའི་དཀྱིལ་དུ་སྦཿམཐིང་གསལ་ཀ་དག་ཆོས་ཉིད་ངང་ཿརྒྱ་ཆད་ཕྱོགས་ལྷུང་བྲལ་བར་བཞགཿཐི་མ་ལམ་རྨུགས་གདོད་མའི་ངང་ཿརྣམ་ཤེས་ནམ་མཁའ་ལ་ཐིམ་ནསཿལྷན་ཅིག་
(༡༥༦)སྐྱེས་གང་འོད་གསལ་བཿསྟོང་གསལ་མཐའ་དབུས་མེད་པར་འཆརཿཀུན་བཟང་ཡབ་ཡུམ་དགོངས་པར་ཕྱིནཿགཞི་ཐོག་གྲོལ་བར་ཤེས་པར་བྱཿདེ་ཡང་ལྟ་སྟངས་གསུམ་གང་ཡང་རུང་བའམཿཆོས་སྐུའི་གཟིགས་སྟངས་དང་བསྟུན་ཏེཿནམ་མཁའ་སྤྲིན་མེད་པའི་དཀྱིལ་དུ་བལྟས་ལཿཁ་སྣའི་རླུང་གསུམ་དྲག་ཏུ་འཕངས་ཏེཿརིག་པ་འོད་ལྔའི་གོང་བུ་སྐར་མདའ་ལྟར་ཕྱིར་རྒྱངས་ཏེ་ནམ་མཁའི་ངང་དུ་སོང་ནས་གདངས་མཐིང་ག་ལ་མིག་གཏད་དེ་སེམས་མི་གཡོ་བར་ལྷན་ནེར་བཞག་གོཿདེའི་ཚེ་གཟུང་འཛིན་གྱི་སེམས་དབྱིངས་སུ་ཐིམ་ཡང་ཿརིག་པ་བྱིང་རྨུགས་ཐམས་ཅད་དང་བྲལ་བ་རྣམ་ཤེས་ནམ་མཁའ་ལ་ཐིམ་པ་ལྟ་བུའི་དགོངས་པ་ཤར་བའི་རྗེས་ལཿསྟོང་གསལ་འགྱུར་བ་མེད་པའི་འོད་གསལཿནམ་མཁའ་འོད་གསལ་ལ་ཐིམ་པ་ལྟ་བུར་ཤར་ཏེཿགཟུང་འཛིན་གཉིས་སྣང་གི་ཆོས་སུ་མ་གྲུབ་པས་སྟོང་ལཿཕྱི་སྣང་བ་དང་ནང་རིག་པའི་འོད་གསལ་མི་འགགས་པས་སྣང་བཿདམིགས་གཏད་ཆེད་འཛིན་དང་བྲལ་བའི་ཡེ་ཤེས་མཐའ་དབུས་
(༡༥༧)མེད་པར་འཆར་རོཿདེའི་ཚེ་ཕྱི་སྣང་བ་དང་ཿནང་རིག་པ་མ་འགགས་པའི་ངང་ལ་བློ་དེར་འཛིན་དང་བྲལ་བར་ལྷོད་ཀྱིས་འཇོག་པ་ནིཿཀུན་བཟང་ཡབ་ཡུམ་གྱི་དགོངས་པ་ཕུན་སུམ་ཚོགས་པའོཿདེ་ལྟར་ཉིན་མོ་དང་མཚན་མོའི་དུས་ཐམས་ཅད་དུ་ཉམས་སུ་བླངས་པས་ཐོག་མའི་གཞིའི་ངང་དུ་ད་ལྟ་ཕྱིན་ཏེ་ཀུན་ཏུ་བཟང་པོའི་ས་ལ་གྲོལ་བ་ཞེས་བྱའོཿདེ་ཁོ་ན་བཞིན་ཟླ་བ་དྲུག་ཏུ་གོམས་པས་ཐུན་མོང་གི་དངོས་གྲུབ་སྤྱན་དང་མངོན་པར་ཤེས་པ་ལ་སོགས་པ་སྣ་ཚོགས་སུ་འཆར་ཞིང་ཿམཆོག་གི་དངོས་གྲུབ་ལྷུན་གྲུབ་གཞིའི་ངང་དུ་བཙན་ས་ཟིན་པའོཿགནད་ཀྱིས་སྐད་ཅིག་ལ་གདོད་མའི་དབྱིངས་སྣང་ལ་རིག་པའི་ལམ་ཁྱེར་ཤིན་ཏུ་དཀོན་པས་སྦ་ཞིང་སྐལ་ལྡན་གྱིས་བརྩོན་པར་བྱ་བ་ཁོ་ནའོཿདེ་ལས་ལངས་ནས་སྣང་སྲིད་གཞི་ནས་གྲོལ་བ་ནམ་མཁའ་ལྟ་བུའི་རང་བཞིན་ལ་སྐད་ཅིག་སྐད་ཅིག་གིས་སྦྱོང་ཞིང་ཿཚེ་འདིའི་སྣང་བ་ལ་དགག་སྒྲུབ་དང་ཞེན་པ་ཐམས་ཅད་རང་གྲོལ་དུ་བྱའོཿམཚན་མོ་ཉལ་བའི་ཚེ་ཡང་ཿཉིན་དུས་ཀྱི་སྣང་བ་མི་རྟག་པའི་ཚེ་
(༡༥༨)འདི་ལ་ཆགས་པ་དང་ཿདྲན་རིག་གི་ཤེས་པ་འགགས་པ་འབྱུང་བ་བཞིའི་སྡུད་ཚུལ་དང་ཿཡུལ་སེམས་གང་དུའང་མ་གྲུབ་པས་འོད་གསལ་ནམ་མཁའ་ལྟ་བུའི་ངང་ལ་ཉལ་ལོཿའཁྲུལ་པའི་རྨི་ལམ་འགགས་ཏེ་ངན་པ་ལས་བཟང་པོར་འགྱུར་བ་དང་ཿརྨི་ལམ་ཟིན་པ་དང་འགགས་པ་རྣམས་རིམ་གྱིས་འབྱུང་ངོ་ཿསྐྱབས་སུ་སྤུབས་འཕོ་བའི་གདམས་པ་གཟུང་ཞིང་སྦྱང་བ་ནིཿསྐྱིལ་ཀྲུང་བཅས་ཏེཿཤར་མངོན་དགའ་ལ་སོགས་པའི་ཞིང་བསམས་ལཿརང་གི་རིག་པ་ཨོཾཱ་དཀར་པོར་དམིགས་ཏེཿཧ་ཞེས་ཤུགས་དྲག་པོའི་མིག་ནས་འཕངས་ལཿརླུང་དར་ཅིག་ཕྱིར་བཟུང་ལ་གསལ་སྟོང་གི་ངང་ལ་ཇི་ཙམ་གནས་ཀྱི་བར་ལ་མཉམ་པར་གཞག་གོཿདེ་བཞིན་དུ་ལོངས་སྐུའི་ཞིང་བསམ་ལཿཨཱཿདམར་པོར་དམིགས་ཏེ་སྦྱོང་ངོ་ཿནམ་མཁའ་དག་པའི་ངང་དུ་ཧཱུྃ་མཐིང་གར་བསམས་ཏེཿཧས་འཕངས་པས་ནམ་མཁའི་ངང་དུ་སེམས་མི་དམིགས་པར་བཞག་གོཿདེས་ནི་སྐུ་གསུམ་དུ་གྲོལ་ནས་ཕྱིར་མི་ལྡོག་པ་གནད་ཀྱི་གདམས་པའོཿ
(༡༥༩)གསུམ་པ་ནི་རྟག་ཏུ་ནམ་མཁའ་ལྟ་བུའི་རྣལ་འབྱོར་པ་འཆི་བའི་དུས་ལ་བབས་པ་ནཿགང་ལའང་མ་ཆགས་པས་དབེན་ཞིང་ཡིད་དང་མཐུན་པའི་གནས་སུ་སོང་ལཿབླ་མའི་གདམས་པ་གསལ་བཏབ་ནས་རང་གཅིག་པུར་འཆི་བར་བྱའོཿདེའང་ས་ཆུ་ལ་ཐིམ་པས་ལུས་ལྕིཿཆུ་མེ་ལ་ཐིམ་པས་སྐོམ་དད་ཆེཿམེ་རླུང་ལ་ཐིམ་པས་དྲོད་འཆོར་རོཿརླུང་རྣམ་ཤེས་ལ་ཐིམ་པས་དབུགས་རྒྱུ་བ་ཆདཿརྣམ་ཤེས་ནམ་མཁའ་ལ་ཐིམ་པས་ཤེས་པ་གསལ་སྟོང་རྣམ་པར་མི་རྟོག་པའི་ངང་ལ་གནསཿནམ་མཁའ་འོད་གསལ་ལ་ཐིམ་པས་སྐད་ཅིག་དང་པོ་ལ་དབྱར་མ་སྟོན་གྱི་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུའི་སྣང་བ་འབྱུང་ངོ་ཿདེའང་ཕྱི་སྣང་ལ་མཐིང་ག་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀ་དག་ཆོས་ཟད་ཀྱི་སྣང་བ་འཆར་རོཿདེའི་ཚེ་སྔར་སྦྱངས་པའི་གདམས་པ་དྲན་པས་དེ་ཉིད་ཀྱི་ངང་ལ་རིག་པ་བསྲེས་ཏེཿགང་དུའང་མི་རྟོག་པར་མཉམ་པར་བཞག་པསཿསྔར་གོམས་པའི་དུ་རང་རིག་གི་འོད་གསལ་དང་ཿདུས་
(༡༦༠)དེར་ཤར་བ་མ་རང་བྱུང་གི་འོད་གསལ་གཉིས་འདྲེས་ཏེ་མ་བུ་འཕྲོད་ནས་གདོད་མའི་ངང་དུ་དབྱིངས་དང་ཡེ་ཤེས་རོ་གཅིག་ཏུ་གྱུར་ནསཿཆོས་སྐུ་རྒྱལ་པོའི་གཏན་སྲིད་ཟིན་ནསཿཕྱིར་མི་ལྡོག་པའི་ས་ནོན་ཏེཿཐིམ་ལ་མ་རྨུགས་པཿགསལ་ལ་འཛིན་པ་མེད་པཿསྣང་ལ་རང་བཞིན་མེད་པཿཆོས་སྐུ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་གནམ་སྟོང་གི་ཟླ་བ་ལྟ་བུའི་ངང་ལ་དུས་གསུམ་འཕོ་འགྱུར་མེད་པར་བཞུགས་སོཿགདུལ་བྱའི་དོན་དུ་ཆོས་ཀྱི་སྐུ་ལས་མ་གཡོས་པར་ལོངས་སྐུའི་ཞིང་དང་ཿདེ་ལས་སྤྲུལ་པའི་སྐུ་དཔག་ཏུ་མེད་པས་འགྲོ་བའི་དོན་ལྷུན་གྲུབ་ཏུ་མཛད་པ་རྒྱུན་མི་ཆད་པའོཿསླར་ཡང་སྤྲུལ་པའི་སྐུ་ལོངས་སྐུར་ཐིམཿལོངས་སྐུ་ཆོས་སྐུར་ཐིམ་ནསཿདུས་བཞི་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་འཕོ་འགྱུར་མེད་པས་དབྱིངས་དང་ཡེ་ཤེས་རོ་གཅིག་ཏུ་བཞུགས་སོཿའདའ་ཀ་མའི་ཉམས་སུ་ལེན་ཚུལ་མང་ཡང་ཿཀ་དག་ཆོས་ཟད་ཀྱི་སྣང་བ་སྙིང་ཕྱུང་བ་འདི་ལས་མེད་དོཿད་ལྟ་ནི་ནམ་མཁའ་གུད་དུ་བཅད་པ་བུམ་ནང་གི་ནམ་མཁའ་ལྟ་བུ་ལཿརིག་པ་ལུས་ཀྱི་ནང་ན་
(༡༦༡)སྟོང་གསལ་དུ་གནས་པའོཿཕྱིའི་ནམ་མཁའ་ལྟར་ཀ་དག་ཆེན་པོའི་གནས་ལུགས་དང་འབྲེལ་ཡང་མངོན་དུ་མ་གྱུར་ལཿབུམ་པའི་ནམ་མཁའ་ནས་ཕྱིའི་ནམ་མཁའ་འབྲེལ་བ་ལྟརཿཉམས་སུ་བླངས་པའི་ཚེ་ཀ་དག་གི་ངང་དུ་རིག་པ་ཐིམ་ནས་གནས་པའོཿབུམ་པ་ཆག་པས་ནམ་མཁའ་ཕྱི་ནང་བར་གསུམ་དབྱེ་བ་མེད་པ་ལྟརཿའབྱུང་བའི་ལུས་འདི་ཞིག་དུས་སེམས་ཉིད་དོན་གྱི་ནམ་མཁའ་ཆོས་ཉིད་དོན་གྱི་ནམ་མཁའ་དང་དབྱེར་མེད་དུ་ཐིམ་ནསཿགདམས་ངག་གིས་ཐོབ་པའི་རིག་པ་ཡེ་ཤེས་ཀྱི་ནམ་མཁའ་རྣམས་དབྱེར་མེད་པར་འདྲེས་ཏེཿཆོས་ཟད་ཀ་དག་གི་གཞི་ལ་རང་གྲོལ་ལོཿཿའདི་ནི་དུས་གསུམ་གནད་ཀྱི་གདམས་པཿཀུན་ཏུ་བཟང་པོའི་གསང་ལམཿལྷུན་གྲུབ་རིན་པོ་ཆེའི་གནད་ཡིག་གསང་བ་ལས་ཀྱང་ཆེས་གསང་བ་མངོན་སུམ་གནད་ཀྱི་ཟབ་དོནཿདོན་གྱི་དགོངས་པ་ཇི་ལྟར་འཕོས་པ་བཞིན་ཡི་གེར་བཀོད་པའོཿམངོན་སུམ་སྙིང་ཏིག་གསང་བ་ཟབ་མོའི་དོནཿགང་
(༡༦༢)དང་མི་འདྲ་ཀུན་ལས་འདས་པ་འདིཿམཁའ་འགྲོའི་མཛོད་ལས་བདག་གིས་ལེགས་པར་རྙེདཿདེ་དོན་མན་ངག་ཚིག་ཉུང་དོན་འདྲིལ་བཿགཞི་སྣང་རིན་ཆེན་ངོ་སྤྲོད་སྙིང་པོའི་དོནཿཡང་མཛོད་དམར་པོའི་ནང་དུ་རྒྱས་བཏབ་ལཿཞེ་དགའི་ཡིད་ཀྱིས་རྒྱུན་དུ་ཉམས་སུ་ལོངསཿཤོག་སེར་ཡང་སེར་ཉིད་དུའང་སྦས་པའི་དོནཿསྙིང་ཕྱུང་ལག་ཁྲིད་དག་ཏུ་བཀོད་པ་འདིཿཕྱི་རབས་སྐལ་ལྡན་རྣམས་དང་འཕྲད་པར་ཤོགཿདེས་ཀྱང་གསང་ཐུབ་ཉམས་ལེན་བརྩོན་པ་ཡིསཿསྙིང་གི་བུ་མཆོག་གཅིག་ལ་སྤེལ་ནས་ཀྱང་ཿསྙིང་པོའི་དོན་ལ་བརྩོན་པས་སྤྱོད་པར་ཤོགཿགྲུ་ཆེན་ངོགས་ལྷགས་མགྲོན་པ་ཆས་པ་བཞིནཿདྲི་མེད་འོད་ཟེར་ཐར་པའི་གླིང་དུ་འགྲོཿའགྲོགས་པའི་ཡུན་མེད་བརྩོན་འགྲུས་བསྐྱེད་ཅིག་བུཿགངས་རི་ཐོད་དཀར་མགུལ་དུ་བཀོད་པ་རྫོགས་སོཿརྒྱ་རྒྱ་རྒྱཿ༅ཿཤོག་སེར་སྐོརཿཟབ་དོན་སྙིང་པོ་ཞེས་བྱ་བ་བཞུགས་སོཿ༈།། །ཟབ་དོན་སྙིང་པོ་ཞེས་བྱ་བཿདཔལ་དུས་ངེས་པའི་ལྷ་ལ་ཕྱག་འཚལ་ལོཿརྣལ་འབྱོར་འབྲས་བུ་ཚེ་
(༡༦༣)གཅིག་ངེས་པའི་ལུང་ཿསྙིང་པོའི་དོན་འདི་ཀུན་གྱིས་མ་རྟོགས་ཤིང་ཿདྲི་མེད་འོད་གསལ་དེ་ཉིད་མཐོང་བྱའི་ཕྱིརཿཡེ་ཤེས་འོད་ཀྱི་སྣང་བ་བསྟན་པར་བྱཿའདི་ལ་གསུམ་སྟེཿམ་དག་པ་སྤྲུལ་པ་སྐུའི་ཞིང་སྣང་ཿདག་པ་ལོངས་སྤྱོད་རྫོགས་པའི་སྐུའི་ཞིང་སྣང་ཿཤིན་ཏུ་རྣམ་པར་དག་པ་ཆོས་སྐུའི་ཞིང་སྣང་ངོ་ཿདང་པོ་ལ་གསུམ་ལསཿཞིང་སྣང་ངོས་གཟུང་བ་ནིཿརྡོས་བཅས་སྒྱུ་ལུས་ཀྱི་ཕུང་པོ་ལཿརིག་པ་བརྟེན་པ་ཚུན་ཆད་དེཿངོ་བོ་མ་དག་པ་གཏི་མུགཿརང་བཞིན་མ་དག་པ་ཕྱི་ཡུལ་སྣང་དང་ཿནང་སྒྱུ་ལུསཿཐུགས་རྗེ་མ་དག་པས་གཟུང་འཛིན་གཉིས་སྣང་གི་རྟོག་པའོཿདེས་ལས་བསགས་པས་འཁོར་བའི་འཁྲུལ་སྣང་ཿསྡུག་བསྔལ་འཁོར་བའི་ལས་བྱེད་དོཿགཉིས་པ་ངོ་སྤྲད་པ་ནིཿད་ལྟ་མ་དག་པ་སྤྲུལ་པའི་ལུས་ལཿལོངས་སྐུ་དང་ཆོས་སྐུ་ཇི་ལྟར་ཡོད་ནཿདཔེཿདོནཿརྟགས་གསུམ་ལསཿདཔེ་མཚན་མོ་སྤྲིན་དང་བྲལ་བའི་ཟླ་བ་ཉ་བར་རྒྱུ་སྐར་གྱིས་བསྐོར་བ་ལྟ་བུ་སྟེཿདོན་ཅིདྟི་
(༡༦༤)རིན་པོ་ཆེའི་དབུསཿའོད་རྩ་ཤེལ་གྱི་ཁང་པ་ནཿརིག་པའི་ངོ་བོ་སྟོང་ཿརང་བཞིན་གསལཿཐུགས་རྗེ་རིག་པའི་སྙིང་པོ་ཅནཿའོད་ལྔའི་གདངས་དང་བཅས་པའི་ཟེར་གདངས་ལུས་མགོ་མཇུག་གི་རྩ་ཕྲན་རྣམས་ན་སྐར་མ་ལྟར་ཐིག་ལེ་ཐིག་ཕྲན་དུ་གནས་པའོཿརྟགས་ནི་མུན་སྲོས་མཚམས་སུཿམིག་གཉིས་དྲག་ཏུ་མནན་ནས་བལྟས་པས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཐིག་ལེ་ཐིག་ཕྲན་དུ་སྣང་ངོ་ཿགསུམ་པ་ཉམས་སུ་བླང་བ་ལ་གསུམ་ལསཿངོ་བོའི་བླང་ཚུལ་ནིཿནམ་མཁའ་སྤྲིན་དང་བྲལ་བ་ལ་རིག་པ་གཏད་ནསཿམིག་མ་འགུལ་བར་བལྟས་པསཿསྟོང་གསལ་སྤྲོས་པ་དང་བྲལ་བའི་ཡེ་ཤེསཿཤེས་རབ་རང་བྱུང་གི་སྒྲོན་མ་ཇི་ལྟར་མཉམ་པར་གཞག་པའི་བར་ལ་གནས་སོཿདེ་ཉིད་ཉིན་མཚན་མེད་པར་ཉམས་སུ་བླང་ངོ་ཿཀ་དག་གི་ངང་ལ་ད་ལྟ་གནས་པའོཿརང་བཞིན་གྱིས་བླང་ཚུལ་ལཿཉིན་མོ་ལྟ་ལྟངས་གང་རུང་གིས་འོད་གསལ་བལྟ་ཞིང་ཿཉི་མ་ནུབ་ནས་མུན་སྲོས་ཀྱི་བར་ཐང་མཚམས་ཀྱི་ནམ་མཁའ་ལ་བལྟས་པསཿསྔ་
(༡༦༥)མ་བས་བདེ་གསལ་མི་རྟོག་པའི་ཡེ་ཤེས་འཕེལ་ཞིང་ཿམཚན་མོ་མུན་ནག་པོས་གུང་མཛུབ་ཀྱིས་རྒྱ་མཚོ་བག་རེ་གཏེམས་ཏེཿའོད་སྣང་བ་ཁྲ་མེར་བྱུང་དུས་མཛུབ་མོས་བཏང་ལ་བར་སྣང་ལ་བལྟས་པསཿའོད་ལྔའི་སྣང་བ་ཐིག་ལེ་དང་བཅས་པ་གསལ་ལོཿདེ་ཉིད་ལ་བལྟ་ཞིང་ཉམས་སུ་བླངས་པས་ཞག་བདུན་ནཿསྣང་སྲིད་འོད་སྣང་དུ་འཆར་རོཿདེ་ཡང་ཕྱི་རུ་སྣང་བ་ལ་བལྟས་པསཿནང་དུ་སྟོང་པའི་ཡེ་ཤེས་འཆར་བ་ནིཿབདེན་གཉིས་ཆུ་ཟླ་ལྟར་རྟོགས་ཏེཿའཁོར་འདས་མཉམ་ཉིད་དུ་གྲོལ་བའོཿཐུགས་རྗེའོ་ཉམས་སུ་བླང་ཚུལ་ནིཿའགྱུ་དྲན་གྱི་རྣམ་རྟོག་རྨི་ལམ་གྱི་ཤེས་པ་ལྟར་འཁྱེར་བ་སྟེཿདགག་སྒྲུབ་ཀྱི་རོལ་པ་ཅི་ལྟར་ཤར་ཡང་ཿདེར་འཛིན་མེད་པས་སྔ་ཕྱིའི་རྟོག་པ་འཕྲོ་མི་མཐུདཿད་ལྟར་རྟོག་པ་བླང་དོར་གྱི་སྒྲོག་ཏུ་མི་འཆིང་ཿཡུལ་ཇི་ལྟར་སྣང་ཡང་བློས་དེ་ལྟར་མི་འཛིན་པའོཿདེའང་སྣང་བས་བཅིངས་པ་མ་ཡིན་ཏེཿགཟུང་བས་བཅིངས་པའོཿའདི་ཡིན་གྱི་གཟའ་གཏད་རང་སར་གྲོལ་ནཿཆོས་ཉིད་ཀྱི་རོལ་པ་གཟིགས་མོར་ཆེ་བ་ཡིན་ནོཿཐམས་ཅད་རྨི་ལམ་སྒྱུ་མ་ལྟར་
(༡༦༦)ཤེས་པསཿའཁོར་བ་མ་སྤངས་གནས་སུ་དག་སྟེཿབདེན་རྫུན་འཁྲུལ་པའི་རྩ་བ་བརླག་པའོཿསྤྱོད་ལམ་ཐམས་ཅད་དུ་གཏད་མེད་ལ་འཛིན་མེད་ཀྱི་ལམ་ཁྱེར་བྱས་ནཿཐུགས་འཕྲད་ལམ་གྱི་རྟ་ཕོ་ཞོན་ནས་ཐར་པའི་གྲོང་དུ་ད་ལྟ་ཕྱིན་པའོཿམདོར་ན་ངོ་བོ་སྟོང་པ་ཕྱོགས་ལྷུང་མེད་པཿརང་བཞིན་གསལ་ལ་ཅིར་ཡང་སྣང་བཿཐུགས་རྗེ་མ་འགགས་པ་ཀུན་ཁྱབ་ཆེན་པོཿདུས་གསུམ་གཞི་རྫོགས་འཕོ་འགྱུར་མེད་པར་ཤེས་པར་བྱའོཿགཉིས་པ་དག་པ་ལོངས་སྐུའི་ཞིང་སྣང་ལའང་གསུམ་སྟེཿངོས་གཟུང་བ་ནིཿནམ་མཁའ་འོད་གསལ་ལ་ཐིམ་པ་ནསཿལྷུན་གྲུབ་ཀྱི་སྣང་བ་ཚུན་ཆད་དེཿངོ་བོ་དག་པས་སྟོང་ལ་སྤྲོས་པ་དང་བྲལ་ཿརང་བཞིན་དག་པས་སྣང་བ་ངོས་གཟུང་དང་བྲལཿཐུགས་རྗེ་དག་པས་རིག་པ་གཟུང་འཛིན་དང་བྲལ་བའོཿདེས་ལོངས་སྐུའི་ཞིང་ཁམས་མངོན་དུ་གྱུར་ཏེཿའོག་མིན་དུ་མངོན་པར་རྫོགས་པར་སངས་རྒྱ་བར་བྱེད་པའོཿགཉིས་པ་ངོ་སྤྲད་པ་ལ་གསུམ་ལསཿདཔེ་མདང་སུམ་གྱི་རྨི་ལམ་ལྟརཿདོན་སྣ་ཚོགས་སུ་སྣང་ཡང་
(༡༦༧)རང་བཞིན་མ་གྲུབ་པའོཿརྟགས་རྩེའུ་ཆུང་བཏེམས་པས་ཉིན་སྣང་སྐད་ཅིག་ལ་འགགས་པས་ཤེས་སོཿགསུམ་པ་ཉམས་སུ་བླང་ཚུལ་ལ་གསུམ་ལསཿངོ་བོ་ནི་ད་ལྟ་ཀ་དག་ལ་འདྲིས་པར་བྱས་པས་འོད་གསལ་གྱི་སྐད་ཅིག་དང་པོ་ལཿནམ་མཁའ་ལྟ་བུའི་སྣང་བ་ཤར་དུསཿསྔར་གོམས་པའི་འོད་གསལ་དང་འདྲེས།། །ནས་བར་དོ་མེད་པར་སངས་རྒྱའོཿརང་བཞིན་ད་ལྟ་འོད་གསལ་ལ་འདིས་པར་བྱས་པསཿཟུང་འཇུག་ལ་སོགས་པར་སྣང་བའི་འོད་གསལ་ཤར་དུསཿཿསྔར་གོམས་པའི་རང་བཞིན་གྱི་འོད་གསལ་དང་འདྲེས་ནས་སངས་རྒྱའོཿཐུགས་རྗེ་ནི་ད་ལྟ་ཤར་གྲོལ་ལ་འདྲིས་པར་བྱས་པས་སྲིད་པའི་བར་དོར་ཤར་དུས་སྔར་གོམས་པའི་ཐུགས་རྗེའི་འོད་གསལ་དང་འདྲེས་ནསཿམངལ་སྒོ་མི་འགྲིམ་པར་དེ་ཉིད་དུ་རང་བཞིན་སྤྲུལ་སྐུའི་ཞིང་དུ་སངས་རྒྱའོཿགསུམ་པ་ཤིན་ཏུ་རྣམ་པར་དག་པ་ཆེས་སྐུའི་ཞིང་སྣང་ལ་ཡང་གསུམ་ལསཿངོས་གཟུང་བ་ནིཿལྷུན་གྲུབ་གདོད་མའི་གཞིར་ཐིམ་ནསཿཆོས་སྐུ་རོ་གཅིག་ཏུ་གྱུར་པའི་གནས་སྐབས་ནཿནང་གསལ་
(༡༦༨)སྤྲོས་པའི་མཐའ་དང་བྲལ་བ་སྟེཿངོ་བོ་ཤིན་ཏུ་དག་པར་སྐྱེ་མེད་བསམ་ངོ་ལས་འདསཿརང་བཞིན་ཤིན་ཏུ་དག་པས་ནང་གསལ་སྐུ་གསུམ་འདུ་འབྲལ་མེདཿཐུགས་རྗེ་ཤིན་ཏུ་དག་པས་རིག་པ་རྣམ་ཤེས་ཀྱི་ཚོགས་རྣམ་པར་དག་པཿཀུན་གཞི་ཆོས་སྐུར་དག་པས་ལས་དང་བག་ཆགས་ཀྱི་མཐའ་སྟོང་པའོཿགཉིས་པ་ངོ་སྤྲད་པ་ལ་གསུམ་ལསཿདཔེ་གནམ་སྟོང་གི་ཟླ་བ་ལྟརཿདོན་མི་སྣང་ལ་རང་བཞིན་མེད་པསཿདུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཆོས་སྐུའི་ཕོ་བྲང་ན་གཅིག་གིས་གཅིག་མི་གཟིགས་པར་བཞུགསཿརྟགས་ཆོས་ཉིད་ལ་མཉམ་པར་གཞག་དུས་སྣང་སྟོང་སྤྲོས་པ་དང་བྲལ་བར་ཤེས་སོཿགསུམ་པ་ཉམས་སུ་བླང་ཚུལ་ནིཿནམ་མཁའ་སྤྲིན་མེད་པ་ལ་བལྟས་པས་ངོ་བོ་སྟོང་པཿགཟའ་སྐར་ལྷུན་གྲུབ་ལ་བལྟས་པས་རང་བཞིན་གསལ་པཿགང་སྣང་ཅོག་བཞག་ལ་བལྟས་པསཿརིག་པ་མི་འཕྲོ་བར་གནས་པའོཿདེ་ཉིད་གོམས་པས་ཀ་དག་གི་གྲོལ་གཞི་ལ་མཐར་ཕྱིན་ནས་ཡང་དག་པར་རྫོགས་པའི་སངས་རྒྱའོཿ
(༡༦༩)ཨེ་མ་ཧོཿགསང་སྔགས་ཀུན་གྱི་མཐར་ཐུག་མངོན་སུམ་ལམཿདེ་དོན་མཁའ་འགྲོ་སྙིང་ཏིག་སྙིང་ཕྱུང་ནསཿཡང་ཟབ་གནད་འདི་བདག་གི་སྙིང་ལ་བབསཿཕྱི་རབས་དོན་དུ་ཡི་གེར་བཀོད་པ་ཡིནཿཤིང་མོ་ཡོས་ལོའི་ཚེའི་མཐར་ཕྱིན་ཏེཿས་ཕོ་འབྲུག་ལ་བུམ་ཐང་དགོན་གནས་འགྲོཿསྙིང་ནས་སྙིང་པོའི་དོན་ལ་སེམས་པ་དགཿཡི་གེ་འདི་ལ་རྟག་ཏུ་ནན་ཏན་མཛོདཿད་ནི་མི་སྡོད་རིངས་པར་མྱུར་དུ་འགྲོཿམི་རྟག་དཔེ་ཡི་ངོ་སྤྲོད་མངོན་སུམ་སྟོནཿཿརྟག་འཛིན་ཞེན་པ་ཅན་རྣམས་སྙིང་རེ་རྗེཿསྡུག་བསྔལ་བདེ་བར་མཐོང་བ་སེམས་པ་སྐྱོཿཆོས་སྐུ་རྒྱལ་པོའི་གཏན་སྲིད་མ་ཟིན་ནཿཇི་ལྟར་བྱས་ཀྱང་བདེ་བའི་གོ་སྐབས་མེདཿསྙིང་ནས་འཆི་ཆོས་མཛོད་ཅིག་སྐལ་ལྡན་དགཿགང་གིས་མི་ཕན་གཅིག་པུར་འགྲོ་དུས་སུཿའཁྱེར་སོ་ཅི་འདུག་སེམས་ལ་ད་ལྟ་ལྟོསཿཀྱེ་མ་ཀྱེ་མ་སྙིང་པོའི་དོན་སྒོམས་ཤིགཿའཁོར་བའི་གནས་ལས་ཐར་པའི་ཐབས་འཚལ་ལོཿགངས་རི་ཐོད་དཀར་ཨོ་རྒྱན་རྗོང་།། །གནས་སུཿཕྱི་རབས་
(༡༧༠)སྐལ་ལྡན་རྣམས་ཀྱི་དོན་དུ་བཀོདཿཟབ་དོན་སྙིང་པོ་དྲི་མེད་འོད་ཟེར་གྱིས་བཀོད་པ་རྫོགས་སོཿདགེའོཿ༅ཿཀུན་འདུས་རིན་པོ་ཆེའི་ངོ་སྤྲོད་བཞུགས་སོཿཤོག་སེརཿ༈།། །ཀུན་འདུས་རིན་པོ་ཆེའི་ངོ་སྤྲོད་ཅེས་བྱ་བཿདུས་གསུམ་རྒྱལ་བ་ཀུན་གྱི་ཡང་མེས་པོཿཀུན་ཏུ་བཟང་པོ་གདོད་མའི་མགོན་པོ་ལཿགུས་པས་བཏུད་དེ་ཚེ་གཅིག་གྲོལ་བའི་ལུང་ཿངེས་པའི་སྙིང་པོ་གང་ཡིན་གསལ་བར་བཤདཿདེ་ཡང་རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཏིག་གི་ཟབ་མོའི་གནད་ཇི་སྙེད་པ་ཐམས་ཅད་བསྡུས་ན་གསུམ་དུ་ངེས་ཏེཿཡེ་ཐོག་གཞི་ལས་བབས་ཚུལཿའཁྲུལ་དུས་ཉམས་སུ་བླང་ཚུལཿབར་དོར་གཞི་ཐོག་ཕྱིན་ཚུལ་ལོཿདང་པོ་ལ་གསུམ་ལསཿཡེ་ཐོག་དང་པོའི་སྤྱི་གཞི་ནི་མན་ཤེལ་བསྟན་ཏེཿངོ་སྤྲོད་སྤྲས་པའི་རྒྱུད་ལསཿཀུན་ཏུ་བཟང་པོའི་སྣང་གསལ་མེ་ལོང་འདིཿཕྱོགས་མཐུན་དཔེ་ཡིས་རང་བཞིན་རྟོགས་པར་བྱེདཿརྟོགས་པའི་དོན་དེ་སྣང་གསལ་ངོ་སྤྲོད་ཡིནཿརིག་པ་ཟང་ཐལ་གནས་པས་མན་ཤེལ་འདྲཿརིག་པ་རྟོག་མེད་
(༡༧༡)གསལ་བས་མན་ཤེལ་འདྲཿརིག་པ་ལྷུན་གྲུབ་གནས་པས་མན་ཤེལ་འདྲཿརིག་པ་མ་འགགས་འཆར་བས་མན་ཤེལ་འདྲཿཞེས་གསུངས་པསཿགདོད་མའི་སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་ཉིདཿངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་གནས་ཏེཿཤེལ་དྭངས་ལ་དྲི་མ་མེད་ཅིང་ཟང་ཐལ་བ་བཞིན་དུཿརིག་པ་ལ་སྤྲོས་པ་དང་བྲལ་ཞིང་ངོ་བོ་སྟོང་པར་མཚོནཿའོད་ལྔ་ཕྱིར་མི་གསལ་ཡང་ཿནང་དུ་ལྷུན་གྲུབ་ཏུ་ཡོད་པ་བཞིན་དུཿརིག་པའི་ངང་ན་རང་བཞིན་ལྷུན་གྲུབ་ཏུ་འོད་མ་འགགས་པས་རང་བཞིན་གསལ་བར་མཚོན་ནོཿཤེལ་ཁོ་རང་དྭངས་ལ་དཀར་པོ་དབྱེར་མེད་པས་ཐུགས་རྗེ་འགགས་མེད་དུ་འཆར་བ་མཚོན་ནོཿདེ་གསུམ་ཡང་ཚིག་གིས་སོ་སོར་ཕྱེ་ནའང་དོན་ངོ་བོ་ཐ་དད་མེད་པ་བཞིན་དུཿརིག་པ་སྟོང་གསལ་འགགས་མེད་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མེད་དུ་མཚོན་པའོཿདེ་ལྟ་བུའི་གནས་ལུགས་ཡེ་ནས་ད་ལྟའི་བར་དུ་འཕོ་འགྱུར་མེད་པར་ཁྱབ་པ་ནི་སེམས་ཉིད་རང་བྱུང་གི་ཡེ་ཤེསཿརྒྱ་ཆད་ཕྱོགས་
(༡༧༢)ལྷུང་མེད་པཿདུས་གསུམ་འཕོ་འགྱུར་མེད་པའི་དགོངས་པ་ཞེས་བྱའོཿདེ་ལས་གཞིར་སྣང་དུ་ཤར་བཿའཁོར་འདས་ཀྱི་འཁྲུལ་གྲོལ་དུ་གྱུར་པའི་གཞི་ནིཿཤེལ་ཉི་མ་ལ་ཕྱར་ནསཿནང་འོད་ཚན་པ་གཉིས་སུ་བསྟན་ལཿའོད་ལྔ་ཤར་དུས་རང་སྣང་དུ་རང་ངོ་ཤེས་པའི་སྐད་ཅིག་ལཿཕྱི་འོད་ནང་དུ་བསྡུས་པས་ཤེལ་ཉིད་དུ་ཐིམ་པ་གདོད་མའི་གཞི་ཐོག་ཏུ་གྲོལ་བསཿཀུན་ཏུ་བཟང་པོས་དགེ་བ་སྤུ་ཙམ་ཡང་མ་བྱས་པརཿསྐད་ཅིག་ལ་གྲོལ་བ་ཡིན་ཏེཿསྐད་ཅིག་གཅིག་གིས་བྱེ་བྲག་ཕྱེདཿསྐད་ཅིག་གཅིག་གིས་རྫོགས་སངས་རྒྱསཿཞེས་སོཿསྐད་ཅིག་གཅིག་གིས་གྲོལ་བ་ནི་སྤང་བྱའི་དྲི་མ་མེད་པསཿའཇོམས་བྱེད་གཉེན་པོ་མེད་པའོཿཡང་ཕྱར་ལཿགདོད་མའི་གཞི་ཤེལ་ལྟ་བུའི་ངང་ལ། རང་བྱུང་དུ་རང་བཞིན་གསལ་བ་འོད་ལྔ་ལྟ་བུའི་སྣང་བ་དང་ཿཐུགས་རྗེ་མ་འགགས་པའི་རིག་པ་དཀར་ཕྲ་ཕྲོ་བ་ལྟ་བུ་གཉིས་དུས་གཅིག་ངོ་བོ་སྟོང་པའི་ངང་ལས་རང་གདངས་ཤར་བ་ངོ་མ་ཤེས་པའི་ཆ་ནས་ལྷན་ཅིག་སྐྱེས་པའི་མ་རིག་པ་སྟེཿའཁོར་བ་སོ་སོའི་རྒྱུ་བྱསཿ
(༡༧༣)ཁ་དོག་ལྔ་ལྡན་གྱིས་ཡུལ་བྱསཿདཀར་པོ་དེ་ཀུན་ཏུ་འཚོལ་བ་ཡོད་ཀྱི་དཔེ་སྟེཿརང་བཞིན་གྱི་གདངས་ལ་ཐུགས་རྗེས་རང་ངོ་མ་ཤེས་པར་གཞན་དུ་ཞེན་ནས་འཁྲུལ་པས་ཀུན་ཏུ་བརྟགས་པའི་མ་རིག་པ་ཞེས་བྱ་སྟེཿའཁོར་བར་འཁྲུལ་པའི་རྐྱེན་བྱས་ནསཿརང་བཞིན་གྱི་གདངས་འོད་ལྔ་ཡུལ་དང་ལུས་སུ་འཁྲུལཿཐུགས་རྗེའི་གདངས་རྣམ་པར་ཤེས་པའི་ཚོགས་དྲུགཿཀུན་གཞིའི་རྣམ་ཤེས་དང་བཅས་ཏེ་བདུན་དུ་འཁྲུལཿངོ་བོ་ལུང་མ་བསྟན་ཀུན་གཞིར་འཁྲུལ་ཏེ་རྟེན་བྱེད་དོཿདེའང་ཤེས་པ་ཕྱིར་འཆར་དུས་སྒོ་ལྔ་དེ་ལ་དཔྱོད་བྱེད་ཀྱི་ཡིད་ནང་དུ་གནས་དུས་ཀུན་གཞིའི་རྣམ་ཤེས་གསལ་ལ་དྭངས་པ་བསམ་གཏན་བཞི་དང་ཿམི་གསལ་བ་གཟུགས་མེད་དུ་འཁྲུལ་ཞིང་ལས་གསོག་གོཿདེའང་གཟུགས་སོགས་ཡུལ་ལྔ་ནིཿམིག་སོགས་དབང་པོ་ལྔ་ལ་གསལ་གྱིསཿཤེས་པ་ལ་གསལ་བ་མ་ཡིན་ནོཿལུས་སོ་སོར་སྤྱོད་པ་ནི་དབང་པོ་མ་ཡིན་གྱིས་དབང་ཤེས་སོཿདེས་ན་ཤེས་པ་ལ་ཡུལ་ལྔ་ཤར་བ་མེད་དེཿམིག་ལོང་བས་
(༡༧༤)ན་གཟུགས་མི་མཐོང་ཡང་ཤེས་པ་ཡོད་པ་བཞིན་ནོཿདེས་ན་དབང་པོ་རྟོག་མེད་ལ་གཟུགས་སོགས་མཐོང་བའི་ཆ་རྣམསཿརྟོག་མེད་ཡིན་པར་འཐད་པ་དང་བཅས་པའོཿཡིད་འཇུག་པས་རྟོག་པར་སོང་བ་ཡང་ཆས་དབྱེ་ལ་ཤེས་པར་བྱའོཿདེ་ལྟར་རིག་པ་མདངས་ཉལ་གྱིས་བག་ཆགས་ཀྱི་འཁྲུལ་པ་སྣ་ཚོགས་སུ་ཤར་ཏེཿཤེལ་གྱི་འོད་གཉིས་བསྲེས་ལཿདཀར་དམར་སྣ་ཚོགས་ཀྱི་སྟེང་དུ་འོད་དཀར་པོ་བཞག་སྟེཿརང་བཞིན་གྱི་སྣང་བ་ལཿཐུགས་རྗེ་རྟོག་པར་འཁྲུལ་པའི་ཡིད་ཀྱིས་ཉིན་མཚན་དུ་འདྲེས་པསཿསྣང་བ་ལ་དེར་འཛིན་དུ་ཤར་བསཿསེམས་ཀྱི་ངང་ནས་བྱུང་བར་ངོ་སྤྲད་དོཿདེ་ནས་དེ་གཉིས་མི་གཡོ་བའི་དཔེས་གཏང་གཞག་མེད་པའི་ཆོས་ཉིད་གཅིག་ཏུ་ངོ་སྤྲོད་དོཿའཁྲུལ་པ་རྐྱེན་ལས་བྱུང་བ་མན་ཤེལ་འོད་དང་འདྲཿདངོས་པོ་སྣ་ཚོགས་སྣང་བ་མན་ཤེལ་འོད་དང་འདྲཿསྣང་ཡང་ངོ་བོ་འགྱུར་མེད་མན་ཤེལ་འོད་དང་འདྲཿཟད་མེད་འཕེལ་བ་མེད་པས་མན་ཤེལ་འོད་དང་འདྲཿཞེས་ངོ་སྤྲད་དོཿགཉིས་
(༡༧༥)པ་འཁྲུལ་དུས་ཉམས་སུ་ལེན་ཐབས་ལ་གསུམ་ལསཿདང་པོ་འཁྲུལ་དུས་སེམས་ཅན་སོ་སོའི་སྐྱེ་བ་སྔ་ཕྱིར་བརྒྱུད་པའི་ཚེཿབར་དོའི་ཡེ་ཤེས་ལུས་ལ་བཞུགས་པ་ནིཿམར་མེ་མི་མོའི་ཁོག་པར་བཅུག་ལ་ངོ་སྤྲད་དོཿསྣུམ་དང་སྡོང་བུ་གཉིས་ཐིག་ལེ་དཀར་དམརཿམ་རིག་པའི་ཡེ་ཤེས་ཀྱི་དཔེའོཿདེ་ནས་ལུས་གྲུབ་སྟེ་གནས་དུས་དཔེ་ཤེལཿདོན་སྙིང་གའི་ཡེ་ཤེསཿརྟགས་སྒྲོན་མས་ངོ་སྤྲད་དེཿཡེ་ཤེས་སྙིང་ག་ནཿཡེ་ཤེས་སུམ་རྩེགས་གློ་བའི་རླུང་དང་ཿཡེ་ཤེས་ཀྱི་གདངས་གཉིས་འཕྲད་པས་རྩལ་སེམས་སུ་བྱུང་བའི་དཔེཿའོད་ལྔའི་ཕྱོགས་གཅིག་ནས་ཤར་བའི་འོད་དཀར་པོ་ལ་ངོ་སྤྲད་དོཿཿསེམས་དྲན་བསམ་གཞིའི་ངང་དུ་ཐིམ་ནས་མི་གཡོ་བར་གནས་པའི་དཔེཿདཀར་པོ་འོད་ལྔར་ཐིམ་པ་མི་འགུལ་པ་ལ་སེམས་ཡེ་ཤེས་སུ་གྲོལ་བར་མཚོནཿཡང་དཀར་པོ་སེམས་ཀྱང་དཔེ་དྲུག་པ་ཡིད་ཅེས་བྱཿའོད་ལྔ་ཡེ་ཤེས་ཀྱི་དཔེ་རང་གསལ་འགགས་པ་མེད་པའི་གདངས་ནམ་མཁར་སྣང་བ་ཡིན་ནོཿགཞི་
(༡༧༦)འཛིན་པའི་རིག་པ་སྙིང་གའི་ཐུགས་རྗེ་ནང་གནསཿམཚན་ཉིད་འཛིན་པའི་རིག་པ་དེའི་རྩལ་གློ་བར་སོང་བསཿརྣམ་རྟོག་ཡུལ་ལ་འཕྲོ་བ་རྣམས་སོཿཡུལ་སྣང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དེ་རིག་གདངས་ལ་རིག་པར་བཏགས་པའོཿདེའང་སྙིང་ག་ན་དེ་ལྟར་རིག་པ་གནས་པའི་ངོ་བོ་ནི་དོནཿརྟགས་སུ་མིག་མནན་ན་ཐིག་ལེ་སྟོང་པའི་སྒྲོན་མ་འཆར་བས་ཡིད་ཆེས་སོཿདེ་དུས་ཉམས་སུ་བླང་ཐབས་ལ་གཉིས་ལསཿདང་པོ་སྔོན་འགྲོ་ནིཿསྒྱུ་མའི་དཔེ་བརྒྱད་ཀྱིས་རྡོས་བཅས་རྨི་ལམ་སྒྱུ་མར་བསྒོམ་པ་ནིཿད་ལྟར་གྱི་སྣང་བ་འདི་དོན་མེད་པར་སྣང་བ་མདང་གི་རྨི་ལམ་དང་འདྲ་སྟེཿངོ་བོར་མ་གྲུབ་བོ་སྙམ་པ་དང་ཿརྨི་ལམ་ཡིན་ནོཿསྒྱུ་མ་ཡིན་ནོ་སྙན་དུ་སྐད་ཅིག་ཀྱང་མ་ཡེངས་པར་བྱ་སྟེཿཉལ་དུས་སྙིང་ནང་དུ་ཧཱུྃ་མཐིང་ག་ལ་སེམས་བཟུང་ལ་ཉལ་བས་རྨི་ལམ་དུའང་རྨི་ལམ་སྒྱུ་མར་འཆར་ཞིང་ཿརྨི་ལམ་ཟིན་པ་དང་ཿཆགས་སྡང་དང་ཿདགག་སྒྲུབཿབྱ་བྱེདཿཆོས་སྤྱོདཿའགྲོ་འདུག་ཐམས་ཅད་རྨི་ལམ་སྒྱུ་མར་ཤེས་པསཿབདེན་ཞེན་དང་དགག་སྒྲུབ་མི་བྱའོཿདེ་ལ་
(༡༧༧)བརྟེན་ནས་སྒྱུ་མ་དང་ཿམིག་ཡོར་དང་ཿསྒྲ་བརྙན་དང་ཿདྲི་ཟའི་གྲོང་ཁྱེར་དང་ཿསྤྲུལ་པ་དང་ཿཆུ་ཟླ་དང་། སྨིག་རྒྱུ་ལྟ་བུར་སྐད་ཅིག་ཀྱང་མ་ཡེངས་པར་བསྒོམས་ནསཿཉལ་དུས་འོད་ཀྱི་གོང་བུ་སྙིང་ནང་དུ་གསལ་བ་ལ་སེམས་བཟུང་བསཿདེ་ལྟར་འབྱོངས་ནས་ཕྱི་ནང་གི་ཞེན་པ་དང་ཿབླང་དོར་དང་རེ་དོགས་གང་ཡང་མི་འབྱུང་ངོ་ཿདངོས་གཞི་ནི་མངོན་སུམ་ངོ་སྤྲོད་ལཿཉིན་མཚན་དུ་ཤེས་རབ་རང་བྱུང་གི་སྒྲོན་མ་བསྒོམས་པསཿརབ་ཀྱིས་ལྷག་མེདཿའབྲིང་གིས་བར་དོཿཐ་མ་རང་བཞིན་སྤྲུལ་པར་གྲོལ་ལོཿགསུམ་པ་བར་དོར་གཞི་ཐོག་ཕྱིན་ཚུལ་ལ་གསུམ་ལསཿདང་པོ་འབྱུང་བ་བསྡུས་ཏེཿདར་ཅིག་བརྒྱལ་བ་ནི་དབའ་རླབས་གནན་པས་ངོ་སྤྲད་དོཿདེ་ནས་སྒྲ་འོད་ཟེར་གསུམ་ནི་དེའི་དུས་སུ་རོལ་མོ་དང་འོད་འཆར་བས་ངོ་སྤྲད་དོཿདེ་ནས་སེམས་དང་ཡེ་ཤེས་རྒྱབ་གྱེས་ཏེཿཡེ་ཤེས་གདངས་འཕོ་བ་ནིཿཤེལ་འོད་གཉིས་སོ་སོར་ཕྱེཿདཀར་པོ་མེད་འོད་ལྔ་སྣང་བ་ལ་ངོ་སྤྲད་དོཿདེ་ནས་གདངས་འཕོས་ཏེཿཡེ་ཤེས་
(༡༧༨)ཕྱིར་དོན་པ་ནིཿམར་མེ་མི་མོ་ནས་དོན་པ་ལ་ངོ་སྤྲད་དོཿདེ་ནས་འོད་ལྔས་སྣང་སྲིད་ཁྱབ་པ་ནིཿམིག་ལ་ཐེར་མ་བཀབས་ནས་འོད་སྣང་ལ་ངོ་སྤྲད་དོཿདེ་ནས་ཞི་ཁྲོ་འཆར་བ་ནིཿའདྲ་འབག་དང་ཐང་ཀ་ལ་ངོ་སྤྲད་དོཿདེ་ནས་ཡེ་ཤེས་བཞི་སྦྱོར་ནིཿཚོས་ཀྱི་སྣམ་བུ་རྩེགས་མ་ལ་ངོ་སྤྲད་དོཿདེ་ནས་ལྷུན་གྲུབ་རིན་པོ་ཆེ་ནིཿནམ་མཁའ་ལ་ཉི་ཟླ་གཟའ་སྐར་དང་ཿས་སྟེང་ན་སེམས་ཅན་ལ་ངོ་སྤྲད་དོཿནམ་མཁའ་ཀ་དགཿགཟའ་སྐར་གཞི་སྣང་ཿསེམས་ཅན་རྣམས་འགྲོ་དྲུག་ཏུ་ཤར་བའི་དཔེའོཿགྲོལ་བ་ནི་ཡེ་ཐོག་བཞིན་ངོ་སྤྲད་དོཿཤིན་ཏུ་གསང་བའི་ངོ་སྤྲོད་སྙིང་ཏིག་མཿདྲི་མེད་འོད་ཟེར་ཤར་བས་བཀོད་པ་རྫོགས་སོཿས་མ་ཡཿརྒྱ་རྒྱ་རྒྱཿ༅ཿཤོག་སེར་སྐོརཿབར་དོ་སྦུབས་འཇུག་བཞུགས་སོཿ༈།། །བར་དོ་སྦུབས་འཇུག་ཅེས་བྱ་བཿདཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོཿཿའོད་གསལ་ཡེ་ཤེས་རང་སྣང་བའིཿསྟོན་པ་དེ་ལ་ཕྱག་འཚལ་ལོཿབར་དོའི་སྣང་བ་འཆར་བའི་སྦུབསཿའོད་གསལ་གདམས་པ་གསལ་བར་ཉོནཿཐོག་
(༡༧༩)མ་གཞི་ཡི་འོད་རྩ་དང་ཿགནས་སྐབས་ལུས་ཀྱི་འོད་རྩ་དང་ཿབར་དོ་རང་སྣང་འོད་རྩ་དང་ཿདུས་དེར་གདམས་པའི་མཚོན་ཚུལ་ལོཿདང་པོ་ལ་ཡང་རྣམ་པ་གསུམཿགཞི་དང་གཞི་སྣང་འཁྲུལ་ཚུལ་ལོཿགཞི་ནི་སེམས་ཉིད་གདོད་མའི་དུསཿསྟོང་གསལ་ནམ་མཁའ་ལྟ་བུ་ལཿརང་བྱུང་ཡེ་ཤེས་རྩ་ཆེན་ཤརཿསྟོང་གསལ་མ་འགགས་རྣམ་པ་གསུམཿརྩ་ཡི་གཙོ་བོ་གསུམ་ཡིན་ཏེཿངོ་བོ་རང་བཞིན་ཐུགས་རྗེའོཿའདི་དག་བརྟེན་པའི་རང་འོད་གསུམཿསྔོ་དམར་སྣ་ཚོགས་མདོག་ཅན་གསུམཿརང་འོད་ཡེ་ནས་ལྷུན་གྱིས་གྲུབཿམི་སྣང་འཆར་གཞིར་གནས་པ་ནིཿདཔེར་ན་ཤེལ་གྱི་རང་འོད་ལཿརྐྱེན་དང་མ་འཕྲད་མི་སྣང་བཞིནཿདེ་ནི་གདོད་མའི་གནས་ལུགས་སོཿགཞི་སྣང་གཞི་ཡི་ངང་ཉིད་ལསཿཡེ་ཤེས་འོད་ལྔ་ཕྱིར་ཤར་བསཿཐུགས་རྗེ་རིག་པའི་སྙིང་པོ་ཤརཿདེ་དུས་རྩ་གསུམ་ཟེར་ཐག་གམཿཤེལ་འོད་ཕྱི་རུ་ཤར་བ་བཞིནཿརང་བྱུང་ཡེ་ཤེས་ངང་ལས་ཤརཿམཐིང་ག་ཁྱབ་པ་
(༡༨༠)ཆེན་པོའི་རྩཿཆོས་དབྱིངས་ཡེ་ཤེས་རྟེན་དུ་ཤརཿརྣམ་པར་སྣང་མཛད་གཙོ་འཁོར་སྣང་ཿདཀར་པོ་གདངས་གསལ་ཆེན་པོའི་རྩཿམེ་ལོང་ཡེ་ཤེས་རྟེན་དུ་ཤརཿམི་བསྐྱོད་རྡོ་རྗེ་གཙོ་འཁོར་སྣང་ཿསེར་པོ་ཀུན་ཏུ་མཉམ་བྱེད་རྩཿམཉམ་ཉིད་ཡེ་ཤེས་རྟེན་དུ་ཤརཿརིན་ཆེན་འབྱུང་ལྡན་གཙོ་འཁོར་སྣང་ཿདམར་པོ་བདེ་ཆེན་རང་གསལ་རྩཿཀུན་རྟོག་ཡེ་ཤེས་རྟེན་དུ་ཤརཿསྣང་མཐའ་གཙོ་འཁོར་ཚུལ་དུ་སྣང་ཿལྗང་གུ་རྫོགས་བྱེད་ཡེ་ཤེས་རྩཿབྱ་གྲུབ་ཡེ་ཤེས་རྟེན་དུ་ཤརཿདོན་གྲུབ་གཙོ་འཁོར་རྣམ་པར་སྣང་ཿདེ་དག་ཐུགས་ཀྱི་ངོ་བོ་ལསཿཡེ་ཤེས་བཞི་སྦྱོར་སྣང་བ་ཤརཿདེ་དུས་རང་རིག་སྣང་བ་ལསཿའཁོར་འདས་ཡེ་ཤར་ཡིན་པའི་ཕྱིརཿལྷུན་གྲུབ་སྦུབས་སུ་འགྲོ་དྲུག་གཟུགསཿསྣ་ཚོགས་བརྗོད་ཀྱིས་མི་ལང་བཿཐུགས་རྗེ་ཡེ་ཤེས་རྩལ་ལས་ཤརཿའབྲེལ་ཐག་ལོངས་སྐུའི་གནས་དྲུག་ནསཿའོད་ཟེར་ཚུལ་དུ་བྱུང་བ་ལཿའོག་ཏུ་ཤར་བ་ཉིད་དུ་སྣང་ཿའདི་ནི་གྲོལ་ལུགས་གཉིས་ཀ་ཡིཿགཞི་སྣང་ཆེན་པོ་ཞེས་བྱའོཿ
(༡༨༡)འཁྲུལ་ཚུལ་དེ་དུས་རང་སྣང་དུཿམ་རིག་པས་ན་ལྷན་ཅིག་སྐྱེསཿརང་ལས་གཞན་བཟུང་ཀུན་བརྟགས་ཏེཿགཉིས་ཀྱི་ཐུགས་རྗེ་ཕྱིར་གཡོས་པསཿགཟུང་འཛིན་ཆ་རུ་ཤོར་མ་ཐགཿསྣང་བ་གཞན་རྣམས་རང་ལོག་ནསཿའགྲོ་དྲུག་འཁྲུལ་པར་སྣང་བ་ལཿཆགས་སྡང་གཏི་མུག་ང་རྒྱལ་དང་ཿཕྲག་དོག་སྐྱེས་པའི་སྐད་ཅིག་ལཿཞེ་སྡང་དམྱལ་བ་འདོད་ཆགས་ཀྱིསཿཡི་དྭགས་གཏི་མུག་དུང་འགྲོ་ལཿང་རྒྱལ་ལྷ་ཡིན་ཕྲག་དོག་གིསཿརབ་སྣང་ལྷ་མིན་དག་ཏུ་འཕངསཿསྲིད་པར་འཁྲུལ་ནས་བདེ་སྡུག་སྤྱོདཿདེ་མི་འཁྲུལ་པའི་བྱུང་ཚུལ་ལོཿགནས་སྐབས་ལུས་ཀྱི་འོད་རྩ་ལཿདེ་ལྟར་འགྲོ་བའི་རབ་ལུས་ལཿརྩ་བའི་རྩ་གསུམ་གདངས་ཤར་བསཿརོ་རྐྱང་དབུ་མར་ཤར་བ་སྟེཿདུག་གསུམ་བརྟེན་ཅིང་ཁམས་གསུམ་འཁོརཿལས་གསུམ་གསོག་པའི་རྟེན་དུ་ཆགསཿདེ་ལས་རྩ་འདབ་གྲངས་རྣམས་ནིཿཉོན་མོངས་དག་དང་མཉམ་པ་སྟེཿབརྒྱད་ཁྲི་བཞི་སྟོང་ཡོད་པའོཿདབུ་མའི་དབུས་ན་འོད་ཀྱི་རྩཿརང་
(༡༨༢)བྱུང་ཀ་ཏི་ཤེལ་སྦུག་ཅནཿསྟོང་གསལ་རྣམ་པར་འགགས་གསུམཿདེ་ལས་འོད་ལྔའི་རྩ་འདབ་ནཿདྭངས་མའི་འབྱུང་ལྔ་དག་པའི་རླུང་ཿསྲོག་འཛིན་མེ་མཉམ་ཁྱབ་བྱེད་དང་ཿརྫོགས་བྱེད་ཡེ་ཤེས་རྟེན་ཅན་ལྔཿཡེ་ཤེས་སྲོག་འཛིན་བདེ་ཆེན་དྲོདཿཆོས་ཀུན་སྙིང་པོ་གདོད་མར་རྫོགསཿརང་བྱུང་ཡིན་པའི་ཆ་ལ་བརྟགསཿརགས་རླུང་ལྔ་མིན་ཆ་བརྟགས་ཡིནཿདྭངས་མའི་ཁམས་ལྔ་ཞེས་བྱའོཿསྲོག་འཛིན་ལ་སོགས་རྣམ་ལྔའོཿདེ་ཡི་གདངས་ལས་རྩ་རྣམས་སུཿཐིག་ལེ་ཐིག་ཕྲན་སྣང་བར་གནསཿརགས་པའི་རྩ་རྣམས་འདུས་བྱས་ཏེཿརླུང་དང་དྭངས་མ་རྟོག་པ་རྒྱུཿའཁོར་བའི་རྟེན་གཞི་བྱེད་པ་ཡིནཿའོད་རྩ་དྭངས་པ་འདུས་མ་བྱསཿདྭངས་མའི་ཁམས་དང་ཡེ་ཤེས་རླུང་ཿཤིན་ཏུ་མི་རྟོག་ཆེན་པོར་རྒྱུཿདཔེར་ན་ཤེལ་འོད་དྭངས་མ་བཞིནཿཁམས་དང་རླུང་ཞེས་བཏགས་བྱས་ཀྱང་ཿདེ་དག་རྒྱུ་བའི་སྐབས་མེད་པསཿམི་རྟོག་འབའ་ཞིག་དང་ལ་གནསཿའོད་ལ་བལྟས་པས་རགས་པ་ཡིཿརླུང་སེམས་དྭངས་མ་རང་འགགས་ནསཿའོད་
(༡༨༣)རྩའི་ངང་ལ་མི་གཡོ་བསཿཤེས་རབ་རང་བྱུང་སྒྲོན་མ་འཆརཿའདི་ནི་མངོན་སུམ་སྙིང་པོའི་དོནཿད་ལྟ་མངོན་དུ་གྱུར་པ་ཡིནཿལུས་གནས་འོད་རྩ་རྣམ་གསུམ་ལསཿལྔ་སྐྱེས་དེ་ལས་ཡེ་ཤེས་ཀྱིཿརྩ་འདབ་བརྒྱད་ཁྲི་བཞི་སྟོང་གིཿཆོས་ཀྱི་སྒོ་དང་གྲངས་མཉམ་པསཿཡེ་ཤེས་སྣང་བ་ལམ་མེའོཿབར་དོ་རང་སྣང་འོད་རྩ་ནིཿརགས་པ་རླུང་སེམས་སྙིང་ཁར་འདུསཿསེམས་དང་ཡེ་ཤེས་རྒྱབ་གྱེས་ཏེཿའཁོར་བའི་ཀུན་རྟོག་དབྱིངས་སུ་ནུབཿམྱ་ངན་འདས་པའི་ཞིང་ཁམས་ཤརཿདེ་ཚེ་གཞི་ཡི་འོད་རྩ་ཉིདཿསྙིང་ནས་མིག་ཏུ་འབྲེལ་བ་ལསཿརང་བྱུང་ཡེ་ཤེས་འཕོ་བའི་གདངསཿམཐིང་ག་ཁྱབ་པ་ཆེན་པོའི་འོདཿསྟོན་ཀའི་ནམ་མཁའ་སྤྲིན་བྲལ་འདྲཿཀ་དག་སྣང་བ་ཞེས་བྱའོཿརང་ངོ་ཤེས་པས་གཞི་ལ་ཕྱིནཿདེ་ནས་གཞི་སྣང་འཆར་བ་ལསཿའོད་གསལ་རྩ་ཡི་གདངས་ཤར་བསཿསྣང་བའི་འོད་ལྔས་ནམ་མཁའ་གང་ཿདེ་ནས་ལྷུན་གྲུབ་རྩ་ཡི་གདངསཿཞི་ཁྲོས་ནམ་མཁའ་ཀུན་ཏུ་ཁྱབཿདེ་ནས་ཡེ་ཤེས་གཞི་རྩ་ལསཿཡེ་
(༡༨༤)ཤེས་བཞི་སྦྱོར་སྣང་བ་ཤརཿདེ་ནས་ཐུགས་རྗེའི་འོད་རྩ་ལསཿལྷུན་གྲུབ་འགྲོ་དྲུག་སྣང་བ་ཤརཿའདི་ཡིས་རྩ་རྣམས་མཐར་ཕྱིན་པའིཿསྣང་བ་ཡིན་ནོ་ས་མ་ཡཿརྩ་ཡི་ངོ་བོ་ཡེ་ཤེས་ལཿསྣང་བ་འོད་ལྔ་ཕྲ་ལ་དྭངསཿདེ་ཡི་སྦུབས་ན་སྣང་བ་ཡང་ཿམི་འདྲ་གྲངས་མེད་ནམ་མཁའ་ཁྱབཿགང་ལ་སྣང་བ་ཡོད་གྱུར་པཿདེ་ལ་རྩ་རུ་ཡེ་ཤེས་འདུསཿདཔེར་ན་འཁྲུལ་སྣང་རྩ་འདབ་ཏུཿརླུང་སེམས་འདུས་པའི་སྣང་བ་བཞིནཿགཞན་ངོར་མེད་ཀྱང་རང་ངོར་ཡོདཿའདི་ཡང་དེ་དང་ཆོས་མཐུན་ནོཿརྩ་གནས་གནད་འདི་མ་ཤེས་ནཿགཞི་ལམ་འབྲས་བུ་ཤེས་པ་མེདཿདེ་བས་གནད་འདི་ས་མ་ཡཿམཁའ་འགྲོའི་ལུང་བསྟན་ཐོབ་ནས་བཀོདཿདེ་དུས་གདམས་པའི་མཚོན་ཚུལ་ནིཿསྐད་ཅིག་གསུམ་གྱིས་ཤེས་པར་བྱཿདེ་ལྟར་རང་སྣང་གང་ཤར་ཡང་ཿསྐད་ཅིག་དང་པོར་རང་སྣང་ཤེསཿགཉིས་པར་ཤེས་ཐོག་ཕྱམ་མེར་བཞགཿགསུམ་པ་བཞག་པའི་ངང་དེར་གྲོལཿའདི་ནི་གསང་ཆེན་ངེས་པའི་ལམཿསྙིང་པོའི་ཡང་ཞུན་བསྡུས་པ་ཡིནཿརྣལ་འབྱོར་
(༡༨༥)འབྲས་བུ་ངེས་པའི་གནདཿམཁའ་འགྲོ་སྙིང་ཏིག་གསང་བ་འདིཿཕྱི་རབས་སྐལ་ལྡན་རྣམས་ཀྱི་ཕྱིརཿདྲི་མེད་འོད་ཟེར་བདག་གིས་བཀོདཿབར་དོ་སྦུབས་འཇུག་རྫོགས་སོཿས་མ་ཡཿརྒྱ་རྒྱ་རྒྱཿ༅ཿབར་དོ་གནད་ཀྱི་སྒྲོན་མེ་བཞུགས་པ་ལགས་སོཿརིན་ཆེན་ཤོག་སེར་སྐོརཿ༈།། །བར་དོ་གནད་ཀྱི་སྒྲོན་མེ་ཞེས་བྱ་བཿདཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོཿཀུན་བཟང་ཡབ་ཡུམ་ཞི་ཁྲོ་རྡོ་རྗེ་འཆང་ཿརྡོ་རྗེ་སེམས་དཔའ་དགའ་རབ་རྡོ་རྗེ་དང་ཿཤྲཱྀ་སིདྷ་ཨོ་རྒྱན་ཡབ་ཡུམ་ལཿགུས་པས་བཏུད་དེ་བར་དོའི་གནད་ཡིག་བྲིཿའདི་ལ་གཞི་མཚོན་ཚུལ་དུ་བཤད་པཿལམ་དམར་ཁྲིད་དུ་ངོ་སྤྲདཿའབྲས་བུ་གྲོལ་ཚུལ་ལ་བཟླ་བ་གསུམ་ལསཿདང་པོ་ནི་དབེན་པའི་གནས་སུ་ཞི་ཁྲོའི་སྐུ་དང་ཿ། སེང་རས་དང་ཿརོལ་མོ་དང་ཿགཏོར་ཚོགས་ལ་སོགས་པ་ལེགས་པར་བཤམསཿཕྱག་དང་མཎྜལ་ཕུལ་ལཿངོ་སྤྲོད་ཀྱི་ཁང་པར་སོ་སོར་འཁོད་པ་ནཿབླ་མས་ངོ་སྤྲོད་ཀྱི་གདམས་པ་རྣམས་བག་ཕབཿསོས་དལ་ལ་ལེགས་པར་བཤད་དོཿདེའང་
(༡༨༦)མེ་ལོང་བསྒྲིལ་བ་ལཿའདི་ནི་རྡོ་རྗེ་སེམས་དཔའ་གསལ་བྱེད་ཀྱི་མེ་ལོང་ཞེས་བྱ་བཿདཔེ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཡིན་པསཿརང་གི་སེམས་དང་ཡེ་ཤེས་ཀྱི་བཞུགས་ཚུལཿགདོད་མའི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་གནས་ཚུལཿདེ་ལས་ཀུན་ཏུ་བཟང་པོའི་གྲོལ་ཚུལཿསེམས་ཅན་གྱི་འཁྲུལ་ཚུལཿད་ལྟ་སྙིང་ལ་ཡེ་ཤེས་ཁྱབ་ཚུལཿདེ་ཕྱིས་བར་དོར་འཆར་ཚུལཿདེ་རྣམས་རིམ་པ་བཞིན་ངོ་སྤྲོད་པསཿམ་ཡེངས་པར་ཉོན་ཅིགཿཐོག་མའི་དུས་འཁོར་འདས་གང་དུའང་མ་ཕྱེ་བའི་སྔོན་རོལ་ནཿརང་རིག་པའི་གནས་ལུགས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་གནས་སོཿདེའང་ངོ་བོ་སྟོང་པ་ཤེལ་དྲི་མ་མེད་པ་འདྲ་བའི་ནང་ནཿརང་བཞིན་ཕྱིར་མི་གསལ་ཀྱང་ཿནང་གསལ་འོད་ཁྱིམ་རྣམ་པར་དག་པའི་དབུས་ནཿཐུགས་རྗེ་རིག་པའི་སྙིང་པོ་ཅན་གཞི་གནས་ཐམས་ཅད་མཁྱེན་པའི་ངོ་བོར་བཞུགས་ཏེཿསྟོང་པ་རིག་པའི་སྙིང་པོ་ཅན་ཤེལ་གྱི་ནང་འོད་ལྔ་ནང་གསལ་གཞི་ལ་ལྷུན་གྲུབ་ཏུ་གནས་པ་ལྟར་བཞུགས་སོཿཤེལ་རང་བཞིན་གྱིས་དག་པ་ཕྱི་ནང་མེད་པར་
(༡༨༧)གསལ་བས་ཆོས་སྐུ་ངོ་ཤེསཿཤེལ་གྱི་ནང་འོད་ལ་བརྟེན་ནས་ཤེས་རབ་སྲོག་དུ་གྱུར་པའི་རླུང་ཡན་ལག་བཞི་ལྡན་ལསཿཤེས་རབ་ཀྱི་སྐུར་གསལ་ལུགས་ངོ་ཤེསཿཤེལ་གྱི་འོད་གཉིས་ཀྱིས་རྟེན་གཞི་བྱེད་པསཿགཞི་གནས་ཀྱི་ཡེ་ཤེས་ངོ་ཤེསཿནང་འོད་སྦུབས་སུ་གནས་པས་སྒྲོན་མ་གཞི་དབྱིངས་སུ་འཁྱིལ་བ་དེ་ཤེས་སོཿདེ་ནས་ཕྱིར་འོད་སྒྲིལ་མ་ལྔ་ལྡན་ཤར་བ་དང་ཿདཀར་པོ་གཉིས་དུས་མཉམ་དུ་བསྟན་ནསཿགཞི་དེ་ལྟ་བུ་ལས་ལྷུན་གྲུབ་འོད་ལྔ་སྐུ་དང་ཡེ་ཤེས་སུ་ཤར་བའི་ཚེཿདཀར་པོ་ལྟར་ཐུགས་རྗེ་རིག་པའི་ཡེ་ཤེས་ཀྱི་རང་ཤར་དུ་ཤེས་པའི་སྐད་ཅིག་མ་དང་པོར་བྱེ་བྲག་ཕྱེདཿགཉིས་པར་ནང་གསལ་དུ་སྔ་མ་བཞིན་གནས་པ་ནིཿཀུན་ཏུ་བཟང་པོ་གཞི་ཐོག་ཏུ་བྱང་ཆུབ་པའི་ངོ་སྤྲད་དོཿདེའི་ཚེ་རང་སྣང་དུ་མ་ཤེས་པས་བདག་ཉིད་གཅིག་པའི་མ་རིག་པས་རྒྱུ་བྱསཿའོད་ལྔ་ཕྱིར་གསལ་དེས་ཡུལ་དང་ལུས་ཀྱི་འཁྲུལ་གཞིར་གཟུང་བའི་ཡུལ་བྱསཿདཀར་ཕྲ་ཕྲོ་ལྟར་ཐུགས་རྗེའི་རིག་རྩལ་ཡོན་ཏན་སྐྱོན་དུ་སོང་བས་ཀུན་ཏུ་འཚོལ་བྱེད་ཀྱི་ཡིད་དུ་
(༡༨༨)གྱུར་ནསཿསྐད་ཅིག་གཉིས་པར་ཕྱི་སྣང་བ་ལ་ཡུལ་དུ་འཛིན་བྱེད་ཀྱི་བློ་སྐྱེས་པས་གཟུང་འཛིན་དུ་འཁྲུལ་ནས་ཀུན་ཏུ་བརྟགས་པའི་མ་རིག་པས་བདག་གཞན་དུ་མར་གཟུང་སྟེཿབག་ཆགས་སྣ་ཚོགས་སུ་བསགས་པས་འོད་ལྔ་ཡུལ་ལས་རྡོས་བཅས་སུ་ཐུབཿཐུགས་རྗེ་རིག་པ་ལས་རྟོག་པར་འཁྲུལ་ཏེཿརྟོག་ཚོགས་ཀྱི་དྲ་བ་ལུས་ཀྱི་སྦུབས་སུ་ཚུད་པསཿལུས་སེམས་གཉིས་སུ་གྲུབ་སྟེཿཁམས་གསུམ་རིགས་དྲུག་ཏུ་འཁོར་རོཿདེ་ལྟར་འཁྲུལ་དུས་ནའང་ཐོག་མའི་ཡེ་ཤེས་དབྲི་བསྣན་མེད་པརཿསེམས་ཅན་ཐམས་ཅད་ལ་རང་གསལ་ལྷུན་གྲུབ་ཏུ་གནས་ཏེཿསྙིང་ག་ན་འོད་རྩ་ཤེལ་གྱི་སྦུ་གུ་ཅན་གྱི་ནང་འོད་ཁྱིམ་ལྔ་ལྡན་དུ་གསལ་བའི་དབུས་ནཿཕྱི་ལྟར་ན་རིགས་ལྔ་ཞི་བའི་སྐུཿནང་ལྟར་ན་མཁའ་འགྲོ་སྟེ་ལྔཿགསང་བ་ལྟར་ན་ཐིག་ལེ་གཅིག་ཏུ་ལྷུན་གྱིས་གྲུབ་པ་ནིཿསྐུ་གསུང་ཐུགས་སུ་དབྱེར་མེད་གཅིག་ཏུ་བཞུགས་པས་འོད་གསལ་ལོཿདེའི་གདངས་ལས་ཁྲོ་བོའི་དཀྱིལ་འཁོར་དུང་ཁང་ན་གསལ་ཞིང་ཿརྩ་རྣམས་
(༡༨༩)ན་ཐིག་ལེ་ཐིག་ཕྲན་དུ་གནས་སོཿརྟགས་ནི་སྒྲོན་མ་གཏེམས་ལ་བསྟན་ནོཿསེམས་ནི་ཡེ་ཤེས་ཀྱི་རང་གདངས་གློ་བའི་རླུང་དང་འདྲེས་པ་ལས་སེམས་སུ་གྲུབ་སྟེཿརྟོག་ཚོགས་ཀྱི་རྩལ་དང་བཅས་པར་སྣང་བའོཿདེ་ནས་ཡང་ནམ་ཞིག་འཆི་བའི་ཚེཿརླུང་ཕྱིར་འགྲོ་བ་གྱེན་རྒྱུ་བར་སྣང་ལ་ཐིམཿནང་དུ་སྡུད་པ་ཐུར་སེལ་སྙིང་གར་ནུབཿབར་དུ་གནས་པ་མཉམ་གནས་རང་སར་ཡལ་ཏེཿརང་གདངས་འོད་ལྔའི་ནང་དུ་ཐིམ་དུསཿནམ་མཁའ་འོད་གསལ་ལ་ཐིམ་པསཿའོད་ལྔའི་སྣང་བ་གསལ་ལ་འཚེར་བ་སྙིང་ནང་ནས་ནམ་མཁར་ཤར་བ་ནིཿཤེལ་ལས་འོད་ལྔར་ཤར་བ་འདི་དང་འདྲའོཿདོའི་ཚེ་དཀར་པོ་ཐུགས་རྗེའི་རིག་པས་རང་ངོ་ཤེས་ན་དེ་ཉིད་དུ་གྲོལ་ལོཿདེ་ནས་ཟུང་འཇུག་གི་སྣང་བ་ལ་སྐུའི་ཞིང་སྣང་དང་ཿཡེ་ཤེས་ཀྱི་སྣང་བ་ལ་ཐུགས་རྗེའི་ཟེར་ཐག་དང་ཿལྷུན་གྲུབ་ཀྱི་སྣང་བ་ལ་འོད་ཁྱིམ་གྱི་ལྷ་སྐུ་སྣང་བའི་ཚེཿདཀར་པོ་ལྟར་ཐུགས་རྗེའི་རིག་པས་རང་ངོ་ཤེས་པསཿདཀར་པོ་འོད་ལྔར་ཐིམ་པ་ལྟར་ཐུགས་རྗེ་སྤྲུལ་
(༡༩༠)པའི་ཡེ་ཤེས་ལོངས་སྐུར་ཐིམ་དུསཿབསམ་གཏན་ལ་དར་ཅིག་གནས་ཏེཿདེའང་ཤེལ་འོད་ནང་དུ་ཐིམ་པ་ལྟརཿལོངས་སྐུ་གདོད་མའི་ཀ་དག་ཆོས་སྐུའི་ནང་དུ་ཐིམ་སྟེ་མི་གཡོ་བར་བཞུགས་སོཿདེའང་འོད་ཕྱིར་ཤར་བས་སྤྲུལ་སྐུ་འོད་ཁྱིམ་གྱི་ཤར་ལུགས་ངོ་ཤེསཿནང་དུ་ཐིམ་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ངོ་ཤེསཿམི་གཡོ་བར་གནས་པས་གཞི་འཛིན་པའི་ཡེ་ཤེས་རིག་པ་ངོ་ཤེསཿནང་གསལ་གྱིས་མཚན་ཉིད་འཛིན་པའི་ཡེ་ཤེས་ངོ་ཤེསཿཤེལ་གྱིས་སྣང་བ་སྣ་ཚོགས་ཀྱི་སྣང་ལུགས་ངོ་ཤེསཿཤེལ་རང་གི་ངོ་བོ་སྟོང་གསལ་གྱི་གནས་ལུགས་ཐིག་ལེ་ཉག་གཅིག་ཏུ་ངོ་ཤེས་སོཿམདོར་ན་ད་ལྟའི་ལུས་འདི་ལ་སེམས་ཀྱི་རྒྱུད་བརྟེན་དུས་འཁྲུལ་སྣང་འཁོར་བར་མཚོན་པསཿཡེ་ཤེས་དང་ཐུགས་རྗེའི་རྩལ་གཟུང་འཛིན་མ་དག་པར་སྣང་སྟེཿཁྲེགས་ཆོད་ཀྱིས་སེམས་སྦྱོང་ཐུགས་རྗེའི་གནས་ལུགས་ངོ་ཤེས་པར་བྱེད་དགོསཿཐོད་རྒལ་གྱིས་ཡུལ་དང་ལུས་སྦྱོང་རང་བཞིན་གྱི་གནས་ལུགས་ཤེས་པར་བྱེད་དགོསཿཐམས་ཅད་མཉམ་ཉིད་
(༡༩༡)རྫོགས་པ་ཆེན་པོའི་ངོ་བོའི་གནས་ལུགས་སྦྱོང་སྟེ་མེ་ཇི་བཞིན་པའི་རང་ངོ་ཤེས་པར་བྱེད་དགོས་སོཿགཉིས་པ་ལམ་དམར་ཁྲིད་དུ་ངོ་སྤྲད་པ་ནིཿནམ་མཁའ་དྭངས་པའི་ཉིན་ཕྱེད་ན་སྐུ་བཀྲམ་པའི་མཐར་ཚེ་འཛིན་དང་ཿམེ་ལོང་ལ་སོགས་པ་མདངས་ཅན་གཅལ་དུ་བཀྲམ་ལཿརྡོ་རྗེ་སེམས་དཔའི་མེ་ལོང་ལ་མིག་བཅུག་ནས་བལྟས་པསཿདེ་འདྲ་བའི་སྣང་བ་ནམ་མཁར་མཐོང་བའི་ཚེཿབར་དོ་ལ་འདི་ལྟར་འཆར་བས་ངོ་ཤེས་པར་གྱིས་ཤིགཿཅེས་བརྗོད་དོཿཡང་མཚན་མོ་མེ་ལོང་དང་མར་མེའི་སྣང་བས་འོད་གསལ་གྱི་དཀྱིལ་འཁོར་ད་ལྟ་རང་ལ་གནས་པཿཕྱིས་བར་དོར་འདི་བཞིན་འཆར་རོཿདེ་ངོ་ཤེས་པར་གྱིས་ཤིགཿཅེས་སོཿཡང་སེང་རས་མིག་ལ་བཀབ་ནས་ཉི་མ་ལ་བལྟས་པསཿཉི་མ་ཆོས་སྐུའི་དཔེཿའོད་ལོངས་སྐུའི་དཔེཿཟེར་སྤྲུལ་སྐུའི་དཔེཿདེ་གསུམ་ངོ་བོ་གཅིག་པ་ད་ལྟའི་སྙིང་དབུས་ནཿངོ་བོ་རང་བཞིན་ཐུགས་རྗེ་གསུམ་འདི་བཞིན་དུ་གནས་པསཿཕྱིས་བར་དོར་འདི་བཞིན་འཆར་བ་ངོ་ཤེས་པར་གྱིས་ཤིགཿཅེས་སོཿདེ་ཡང་
(༡༩༢)དེའི་ཚེ་ཉིན་གུང་ལ་སློབ་མའི་རྩེའུ་ཆུང་གཉིས་བསྡམས་ལཿརོལ་མོའི་སྒྲ་དང་ཿམེ་ལོང་གི་འོད་དང་ཿའཇའ་ཚོན་གྱི་ཟེར་དང་ཿཞི་ཁྲོའི་སྐུ་དང་ཿམགོ་བརྙན་མི་འདྲ་བ་གྱོན་ནསཿཕཊ་དང་ཧཱུྃ་གི་སྒྲ་འབྱིན་ཅིང་མཚོན་ཆ་བཟུང་བས་ཆོས་ཉིད་བར་དོའི་སྒྲ་འོད་ཟེར་གསུམ་ངོ་སྤྲད་དོཿདེ་ཡང་ད་ལྟ་མངོན་སུམ་གོམས་པའི་སྐལ་ལྡན་གྱིསཿནམ་མཁར་འོད་གསལ་གྱི་སྣང་བ་ལ་གོམས་པར་བྱས་ཤིང་ཿརྡོ་རྗེ་ལུ་གུ་རྒྱུད་འབྲལ་བ་མེད་པར་བལྟས་པསཿབར་དོར་རང་ངོ་ཤེས་ཏེ་གྲོལ་ལཿགཞན་གྱིས་ཟ་འོག་གི་གུར་ཁྱིམ་དང་ཿཞི་ཁྲོའི་སྣང་བ་དང་ཿསྒྲ་འོད་ཟེར་གསུམ་ལ་སོགས་པ་དང་ཿཉི་མའི་འཇའ་ཚོན་ལ་བལྟས་ཏེཿཿརང་ལ་འདི་ལྟར་གནས་པ་ཡིནཿལན་ཅིག་བར་དོར་འཆར་སྙམ་པ་དང་ཿད་ལྟ་བར་།། །དོན་འདུག་པས་བླ་མའི་གདམས་ངག་དྲན་པར་བྱ་དགོས་སྙམ་ནསཿསྣང་བ་དེ་ཀུན་རང་སྣང་དུ་ཤེས་པསཿདེར་མི་རྟོག་པའི་བསམ་གཏན་ལ་མཉམ་པར་བཞག་ཅིང་རྩལ་སྦྱངས་པསཿཕྱིས་བར་དོར་འཆར་དུས་རང་ངོ་ཤེས་ཏེ་གྲོལ་
(༡༩༣)བ་ལ་ཐེ་ཚོམ་མེད་དོཿདེའང་ད་ལྟ་སྐྱེ་གནས་ཀྱི་བར་དོ་ལ་གདམས་པས་དོན་ལ་ཡིད་ཆེས་ཤིང་ཿཡང་ཡང་བསྒོམས་པས་རྨི་ལམ་དུ་རྩལ་འབྱོངས་པར་བྱའོཿའཆི་ཁའི་བར་དོ་ལ་ཆགས་ཞེན་ཐམས་ཅད་སྤངས་ནསཿགདམས་པའི་དོན་ཁབ་མིག་ཏུ་སྐུད་པ་འཛུད་པ་ལྟརཿམ་ཡེངས་པར་གསལ་དུང་དུང་བ་བྱའོཿཆོས་ཉིད་ཀྱི་བར་དོ་ལ་རང་རིག་འོད་གསལ་བའི་སྣང་བཿསྒྲ་འོད་ཟེར་གསུམ་ལ་སོགས་པ་རང་སྣང་དུ་ཤེས་པས་གདོད་མའི་གཞི་ལ་མཐར་ཕྱིན་པར་བྱའོཿརྒྱ་ལམ་ཟིན་ན་སྲིད་པའི་བར་དོར་ཞིང་ཁམས་དག་པ་དང་ཿབླ་མ་དང་དཀོན་མཆོག་དྲན་པས་སྐྱབས་འགྲོ་སེམས་བསྐྱེད་ཀྱིསཿཿམངལ་སྒོ་དགག་པ་དང་ཿའཁོར་བ་ལས་རུ་བཟློག་པར་བྱའོཿདེའང་འཆི་ཁར་ཤེས་པ་བསྒྲིམས་ཏེཿམིག་ལ་གཏད་ནས་སེམས་ནམ་མཁའི་མཐོངས་སུ་འཕངས་པ་ནིཿགནད་གལ་ཆེའོཿགཞན་དུ་ན་ཆོས་ཉིད་ཀྱི་བར་དོ་ཟིན་པར་མི་འགྱུར་རོཿདེའང་ཆོས་ཉིད་བར་དོ་ལ་སངས་རྒྱས་གྱི་ཞིང་དག་པསཿམྱ་
(༡༩༤)ངན་ལས་འདས་པ་ཤར་ཞིང་ཿརང་ངོ་མ་ཤེས་པས་འཁོར་བའི་སྣང་བ་ཡང་མང་དུ་ཤར་ཏེཿའཁོར་འདས་རེས་མོས་བྱས་སོཿད་ནི་འཁོར་འདས་གཉིས་ཀ་གདོད་མའི་ཟད་ས་ན་ནང་གསལ་དུ་ཐིམ་པར་བྱ་བ་ལ་ནན་ཏན་ཆེན་པོ་བྱའོཿགསུམ་པ་འབྲས་བུའི་གྲོལ་ཚུལ་ནིཿཤེལ་འོད་ནང་དུ་བསྡུས་པས་མཚོན་ཏེཿམ་དག་པའི་སྣང་བ་དག་སྣང་ཤར་བས་ནུབ་དུསཿདག་པའི་ཞིང་སྣང་གདོད་མའི་ནང་འོད་དུ་ཐིམ་ནས་བཙན་ས་ཟིན་པའོཿདེའི་ཚེ་མན་ཤེལ་ལ་དྲི་མ་མེད་པསཿཿཆོས་སྐུ་སྤྲོས་པ་དང་བྲལ་བར་མཚོནཿནང་འོད་ལྔ་ལྡན་དུ་གསལ་བས་ལོངས་སྐུ་རང་སྣང་དུ་གསལ་བ་མཚོནཿདཀར་པོ་ཕྲ་ཕྲོ་གཞི་ཐིམ་དུ་ཡོད་པས་ཐུགས་རྗེ་སྤྲུལ་པའི་སྐུ་འཕྲོ་གཞིར་མ་འགགས་ལཿརགས་པ་མེད་པས་ཕྲ་བའི་ཡེ་ཤེས་སུ་མཚོན་ཏེཿངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མེད་ལྷུན་གྲུབ་ཆེན་པོར་ངོ་སྤྲད་དོཿཨེ་མ་ཧོཿརང་སྣང་ཡེ་ནས་སངས་རྒྱས་ཡིན་པ་ལཿམ་རིག་འཁྲུལ་པས་འགྲོ་དྲུག་ཅིང་སྣང་ཡང་ཿཐམས་ཅད་རང་སྣང་གཟུང་
(༡༩༥)འཛིན་རྨི་ལམ་ཙམཿཡེ་ནས་མ་འཁྲུལ་སངས་རྒྱས་ཉིད་དུ་མཐོང་ཿབར་དོའི་ཡུལ་ལ་བདེ་ཆེན་འོག་མིན་གནསཿརང་སྣང་དག་པས་ཐམས་ཅད་དེར་གྲོལ་ཏེཿགདོད་མའི་གཞི་ལ་བཙན་ས་ཟིན་པར་ཤོགཿབར་དོ་གནད་ཀྱི་སྒྲོན་མ་ཞེས་བྱ་བཿདྲི་མེད་འོད་ཟེར་གྱིསཿཨོ་རྒྱན་རྫོང་དུ་བཀོད་པ་རྫོགས་སོཿཨྠིྀིཿཤོག་སེར་སྐོརཿགནད་གསུམ་སྒྲོན་མེ་ཞེས་བྱ་བ་བཞུགས་སོཿ༈།། །གནད་གསུམ་སྒྲོན་མེ་ཞེས་བྱ་བཿདཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོཿདངོས་གྲུབ་ཡོན་ཏན་རིན་ཆེན་གཏེརཿཀུན་ལ་གུས་པས་ཕྱག་འཚལ་ཏེཿགཞི་དང་གཞི་སྣང་འཁྲུལ་ཚུལ་གྱིསཿགནད་གསུམ་སྣང་བའི་སྒྲོན་མེ་བཤདཿརྡོ་རྗེ་རྩེ་མོའི་གནས་རྣམ་པར་གཞག་པ་ལསཿཤིན་ཏུ་དག་པ་གཞིའི་སྐབསཿགཞི་དག་པ་ནང་གི་སྐབསཿམ་དག་འཁྲུལ་པ་ཕྱིའི་སྐབས་རྣམ་པར་གཞག་པ་གསུམ་ལསཿདང་པོ་ནི་ཆོས་དབྱིངས་རང་བཞིན་གྱིས་རྣམ་པར་དག་པཿངོ་བོ་
(༡༩༦)རང་བཞིན་ཐུགས་རྗེ་གསུམ་དབྱེར་མེད་པའི་དེ་བཞིན་ཉིདཿདོན་དམ་པའི་བདེན་པ་རང་བཞིན་ཆོས་སྐུཿནམ་མཁའ་ལྟར་སྟོང་པ་འདུས་མ་བྱས་པཿཉི་ཟླ་ལྟར་གསལ་ལ་ལྷུན་གྱིས་གྲུབ་པཿམེ་ལོང་ལྟར་དྭངས་ལ་འཆར་གཞི་མ་འགགས་པཿངོ་བོ་སྟོང་ཿརང་བཞིན་གསལཿཐུགས་རྗེ་འཆར་ཚུལ་མ་འགགས་པའི་འབྱུང་གནས་ཆེན་པོཿཀ་དག་ལྷུན་གྲུབ་གཉིས་སུ་མེད་པཿངོ་བོ་འཁོར་འདས་གང་དུའང་མ་གྲུབ་པཿནང་དབྱིངས་ཕྲ་བའི་ཡེ་ཤེས་ཀྱི་ངོ་བོཿདངོས་པོ་ཁ་དོག་གི་རིགས་སུ་མ་གྲུབ་པའི་གསལ་ཆཿལྷུན་གྲུབ་ལ་སྐུ་ལྔཿའོད་ལྔཿརླུང་ལྔཿཤེས་རབ་ལྔཿརིགས་ལྔ་རང་ཆས་འཆར་རུང་གཏིང་གསལ་དུ་གནས་ལཿཐུགས་རྗེ་རིག་པ་ཡེ་ཤེས་ཀྱི་སྙིང་པོ་ཅན་དུ་གནས་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་བཞུགས་པ་ནི་གདོད་མའི་ནང་དབྱིངས་ལྷུན་གྲུབ་རིན་པོ་ཆེའི་སྦུབསཿགཞོན་ནུ་བུམ་པ་སྐུའི་ཞིང་ཁམསཿཕྱི་དང་ནང་སོ་སོར་ཕྱེ་བའི་རིས་མེད་པས་ཀུན་ཏུ་ཡང་ནང་དུ་གྱུར་པའི་
(༡༩༧)དེ་བཞིན་ཉིད་ཀུན་ཏུ་བཟང་མོའི་མཁའ་དབྱིངས་རྣམ་པར་དག་པཿསྟོང་པ་ཆེན་པོ་དང་ཿརང་བྱུང་རིག་པའི་ཡེ་ཤེས་ཀུན་ཏུ་བཟང་པོ་དང་དབྱེར་མི་ཕྱེད་པའི་མཁའ་ཀློང་དུ་འདུ་འབྲལ་མེད་པཿཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཆེན་པོཿའཁོར་འདས་ལ་སོགས་གང་དུའང་མ་གྲུབ་པའི་རྩལ་ལས་ནང་དུ་འཆར་བའི་དབྱིངས་སུ་བཞུགས་པ་ནིཿཐོག་མའི་གཞི་གནས་ལུགས་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྡོ་རྗེཿགསང་སྔགས་ཐམས་ཅད་ཀྱི་གསང་བ་ཆེན་མོཿའོད་གསལ་རྡོ་རྗེ་སྙིང་པོའི་ཞིང་ཁམསཿགཞན་རྣམ་པར་གཞག་པའི་སྐབས་སོཿའདི་ལ་ཆོས་ཀྱི་དབྱིངས་རང་བཞིན་ཆོས་སྐུཿདང་པོའི་སངས་རྒྱསཿདེ་བཞིན་ཉིདཿདོན་དམ་པའི་བདེན་པཿརང་བྱུང་གི་ཡེ་ཤེསཿབསམ་གྱིས་མི་ཁྱབ་པའི་ཡེ་ཤེསཿཐོག་མ་མེད་པའི་ཆོས་ཁམས་དགེ་བཿལྷུན་གྱིས་གྲུབ་པའི་དཀྱིལ་འཁོརཿརང་བཞིན་ཀུན་ཏུ་བཟང་པོ་ལ་སོགས་པཿམདོ་རྒྱུད་ཀྱི་གནད་ཆེན་པོ་དག་ལསཿམིང་དུ་མར་གྲགས་ཀྱང་མཐར་ཐུག་གི་གཞིཿཐིག་ལེ་ཉག་གཅིག་རང་
(༡༩༨)བྱུང་གི་ཡེ་ཤེས་ཀུན་བྱེད་རྒྱལ་པོའི་ལུགས་ལཿགཞན་གྱི་གནས་ཞེས་བཏགས་པའོཿགཞན་གྱི་གནས་གསལ་བའི་སྒྲོན་མེ་རྫོགས་སོཿས་མ་ཡཿརྒྱ་རྒྱ་རྒྱཿདོན་གཉིས་པ་གཞི་སྣང་དག་པ་ནང་གི་སྐབས་ནིཿཐོག་མའི་གཞི་རང་ངོ་ཀ་ནས་དག་པཿའཆར་མི་འཆར་གྱི་ཐ་སྙད་མེད་ཀྱང་ཿལྷུན་གྲུབ་གཏིང་གསལ་ཕྲ་བའི་ཡེ་ཤེས་ལཿརླུང་ལྔ་ཡོད་པའི་སྐྱོད་བྱེད་ཀྱི་རླུང་གིསཿསྐུ་དང་རིགས་དང་འོད་རྣམས་ཕྱིར་བསྐྱོད་པསཿགཞི་སྣང་ལྷུན་གྲུབ་ཀྱི་སྦུབསཿརིགས་པའི་རྩལ་ལས་རང་ཤར་བའི་དུས་ནཿཐུགས་རྗེ་ལ་འཆར་ཚུལ་གོ་མ་འགགས་པའི་རྩལ་ཡོད་པསཿནང་གི་སྣང་བ་ཆེན་པོ་སྐུ་དང་། འོད་དང་ཿཡེ་ཤེས་ལ་སོགས་འཆར་ཚུལ་དྲུགཿསྒོ་གཉིས་ཏེ་ལྷུན་གྲུབ་སྒོ་བརྒྱད་ཀྱི་གཞི་སྣང་ཆེན་པོཿནམ་མཁའི་དབྱིངས་ལྟར་བསམ་གྱིས་མི་ཁྱབ་བར་རང་ཤར་བ་ནཿསྣང་གི་སྣང་བ་ཡེ་ཤེས་འོད་ཀྱི་སྦུབསཿཿརིག་པའི་རྩལ་ལས་ཤར་བས་ནང་ཞེས་བྱའོཿའདིའི་དུས་ན་མྱ་ངན་ལས་འདས་པའི་དག་སྣང་ཿརིགས་ལྔཿསྐུ་ལྔཿའོད་ལྔཿགཞལ་ཡས་ཁང་ཞིང་ཁམས་དང་
(༡༩༩)བཅས་པཿལོངས་སྤྱོད་རྫོགས་པའི་སྐུའི་ཞིང་ཁམས་སྣང་བ་དང་ཿདེའི་རྩལ་ལས་རང་བཞིན་སྤྲུལ་པའི་སྐུའི་ཞིང་ཁམས་རང་སྣང་བ་ཐམས་ཅད་བར་སྣང་གི་འཇའ་ཚོན་ནམ་ཆུ་ཟླའམཿམེ་ལོང་གི་གཟུགས་བརྙན་བཞིན་དུཿམྱ་ངན་ལས་འདས་པའི་དག་སྣང་ཤར་རོཿདེ་ལས་མཉམ་དུ་མ་དག་པ་འཁོར་བའི་སྒོ་ལསཿའགྲོ་དྲུག་གི་སྣང་བ་རྨི་ལམ་སྒྱུ་མ་ལྟར་གནས་རིས་དང་བཅས་པ་རང་སྣང་སྟེཿའཁོར་བ་ངན་སོང་རོལ་པར་ཡེ་ཤར་ལསཿཞེས་གསུང་པའི་དོན་མེད་པའི་གསལ་སྣང་མ་དག་པ་འཁྲུལ་སྣང་གི་སྣང་བ་ནམ་མཁའི་མཐའ་ཀླས་པར་ཡེ་ཤར་གཞི་སྣང་ལ་སྣང་དུསཿདོན་ལ་འཆར་ཚུལ་གྱི་སྣང་བ་ལས་མ་དག་པ་རང་མཚན་པ་མེད་པསཿདག་པ་འཇིག་རྟེན་པའམཿརྣམ་དག་འཇིག་རྟེན་ཞེས་བཤད་དེཿསེམས་སྡེ་ལསཿའདི་ནི་རྣམ་དག་འཇིག་རྟེན་ཞེསཿཿམཉམ་པའི་རྒྱལ་པོས་ཡོངས་སུ་གསུངསཿཞེས་པ་དང་ཿདབང་རྣམ་པར་ཕྱེ་བ་ལསཿའཁྲུལ་པའི་སྣང་བ་ཆོས་སྐུའི་རང་སྣང་ལཿདངོས་པ་བདག་ཏུ་འཛིན་
(༢༠༠)པ་ཡོངས་རེ་འཁྲུལཿཞེས་པའི་དོན་ཏོཿདེ་ལྟར་ནང་གི་སྣང་བ་ལ་འགྲོ་དྲུག་ཡོད་པསཿཕྱིར་འབྱུང་བའི་གནད་ཐམས་ཅད་དེ་ཡིན་ནོཿཕྱི་རྣམས་ཀྱང་ནང་ལྟར་མཇལ་བ་ཡིན་ཏེཿཇི་ལྟར་ཕྱི་རོལ་དེ་བཞིན་ནང་ཿཞེས་པའང་ཚུལ་འདིར་འཇུག་པའི་དོན་དུ་བསྟན་ནོཿདེ་ལྟར་གཞི་སྣང་གི་དག་མ་དག་ཏུ་སྣང་བ་ཐམས་ཅདཿརྩལ་ལས་ཐ་དད་དུ་སྒོ་སོ་སོར་འཆར་བ་སྣང་ཡང་ཿདོན་ལ་བཟང་ངན་མེད་དེཿམེ་ལོང་གི་ངོས་གཅིག་པ་ཤར་བའིཿདག་མ་དག་གི་སྣང་བའམཿགཉིད་གཅིག་གི་རྩལ་ལསཿརྨི་ལམ་བཟང་ངན་སོ་སོར་ཤར་དུསཿབཟང་ངན་མེད་པ་ལྟརཿགཞིའི་རྩལ་ལས་གཞི་སྣང་དུ་ཤར་ཚདཿཆོས་སྐུའི་སྣང་བ་མེད་པཿགསལ་སྣང་གི་སྟོང་གཟུགས་ཙམ་ཡིན་ནོཿའདི་ནི་ཡེ་ཤེས་འོད་ཀྱི་སྦུབསཿགཞི་སྣང་ལྷུན་གྲུབ་ཀྱི་སྣང་བཿཐུགས་རྗེ་རིག་པའི་རང་རྩལཿཞེས་པ་ལ་སོགས་མིང་དུ་མར་བྱུང་ཡང་ཿགཞི་སྣང་ཆེན་པོ་ཞེས་བྱའོཿམུ་ཏིག་ཕྲེང་བ་ལསཿའཁྲུལ་གཞི་རྣམ་པ་མང་བཤད་ཀྱང་ཿལྷུན་གྲུབ་དང་ནི་ཐུགས་རྗེའོཿཞེས་པའི་
(༢༠༡)དོན་ཏེཿའདིའི་དུས་སུ་ཡར་ཀ་དག་གི་སྣང་བ་ནམ་མཁའ་སྤྲིན་མེད་པ་ལྟ་བུཿཐད་ཀར་འོད་གསལ་གྱི་སྣང་བ་བར་སྣང་གི་འཇའ་ཚོན་ལྟ་བུཿམར་འགྲོ་དྲུག་གི་སྣང་བ་ཆུ་ཟླ་སྨིག་རྒྱུ་ལྟ་བུ་གསུམ་དུས་གཅིག་ལ་སྣང་བ་ནིཿཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་གྱི་གཞི་སྣང་སྟེཿཁོ་བོས་རང་བྱུང་པདྨའི་གནས་སུ་ལེགས་པར་མཐོང་བ་བཞིན་བཀོད་པའོཿནང་གི་གནས་རྣམ་པར་བཤད་པའི་སྒྲོན་མ་རྫོགས་སོཿས་མ་ཡཿརྒྱ་རྒྱ་རྒྱཿདོན་གསུམ་པ་མ་དག་འཁྲུལ་པ་ཕྱིའི་སྐབས་ནིཿདེ་ལྟར་གཞི་སྣང་ཤར་དུས་ཐུགས་རྗེའི་རྩལ་ལསཿགཞི་སྣང་སྐུ་གསུམ་རང་སྣང་དུ་ཤེས་ནསཿདག་པ་ཡེ་ཤེས་ཀྱི་སྒོ་ལསཿཀུན་ཏུ་བཟང་པོ་ལྟར་གྲོལ་བ་ཡིན་ལཿམ་ཤེས་ན་མ་རིག་པ་གསུམ་དང་ཿརྐྱེན་བཞིསཿམ་དག་པ་འཁོར་བའི་སྒོ་ལས་རྟེན་འབྲེལ་བཅུ་གཉིས་སུ་འཁྲུལ་ཏེཿཁམས་གསུམ་རིགས་དྲུག་སྣོད་བཅུད་དང་བཅས་པ་སོ་སོར་འཁོར་བས་རྟག་ཏུ་སྡུག་བསྔལ་ལ་སྤྱོད་པ་ནི་སེམས་ཀྱི་རང་སྣང་འཁྲུལ་པ་འཁོར་བའི་
(༢༠༢)ལས་དང་བག་ཆགས་ཐོག་མཐའ་མེད་པརཿསྐྱེ་བ་བཞིས་བརྒྱུད་ཅིང་མཐའ་མེད་པ་ནིཿཕྱིའི་ཆོས་ཞེས་བྱའོཿདེ་ཡང་ཐོག་མའི་མ་རིག་པཿལུང་མ་བསྟན་ཀུན་གཞི་ལ་ཤེས་པ་ཐམས་ཅད་ཀྱི་འཆར་གཞི་ཀུན་གཞིའི་རྣམ་ཤེས་ལསཿཁ་ཕྱིར་བལྟས་སྒོ་ལྔའི་ཤེས་པ་དང་ཿནང་བལྟས་ཡིད་ཤེས་དང་ཿཉོན་ཡིད་དེཿཿསེམས་རྣམ་ཤེས་ཚོགས་བརྒྱདཿསེམས་བྱུང་ལྔ་བཅུ་རྩ་གཅིགཿབག་ཆགས་དང་བཅས་པ་སྣང་དུས་ལཿརྣམ་སྨིན་བག་ཆགས་ཀྱི་སྦུབས་སམ་ལུས་ཞེས་བྱའོཿདེ་ཡང་འདོད་པར་ཤ་ཁྲག་གི་ལུསཿབསམ་གཏན་བཞིར་རྣམ་སྨིན་འོད་ཀྱི་ལུསཿགཟུགས་མེད་བཞིར་བག་ལ་ཉལ་ཡིད་ཀྱི་ལུས་གསུམ་ལསཿརང་རེ་མི་རྣམས་ལ་ད་ལྟ་སྙིང་གའི་འོད་རྩ་ལསཿགཞི་རང་བྱུང་གི་ཡེ་ཤེསཿགཞི་སྣང་སོ་སོར་རྩ་འདབ་སོ་སོ་ལ་གནསཿཡེ་ཤེས་ཀྱི་གཞི་སྣང་འོད་རྩ་ནསཿནམ་མཁར་སྣང་ལཿའགྲོ་དྲུག་གི་གཞི་སྣང་སྙིང་གའི་ཡེ་ཤེས་ཀྱི་ཟེར་གདངསཿགློ་བའི་རླུང་དང་འདྲེས་པཿསྙིང་གའི་རྩ་བརྒྱད་ན་རྣམ་ཤེས་བརྒྱད་དུ་གནས་པ་ལསཿ
(༢༠༣)ཟེར་གདངས་མགོ་མཇུག་ཏུཿའགྲོ་དྲུག་གི་རྩ་འདབ་སོ་སོ་ན་ཁྱབ་པར་གནས་སོཿའདི་དག་ཏུ་རླུང་སེམས་འདུས་ནས་འགྲོ་དྲུག་གི་འཁྲུལ་སྣང་འཆར་བ་ནིཿམ་དག་པ་འཁོར་བའི་སྒོའི་སྣང་བ་སྟེཿད་ལྟ་ནི་འོ་སྐོལ་མི་རྣམས་མིའི་རྩ་འདབ་ཏུ་རླུང་སེམས་འདུས་པསཿམིའི་ཡུལ་དང་ཿགནས་རིགས་སོ་སོར་སྣང་བའི་གནད་ཐམས་ཅད་དེ་ཡིན་ནོཿདེའི་ཕྱིར་སེམས་དང་ཡེ་ཤེས་སམཿརྣམ་ཤེས་དང་ཡེ་ཤེས་ཕྱེད་པར་བྱ་སྟེཿཁྲེགས་ཆོད་ཐོད་རྒལ་གཉིས་སུ་མེད་པའི་དགོངས་པ་ལ་བརྩོན་པས་ཉམས་སུ་བླངས་པསཿའདི་དང་བར་དོ་རང་སྣང་སྤྲུལ་སྐུའི་ཞིང་ཿགང་རུང་ནས་གདོད་མར་གྲོལ་བ་ནིཿམངོན་སུམ་སྙིང་ཏིག་ཉེ་ལམ་ཆེའོཿའདི་ནི་ཕྱིའི་གནད་ཀྱི་སྒྲོན་མེ་བསྟན་པའོཿགནད་གསུམ་གསལ་བའི་སྒྲོན་མེ་མཁའ་འགྲོ་སྙིང་ཏིག་གི་གདམས་པཿཔདྨ་ལས་འབྲེལ་རྩལ་གྱིས་བཀོད་པ་རྫོགས་སོཿས་མ་ཡཿརྒྱ་རྒྱ་རྒྱཿསྲོག་སྒྲུབས་མས་སྲུངས་ཤིགཿབཀྲ་ཤིསཿ༅ཿ༅། མཐོང་སྣང་རིན་པོ་ཆེ་འོད་ཀྱི་དྲྭ་བ་བཞུགས་སོ། །ཤོག་
(༢༠༤)སེར། ༈། མཐོང་སྣང་རིན་པོ་ཆེ་འོད་ཀྱི་དྲ་བ་ཞེས་བྱ་བ། །བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །སྐུ་ཚེ་སྔ་མར་ཟབ་གཏེར་གདན་དྲངས་ནས། །ད་ལྟ་ཉམས་ལེན་ལོངས་སྐུའི་ཞིང་ཁམས་ཉུལ། །མ་འོངས་བུམ་ཐང་མཛད་པ་མཐར་ཕྱིན་ནས། །མངོན་པར་བྱང་ཆུབ་དེ་ལ་ཕྱག་འཚལ་ལོ། །འདས་པའི་དུས་ན་རྒྱལ་སྲས་པདྨ་གསལ། །མ་འོངས་གུ་རུ་དྲི་མེད་འོད་ཟེར་ཏེ། །ད་ལྟར་ཀུན་མཁྱེན་ཚུལ་ཁྲིམས་བཟང་པོའི་བློ། །ཟབ་མོའི་ཐུགས་གཏེར་ཕྲིན་ལས་རྒྱས་མཛད་ཅིང་། །འགྲོ་དོན་དཔག་མེད་མཛད་པ་ལྷུན་གྲུབ་ཅེས། །མཁའ་འགྲོས་ལུང་བསྟན་རྣམ་ཐར་མདོ་ཙམ་བྲི། །ལེགས་པའི་ཡོན་ཏན་རྨད་དུ་བྱུང་བས་རབ་ཏུ་བརྒྱན་པའི་བླ་མ་དམ་པ་འདི་ནི་སྐུ་ཚེ་སྔ་མའི་རབས་དཔག་ཏུ་མེད་པའི་སྔོན་རོལ་ནས་རང་བྱུང་པདྨ་རྒྱལ་པོས་རྗེས་སུ་བཟུང་ཞིང་། མཁྱེན་རབ་དང་ཐུགས་རྗེའི་འོད་ཟེར་མཐའ་ཡས་པས་གདུལ་བྱའི་པདྨ་འཛུམ་པ་ལ་མཁས་ཤིང་། མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ལམ་པོ་ཆེའི་སྲོལ་བཏོན་པ་ལ་སྙིང་རྗེ་ཆེན་
(༢༠༥)པོའི་ཤིང་རྟས་འགྲོ་བ་རྣམས་འདྲེན་ཞིང་། རྣམ་པར་གྲོལ་བའི་སྐྱེད་མེའི་ཚལ་ཤིན་ཏུ་ཉམས་དགའ་བར་ཐར་པ་ཆེན་པོའི་དུས་སྟོན་ལ་འགོད་པར་མཛད་པའི་རྣམ་པར་ཐར་པ་མཐའ་ཡས་པ་ལས། འདིར་ཅུང་ཟད་ཅིག་མཆིམས་ཕུ་རིན་པོ་ཆེ་ཞི་བ་སྒྲུབ་པའི་ནགས་ཁྲོད་དུ་དཔལ་རྡོ་རྗེ་ཕག་མོས་ཇི་སྐད་གསུངས་པ་བཞིན་བརྗོད་པར་བྱའོ། །དེའང་དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གནས་མཆོག་ཏུ་ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སྤྱན་དྲངས་ནས་གཙུག་ལག་ཁང་བཞེངས་སུ་གསོལ་ཏེ། རབ་གནས་ཆུང་ངུའི་ཚེ་མཆིམས་ཕུར་གཤེགས་ནས་ཚོགས་ཀྱི་འཁོར་ལོ་མཛད་པའི་དུས་སུ། བཙུན་མོ་འབྲོ་བཟའ་བྱང་ཆུབ་ལ་འཁྲུངས་པའི་སྲས་མོ་པདྨ་གསལ་ཞེས་བྱ་བ། ལོ་བརྒྱད་ལོན་པ་ཞིག་འདས་པས། རྒྱལ་པོས་མྱ་ངན་མཛད་པ་ན། སློབ་དཔོན་གྱིས་ཆོས་བསྟན་པས། དེའི་ཚེ་རྒྱལ་པོས་གསེར་གཞོང་རིན་པོ་ཆེས་བཀང་བ་ཕུལ་ནས། ངའི་གཙུག་
(༢༠༦)ལག་ཁང་དང་སངས་རྒྱས་ཀྱི་བསྟན་པ་ཇི་ཙམ་གནས། བུ་མོ་འདིའི་ཆོས་སྐལ་གང་ལགས་ལ་སོགས་པ་ཞུས་པས། ལན་རྒྱས་པར་གསུངས་ཏེ། དེའི་ཚེ་སློབ་དཔོན་གྱིས་རྣམ་ཤེས་བཀུག་པས་བུ་མོ་སླར་སོས་ཏེ་སློབ་དཔོན་དང་ཡབ་ཡུམ་སྲས་ཀུན་མཇལ་དུས་དབང་བསྐུར་ཏེ། གསང་མཚན་པདྨ་ལས་འབྲེལ་རྩལ་དུ་བཏགས། ཚེ་ལོ་ལྔ་བཅུ་ཁ་རལ་ན་ཟབ་གཏེར་གྱིས་སེམས་ཅན་མང་པོ་ལ་ཕན་འདོགས་ཤིང་གུ་རུ་དྲི་མེད་འོད་ཟེར་དུ་ལུང་བསྟན་དུས་བུ་མོས་མཁའ་འགྲོ་སྙིང་ཏིག་གི་དཔེ་སྒྲོམ་སྤྱི་བོར་བཞག་ནས་སྨོན་ལམ་བཏབ་བོ། །དེ་ནས་སྐྱེ་བ་མང་ཞིག་ནས། གསལ་རྗེ་གངས་ཀྱི་ཤར་ཕྱོགས་སུ། སྤ་སྒང་པ་རིན་ཆེན་རྡོ་རྗེ་ཞེས་པར་སྐྱེས་ནས། དྭགས་པོ་དངས་ལུང་ཁྲ་མོ་བྲག་ནས་ཟབ་གཏེར་གདན་དྲངས་ཏེ། རིང་པོར་མ་ལོན་པར་སྐུ་གཤེགས་སོ། །ཆུ་མོ་གླང་ནས་དེང་སང་ཤིང་མོ་ཡོས་ཀྱི་བར་ལོ་སུམ་ཅུ་སོ་དྲུག་ཟབ་གཏེར་ཐོན་ནས་སོང་ལ། ལོ་བཞིར་ནི་གཏེར་སྟོན་ཉིད་ཀྱིས་མཆོད་པར་མཛད་ཅིང་། ལྷག་པར་གཏེར་ཆོས་རྣམས་ཕྱོགས་ཀུན་ཏུ་འཐོར་ཞིང་རྒྱས་སོ། །དེ་ནས་
(༢༠༧)རིན་ཆེན་རྡོ་རྗེ་ཉིད་ཀྱི་ཞུས་ལན་གསེར་ཕྲེང་ལས། དར་ཅིག་ལོངས་སྐུའི་ཞིང་ཁམས་ཉུལ་ཏེ་བུམ་ཐང་ཐར་པ་གླིང་དུ་སྐྱེ་བ་བཞེས་པར་གསུངས་པ་བཞིན་དུ། ལོངས་སྐུའི་ཞིང་ཉུལ་བའི་ཕྱིར་གཡོ་ར་ུགྲྭ་བྱ་བའི་ཕུ་སྟོད་གྲོང་དབེན་རྩ་ཞེས་བྱ་བར། ཡབ་སློབ་དཔོན་བསྟན་པ་སྲུང་བ་དང་། ཡུམ་འབྲོ་བཟའ་མོ་བསོད་ནམས་རྒྱན་གཉིས་ཀྱི་སྲས་སུ་འཁྲུངས་ཏེ། ལོ་བདུན་ལ་ཡི་གེ་འབྲི་ཀློག་དང་། བརྒྱད་དང་དགུ་ལ་ཕུར་པ་དང་བདེ་གཤེགས་འདུས་པའི་བསྐྱེད་རྫོགས་ཕྲིན་ལས་དང་བཅས་པ་མཁྱེན་དུས་ཡུམ་འདས་སོ། །བཅུ་ལ་གུ་རུའི་ཆོས་གཏེར་སྣ་བོ་ལུགས་ཀྱི་སྐོར་ཕྲིན་ལས་དང་བཅས་པ་དང་། བཅུ་གཅིག་ལ་རྒྱ་ནག་པོའི་རྩིས་ལ་ཐུགས་སྦྱོང་དུས་ཡབ་འདས་སོ། །དགུང་ལོ་བཅུ་གསུམ་པ་ལ་བསམ་ཡས་སུ་མཁན་པོ་བསམ་འགྲུབ་རིན་ཆེན་དང་། སློབ་དཔོན་ཀུན་དགའ་འོད་ཟེར་ལས་རབ་ཏུ་བྱུང་སྟེ་འདུལ་བ་ལ་སྦྱངས་པས། དགུང་ལོ་བཅོ་ལྔ་ལ་གསུང་སྟེ་ལོ་གསུམ་བསྐྱངས་སོ། །དེའི་བར་དུ་འདུལ་བའི་ལུང་དྲན་རྣམས་དང་། །
(༢༠༨)ཐེག་པ་ཆེ་ཆུང་གི་ཆོས་རྣམས་ལ་ལུང་ནོད་མཛད་དོ། །བཅུ་དགུ་ལ་དཔལ་གསང་ཕུ་ནེའུ་ཐོག་ཏུ་ཕྱོན་ཏེ། སློབ་དཔོན་ཆེན་པོ་བླ་བྲང་པ་ཆོས་དཔལ་རྒྱལ་མཚན་དང་། །གཞོན་ནུ་རིན་ཆེན་ལ་སོགས་ལས་མཚན་ཉིད་ཀྱི་ཐེག་པ་རྣམས་གསན་ཅིང་། ཕ་རོལ་ཏུ་ཕྱིན་པ་དང་། རྒྱུད་བླ་མ་ལ་སོགས་པ་མཁྱེན་པར་མཛད་དེ། ལོ་གསུམ་དུ་ཕྱི་ནང་གི་ཆོས་རྣམས་ལ་ཐུགས་སྦྱོང་དང་ལུང་ནོད་མང་པོ་མདད་དོ། །དེའི་དུས་སུ་སློབ་དཔོན་གཞོན་ནུ་རྒྱལ་པོ་ལ་སོགས་པ་ལས་དབུ་མ་ཚིག་གསལ་དང་འཇུག་པ་ལ་སོགས་པ་གསན་ནས་མཁྱེན་པར་མཛད་དོ། །གཞན་ཡང་ལུང་དང་། རིག་པ་དང་། སྒྲུབ་སྡེ་དུ་མའི་གཞུང་ལུགས་མང་པོ་གསན་ཅིང་ཐུགས་སུ་ཆུད་པར་མཛད་དོ། །ཉི་ཤུ་རྩ་ལྔ་པ་ལ་བླ་མ་བཀྲ་ཤིས་རིན་ཆེན་ལ་སོགས་པ་ལས་དཔལ་འཁོར་ལོ་བདེ་མཆོག་དང་། ཀྱེ་རྡོ་རྗེ་ལ་སོགས་པ་གསང་སྔགས་གསར་མའི་དབང་ཁྲིད་གདམས་པ་དང་བཅས་དུ་མ་ལ་ཐུགས་སྦྱངས་སོ། །དེའི་དུས་སུ་ཁྱད་པར་དུ་ལམ་འབྲས་བུ་དང་བཅས་པ། ལམ་རིམ་པ་ལྔ་པ། ནཱ་རོ་དང་
(༢༠༩)ནི་གུའི་ཆོས་དྲུག། རྫོགས་ཆེན་སེམས་ཕྱོགས། སྒྱུ་འཕྲུལ་ཞི་ཁྲོ། གཅོད་ཡུལ་ཞི་བྱེད་ལ་སོགས་པ་ལ་ཐུགས་སྦྱོང་མཛད་དོ། །ཉི་ཤུ་རྩ་བདུན་པ་ལ་དཔལ་ལྡན་ཆོས་ཀྱི་རྗེ་ཀུ་མ་རཱ་ཛ་དང་མཇལ་ཏེ། རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་གི་དབང་ཁྲིད་གདམས་པ་བཅས་པ་ཐོབ་ཅིང་། ཕྱིས་དེ་ལོ་དབང་གོང་མ་རྒྱུད་ལུང་མན་ངག་དང་བཅས་པའི་གཏད་རྒྱ་བབས་ཏེ། ལོ་གསུམ་གྱི་བར་སྒྲུབ་པ་མཛད་དོ། །སུམ་ཅུ་རྩ་གཅིག་པ་ལ་མཐར་འབྱོན་པར་བཞེད་ནས་སྙི་ཕུ་ཤུགས་གསེབ་ཏུ་ལམ་འགྲོན་པ་གཟིགས་སུ་བྱོན་དུས། སྐལ་ལྡན་གྱི་སློབ་མ་དུ་མས་གསོལ་བ་བཏབ་ནས། །རྫོགས་པ་ཆེན་པོ་སྙིང་ཏིག་གི་ཁྲིད་མཛད་དུས་སུ། རྣལ་འབྱོར་པ་འོད་ཟེར་གོ་ཆས་ལོ་རོ་ནས་དཀའ་སྤྱད་ཆེན་པོས་ཞུས་པའི་མཁའ་འགྲོ་སྙིང་ཏིག་གི་དཔེ་ཡོངས་སུ་ཚང་བ་བླ་མ་ལ་གཟིགས་སུ་ཕུལ་དུས། གཟིམ་ལམ་དུ་སྲོག་སྒྲུབ་མས་ཕྱག་དཔེ་གཏད་པ་རྨིས་སོ། །དེ་ནས་སང་ཕོད་སུམ་ཅུ་རྩ་གཉིས་པ་ཤིང་མོ་ཡོས་ཀྱི་ལོ་དཔྱིད་ཟླ་འབྲིང་པོ་ལ་མཆིམས་ཕུ་རི་མོ་
(༢༡༠)ཅན་གྱི་ནགས་སུ་སྐལ་ལྡན་གྱི་རྣལ་འབྱོར་ཕོ་མོ་བརྒྱད་ལ་རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་གི་གདམས་པ་བཙུགས་ཏེ་སྤྲོས་མེད་ཀྱི་དབང་མཛད་དུས་བྱིན་ཕབ་པས། དཔལ་སྔགས་སྲུང་ཆེན་མོ་རྣལ་འབྱོར་མ་ཞིག་ལ་བབས་ནས་འཁྲ་བ་པ་ལ། ཐམས་ཅད་ཐེ་ཚོམ་དུ་གྱུར་དུས་བླ་མའི་གསུང་གིས་འདིར་མཁའ་འགྲོ་དངོས་སུ་བབས་པ་ཡིན་པས་ཨའུ་རྩི། ང་སྣང་སེམས་རོ་གཅིག་ཏུ་རྟོགས་པའི་རྣལ་འབྱོར་པ་ཡིན་པས་བར་ཆད་མི་འོང་གསུང་བ་དང་། བླ་མ་ལ་རྣལ་འབྱོར་མས་ཕྱག་འཚལ་ཏེ། མཆོད་གཏོར་རྣམས་ལ་བལྟས་ནས་རྨ་བྱ་མ་འཛོམ་པ་ལ་ག་རེ་གསུངས་དུས། ཡིད་ཀྱིས་མོས་པ་བྱེད་པ་ཡིན་མོད་གསུངས་པས། བརྡའི་ཆོས་ལ་ཡིད་ཀྱིས་གར་འོང་འདི་མི་དགོས་གསུངས་ནས་བུམ་པ་སྟེང་གི་མཉྫིལ་ནས་གཞོང་དང་བཅས་པ་བོར་ཏེ་བུམ་པ་གསུམ་འབྲེལ་བར་བཞག་གོ། བླ་མས་ཆོ་གའི་རྣམ་བཤད་ཞིབ་མོར་མཛད་དུས་ཐལ་མོ་སྦྱར་ཏེ་ལེགས་སོ་གསུངས་ཤིང་དབུ་ཁུགས་པ་རེའང་མཛད་དོ། །རིགས་
(༢༡༡)དང་ཞེས་པའི་ཡི་གེའི་ས་ཆད་པས། །མིན་མིན་རིགས་ཟེར་བ་ཡིན་གསུངས་སོ། །ཨཱོྃ་ལ་སོགས་པའི་ཡི་གེ་བཟླས་དུས་ངའི་ལད་མོ་གྱིས་ཟེར་ནས་མཁའ་འགྲོའི་སྐད་དུ་སྔགས་རྣམས་འབྲེལ་ལ་མ་འདྲེས་པའི་གདངས་སྙན་པོ་བྱུང་ངོ། །དངོས་གཞིའི་ཚིག་བརྒྱད་ཀྱི་སྐབས་སུ་བསྒོམ་དུ་མེད་པའི་ཆད་པའང་གསོས་ཏེ། བློ་སྒོམ་དང་བྲལ་ན་དགའ་བ་ལ། །སྒོམ་བློ་དང་བྲལ་ན་ཨ་རེ་སྐྱིད། །ཟེར་ཞིང་གླུ་བླངས་སོ། །མཆོད་པ་ངན་པ་ལའང་འདིས་མི་འོངས་གསུངས་ཤིང་མཆོད་དབྱངས་སྙན་པོའང་མཛད་དེ། ཚོགས་ཀྱི་དུས་སུ་བླ་མ་ལ་བདུད་རྩི་གསོལ་ཞལ་ཆེ་བ་བཀང་ནས་དྲངས་དུས། འདི་མཁའ་འགྲོའི་དམ་རྫས་ཡིན་པས་ཅིས་ཀྱང་བརྟེན་དགོས་གསུངས་ནས་ལྷག་མ་མ་ལུས་པར་དྲངས་སོ། །དེ་དུས་རྣལ་འབྱོར་པ་རིན་ཆེན་འོད་འཕྲོས། དཔལ་མགོན་པོ་མཐིང་ནག་རྒྱན་ཆ་རྫོགས་པའང་མཐོང་ངོ། །དེ་ནས་ནམ་ལངས་ཀྱི་བར་མཁའ་འགྲོའི་བྱིན་རླབས་ཁྱད་པར་ཅན་བྱུང་ངོ། །དེ་ནས་ཁྲིད་མ་ཐོན་གྱི་བར་ལ་རྣལ་འབྱོར་
(༢༡༢)ཕོ་མོ་ཐམས་ཅད་ཉམས་འུར་ཏེ་གླུ་ལེན་བྲོ་བརྡུངས། ཉིན་མཚན་ཐམས་ཅད་དུ་ཤེས་པ་བདེ་གསལ་མི་རྟོག་པའི་ཉམས་འབར་ཞིང་། གཉིད་སོང་བའི་རྨི་ལམ་མེད། མ་སོང་བའི་སང་རྒྱུ་བྱུང་ངོ། །དེ་དུས་ཉི་ཤུ་བཞི་ལ་རྣལ་འབྱོར་པ་འོད་ཟེར་གོ་ཆ་ཡང་གཅིག་པུ་གསེར་ཞོ་དེའི་མཎྜལ་དང་བཅས་པ་བླ་མའི་དྲུང་དུ་ཕྱིན་ནས་ཕུལ་ལོ། །དེ་ནུབ་རྣལ་འབྱོར་མ་གཞན་ཞིག་གིས་བླ་མའི་དྲུང་དུ་སྐྱེས་པ་ལོ་བརྒྱད་ལོན་པ་ཕོད་ཀ་སྨུག་ནག་ཅན་རིགས་ལྔའི་དབུ་རྒྱན་གསོལ་ཞིང་བྷནྡྷ་དང་ཕུར་པ་ཐོགས་པ་མཁའ་འགྲོ་བཞིས་བསྐོར་བ་མཐོང་ངོ། །ཉི་ཤུ་ལྔའི་ཉི་མ་ཕྱེད་ཡོལ་ན་རྣལ་འབྱོར་མས་ནམ་མཁའི་དཀྱིལ་ན་ཡེ་ཤེས་མགོན་པོ་མཁའ་འགྲོ་ལྔས་བསྐོར་བ་བྱོན་པ་མཐོང་ངོ། །དེ་དུས་ནམ་མཁའ་ཐམས་ཅད་མཁའ་འགྲོས་གང་བ་སྣང་ངོ། །ཉི་མ་ནུབ་མཚམས་སུ་རྣལ་འབྱོར་པ་འོད་ཟེར་མཐའ་ཡས་ཀྱིས་གཟིམ་ཆུང་ན་བུད་མེད་ལོ་བཅོ་ལྔ་ཙམ་ལོན་པ་དཀར་དམར་མཐིང་གསུམ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའང་མཐོང་ངོ། །ཡང་སྔགས་པ་བྲོ་བརྡུངས་
(༢༡༣)པ་དང་། བུད་མེད་རྒྱན་ཆས་བཀླུབས་པ་བསམ་གྱིས་མི་ཁྱབ་པ་དང་། །ཁྱད་པར་དུ་བུད་མེད་སྐྲའི་ལན་ཚར་རྟིང་པར་སླེབས་པ་གཟུགས་ཤིན་ཏུ་རིང་བ་གཅིག་བླ་ཡེ་ན་འདུག་པ་དང་། ཆོས་ར་ན་སྐྱེས་པ་དཀར་སངས་པ་རྒྱན་ཅན་ལྔ་བྲོ་བརྡུངས་པ་ལ་འཁོར་དཔག་ཏུ་མེད་པས་ས་དང་བར་སྣང་གང་བར་མཐོང་ངོ། །བྱིས་པ་སེ་རལ་ཅན་གསུམ་ཡང་རྫུ་འཕྲུལ་སྟོན་པ་དང་། བུད་མེད་དཀར་མོ་གསེར་གཡུ་དར་ཟབ་ཀྱིས་བརྒྱན་པ་གཅིག་གིས་བླ་མའི་དབུ་ཐོག་ན་རྨ་བྱའི་གདུགས་ཆེན་པོ་འཛིན་པ་མཐོང་ངོ། །དེ་ནུབ་ཚོགས་འཁོར་གྱི་དུས་སུ་བུད་མེད་ནག་མོ་གཅིག་གིས་ཀྱང་དེ་བཞིན་དུ་གདུགས་འཛིན་པ་མཐོང་ངོ། །ཉིན་མཚན་དུ་རྒྱལ་མཚན་སྣ་ཚོགས་པ་འཛིན་མཁན་མེད་པར་རོང་ངེར་ཡོད་པས་དར་གྱི་འཕན་ལྡིར་ཕྱར་རེ་མཐོང་ངོ། །དེའི་ཉི་མ་ནུབ་ཁར་རྣལ་འབྱོར་མ་ཞིག་གི་དངོས་སྣང་དུ། སྐྱེས་པ་བེར་སྨུག་དང་རིགས་ལྔའི་དབུ་རྒྱན་ཅན་མཁའ་འགྲོ་མའི་འཁོར་དཔག་ཏུ་མེད་པས་བསྐོར་བ་བླ་ཡེ་དང་བར་སྣང་ཁེངས་པ་ལ། མུན་སྲོས་དུས་
(༢༡༤)དབང་ཁང་དུ་འགྲོ་བ་མཐོང་ནས་རྣལ་འབྱོར་མས་གར་བྱས་སོ། །ཡང་རྣལ་འབྱོར་མ་ཞིག་གིས་མི་ནག་པོ་ཆེན་པོ་གཅིག་དང་། སྔགས་པ་མཐིང་ནག་མཁའ་འགྲོ་སྡེ་ལྔས་བསྐོར་བ་གླུ་ལེན་པ་མང་པོ་ནམ་མཁའ་ནས་དབང་ཁང་དུ་བྱོན་པ་མཐོང་ནས་ཚོགས་གཏོར་བཤམས་ཟེར་དུས། བླ་མས་གཟིམ་ཆུང་ནས་ཚོགས་གཏོར་ཤོམས་ཤིག་གསུངས་ཏེ་བཤམས་པས་བུད་མེད་ནག་མོ་གཅིག་ཕྱེ་ཕུད་ཉམས་ཟེར་བ་དང་། མི་དཀར་པོ་གཅིག་ངའི་གཏོར་མ་ན་ཤ་མི་འདུག་ཟེར་བ་ལ་བལྟས་པས་དམ་ཅན་གྱི་གཏོར་མ་ན་ཤ་ཆད་པ་སླར་གསོས་སོ། །དར་ཅིག་ན་རྟ་དཀར་མི་དཀར་ཅན་གཅིག་གཏོར་མ་འདོད་པ་ལ་དམར་གཏོར་བྱིན་པ་མི་ལེན་པར་སོང་བ་ཇོ་བོ་ལྡང་ལྷར་སྣང་ངོ། །བླ་མ་ཁྲི་ལ་བཞུགས་དུས་ས་གཞི་བར་སྣང་མཁའ་འགྲོས་གང་བ་ཀུན་ཕྱག་འཚལ་ཞིང་མོས་པ་བྱེད་ཅིང་། ཚོགས་གཏོར་གྱི་མགྲོན་རྣམས་ཐམས་ཅད་ནམ་མཁར་བྱོན་པ་ལ་ཚོགས་གཏོར་བསྔོས་ནས་དར་ཅིག་ན་སྲོད་ཕྱེད་ལ་རྣལ་འབྱོར་ཕོ་མོ་ཐམས་ཅད་ཀྱིས་ཐོས་པར་མཁའ་འགྲོས་ཧཱུྃ་སྒྲ་དང་ཿ
(༢༡༥)ཕཊ་སྒྲ་དང་། བསོ་སྒྲ་དང་། འུར་སྒྲ་དང་། སིལ་ཆོམ་མང་པོ་བྱུང་ཞིང་། གློ་བུར་དུ་བག་དྲོ་འུར་འུར་ལུས་ཚ་ཆིལ་ཆིལ་ཤེས་པ་སྐྱི་ཟིང་ཟིང་བུན་བུན་ཕྱོད་ཕྱོད་བྱུང་བས། རྣལ་འབྱོར་པ་ཞིག་ན་རེ་དོ་ནུབ་གནམ་ས་ལིང་ལོགས་པ་ཤ་དུམ་ཁྲག་དུམ་བྱེད་ལས་ཆེ་ཟེར་ནས་སྐྲག་གོ། དར་ཅིག་ན་ཡང་རྣལ་འབྱོར་མ་ཞིག་གིས་ས་གཞི་བར་སྣང་ཐམས་ཅད་མཁའ་འགྲོའི་སྤྲིན་ཕུང་འཐིབས་ཏེ་ཆི་ལི་ལི་འབྱོན་པ་མཐོང་ནས་ཚོགས་གཏོར་བསྔོས་སོ། །དེ་ནས་དར་ཅིག་ན་རྣལ་འབྱོར་མ་རལ་པ་སྤྲུགས་ཤིང་འདུག་དུས་རྡོ་རྗེ་ཕག་མོ་སྐུ་མདོག་མཐིང་ནག་ཅིག་གིས་ནམ་མཁའ་ཁེངས་པ་ཐིམ་པ་སྙམ་བྱེད་ནས་འཁྲབས་སོ། །ཡོང་བར་ཡོད་ཡོང་བར་ཡོད་གསུངས་པ་ལ། ཅི་ཡོང་དྲིས་པས། སང་གནང་ལ་བར་ཆད་ཡོང་བར་ཡོད། མིན་ན་ཡར་འགྲོན་མང་པོ་ཡོད་གསུངས་པ་ལ། སུ་བྱུང་དྲིས་པ། སྨན་མོ་མཆེད་བདུན་དཀར་ལ་གཞོན་ཤ་ཆགས་པ་ཟ་འོག་གི་ན་བཟའ་ཅན་གསེར་གཡུ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་འཁོར་སྨན་མོ་དཔག་ཏུ་མེད་པས་བསྐོར་
(༢༡༦)བ་བྱུང་། ད་རུང་འབྱུང་ངོ། །འོ་དེ་གུང་རྒྱལ་མི་ནག་རྟ་ནག་ཅན་བེར་ནག་མདུང་ནག་ཅན་རལ་པ་གཡས་གཡོན་དུ་འཁྱིལ་པའི་ལ་ཐོད་ཡོད་པ་འཁོར་ཡང་དེ་འདྲ་བ་མང་པོས་བསྐོར་བ་བྱུང་ངོ། །ད་རུང་འབྱུང་ངོ། །གཉན་ཆེན་ཐང་ལྷ་རྟ་དཀར་མི་དཀར་ཅན་འཁོར་ཡང་དེ་འདྲ་བ་དུ་མས་བསྐོར་བ་འདུག་གོ་གཏོར་མ་བྱིན་ཅིག་གསུངས་པ་ལ། གཏོར་མ་ཡང་ཕུལ་ལོ། །རྣལ་འབྱོར་མའི་ཞལ་ནས། ང་གསར་དུ་འོངས་པ་ལ་གཏོར་མ་མི་སྟེར་བ་ཨེ་ཡིན་གསུང་དུས། སུ་ཡི་ན་དྲིས་པས། ང་བླ་མའི་ཡི་དམ་རྡོ་རྗེ་ཕག་མོ་ཡིན་ཟེར་དུས། རྣལ་འབྱོར་པ་འོད་ཟེར་མཐའ་ཡས་ཀྱིས་བུད་མེད་མཐིང་ནག་གཞན་པས་ཆེ་བ་རུས་པས་བརྒྱན་པ་རིན་པོ་ཆེ་དང་རུས་པའི་དྲ་བས་བརྒྱན་པར་མཐོང་ནས། ཁྱེད་རྣམས་ཀྱིས་འདི་ཅིར་མཐོང་ཟེར་ནས་བཤད་དོ། །དེ་ནས་བླ་མས་དྲིས་པ། ཁྱེད་འདིར་ཅི་ལ་བྱོན། བླ་མ་དམ་པ་སྐུ་ཁམས་བཟང་ངམ། རྣལ་འབྱོར་མས་སྨྲས་པ། དོ་ནུབ་དུས་གཉན་པས་ལས་ཅན་གྱི་སློབ་མ་ཉུལ་དུ་འོང་། །བླ་མ་སྐུ་ཁམས་བཟང་ཟེར་རོ། །
(༢༡༧)འོ་ན་ད་ལོ་བླ་མ་སྐུ་ཆག་ཆེ་བ་ཨ་འུ་ཅིའམ་དྲིས་པས། སངས་རྒྱས་ཀྱི་རྣམ་འཕྲུལ་ལ་བར་ཆད་ག་ན་ཡོད། གདུལ་བྱ་ལ་དགོངས་པ་ཡིན་མོད། བི་མ་ལ་བོད་ཡུལ་དུ་བྱོན་པ་མི་ཤེས་སམ་གསུངས། འོ་ན་ཇི་ཙམ་བཞུགས། ད་ནས་ལུག་ལོ་ཕྱི་མའི་བར་བཞུགས། དེ་ནས་གདུལ་བྱ་དང་བསྟུན་པས་ངེས་པ་མེད། འོ་ན་ང་བླ་མས་གཞན་དོན་ལ་བསྐུལ་བ་དེ་ཁྱེད་ཀྱིས་བསྐུལ་བ་ལགས་སམ་དྲིས་པས། འོ་འོ་དེ་ཀ་དེ་ཀ་ཟེར་དུས། ངས་གཅིག་པུར་བསྡད་ནས་འོད་ལུས་བསྒྲུབ་བམ། །གཞན་དོན་བྱས་ན་སེམས་ཅན་ལ་ཕན་ཐོགས་ཡོང་། ད་ཇི་ཙམ་ཐུབ་དྲིས་པས། འོད་ལུས་འགྲུབ་ཀྱང་སེམས་ཅན་ལ་ཕན་འདོགས་དགོས། གཞན་དོན་འུར་འུར། ད་ལོ་ནས་བཟུང་སྟེ་ལོ་སུམ་ཅུ་ཐུབ་གསུངས་སོ། །དེ་དུས་རྣལ་འབྱོར་པ་འོད་ཟེར་གོ་ཆ་ན་རེ་སྐུ་ཚེ་རིང་བར་འདུག་ཞུས་པས། བླ་མའི་ཞལ་ནས་མཁའ་འགྲོའི་འདི་ལ་གཟའ་གཏད་མེད། ཟླ་བ་དང་། ཞག་ལ་ལོར་བརྩི་བའང་སྲིད་པས་གང་ཡིན་མི་ཤེས་གསུངས་སོ། །ཡང་བླ་མས་ང་ལ་བཀའ་
(༢༡༨)སྲུང་ཇི་ཙམ་ཡོད་དྲིས་པས། མང་མང་བླ་མའི་ཐམས་ཅད་ཁྱེད་ལ་ཡོད། ཁྱད་པར་དུ་རྡོ་རྗེ་གཡུ་སྒྲོན་མ་ཡིན་ཟེར་རོ། །འགྲོ་དོན་ས་ཕྱོགས་ག་ན་ཡོད་དྲིས་པས། ལྷོ་ནུབ་ཕྱོགས་ན་ཡོད། དེ་ཡང་གྲྭ་དང་གྲྭ་ཕྱི་དང་འཕྲེང་པོ་ཕྱོགས་ན་ཡོད། འོ་ན་ངས་གཞན་ལ་ཕན་ངེས་ས་མ་དྲིས་པས། ད་ནས་བཟུང་ནས་འུར་འུར། ཚེ་ཕྱི་མ་དེ་བས་ཀྱང་འགྲོ་དོན་རྒྱ་ཆེ་གསུངས། །ཕྱི་མ་ག་ན་ཡོད་དྲིས་པས། ལྷོ་བྲག་ཕྱོགས་དང་། མོན་བོད་རྒྱ་གར་གྱི་མཚམས་ན་རྒྱ་ཆེ་རྒྱ་ཆེ་གསུངས། མོན་བུམ་ཐང་ཡིན་ནམ་དྲིས་པས། དེ་ཀ་དེ་ཀ་གུ་རུ་ཟེར་བ་ལ་དྲི་མེད་འོད་ཟེར་ཡིན་པ་ལ་གསུངས་དུས། མཁའ་འགྲོ་སྙིང་ཐིག་ནས་བཤད་པ་དེ་ཡིན་ནམ་དྲིས་པས། འོ་འོ་དེ་ཀ་དེ་ཀ་མ་ནོར་མ་ནོར་གསུངས་སོ། །འོ་ན་མཁའ་འགྲོ་སྙིང་ཏིག་ནས་ཇི་སྐད་བཤད་པའི་དབང་ཁྲིད་ད་ལྟ་གདབ་ཏུ་རུང་ངམ་དྲིས་པས། ཁྱེད་རང་གི་ཡིན་པ་ལ་ལོས་ལོས་ཟེར་རོ། །མི་རྣམས་ཀྱིས་ཟོག་པོར་འཛིན་དུ་མི་ཡང་ངམ་དྲིས་པས། མིའི་ཁ་ལ་རྒྱུ་མཚན་ཅི་ཡོད། སྐལ་ལྡན་རྣམས་དད་ཀྱིས་སྡུད་སྐལ་མེད་སྨྲ་མཁན་མེད་ཀྱང་མི་འདུ། །སངས་རྒྱས་ལའང་སྐུར་པ་འདེབས་པ་ཟེར་རོ། །འོ་ན་སྙིང་ཏིག་གི་ཆོས་བཀའ་གང་དུ་འབྱེད་རྡོ་རྗེ་གཡུ་སྒྲོན་གྱིས་གནས་
(༢༡༩)སུ་འབྱེད་དམ་དྲིས་པས། འདི་ན་མཁའ་འགྲོ་རང་བཞིན་གྱིས་འདུ་བས་འདིར་འབྱེད་དགོས་ཟེར་རོ། །བུམ་ཐང་གི་གཏེར་ཁ་དེ་ཚེ་འདི་ལ་ཐོན་ནམ་དྲིས་པས། དམ་ཚིག་ཤིན་ཏུ་གཙང་བའི་སློབ་མ་གསུམ་བཞི་ཙམ་ཡོད་ན་ཐོན་ཟེར་རོ། །ད་ལྟ་ཡོད་དམ་དྲིས་པས། མེད་སྔགས་པ་དཀར་སངས་ཤ་ནི་བསྲབ་ལ་ཤིན་ཏུ་མཛེས་པ་ཅིག་འོང་། དེ་དུས་ཐོན་ཟེར་རོ། །གཏེར་ཡིག་དྲིས་པས། དེ་དུས་ལུང་སྟོན་མཁན་རེ་ཡོང་དྲི་མི་དགོས་གསུངས་སོ། །གཏེར་སའི་བྲག་དྲིས་པས། བུམ་ཐང་གི་གཞུང་ཆུ་ལྷོ་ནུབ་ལ་བབས་པའི་ལུང་པ་ཟད་དུ་ཉེ་བའི་ཤར་ངོས་ཀྱི་བྲག་མཐའ་པི་ཝང་གྱེན་དུ་བསླངས་པ་ལྟ་བུའི་མགོ་ཕྱིར་གྱེད་ལ་སོང་བའི་མགུལ་མཚམས་ན་ཚུར་འོངས་པའི་གང་མཆུའི་སྟེང་ན་ཤིང་ལོ་སྟག་མ་ལྟར་ཡོད་པ་ནས་ཐག་པ་བཏགས་ནས་འདོམ་བཅུ་གཉིས་སོང་བ་ན་བྲག་གྲུ་བཞི་ཟོ་ཐབས་སུ་ཡོད་པའི་དཀྱིལ་སྨད་སེར་ཀ་གྲུ་གསུམ་ཡོད་པ་ན་འདུག་ཟེར་རོ། །ང་དང་སློབ་དཔོན་ཆེན་པོ་ནམ་མཇལ་དྲིས་པས། ལུང་གསུམ་གྱི་ཕུ་རི་གསུམ་གྱི་མདའ་བྲག་ཆུང་ངེ་བ་ཁ་ལྷོ་ནུབ་ཏུ་ལྟ་བ་བྲག་
(༢༢༠)གསུམ་པ་དེའི་གཡས་ཟུར་གྱི་འོག་ཏུ་མཇལ་ནས་ལུང་སྟོན་གསུངས་སོ། །བི་མ་ལ་དང་ནམ་མཇལ་དྲིས་པས། མཇལ་ཟིན་འདུག་པ་ལ་ཟེར་རོ། །ངས་རྟོགས་པ་འདི་སྙིང་ཏིག་གི་དོན་མཐར་ཐུག་པ་ཡིན་ནམ་དྲིས་པས། མཐར་ཐུག་གོ་ཟེར་རོ། །གཏེར་ཁ་གཞན་དྲིས་པས་འདི་ནས་ནུབ་བྱང་མཚམས་ན་བྲག་རི་ཤིན་ཏུ་མཐོ་བ་མདུང་རྩེ་གྱེན་དུ་གཟིངས་པ་འདྲ་བའི་ངོས་ནས་ཐོན་ཏེ་དེར་མི་བཞུད་གསུངས་སོ། །འོ་ན་ཤར་ཕྱོགས་ཁྲ་མོ་བྲག་གི་གཏེར་ཁ་དེངས་ཐོན་ནམ་མི་ཐོན་དྲིས་པས། ཐོན་ཟིན་འདུག་པ་ཟེར་རོ། །རྣལ་འབྱོར་པ་འོད་ཟེར་གོ་ཆས་སྦ་སྒང་པ་རིན་ཆེན་རྡོ་རྗེ་དེ་ག་ན་ཡོད་དྲིས་པས། སྤ་སྒང་པ་རིན་ཆེན་རྡོ་རྗེ་ཞེས་དར་ཅིག་མི་གསལ་བ་ལས། སློབ་དཔོན་རིན་རྡོར་དྲིས་པས། ལགས་ལགས་འོ་དེ་ཁོང་ཡིན་འདི་ན་བཞུགས་འདུག་པ་གསུངས་ནས་མཛུབ་མོ་བཙུགས་སོ། །བླ་མས་དྲིས་པ། ཁོང་སྐྱེ་བ་དེའི་འོག་ཏུ་བུམ་ཐང་དུ་སྐྱེ་བར་གསུངས་པ་ལ་ངག་ན་ཡིན་གསུངས་པས། སྐྱེ་བ་དེའི་འོག་ཏུ་ལོངས་སྐུའི་ཞིང་དར་ཅིག་ཉུལ་ནས་བུམ་ཐང་དུ་སྐྱེ་བ་ལས་དེ་ཀ་ལྟར་སྐྱེ་བ་མིན། ད་ལྟ་ཁྱེད་རང་
(༢༢༡)ལོངས་སྐུའི་ཞིང་ཉུལ་བ་ཡིན་ཟེར་རོ། །ད་ལྟ་ལོངས་སྐུའི་ཞིང་ཉུལ་བའི་རྒྱུ་མཚན་གང་ཡིན་དྲིས་པས། །སློབ་དཔོན་རིན་རྡོར་གྱིས་གཏེར་ཐོན་དུས་ལོ་འགར་གསང་ནས་སྒྲུབ་པ་མཛད་ན་རང་དོན་དུ་འོད་གསལ་ལོངས་སྐུའི་ཞིང་ཉུལ་གྱིས་རྩལ་སྦྱོང་དང་སྙིང་ཏིག་གིས་གཞན་ལ་ཕན་འདོགས་འོངས་པ་ལ། མ་གསངས་པས་སྐུ་ཚེ་ཚད་དུ་མ་ཕྱིན་པར་ད་ལྟ་སྐྱེས་དུས་འོད་གསལ་འཇའ་ཚོན་གྱི་སྣང་བ་སྒོམ་ཞིང་ཉམས་སུ་ལེན་པ་ལ་ལོངས་སྐུའི་ཞིང་དར་ཅིག་ཉུལ་བར་བཏགས་པ་ཡིན། དེ་གཞན་གྱིས་དགོངས་པ་ལེན་མ་ཤེས་པ་ཡིན། ལུང་བསྟན་པ་གསུངས་པ་དེ་ད་ལྟའི་ཚེ་འདི་ལ་དགོངས་པ་ལགས་ཟེར་རོ། །ངས་ལྷག་མེད་གར་འགྲུབ་དྲིས་པས། གཅིག་པུར་བསྒོམས་ན་ད་ལྟ་འགྲུབ། གཞན་དོན་མཛད་པས་བར་དོར་གྲོལ་ནས་སྤྲུལ་པས་བུམ་ཐང་དུ་སྐྱེ་བ་བླངས་ཏེ། རྫུ་འཕྲུལ་མང་པོ་བསྟན། གཞན་དོན་བྱས་ནས་སྤྲུལ་པ་དེ་ཡང་མཁའ་འགྲོ་མ་ལྔས་བསྐོར་ནས་མ་ག་ཏ་རྡོ་རྗེ་གདན་གྱི་ནུབ་བྱང་ཨོ་རྒྱན་གྱི་ཡུལ་དུ་གཤེགས་ནས་འཚང་རྒྱ་བའི་ཚུལ་སྟོན་གསུངས་སོ། །སློབ་དཔོན་རིན་རྡོར་གང་
(༢༢༢)ལ་གྲོངས་ལོ་དུ་སོང་དྲིས་པས། ཀེག་ལ་གྲོངས་ལོ་སུམ་ཅུ་སོ་གཉིས་སོང་གསུངས་སོ། །ངས་སྙིང་ཏིག་གང་གིས་ཕན་ཐོགས། བི་མ་ལའི་སྙིང་ཏིག་དང་མཁའ་འགྲོ་སྙིང་ཏིག་ལོ་དུ་གནས་དྲིས་པས། གཉིས་ཀས་ཕན་ཐོགས་བི་མ་ལ་རྒྱ་ཆེ། བི་མ་ལ་ལོ་བརྒྱ། མཁའ་འགྲོ་སྙིང་ཏིག་ལོ་ལྔ་བརྒྱར་གནས། ད་ལོ་ནས་མགོ་བརྩམས་པ་ཡིན་ཟེར་རོ། །དེ་དུས་རྣལ་འབྱོར་ཕོ་མོ་རྣམས་ཀྱི་ཚེ་དང་ཕན་འདོགས་ཀྱང་ལུང་བསྟན་ནས། དར་ཅིག་ན་རྣལ་འབྱོར་པ་འོད་ཟེར་མཐའ་ཡས་ཀྱི་སྣང་བ་ལ་ནམ་མཁའི་དཀྱིལ་ནས། བུད་མེད་དཀར་མོ་ཟ་འོག་གི་ན་བཟའ་དང་དར་ཐོད་ཅན་གསེར་གཡུས་བརྒྱན་པ་ཞིག་བྱུང་ནས་བླ་མ་ལ་ཐིམ་པ་མཐོང་དུས། བླ་མ་བཞེངས་ཏེ་ངས་སྔར་མི་ཤེས་པའི་རྡོ་རྗེའི་གླུ་ཞིག་བྱའོ་གསུངས་ནས་མགུར་བཞེངས་པ། ལྷུན་གྲུབ་གདོང་ནས་སྟོང་པ་ཀ་དག་དང་། །བདེ་གཤེགས་ཀུན་བཟང་ཡབ་ཡུམ་ལ་ཕྱག་འཚལ་བསྟོད། །སེམས་ཉིད་སྤྲོས་དང་བྲལ་བ་ཆོས་ཉིད་དང་། །གཏི་མུག་རང་སར་དག་པའི་ངོ་བོ་ཉིད། །རྣམ་སྣང་ནང་ན་ཡོད་དེ་ཕྱི་ན་མེད། །བདེ་གཤེགས་
(༢༢༣)སངས་རྒྱས་རིགས་ལ་གསོལ་བ་འདེབས། །སྐྱེ་མེད་བསམ་ཡུལ་འདས་པའི་གནས་ལུགས་ཉིད། །རང་ཤར་རང་ངོ་ཤེས་པར་བྱིན་གྱིས་རློབས། །རིག་རྩལ་འཆར་གཞི་མ་འགགས་མེ་ལོང་དང་། །ཞེ་སྡང་རང་སར་གྲོལ་བའི་ངོ་བོ་ཉིད། །མི་བསྐྱོད་ནང་ན་ཡོད་དེ་ཕྱི་ན་མེད། །བདེ་གཤེགས་རྡོ་རྗེའི་རིགས་ལ་གསོལ་བ་འདེབས། །འགྱུ་བ་སྟོང་གསལ་འཛིན་མེད་གནས་ལུགས་ཉིད། །རང་ཤར་རང་ངོ་ཤེས་པར་བྱིན་གྱིས་རློབས། །བླང་དོར་དགག་སྒྲུབ་མེད་པ་མཉམ་ཉིད་དང་། །ང་རྒྱལ་རང་སར་དག་པའི་ངོ་བོ་ཉིད། །རིན་འབྱུང་ནང་ན་ཡོད་དེ་ཕྱི་ན་མེད། །བདེ་གཤེགས་རིན་ཆེན་རིགས་ལ་གསོལ་བ་འདེབས། །ཐམས་ཅད་ཕྱམ་བརྡལ་གནས་ལུགས་མཉམ་པ་ཉིད། །རང་ཤར་རང་ངོ་ཤེས་པར་བྱིན་གྱིས་རློབས། །བདེ་སྟོང་དབྱིངས་སུ་ནུབ་པ་ཀུན་རྟོགས་དང་། །འདོད་ཆགས་རང་སར་དག་པའི་ངོ་བོ་ཉིད། །འོད་དཔག་ནང་ན་ཡོད་དེ་ཕྱི་ན་མེད། །བདེ་གཤེགས་པདྨའི་རིགས་ལ་གསོལ་བ་འདེབས། །བདེ་སྟོང་གཟུང་འཛིན་ནུབ་པའི་གནས་ལུགས་ཉིད། །རང་ཤར་རང་ངོ་ཤེས་པར་བྱིན་གྱིས་རློབས། །
(༢༢༤)རིག་པ་ཐལ་བྱུང་རང་གྲོལ་བྱ་གྲུབ་ངང་། །ཕྲག་དོག་རང་སར་དག་པའི་ངོ་བོ་ཉིད། །དོན་གྲུབ་ནང་ན་ཡོད་དེ་ཕྱི་ན་མེད། །བདེ་གཤེགས་ལས་ཀྱི་རིགས་ལ་གསོལ་བ་འདེབས། །གང་ཤར་ཤུགས་འབྱུང་འགགས་མེད་གནས་ལུགས་ཉིད། །རང་ཤར་རང་ངོ་ཤེས་པར་བྱིན་གྱིས་རློབས། །དུས་དོ་ནུབ་མར་གྱི་ཚེས་བཅུ་ལ། །མཁའ་འགྲོས་ལུང་བསྟན་མཛད་པའི་དུས། །རྟེན་འབྲེལ་ནང་དུ་འཛོམ་པའི་རྟགས། །དད་ལྡན་དམ་ཚིག་གཙང་བའི་རྟགས། །འགྲོ་དོན་ཕྱོགས་མེད་འབྱུང་བའི་རྟགས། །འཁོར་བའི་རྒྱ་མཚོར་བརྒལ་བའི་རྟགས། །དགའ་བོ་སྐྱིད་དོ་དག་པའི་ཞིང་། །འོད་གསལ་སྣོད་ཀྱི་འཇིག་རྟེན་འདི། །འོག་མིན་གནས་སུ་སླེབས་པ་བཞིན། །ཐམས་ཅད་ལྷ་དང་ལྷ་མོའི་ངང་། །རང་རིག་མྱ་ངན་འདས་པ་སྙམ། །བླང་དོར་དགག་སྒྲུབ་ཞིག་པ་སྙམ། །རེ་དོགས་འཕྲང་ལས་འདས་པ་སྙམ། །སྲིད་གསུམ་ཡེ་ནས་གྲོལ་བ་སྙམ། །འཕྲོ་འདུའི་རྣམ་རྟོག་འོད་ལྔར་ནུབ། །འོད་ལྔའི་སྣང་བ་གདོད་མར་ནུབ། །སྣང་སེམས་གཞི་བྲལ་ཆོས་སྐུའི་ངང་། །ཚེ་འདི་ཡང་བདེ་སྟེ་ཕྱི་མ་བདེ། །བར་དོར་རང་ངོ་ཤེས་
(༢༢༥)པས་བདེ། །ད་ནི་བདེ་ནས་བདེ་བར་འགྲོ། །གླུ་མཆོད་པར་འབུལ་ལོ་དཀོན་མཆོག་གསུམ། །ཐུགས་དགྱེས་པར་མཛོད་ཅིག་མཁའ་འགྲོའི་ཚོགས། །ཞེས་བྲོ་བརྡུངས་ནས་དར་ཅིག་ན་གནམ་སྒོ་ན་ཡར་བུད་མེད་དམར་མོ་རིན་པོ་ཆེའི་བརྒྱན་པ་ཞིག་རེས་གསུམ་དུ་སྣང་བ་འགས་མཐོང་བ་ལ་བསུ་བ་བྱས་པ་དང་། བླ་མ་ལ་ཐིམ་མོ། །དཀར་མོ་གཅིག་ཀྱང་དེ་བཞིན་དུ་བྱོན་ནས་ཐིམ་དུས། ས་གཞི་བར་སྣང་ཐམས་ཅད་མཁའ་འགྲོས་གང་བར་མཐོང་ངོ་། །དེའི་དུས་བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ཕོད་ཀ་སྨུག་ནག་དང་རིགས་ལྔའི་དབུ་རྒྱན་གསོལ་ནས་རྡོ་རྗེ་ དྲིལ་བུ ་བསྣམས་པ་དཀར་གསལ་འོད་ལྔའི་དབུས་ན་བཞུགས་པ་ལ། རེས་དཀར་དམར་མཐིང་གསུམ་མཐོང་ནས་རྣལ་འབྱོར་མས་ཅོད་པ་བཏགས་ཏེ་བདུད་རྩི་དྲངས་དུས། ཐམས་ཅད་ལ་གཏོར་མ་མགོ་ཐོག་ཏུ་བཞག་ནས་ལུང་བསྟན་པ་དང་། མཁའ་འགྲོའི་སྣང་བ་བྱུང་ཚུལ་རྣམས་སུ་ལའང་མི་བཤད་པའི་མནའ་བསྒགས་ནས་དར་ཅིག་ན། བུད་མེད་མཐིང་ནག་རྒྱན་གྱིས་བརྒྱན་པ་ཅིག་ལ་དེ་འདྲ་བ་དཔག་ཏུ་མེད་པས་བསྐོར་བ་ནམ་མཁའ་
(༢༢༦)ན་ཚུར་བྱོན་ནས་བླ་མའི་སྐུ་ལ་ཐིམ་པ་རྣལ་འབྱོར་མ་འགས་མཐོང་ངོ་། །དེ་ནས་ནམ་ལངས་སུ་ཉེ་བ་ན་ཐམས་ཅད་ན་རེ་ནམ་ལངས་སུ་ཉེ་མཁའ་འགྲོ་ཡང་གྱེས་ལས་ཆེ་ཟེར་བ་ལ། རྣལ་འབྱོར་མ་སྔོ་སངས་ཞིག་ཉམས་འུར་ནས་འཁྲབ་པས། མཁའ་འགྲོ་སྤྲིན་ལྟར་འཐིབས་པ་འདི། །དྲིན་ཅན་བླ་མའི་གྲུབ་རྟགས་ཡིན། །ཆོས་སྐྱོང་བྲན་ལྟར་ཁོལ་བ་འདི། །དྲིན་ཅན་བླ་མའི་ཕྲིན་ལས་ཡིན། །འགྲོ་དྲུག་བུ་བཞིན་སྐྱོང་བ་འདི། །དྲིན་ཅན་བླ་མའི་ཐུགས་རྗེ་ཡིན། །ཉམ་ཆུང་མཐོ་རིས་འདྲེན་པ་འདི། །དྲིན་ཅན་བླ་མའི་བྱང་སེམས་ཡིན། །ཅི་ཡོད་ཆོས་ཕྱོགས་གཏོང་བ་འདི། །དྲིན་ཅན་བླ་མའི་རྣམ་ཐར་ཡིན། །ཟེར་རོ། །དེ་ནས་ཉི་ཤུ་དྲུག་གི་དྲོ་ཁར་རྣལ་འབྱོར་མ་བླ་ཡེར་ཉལ་དུས། སྐྱེས་པ་ལོ་བཅོ་བརྒྱད་ལོན་པ་ཕོད་ཀ་ཅན་དང་། བུ་མོ་ལོ་བཅུ་དྲུག་མ་ཤིན་ཏུ་མཛེས་པ་ཞིག་དང་། མཁའ་འགྲོ་མང་པོ་བར་སྣང་ལ་འཆམ་པོ་མཛད་པ་མཐོང་ནས། ཆོས་གསུངས་ཏེ་དེ་རྣམས་ཉན་ཅིང་བླ་མ་ལོངས་སྐུའི་ཆ་ལུགས་སུ་མཐོང་ངོ་། །མཚན་དུས་རྣལ་འབྱོར་མ་འགའ་གཟིམ་ཆུང་ན་ཡོད་དུས། བུད་མེད་སྐྲའི་གོས་ཅན་རལ་པས་གནམ་
(༢༢༧)ས་ཁེབས་པ་རིན་པོ་ཆེའི་བརྒྱན་པ་ཞིག་དང་། སྔགས་པ་དཀར་པོ་ཞིག་དང་། བཀའ་སྲུང་གི་རིགས་མོན་པ་དང་། ཨ་ཙ་རའི་རྣམ་པ་མང་པོ་གཏོར་མ་ལེན་དུ་བྱོན་དུས། རྣལ་འབྱོར་པ་འོད་ཟེར་མཐའ་ཡས་བྲེད་དེ་འདི་ན་ཚུར་བྱུང་ངོ་ཟེར་རོ། །དེ་ནས་སངས་ཉི་ཤུ་བདུན་ཁྲིད་འཆད་དུས། སྔར་གྱི་སློབ་མ་དམ་ཚིག་ཉམས་པ་ཞིག་བྱུང་བས། གྲིབ་ཀྱིས་ཐམས་ཅད་སྐད་འགགས་རིག་པ་མི་གསལ་ཏེ་སང་གནང་བར་ཆད་འོད་ཟེར་བ་དེ་ཡིན་པར་སྣང་ངོ་། །དོ་ནུབ་སྲོད་ལ་བླ་མའི་དྲུང་དུ་བུ་མོ་ལོ་བཅུ་དྲུག་ལོན་པ་དར་ཟབ་ཅན་གཉིས་བདུད་རྩི་གསོལ་ཞལ་བཀང་བ་འདྲེན་པ་འོད་ཟེར་མཐའ་ཡས་ཀྱིས་མཐོང་ངོ་། །མཁའ་འགྲོ་མང་པོས་ཕྱག་དང་བསྐོར་བ་ཡང་བྱེད་དོ། །དེ་དུས་རྣལ་འབྱོར་མ་དཀར་སངས་ཞིག་གིས་གཟིམ་ཆུང་དུ་བུད་མེད་གཉིས་སོང་བ་མཐོང་ངོ་། །དེའི་ཐོ་རངས་རྣལ་འབྱོར་ཕོ་མོ་ཐམས་ཅད་ཀྱིས་སྐད་མ་ཐོན་པར་བླ་མ་ལ་ཞུས་པས། ན་རག་གི་སྐོང་བཤགས་མཛད་པས། འཕྲལ་ལ་ནམ་མཁའ་དྭངས་ཤིང་གྲིབ་སངས་ཏེ། བླ་མའི་ནམ་མཁའ་ལ་པདྨའི་སྡོང་པོ་ལ་པཎྜི་ཏ་ལྔ་ཙམ་རེས་སྣང་
(༢༢༨)རེས་མི་སྣང་ཞིང་། འདབ་མ་ལ་བྱིས་པའི་གཟུགས་ཕྲ་མས་བརྒྱན་པ་མཐོང་ནས་དགའ་སྟོན་མཛད་དོ། །དེ་ཉིན་ཉི་ཤུ་བརྒྱད་ལ་ཆོས་གསུང་དུས་ལྷོ་ནུབ་ནས་སློབ་དཔོན་པདྨ་དཀར་གསལ་ཟ་འོག་གི་བེར་དང་ཤ་བའི་མཉེན་ཞུ་ཅན་མཁའ་འགྲོ་དཔག་ཏུ་མེད་པས་བསྐོར་བ་བྱོན་ནས་བླ་མ་ལ་ཐིམ་པ་རྣལ་འབྱོར་མ་གསུམ་ཙམ་གྱིས་མཐོང་ངོ་། །དོ་ནུབ་སྲོད་ལ་རྣལ་འབྱོར་པ་འོད་ཟེར་མཐའ་ཡས་ཀྱིས་ཁོང་རང་བླ་མའི་དྲུང་ན་གཅེར་བུ་རུས་པ་དང་རིན་པོ་ཆེའི་བརྒྱན་ནས་བླ་མའི་སྟེང་གི་ནམ་མཁའ་ལ་བུན་བུན་འགྲོ་བས་མཆོད་པ་བྱེད་པར་མཐོང་ངོ་། །དེ་དུས་ནམ་མཁའི་དཀྱིལ་ན་ཚུར་བུད་མེད་སྨུག་ནག་གསུམ་འཁྲབ་ཅིང་། ང་ཡོང་ཡོང་བདེ་ཆེན་གྱི་གནས་ནས་ཡོང་། །ལས་ཅན་གྱི་སློབ་མ་ཉུལ་དུ་ཡོང་། །དམ་ཚིག་གི་གཙང་སྦྲ་ལྟ་རུ་ཡོང་། །འགྲོ་དོན་མཛོད་ཅིག་རིགས་ཀྱི་བུ། །ཟེར་བ་བླ་མ་དང་རྣལ་འབྱོར་ཕོ་མོ་ལྔ་དྲུག་ཙམ་གྱིས་མཐོང་ཞིང་། བླ་མ་ཡང་ལོངས་སྐུར་སྣང་ངོ་། །ཡང་ཉི་ཤུ་དགུའི་སྔ་དྲོ་རྣལ་འབྱོར་མ་ཞིག་ན་རེ་ཆང་སིང་རན། མཁའ་འགྲོ་མང་པོ་འདུས་ནས་འདུག་ཟེར་རོ། །དོ་ནུབ་ལུང་བསྟན་པའི་དགའ་སྟོན་བྱེད་པས་ཚོགས་
(༢༢༩)གཏོར་ཤོམས་ཤིག་གསུངས་པས། ཇི་ལྟར་བཤམ་ཞུས་པས། བླ་མས་དབུས་སུ་དཔལ་ཡོན་ཏན་ཐམས་ཅད་རྒྱས་པར་བྱེད་པའི་དཔལ་གཏོར་ཆེན་པོ་གཅིག །ཤར་དུ་རྡོ་རྗེ་ཕག་མོ་སྲོག་སྒྲུབ་གཉིས་ལ་དཔལ་གཏོར་རེ། རྡོ་རྗེ་གཡུ་སྒྲོན་ལ་སྨན་ལེབ་གཅིག །དམར་ནག་གི་གཟའ་བཤོས་ཕྱེད་ཏེལ་ཅན་གཅིག །ལྷ་རབས་མཆོད་དགུའི་ཟླུམ་གཏོར་གཅིག །བསྟན་མ་བཅུ་གཉིས་ཀྱི་སྨན་ལེབ་གཅིག་དང་དཔལ་གཏོར་གཉིས། ལྡང་ལྷའི་བཙན་བཤོས་གཅིག །བྱང་གི་མགོར་སྔགས་སྲུང་གི་དཔལ་གཏོར་གཅིག །མཁའ་འགྲོ་སྤྱིའི་ཟླུམ་གཏོར་གཅིག །གཟའ་བདུད་ཀྱི་བཤོས་བུ་དགུ་བསྐོར་གཅིག །དམ་ཅན་གྱི་བཤོས་བུ་མཁར་ཐབས་གཅིག །པེ་དཀར་གྱི་གསང་ཕྱི་གཅིག །ནུབ་ཏུ་རེ་མ་ཏི་མཆེད་ལྔའི་དཔལ་གཏོར་ཏེ། གཞི་བདག་གི་དཀར་གཏོར་གཅིག །ལྷོར་ལེགས་ལྡན། གདོང་བཞི་པ། མི་ཐུང་། བྱ་རོག་མ་སེང་གེའི་གདོང་ཅན་རྣམས་ཀྱི་དཔལ་གཏོར་རེའི་མཐར་མགྲོན་གློ་བུར་བའི་ཟླུམ་གཏོར་གཅིག །ཕ་ཚད་དུ་བགེགས་གཏོར་གཅིག་རྣམས་ཤོམས་ཤིག་གསུངས་སོ། །དེ་
(༢༣༠)དུས་བསངས་ཆུ་མ་བྲན་པ་དང་། ཤེ་བརྗེད་པ་དང་། བདུད་རྩི་བརྗེད་པ་རྣམས་ལ། ངའི་དེར་མ་བྱུང་ཟེར་དུས་བལྟས་པས་མི་འདུག་ནས་གསོས་སོ། །བདུད་རྩིའི་མཆོད་པའི་སྐབས་སུ་མདུན་གྱི་ནམ་མཁའི་པད་སྡོང་ལས་སློབ་དཔོན་པདྨ་ཟ་འོག་གི་འཇོལ་བར་ཤ་བའི་མཉེན་ཞུ་ཅན། རྡོ་རྗེ་ དྲིལ་བུ ་འཇམ་པའི་གཡས་སུ་བི་མ་ལ་དཀར་པོ་པཎྜི་ཏའི་ཆ་བྱད་གཡས་པོ་ཏི་ཐུགས་ཀར་འཛིན་ཅིང་། གཡོན་མཉམ་གཞག་ཅན། མཁུར་ཚོས་གཉིས་རྒྱ་སྐེགས་ཀྱིས་བྱུགས་པ་འདྲ་བ་དང་། མདུན་ན་མཁའ་འགྲོ་མང་པོ་མི་རྐང་གི་གླིང་དུ་འབུད་ཅིང་། གཡོན་དུ་རྡོ་རྗེ་ཕག་མོའི་སྐུ་གཅིག་གིས་ནམ་མཁའ་གང་བ་མཁའ་འགྲོའི་ཆ་བྱད་ཅན་དང་། རྒྱབ་ན་ཚུར་སྦགས་པ་མང་པོ་འཆམས་ཤིང་། མཁའ་འགྲོ་གསེར་གྱི་གོ་ཤུབས་ཅན་གླུ་གར་བྱེད་པ་མང་པོས་བསྐོར་ནས་བཞུགས་པ། རྣལ་འབྱོར་མ་ཞིག་གིས་མཐོང་དུས་དེ་དག་གིས་བླ་མ་ལ་དབང་བསྐུར་ནས་ཐིམ་པ་དང་། བླ་མས་བཞེང་ཏེ་ངས་རྡོ་རྗེའི་གླུ་སྔར་མི་ཤེས་པ་ཞིག་བླང་ངོ་གསུངས་ནས་བཞེངས་པ། དགའ་འོ་སྐྱིད་དོ་རྣལ་འབྱོར་ཀུན། །དུས་
(༢༣༡)དོ་ནུབ་འོག་མིན་དག་པའི་ཞིང་། །རང་ལུས་ལྷ་ཡི་ཕོ་བྲང་ན། །སྟོང་གསལ་ཞི་ཁྲོའི་དཀྱིལ་འཁོར་རྒྱས། །སངས་རྒྱས་ཕྱི་ན་མེད་དེ་ནང་ན་ཡོད། །དུས་དོ་ནུབ་བདེ་ཆེན་གྱི་ཉི་ཟླ་ཤར། །མ་རིག་གི་མུན་པ་སངས་སྙིང་འདོད། །འཁོར་བའི་རྒྱ་མཚོ་སྐམ་སྙིང་འདོད། །བདག་འཛིན་གྱི་སྤྲིན་ཚོགས་དེངས་པ་ཡིན། །ཆོས་བརྒྱད་ཀྱི་མཁར་སྤེ་ཞིག་པ་ཡིན། །རེ་དོགས་ཀྱི་འཕྲང་ལས་འདས་པ་ཡིན། །འདི་དཔལ་ལྡན་བླ་མའི་བཀའ་དྲིན་ཡིན། །བླ་མ་ཕྱི་ན་མེད་དེ་ནང་ན་ཡོང་། །ཀ་དག་ལྷུན་གྲུབ་ཀྱི་བླ་མ་དེ། །གསལ་སྟོང་འཛིན་མེད་ཀྱི་ངང་ལ་བཞུགས། །འཆར་སྒོ་སྣ་ཚོགས་ཀྱི་མཎྜལ་འབུལ། །རྟོག་མེད་རང་མདངས་ཀྱི་ཡོན་ཆབ་འབུལ། །རང་གསལ་འཛིན་མེད་ཀྱི་མེ་ཏོག་འབུལ། །རང་གྲོལ་ཅིག་ཆོད་ཀྱི་བདུག་སྤོས་འབུལ། །ཉིན་མཚན་ཁ་སྦྱོར་གྱི་སྣང་གསལ་འབུལ། །འཛིན་མེད་རང་ཤར་གྱི་དྲི་ཆབ་འབུལ། །དགའ་བདེ་ལྷུན་གྲུབ་ཀྱི་ཞལ་ཟས་འབུལ། །གྲགས་སྟོང་སྐྱེ་མེད་ཀྱི་སིལ་སྙན་འབུལ། །ཕྱི་སྣ་ཚོགས་ཡུལ་གྱི་མཆོད་པ་རྣམས། །ཤར་གྲོལ་འཛིན་མེད་
(༢༣༢)ཀྱི་ངང་ནས་འབུལ། །ནང་འབྱུང་བཞི་ལུས་ཀྱི་གཏོར་གཞོང་དུ། །ཙིཏྟ་ཟུར་བརྒྱད་ཀྱི་གཏོར་མ་ལ། །དབང་པོ་རྣམ་ལྔའི་གཏོར་རྒྱན་བཙུགས། །དྭངས་མ་ཆེན་པོའི་བདུད་རྩིས་བྲན། །བདེ་གསལ་འཛིན་མེད་ཀྱི་མཆོད་པ་འབུལ། །གསང་བ་ཀུན་གཞིའི་བྷནྡྷ་རུ། །རྣམ་ཤེས་ཚོགས་བརྒྱད་ཀྱི་སྨན་རག་བླུགས། །འགྱུ་བ་སེམས་ཀྱི་དྲི་བསུང་ཅན། །ངོ་བོ་སྟོང་གསལ་གྱི་བདུད་རྩི་འདི། །ཤར་གྲོལ་དུས་མཉམ་གྱི་སྐྱེས་བུ་ཡིས། །གཞི་རྫོགས་གདོད་མའི་ལྷ་ལ་འབུལ། །སེམས་དག་ཡེ་ཤེས་ཀྱི་ནམ་མཁའ་ལ། །མངོན་སུམ་འོད་གསལ་གྱི་ཉི་ཟླ་ཤར། །ཉམས་སྣང་གོང་འཕེལ་གྱི་ཟེར་གདངས་འཕྲོ། །རིག་པ་ཚད་ཕེབས་ཀྱི་དཀྱིལ་འཁོར་གང་། །ཆོས་དབྱིངས་ཟད་པའི་མཁའ་དབྱིངས་སུ། །ལྷུན་གྲུབ་འོད་གསལ་གྱི་ཞིང་ཁམས་དེ། །ཀ་དག་ཆོས་ཟད་ཀྱི་ངང་དུ་ཐིམ། །ཐིམ་ལ་མ་རྨུགས་བུམ་པའི་སྐུ། །གསལ་ལ་འཛིན་མེད་རིག་པའི་མདངས། །གཡོ་མེད་ཆོས་སྐུའི་ངང་ལ་བཞུགས། །གང་ལ་གང་འདུལ་གྱི་འགྲོ་དོན་མཛད། །འདི་བྱ་ཅོལ་མེད་པའི་འབྲས་བུ་ཡིན། །དགའ་
(༢༣༣)འོ་སྐྱིད་དོ་རྡོ་རྗེའི་སྤུན། །ཚེ་འདི་ཡང་བདེ་སྟེ་ཕྱི་མ་བདེ། །བར་དོ་རང་ངོ་ཤེས་པས་བདེ། །ལུས་མི་འགྱུར་རི་བོའི་དགོན་པ་ན། །སེམས་གཅིག་པུར་གནས་པའི་བསམ་གཏན་པ། །ཡིད་གཅིག་ལམ་འཛིན་གང་བདེར་ཐོང་། །སེམས་འཕྲོ་ཡང་སྟོང་ལ་གནས་ཀྱང་སྟོང་། །གང་ཤར་ཡེ་ཤེས་ཀྱི་རོལ་པ་ཡིན། །འདི་གཉིས་འཛིན་ཟད་ན་ལོས་ཀྱང་ཡིན། །སྐྱེ་མེད་རྣམ་དག་གི་སེམས་ཉིད་དེ། །ཆོས་དབྱིངས་ཡེ་ཤེས་ཀྱི་རིག་གདངས་ཡིན། །གནས་ཀྱང་མི་ལྟོ་གང་བདེར་ཞོག །བསམ་མནོ་དགག་སྒྲུབ་ཀྱི་འཆར་གཞི་དེ། །མེ་ལོང་ཡེ་ཤེས་ཀྱི་རིག་གདངས་ཡིན། །སེམས་འཕྲོ་ཡང་མི་ལྟོ་གང་བདེར་ཐོང་། །སེམས་གཉིས་མེད་མཉམ་པའི་ངང་གཅིག་པ། །མཉམ་ཉིད་ཡེ་ཤེས་ཀྱི་རིག་གདངས་ཡིན། །སེམས་གནས་ཀྱང་མི་ལྟོ་གང་བདེར་ཞོག །སེམས་ཡུལ་ལ་དགའ་བའི་འདོད་ཆགས་ཅན། །ཀུན་རྟོག་ཡེ་ཤེས་ཀྱི་རིག་གདངས་ཡིན། །སེམས་ཆགས་ཀྱང་མི་ལྟོ་རང་ངོ་ལྟོས། །སེམས་དགག་སྒྲུབ་ཐོལ་བྱུང་གི་རིག་པ་དེ། །བྱ་གྲུབ་ཡེ་ཤེས་ཀྱི་རིག་གདངས་ཡིན། །སེམས་
(༢༣༤)འགྱུས་ཀྱང་མི་ལྟོ་གང་བདེར་ཐོང་། །རིགས་ལྔ་ལྷུན་རྫོགས་ཀྱི་རིག་པ་འདི། །ཡེ་བཞུགས་ཚུལ་ཤེས་པས་གྲོལ་བ་ཡིན། །དཔེ་རྨི་ལམ་རང་ངོ་ཤེས་པ་བཞིན། །དེ་ཀློང་དུ་གྱུར་ན་ལོས་ཀྱང་གྲོལ། །འདི་ལྟ་བ་ཁྲེགས་ཆོད་ཀྱི་གདམས་པ་ཡིན། །འོད་གསལ་ལྷུན་གྲུབ་ཀྱི་སྒོམ་པ་ནི། །ལུས་མི་གཡོ་འོད་ཀྱི་ཁང་བུ་ན། །རྩ་དྲི་མེད་ཤེལ་གྱི་སྦུ་གུ་ཅན། །དེ་རྒྱང་ཞགས་ཆུ་ཡི་སྒྲོན་མར་འབྲེལ། །གནས་རིན་ཆེན་རྒྱ་མཚོར་འབྲེལ་བའི་གདངས། །ཕྱི་སྤྲིན་བྲལ་ནམ་མཁའི་དཀྱིལ་དུ་ཤར། །ནང་ཡེ་ཤེས་འོད་ལྔ་ཁ་དོག་ལྔ། །ཟ་འོག་བེར་ཁྱིམ་རིས་སུ་སྣང་། །དེ་ཐིག་ལེ་སྟོང་པའི་སྒྲོན་མས་བརྒྱན། །དབུས་རིག་པ་རྡོ་རྗེ་ལུ་གུ་རྒྱུད། །ཐིག་ལེ་ཐིག་ཕྲན་འབྲེལ་བ་ནི། །འཛེམ་བུ་ཆུ་བོའི་གསེར་སྐུད་ལ། །རྨ་བྱའི་མདོངས་ཀྱིས་བརྒྱན་པ་འདྲ། །སུམ་བསྒྲིགས་འོད་ཀྱི་སྣང་བ་འདི། །ཆོས་ཉིད་མངོན་སུམ་གྱི་རང་སྣང་ཡིན། །དེ་གོང་དུ་འཕེལ་བའི་སྣང་བ་ལ། །ཡེ་ཤེས་མཁར་ཐབས་ཀྱི་སྣང་བ་དང་། །ལྔ་ལྡན་འོད་ཀྱི་པདྨ་སྟོང་། །རྩི་བས་རྒྱུག་རིན་ཆེན་དྲྭ་བ་དང་། །འོད་ལྔ་ཤེལ་གྱི་མཆོད་རྟེན་མཐོང་། །ཐིག་ལེ་སྟོང་པའི་
(༢༣༥)ཁང་པ་རུ། །རིག་པའི་ས་བོན་ཡིག་འབྲུ་དང་། །རྣམ་པ་སྣ་ཚོགས་ཀྱི་ཕྱག་མཚན་དང་། །ཡོངས་རྫོགས་སྐུ་ཡི་སྣང་བ་ལ། །ཕྱོགས་མཚམས་འོད་ལྔའི་ཟེར་གདངས་འཕྲོ། །རིག་པ་ཚད་ཕེབས་ཀྱི་སྣང་བ་ལ། །དེ་རྣམས་ལྔ་ལྔ་ཟུར་འབྲེལ་མཐོང་། །གང་བལྟས་འོད་ཀྱིས་འཇིག་རྟེན་ཁྱབ། །སྙིང་གར་ཟེར་ཐག་ཟུག་པ་མཐོང་། །དེ་ཚེ་རང་ལུས་གཅིག་གཡོ་བས། །ཕྱོགས་བཅུའི་ཞིང་རྣམས་གཡོ་བ་དང་། །རང་ལུས་ཏིང་འཛིན་མཉམ་གཞག་པས། །ཐམས་ཅད་མཉམ་པར་འཇོག་པ་དང་། །སྐུ་རྣམས་ཚངས་པའི་གསུངས་དབྱངས་ཀྱིས། །ཆོས་ཀྱི་རྔ་ཆེན་སྒྲོགས་པ་དང་། །ས་དང་ལམ་གྱི་ཡོན་ཏན་རྫོགས། །དེ་བཞིན་རིམ་གྱིས་ས་རྣམས་ཀྱི། །ཡོན་ཏན་གོང་དུ་འཕེལ་བ་དང་། །དེར་འཛིན་ཟད་པའི་སྣང་བ་གཉིས། །མི་འགལ་གཅིག་ཏུ་འདུ་བ་ནི། །ཆོས་ཉིད་ཟད་པའི་སར་ཕྱིན་ཏེ། །རྡོས་བཅས་ལུས་དང་རྟོག་ཚོགས་ཟད། །རྣམ་སྨིན་ལས་དང་བག་ཆགས་ཟད། །མ་རིག་འཁྲུལ་གཞིའི་ས་བོན་ཟད། །སྣང་བ་རྣམས་ལ་འཛིན་པ་ཟད། །རྡོས་བཅས་དག་པས་འཕེལ་སྒོ་ཟད། །རང་ལུས་ཤེལ་
(༢༣༦)གྱི་ཁང་པ་རུ། །འོད་ལྔ་ཡུལ་གྱི་འཕྲོ་འདུ་ལྟོས། །འོད་དང་རིག་པ་གར་འཇུག་ཀྱང་། །ལྷུན་གྲུབ་ཀ་དག་ངང་དུ་ཐིམ། །ཀ་དག་གཞི་ལ་བཙན་ས་ཟིན། །ནང་གསལ་སྐུ་གསུམ་འདུ་འབྲལ་མེད། །ཆོས་སྐུའི་ངང་ལ་གཟུགས་སྐུ་བཞུགས། །གདུལ་བྱའི་འཇིག་རྟེན་གང་ཡོད་དུ། །ཆོས་སྐུའི་ངང་ལས་མ་གཡོས་པར། །ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུས། །འགྲོ་བའི་དོན་གཉིས་རྒྱུན་མི་འཆད། །ཚེ་འདིར་གྲོལ་བའི་གདམས་པ་ཡིན། །བར་དོའི་འཕྲང་ལས་འགྲོ་ཙ་ན། །འབྱུང་བ་རྣམས་ནི་རིམ་གྱིས་ཐིམ། །འོད་གསལ་བ་ལ་ཞུགས་པ་ན། །རང་ངོ་ཤེས་པས་གདོད་མར་གྲོལ། །དེ་བཞིན་ཚོམ་བུ་ཡེ་ཤེས་དང་། །ལྷུན་གྲུབ་རང་ངོ་ཤེས་པས་གྲོལ། །རང་གྲོལ་མེ་ལོང་མཐོང་བ་ཡིན། །སྐུ་གསུམ་བཙན་ས་ཟིན་པ་ཡིན། །སྤྲུལ་པའི་ཞིང་དུ་འདི་ལྟར་འགྲོ། །ཤར་མངོན་དགའ་མི་འགྱུར་རྡོ་རྗེའི་ཞིང་། །འདི་རང་སྣང་སྟོན་པའི་ཞབས་དྲུང་དུ། །རང་ཤར་གྱི་དམ་ཆོས་ཉན་དང་གཅིག །རང་གྲོལ་གྱི་འཛིན་པ་ཞིག་དང་གཉིས། །ལྷུན་གྲུབ་ཀྱི་རང་ངོ་ཤེས་དང་གསུམ། །གཞི་རྩ་ཆོད་
(༢༣༧)པའི་དོན་རྟོགས་ནས། །ལྷོ་དཔལ་དང་ལྡན་པར་དབང་བསྐུར་ཏེ། །ནུབ་པདྨ་བརྩེགས་པར་ལུང་བསྟན་ནས། །བྱང་ལས་རབ་གྲུབ་པར་དབུགས་ཕྱུང་སྟེ། །གདོད་མའི་ངང་དུ་རྫོགས་སངས་རྒྱས། །བཞེས་དགའ་བོ་སྐྱིད་དོ་རྡོ་རྗེའི་སྤུན། །ནང་འོད་ལྔའི་འགྲེ་ལྡོག་ཤེས་པ་ཡིས། །ཕྱི་འོད་གསལ་གྱི་ཉི་ཟླ་རྒྱུན་དུ་འཆར། །ནང་རྟོགས་པའི་གཞི་རྩ་ཆོད་པ་ཡིས། །ཕྱི་རྐྱེན་ངན་བདེ་ཆེན་གྱི་གྲོགས་སུ་འཆར། །ནང་དྭངས་མའི་ཐིག་ལེ་རྒྱས་པ་ཡིས། །ཕྱི་མཁའ་འགྲོའི་སྤྲིན་ཕུང་རྒྱུན་དུ་འདུ། །ནང་འོད་རྩའི་མདུད་པ་གྲོལ་བ་ཡིས། །ཕྱི་གཟུང་འཛིན་གྱི་མདུད་པ་རང་སར་གྲོལ། །བདེ་ཆེན་འོད་གསལ་གྱི་ས་ལ་འགྲོ། །འདི་དག་འོ་སྐྱིད་དོ་རྡོ་རྗེའི་སྤུན། །ཞེས་གསུངས་པས་མཁའ་འགྲོ་རྣམས་ཀྱང་དགྱེས་སོ། །དེའི་སང་གནམ་གང་ལ་མཁའ་འགྲོ་དཔག་ཏུ་མེད་པ་རྣལ་འབྱོར་ཕོ་མོ་ཕལ་གྱིས་མཐོང་ངོ་། །སྲོད་ལ་བུད་མེད་སྐྲའི་ལན་ཚར་ཅན་ནམ་མཁའ་ཁེངས་པ་ཅིག་ན་རེ་ང་ལ་གཏོར་མ་སློང་ཟེར་བ་རྣལ་འབྱོར་པ་འོད་ཟེར་མཐའ་ཡས་ཀྱིས་མཐོང་ངོ་། །དེ་ནས་དར་ཅིག་ན་ཕྱོགས་ཐམས་ཅད་ནས་བསོ་
(༢༣༨)སྒྲ་འུར་སྒྲ་སིལ་ཆོམ་ལ་སོགས་པ་ཐམས་ཅད་ཀྱིས་ཐོས་སོ། །དར་ཅིག་ན་སྔར་ཉི་ཤུ་བརྒྱད་ཀྱི་ཉིན་པར་གྱིས་སྣང་བའི་མགྲོན་རྣམས་བྱོན་དུས་ཚོགས་གཏོར་བཏང་བས། བུད་མེད་མཐིང་ནག་ཅིག་རྣལ་འབྱོར་མ་ཞིག་གི་སྤྱི་བོ་ལ་ཐིམ་པ་རྣལ་འབྱོར་པ་རིན་ཆེན་འོད་འཕྲོས་མཐོང་ནས་འཁྲབ་བོ། །རྣལ་འབྱོར་མས་སློབ་དཔོན་པདྨ། བི་མ་ལ་མཚོ་རྒྱལ་གསུམ་བྱོན་པ་མཐོང་ངོ་། །དེ་དུས་གཡུ་སྒྲོན་མ་དཀར་མོ་མཆེད་བདུན་ལྡེམ་བག་དང་ལྡན་པ་བྱོན་ནས། བླ་མ་ལ་ཕྱག་འཚལ་རེས་རྣལ་འབྱོར་མ་ལ་ཐིམ་ནས། ང་རྡོ་རྗེ་གཡུ་སྒྲོན་མ་ཡི་ན་ངའི་གནས་སུ་གཤེགས་པར་ཞུ་ཟེར་རོ། །བླ་མས་ཁྱོད་ཀྱི་གནས་སུ་རྒྱུན་དུ་སྡོད་དགོས་གསུངས་པས་རྒྱུན་དུ་བཞུགས་ན་དང་དགའ་སྟེ་དགུན་སྟོད་ཙམ་ལས་མི་བཞུགས་པ་འདུག་ཟེར་རོ། །ཁྱེད་ང་ལ་འགོ་བ་ཅི་ཡིན་དྲིས་པས། གུ་རུས་དམ་ལ་བཏགས་ནས་ཆོས་གཏེར་གྱི་ཕྱི་ལ་འབྲངས་པ་ཡིན་ཟེར་རོ། །ཆོས་ནི་ཕ་གི་ན་ཡོད། འདོན་མཁན་ནི་ཤི། འདིར་ཅི་བྱེད་དྲིས་པས། ཆོས་ཕ་གི་ན་ཡོད་ཀྱང་དོན་འདི་ན་ཡོད་ཁྱེད་ཚེ་འཕོས་ཀྱང་
(༢༣༩)སྐལ་ལྡན་ཚེ་མ་འཕོས་པས་འོངས་པ་ཡིན་ཟེར་རོ། །བཀའ་སྲུང་དུ་ཡོད་དྲིས་པས། མང་པོ་ཡོད། ཁྱད་པར་དུ་དཔལ་རྡོ་རྗེ་ཕག་མོ། སྲོག་སྒྲུབ་ནག་མོ། གནོད་སྦྱིན་དམར་ནག །རྡོ་རྗེ་གཡུ་སྒྲོན་མར་རྣམས་ཡོད། ལྷ་རབས་མཆེད་དགུ། བསྟན་མ་བཅུ་གཉིས། ལྡང་ལྷ་རྣམས་ཀྱང་ཡོད་ཟེར་རོ། །ཁྲིད་ལ་མི་དུ་འཇུག་ཁྲིད་ཐེབས་དུ་ཡོད་དྲིས་པས། བཅུ་གཅིག་ཡོད་དང་པོ་གསུམ་གཉན་པས་མི་གསུམ་དང་། བཞི་དང་ལྔ་རྣམས་རིམ་པ་བཞིན་ཆུག །ལྷག་མ་དགུ་ལ་བདུན་བདུན་མཛོད། །ལར་འདི་ཤིན་ཏུ་གཉན་པས་སྐུ་ཚེ་ལ་བར་ཆད་འོང་ཉན་ཡོད། ཁྲིད་ཐེབས་ཉུང་ན་དགའ་ཟེར་རོ། །ངའི་གཏེར་ཤོག་རྣམས་ཨེ་ཡོད་དྲིས་པས་སིབ་སིབ་ངེད་རྣམས་ཀྱིས་ཡིད་བསྒུལ་བ་ཡིན་མོད་ཟེར་རོ། །དེ་ནས་དར་ཅིག་ན་ངས་ཁྱེད་ལ་དབུ་རུར་དངོས་གྲུབ་བྱིན་པ་ཨི་དྲན་ཟེར་བ་ལ། བླ་མས་ལྕོག་ལར་སྒྲུབ་པ་བྱེད་དུས་ཐོ་རངས་ཤིག་མཁའ་འགྲོ་མ་གསེར་གྱི་གོ་ཞུ་བ་ཅན་ཞིག་བྱོན་ནས་དབུ་རྒྱན་བསྐོན་པས་ཉམས་རྟོགས་བཟང་པོ་སྐྱེས་པ་དེ་ལགས་སམ་དྲིས་པས། ཡིན་ཟེར་རོ། །ཁྱེད་གཡུ་སྒྲོན་མ་ཨེ་
(༢༤༠)ཡིན་དྲིས་པས། །མིན་མིན་རྡོ་རྗེ་ཕག་མོ་ཡིན་ངོ་མི་ཤེས་སམ་ཟེར་རོ། །འདི་ནས་ཐིག་ལེ་གཙོ་བོར་བཤད་ནས་དབང་གསུམ་པ་རྟེན་ཅན་དུ་བསྐུར་བ་འདི་ཇི་ལྟར་ལགས་དྲིས་ནས། དེ་ཆགས་ཅན་འཇུགས་པ་ལ་དགོངས་པ་ཡིན། ཆགས་བྲལ་ལ་ཡིད་རིག་ཙམ་གྱིས་བསྐུར་བ་ཡིན་ཟེར་རོ། །ངོ་སྤྲོད་ཀྱི་སྐབས་སུ་རྟོག་པ་སྐྱེ་མེད་དུ་འཇོག་པ་དང་བློ་རྩིས་མེད་དུ་འཇིག་པ་གང་ཡིན་དྲིས་པས། རྟོག་པ་ལ་གཉེན་པོས་ཅི་བྱེད། ཡེ་གྲོལ་ཀློང་ཡངས་ཆེན་པོའི་དགོངས་པར་ངོ་སྤྲོད་ཅིག་ཟེར་རོ། །འོ་ན་སྙིང་ཏིག་འདི་བཤད་པ་མང་པོ་འདུག་པ་ངས་བཤད་ཅི་དགོས། ལུང་བྱེད་པ་ཀརྨ་པ་དང་། རིན་ཆེན་གླིང་པ་ལ་སོགས་པ་འདུག་པ་ལ་བརྗོད་པས། །དེ་རྣམས་ཀྱིས་བཤད་པ་ལ་ངེད་མི་དགའ། ལུང་དང་རྫལ་ཡང་ཡོད་དེ་དེས་གར་ཆོག །བདག་པོ་རེ་ཡོད་པས་དེ་དགོས་པ་ཡིན་མོད་ཟེར་རོ། །རིན་ཆེན་གླིང་པའི་གཏེར་རྣམས་ཅི་འདྲ་ཡིན་དྲིས་པས། ཡིན་པ་ཡིན་དག་པོ་མེད་ཟེར་རོ། །ངས་ནི་ཁྱེད་མ་བསྒོམ་ན་གྲུབ་པ་ཅི་ཡིན་དྲིས་པས། ང་ལ་སྒོམ་པའི་ལྷ་འདུག་གམ། །བཟླས་པའི་སྔགས་འདུག་གམ།
(༢༤༡)མཆོད་པའི་ཡུལ་འདུག་གམ། རྣལ་འབྱོར་དམ་ཚིག་དང་རྟོགས་པ་ལྡན་པ་ཀུན་ལ་ང་རྒྱུན་དུ་ཡོད་པ་མི་ཤེས་སམ། ཁྱེད་ཀྱིའང་ཚེ་རབས་ཐམས་ཅད་དུ་ང་དང་འདུ་འབྲལ་མེད་པ་ཡིན་ཟེར་རོ། །མཚིམས་ཕུར་སྦས་པའི་ལྷ་ལྕམ་གྱི་ནོར་ཡོད་པ་དེ་ཅི་འདྲ་ཞིག་ན་འདུག་དྲིས་པས། བྲག་ལྷ་བཤོས་འདྲ་བ་གཅིག་ལ་རྩེ་མོ་མེད་པ་ཞིག་ན་འདུག། ད་རུང་དུས་ལམ་བབ་ཟེར་རོ། །བི་མ་ལའི་གཏེར་དེ་ཇི་ཙམ་ན་འདོན་དྲིས་པས། ད་ནས་ལོ་བཅོ་ལྔ་ན་སྔགས་པ་དཀར་པོ་ཞིག་གིས་བཏོན་ནས་བསྒྱུར་ཏེ་དར་བར་བྱེད། དེ་ན་ཟབ་པ་པོད་བཞི་འདུག། ཁྱེད་རང་གི་ལག་ཏུ་ཡོད་པ་འདུག་ཟེར་རོ། །དེ་ནས་ཟླ་བ་ཚེས་པའི་ཚེས་གཅིག་ལ་རྣལ་འབྱོར་པ་འོད་ཟེར་གོ་ཆ་དཔེ་ལེན་དུ་བཏང་ནས། ལམ་དུ་འོངས་དུས་འཇའ་ཚོན་གྱི་སྣ་དཔེ་ལ་ཟུག་ཅིང་འཁོར་བ་དང་། ཁྱད་པར་འཕྱུག་པོ་བྲག་ཏུ་སླེབས་པའི་མཚན་མོ་དེ་དང་རི་མོ་ཅན་གཉིས་འཇའ་ཚོན་ཁ་དོག་ལྔས་འབྲེལ་བ་རྣལ་འབྱོར་ཕོ་མོ་ཀུན་གྱིས་མཐོང་ངོ། །དགེ་བཤེས་བློ་རིན་གྱི་རྨི་ལམ་དུ་བུད་མེད་ཅིག་ན་རེ། ཁོང་མཐའ་ལ་བཞུད་དགོངས་ཀྱང་
(༢༤༢)ངེད་མི་གཏོང་དགོས་པར་ཡོད་ཟེར་ཞིང་འདུག་པ་བཤད་དོ། །ཚེས་དགུ་ལ་དཔེ་རྣམས་གདན་དྲངས་ཏེ་དོ་ནུབ་སྐོང་བཤགས་མཛད་ནས་ཚོགས་ལ་རོལ་དུས། མཁའ་འགྲོ་བབས་ནས། བླ་མ་དང་སློབ་མ་གདམས་པར་འཛོམ་ཟེར་ཞིང་གར་མང་པོ་མཛད་དོ། །དེ་ནས་ཚེས་བཅུ་ལ་སྔར་བས་ཀྱང་མཁའ་འགྲོའི་འདུ་ང་རྒྱ་ཆེ་བ་རྣལ་འབྱོར་ཕོ་མོ་མང་པོས་མཐོང་ཞིང་། བཅུ་གཅིག་གི་ཉིན་པར་སྔར་གྱི་ཁྲིད་ཐོན་ནས་ཁྲིད་མི་རྙིང་པའི་རྣལ་འབྱོར་ཕོ་མོ་རྣམས་གྱེས་དུས་ཡེ་ཤེས་མཚོ་རྒྱལ་རྣལ་འབྱོར་མ་ཞིག་ལ་བབས་ནས། མཁའ་འགྲོའི་རང་སྒྲ་མང་པོ་སྒྲོགས་ཤིང་སྲོད་ལ་མེ་མཆོད་ཆེན་པོ་མཛད་ནས། ལ་ལ་ལ་དངོས་གྲུབ་ཕྲ་མོ་རེ་བྱིན་ནས་ཕྱོགས་གཅིག་ཏུ་ཅང་སྨྲ་བར་མ་བྱེད་ཅིག་ཟེར་ནས་བཞག། སྣོད་ཐམས་ཅད་ཁ་ཕྱེ་དངོས་གྲུབ་འབེབས་པའི་རྟེན་འབྲེལ་མཛད། བླ་མ་ལ་དངོས་གྲུབ་ཀྱི་རྫས་རྣམས་རིམ་པས་གཏད་ནས་འགྲོ་དོན་ཆེ་ཞིང་ལོངས་སྤྱོད་ཕུན་སུམ་ཚོགས་པ་འོང་བར་འདུག་གསུངས་སོ། །དངོས་གྲུབ་རྣམས་བླ་མའི་གཟིམ་ཆུང་དུ་བསྐྱལ་ནས་ནམ་ལངས་སོ། །དེ་ནས་ཉི་མ་ཤར་
(༢༤༣)དུས་རྣལ་འབྱོར་ཕོ་མོ་གཉིས་ཙམ་ཕྱིར་སོང་དུས་མཚམས་དམ་པར་བཅད་དེ་མཁའ་འགྲོའི་རང་སྒྲ་སྣ་ཚོགས་སྒྲོགས་ཤིང་གར་མཛད་ནས། བཅུ་གཉིས་ཀྱི་སྲོད་ལ་ཆོས་སྒོ་འབྱེད་པའི་ཐུགས་དགོངས་མཛད་དུས། ཀ་པཱ་ལ་དང་། མེ་ལོང་དང་། བུམ་པས་མཁའ་འགྲོའི་དབང་གི་བརྡ་རྣམས་རྫོགས་པར་མཛད་དོ། །དེ་དུས་ཡུམ་མཁའ་ངོ་སྤྲོད་ཀྱིས་སྣང་སྲིད་འོད་སྣང་དུ་འཆར་བའི་གདམས་པ་བསྟན་ཏོ། །དེ་ནུབ་བཞི་པའི་ངོ་སྤྲོད་སྔར་མ་འཁྲུངས་པ་བླ་མའི་ཐུགས་ལ་འཁྲུངས་སོ། །དེ་དུས་ནམ་མཁའི་སྐར་མ་ལ་སོགས་པ་འདི་ཅི་ཡིན་དྲིས་དུས། ལྷར་བསམ་པའི་བླ་མ་ལ་སོགས་འདུག་ཅེས་བརྗོད་པས། ཁ་ཅིག་སྙམ་ན་རྫུན་དུ་འདུག་གང་བྱས་ཀྱང་ཆོག་སྙམ་པ་བྱུང་ཞིང་། སྒོ་ལྔ་ཀ་ལ་དེ་བཞིན་དུ་བྱས་ཏེ། སྒྲའི་སྐབས་སུ་དབྱུག་པ་ལ་ དྲིལ་བུ ་བརྒྱུས་ཏེ་ས་ལ་བརྡུང་ཞིང་ཅིར་ཐོས་ཅི་སྒང་ཟེར་ལ་འུར་ཤོད་དྲིས་པས། ལ་ལས་སྔ་མ་བཞིན་ཐེ་ཚོམ་དུ་སྨྲས་སོ། །དེ་དུས་བླ་མ་རང་གིས་གང་བཏགས་པ་དེ་ལྟར་སྣང་བས་ཆོས་ཐམས་ཅད་གཏད་མེད་དུ་ངོ་སྤྲོད་པར་གོའོ། །དེ་དུས་
(༢༤༤)རྣལ་འབྱོར་མས་སེམས་ཤེས་ཏེ། དད་པ་ལ་སོགས་པའི་སེམས་ལ་ཞེན་དུས། དགའ་པྲོད་བདུད་ལ་ཕཊ། སྙེམས་བྱེད་བདུད་ལ་ཕཊ། གཉིས་འཛིན་བདུད་ལ་ཕཊ། ཅེས་ཟེར་ཞིང་འུར་འུར་མང་པོ་བྱས་པས་ཐམས་ཅད་སྐྲག་ཅིང་རྟབ་རྟག་ཏུ་གྱུར། བླ་མས་ཆོས་ཐམས་ཅད་སྐད་ཅིག་གིས་གཟའ་གཏད་དང་བྲལ་བའི་རྩལ་སྦྱོང་དུ་ཤེས་ཏེ་རྟོགས་པའི་མེ་ལོང་དུ་མཁྱེན་ནོ། །མཚན་མོ་ཡེ་ཤེས་ཀྱི་དབང་ལྟ་སྟངས་ལ་སོགས་པ་ངོ་སྤྲད་དོ། །དེ་བཞིན་དུ་ཉིན་མོ་གར་བྱེད་ཅིང་མཁའ་འགྲོའི་རང་སྒྲ་སྒྲོགས་པས་སང་ཉིན་ཐོ་རངས་བླ་མ་གཟིམ་དུས། འོད་གསལ་ལ་ཐུགས་འབྱམས་ཏེ་ཡར་ཀ་དག་གི་སྣང་བ། བར་ལོངས་སྐུའི་ཚོམ་བུ། མར་འགྲོ་དྲུག་གི་འཆར་ཚུལ། སྒྲ་སྐད་སྣ་ཚོགས་ཐོས་པ་ལ་ཐུགས་ཀྱིས་རིག་ཅིང་རགས་པར་མེད་པའི་སྣང་བ་དང་། དེའི་སྐད་ཅིག་སྔ་མ་ན་དྲན་བསམ་རྒྱུན་ཆད་ནས། སྣང་བ་དམར་ལ་མཐིང་བ་ཙམ་གྱི་ངང་ལ་བརྒྱལ་བ་བཞིན་འབྱམས་སོ། །དེ་ནས་ལྷུན་གྲུབ་ཀྱི་སྣང་བ་ལ་དེ་བས་རིག་པ་རགས་པར་འཕྲོས་ཏེ་ཡར་ཀ་དག། བར་ལོངས་སྐུ། མར་སྤྲུལ་སྐུའི་ངང་དུ་འབྱམས་
(༢༤༥)སོ། །དེ་ནས་དར་ཅིག་ན་རྣལ་འབྱོར་མ་དེས་འོང་སྟེ་སྔ་མའི་དེ་ནི་གདོད་མའི་ཀ་དག་ཏུ་ནང་གསལ་ཐིམ་ལ་མ་རྨུགས་པར་བཞུགས་པའི་ངོ་སྤྲོད་ཡིན་ནོ། །བརྒྱལ་བ་ཞེས་བྱ་སྟེ་ཆོས་ཉིད་ཀྱི་ངང་དུ་བརྒྱལ་བས་བསླང་དགོས་པ་ཡིན་ནོ། །ཕྱི་མ་ནི་ཕྱིར་གསལ་དུ་སྤྲུལ་སྐུ་འགྱེད་ཚུལ་དང་། འཁྲུལ་པ་རིམ་གྱིས་སྣང་ཚུལ་རགས་པར་ཤར་བའི་ངོ་སྤྲོད་ཡིན་གསུངས་སོ། །དེ་ནས་ནམ་མཁའ་ཐམས་ཅད་ལ་སྔར་མེད་པའི་འཇའ་ཚོན་བཀའ་སྲུང་སོ་སོའི་གཟུགས་འདྲ་བ་མང་པོ་བྱུང་བ་ཅི་ཡིན་དྲིས་པས་དེ་དག་ཡིན་གསུངས་སོ། །ཉི་མ་ཤར་དུས་བརྡ་དོན་དུ་མའི་ངོ་སྤྲད་མཛད་དོ། །ཉིན་གུང་བླ་མ་ཁྲི་ལ་བཞུགས་པ་ལ་མཚོ་རྒྱལ་གྱིས་གོས་སུམ་བརྩེགས་པ་གསོལ་ཏེ། ཐམས་ཅད་ཀྱིས་ཡོན་ཕུལ་ཕྱག་འཚོལ་དེ་རིང་བུ་འབོགས་དགོས་པར་ཡོད་ཟེར་ནས། སོ་སོ་ནས་ཕྱག་རྟེན་ཕུལ་དུས། བཀྲ་ཤིས་དཔག་ཏུ་མེད་པ་བརྗོད་པས་ནམ་མཁའ་འཇའ་ཚོན་གྱིས་ཁེངས་པའི་ཚེ་བླ་མ་དགེ་བའི་བཤེས་གཉེན་གཞན་དོན་རྒྱ་ཆེར་འགྲུབ་པ་གདན་སར་བསྐོ་བ་ལ་ནམ་མཁའ་འདི་འདྲ་ཞིག་འོང་བ་ཡིན་གསུངས་སོ། །བླ་མ་ལ་དངོས་གྲུབ་
(༢༤༦)རེ་བྱིན་ནས་ཅི་ཡིན་གསུང་དུས། དཔལ་འབྱོར་རྒྱ་མཚོ་ཡིན། གཞན་དོན་ལྷུན་གྲུབ་ཡིན་ཞེས་པ་ལ་སོགས་པ་དང་། གྲངས་དུ་འདུག་གསུངས་པ་ལ་འབུམ་ཕྲག་གྲངས་མེད་འདུག་ཅེས་པ་ལ་སོགས་པས་ལན་བཏབ་པས་འགྲོ་དོན་ཕུན་སུམ་ཚོགས་པ་ཞིག་འབྱུང་བར་འདུག་གསུངས་སོ། །ཕྱི་འཕྲེད་བླ་མའི་དབུ་ལ་དབུ་རྒྱན་གྱི་དོད་དུ་མགྲོན་ཚོམ་ལྔ་བཟུང་སྟེ་དར་སྔོན་དམར་གྱི་ཅོད་པ་དཔྱངས་ནས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་མང་པོས་མངའ་གསོལ་ཅིང་། སྲོད་ལ་གཞན་དོན་ཕུན་སུམ་ཚོགས་པ་འབྱུང་བའི་རྟེན་འབྲེལ་མཛད་དོ། །ངོ་སྤྲོད་ཀྱི་རྗེས་ལ་མཁའ་འགྲོའི་འར་འུར་མང་པོ་བྱུང་བས། འདི་འདྲ་ཆོས་གཏེར་གཞན་འབྱེད་པ་ལ་ཨེ་ཡོང་ན་གསུངས་སོ། །ངོ་སྤྲོད་ཕྱི་མའི་ཉི་མ་འཆར་ཁར་བླ་མས་ནུབ་རི་མདུན་མ་དེའི་སྟེང་གི་ནམ་མཁའ་ལ་སེངྒེའི་ཁྲིད་ར་ཟབ་ཀྱི་འབོལ་གདན་ཅན་རྒྱབ་ཡོལ་དྲ་བ་རིས་ཕྲ་མོས་བརྒྱན་པ། རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ། སྟེང་ན་རྨ་བྱའི་གདུགས་ཡོད་པ་ཞིག་གཟིགས་པ་དང་། རྣལ་འབྱོར་མ་ན་རེ་འདི་སློབ་དཔོན་ཆེན་པོ་རིག་འཛིན་གྱི་ཁྲི་ཡིན། ཁྱེད་རང་འདི་
(༢༤༧)ལ་གནས་པའི་བརྡ་ཡིན། ད་རུང་ལྟོས་ཤིག་གསུངས་ནས་བལྟས་པས་ཕྱོགས་ཐམས་ཅད་འོད་ལྔའི་རང་བཞིན་ལ། ཐིག་ལེས་བརྒྱན་པའི་སྣང་བ་ཆེན་པོ་གཟིགས་པ་དང་། སྐུ་དང་ཡེ་ཤེས་ཀྱི་ཞིང་སྣང་ཡིན་གསུངས་སོ། །དེ་ནས་བླ་མ་ཉིན་ཕྱེད་ཁྲི་ལ་བཞུགས་དུས་མཁའ་འགྲོ་སྙིང་ཏིག་གི་པོ་ཏི། ཞི་ཁྲོའི་ཐང་ཀ། རྡོ་རྗེ་སེམས་དཔའི་མེ་ལོང་རྣམས་དང་། ཚེའི་བུམ་པ་བདུད་རྩིའི་ཀ་པཱ་ལ་ཕུལ་ནས་གཞན་རྣམས་ཀྱང་ཕྱག་རྟེན་རེ་འབུལ་དུ་བཅུག་སྟེ། ཕྱག་འཚལ་ཤིས་པ་མང་པོ་བརྗོད་ནས་གཞན་དོན་མཛད་པར་ཞུ་ཞེས་རྗེས་གནང་མཛད་དོ། །དེའི་ཕྱི་དྲོ་བླ་མའི་གསུང་གིས་ངས་ཁྲིད་རིམ་སྡེབ་དགོས་གསུངས་ནས་དཔེ་ཞལ་ཕྱེ་བ་དང་། གུ་རུ་ཐུགས་སྒྲུབ་ཀྱི་ཆ་ལུགས་སུ་བྱོན་ནས་བླ་མ་ལ་ཐིམ་པའི་གཡས་ན་མཚོ་རྒྱལ་དང་། །གཡོན་ན་གཡུ་སྒྲོན་མ་ཁྲིད་ཚིག་དཔོད་པ་རྣལ་འབྱོར་མ་ཞིག་གིས་མཐོང་ངོ། །དེ་དུས་ཁྲིད་རིམ་གཉིས་ཀྱི་གཞུང་ཚན་སོ་སོར་ཕྱེ་ནས་ཐོ་ཡིག་ཏུ་མཛད་དོ། །དེ་ལྟར་ཚེས་གཅིག་ནས་བཅུ་གསུམ་གྱི་བར་ཉིན་ཞག་དྲུག་ཏུ་ཡེ་ཤེས་མཚོ་རྒྱལ་དངོས་སུ་བབས་
(༢༤༨)ནས་མཁའ་འགྲོ་སྙིང་ཏིག་གི་བརྡ་དོན་དཔེ་གསུམ་གྱི་ངོ་སྤྲད་རྫོགས་པར་གཏད་རྒྱ་དང་བཅས་པ་བླ་མ་དམ་པ་དྲི་མེད་འོད་ཟེར་ཏེ་པདྨ་ལས་འབྲེལ་རྩལ་ལ་གནང་ནས་ཨོ་རྒྱན་དུ་གཤེགས་སོ། །ཁྲིད་ཀྱི་སྐབས་ཐམས་ཅད་དུ་བླ་མ་ཁྲི་ལ་བཞུགས་དུས་ཨོ་རྒྱན་ཡབ་ཡུམ་བྱོན་ནས་ཐིམ་པར་མཐོང་དུས། དམིགས་པ་དང་ངོ་སྤྲོད་དང་བརྗོད་ཚུལ་ངོ་མཚར་ཅན་སྔར་མེད་ཅིང་ཡི་གེ་ན་མི་གསལ་བ་མང་པོ་འཕྲལ་ལ་རང་རྡོལ་དུ་འབྱོན་ཅིང་གཟི་བརྗིད་ཀྱང་སྔོན་པས་ཆེ་བར་སྣང་ངོ། །དེ་ནས་ཚེས་བཅུ་བཞིའི་སྔ་དྲོ་བླ་མའི་གསུང་གིས་དེ་རིང་ནས་ཁྲིད་འཇུགས་པས་ཐམས་ཅད་ཚོགས་ལ་མཆོད་གཏོར་ཤོམ་ཤིག་གསུངས་ནས་བཤམས་ཏེ་བླ་མ་ཁྲི་ལ་བྱོན་དུས་ནམ་མཁའ་ཐམས་ཅད་འཇས་གང་དུས། །རྣལ་འབྱོར་མ་ཁ་ཅིག་གི་སྣང་བ་ལ། བླ་མ་ལ་གུ་རུ་ཡབ་ཡུམ་དང་བི་མ་ལ་བྱོན་ནས་ཐིམ་པས་བླ་མ་ལོངས་སྤྱོད་རྫོགས་པའི་སྐུར་མཐོང་། ཆོས་གསུངས་དུས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཆོས་ཀྱི་གསུང་སྒྲས་ཁྱབ་ཅིང་། མཁའ་འགྲོ་སྤྲིན་ཕུང་འཐིབས་པ་ཙམ་གྱིས་ཆོས་ཉན་པར་མཐོང་ངོ། །དེ་ནས་བཟུང་
(༢༤༩)སྟེ་ཁྲིད་རྒྱབ་མཐོན་གྱི་བར་དུ་ཉིན་མཚན་ཚོགས་ཀྱི་འཁོར་ལོ། །མཁའ་འགྲོའི་འདུ་བ་འཇའ་ཚོན་གྱི་སྣང་བ་དཔག་ཏུ་མེད་པས་ཁྱབ་པ་རྣལ་འབྱོར་པ་ཀུན་གྱིས་མཐོང་ངོ། །ཚེས་བཅུ་བཞིའི་སྲོད་དབང་གི་སྔོན་འགྲོ་མཛད་དུས་བླ་མའི་དབུ་ཐོག་ན་རྨ་བྱའི་གདུགས་སུམ་བརྩེགས་པ་གསེར་གྱི་ཏོག་གིས་མཚན་པ་ཞིག་སྐྱེས་པ་གོས་དང་རྒྱན་ཐམས་ཅད་སེར་པོར་ཡོད་པ་ཞིག་གིས་འཛིན་ཅིང་། །འཕན་དང་རྒྱལ་མཚན་འཛིན་མཁན་མེད་པ་མང་པོ་རང་བཞིན་གྱིས་འདུག་པ་རྣལ་འབྱོར་པ་འོད་ཟེར་མཐའ་ཡས་ལ་སོགས་པ་འགའི་དངོས་སྣང་མཐུན་པར་མཐོང་ངོ། །དེ་དུས་མཁའ་འགྲོ་དཔག་ཏུ་མེད་པ་ཡང་འདུས་ནས་ཆོས་ཉན་ནོ། །བཅོ་ལྔའི་ཉིན་མོ་ཐིག་མཛད་དུས་ཐིག་སྣ་གཅིག་ནས་བུད་མེད་དམར་མོ་ཞིག་གིས་བཟུང་ནས་འདེབས་པར་སྣང་ཞིང་། དོ་ནུབ་ཀྱང་མཁའ་འགྲོའི་འདུ་བ་དང་གདུགས་དང་འཕན་ལྡིང་འཕྱར་བ་མཐོང་ངོ། །བཅུ་དྲུག་གི་ཉིན་མོ་བླ་མ་གཅིག་པུས་དཀྱིལ་འཁོར་བཞེངས་དུས་བུད་མེད་དར་ཟབ་ཀྱི་གོས་ཅན་གསེར་གཡུས་བརྒྱན་པ་ཞིག་གིས་
(༢༥༠)འབྲི་གྲོགས་བྱས་ཏེ་ཕྱོགས་བཞིར་དུས་མཉམ་དུ་འབྲི་བ་མཐོང་ངོ། །དེ་དུས་སྔོན་པས་མགྱོགས་ཤིང་ལེགས་པར་གྲུབ་པས་བླ་མའི་གསུང་གིས། སྔོན་པས་མཁས་ལ་མགྱོགས་པར་འདུག་གསུངས་སོ། །དེ་ནུབ་སྤྲོས་བཅས་བུམ་དབང་རྫོགས་པར་མཛད་དོ། །དེ་ནས་སང་ནུབ་དབང་གོང་མ་མཛད་པར་དགོངས་ནས། སྔོན་འགྲོའི་སྐབས་སུ་རྣལ་འབྱོར་ཕོ་མོ་བདུན་ཚོགས་པས། མཁའ་འགྲོའི་རྟགས་གློ་བུར་བ་བྱུང་སྟེ་བླ་མ་ལ་ཤངས་ཁྲག་བྱུང་ནས་བླ་མའི་གསུངས་གིས། དབང་འདི་ལ་གསུམ་ལས་མི་ཚུད་པ་ལ་བདུན་འདུག། ཁྱེད་བཞི་ཕྱིར་སོང་གསུང་དུས། དབང་ཁང་ལ་འཇའ་ཚོན་སྣ་ལྔ་ཟུག་པར་མཐོང་ངོ། །དབང་བསྐུར་དུས་སུ་མཁའ་འགྲོའི་ལྟས་དང་སྣང་བ་ཡ་མཚན་ཅན་བྱུང་ངོ། །དེའི་སང་ཉིན་ནས་ཁྲིད་རྒྱབ་མ་ཐོན་གྱི་བར་དུ་སྔོན་ཆད་ཡུལ་དེ་ན་མེད་པའི་བྱ་རོག་ཡ་མཚན་ཅན་གཉིས་ཉིན་རེ་བཞིན་ཆོས་ཀྱི་སྐབས་སུ་བྱུང་ངོ། །སྤྱོད་པ་བ་རྣམས་ལ་སྐྱེལ་བསུ་ཡང་མཛད་དོ། །ཉི་ཤུ་དགུའི་ནམ་གུང་ལ་ནམ་གྲུ་རེ་མ་ཏི་བབས་ནས། ང་ལ་
(༢༥༡)གཏོར་མ་མི་སྟེར་བ་ཨེ་ཡིན་ངས་དཀའ་ལས་ཡུན་རིང་བྱས་པ་ལ་ཟེར་དུས་ཐམས་ཅད་སྐྱི་ཟིང་ཟིང་བྱེད་ཅིང་སུ་ཡིན་དྲིས་པས། ང་ཚོས་ཀུན་ན་ཡོད། གཙུག་གཏོར་ཚུན་ཆད་ན་ཡོད་པ་ལ་ཟེར་རོ། །ཡང་དྲིས་པས། ང་ནམ་གྲུ་རེ་མ་ཏི་ཡིན་ཁྱེད་ཀྱི་གཏེར་བསྲུངས་པས་སྦྱངས་ཟེར་རོ། །ཅི་ཡོད་དྲིས་པས། ན་བཟའ་དང་སློབ་དཔོན་གྱི་ཆོས་གོས་ཐོད་པ་དང་བཅས་པ་ཡོད་དོ། །གཏོད་སྙམ་ནས་ཡོང་བ་ཡིན། ངས་སྔར་ཁྱེད་ལ་ཆོ་འཕྲུལ་ཙམ་བསྟན་ཡང་ང་ངོ་མ་ཤེས། ཁར་སང་ནས་ཐམས་ཅད་ལ་གཏོར་ཚོགས་བཟང་པོ་བྱིན་ནས། ང་ལ་མེད་པས་ང་ཁ་སྐྱེངས་ནས་ཐམས་ཅད་འཁྲོག་ཏུ་བཅུག་པ་ཡིན་ཟེར་དུས་ཞུད་ཆེན་པོ་བྱུང་ངོ། །ཁྱེད་དུ་ཡོད་དྲིས་པས་ངེད་ལྔ་ཡོད་ཟེར། སྐུ་མདོག་དང་ཕྱག་མཚན་དྲིས་པས། ང་ནམ་གྲུ་རེམ་ཏི་ནག་མོ་དྲེལ་རྟ་རྐང་བཞི་ཞོན་པ་གཡས་རལ་གྲི་གཡོན་ནད་ཀྱི་རྐྱལ་པ་འཛིན་པ་དང་། འདོད་ཁམས་དབང་ཕྱུག་མ་དམར་མོ་དྲིལ་རྟ་རྐང་གསུམ་ཆིབས་པ་དང་། རྡོ་རྗེ་ཕྲ་མེན་མ་ལྗང་གུ་དྲེད་མོ་ལག་པ་གཡོབ་པ་ལ་ཞོན་པ་དང་། རྡོ་རྗེ་དབང་ཕྱུག་མ་སེར་མོ་
(༢༥༢)དྲིལ་རྟ་རྐང་གསུམ་པ་དང་། རྡོ་རྗེ་ལས་སྒྲོན་མ་དཀར་མོ་དྲེལ་རྟ་རྐང་གསུམ་དང་། དེ་ཐམས་ཅད་ཕྱག་མཚན་བྷནྡྷ་དང་ཕུར་པ་ཐོགས་པ་ལ། འདོད་ཁམས་དབང་ཕྱུག་མ་ཤང་ལང་དང་ནད་ཀྱི་རྐྱལ་པ་འཛིན་པ་ཡིན་ཟེར་རོ། །གཏེར་གྱི་ཆོ་འཕྲུལ་དང་འར་འུར་མང་པོ་ཞག་གསུམ་དུ་བྱས་སོ། །དེ་ནས་ཁྲེགས་ཆོད་ཀྱི་ནུབ་མོ་ཡང་བབས་ནས་ཆོ་འཕྲུལ་སྟོན་དུས་བླ་མས་གསུངས་པ། ང་ནང་འོད་གསལ་གྱི་གཏེར་སྒོ་འབྱེད་པ་ལ། །བྲག་སེར་ཀའི་གཏེར་གྱིས་དགོས་པ་མེད། །ང་གཏེར་ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག། སྐལ་ལྡན་ཡིན་ཀྱང་ཆོག་ལ་མིན་ཀྱང་ཆོག། ང་ཆོས་ཟད་བློ་ཟད་ཀྱི་རྣལ་འབྱོར་ལ། །ཁྱེད་གཏེར་བསྲུངས་ཀྱི་ཡུས་ཆེ་འཚོང་མི་དགོས། །ཞེས་གསུངས་པས་དེ་རྣམས་ཀྱིས་ཀྱང་ལན་རེ་བྱས་ཏེ། ཕར་ལན་ཚུར་ལན་འགའ་མཛད་ནས། དུས་ལ་བབས་པ་དང་འདོན་པའི་ཞལ་བཞེས་མཛད་པས་དགའོ། །དེ་ནུབ་ཨོ་རྒྱན་ཡབ་ཡུམ་མཁའ་འགྲོ་དཔག་ཏུ་མེད་པས་བསྐོར་བ་བྱོན་ནས་བྱིན་གྱིས་བརླབས་ཏེ་བླ་མ་ལ་ཐིམ་པ་མཐོང་ངོ། །བླ་མའི་དབང་གི་སྐབས་སུ་ཡང་དེ་
(༢༥༣)འདྲ་བ་མཐོང་ངོ། །སང་ཉིན་ཐོད་རྒལ་ངོ་སྤྲོད་དུས་སྔ་དྲོའི་དྲོ་བར་ཁ་ན་ནམ་མཁའི་ཤར་ནུབ་ལ་མཐིང་ཤུན་གྱི་སྣམ་བུ་བརྐྱང་པ་ལྟ་བུའི་སྣང་བ་ནམ་མཁའ་དྭངས་པའི་ཁ་དོག་དང་མི་འདྲ་བ་རྒྱང་གྲགས་ཕྱེད་ཙམ་གྱི་ཞིང་ཡོད་པས་ཐད་ཀའི་ནམ་མཁའ་ཆོད་དུས་བླ་མའི་ཞལ་ནས། འོད་མཐིང་ག་ཁྱབ་པ་ཆེན་པོའི་འོད་བྱ་བ་འདི་འདྲ་ཞིག་འོངས་པ་ཡིན་གསུང་དུས། བྱང་ཤར་དུ་འཇའ་ཚོན་སྔོན་དང་མི་འདྲ་བའི་ཁ་དོག་ལྔ་ལྡན་ཤར་བས། འོ་ནང་དབྱིངས་རྣམ་པར་དག་པའི་སྒྲོན་མ་འདི་འདྲ་ཞིག་འོངས་པ་ཡིན། འདི་ན་ཕར་ལྟོས་དང་། ཐིག་ལེ་སྟོང་པའི་སྒྲོན་མ་རང་བཞིན་གྱིས་འཆར་བ་ཡིན་གསུང་དུས། ནམ་མཁའ་ཡང་སྤྲིན་གཅིག་ཙམ་ཡང་མེད་པར་དྭངས་ལ་བྱང་དུ་དུད་ཁའི་སྣང་བ་ཡ་མཚན་ཅན་དང་། བྱང་ཤར་དུ་ལྔ་ལྡན་དང་། ཐད་ཀར་མཐིང་གའི་སྣང་བ་ཡ་མཚན་ཅན་མཐོང་དུས་ཐོད་རྒལ་ངོ་སྤྲོད་མཛད་པས། །མཁའ་འགྲོའི་སྣང་བ་དང་། ལྟས་མང་པོ་ཡང་སྔོན་པས་ལྷག་པར་མཐོང་ངོ། །དེ་ནུབ་རྒྱབ་ཆོས་དང་རིན་པོ་ཆེ་གསང་བའི་ངོ་སྤྲོད་པས་ཡེ་ཤེས་མཚོ་རྒྱལ་བུམ་པ་
(༢༥༤)བསྣམས་ནས་དབང་བསྐུར་བ་རྣལ་འབྱོར་མས་མཐོང་ནས། ཐམས་ཅད་ལ་འུར་ལངས་ཕྱག་འཚོལ་ཟེར་རོ། །དེ་ནས་སང་གནང་ཉིན་བར་དོ་ངོ་སྤྲོད་མཛད་དུས། འོད་གསལ་སྦུབས་འཇུག་འཕོ་བའི་ངོ་སྤྲོད་མཛད་པས། །མཁའ་འགྲོ་དུ་མ་དགྱེས་དུས། བླ་མའི་གསུང་གིས། ངའི་ཆོས་འདི་ལ་མི་བས་མི་མ་ཡིན་གཙིགས་ཆེ་བར་འདུག། དོན་གཉེར་དང་འདུན་པ་ཆེ་ཁྱེད་རང་ཚོ་སེམས་ལ་ཞོགས་གསུངས་སོ། །སང་ཉིན་ཁྲིད་ཀྱི་སྐབས་སུ་ཡེ་ཤེས་མཚོ་རྒྱལ་ཉི་མའི་ཕྱོགས་ནས་ཌ*ཌཱ་དྲི*་དཀྲོལ་ཞིང་བླ་མའི་སྐུ་ལ་ཐིམ་པ་རྣལ་འབྱོར་པ་འོད་ཟེར་མཐའ་ཡས་ལ་སོགས་པ་འགས་མཐུན་སྣང་དུ་མཐོང་ངོ། །ཆོས་བཅུ་དྲུག་གི་ནུབ་མོ་འོད་གསལ་ཡེ་ཤེས་ཀྱི་ངོ་སྤྲོད་མཛད་པས། མཐའ་སྐོར་དང་བར་སྣང་ཐམས་ཅད་མཁའ་འགྲོས་འཁྲིགས་ཏེ་ཐལ་མོ་སྦྱར་བ་མཐོང་ངོ། །དེ་ནས་ཚེས་བཅུ་བདུན་གྱི་ཉི་མ་ནུབ་དུས་གློ་བུར་དུ་བླ་མའི་གསུང་གིས། ཚོགས་གཏོར་བཟང་དུ་ཤོམས། དོ་ནུབ་མཁའ་འགྲོ་དོན་གྱི་དབང་བྱེད་གསུང་ནས་མཛད་དུས། སྔགས་སྲུང་བབས་ནས་གར་མཛད་
(༢༥༥)དོ། །བླ་མས་ངེད་མཁའ་འགྲོ་སྙིང་ཏིག་དེ་བཞིན་སྟོན་པ་ཡིན། ཁྱེད་བཀའ་སྲུང་དང་མཁའ་འགྲོ་རྣམས་ཨེ་དགའ་གསུངས་པས། ཐུགས་ལ་བཏགས། གུ་རུ་དང་ཡེ་ཤེས་མཚོ་རྒྱལ་དེ་བཞིན་གསུང་གཞན་ག་ན་ཡོད་ངོ་མཚར་ཆེ། སྤྱིར་མཁའ་འགྲོ་ཐམས་ཅད་དགའ། ཨོ་རྒྱན་རྫོང་ན་མཁའ་འགྲོ་མ་ཞིག་ལྷག་པར་གསོལ་བ་འདེབས་ཤིང་མཉེས་ནས་གདའ་ཟེར་རོ། །དེ་ནས་དར་ཅིག་ན་སྐྱེས་བུ་ཆེན་པོ་བབས་ཏེ། དོ་ནུབ་ལས་ངག་དམ་ཚིག་གཙང་བས་ཡོང་། ཁྱེད་ཀྱི་གདུལ་བྱ་ཉི་མ་ལྷོ་ནུབ་མཚམས་ན་ཡོད་ཟེར་རོ། །ག་ན་ཡོད་དྲིས་པས། འདི་ནས་ཉི་མ་གསུམ་ཙམ་ཕྱིན་པ་ན་སྙེའི་ཕྱོགས་ཀྱི་རི་ལ་གུ་རུའི་བཞུགས་གནས་ཨོ་རྒྱན་རྫོང་བྱ་བའི་བྲག་ཕུག་ཆེ་བ་མཁའ་འགྲོ་རང་བཞིན་གྱིས་འདུ་ཞིང་དེ་ན་རྒྱུན་དུ་མཁའ་འགྲོ་མང་པོ་རང་བཞིན་གྱིས་གནས་པ་ཡོད། དེ་ཁྱེད་ཀྱི་བཞུགས་གནས་ཡིན། ཆོས་དང་འགྲོ་དོན་ཤིན་ཏུ་འཕེལ། དེར་གཤེགས་པར་ཞུ་ཟེར་རོ། །འོ་ནང་ལ་སློབ་མ་འགྲོ་དོན་བྱེད་པ་དུ་ཡོང་དྲིས་པས། སུམ་ཅུ་འོངས། དེའི་ནང་ནས་སེམས་ཅན་དུ་མ་ལ་ཕན་
(༢༥༦)པ་བཅུ་གཅིག་འོངས། ཁྱད་པར་ཅན་དགུ་འོངས་ཟེར་ནས་དར་ཅིག་ན་ཁྱེད་ཚོ་བླ་མ་འདི་འདྲ་དང་འཕྲང་པ་འཚེངས་པ་ཡིན་ཟེར་དུས། ཐམས་ཅད་ཀྱིས་ཐོས་པར་མཁའ་འགྲོའི་རང་སྒྲ་དི་རི་རི་བ་དང་། སིལ་ཆོམ་དང་འུར་ཆོམ་མང་པོ་བྱུང་ངོ། །ཚེས་བརྒྱད་ཀྱི་ཕྱི་དྲོ་ཆོས་སྐྱོང་གི་གཏད་རྒྱ་བྱེད་དུས། སྲོག་སྒྲུབ་མས་ངའི་སྒྲུབ་ཐབས་མི་ཀློག་པ་ཞུ་ཟེར་བ་རྣལ་འབྱོར་མ་ཞིག་གིས་ཐོས་སོ། །དེ་ནས་དར་ཅིག་ན་ཉི་མ་ནུབ་དུས་བླ་མའི་གསུང་གིས། མཁའ་འགྲོ་སྙིང་ཏིག་གི་དབང་ཁྲིད་ཐམས་ཅད་ཡོངས་སུ་རྫོགས་པས་དོ་ནུབ་གཟོབ་ཅིག། གསུང་དུས་ཆང་མི་གདའ་ཞུས་པས། ཁ་སིང་ནས་མཁའ་འགྲོ་མ་རྣམས་ཀྱིས་དངོས་གྲུབ་བྱིན་པ་ཡིན། དོ་ནུབ་མཁའ་འགྲོ་བོས་ཀྱང་ཨེ་ཡོང་བལྟའོ་སྦང་རྫ་ལ་ཆུ་རྒྱོབ་ལ་ཚོགས་ཤིག་ངས་བྱིན་གྱིས་བརླབ་བོ་གསུངས་ནས། དེ་བཞིན་བཙགས་པས་རྫ་མ་གཅིག་གང་བྱུང་། དེས་ཆོག་ལས་ཆེ་ཞུས་པས། དོ་ནུབ་ཙམ་དགོས་བྱེད་པ་ཡིན་མི་འདང་ན་ཚོགས་ཤིག་གསུངས་ནས་བཙགས་པས་ཐམས་ཅད་ཆང་རྒོད་བཙགས་པ་ལྟར་བྱུང་ནས་རྣལ་འབྱོར་ཕོ་མོ་ཐམས་ཅད་བཟི་བ་
(༢༥༧)བྱུང་དུས། ང་དངོས་པོས་སྤྲུལ་བསྒྱུར་བྱེད་པ་བྱ་བ་ཡིན་གསུངས་ནས་ཀུ་རེ་ཡང་མཛད་དོ། །དེ་དུས་གཡུ་སྒྲོན་མས་ངའི་གནས་སུ་གཤེགས་པར་ཞུ་ཟེར་ནས་བྱུང་བ་ལ་ཞལ་བཞེས་མཛད་པས་དགའ་ནས་སྔོན་ལ་འགྲོ་བར་ཞུ་ཟེར་ནས་སོང་དུས། སྔགས་སྲུང་བབས་ནས་བཞུད་དུས་ཐུགས་དཀྲུགས་པ་ཞིག་འོང་བར་འདུག་ཟེར་རོ། །དེ་ནས་དར་ཅིག་ན་ནམ་གྲུ་མ་བབས་ཏེ་མི་བཞུད་པར་ཞུ་ཟེར་དུས། བླ་མས་ཁྱེད་མི་མ་ཡིན་རྣམས་ལངས་ཟབ་ཆོས་དེ་འདྲ་བཤད་ཀྱང་གོ་བ་མི་འདུག་དགའ་མི་དགའ་བློའི་ཆོ་འཕྲུལ་ཡིན་མོད། ང་ཡོད་སར་ཤོག་ཟེར་ནས་མ་གནང་བར། ཏིང་ངེ་འཛིན་གྱི་དབང་བསྐུར་ཞིག་མཛད་པས་ངོ་མཚར་ཆེ་ཐུགས་ལ་བཏགས་ཟེར་རོ། །ཁར་སང་ནས་གར་ཕྱིན་དྲིས་པས། །འབྲོག་ཏུ་ཕུད་ཅིག་སྡུད་དུ་ཕྱིན་ཟེར་རོ། །དེ་དུས་ཕྱུག་ནད་མང་པོ་བྱུང་འདུག་གོ། དེ་ནས་རྣལ་འབྱོར་ཕོ་མོ་རྣམས་ཀྱིས་རང་རང་གི་གོས་དང་། རྒྱན་དང་རིན་པོ་ཆེ་ལ་སོགས་པའི་མཎྜལ་ཕུལ། སྒྲུབ་པའི་དམ་བཅའ་བྱས་པས། བླ་མའི་གསུང་གིས་ངའི་ཆོས་འདི་ལ་གཏོང་ཕོད་ཆེ་ཞིང་
(༢༥༨)སྒྲུབ་པ་ལ་བརྩོན་པ་མང་པོ་འབྱུང་བར་འདུག་གསུངས་ནས་དགྱེས་ཏེ་འོད་གསལ་སྦུབས་འཇུག་གི་གདམས་པ་ཤིན་ཏུ་ཟབ་པ་ཞིག་གསུངས་སོ། །དེ་དུས་ངའི་གདམས་པ་འདི་འདྲ་འཛམ་བུ་གླིང་ན་དཀོན་པས་འོད་ལུས་མྱུར་དུ་འགྲུབ་པ་ཡོད་གསུངས་སོ། །དེ་ནས་ཚེས་བཅུ་གསུམ་ལ་དབང་གོང་མ་མཛད་དུས། སྔར་གྱི་སློབ་མ་ཁམས་པ་ཞིག་གིས་མི་རིགས་པའི་སྒྱོད་པས་ཐུགས་དཀྲུགས་དུས། ཆོས་འདི་ལ་སློབ་མ་དམ་ཉམས་རེ་ཡོང་བར་འདུག་གསུངས་ནས་སྐོང་བཤགས་ཅིག་མཛད་དེ་གཤེགས་སོ། །འགྲོ་ཁར་ཐུགས་དཀྲུགས་པ་ཞིག་འོངས་ཟེར་བ་དེ་ཡིན་པར་གདའོ། །དེ་ནས་འོངས་པའི་ལམ་ཁ་འཕྱུག་པོ་བྲག་ཏུ་ཚོགས་མཛད་དུས་འཇའ་ཚོན་མང་པོ་བྱུང་ཞིང་མཁའ་འགྲོའི་ལྟས་མང་པོ་ཡང་བྱུང་ངོ། །དེ་ནས་གཤེགས་པའི་ལམ་དུ་སྤྲིན་མེད་པའི་ཉི་མ་ཚ་བས་གདུངས་པ་ན། གསོལ་འདེབས་མཛད་པས་གློ་བུར་དུ་སྤྲིན་འདུས་རླུང་རབ་ཏུ་མི་ཆེ་བ་ལངས་ཏེ་གཡུ་སྒྲོན་མས་བསུ་བའི་སྣང་བ་ཡང་བྱུང་སྟེ། མཆིལ་མོར་ཚོགས་མཛད་པས་མཁའ་འགྲོའི་ལྟས་དུ་མ་ཡང་བྱུང་ངོ། །དེ་ནས་ཤུག་གསེབ་
(༢༥༩)ཏུ་གདན་དྲངས་དུས། རྣལ་འབྱོར་མ་ཞག་ལ་མཁའ་འགྲོ་བབས་ནས་ཞག་དྲུག་ཏུ་མཁའ་འགྲོའི་རང་སྒྲ་སྒྲོགས་ཤིང་བླ་མ་ཨོ་རྒྱན་དུ་གཤེགས་པར་ཞུ་ཟེར་རོ། །དེ་དུས་སུ་འཇའ་ཚོན་རྒྱུན་མ་ཆད་པར་ཉིན་རེ་བཞིན་བྱུང་ངོ། །དེ་ནས་གངས་རི་ཐོད་དཀར་དུ་རི་ཁྲོད་བཏབ་ནས་ཨོ་རྒྱན་རྫོང་དུ་བཏགས་ཏེ་བཞུགས་ཤིང་། དབང་ཁྲིད་གདམས་པ་དང་བཅས་པ་མཛད་དུས་སུའང་མཁའ་འགྲོ་གློ་བུར་དུ་བབས་ཤིང་ལྟས་མང་པོ་དང་ནམ་མཁའ་འཇས་ཁེངས་ཤིང་། གཟིམ་ཁང་དང་ནམ་མཁའ་འཇའ་ཚོན་ལྔ་ལྡན་གྱིས་འབྲེལ་བ་སྐབས་སུ་བྱུང་བ་ཀུན་གྱིས་མཐོང་ངོ། །དེ་ནས་དབང་ཁྲོད་རྣམས་གྲུབ་རྟིང་རྣལ་འབྱོར་པ་འོད་ཟེར་གོ་ཆས་སྔར་གྱི་མཁའ་འགྲོ་སྙིང་ཏིག་གི་གདམས་པ་རྣམས་ལ་དབང་ཁྲིད་ངོ་སྤྲོད་ལ་སོགས་པའི་ཡིག་ཆ་མཛད་པར་ཞུས་ཏེ། ཚོགས་གཏོར་གྱི་སྦྱིན་བདག་བྱས་ཏེ། སྟོན་ཟླ་ར་བའི་ཚེས་བརྒྱད་ནས་སྐུ་མཚམས་མཛད་ཅིང་། བཅུ་ནས་ཡིག་ཆའི་དབུ་བཙུགས་པས། ནམ་མཁའ་འཇས་ཁེངས་ཤིང་མཁའ་འགྲོའི་རྣམ་འགྱུར་དང་། གཟིམས་ལམ་དུ་གསོལ་བ་
(༢༦༠)འདེབས་པའི་བུད་མེད་དང་། སྐྱེས་པའི་ཚོགས་མང་པོས་ཕྱག་འཚལ་བསྐོར་བ་བྱེད་ཅིང་། ཐུགས་ལ་བཏགས་ཐུགས་རྗེས་འཛིན་པར་ཞུ་ཟེར་བ་བྱུང་ཞིང་མཚན་མོ་ཕྱོགས་ཐམས་ཅད་དུ་མཁའ་འགྲོའི་རང་སྒྲ་མང་པོ་དང་། ཉེ་འཁོར་གྱི་སྒོམ་ཆེན་པ་རྣམས་ལའང་ཆོ་འཕྲུལ་རྣམ་པ་སྣ་ཚོགས་པ་སྔར་མེད་པ་དུ་མ་བྱུང་ངོ། །དེ་ལྟར་ཟླ་བ་དང་པོ་དང་། སྟོན་ཟླ་གཉིས་པའི་བར་དུ་ཉིན་མཚན་དུ་བླ་མ་མཁའ་འགྲོ་ལ་གསོལ་བ་འདེབས་ཤིང་ཡིག་ཆ་མཛད་དུས། གཞན་ལ་ཕན་ཐོགས་པའི་རྟེན་འབྲེལ་དང་གཟིམས་ལམ་དང་། ཉམས་སྣང་དཔག་ཏུ་མེད་པ་དང་། ཉིན་རེ་བཞིན་གངས་རི་ཐོད་དཀར་གྱི་མགུལ་གཟིམ་ཆུང་གི་སྟེང་དུ་འཇའ་འོད་འཁྱིལ་བ་དང་། འོད་ཀྱི་སྣང་བ་ཡ་མཚན་ཅན་མང་པོ་བྱུང་ངོ། །དེ་ནས་སྟོན་གྱི་ཟླ་བ་གསུམ་པའི་ཚེས་གཅིག་ལ་ཡོངས་སུ་རྫོགས་པར་གྲུབ་པའི་དགའ་སྟོན་མཛད་ནས། རྣལ་འབྱོར་པ་ཐམས་ཅད་ཀྱིས་བཀྲ་ཤིས་བརྗོད་དུས་ནམ་མཁའ་འཇས་ཁེངས་ཏེ་བཀྲ་ཤིས་པའི་རྟགས་བསམ་གྱིས་མི་ཁྱབ་པ་བྱུང་ངོ། །དེ་འདྲའི་བླ་མ་དཔལ་ལྡན་ཆོས་ཀྱི་རྗེ། །གུ་རུའི་ཐུགས་སྲས་དྲི་མེད་
(༢༦༡)འོད་ཟེར་ནི། །གང་དང་གང་དུ་བཞུགས་པ་དེ་དང་དེར། །རང་བཞིན་མཁའ་འགྲོའི་འདུ་བ་རྒྱུན་མི་ཆད། །བཀྲ་ཤིས་དགེ་མཚན་དུ་མས་རབ་བརྒྱན་ཅིང་། །འགྲོ་བའི་དོན་གཉིས་མཛད་ལ་ནོར་བུ་བཞིན། །སྔོན་རབས་དུས་ནས་ཐུགས་རྗེའི་རླབས་ཆེ་བས། །མགོན་དུས་མཛད་པ་དེ་ལས་གུས་ཕྱག་འཚལ། །བླ་མ་ལ་གུས་གཙུག་གི་ནོར་བུ་བཞིན། །བདོག་པ་ཀུན་གྱིས་རྟག་ཏུ་མཆོད་མཛད་ཅིང་། །གང་ལའང་མ་ཆགས་དངོས་འཛིན་འཁྲུལ་པ་ཞིག། གཟའ་གཏད་བྲལ་བའི་སྤྱོད་ལ་དགྱེས་མཛད་པ། །འགྲོ་བའི་ལམ་སྟོན་དེ་ལ་གུས་ཕྱག་འཚལ། །རྟག་ཏུ་ཞི་ལ་ཡང་དག་རབ་གཞོལ་བས། །རྣམ་གཡེང་མི་མང་སྤྲོས་པ་ཀུན་ལས་འདས། །གཞན་ཡང་དེ་ལ་སྦྱོར་བས་ལེགས་བསྐུལ་བས། །ཏིང་འཛིན་གླང་པོ་དེ་ལ་གུས་ཕྱག་འཚལ། །གོང་དུ་འོད་གསལ་ཆུ་ཟླ་སྟོང་པའི་ངང་། །རང་ཡང་བཞུགས་ནས་འགྲོ་བ་འགོད་པར་མཛད། །ཉོན་མོངས་རྟག་ཞི་དབེན་པའི་རི་ངོགས་སུ། །དྲང་སྲོང་སྤྱོད་པ་ཀུན་གྱི་ལེགས་གནས་པའི། །འཕགས་པའི་བརྟུལ་ཞུགས་ནོར་
(༢༦༢)བདུན་གཙོར་མཛད་པ། །ཞི་བའི་མཛོད་བརྙེས་དེ་ལ་གུས་ཕྱག་འཚལ། །ཤེས་བྱའི་སྐར་ཚོགས་ཐུགས་ལ་རབ་བཀྲ་བས། །ཇི་སྙེད་ཇི་བཞིན་གཟིགས་པ་རྣམས་པར་དག། ཚིག་དོན་སྣ་ཚོགས་ཐབས་ཀྱིས་འགྲོ་འདུལ་བ། །མཁས་པའི་བླ་མ་དེ་ལ་གུས་ཕྱག་འཚལ། །རང་གཞན་གཞུང་ལུགས་རྒྱ་མཚོའི་སྙིང་པོ་ལས། །ཟབ་མོའི་དེ་ཉིད་གཟིགས་པ་མཐའ་ཡས་པས། །ངེས་དོན་རྒྱུད་སྡེའི་དགོངས་པ་གཙོར་མཛད་པ། །གསང་སྔགས་སྡོང་པོ་དེ་ལ་གུས་ཕྱག་འཚལ། །སྐུ་ཚེ་སྔ་མའི་སྔ་མར་ལེགས་སྦྱངས་པས། །ཕལ་ཆེར་ཐོས་པས་དོན་རྣམས་ཐུགས་སུ་ཆུད། །རང་བྱུང་པདྨའི་དགོངས་གཏེར་རྒྱས་མཛད་པའི། །བསྟན་པའི་མངའ་བདག་དེ་ལ་གུས་ཕྱག་འཚལ། །འདི་ཡི་གཞུང་ལུགས་ཟབ་ཅིང་རྒྱ་ཆེ་བས། །ཐར་པར་འགྲོ་བའི་ཤིང་རྟ་རིན་ཆེན་མཆོག། རྡོ་རྗེ་སྙིང་པོའི་ཐེག་པ་གསལ་མཛད་པ། །རིག་འཛིན་རྒྱལ་བའི་ཞིང་དུ་འགྲོ་སྒྲོལ་བས། །ཐུགས་རྗེ་མངའ་བ་དེ་ལ་གུས་ཕྱག་འཚལ། །ཇི་སྙེད་མཁྱེན་ཀྱང་ད་དུང་ལེགས་བཤད་འཚོལ། །སྒོམ་ལས་འདས་ཀྱང་ད་དུང་དབེན་པར་དགྱེས། །
(༢༦༣)ཉོན་མོངས་བརྒལ་ཡང་ད་དུང་བག་མེད་འཛེམ། །རྒྱ་མཚོ་ལྟར་ཟབ་དེ་ལ་གུས་ཕྱག་འཚལ། །ལྟ་བའི་རང་བཞིན་མཁའ་ལྟར་ཡངས་པ་ལ། །སྒོམ་པའི་ཉི་ཟླ་རང་བཞིན་འོད་གསལ་བས། །སྤྱོད་པའི་འོད་སྟོང་འགྱེད་ལ་ཀློང་ཡངས་པ། །དྲི་མེད་འོད་ཟེར་དེ་ལ་གུས་ཕྱག་འཚལ། །སྔ་རབས་གོམས་པའི་བྱིན་རླབས་པད་རྫིང་ལས། །སྐལ་བཟང་བུང་བའི་ཚོགས་རྣམས་དགའ་མཛད་ཅིང་། །དམ་ཆོས་བདུད་རྩིས་འགྲོ་ཀུན་ཚིམས་མཛད་པ། །པདྨ་ལས་འབྲེལ་རྩལ་ལ་གུས་ཕྱག་འཚལ། །ཐུགས་རྗེ་རང་བཞིན་དཔག་ཡས་གཏིང་མཐའ་མེད། །མཐའ་གྲོལ་ཡེ་བབས་གཞི་རྫོགས་ཆེན་པོའི་ངང་། །དུས་གསུམ་དུས་བཞི་དུས་རྣམས་རྒྱུན་ཆད་མེད། །ཀློང་ཆེན་རབ་འབྱམས་དེ་ལ་གུས་ཕྱག་འཚལ། །འདི་ཡི་མ་ཆགས་གཏོང་བའི་ཁྱད་པར་ཅན། །ཆོས་ཆེན་ཆར་གྱིས་འགྲོ་བ་བསིལ་མཛད་གཉིས། །ཕན་ཚུན་འགྲན་ལ་རབ་ཏུ་ཞུགས་པའི་ཚེ། །འཇིག་རྟེན་ཆོས་བརྒྱད་རྩད་ནས་བཏོན་པར་འགྱུར། །གང་ལ་མི་རྟོག་ཏིང་འཛིན་གྲུ་ཆེན་དང་། །ཆོས་རྣམས་རབ་འབྱེད་ཤེས་རབ་ཁ་ལོ་སྒྱུར། །དུས་དང་མཐུན་
(༢༦༤)པའི་བ་དན་རབས་གཡོ་བས། །ཐར་པའི་སྐམས་སར་འགྲོ་བ་འདྲེན་ལ་བརྩོན། །དགེ་ལེགས་ཐུགས་རྗེའི་སྤྲིན་ཕུང་འཁྲིགས་པ་ལས། །བྱིན་རླབས་བདུད་རྩིའི་ཆར་ཆེན་རབ་འབབས་པས། །དད་བརྒྱའི་པད་མཚོ་ངང་གིས་གང་གྱུར་ཅིང་། །ཕུན་ཚོགས་ལོ་ཏོག་རྒྱས་ལ་མངོན་སུམ་གྱུར། །དེ་འདྲའི་མཚུངས་མེད་ཆོས་རྗེ་ཉི་མ་ནི། །དྲི་མེད་ཚུལ་ཁྲིམས་པདྨ་ལྟ་བུ་སྟེ། །འོད་ཟེར་བློ་གྲོས་བཟང་པོའི་ལས་འབྲེལ་རྩལ། །མཚན་གསུམ་དོན་མཐུན་གྱུར་ལ་གུས་ཕྱག་འཚལ། །རང་བཞིན་ཀུན་གྱི་དོན་གཉིས་ཕུན་ཚོགས་ཤིང་། །བདེ་ལེགས་ཀུན་གྱི་འབྱུང་གནས་འགྲོ་བའི་གཉེན། །དམ་ཆོས་ཀུན་གྱི་ཡེ་ཤེས་བང་མཛོད་ནི། །དུས་རྣམས་ཀུན་ཏུ་སྐྱེ་དགུའི་བླ་མར་ཤོག། དད་བརྒྱའི་ཆུ་འཛིན་ཕྱོགས་ཀྱི་མཐར་ཁྱབ་པས། །སྙན་པའི་བསྟོད་དབྱངས་སྤྲིན་གྱི་རྔ་སྒྲ་ཅན། །དགེ་ལེགས་གློག་ཕྲེང་བྲོ་གར་བྱེད་པ་ཡིས། །ཕན་བདེའི་ཆར་ཆེན་འབེབས་ཏེ་བསྔགས་པར་ཤོག། བསོད་ནམས་སྟོན་ཀའི་རི་བོང་འཛིན་གཟུགས་ཅན། །ཕུན་ཚོགས་རྒྱུ་སྐར་ཕྲེང་བའི་དབུས་ན་མཛེས། །དགེ་ཚོགས་འོད་
(༢༦༥)དཀར་དུ་མའི་སྣང་བ་ཡིས། །ཟབ་གཏེར་ཀུནྡ་ཕྱོགས་བཅུར་རྒྱས་པར་ཤོག། འདི་འདྲའི་བབས་ཚུལ་ངོ་མཚར་རྨད་བྱུང་གང་། །སྐལ་བཟང་དུ་མའི་དབང་དང་བཅས་པ་ཞིག། དངོས་སུ་བྱུང་ཡང་དེང་སང་དུས་སྙིགས་པས། །བདུད་རིགས་སྐྱེ་བོའི་སྒྲོ་སྐུར་གནས་སུ་འགྱུར། །དེ་བས་འདི་ཉིད་རབ་ཏུ་གསང་བར་བྱ། །སྙིང་དང་འདྲ་བ་གཅིག་ལ་གཏོད་ན་ཡང་། །མ་སྤེལ་དམ་ཚིགས་བཀའ་སྲུང་དཔང་ཚུགས་ཤིག། ཆིག་བརྒྱུད་བསྟན་ལ་ཡིད་ཆེས་བསྐྱེད་ཕྱིར་གཞག། ཚུལ་འདི་གངས་རི་ཐོད་དཀར་ཨོ་རྒྱན་རྫོང་། །འཕགས་པའི་རི་ངོགས་མཛེས་ཤིང་ཉམས་དགའ་བར། །ཕྱི་རབས་སྐལ་ལྡན་སྤྲོ་བ་བསྐྱེད་པའི་ཕྱིར། །ལེགས་སྦྱར་མེ་ཏོག་འབྲས་བུ་ལེགས་སྨིན་པས། །སྐལ་ལྡན་བུར་བ་རབ་ཏུ་དགའ་བར་མཛོད། །མཐོང་སྣང་རིན་པོ་ཆེ་འོད་ཀྱི་དྲྭ་བཞེས་བྱ་བ། །དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་ཉི་མའི་འོད་ཟེར་གྱིས་སྣང་བར་བྱས་པའི་རྣལ་འབྱོར་པ་པདྨ་ལས་འབྲེལ་རྩལ་གྱིས་ཟབ་གཏེར་མངོན་པར་འབྱུང་བའི་ལོ་རྒྱུས་ཆ་ཙམ་ཞིག་མདོར་བསྡུས་ཏེ་རྣམ་པར་བཀོད་
(༢༦༦)པ་འདི་རེ་ཞིག་རྫོགས་སོ། །འདི་རབ་ཏུ་གསང་བའི་ནན་ཏན་དུ་བྱའོ། །དགེའོ། །༅། །ཞལ་ཆེམས་དྲི་མ་མེད་པའི་འོད་ཅེས་བྱ་བ་བཞུགས་སོ། །རིན་ཆེན་ཤོག་སེར་སྐོར། ཞལ་ཆེམས་དྲི་མ་མེད་པའི་འོད་ཅེས་བྱ་བ་འཕགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །ལེགས་པའི་ཉི་མ་ཤིན་ཏུ་རྨད་བྱུང་གསལ་གྱུར་པ། །ཐུགས་རྗེའི་དབང་གིས་སྣ་ཚོགས་རོལ་པ་སྟོན་མཛད་ཅིང་། །མཛད་པའི་འཕྲོ་འདུས་འགྲོ་བ་ཡོངས་ལ་རྗེས་གཟིགས་ནས། །གདོད་མའི་གཞི་དབྱིངས་གཞོལ་བར་མཛད་ལ་ཕྱག་འཚལ་ལོ། །གང་གིས་མཛད་པ་མ་ལུས་མཐར་ཕྱིན་ནས། །སྐྱེ་བོ་རྟག་པར་འཛིན་རྣམས་གདུལ་བྱའི་ཕྱིར། །གྲོང་ཁྱེར་དམ་པ་ཤིན་ཏུ་རྨད་བྱུང་བ། །རྩྭ་མཆོག་གྲོང་གཤེགས་མཛད་ལ་ཕྱག་འཚལ་ལོ། །འཁོར་བའི་རང་བཞིན་སྔར་ནས་ཤེས་ཟིན་ཏེ། །འཇིག་རྟེན་ཆོས་ལ་སྙིང་པོ་མེད་པའི་ཕྱིར། །ད་ནི་མི་རྟག་སྒྱུ་མའི་ལུས་འདོར་བས། །གཅིག་ཏུ་ཕན་པའི་གདམས་ངག་བཤད་ཀྱིས་ཉོན། །ཚེ་འདིར་བདེན་པར་བཟུང་ཡང་བསླུ་བསླུ་འདྲ། །མི་རྟག་སྙིང་པོ་མེད་པའི་རང་བཞིན་ལ། །ཡིད་བརྟོན་མེད་ཅེས་ངེས་པར་རྟོགས་
(༢༦༧)བྱས་ནས། །དེ་རིང་ཉིད་ནས་དམ་པའི་ཆོས་མཛོད་ཅིག། རྟག་པ་མེད་པའི་མཛའ་བཤེས་མགྲོན་པོ་འདྲ། །རེ་ཞིག་འདུས་ཀྱང་མྱུར་དུ་འབྲལ་བས་ན། །སྒྱུ་མའི་གྲོགས་ལ་ཆགས་སེམས་རབ་སྤངས་ཏེ། །གཏན་དུ་ཕན་པ་དམ་པའི་ཆོས་མཛོད་ཅིག། བསགས་ཀྱང་འཇོག་པའི་ནོར་རྫས་སྦྲང་རྩི་འདྲ། །རང་གིས་བསགས་ཀྱང་གཞན་གྱིས་ལོངས་སྤྱོད་པས། །རང་དབང་ཡོད་དུས་བསོད་ནམས་སྦྱིན་པའི་ཚོགས། །ཕྱི་མའི་ལམ་བརྒྱགས་ད་ལྟ་གྲབས་མཛོད་ཅིག། བརྩིགས་ཀྱང་འཇིག་པའི་ཁང་ཁྱིམ་གཡར་པོ་འདྲ། །སྡོད་པའི་དབང་མེད་འགྲོ་བའི་གནས་སྐབས་ཡོད། །འདུ་འཛིའི་གནས་ལ་ཆགས་སྲེད་རབ་སྤངས་ཏེ། །ད་ལྟ་ཉིད་ནས་དབེན་པའི་གནས་བརྟེན་ཅིག། མཛའ་དང་མི་མཛའ་བྱིས་པའི་རྩེད་མོ་འདྲ། །དོན་མེད་ཆགས་སྡང་འབར་བའི་མེ་དཔུང་ཅན། །ཕན་ཚུན་འཐབས་རྩོད་འཁོན་འཛིན་རབ་སྤངས་ལ། །ད་ལྟ་ཉིད་ནས་རང་གིས་སེམས་ཐུལ་ཅིག། སྙིང་པོ་མེད་པའི་བྱ་བ་སྒྱུ་མ་འདྲ། །རེ་ཞིག་བརྩོན་ཡང་མཐའ་མ་འབྲས་བུ་མེད། །ཚེ་འདིའི་བྱ་བཞག་འཇིག་རྟེན་ཆོས་སྤངས་ལ། །
(༢༦༨)ད་ལྟ་ཉིད་ནས་ཐར་པའི་ལམ་ཚོལ་ཅིག། དལ་འབྱོར་ལུས་རྙེད་རིན་ཆེན་གྲུ་བོ་འདྲ། །སྡུག་བསྔལ་མཚོ་ལས་སྒྲོལ་བའི་སྟོབས་ཡོད་པས། །ལེ་ལོ་སྙོམས་ལས་སྒྱིད་ལུགས་སེམས་བོར་ལ། །ད་ལྟ་ཉིད་ནས་བརྩོན་པའི་སྟོབས་བསྐྱེད་ཅིག། དམ་པའི་བླ་མ་འཇིགས་སའི་སྐྱེ་ལ་མ་འདྲ། འཁོར་བའི་དགྲ་ལས་སྐྱོབ་པའི་དེད་དཔོན་ལ།། སྒོ་གསུམ་རྩོལ་མེད་སྲིད་ཞུ་ཆེན་པོ་ཡིས། ད་ལྟ་ཉིད་ནས་མཆོད་ཅིང་བརྟེན་པར་མཛོད། །ཟབ་མོའི་གདམས་པ་བདུད་རྩེའི་སྨན་དང་འདྲ། ཉོན་མོངས་ནད་རྣམས་གསོ་བའི་མཆོག་ཡིན་པས། །རྒྱུད་ལ་བརྟེན་ཞིང་ལེགས་པར་གོམས་པ་ཡིས། །ད་ལྟ་ཉིད་ནས་ཀློང་དུ་འགྱུར་བར་མཛོད། །བསླབ་གསུམ་རྣམ་དག་ཡིད་བཞིན་ནོར་བུ་འདྲ། །འདི་ཕྱིར་བདེ་ཞིང་མཐར་ཐུག་ལེགས་པའི་ལམ། །བྱང་ཆུབ་ཞི་བ་དམ་པ་ཐོབ་པས་ན། །ད་ལྟ་ཉིད་ནས་རྒྱུད་ལ་བརྟེན་པར་མཛོད། །སྣ་ཚོགས་ཐོས་པ་རིན་ཆེན་སྒྲོན་མེ་འདྲ། །གཏི་མུག་སེལ་ཞིང་ཐར་ལམ་སྣང་བར་བྱེད། །ཡེ་ཤེས་མིག་འབྱེད་ཕན་བདེའི་འོད་འཕྲོ་བས། །ད་ལྟ་ཉིད་ནས་ཕྱོགས་རིས་མེད་པར་མཛོད། །ལེགས་པར་བསམ་པ་
(༢༦༩)གསེར་མཁན་མཁས་པ་འདྲ། །ཡིན་མིན་ཐེ་ཚོམ་སྒྲོ་འདོགས་ཀུན་གཅོད་པས། །ཐོས་པའི་རང་བཞིན་བསམ་བྱུང་ཤེས་རབ་ཀྱིས། །ད་ལྟ་ཉིད་ནས་ཁོང་དུ་ཆུད་པར་མཛོད། །སྒོམ་པའི་རང་བཞིན་བདུད་རྩིའི་རོ་མྱོང་འདྲ། །ཐོས་བསམ་དོན་སྒོམ་ཉོན་མོངས་ནད་ཀུན་ཞི། །སྤྲོས་པའི་མཚོ་བརྒལ་སྙིང་པོའི་ཕ་རོལ་ཕྱིན། །ད་ལྟ་ཉིད་ནས་ནགས་སུ་བསྒོམ་པར་མཛོད། །ལྟ་བའི་རང་བཞིན་དྲི་མེད་ནམ་མཁའ་འདྲ། །མཐོ་དམན་རྒྱ་ཆད་ཕྱོགས་ལྷུང་ཀུན་དང་བྲལ། །ཡངས་དོག་མེད་ཅིང་སྨྲ་བསམ་བརྗོད་ལས་འདས། །ད་ལྟ་ཉིད་ནས་རྙོགས་པའི་ཐབས་མཛོད་ཅིག། སྒོམ་པའི་རང་བཞིན་རི་བོ་རྒྱ་མཚོ་འདྲ། །འཕོ་འགྱུར་མེད་ཅིང་དྭངས་ལ་རྙོག་པ་མེད། །རྣམ་གཡེང་སྤྲོས་པའི་མཚན་མ་ཀུན་ཞི་བ། །ད་ལྟ་ཉིད་ནས་ཇི་བཞིན་བསྒོམ་པར་མཛོད། །སྤྱོད་པའི་རང་བཞིན་སྐྱེ་བོ་མཁས་པ་འདྲ། །དུས་སུ་བབས་དང་གང་ཕན་གནས་སྐབས་ཤེས། །ཆགས་ཐོགས་བླང་དོར་དགག་སྒྲུབ་སྒྱུ་མའི་ངང་། །ད་ལྟ་ཉིད་ནས་གཟུང་འཛིན་གྲོལ་བར་མཛོད། །འབྲས་བུའི་རང་བཞིན་དེད་དཔོན་ནོར་ལོན་འདྲ། །རང་ཉིད་འབྱོར་བས་
(༢༧༠)གཞན་དོན་ལྷུན་གྱིས་གྲུབ། །རེ་དང་དོགས་མེད་ངང་གིས་བློ་བདེ་བ། །ད་ལྟ་ཉིད་ནས་ཐོབ་ཕྱིར་འབད་པར་མཛོད། །སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་འདྲ། །ནམ་མཁའི་རང་བཞིན་སེམས་ཉིད་གཉུག་མའི་དོན། །དོན་ལ་གཉིས་མེད་མཉམ་རྫོགས་ཆེན་པོ་རུ། །ད་ལྟ་ཉིད་ནས་ངེས་པར་རྟོགས་པར་མཛོད། །སྣ་ཚོགས་ཆོས་རྣམས་མེ་ལོང་གཟུགས་བརྙན་འདྲ། །སྣང་བས་སྟོངས་ཏེ་ལོགས་ན་སྟོང་པ་མེད། །གཅིག་དང་ཐ་དད་མ་བརྟག་ཉམས་དགའ་བར། །ད་ལྟ་ཉིད་ནས་ངེས་པར་མཁྱེན་པར་མཛོད། །གཟུང་བའི་ཡུལ་ལ་འཛིན་པ་རྨི་ལམ་འདྲ། །དོན་ལ་གཉིས་མེད་བག་ཆགས་གཉིས་སྣང་སྟེ། །དེ་ཡང་བློས་བཏགས་རང་གི་ངོ་བོས་སྟོང་། །ད་ལྟ་ཉིད་ནས་གཉིས་མེད་མཁྱེན་པར་མཛོད། །འཁོར་འདས་རང་བཞིན་སྒྱུ་མའི་རྩེད་མོ་འདྲ། །བཟང་ངན་སྣང་ཡང་ངོ་བོ་མཉམ་པ་ཉིད། །ཐམས་ཅད་མ་སྐྱེས་ནམ་མཁའི་རང་བཞིན་དུ། །ད་ལྟ་ཉིད་ནས་ངེས་པར་མཁྱེན་པར་མཛོད། །འཁྲུལ་སྣང་བདེ་སྡུག་སྤྲུལ་པའི་རང་བཞིན་འདྲ། །དགེ་སྡིག་རྒྱུ་འབྲས་སོ་སོར་ཤར་དུས་ནས། །རང་བཞིན་མ་སྐྱེས་ངོ་བོ་འཕོ་
(༢༧༡)འགྱུར་མེད། །ད་ལྟ་ཉིད་ནས་ངེས་པར་མཁྱེན་པར་མཛོད། །བློས་བཏགས་ཆོས་རྣམས་བྱིས་པའི་རྩོད་པ་འདྲ། །དོན་ལ་མི་གནས་རྟོག་པས་རབ་ཕྱེ་ནས། །བཟང་ངན་གྲུབ་མཐའི་ཕྱོགས་འཛིན་སོ་སོར་ཞེན། །ད་ལྟ་ཉིད་ནས་མཉམ་ཉིད་མཁྱེན་པར་མཛོད། །གཞན་ཡང་སྦྱིན་པ་རིན་ཆེན་གཏེར་དང་འདྲ། །མི་ཟད་གོང་དུ་འཕེལ་ཞིང་འབྱོར་པའི་རྒྱུ། །ཐ་མ་མཆོག་འབྲིང་བསོད་ནམས་ཞིང་རྣམས་ལ། །ད་ལྟ་ཉིད་ནས་ཅི་འོས་སྦྱིན་པར་མཛོད། །ཚུལ་ཁྲིམས་དྲི་མེད་ཤིང་རྟ་བཟང་པོ་འདྲ། །མངོན་མཐོ་ངེས་ལེགས་གྲོང་ཁྱེར་བགྲོད་པའི་སྟེགས། །སྡོམ་དང་ཆོས་སྡུད་སེམས་ཅན་དོན་བྱེད་རྣམས། །ད་ལྟ་ཉིད་ནས་རྒྱུད་ལ་བརྟེན་པར་མཛོད། །བཟོད་པ་མཚོ་ཆེན་མི་འཁྲུགས་མཆོག་དང་འདྲ། །གནོད་པས་མི་འཕྲོག་དཀའ་ཐུབ་ནང་ནས་མཆོག། སྡུག་བསྔལ་དང་ལེན་སྙིང་རྗེའི་ཆོས་སེམས་སོགས། །ད་ལྟ་ཉིད་ནས་གོམས་ཤིང་འདྲིས་པར་མཛོད། །བརྩོན་འགྲུས་མེ་ཆེན་ཕུང་པོ་འབར་བ་འདྲ། །མི་མཐུན་ཕྱོགས་བསྲེགས་དགེ་ལ་ཡང་དག་སྤྲོ། །སྒྱིད་ལུགས་སྙོམས་ལས་ལེ་ལོ་མེད་པ་ཡིས། །ད་ལྟ་ཉིད་
(༢༧༢)ནས་ཐར་ལམ་བསྒྲུབ་པར་མཛོད། །བསམ་གཏན་མི་གཡོ་རི་རྒྱལ་མཆོག་དང་འདྲ། །དམིགས་པས་མི་བསྐྱོད་ཡུལ་ལ་ཡེངས་པ་མེད། །གང་ལ་མཉམ་གཞག་གཞན་གྱིས་མི་འཕྲོགས་པ། །ད་ལྟ་ཉིད་ནས་རྒྱུད་ལ་གོམས་པར་མཛོད། །ཤེས་རབ་རྒྱ་ཆེན་ཉི་མའི་དཀྱིལ་འཁོར་འདྲ། །གཏི་མུག་མུན་སེལ་དམ་ཆོས་སྣང་བར་བྱེད། །ཐར་གླིང་མཆོག་སྤེལ་ཉེས་པའི་ཆུ་གཏེར་སྐེམས། །ད་ལྟ་ཉིད་ནས་གོང་དུ་འཕེལ་བར་མཛོད། །ཐབས་མཁས་དེད་དཔོན་ནོར་བུ་ལེན་པ་འདྲ། །སྡུག་བསྔལ་མཚོ་བརྒལ་བདེ་ཆེན་གླིང་བགྲོད་ནས། །སྐུ་གསུམ་མཆོག་ཐོབ་དོན་གཉིས་ལྷུན་གྱིས་གྲུབ། །ད་ལྟ་ཉིད་ནས་ཐབས་ཀྱིས་གཞན་ཕན་མཛོད། །སྟོབས་ཆེན་ཕ་རོལ་གནོན་པའི་དཔའ་བོ་འདྲ། །ཉོན་མོངས་དཔུང་འཇོམས་བྱང་ཆུབ་ལམ་ལ་དགོད། །དགེ་ཚོགས་མཐར་ཕྱིན་བར་ཆད་མེད་པས་ན། །ད་ལྟ་ཉིད་ནས་རྒྱུད་ལ་བརྟེན་པར་མཛོད། །སྨོན་ལམ་ཡིད་བཞིན་ནོར་བུ་ཆེན་པོ་འདྲ། །འདོད་དགུ་ལྷུན་གྲུབ་བདེ་ཆེན་ངང་གིས་འཕེལ། །ཞི་ལ་སེམས་གཞོལ་ཡིད་ལ་རེ་བ་སྐོང་། །ད་ལྟ་ཉིད་ནས་རླབས་
(༢༧༣)ཆེན་འདེབས་པར་མཛོད། །ཡེ་ཤེས་མཁའ་ལ་ཆུ་འཛིན་འཁྲིགས་པ་འདྲ། །ཏིང་འཛིན་གཟུངས་སྤྲིན་ཕན་བདེའི་ཆར་འབེབ་པས། །འགྲོ་ཀུན་དགེ་ཚོགས་ལོ་ཏོག་ལེགས་པར་བསྐྲུན། །ད་ལྟ་ཉིད་ནས་ཐོབ་ཕྱིར་འབད་པར་མཛོད། །ཐབས་དང་ཤེས་རབ་བཞོན་པ་བཟང་པོ་འདྲ། །སྲིད་ཞིར་མི་ལྟུང་རང་གཞན་དོན་གཉིས་འགྲུབ། །ལམ་ལྔ་མཐར་ཕྱིན་སྐུ་གསུམ་ལྷུན་གྱིས་གྲུབ། །ད་ལྟ་ཉིད་ནས་འབད་པས་བསྒྲུབ་པར་མཛོད། །བྱང་ཆུབ་ཕྱོགས་ཆོས་ལམ་བཟང་ཆེན་པོ་འདྲ། །དུས་གསུམ་འཕགས་རྣམས་སྔ་ཕྱིའི་གཤེགས་ཤུལ་ཏེ། །དྲན་པ་ཉེར་གཞག་བཞི་སོགས་སུམ་ཅུ་བདུན། །ད་ལྟ་ཉིད་ནས་བསྒོམ་ཕྱིར་བརྩོན་པར་མཛོད། །གཞན་ཡང་བྱམས་པ་ཕ་མ་བཟང་པོ་འདྲ། །འགྲོ་དྲུག་བུ་ལ་ཐུགས་རྗེ་རྒྱུན་མི་འཆད། །བརྩེ་བས་དོན་བྱེད་ཕན་པ་རྟག་ཏུ་སྒྲུབ། །ད་ལྟ་ཉིད་ནས་རྒྱུད་ལ་གོམས་པར་མཛོད། །སྙིང་རྗེ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་འདྲ། །འགྲོ་བའི་སྡུག་བསྔལ་བདག་གི་སྡུག་བསྔལ་བཞིན། །བྲལ་བར་འདོད་པ་བརྩོན་པའི་ཡ་ལད་ཅན། །
(༢༧༤)ད་ལྟ་ཉིད་ནས་རྒྱུད་ལ་བརྟེན་པར་མཛོད། །དགའ་བ་རིགས་ཀྱི་རྗེ་དཔོན་བཟང་པོ་འདྲ། །གཞན་དག་དགེ་བས་རང་ཉིད་བློ་བདེ་བས། །ཆེད་དུ་བཀོད་པ་བཞིན་དུ་རྗེས་ཡི་རང་། །ད་ལྟ་ཉིད་ནས་མཆོག་ཏུ་གོམས་པར་མཛོད། །བཏང་སྙོམས་རང་བཞིན་སྙོམས་པའི་ས་གཞི་འདྲ། །ཉེ་རིང་ཆགས་སྡང་མེད་ཅིང་ཟུག་རྔུ་བྲལ། །རྟག་ཏུ་མཉམ་པའི་ངང་ནས་བདེ་བ་ཆེ། །ད་ལྟ་ཉིད་ནས་རང་བཞིན་གོམས་པར་མཛོད། །བྱང་ཆུབ་སེམས་གཉིས་དེད་དཔོན་དམ་པ་འདྲ། །དགེ་ཀུན་ཐར་གླིང་བགྲོད་པའི་ཁ་ལོ་པ། །སྲིད་པས་མི་སྐྱོ་གཞན་དོན་ཕུན་སུམ་ཚོགས། །ད་ལྟ་ཉིད་ནས་ཡང་ཡང་བསྐྱེད་པར་མཛོད། །མོས་པ་རྒྱ་མཚོ་ཆུ་གཏེར་ཆེན་པོ་འདྲ། །དགེ་བས་གང་ཞིག་སྔ་ཕྱི་རོ་གཅིག་འཛིན། །དུས་ཀུན་མི་ཉམས་དད་པའི་རླབས་གཡོ་བ། །ད་ལྟ་ཉིད་ནས་རྒྱུད་ལ་བརྟེན་པར་མཛོད། །བསྔོ་བ་མི་ཟད་ནམ་མཁའི་མཛོད་དང་འདྲ། །ཆོས་དབྱིངས་བསྡོས་པས་མི་ཉམས་གོང་དུ་འཕེལ། །ཆོས་སྐུ་རོ་གཅིག་གཟུགས་སྐུ་ལྷུན་གྱིས་གྲུབ། །ད་ལྟ་ཉིད་ནས་འཁོར་གསུམ་དག་པར་མཛོད། །རྗེས་སུ་ཡི་རང་ནམ་མཁའི་ཁམས་
(༢༧༥)དགའ་བ་བསྐྱེད། །བདོག་པ་འབྲས་བཅས་ལོངས་སྤྱོད་སྙིང་པོ་ཡོད། །ད་ལྟ་ཉིད་ནས་གཞན་དག་དགའ་བར་མཛོད། །སྙན་པར་སྨྲ་བ་ལྷ་ཡི་རྔ་སྒྲ་འདྲ། །འགྲོ་བའི་ཡིད་འཛིན་མཐོང་ན་མི་མཐུན་མེད། །དུལ་བའི་རྗེས་འགྲོ་དགའ་བ་བསྐྱེད་པས་ན། །ད་ལྟ་ཉིད་ནས་བསྟོད་པས་མགུ་བར་མཛོད། །ཞི་བའི་སྤྱོད་ལམ་དྲང་སྲོང་དམ་པ་འདྲ། །མི་དགེ་འགོག་ཅིང་འགྲོ་བའི་དད་པ་འཕེལ། །བཅོས་མའི་ཚུལ་སྤོངས་རང་བཞིན་དུལ་པའི་ངང་། །ད་ལྟ་ཉིད་ནས་སྤྱོད་ཡུལ་ཕུན་ཚོགས་མཛོད། །དམ་པའི་ཆོས་ཉིད་བདེ་གཤེགས་དབང་པོ་འདྲ། །ཀུན་དང་མཐུན་ཞིང་ཀུན་ལས་ཁྱད་པར་འཕགས། །ཀུན་དང་ཆ་མཐུན་ཀུན་དང་མི་འདྲ་བར། །ད་ལྟ་ཉིད་ནས་རྒྱུད་ལ་བརྟེན་པར་མཛོད། །དལ་འབྱོར་ལུས་འདི་སྒྱུ་མའི་ཁང་བཟང་འདྲ། །རེ་ཞིག་སྣང་ཡང་ནམ་འཇིག་ངེས་པ་མེད། །ཚེ་ལ་ལོང་མེད་འདུས་ཀྱང་འབྲལ་བའི་ཆོས། །ད་ལྟ་ཉིད་ནས་ཡང་ཡང་དྲན་པར་མཛོད། ལོངས་སྤྱོད་གྱོ་བ་སྟོན་ཀའི་སྤྲིན་དང་འདྲ།་།འབྱོར་བའི་རང་བཞིན་གང་དུ་རྒུད་པའི་ཆོས། །སྙིང་ནས་སྙིང་པོ་མེད་པའི་རང་བཞིན་དུ། །ད་ལྟ་ཉིད་ནས་
(༢༧༦)དང་འདྲ། །བསོད་ནམས་མཐའ་ཡས་དམིགས་མེད་རློམ་སེམས་བྲལ། །མི་གཡོ་རབ་ཏུ་དྭངས་པའི་རྣམ་པ་ཅན། །ད་ལྟ་ཉིད་ནས་ཡང་ཡང་བརྟེན་པར་མཛོད། །གཞན་ཡང་དྲན་པ་ལྕགས་ཀྱུ་བཟང་པོ་འདྲ། །སེམས་ཀྱི་གླང་པོ་མ་ཐུལ་མྱོས་པ་འཛིན། །ཉེས་ལས་རབ་ལྡོག་རང་བཞིན་དགེ་ལ་སྦྱོར། །ད་ལྟ་ཉིད་ནས་རྒྱུད་ལ་བརྟེན་པར་མཛོད། །ཤེས་བཞིན་མ་ཡེངས་མེལ་ཚེ་བཟང་པོ་འདྲ། །མི་དགེའི་རྐུན་པོས་གླགས་སྐབས་མི་རྙེད་ཅིང་། །དགེ་བའི་ནོར་མང་སྲུང་ལ་ཞུགས་པས་ན། །ད་ལྟ་ཉིད་ནས་ངེས་པར་བརྟེན་པར་མཛོད། །བག་ཡོད་ལྕགས་རི་འོབས་བཟང་བསྐོར་བ་འདྲ། །ཉོན་མོངས་ཆོམ་རྐུན་ཚོགས་ཀྱིས་མི་འཕྲོགས་ཤིང་། །ལས་ཀྱི་དགྲ་ལས་རྒྱལ་བའི་དཔུང་ཚོགས་ཅན། །ད་ལྟ་ཉིད་ནས་སེམས་བསྲུང་འབད་པར་མཛོད། །གཞན་ཡང་དད་པ་ཞིང་ས་བཟང་པོ་འདྲ། །འདོད་དགུ་འབྱུང་ཞིང་བྱང་ཆུབ་ལོ་ཐོག་བསྐྲུན། །འདི་ཕྱིར་བདེ་ཞིང་རྟག་ཏུ་ཕན་པ་སྒྲུབ། །ད་ལྟ་ཉིད་ནས་གོང་དུ་འཕེལ་བར་མཛོད། །གཏོང་ཕོད་པདྨའི་རྫིང་བུ་བཟང་པོ་འདྲ། །དམ་པ་འདུ་ཞིང་སྐྱེ་བོ་
(༢༧༧)ངེས་པར་རྟོགས་པར་མཛོད། །འགྲོ་ཀུན་མི་རྟག་སྔ་ཕྱིའི་མགྲོན་པོ་འདྲ། །རྒན་རབས་སྔོན་སོང་གཞོན་རབས་ཕྱི་ནས་འགྲོ། །ད་ལྟའི་རྣམས་ཀྱང་ལོ་བརྒྱར་གཅིག་མི་ལུས། །ད་ལྟ་ཉིད་ནས་ངེས་པར་རྟོགས་པར་མཛོད། །ཚེ་འདིའི་སྣང་བ་དེ་རིང་ཉིན་གང་འདྲ། །བར་དོའི་སྣང་བ་དོ་ནུབ་རྨི་ལམ་ཚུལ། །ཕྱི་མའི་སྣང་བ་སང་བཞིན་མྱུར་དུ་འོངས། །ད་ལྟ་ཉིད་ནས་དམ་པའི་ཆོས་མཛོད་ཅིག། དེ་ལྟར་ཆོས་ཀུན་འདྲ་བའི་དཔེས་བསྟན་ནས། །ཡང་ཅིག་དད་ལྡན་རྣམས་ལ་བསྐུལ་བ་ནི། །འདུས་པའི་ཐ་མ་འབྲལ་བའི་ཆོས་ཡིན་པས། །ཁོ་བོ་མི་སྡོད་ཐར་པའི་གླིང་དུ་འགྲོ། །འཁོར་བའི་ཆོས་ལ་ཡིད་བརྟོན་འགའ་མེད་པས། །སྐྱེ་མེད་ཆོས་སྐུའི་གཏན་སྲིད་ཟིན་པར་མཛོད། །འཇིག་རྟེན་སྣང་བ་སྒྱུ་མའི་བསླུ་བྲིད་མཁན། །བརྫུན་པའི་རང་བཞིན་སྒེག་མོ་གཡོན་ཅན་འདྲ། །དགེ་ལས་སེམས་འཕྲོག་ཉོན་མོངས་ཚོགས་འཕེལ་བས། །རིང་དུ་སྤོངས་ཏེ་དམ་པའི་ཆོས་མཛོད་ཅིག། ཆོག་ཤེས་མེད་ན་འབྱོར་ཡང་དབུལ་པོ་སྟེ། །འཇུངས་པའི་སེམས་ལ་ཁེངས་པའི་དུས་མེད་དོ། །
(༢༧༨)ཆོག་ཤེས་ལྡན་ན་འབྱོར་པའི་ཡང་རབ་ཡིན། །ཅུང་ཟད་མཆིས་ལའང་བདེ་བས་སེམས་གང་ངོ། །ཆང་དང་བུད་མེད་ཉོན་མོངས་འབྱུང་ཁུངས་ལ། །ཆགས་སྲེད་འདུན་པའི་སེམས་ནི་རབ་སྤངས་ཏེ། །དྲང་སྲོང་རྣམས་ཀྱི་སྤྱོད་ལ་རབ་གཞོལ་ནས། །དབེན་པའི་གནས་སུ་ཞི་བའི་དོན་སྒོམས་ཤིག། ཉིན་མཚན་མི་དལ་གཅིག་ཏུ་སེམས་དགེ་བ། །ཉེས་སྤངས་ཕན་པ་མཛད་དེས་གསུངས་བཞིན་དུ། །སྐད་ཅིག་མ་ཡེངས་དམ་པའི་ཆོས་མཛོད་ཅིག། འཆི་ཁར་མི་འགྱོད་མ་འོངས་ཕན་པ་འགྲུབ། །ཡང་ཅིག་ཡུན་རིང་ལས་སྨོན་དག་པ་ཡིས། །ཆོས་དང་དམ་ཚིག་འདྲེས་པའི་སློབ་མ་དག། འདུས་ཀྱང་འབྲལ་བའི་ཆོས་ཏེ་དཔོན་སློབ་གྱིས། །ཚོང་ཁང་མགྲོན་པོ་འདྲ་བར་མཁྱེན་པར་མཛོད། །སྙིང་ནས་གཅིག་ཏུ་ཕན་པའི་གཏམ་སྨྲས་པ། །ཡུལ་དང་ལོངས་སྤྱོད་མཛའ་བཤེས་གཉེན་འདུན་སོགས། །ཚེ་འདིའི་རྣམ་གཡེང་འདུ་འཛི་ཀུན་སྤངས་ལ། །ཞི་བའི་གནས་སུ་བསམ་གཏན་བསྒོམ་པར་མཛོད། །ཅིས་ཀྱང་མི་ཕན་འགྲོ་བའི་དུས་བྱུང་ཚེ། །འཆི་ཁར་མི་འཇིགས་དམ་པའི་ཆོས་དགོས་པས། །བླ་མའི་མན་ངག་
(༢༧༩)ཟབ་དོན་སྙིང་པོའི་ཆོས། །ད་ལྟ་ཉིད་ནས་གོམས་ཤིང་བརྩོན་པར་མཛོད། །ཀུན་གྱི་ནང་ནས་འོད་གསལ་སྙིང་པོའི་ཆོས། །ཀུན་གྱི་སྙིང་པོ་སྙིང་ཐིག་གསང་བའི་དོན། །ཀུན་ལས་མཆོག་གྱུར་ཚེ་གཅིག་སངས་རྒྱས་ལམ། །ཀུན་བཟང་བདེ་ཆེན་བསྒྲུབ་ལ་བརྩོན་པར་མཛོད། །གཞན་ཡང་ཟབ་དོན་བདུད་རྩིའི་སྙིང་པོ་ཅན། །དམ་པ་རྣམས་ལས་བརྒྱུད་པའི་ཆོས་བཙལ་ཏེ། །བརྩོན་པའི་སྟོབས་ཀྱིས་གཅིག་པུར་ཉམས་སུ་ལོངས། །མྱུར་དུ་རྒྱལ་བའི་གོ་འཕང་ཐོབ་པར་འགྱུར། །ད་ལྟ་ཉིད་ནས་བདེ་མཆོག་ཀུན་འགྲུབ་ཅིང་། །ཕྱི་མའི་དུས་ནའང་ཕན་པ་དམ་པའི་ཆོས། །མཐོང་དང་མ་མཐོང་ཆེ་བའི་ཡོན་ཏན་ཅན། །སྙིང་པོའི་དོན་ལ་དེང་ནས་བརྩོན་པར་མཛོད། །སྤྲིན་བྲལ་ཟླ་བ་གང་བའི་ཚོགས་གང་བ། །སྐར་མའི་བདག་པོ་དེ་ཡང་འཆར་དུ་ཉེ། །བླ་བྲེ་གདུགས་དང་རྒྱལ་མཚན་རོལ་མོའི་སྒྲ། །མཁའ་འགྲོའི་ཚོགས་མང་ལྷགས་པས་མཛེས་གྱུར་ཅིང་། །ཐུགས་རྗེ་མངའ་བའི་མགོན་པོ་པདྨའི་ཞལ། །དབུགས་འབྱིན་མཛད་པ་དེ་ཡིས་དེང་བཟུང་བས། །འགྲོ་བའི་དུས་བབས་
(༢༨༠)འགྲོན་པོ་ལམ་ཞུགས་བཞིན། །འཆི་བས་དགའ་བའི་རྙེད་པ་ལེགས་གྲུབ་པ། །རྒྱ་མཚོའི་དོན་ཡོངས་གྲུབ་པའི་ཚོང་པ་དང་། །གཡུལ་ལས་ནམ་པར་རྒྱལ་བའི་ལྷ་དབང་དང་། །བསམ་གཏན་གྲུབ་པའི་བདེ་བས་ཆེས་ལྷག་གོ། ད་ནི་མི་སྡོད་པདྨ་ལས་འབྲེལ་རྩལ། །འཆི་མེད་བདེ་ཆེན་བཙན་ས་འཛིན་དུ་འགྲོ། །ཚེ་ཟད་ལས་ཟད་སྨོན་ལམ་འཕན་པ་ཟད། །འཇིག་རྟེན་ཆོས་ཟད་ཚེ་འདིའི་སྣང་བ་ཟད། །བར་དོའི་ཡུལ་ལ་ཞིང་སྣང་རྒྱ་ཆེ་བས། །རང་སྣང་ངོ་བོ་སྐད་ཅིག་རང་རིག་ནས། །གདོད་མའི་ས་ལ་གཏན་སྲིད་ཟིན་དུ་ཉེ། །རང་ཉིད་འབྱོར་པས་གཞན་ཉིད་བློ་བདེ་བ། །སྤྲུལ་པའི་སྐྱེ་བས་ཐར་གླིང་ཕན་པ་བསྒྲུབ། །དེ་དུས་སློབ་མའི་དམ་པ་ཁྱེད་རྣམས་དང་། །ཕྲད་ནས་ཆོས་ཀྱི་དགའ་བས་ཚིམ་པར་སྨོན། །ད་རེས་ཚེ་འདིའི་འབྲེལ་བ་དེ་ལས་མེད། །ཕྱོགས་མེད་སྤྲང་པོ་གང་བདེར་ཤི་བ་ལ། །མྱ་ངན་མ་བྱེད་རྒྱུན་དུ་གསོལ་བ་ཐོབ། །དེ་སྐད་ཕན་པར་སྨྲ་བའི་སྙིང་གི་གཏམ། །དད་ལྡན་བུང་བ་དགའ་བསྐྱེད་པདྨའི་སྤྲིན། །ལེགས་སྨྲས་དགེ་བས་འགྲོ་བ་ཁམས་གསུམ་པོ། །གདོད་མའི་ས་ལ་མྱ་ངན་འདས་
(༢༨༡)པར་ཤོག། ཞལ་ཆེམས་དྲི་མ་མེད་པའི་འོད་ཅེས་བྱ་བ། །དྲི་མེད་འོད་ཟེར་གྱིས་གདམས་པ་རྫོགས་སོ། །བཀྲ་ཤིས་སོ། །༅། །རིན་ཆེན་ཤོག་སེར་སྐོར། ཞལ་ཆེམས་གནད་ཀྱི་མེ་ལོང་བཞུགས་སོ། ༈། ཞལ་ཆེམས་གནད་ཀྱི་མེ་ལོང་དུ་གདམས་པ། ཨེ་མ་ཧོ། །གནས་ལུགས་རིག་པ་ཀུན་བཟང་ཆོས་ཀྱི་སྐུ། །ལྷུན་གྲུབ་རིག་པ་འོད་གསལ་ལོངས་སྤྱོད་རྫོགས། །འཆར་ཚུལ་མ་འགགས་ཐུགས་རྗེ་སྤྲུལ་པའི་སྐུ། །གདོད་མའི་དབྱིངས་སུ་མཐར་ཕྱིན་རྟོགས་པས་འདུད། །ཡང་ཟབ་རྩེ་མོ་རྡོ་རྗེ་སྙིང་པོའི་དོན། །མཐའ་གྲོལ་ཀློང་ཡངས་དགོངས་དོན་གསང་བ་འདི། །མཐའ་དྲིལ་འུབ་ཆུབ་ཐིག་ལེ་ཉག་གཅིག་པོ། །ཕྱི་རབས་རྣམས་ལ་གདམས་པ་ཨེ་མ་ཧོ། ཨཱུརང་རིག་དབང་ཆེན་དབྱིངས་སུ་རྫོགས་པའི་དོན། །བླ་མས་མངོན་བསྟན་རྩལ་དབང་དམ་ཚིག་ལྡན། །འཁོར་འདས་སེམས་དང་ཡེ་ཤེས་ཤན་ཕྱེ་ལ། །ལྔ་ལྡན་དབྱིངས་སུ་ལྟ་དགོངས་ལ་ཟློས་ཤིག།། །རིག་སྟོང་ངོ་བོ་ཀ་དག་ཆོས་ཟད་དང་། །འཁོར་འདས་མིང་མེད་གསལ་དག་ཆོས་སྐུ་ལ། །གཟུང་འཛིན་ཡེ་གྲོལ་ཅོག་བཞག་
(༢༨༢)ཆོས་ཉིད་དུ། །ནང་དབྱིངས་ཁྲེགས་ཆོད་གདོད་མར་ཨེ་མ་ཧོ།། །།། ལྷུན་གྲུབ་གཞི་སྣང་ལྟ་སྟངས་གཟིགས་སྟངས་གཅུན། །ཕྱི་གནད་གཅུན་པས་ནང་དབྱིངས་ཆོས་ཟད་ངང་། །སྣང་བཞི་ཚད་ཕེབས་གདོད་མའི་དབྱིངས་སུ་གྲོལ། །ལྷུན་གྲུབ་ནང་དབྱིངས་འགྱུར་མེད་ཨེ་མ་ཧོ། ཨཿཐམས་ཅད་དབྱིངས་གཅིག་རང་བྱུང་རིག་པའི་ཀློང་། །གཞི་དང་གཞིར་སྣང་མཐར་ཟད་གདོད་མའི་དབྱིངས། །རང་དོན་ཆོས་སྐུ་འཕོ་འགྱུར་མེད་པ་ལ། །གཞན་དོན་གཟུགས་སྐུ་གཞི་སྣང་རོལ་པ་ཡིས། །ཐམས་ཅད་དོན་མཛད་ཕྲིན་ལས་རྒྱུན་མི་འཆད། །ཤིན་ཏུ་རྣམ་དག་འབྲས་བུ་ཨེ་མ་ཧོ། །གཞི་ལམ་འབྲས་བུ་ཐམས་ཅད་དབྱེར་མེད་ངང་། །རང་བྱུང་ཡེ་ཤེས་ཆེ་བ་ལྔ་དང་ལྡན། །ལྷུན་གྲུབ་རང་རྫོགས་ཆེན་པོའི་དོན་འདི་ཉིད། །ཚེ་གཅིག་གྲོལ་བའི་ཐེག་མཆོག་ཨེ་མ་ཧོ། །ཞལ་གདམས་གནད་ཀྱི་མེ་ལོང་གབ་པ་མངོན་དུ་ཕྱུང་བ། །སྦས་པ་གསལ་བར་སྟོན་པ། །དགོངས་པ་མངོན་དུ་ལྟ་བ། །འཕྲུལ་གྱི་མེ་ལོང་། །སྣ་ཚོགས་རང་གྲོལ་གྱི་རྣལ་འབྱོར་པ་པདྨ་ལས་འབྲེལ་རྩལ། །དྲི་མ་མེད་པའི་འོད་ཟེར་གྱིས། །མཐར་ཐུག་དོན་གྱི་སྙིང་པོ་ལྔ་ཕྱུང་སྟེ། །ཕྱི་རབས་ལ་གདམས་པ། །
(༢༨༣)ས་མ་ཡ། །རྒྱ་རྒྱ་རྒྱ། །དཔལ་སྔགས་ཀྱི་སྲུང་མ་བཤན་པ་སྲོག་སྒྲུབ་ནག་མོས་སྲུངས་ཤིག། དགེའོ། །༅། ཞལ་ཆེམས་མཐར་ཐུག་གཅིག་མ་བཞུགས་སོ། །ཨཱོྃ་ཨཱཿཧཱུྃ། །རྣལ་འབྱོར་པ་སྣ་ཚོགས་རང་གྲོལ་གྱིས། སྐལ་ལྡན་རྣམས་ལ་གདམས་པ། ཨེ་མ་ཧོ། མཐར་ཐུག་གཅིག་ཏུ་དྲིལ་ན་འདི་ལྟར་ཡིན། །སུས་ཀྱང་མ་བྱས་གདོད་ནས་རང་བྱུང་བའི། །སེམས་ཉིད་རྒྱལ་པོ་རང་བཞིན་རྫོགས་པ་ཆེ། །རིན་ཆེན་གཏེར་འདི་རྟག་ཏུ་ལྟ་བར་གྱིས། །མི་གཡོ་གསུམ་ལྡན་རླུང་རིག་མཁའ་ལ་གཏད། །རང་ལས་བྱུང་བའི་འོད་ཀྱི་ཁང་བཟང་ན། །རང་རིག་རྒྱལ་པོ་རྡོ་རྗེ་ལུ་གུ་རྒྱུད། །གསལ་སྟོང་འཛིན་མེད་ནམ་མཁའི་དཀྱིལ་དུ་འཆར། །སྣང་ལ་རང་བཞིན་མེད་པའི་ངང་ལ་ཞོག། དག་སྣང་དངོས་འདི་རྣམ་ཀུན་སྟོང་པའི་གཟུགས། །སྒྱུ་མ་སྨིན་རྒྱུ་ཆུ་ཡི་ཟླ་བ་འདྲ། །སྣ་ཚོགས་སེམས་འདི་འབྱུང་བ་རླུང་དང་མཚུངས། །གང་ཤར་དྲན་འཛིན་མ་བྱེད་གང་དགར་ཐོང་། །སྒོམ་དུ་མེད་དེ་རྣམ་ཀུན་སྟོང་པའི་གཟུགས། །གང་ཤར་རྒྱལ་པོ་ལྷུན་རྫོགས་ངང་ལ་རོལ། །རང་རིག་རང་གྲོལ་གྲོལ་བ་གཞན་ནས་མིན། །བཅོས་བསླད་མ་བྱེད་རང་བཞིན་
(༢༨༤)ལྷུག་པར་ཞོག། མི་འགྱུར་མཉམ་པའི་ངང་ལ་གནས་པ་ཡིན། །འདི་ལྟར་ཉམས་སུ་ལེན་པའི་རྣལ་འབྱོར་པ། །གང་ལ་ཞེན་ན་དེ་ཡང་ངེས་པར་ཐོང་། །དམིགས་གཏད་ཞེན་པ་བྱུང་ན་རྣལ་འབྱོར་མིན། །གང་ཤར་ཞེན་པ་མེད་ན་ཅི་དགར་རོལ། །ནང་གི་རང་གདངས་ཕྱི་རུ་ཤར་བའི་ཚེ། །ཤེས་ཉམས་སྣང་ཉམས་འཕེལ་འགྲིབས་ཅི་བྱུང་ཡང་། །དགག་སྒྲུབ་མ་བྱེད་རིག་པའི་ཆོ་འཕྲུལ་ཡིན། །གཏད་མེད་རྒྱལ་པོ་འཛིན་མེད་ངང་དུ་སྐྱུར། །བཟང་ངན་བླང་དོར་ཐམས་ཅད་སྤྲོས་པའི་ངང་། །གཉིས་སྣང་མཚན་མ་ཐམས་ཅད་འཁྲུལ་པའི་གཟུགས། །རྩོལ་སྒྲུབ་ཞེན་པ་ཐམས་ཅད་སྒྲིབ་བྱེད་ཉིད། །རེ་དོགས་འཆིང་བ་ཐམས་ཅད་ཞེན་པའི་རྒྱུ། །གདོད་མའི་ངང་འདི་།། །བརྗོད་འདས་གཞི་རྩ་བྲལ། །སྤང་བླང་རྩོལ་སྒྲུབ་རེ་དོགས་ཕྱོགས་རིས་མེད། །གནས་དེར་གནས་ན་ཀུན་ཀྱང་ཆོས་ཀྱི་སྐུ། །ཅོག་བཞག་རང་གྲོལ་འབད་མེད་གང་གིས་ཡུལ། །གནས་ལུགས་མཐོང་ན་གཞི་རྩ་གང་ཡང་མེད། །ཆིག་ཆོད་མཐོང་ལ་སྒོམ་པ་རྡུལ་ཙམ་མེད། །སྙེམས་དང་བྲལ་ལ་སྤྱོད་པ་ཡོད་མ་ཡིན། །ཁྲེགས་ཆོད་མཐོང་ལ་དྲན་འཛིན་གཉེན་པོ་མེད། །ཐོད་རྒལ་
(༢༨༥)མཐོང་ལ་སེམས་འཛིན་སྒོམ་པ་མེད། །རྣམ་རྟོག་བྱུང་ན་གང་ཤར་རང་གྲོལ་ཡིན། །རྩོལ་སྒྲུབ་མ་བྱེད་རང་བབས་ལྷུག་པར་ཤོག། སོ་མ་གཉུག་མ་མ་བཅོས་ཟང་ཐལ་ངང་། །ཅིར་སྣང་ཐམས་ཅད་ཆོས་སྐུའི་ཞིང་དུ་འཆར། །འདི་ཉིད་བླ་མའི་གདམས་ངག་ཀུན་དྲིལ་ནས། །ཕྱི་རབས་རྣལ་འབྱོར་རྣམས་ཀྱི་དོན་དུ་བཀོད། །འདི་ལྟར་ཉམས་སུ་ལོངས་ཤིག་རིགས་ཀྱི་བུ། །སངས་རྒྱས་ས་ལ་ཚེགས་མེད་བདེ་བླག་འགྲོ། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ངང་། །གཞན་དོན་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་འགྱུར། །གྲུ་ཆེན་ངོགས་ལ་འགྲོན་པོ་ཆས་པ་བཞིན། །དྲི་མེད་འོད་ཟེར་ཐར་པའི་གླིང་དུ་འགྲོ། །སྡོད་པའི་ཡུན་མེད་བརྩོན་པས་སྒྲུབས་ཤིག་བུ། །དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། དགེའོ། །
(༢༨༦)
(༢༨༧)བདེ་གཤེགས་རིགས་ལྔའི་སྒྲུབ་ཐབས་པདྨ་སྟོང་ལྡན་བཞུགས་སོ། །རིན་ཆེན་ཤོག་འདྲའི་སྐོར།
(༢༨༨)བདེ་བར་གཤེགས་པ་རིགས་ལྔའི་སྒྲུབ་ཐབས་པདྨ་སྟོང་ལྡན་ཞེས་བྱ་བ། གདོད་མའི་མགོན་པོ་འོད་མི་འགྱུར་བ་ལ་ཕྱག་འཚལ་ལོ། །ངོ་བོ་རྣམ་དག་ཆོས་སྐུའི་ནམ་མཁའ་ལ། །རང་བཞིན་འོད་གསལ་རིགས་ལྔ་ལོངས་སྤྱོད་རྫོགས། །ཐུགས་རྗེའི་སྤྲུལ་པས་འགྲོ་བའི་དོན་མཛད་པའི། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ། །སྣང་སྲིད་སྣོད་བཅུད་ཡེ་ནས་རིགས་ལྔའི་ཞིང་། །འོད་ལྔ་ལྷུན་རྫོགས་སྟོང་གསལ་ཇི་བཞིན་ཉིད། །རང་གཞན་འགྲོ་བ་ཀུན་གྱིས་བསྒྲུབ་པ་ཡི། །པདྨ་སྟོང་ལྡན་རྒྱས་པའི་ཚུལ་འདི་བཤད། །དེ་ལ་གསུམ་ལས། དང་པོ་ཕྱི་ལྟར་སྒྲུབ་པ་ནི། །སྐྱབས་སུ་འགྲོ་བ་དང་སེམས་
(༢༨༩)བསྐྱེད་ནས། སྐད་ཅིག་གིས་རང་གི་སྤྱི་བོར་ཨཱཿདཀར་པོ་ལས་འོད་འཕྲོས། རང་དང་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ཞིང་། ཨཱོྃ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅་ཧྃ་གིས་སྟོང་པ་ཉིད་ཀྱི་ངང་ལས། ཨཱོྃ་ཛྲ་དྷརྨ་དྷཱརྟུ་ཨཱདྨ་ཀོ྅་ཧྃ་གིས་ཀུན་ལ་ཁྱབ་པའི་སྙིང་རྗེ་བསྒོམ་ནས། །ཨཱོྃ་བཛྲ་ཙིཏྟ་ཧཱུྃ་གིས་རང་གི་སེམས་ཧཱུྃ་དུ་གྱུར་པ་ལས། འོད་ཟེར་ཨེའི་རྣམ་པ་གྲངས་མེད་པ་འཕྲོས་པས། སྣང་སྲིད་ཐམས་ཅད་ནམ་མཁའ་གཅིག་ཏུ་གྱུར་པའི་ངང་ལས། ཡང་ཧཱུྃ་དེ་ཉིད་ཀྱི་འོད་ཟེར་ཡྃ་བྃ་ལྃ་བྷྲཱུྃ་གྱི་རྣམ་པར་འཕྲོས་པས། རླུང་གི་དཀྱིལ་འཁོར་གྱི་སྟེང་དུ། རྒྱ་མཚོའི་སྟེང་དུ་གསེར་གྱི་ས་གཞི་ཆུས་གང་བའི་
(༢༩༠)དབུས་རི་རབ་ཀྱི་སྟེང་དུ་པདྨ་ཉི་མ་དང་ཟླ་བའི་དབུས་སུ་རིན་པོ་ཆེའི་གཞལ་ཡས་ཁང་ཆེན་པོ་སྒོ་རྟ་བབས་དཀྱིལ་འཁོར་གྱི་བཀོད་པ་རྫོགས་པ་ལས། བྷྲཱུྃ་བྷི་ཤུདྡྷེ་ཛྙཱ་ན་ཙཀྲ་བྷྲཱུྃ་གྱིས་སྟོང་གསུམ་གྱི་འཇིག་རྟེན་དང་མཉམ་པའི་དབུས་སུ་སེང་གེའི་ཁྲི། ཤར་དུ་གླང་པོ་ཆེ། ལྷོར་རྟ་མཆོག། ནུབ་ཏུ་རྨ་བྱ། བྱང་དུ་ཤང་ཤང་རྣམས་ཀྱི་སྟེང་དུ་པདྨ་ཉི་ཟླའི་དབུས་སུ། ཨཱོྃ་ཧཱུྃ་ཏྲཱྃ་ཧྲཱིཿཨཱ་ལས་འོད་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་པས་ས་བོན་རྣམས་རིམ་པ་བཞིན་འཁོར་ལོ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། རལ་གྲིར་གྱུར། མཚམས་ཀྱི་པད་ཟླ་བཞིའི་སྟེང་ན་ཨེ་བྃ་ལྃ་རྃ་ཡྃ་ལས་ཕྱག་མཚན་ལྔར་གྱུར། སླར་ཡང་འོད་འཕྲོས་སྣོད་བཅུད་ལྷ་དང་ལྷ་མོར་གྱུར། འོད་ཟེར་ཚུར་འདུས་ཕྱག་མཚན་ལས། དབུས་སུ་རྣམ་སྣང་ཡབ་ཡུམ་གཉིས་སུ་མེད་པ། མཐིང་ག་ཡབ་ཀྱི་ཕྱག་གཡས་འཁོར་ལོས་ཡུ་བ་བྱས་པའི་རྡོ་རྗེ་དང་། ཤར་དུ་མི་བསྐྱོད་པ་དཀར་པོ་རྡོ་རྗེ་གཡས། ལྷོར་རིན་ཆེན་འབྱུང་ལྡན་སེར་པོ་རིན་པོ་ཆེས་མཚན་པའི་རྡོ་རྗེ་གཡས། ནུབ་ཏུ་འོད་དཔག་མེད་པདྨས་མཚན་པའི་རྡོ་རྗེ་གཡས། བྱང་དུ་དོན་ཡོད་གྲུབ་པ་ལྗང་གུ་རལ་གྲིས་མཚན་པའི་རྡོ་རྗེ་གཡས། མེར་དམར་པོ་
(༢༩༡)མཱ་མ་ཀཱི་དཀར་མོ། སྲིན་པོར་སངས་རྒྱས་སྤྱན་སེར་མོ། རླུང་དུ་གོས་དཀར་མོ་དམར་མོ། དབང་ལྡན་དུ་དམ་ཚིག་སྒྲོལ་མ་ལྗང་གུ། ཡབ་རྣམས་ཀྱི་གཡོན་ན་ དྲིལ་བུ ་དང་། ཡུམ་རྣམས་གཡས་གཡོན་གྲི་གུག་དང་ཐོད་པ་འཛིན་པ། ཐམས་ཅད་ཀྱང་རྡོ་རྗེའི་སྐྱིལ་མོ་ཀྲུང་། རིན་པོ་ཆེའི་དབུ་རྒྱན་མགུལ་རྒྱན། ཕྱག་གདུབ་ཞབས་གདུབ་ལ་སོགས་པས་བརྒྱན་པ། ལོངས་སྤྱོད་རྫོགས་པའི་སྐུའི་རྣམ་པའོ། །ཡུམ་བཞིའི་ཐུགས་ཀ་ནས་ཛཿཧཱུྃ་བྃ་ཧོཿབཞི་འཕྲོས་པས་སྒོ་བཞིའི་པད་ཟླ་ཉི་མའི་སྟེང་དུ་ཡོངས་སུ་གྱུར་པ་ལས་སྒོ་མ་བཞི་སྟེ། ཛཿལས་ཤར་སྒོར་ལྕགས་ཀྱུ་མ་དཀར་མོ་ལྕགས་ཀྱུ་འཛིན་པ། ཧཱུྃ་ལས་ལྷོ་སྒོར་ཞགས་པ་མ་སེར་མོ་ཞགས་པ་འཛིན་པ། བྃ་ལས་ནུབ་སྒོར་ལྕགས་སྒྲོག་མ་དམར་མོ་ལྕགས་སྒྲོག་འཛིན་པ། ཧོཿལས་བྱང་སྒོར་དྲིལ་བུམ་ལྗང་གུ་ དྲིལ་བུ ་འཛིན་པ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་སེམས་དཔའི་སྐྱིལ་མོ་ཀྲུང་དང་ཆ་ལུགས་སུ་བཞུགས་པའོ། །དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾཱ་དཀར་པོ། །མགྲིན་པར་ཨཱཿདམར་པོ། །ཐུགས་ཀར་ཧཱུྃ་མཐིང་གའོ། །ཨཱོྃ་བཛྲ་རཀྵ་རཀྵ་ཧཱུྃ་
(༢༩༢)ནས་སྤྱི་བོར་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་ལས་རྡོ་རྗེའི་འདྲྭ་བས་ལུས་ཐམས་ཅད་གཏམས་པར་གྱུར། དེ་ཐམས་ཅད་ཀྱི་ཐུགས་ཀར་པདྨ་ཉི་ཟླའི་དབུས་སུ་རང་གི་ས་བོན་ལས་འོད་འཕྲོས་པས། རང་རང་གི་ཕྱོགས་ནས་རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ་བྱོན། ཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་ཐིམ་ནས། སྐུ་ལས་འོད་ཟེར་འཕྲོས་པས་སྣོད་བཅུད་ཐམས་ཅད་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་བསམས་ལ། སྙིང་གའི་ས་བོན་ལ་རྩ་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོ་འདུས་སེམས་ཅན་གྱི་དོན་བྱེད་པར་བསམས་ལ། ཨཱོྃ་ཛིན་ཛིཀ་ལྃ་ཏེ་ཤྭ་ར་ཏི་སྟྃྭ། ཧཱུྃ་བཛྲ་དྷྲྀཀ་མུྃ་ད་ཏུ་ཤྭ་རི་སྟྃྭ། སྭཱ་རཏྞ་དྷྲྀཀ་མྃ་མོ་ཧ་ར་ཏི་སྟྃྭ།་ཨཱྃ་ཨ་རོ་ལིག་པྱྃ་རཱ་ག་ར་ཏི་སྟྃྭ། ཧཱ་པྲཛྙཱ་དྷྲྀཀ་ཏྃ་བཛྲ་ར་ཏི་སྟྃྭ། ཛཿཧཱུྃ་བྃ་ཧོཿསིདྡྷི་ཧཱུྃ། ཞེས་ཅི་འགྲུབ་བཟླས་པའི་མཐར། སྣང་སྲིད་ཐམས་ཅད་ལྷ་ལ་བསྡུ། ལྷ་རྣམས་ས་བོན། ས་བོན་མི་དམིགས་པའི་ངང་ལ་བཞག་ནས་བསྔོ་བ་བྱའོ། །དེས་ནི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག། ནུས་པ་ཐོན། སྐུ་གསུམ་དུ་གནས་འགྱུར། དུག་ལྔ་ཡེ་ཤེས་ལྔར་གྲོལ་ནས། རབ་ཚེ་འདི། འབྲིང་བར་དོ། ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་དུ་འཚང་རྒྱའོ། །རིགས་ལྔ་ཕྱི་ལྟར་སྒྲུབ་པ་རྫོགས་སོ། །གཉིས་
(༢༩༣)པ་ནང་ལྟར་སྒྲུབ་པ་ནི། སྐྱབས་འགྲོ་སེམས་བསྐྱེད་བྱས་ནས། སྐད་ཅིག་གིས་རང་ཉིད་ཀུན་བཟང་ཡབ་ཡུམ་མཐིང་ག་འཁྲིལ་སྦྱོར་ཕྱག་མཚན་ཡབ་རྡོ་རྗེ་དྲིལ་བུ། ཡུམ་གྲི་གུག་ཐོད་པ་འཛིན་པ། སྐྱིལ་མོ་ཀྲུང་རིན་པོ་ཆེ་དང་རུས་པས་བརྒྱན་པའི་སྤྱི་བོར་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དཀར་པོ། མགྲིན་པར་རིན་ཆེན་འབྱུང་ལྡན་ཡབ་ཡུམ་སེར་པོ། སྙིང་གར་རྣམ་པར་སྣང་མཛད་ཡབ་ཡུམ་མཐིང་ག། ལྟེ་བར་སྣང་བ་མཐའ་ཡས་ཡབ་ཡུམ་དམར་པོ། གསང་བར་དོན་ཡོད་གྲུབ་པ་ཡབ་ཡུམ་ལྗང་གུ། ཕྱག་མཚན་གཙོ་བོ་ཡབ་ཡུམ་དང་འདྲ་བའོ། །ཡན་ལག་བཞི་ལ་སྒོ་མ་བཞི་སྔར་བཞིན་ཏེ། ལག་པ་གཡས་པ་ལ་ལྕགས་ཀྱུ་མ། གཡོན་པ་ལ་ཞགས་པ་མ། རྐང་པ་གཡས་པ་ལ་ལྕགས་སྒྲོག་མ། གཡོན་པ་ལ་ དྲིལ་བུ ་མ་བསྐྱེད་ལ། ཨཱོྃ་ཨཱཿཧཱུྃ། ཨཱོྃ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿསིདྡྷི་ཕ་ལ་ཧཱུྃ་ཛཿཞེས་བཟླས་ཤིང་། འཇའ་ཚོན་ལྟ་བུའི་སྐུ་སྣང་ལ་རང་བཞིན་མེད་པས་གྲགས་སྟོང་དུ་བཟླས་པའི་མཐར། ཐམས་ཅད་སྣང་སྟོང་དབྱེར་མེད་འོད་གསལ་གྱི་ངང་ནས་བསྔོ་བ་བྱའོ། །དེས་ནི་ཉོན་མོངས་པ་ལྔ་ཡེ་ཤེས་སུ་གྱུར་ཏེ་ཕྲིན་ལས་བཞིས་སེམས་ཅན་གྱི་དོན་བྱེད་ཅིང་ཚེ་འདིར་གྲོལ་བར་འགྱུར་རོ། །ནང་
(༢༩༤)སྒྲུབ་རྫོགས་སོ། །གསུམ་པ་གསང་སྒྲུབ་ནི། རང་ཉིད་རྟ་མགྲིན་དཔའ་བོ་ཡུམ་རྡོ་རྗེ་ཕག་མོ་དམར་མོ་འཁྲིལ་སྦྱོར་གྲི་གུག་དང་ཐོད་པ་འཛིན་པའི་སྤྱི་བོར་རྩ་འདབ་སུམ་བརྒྱ་དྲུག་ཅུ་ལ། རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་དཀར་མོ་རྡོ་རྗེས་མཚན་པའི་གྲི་གུག་དང་ཐོད་པ་འཛིན་པ་རྩ་འདབ་ཀྱི་གྲངས་དང་མཉམ་པའི་ཐུགས་ཀར་ཧ་ལ་ཨ་ར་ནི་སས་བསྐོར་བ། མགྲིན་པ་རྩ་འདབ་བཅུ་དྲུག་ལ་རིན་ཆེན་མཁའ་འགྲོ་ཡབ་ཡུམ་སེར་མོ་རིན་པོ་ཆེས་མཚན་པའི་གྲི་གུག་དང་ཐོད་པ་འཛིན་པའི་ཐུགས་ཀར་རི་ལ་ཧ་ཨ་ནི་སས་བསྐོར་བའོ། །སྙིང་གར་རྩ་འདབ་སུམ་ཅུ་རྩ་གཉིས་ལ་སངས་རྒྱས་མཁའ་འགྲོ་ཡབ་ཡུམ་སྔོན་མོ་འཁོར་ལོས་མཚན་པའི་གྲི་གུག་དང་ཐོད་པ་འཛིན་པའི་ཐུགས་ཀར་ཨ་ལ་ཧ་རི་ནི་སས་བསྐོར་བའོ། །ལྟེ་བར་རྩ་འདབ་དྲུག་ཅུ་རྩ་བཞི་ལ་པདྨ་མཁའ་འགྲོ་ཡབ་ཡུམ་དམར་མོ་པདྨས་མཚན་པའི་གྲི་གུག་དང་ཐོད་པ་འཛིན་པའི་ཐུགས་ཀར་ནི་ལ་ཧ་རི་ཨ་སས་བསྐོར་བའོ། །གསང་བར་རྩ་འདབ་ཉི་ཤུ་རྩ་བརྒྱད་ལ་ལས་ཀྱི་མཁའ་འགྲོ་ཡབ་ཡུམ་ལྗང་གུ་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པའི་གྲི་གུག་དང་ཐོད་པ་འཛིན་པའི་ཐུགས་ཀར་ས་ལ་ཧ་རི་ནི་ཨས་བསྐོར་བའོ། །གཞན་ཡང་ལུས་ཀྱི་ཕྱི་ནང་བར་གསུམ་ཐམས་
(༢༩༥)ཅད་མཁའ་འགྲོ་ཏིལ་གྱི་གོང་བུ་ཁ་བྱེ་བ་ཙམ་གྲི་གུག་དང་ཐོད་པ་འཛིན་པ་དང་། གྲུ་མོར་ཁ་ཊྭྃ་ག་འཛིན་པར་བསམས་ལ། ཨཱོྃ་ཨཱཿཧཱུྃ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིང་ཧྲིང་ཛཿཛཿཨཱོྃ་བུདྡྷ་བཛྲ་རཏྞ་པདྨ་ཀརྨ་ཌཱ་ཀི་ནི་ར་ཙ་ཧྲི་ཡ་ཙིཏྟ་ཧྲིང་ཧྲིང་ཛཿཛཿཞེས་བཟླས་ལ། སྣང་སྲིད་དབང་དུ་བསྡུས་པར་བསམ་མོ། །རྗེས་སྣང་སྟོང་སྐྱེ་མེད་ཀྱི་ངང་ནས་བསྔོ་བ་བྱ་བ་ནི། ལམ་བསྐྱེད་པའི་རིམ་པ་སྟེ། དངོས་གྲུབ་ཆར་བཞིན་འབབ། སྒོ་གསུམ་ནུས་པ་འབར། སེམས་ཉིད་ཀ་དག་གི་དོན་མྱུར་དུ་རྟོགས་པར་འགྱུར་རོ། །རྫོགས་པའི་རིམ་པ་ལ་གཉིས་ལས། ལྟ་བ་ཁྲེགས་ཆོད་ནི། རང་རིག་མི་འགྱུར་ཀུན་ཏུ་བཟང་། །རིག་རྩལ་མ་འགགས་རིགས་ལྔ་སྟེ། །ཡེ་ཤེས་རང་གྲོལ་སྒོ་མ་བཞི། །གང་ཤར་ཆོས་ཉིད་རོལ་པ་ལ། །སྤང་བླང་དགག་སྒྲུབ་རེ་དོགས་མེད། །ཇི་ལྟར་རྒྱ་མཚོའི་དབའ་རླབས་བཞིན། །རང་ལས་ཤར་ཞིང་རང་དུ་གྲོལ། །སྐྱེ་མེད་བསམ་ཡུལ་ཀུན་ལས་འདས། །འདི་ཡིན་གཟའ་གཏད་ཕྱོགས་རིས་མེད། །ཐམས་ཅད་རང་གྲོལ་གཉུག་མའི་ངང་། །འགྱུར་མེད་གདོད་མའི་ཆོས་སྐུ་ཡིན། །འདི་ལྟར་སྣང་ཞིང་སྲིད་པའི་ཆོས་རྣམས་
(༢༩༦)ཀུན། །སྒྱུ་མ་རྨི་ལམ་འདྲ་བར་ཤེས་བྱ་སྟེ། །ངོ་བོ་རྟེན་མེད་རང་བཞིན་སོ་སོར་གསལ། །ཐུགས་རྗེ་འགགས་མེད་ཕྱོགས་རིས་འཛིན་པ་མེད། །ཇི་ལྟར་རྨི་ལམ་གྲོང་ན་སྒྱུ་མའི་བུ། །སྣ་ཚོགས་བདེ་སྡུག་ཡུལ་ལ་སྤྱོད་པ་ལྟར། །ཐམས་ཅད་སྣང་སྟོང་གཞི་མེད་རྩ་བ་བྲལ། །ཡེ་གྲོལ་རང་གྲོལ་ཤར་གྲོལ་ངོ་བོར་གྲོལ། །གཏད་མེད་རྒྱལ་པོ་འཛིན་མེད་བློ་བདེ་བ། །གང་སྣང་གྲོགས་སུ་འཆར་བའི་རང་བཞིན་ལ། །སྤང་བླང་འཁྲུལ་པའི་བྱུང་ཁུངས་ཟད་པ་ཡིན། །འདི་ལྟར་རྟོགས་ན་སྣང་སྲིད་ཆོས་སྐུའི་ཞིང་། །བདེ་ཆེན་མི་འགྱུར་འོག་མིན་མཁའ་སྤྱོད་ཡིན། །ཆོས་རྣམས་མ་སྐྱེས་བསྒོམ་དུ་མེད་པ་ལ། །འདི་ཞེས་མི་མཚོན་སུ་ཞིག་སྒོམ་པར་བྱེད། །གང་ལྟར་བཏགས་པ་དེ་ལྟར་གཟུང་འཛིན་ཏེ། །ལྟ་སྒོམ་སྤྱོད་པའི་གཟེབ་ཀྱིས་འཆིང་ཅི་དགོས། །ཐམས་ཅད་རང་གྲོལ་ལྟ་བའི་རྒྱལ་པོ་མཆོག། གཏང་མེད་གང་ཤར་སྒོམ་པའི་རྒྱལ་པོ་མཆོག། བླང་དོར་འཛིན་མེད་སྤྱོད་པའི་རྒྱལ་པོ་མཆོག། རེ་དོགས་བྲལ་ན་འབྲས་བུའི་རྒྱལ་པོ་མཆོག། ཇི་ལྟར་སྣང་སྟེ་སྣང་རུང་མི་སྣང་རུང་། །འདི་ཞེས་མ་འཛིན་མེ་ལོང་གཟུགས་བརྙན་བཞིན།
(༢༩༧)། རྐྱེན་ལས་སྐྱེས་པ་རང་སར་ངང་གིས་གྲོལ། །ཆོས་ཉིད་རྩ་བྲལ་སྟོང་རུང་མི་སྟོང་རུང་། །ཆེད་ཀར་མ་སྒོམ་གཉིས་མེད་དོན་མ་ཚོལ། །ཡེ་གྲོལ་སོར་གཞག་གདོད་མའི་ངང་དུ་གྲོལ། །སྣང་དང་མི་སྣང་སྟོང་དང་མི་སྟོང་ཀུན། །བྱིས་པའི་བློ་ཡིས་མཚན་མར་བཟུང་བ་སྟེ། །ཡང་དག་དོན་ལ་འདི་ཞེས་ངོས་གཟུང་མེད། །ནམ་མཁའ་ཙམ་དུའང་དཔེར་བྱའི་ཡུལ་ལས་འདས། །བསམ་བརྗོད་སྤྲོས་པའི་ཡུལ་ལས་ཡེ་ནས་འདས། །དེ་ལ་སྒོམ་ན་དངོས་འཛིན་འཁྲུལ་པའི་བློ། །རྟག་ཆད་གཟེབ་ཏུ་རང་ཉིད་འཆིང་བར་ཟད། །རྟོགས་དང་སྒོམ་དང་དཔྱོད་པའི་ཚོལ་འཕྲོ་ཞོག། རང་བཞག་ཕྱམ་གཅིག་གཉིས་མེད་ཆོས་སྐུའི་ངང་། །ད་ལྟའི་འདི་ཉིད་གདོད་མའི་གཤིས་ཀྱི་དོན། །སྐད་ཅིག་གང་སྣང་དེ་ཡིན་བློ་བདེའོ། །འདི་ལྟར་རྟོགས་ནས་ཅི་བྱས་ཆོས་ཉིད་ངང་། །རྩ་བ་བྲལ་བས་འབྲས་བུ་འབྱིན་པ་མེད། །འཁོར་འདས་འཛིན་པ་ཀུན་ལས་གྲོལ་བ་ཡིན། །པདྨ་ལས་འབྲེལ་རྩལ་གྱིས་བསྟན་ནས་སོང་། །ཞེས་པའོ། །སྒོམ་པ་ལྷུན་གྲུབ་པ་ནི་དེ་བཞིན་གཤེགས་པའི་གསང་སྒོ་ཕྱེ་སྟེ། སེམས་དང་། ཡིད་དང་། དབང་པོའི་ལྟ་
(༢༩༨)སྒོམ་ཀུན་ལས་འདས་པའི་ངང་ལས་དྲན་བསམ་གྱི་རྩོལ་སྒྲུབ་ཞིག་པས། བབས་ལུགས་ཆེན་མོར་གདོད་མ་ནས་གནས་པའོ། །སྣ་ཚོགས་དྲན་བསམ་ཀུན་ལས་འདས་པའི་ངང་། །དག་པའི་མཁའ་ལ་དབྱིངས་རིག་གཟེར་ཆེན་བཏབ། །སྣང་མིན་སྟོང་མིན་མུ་བཞི་འདས་པའི་དོན། །ལྔ་ལྡན་འོད་གསལ་དོན་དམ་སྙིང་པོ་ནི། །སྣང་བས་སྟོང་སྟེ་མེ་ལོང་གཟུགས་བརྙན་འདྲ། །སྟོང་པས་སྣང་སྟེ་ཆུ་ཟླའི་རང་བཞིན་ཉིད། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་གདངས། །གསང་སྔགས་ཀུན་གྱི་ཡང་གསང་རྫོགས་པ་ཆེ། །མཁའ་འགྲོ་སྙིང་ཐིག་གསང་བའི་སྙིང་པོ་ཡིན། །ཁྱབ་གདལ་ཆེན་པོའི་རིན་ཆེན་ཕོ་བྲང་དུ། །འཛིན་མེད་མིག་གི་ཡེ་ཤེས་ལྕགས་ཀྱུ་ཡིས། །རྒྱ་ཆེ་གཟུང་དཀའི་དབྱིངས་རིག་གཟེར་བཏབ་ནས། །མཐའ་གྲོལ་ཀློང་ཡངས་ཆེན་པོའི་དགོངས་པར་བསྐྱལ། །ཟབ་མོའི་གནད་བསྡུས་བཅུད་ཀྱི་སྙིང་པོ་འདི། །དྲི་མེད་འོད་ཟེར་བདག་གིས་བསྟན་ནས་སོང་། །རིགས་ལྔ་གསང་བར་སྒྲུབ་པ་རྫོགས་སོ། །དེ་ལྟར་རིག་ལྔ་ཡེ་ཤེས་ལྔ་ཡི་དངོས། །ཡེ་ནས་བདག་དང་དབྱེ་བ་མེད་པ་ལ། །མ་རིག་འཛིན་པས་སྲིད་པའི་དགོན་
(༢༩༩)པར་འཁྱམས། །སྡུག་བསྔལ་སྲ་འཐིབས་མུན་པའི་ནགས་ཁྲོད་ལ། །བདག་དང་འགྲོ་ཀུན་ཡུན་རིང་ཉོན་རེ་མོངས། །དེ་རིང་བླ་མ་མགོན་པོའི་གསུང་ཐོས་ནས། །ཐམས་ཅད་རང་བྱུང་སངས་རྒྱས་ཞིང་དུ་སྣང་། །ཨེ་མ་ཡ་མཚན་ངོ་མཚར་བློ་རེ་བདེ། །དེས་ན་སྲིད་པའི་འཁྲུལ་པ་གཞལ་སླ་བས། །གྲོགས་དག་ཚུར་ཉོན་སྐད་ཅིག་རིག་པའི་མཆོག། དེ་ཕྱིར་སྙིང་པོའི་དོན་འདི་བླང་བར་མཛོད། །འཁོར་བའི་རྒྱ་མཚོ་ཚེ་འདིས་གྲོལ་བ་ཡིན། །དགེ་བ་འདི་ཡིས་འགྲོ་ཀུན་རང་གྲོལ་ཏེ། །གདོད་མའི་གནས་སུ་ལྷུན་གྱིས་གྲུབ་པར་ཤོག། ཚུལ་འདི་རྒྱལ་སྲས་དྲི་མེད་འོད་ཟེར་གྱིས། །གངས་རི་ཐོད་དཀར་འཕགས་པའི་རི་ངོགས་སུ། །རིན་ཆེན་ཤོག་འདྲའི་ངོས་ལ་ལེགས་པར་བཀོད། །སྐལ་ལྡན་སྐྱེ་བོའི་ཚོགས་ཀུན་དགའ་བར་མཛོད། །བདེ་བར་གཤེགས་པ་རིགས་ལྔའི་གསང་སྒྲུབ་པདྨ་སྟོང་ལྡན་ཞེས་བྱ་བ་མཁའ་འགྲོ་སྙིང་ཏིག་གི་རྣལ་འབྱོར་པ། དྲི་མེད་འོད་ཟེར་གྱིས་སྟོན་གསུམ་གངས་རི་ཐོད་དཀར་དུ་སྦྱར་བ་རྫོགས་སོ། །དགེའོ། རིགས་ལྔའི་བཅུད་ལེན་བདུད་རྩིའི་ཐིགས་པ་བཞུགས་སོ། །རིན་ཆེན་ཤོག་འདྲའི་སྐོར། རིགས་ལྔའི་བཅུད་ལེན་བདུད་རྩིའི་ཐིགས་པ་ཞེས་བྱ་བ། དཔལ་
(༣༠༠)དོན་ཡོད་གྲུབ་པ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཡེ་ཤེས་རྒྱ་མཚོའི་སྙིང་པོ་ལས། །མཁྱེན་བརྩེའི་ཆུ་འཛིན་ཐུགས་རྗེའི་གློག་ཕྲེང་ཅན། །ཕན་བདེའི་ཆར་གྱིས་འགྲོ་བ་ཚིམ་མཛད་པ། །བདེ་གཤེགས་རིག་འཛིན་རྣམས་ལ་ཕྱག་འཚལ་ལོ། །མཁའ་འགྲོ་སྙིང་ཏིག་གསང་བའི་སྙིང་པོ་ལས། །ཟབ་དོན་བདུད་རྩིའི་ཐིགས་པ་འདིར་བསྡུས་ཏེ། །ཕྱི་རབས་སྐལ་ལྡན་རྣམས་ཀྱི་དོན་ཆེད་དུ། །དྲི་མེད་འོད་ཟེར་བདག་གིས་སྣང་བར་བྱ། །ཕྱི་ནང་འབྱུང་བ་ཐམས་ཅད་ཡེ་ཤེས་གདངས། །ཡེ་ཤེས་དངོས་ལས་ཡེ་ནས་གྲུབ་པས་ན། །ཕྱི་ཡི་འབྱུང་བའི་བཅུད་ལྔ་ལ་བརྟེན་ནས། །ནང་གི་འབྱུང་བ་རྣམ་ལྔའི་གསོས་སྨན་བཤད། །དང་པོ་ས་ཡི་བཅུད་ལེན་ནི། །ས་ཚིལ་རྡོ་ཚིལ་ཁྲོལ་བུ་གསུམ། །རྣལ་འབྱོར་པ་ཡི་བཟའ་བའི་ཕྱིར། །འདི་ཉིད་དུ་ཡང་བཤད་པར་བྱ། །དེ་ལས་ཚིལ་ནི། སྔོན་བསྐལ་པ་བཟང་པོའི་དུས་ན། སའི་ཚིལ་ཞག་ཆགས་པ་གད་རྫོང་དང་རི་ངོགས་དང་ཐང་ཡངས་བཟང་པོ་ལ་སྣང་བ་སྟེ། །རིགས་ལྔའི་མདོག་དང་མཐུན་པ་ལ་སྦྲང་རྩིའི་རོ་ལྟར་མངར་ཞིང་སོ་མི་བསག་པ་སྟེ། རྣལ་འབྱོར་པས་བླངས་ལ། དང་པོ་ཕྱེ་དང་སུམ་ཆ་སུམ་གཉིས། དེ་ནས་ཕྱེ་ཕྱེད། རིམ་གྱིས་ས་ཉིད་ལ་སློབ་ཅིང་། བདག་ཉིད་རིན་
(༣༠༡)ཆེན་མཁའ་འགྲོ་སེར་མོ་གཡས་རིན་པོ་ཆེས་མཚན་པའི་གྲི་གུག་དང་། གཡོན་ཐོད་པ་ཁྲག་གིས་ཁེངས་པ་བསྣམས་པའི་ལུས་ཀྱི་འཁོར་ལོ་ལྔའི་ནང་ན། ཧ་རི་ནི་ས་ཨ་རྣམས་དཀར་སེར་དམར་ལྗང་མཐིང་གར་གནས་པ་ལ། མཐའ་སྐོར་དུ་ཡི་གེ་བཞི་བཞིས་བསྐོར་བའི་མགྲིན་པའི་རི་སེར་པོ་ལ་ཧ་ཨ་ནི་ས་སེར་པོས་བསྐོར་བ་ལས་བདུད་རྩི་བབས་པས། ལུས་ཐམས་ཅད་གང་བར་བསམ་ཞིང་། རླུང་ཁ་སྦྱར་ལ་བསྒོམ་ཞིང་ཨཱྃཿརི་ཧ་ཨ་ནི་ས་སིདྡྷི་ཕ་ལ་ཨཱཿཧཱུྃ་ཞེས་ཉེར་གཅིག་བཟླས་ཏེ་ཕྱོགས་བཅུའི་བླ་མ་ཡི་དམ་མཁའ་འགྲོ་སྣང་སྲིད་སྣོད་བཅུད་ཐམས་ཅད་ཀྱི་གཟི་བརྗིད་དང་། ཚེ་དང་། འོད་ཟེར་དང་ནུས་མཐུ་རྣམས་རང་གི་མགྲིན་པའི་ཡི་གེ་ཉིད་ལ་ཐིམ་པར་བསམ་མོ། །དེ་ལྟར་བསྒོམས་ནས་མཐར་བསྔོ་བ་བྱའོ། །དེའང་མར་དུམ་རེ་བཅུག་པས་གེགས་མེད་ཅིང་འབྱོངས་རྟགས་ཤིན་ཏུ་ཉེའོ། །རྟགས་སུ་ལུས་འཇམ་ཞིང་གཉེར་མ་མེད་པ་དང་། སེམས་གསལ་ཞིང་ཏིང་ངེ་འཛིན་འཕེལ་བ་དང་། ངག་ནུས་ཆེ་ཞིང་བྱིན་རླབས་དང་ལྡན་པ་དང་། མཁའ་འགྲོ་འདུ་ཞིང་ཀུན་གྱིས་མཐོང་ན་ཡིད་དུ་འོང་བའོ། །ཁྱད་པར་དུ་བདུད་
(༣༠༢)རྩི་ཕོར་རེ་ཙམ་བརྟེན་ནོ། །སྔོ་དང་རྗེན་སྤང་། ཉི་མ་དང་མེ་སྤང་། ཐིག་ལེ་མ་ཉམས་པར་བྱའོ། །རྡོ་ཚིལ་ནི་རིགས་ལྔའི་ཁ་དོག་གང་ཡང་རུང་སྟེ། ས་མེད་པར་ཕྱེ་ནས་བཀྲུས་ཏེ་ཁལ་གཅིག་ལ་ནས་བྲེ་གསུམ། གྲོ་བྲེ་གསུམ། བྲའོ་བྲེ་དོ། སྲན་མ་བྲེ་གང་རྣམས་དང་བསྲེས་པ་ཞིབ་མོར་རྩི་བཞིན་བཏགས་ལ། དང་པོར་བཅོས་ཟན་དུ་བྱ་སྟེ། ཕྲུ་བ་ཐོད་པའི་ངོ་བོར་བསམས་པའི་ནང་དུ་ཆུ་རན་པར་ཕྱེ་དང་མཉམ་དུ་བཙོའོ། །དེ་ཉིད་ཨཱྃ་ཨཱ་ཧཱུྃ་བདུན་གྱིས་བདུད་རྩིར་བསམས་ལ། དང་པོར་ཞག་ལྔར་ཕྱེ་དང་ཕྱེད་བསྲེས། དེ་ནས་བཅུར་སུམ་ཆ་སུམ་གཉིས། དེ་ནས་ཉི་ཤུ་རྩ་གཅིག་སོང་དུས། ཕྱེ་དྲུག་ཆ་རེ་བསྲེས་ལ། ཟན་དྲོན་བྱས་པ་མར་འགྲོན་བུ་ཙམ་རེ་བཅུག་ནས་བདུད་རྩིར་བསམས་ལ། རང་ཉིད་རིན་ཆེན་མཁའ་འགྲོ་སྔ་མ་བཞིན་བསྒོམས་ཏེ། ཟོས་རྟིང་མགྲིན་པ་ནས་བདུད་རྩིའི་རྒྱུན་བབས་པས། ལུས་སེམས་བདེ་བས་རྒྱས་པར་བསམ་ལ་སྔགས་དེ་ཉིད་བཟླས་ཏེ། ཕྱོགས་བཅུའི་བླ་མ་ཡི་དམ་མཁའ་འགྲོའི་བྱིན་རླབས་ཐམས་ཅད་རང་ལ་བབས་པས་ལུས་ཁེངས་པར་བསམ་ལ། རླུང་ཁ་སྦྱོར་ཡུན་རིང་དུ་བཟུང་ནས་བསྔོ་བ་བྱའོ། །དམ་ཚིག་ཏུ་སྔོ་དང་རྗེན་དང་། ཉི་
(༣༠༣)མ་དང་མེ་སྤང་། བདུད་རྩི་ཕོར་རེ་འཐུངས་ཤིང་། རྟག་ཏུ་བླ་མ་ལ་གསོལ་བ་གདབ་བོ། །འབྱོངས་པའི་རྟགས་སུ་ལུས་ལ་བདེ་བ། ངག་ལ་ནུས་པ། སེམས་ལ་རྟོགས་པ་འབར་ཞིང་། མཁའ་འགྲོ་སྤྲིན་བཞིན་འདུ། སྐྱེས་པ་བུད་མེད་འདུ། ཟས་ནོར་གཏེར་རྡོལ་བ་བཞིན་འབུལ་དུ་འོངས། ལོག་འཚོ་དང་སེར་སྣའི་སྒྲིབ་པ་བྱང་ནས། མུ་གེའི་བསྐལ་པ་ལས་ཐར། རྟག་ཏུ་ལྷའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ་ལོངས་སྤྱོད་པར་འགྱུར་རོ། །འདི་ལ་གེགས་མེད་དོ། །ཕྱིས་ནི་ཇི་ལྟར་དགའ་བས་ཁྲོལ་བུ་དང་སྐྱོ་ཚ་དང་སྦགས་པའམ། ཐུག་པའང་བྱའོ། །དེ་ནས་རྔོ་ཁྲོལ་བུར་ཟ་བ་ལ་བརྟག་པ། བཟའ་བ། ཕན་ཡོན་དང་བསྲུངས་མཚམས་གསུམ་ལས། དང་པོ་ནི་ཤ་ཆེན་ཚིལ་ཆེན། །རུས་ཆེན་དང་། མཁྲིས་ཆེན་དང་། ཤི་ཤ་དང་ལྔའོ། །དང་པོ་ནི་མདོག་གང་ཡང་རུང་བ་ལ་སོ་མི་རྩེ་ཞིང་སྙི་བའོ། །གཉིས་པ་ནི་དཀར་ལ་སྙི་བའོ། །གསུམ་པ་ནི་དཀར་གོང་དང་མེ་རྡོ་ལྟ་བུའོ། །བཞི་པ་ནི་གཡའ་མ་ལྗང་གུ་ལྟ་བུའོ། །ལྔ་པ་ནི་རྡོ་ཕལ་པ་ཐམས་ཅད་དོ། །དེའང་ཤ་ཚིལ་གཉིས་ལས་གཞན་གསུམ་མི་བརྟེན་ནོ། །རྡོ་དེ་དག་ནི་སྤ་གྲོ་སྟག་
(༣༠༤)ཚང་སེང་གེ་ཕུག་དང་ཀོང་པོ་དང་། རག་ཤམ་བྲག་དང་། ཡར་ཁྱེར་དང་། ཏི་སྒྲོ་བྲག་དཀར་དང་། ལྷ་སྙན་དབུ་རི་ནས་ཕར་ཅུང་ཟད་ཕྱིན་པ་དང་། ཕག་མོ་གྲུ་དང་། བྱར་སྨད་ཀྱི་ལྷ་རི་རྒྱབ་དང་། ལྷོ་བྲག་མཁར་ཆུ་དང་། འདབ་སྨད་བྱ་དཀར་མོ་དང་། བཟད་ཀྱི་བྱེ་མ་ལུང་དང་། འཕྲེང་པོ་སླེའུ་ཆུང་གི་འཆིལ་མོ་དང་། དཔལ་གྱི་ཆུ་བོ་རི་རྣམས་ན་ཡོད་དོ། །གཉིས་པ་ལ་དྲུག་ལས། རྡོ་བཏུབ་ནི་སྐྱབས་འགྲོ་སེམས་བསྐྱེད་བྱ་སྟེ། རྟ་མགྲིན་ཏུ་བསྒོམས་པའི་སོར་མོ་ལྔ་མཁའ་འགྲོ་ལྔ། སྣོད་བཅུད་ལྷ་དང་གཞལ་ཡས་ཁང་། རྡོ་བདུད་རྩིར་བསྒོམས་ལ། ཨཱྃ་་ཏྲིག་ཡེར་སྭཱ་ཧཱས་བཏུས་ལ། དེ་ནས་བཟའ་ཐབས་དངོས་ནི། ཁྲོལ་བུ་དེ་ཀ་བཞིན་བཟའ། ཟན་དྲོན་ཡང་དེ་ཀ་དང་འདྲ། འགམས་ཕྱེ་ལ་སྐྱོ་ཚ་དང་སྔགས། སྐྱོ་ཚའམ་སྔོ་དང་བསྲེས་ནས་ཚོད་མ་བྱེད་པའང་ཉན་ནོ། །སྔོར་ནི་གང་ཡང་རུང་། ཚྭ་གདབ། དེའང་ཤ་ལྔ་བདུད་རྩི་ལྔར་བསམས་ལ། ཨཱྃ་མུ་ལེ་མུ་ལེ་མ་ཧཱ་མུ་ལེ་སྭཱ་ཧཱ། ཨཱོྃ་གོར་ཆུན་གོར་ཆུན་སྭཱ་ཧཱ། ཞེས་བཟླས་ལ། རང་ཉིད་རྟ་མགྲིན་དུ་གསལ་བས་བཟའོ། །གེགས་སེལ་ནི་ཚེ་འདི་བློས་བཏང་། སྙིང་རྗེ་དང་ལྡན་པས། དང་པོ་ཟ་བའི་ཚེ་མར་མཐེ་བོང་ཙམ་རེ་
(༣༠༥)རྡོ་ཟ་བའི་སྔ་ཕྱིར་གཏང་། ཆུ་བསྐོལ་ལ་མར་བཏབ་ལ་བཏུང་། དེས་གེགས་མི་འབྱུང་ངེས་སོ། །ཕན་ཡོན་དང་བསྲུངས་མཚམས་ནི། མར་ནག་མི་ཟ། ཕུད་གཞན་ལ་མི་སྦྱིན། དཀོན་མཆོག་མཆོད། གསོག་འཇོག་མི་བྱ། སྔགས་འདྲེན་དུས་ངག་བཅད། ཐིག་ལེ་མ་ཉམས་པར་བསྲུང་ངོ། །དེའང་རིམ་གྱིས་རྡོ་གྲངས་བྱས་ལ་མར་བྱུང་དུས་ཚང་ངམ་བལྟའོ། །ཕྱིས་མི་དགོས། ཡོག་ཚད་ཟོས་པས་ཆོག། ཟས་ཀྱི་སྲེད་པ་འཆད། ཤ་སྐྱེ་ཞིང་དཀར་ལ་སྣུམ་པའོ། །ཤེས་པ་དངས། དབང་པོ་གསལ། རོ་མཆོག་ཐོན། ལུས་ལ་སྲོག་ཆགས་མི་འབྱུང་། དྲོད་སྐྱེ། མཁའ་འགྲོ་འདུ། མངོན་ཤེས་སྐྱེའོ། །དེ་ལྟར་ས་ཡི་བཅུད་ལེན་བྱས་པ་ཡིས། །ལོག་འཚོ་མེད་ཅིང་སྒྲུབ་པ་མཐའ་རུ་ཕྱིན། །དངོས་གྲུབ་ཉེ་ཞིང་བླ་མའི་བྱིན་རླབས་འཇུག། མཁའ་འགྲོ་འདུ་ཞིང་ཅི་བསམ་ཆོས་བཞིན་འགྲུབ། །མདོར་ན་ཕན་ཡོན་དཔག་ཏུ་མེད་པ་ཡིན། །སའི་བཅུད་ལེན་བདུད་རྩི་ཡང་ཞུན་ཅེས་བྱ་བ་རྫོགས་སོ། ཨྠིྀྀིཿ རྒྱ་རྒྱ་རྒྱ། །དེ་ནས་ཆུའི་བཅུད་ལེན་ནི། །བདུད་རྩི་དངུལ་ཆུའི་སྦྱོར་བ་སྟེ། །རྣལ་འབྱོར་པ་
(༣༠༦)ཡིས་བཟའ་བའི་ཕྱིར། །འདི་ཉིད་དུ་ཡང་བཤད་པར་བྱ། །དེ་ཡང་སྔོན་འགྲོ་དངོས་གཞི་རྗེས། །སྔོན་འགྲོ་རྫས་བསག་རབ་གནས་ནི། །དངུལ་ཆུ་མུ་ཟིས་བཏུལ་བ་ནི། །སྲང་ལྔ་སྒོག་སྐྱ་དེ་དང་མཉམ། །དབང་ལག་ཉེ་ཤིང་ར་མཉེབ། །ཨ་བ་སྤྲུལ་ཤ་རྟག་ཏུ་ངུ། །སྲང་རེ་ཚོགས་ན་ཤིན་ཏུ་རབ། །གླ་རྩི་ཤུ་དག་གུ་གུལ་ནག། ལི་ཤི་ཙན་དན་དཀར་དམར་གཉིས། །སྟ་རུ་ཤིང་ཀུན་བྲག་ཞུན་དང་། །ཅུ་གང་ཛཱ་ཏི་གྷི་ཧང་དང་། །རྒྱ་ཚ་རྒྱམ་ཚ་ཁ་རུ་ཚ། །ཤིང་ཚ་བཅའ་ལྒ་པི་པི་ལིང་། །སེ་འབྲུ་སུག་སྨེལ་ཨ་རུ་ར། །ཨ་ཀ་རུ་ནི་ནག་པོ་དང་། །མགྲོན་བུ་བསྲེགས་པའི་ཐལ་བ་རྣམས། །ཅི་འབྱོར་ཕྱེ་མར་རྩི་བཞིན་བྱ། །ཅོང་ཞིང་བྲེ་ཕྱེད་དང་བསྲེས་ནས། །སླད་པར་བསྡུས་ཏེ་ཡུན་རིང་བསྣོ། །དངུལ་མདངས་རྩིག་རྩིག་བྱུང་བ་དང་། །རིལ་བུ་ལུག་གི་རིལ་མ་ཙམ། །བྱས་ཏེ་རིན་ཆེན་སྣོད་དུ་བླུགས། །ཚེས་བཅུ་ཉི་ཤུ་ལྔ་ལ་སོགས། །མཁའ་འགྲོ་འདུ་བའི་དུས་ཚོད་དུ། །ཚོགས་གཏོར་བཤམས་ལ་རིལ་བུ་རྣམས། །མཁའ་འགྲོ་སྡེ་ལྔར་གསལ་བཏབ་ལ། །ཡེ་ཤེས་བཅུག་ཅིང་མཆོད་བསྟོད་བྱ། །འོད་ཀྱིས་ཕྱོགས་བཅུའི་སངས་རྒྱས་དང་། །བྱང་སེམས་བླ་མ་མཁའ་འགྲོ་ཡི། །
(༣༠༧)དངོས་གྲུབ་བྱིན་རླབས་ཀུན་བསྡུས་ལ། །རིལ་བུའི་མཁའ་འགྲོར་ཐིམ་པར་བསམ། ཨཱོྃ་ཨཧ་རི་ནིས་སིདྡྷིི་ཕ་ལ་ཧཱུྃ། འདི་དང་རྟེན་འབྲེལ་སྙིང་པོ་ཡིས། །མེ་ཏོག་དོར་ནས་བཀྲ་ཤིས་བརྗོད། །ཚོགས་ཀྱི་དགའ་སྟོན་རྒྱ་ཆེར་བྱ། །དེ་ནི་རབ་ཏུ་གནས་པའོ། །ནས་ནི་དཀར་ལ་བཟང་བ་ལ། །གྲུ་ཕྱེ་བྲེ་གསུམ་སྐྱོ་ཚ་བྱས། །གཉིས་པར་དངོས་གཞི་བཟའ་ཐབས་ནི། །ཐོ་རངས་ལངས་ཏེ་སྐྱིལ་ཀྲུང་བྱ། །རླུང་རོ་ལན་གསུམ་ཕྱིར་ཕུལ་ལ། །ལས་དང་སྡིག་སྒྲིབ་དག་པར་བསམ། །དེ་ནས་རིལ་བུ་མིད་ནས་ནི། །སྐྱབས་འགྲོ་སེམས་བསྐྱེད་ལྡན་པ་ཡི། །རང་ཉིད་རྡོ་རྗེ་མཁའ་འགྲོ་མ། །དཀར་གསལ་ཞལ་གཅིག་སྤྱན་གསུམ་མཛེས། །གཡས་གཡོན་བརྐྱང་བསྐུམ་མི་རོ་གནོན། །གྲུ་མོར་ཁ་ཊྭཱྃ་གསུམ་དང་། །ཕྱག་གཉིས་རྡོ་རྗེ་གྲི་གུག་དང་། །ཐོད་ཁྲག་བཀང་བ་ཐུགས་ཀར་འཛིན། །མེ་ལོང་དྲིལ་བུའི་ཕྲེང་བས་བརྒྱན། །སྤྱི་བོ་མགྲིན་པ་སྙིང་ག་དང་། །ལྟེ་བ་གསང་གནས་རྣམ་པ་ལྔར། །དཀར་སེར་མཐིང་ག་དམར་ལྷང་གི། རྩ་འདབ་འཁོར་ལོ་རྣམ་ལྔའི་དབུས། །རོ་རྐྱང་དབུ་མ་ཀ་བ་བཞིན། །འཁོར་ལོ་ལྔ་ན་ཡིག་འབྲུ་ལྔ། །ཧ་རི་ཨ་ནི་ས་གནས་པའི། །ཕྱོགས་
(༣༠༨)བཞིར་རང་གནས་འཁོར་བཞིའོ། །དབུ་མ་སྦུབས་སྟོང་ཡར་སྣེ་ན། །བདེ་ཆེན་འཁོར་ལོར་ཧྃ་གནས་ཏེ། །ལྟེ་བར་ནི་དམར་མེ་སྟག་འདྲ། །གསང་བའི་ཡྃ་ལས་རླུང་བྱུང་བས། །ནི་ལས་མེ་འབར་ཧྃ་ལ་ཕོག། ཐིག་ལེ་དམར་པོའི་མེ་འོད་ཀྱིས། །སྤྱི་བོའི་གཙུག་ནས་རྐང་མཐིལ་བར། །ནད་གདོན་སྡིག་སྒྲིབ་ཤ་ཁྲག་རྣམས། །བསྲེགས་སྦྱངས་ལན་ནི་བདུན་པའི་རྗེས། །ཧྃ་ལས་བདུད་རྩི་དཀར་པོའི་རྒྱུན། །རྐང་མཐིལ་སྤྱི་གཙུག་གང་བར་བབས། །ཕྱོགས་བཅུའི་བླ་མ་མཁའ་འགྲོ་དང་། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །སྣང་སྲིད་སྣོད་བཅུད་བདུད་རྩིར་གྱུར། །བདག་གི་ལུས་ལ་ཐིམ་པ་ཡིས། །ཚེ་དཔལ་གཟི་བརྗིད་འོད་དང་ལྡན། །བྱིན་རླབས་དངོས་གྲུབ་ཐོབ་པར་བསམ། །བདེ་སྟོང་དབྱེར་མེད་ངང་ལ་བཞག། རྗེས་ནི་བསྔོ་བས་རྒྱས་གདབ་བྱ། །ཞག་ནི་གསུམ་གསུམ་རིལ་བུ་རེ། །ཉི་ཤུ་རྩ་གཅིག་གོང་དུ་བཟའ། །དེ་ནས་འབྱོར་ཚད་ཟོས་པས་ཆོག། ཆང་ཞིམ་ཕོར་རེ་བཏུང་བར་བྱ། །གསུམ་པ་རྗེས་ལ་རྣམ་གསུམ་སྟེ། །རྟགས་དང་གེགས་སེལ་ཕན་ཡོན་ནོ། །རྟགས་ནི་ཕྱི་ནང་གསང་བ་སྟེ། །ཕྱི་རྟགས་གཉིད་ཆུང་ཤེས་པ་གསལ། །ལུས་ཡང་བདེ་དྲོད་སྐྱེ་བའོ། །ནང་རྟགས་རྨི་ལམ་
(༣༠༩)མཁའ་ལ་འགྲོ། །ཆོས་འཆད་སྐྱེ་བོས་བསྟོད་པ་དང་། །བསྙེན་བཀུར་ཞབས་ཏོག་བྱེད་པ་རྨིས། །གསང་རྟགས་ཕྱི་རུ་སྣང་བ་ནི། །ལུས་ནི་བཅུ་དྲུག་ལོན་པ་འདྲ། །རྒས་ནས་སོའུ་སྐྱེ་བ་དང་། །མངོན་པར་ཤེས་པ་འཆར་བ་དང་། །མཁའ་འགྲོ་མཚོ་ལ་ངང་པ་བཞིན། །འདུ་ཞིང་དངོས་གྲུབ་སྣ་ཚོགས་སྟེར། །གྲུབ་པ་བརྒྱད་ཀྱང་འཐོབ་པར་འགྱུར། །གེགས་སེལ་གཏུམ་མོ་བསྒོམས་པ་དང་། །བླ་མ་ལ་གུས་གསོལ་བ་གདབ། །ནད་ནི་ཚ་གྲང་གང་ལངས་ཀྱང་། །དེ་དང་མཐུན་པའི་སྨན་གྱིས་གསོ། །གདོན་ལ་སྙིང་རྗེ་བྱང་སེམས་བསྒོམ། །དེས་ནི་གེགས་མེད་ཡོན་ཏན་འགྲུབ། །སྤྱིར་ན་འདི་ལ་གེགས་མེད་དོ། །མཁའ་འགྲོས་གེགས་སེལ་དངོས་གྲུབ་སྟེར། །གར་སྲིད་བྱུང་ཡང་འཇིགས་མི་དགོས། །ཞག་གྲངས་ཐེམ་དུས་གེགས་ལས་གྲོལ། །དམ་ཚིག་སྔོ་ངད་སྤང་བ་དང་། །མེ་དང་ཉི་མ་ཚྭ་རྣམས་སྤང་། །ཐིག་ལེ་བསྲུང་ཞིང་བདེ་སྟོང་བསྒོམ། །ཕན་ཡོན་ལུས་སེམས་བདེ་སྟོང་བསྐྱེད། །ནད་གདོན་མཛེ་རིགས་དུག་རྣམས་ཞི། །མཁའ་འགྲོ་འདུ་ཞིང་ཅི་བསམ་འགྲུབ། །འཆི་མེད་ཚེ་ཡི་རིག་འཛིན་ཐོབ། །འདི་འདྲའི་གདམས་པ་ཡིད་བཞིན་འདྲ། །
(༣༡༠)མཁའ་འགྲོ་སྙིང་ཏིག་ཆ་རྐྱེན་དུ། །དྲི་མེད་འོད་ཟེར་བདག་གིས་བཀོད། །སྐལ་ལྡན་རྣམས་དང་འཕྲད་པར་ཤོག། ཆུ་ཡི་བཅུད་ལེན་བདེ་ཆེན་རྒྱ་མཚོ་ཞེས་བྱ་བ་རྫོགས་སོ། ཨྠྀིཿ རྒྱ་རྒྱ་རྒྱ། དེ་ནས་མེ་ཡི་བཅུད་ལེན་ནི། །གཏུམ་མོ་བདེ་དྲོད་ཡེ་ཤེས་གོས། །རྣལ་འབྱོར་པ་ཡིས་བགོ་བའི་ཕྱིར། །འདི་ཉིད་དུ་ཡང་བཤད་པར་བྱ། །དེའང་སྐྱབས་འགྲོ་སེམས་བསྐྱེད་བྱས་ཏེ། སྟོང་པའི་ངང་ལས། རང་ཉིད་རྡོ་རྗེ་ཕག་མོ་པདྨའི་རིགས་དམར་མོ། །གཅེར་བུ་པདྨས་ཡུ་བ་བྱས་པའི་གྲི་གུག་དང་ཐོད་པ་འཛིན་པ། །དཔའ་མོའི་རྒྱན་རྫོགས་པར་བསྐྱེད་ལ། རྐང་པ་སྐྱིལ་ཀྲུང་ལག་པ་མཉམ་གཞག་དང་། རྣམ་སྣང་གི་ཆོས་བདུན་དང་ལྡན་པས། སྤྱི་བོར་རྩ་འདབ་སུམ་བརྒྱ་དྲུག་ཅུ། མགྲིན་པར་བཅུ་དྲུག། སྙིང་གར་སུམ་ཅུ་རྩ་གཉིས། ལྟེ་བར་དྲུག་ཅུ་རྩ་བཞི། གསང་བར་ཉི་ཤུ་རྩ་བརྒྱད་བསམ་པའི་དབུས་སུ་དབུ་མ་སྦུབས་སྟོང་པའི་ཡར་སྣ་ཚངས་བུག། མར་སྣ་གསང་གནས་སུ་ཟུག་པའི་གཡས་གཡོན་གཉིས་ནས་རོ་རྐྱང་གཉིས་འཁོར་ལོ་ལྔ་ལ་འཁྱུད་ནས་ཀླད་པའི་སྟེང་ན་ཚུར་བྱུང་སྟེ། སྨིན་མཚམས་ནས་སྣ་བུག་གཉིས་སུ་ཚུད་པར་བསམ། །དེ་གཉིས་ཀྱི་མར་སྣ་
(༣༡༡)ལྟེ་འོག་སོར་བཞིན། དབུ་མའི་ནང་དུ་ཚུད་པར་བསམ། རྩ་གསུམ་པོ་དེ་མདའ་སྨྱུག་ཙམ་པ་དམར་པོར་བསམ། དེ་ནས་རླུང་རོ་དྲག་པོ་གསུམ་ཕྱིར་ཕུལ་ལ། སྣ་བུག་གཉིས་ནས་ཚུར་འཇམ་ལ་རིང་བར་ནང་དུ་དྲངས་ལ་རྩ་གཉིས་ནས་མར་ཕུས་བཏབ་པ་བཞིན་སོང་བས་གསང་གནས་སུ་དབུ་མའི་ནང་དུ་ཆུད་པར་བསམས། གསང་བར་ས་དམར་པོ་ཞིག་ཀྱང་བསྒོམ། དེ་རླུང་གིས་བུས་པས་དམར་ལམ་གྱིས་བྱུང་བས་ལྟེ་བའི་རྩ་མདུད་ན་པདྨ་ཌཱ་ཀི་ཡབ་ཡུམ་སྦྱོར་བའི་གསང་གནས་ལས། བདུད་རྩི་བབས་པས་གསང་བའི་རྩ་མདུད་གང་བར་བསྒོམ་ཞིང་། རླུང་ཐུབ་ཐང་དུ་བཟུང་ཞིང་། ཅུང་ཟད་རེ་བརྡུབས་ལ་མནན། ཡང་ཕྱེད་ཙམ་རེད་ལ་བུས་ཕྱིར་བཏང་ལ་ལྷག་མ་གཟུང་། གཏོང་དུས་སྣ་བུག་གཉིས་ན་ཕར་དལ་བུར་སོང་བའི་ཚེ། ཀུན་དྷར་མའི་ནང་ནས་ཚངས་པའི་བུ་གར་སྔོ་སངས་ཀྱིས་སོང་བར་བསམ། དེ་ལྟར་བསྒོམས་པས་གསང་གནས་སུ་དྲོད་ཕེབས་ཏེ་དད་ས།། །མ་འཆོར་བར་འདུག་ན། ལྟེ་བ་ནས་གཏུམ་མོ་སྦར་ལ་སྙིང་གར་སྔ་མ་བཞིན་བསྒོམ། དེ་ནས་མགྲིན་པར་བསྒོམས་པས་སྙིང་གར་དོད་སྐྱེས་དུས་སྤྱི་བོར་སྤར་ལ་བསྒོམ་མོ། །
(༣༡༢)དེས་ནི་རྩ་བྱེ་ནས་དྭངས་མ་རྒྱས་ཏེ། བདེ་དྲོད་འབར་བས་ལུས་ལ་གོས་མི་དགོས་སྣུམ་ལ་དྲོ་ཞིང་དྭངས། སེམས་ལ་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འཆར་ཞིང་མཆོག་ཐུན་མོང་གི་དངོས་གྲུབ་ཆེན་པོ་ཐོབ། ཚེ་གཅིག་གིས་རིག་འཛིན་གྱིས་ནོན་པར་འགྱུར་རོ། །བདེ་ཆེན་ཡེ་ཤེས་གཏུམ་མོའི་མེ་འོད་ཀྱིས། །བདེ་གཤེགས་ཁམས་རྣམས་མ་ལུས་རབ་རྒྱས་ནས། །བདེ་ཆེན་མི་འགྱུར་འོག་མིན་གནས་མཆོག་ཏུ། །བདེ་གཤེགས་རྣམས་དང་སྐལ་པ་མཉམ་པར་ཤོག། གཏུམ་མོ་མེའི་བཅུད་ལེན་བེད་དྲོད་འབར་བ་ཞེས་བྱ་བ་རྫོགས་སོ། །ཨིྀྠ། རྒྱ་རྒྱ་རྒྱ། དེ་ནས་རླུང་གི་བཅུད་ལེན་ནི། །མངོན་ཤེས་རྫུ་འཕྲུལ་སྐྱེ་བ་སྟེ། །རྣལ་འབྱོར་པ་ཡིས་བསྒྲུབ་པའི་ཕྱིར། །འདི་ཉིད་དུ་ཡང་བཤད་པར་བྱ། །དེ་ལ་གྱེན་རྒྱུ་ཐུར་སེལ། མཉམ་གནས་གསུམ་ནི། ཕོ་མོ་མ་ནིང་གི་དབྱེ་བས་ཏེ། དྲག་པ་དང་། འཇམ་པ་དང་། མཉམ་པར་གནས་ཏེ། ལས་ཀྱི་རླུང་བཏུང་ནས་ཡེ་ཤེས་ཀྱི་རླུང་སྦྱང་པའི་ཕྱིར། །དུས་བཞིར་རླུང་གི་རིམ་པ་བསྒོམ་པ་ནི། དགུན་གྲང་བ་ཆུ་ཡི་དུས་སུ་མེའི་རླུང་དམར་ཞིང་དྲོ་བ་གཟུང་ངོ། །དཔྱིད་བད་ཀན་སའི་དུས་ན་རླུང་གི་རླུང་འབྱེད་ཅིང་འཐོར་བ་ལྗང་ཁུ་མཉམ་
(༣༡༣)པར་གཟུང་ངོ། །དབྱར་ཚ་བ་མེའི་དུས་སུ་ཆུའི་རླུང་དཀར་ཞིང་བསིལ་བ་གཟུང་ངོ། །སྟོན་སྨིན་བྱེད་རླུང་གི་དུས་སུ་སའི་རླུང་དལ་འཇམ་སེར་པོ་གཟུང་ངོ། །དེ་ཡང་སྟན་བདེ་བ་ལ་འདུག་སྟེ། སྐྱབས་འགྲོ་སེམས་བསྐྱེད་བྱས་ནས། རང་ཉིད་ལས་ཀྱི་མཁའ་འགྲོ་ལྗང་གུ་གཡས་རྒྱ་གྲམ་གྱིས་ཡུ་བ་བྱས་པའི་གྲི་གུག་དང་། གཡོན་པ་བདུད་རྩིས་བཀང་བའི་ཐོད་པ་བསྣམས་པའི། འཁོར་ལོ་ལྔ་སྔ་མ་བཞིན་གསལ་བཏབ་ལ་རླུང་རོ་གསུམ་ཕྱུང་ནས། རླུང་རབ་ཏུ་དལ་བ་གསུམ་ཚུར་བྱུང་བ་རོ་རྐྱང་གཉིས་ནས་དབུ་མར་ཞུགས། འཁོར་ལོ་ལྔ་རྒྱུ་མ་ཕུས་བཏབ་བཞིན་སོང་། གསང་བའི་ས་ལྗང་གུ་ཧ་རི་ནི་ཨས་བསྐོར་བ་ལ་གསལ་སྟོང་གཉིས་མེད་ཀྱི་ཡེ་ཤེས་སྐྱེ་བར་བསམ་ཞིང་ཐུབ་ཐང་རེ་བཟུང་ལ་ཕྱིར་དལ་བུས་ཕྱེད་ཙམ་རེ་གཏོང་ངོ། །དེ་ཡང་བུམ་པ་ཅན་དུ་བསྐྱིལ་བའོ། །དེ་བཞིན་དུ་རླུང་རབ་ཏུ་དལ་བས་ཕྱི་ནང་དུ་མཉམ་ཞིང་གཟུང་བ་ནི། འཇམ་པ་སྟེ་ཁོང་སེང་ཅན་དུ་སྦ་བའོ། །དེ་བཞིན་དུ་རླུང་གི་འགྲོ་འོང་ཤིན་ཏུ་དལ་བས་མི་ཚོར་བར་བྱས་ཏེ། སེམས་གསལ་སྟོང་གི་ངང་ལ་འཇོག་པ་ནི་ནམ་མཁའ་ཅན་དུ་སྦ་བ་སྟེ། མ་ནིང་ཞེས་བཤད་དོ། །དེ་གསུམ་གང་བྱེད་ཀྱང་དུས་
(༣༡༤)བཞིའི་རླུང་གི་རྗེས་འབྲང་བས། རླུང་སྐྱོན་མེད་ཅིང་ཡེ་ཤེས་མྱུར་དུ་སྐྱེའོ། །ལངས་དུས་བསྔོ་བ་བྱས་ལ། ལུས་ཐམས་ཅད་དཀྲུགས་ཤིང་གཅུས་ཏེ་བསྐོར་ལ་མཉམ་པར་བྱའོ། །དེ་ལྟར་བསྒོམ་པས་ལུས་ཡང་ཞིང་མགྱོགས་པས་རྐང་མགྱོགས་འགྲུབ། སེམས་གསལ་ལ་དྭངས་པས་མངོན་ཤེས་འགྲུབ། རྣམ་རྟོག་འགྲོ་འོང་ཆད་པས་ཡེ་ཤེས་འགྲུབ། །རྟག་ཏུ་ལུས་སེམས་བདེ་ཞིང་སྙིང་པོའི་དོན་ལ་རེག། རྩ་ལས་སུ་རུང་བས་རྫུ་འཕྲུལ་སྣ་ཚོགས་འབྱུང་། རླུང་ལས་སུ་རུང་བས་མངོན་ཤེས་དང་རྫུ་འཕྲུལ་ལ་དབང་བསྒྱུར། མཁའ་འགྲོ་རང་བཞིན་གྱིས་འདུ། དངོས་གྲུབ་སྣ་ཚོགས་འབྱུང་། མྱུར་དུ་གདོད་མའི་ཀ་དག་གསལ་སྟོང་ཆེན་པོར་མྱ་ངན་ལས་འདའོ། །དེ་ཡང་འོད་གསལ་དང་བསྲེས་ནས་བསྒོམ་པ་ནི་མཆོག་ཏུ་གཅེས་སོ། །རླུང་གི་བཅུད་ལེན་དཔག་བསམ་ལྗོན་ཤིང་ཞེས་བྱ་བ་རྫོགས་སོ། །ཨིྀྠཿ རྒྱ་རྒྱ་རྒྱ། །དེ་ནས་ནམ་མཁའི་བཅུད་ལེན་ནི། །ཟག་མེད་ཡེ་ཤེས་བསྐྱེད་པ་སྟེ། །རྣལ་འབྱོར་པ་ཡིས་བསྒོམ་པའི་ཕྱིར། །འདི་ཉིད་དུ་ཡང་བཤད་པར་བྱ། །དྭངས་ཤིང་མཐོ་བའི་སར་སོང་སྟེ། །ནམ་མཁའ་དྭངས་པའི་ཚེ་སྐད་ཅིག་གིས་རང་ཉིད་སངས་རྒྱས་མཁའ་འགྲོ་མཐིང་ག་འཁོར་ལོས་ཡུལ་བྱས་པའི་
(༣༡༥)གྲི་གུག་དང་ཐོད་པ་འཛིན་པའི་འཁོར་ལོ་ལྔ་དང་རྩ་གསུམ་གསལ་བཏབ་སྟེ། རླུང་ཕྱིར་འགྲོ་དུས་ལས་དང་སྡིག་སྒྲིབ་ནད་གདོན་ཐམས་ཅད་སང་སང་ཕར་སོང་བར་བསམ་ཞིང་། ནང་དུ་བརྡུབས་དུས་ནམ་མཁའ་སྔོ་སྐྱ་ཐམས་ཅད་ན་ར་ར་བྱུང་སྟེ་རོ་རྐྱང་ནས་དབུ་མ་དང་འཁོར་ལོ་ལྔ་གང་བས་ཀ་དག་སྤྲོས་པ་དང་བྲལ་བའི་ཡེ་ཤེས་སྐྱེས་པར་བསམ་སྟེ་ཐུབ་ཐང་ནང་དུ་མཉམ་པར་བཞག། དེ་བཞིན་དུ་ཕྱིའི་ནམ་མཁའ་ནང་གི་ནམ་མཁའ་ལ་ཐིམ་པས་ལུས་ཀྱི་ནང་ཐམས་ཅད་སྤྲིན་མེད་པའི་ནམ་མཁའི་རྣམ་པར་དག་པ་ལྟ་བུར་བསམས་པའི་ངང་ལ་ཤེས་པ་གསལ་སྟོང་འཛིན་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ལ་གཞག་གོ། དེ་ནས་ཕྱིའི་ས་རྡོ་རི་བྲག་ལ་སོགས་སྣང་སྲིད་ཐམས་ཅད་ནམ་མཁའ་གཅིག་ཏུ་གྱུར་ཏེ་ནང་གི་ནམ་མཁའ་རྣམ་པར་དག་པའི་ནམ་མཁའི་ངང་དུ་ཐིམ་པར་བསམ་ཞིང་མཉམ་པར་གཞག་གོ། སྐབས་སུ་ལུས་དང་ཕྱི་ནང་གི་སྣང་བ་ཐམས་ཅད་ནམ་མཁའ་གཅིག་ཏུ་གྱུར་ཏེ། ཕྱི་ནང་གི་ནམ་མཁའ་གཉིས་འདྲེས་པ་ནི། བུམ་པ་ཆག་པས་བུམ་ནང་གི་ནམ་མཁའ་དང་ནམ་མཁའ་ཆེན་པོར་དབྱེ་བ་མེད་པ་བཞིན་གསལ་སྟོང་མཐའ་བྲལ་གྱི་ངང་ལ་ཕྱམ་གྱིས་མཉམ་པར་བཞག་
(༣༡༦)པས། ཆོས་ཐམས་ཅད་མཉམ་པ་ཉིད་ནམ་མཁའ་ལྟ་བུའི་དོན་མངོན་སུམ་དུ་སྐྱེ་བར་འགྱུར་རོ། །དེ་ལྟ་བུའི་ངང་ལ་མཉམ་པར་བཞག་པས། རྣམ་པར་རྟོག་པའི་ངོ་བོ་ནམ་མཁའ་ལྟར་ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བར་ཞི་ཞིང་ཐིམ་ནས། གདོད་མ་ཡེ་སྟོང་ཀ་དག་ཆེན་པོ། །སྐྱེ་མེད་བསམ་ཡུལ་ལས་འདས་པའི་དོན་མངོན་དུ་གྱུར་ཏེ། ཚེ་འདིར་རང་བཞིན་ཀུན་ཏུ་བཟང་པོའི་ངང་དེར་འབད་རྩོལ་དང་བྲལ་བའི་གྲོལ་བ་ཡང་ཡོད་དོ། །ཕལ་ཆེར་བར་དོའི་ཡེ་ཤེས་འོད་གསལ་གྱི་སྐད་ཅིག་དང་པོར་དོན་དེ་ཉིད་གོམས་པ་དང་། འདྲེས་ནས་ཀ་དག་གི་ས་ལ་རང་གྲོལ་ལོ། །དེའང་རྣམ་ཤེས་ནམ་མཁའ་ལ་ཐིམ་པའི་ཚེ་ཕྱིའི་ནམ་མཁའ་སྤྲིན་མེད་པ་ལྟར་སྟོང་གསལ་གདོད་ནས་དག་པའི་སྣང་བ་འཆར་ལ། ནམ་མཁའ་འོད་གསལ་ལ་ཐིམ་པའི་ཚེ། ཕྱིའི་ནམ་མཁའ་ནང་གི་ནམ་མཁའ་དང་འདྲེས་པ་ལྟར་བདེ་གསལ་མི་རྟོག་པའི་ཡེ་ཤེས་སྔོན་བས་འཕགས་པར་འཆར་བ་དེ་ཉིད། གཞིའི་འོད་གསལ་དུ་རང་ངོ་ཤེས་པས་ད་ལྟ་སྦྱངས་པའི་འོད་གསལ་བུའི་ཡེ་ཤེས་དང་འདྲེས་ཏེ་གཉིས་མེད་གཅིག་ཏུ་གྲོལ་ལོ། །དེའི་ཚེ་ཕྱི་ནང་གི་ནམ་མཁའ་དབྱེ་བ་མེད་པ་ལྟར་ལུས་རྡོས་བཅས་པོར། སེམས་
(༣༡༧)ཆོས་ཉིད་གདོད་མའི་ཡེ་ཤེས་སུ་ནུབ། ཡེ་ཤེས་འོད་གསལ་སྤྲོས་པ་དང་བྲལ་བའི་ངང་། ནང་གསལ་ཀ་དག་གི་ཡེ་ཤེས་གཅིག་ཏུ་གནས་ཕས་ཆོས་སྐུ་བསལ་བཞག་དང་བྲལ་བ། ཕྱི་ནང་གི་ནམ་མཁའ་ལ་དབྱེ་བ་མེད་པ་ལྟར། དུས་གསུམ་འཕོ་འགྱུར་མེད་པའི་ངང་དུ་གནས་ཏེ། ཕྲ་བའི་ཡེ་ཤེས་གསལ་དྭངས་གཞི་ལ་མི་གཡོ་བར་གནས་པ་ཙམ་ལས། ཕྱི་ནང་གི་འཛིན་པ་གང་ཡང་མེད་པའི་རང་བཞིན་ཤེལ་སྒོང་དྲི་མ་དང་བྲལ་བ་ལྟར། ཀ་དག་ཆོས་ཟད་ཀྱི་གནས་ལུགས་གདོད་མའི་གྲོལ་གཞི་ཆེན་པོ་ཉིད་དུ་འཕོ་འགྱུར་མེད་པར་བཞུགས་སོ། །དེའི་ཚེ་གསལ་བའི་ཆ་ཙམ་ལས་མེ་ལོང་གཡའ་དག་པ་ལྟར། སྐུ་དང་ཡེ་ཤེས་ཀྱི་འཆར་གཞི་ཕྱིར་གསལ་དུ་འཕྱུང་བ་མི་འགགས་པས། གཟུགས་སྐུ་ཕུན་སུམ་ཚོགས་པའི་སྣང་བ་སྟོན་ལ། ནང་གསལ་ཕྲ་བ་ཐུགས་རྗེའི་ཆ་ཙམ་ལས་འགྲོ་བའི་གནས་དང་དབང་པོ་དང་སྐྱེ་བ་ལ་སོགས་པ་མཁྱེན་ནས་གང་ལ་གང་འདུལ་སྟོན་པའི་སྤྲུལ་པ་འཕྲུལ་པས་སེམས་ཅན་གྱི་དོན་ལྷུན་གྲུབ་ཏུ་བྱེད་ཀྱང་གདོད་མའི་ངང་ནམ་མཁའ་ལྟ་བུ་ཆོས་སྐུ་འཕོ་འགྱུར་མེད་པའི་ངང་ལས་གཡོས་པ་མེད་དོ། །དེ་ལྟར་གདོད་མའི་
(༣༡༨)གནས་ལུགས་གསལ་པོར་བཤད་པ་སྟེ། ལེགས་པར་བཀྲལ་ན་ནམ་མཁའ་ལྟ་བུ་ལས་གཞན་མེད་དོ། །ཟབ་མོའི་ཆོས་ཚུལ་རྒྱ་མཚོ་ཐམས་ཅད་ནས། ཆོས་སྐུ་ནམ་མཁའ་ལྟ་བུར་གསུངས་པའི་དོན་དེ་ཡིན་ནོ། །དེ་ལྟར་གསུངས་ཀྱང་གཞན་དུ་བརྗོད་པ་དག་མི་གསལ་ཞིང་གོ་བར་དཀའ་ལ། འདིར་གོ་སླ་ཞིང་གསལ་པོར་བརྗོད་པའོ། །དབུ་མ་རབ་ཏུ་མི་གནས་པས་དེའི་ཚེ་ཡེ་ཤེས་རྒྱུན་ཆད་པར་འདོད་པ་ནི་སེམས་སེམས་བྱུང་གི་སྤྲོས་པར་བྱིངས་སུ་ཞི་བ་ཙམ་ལ་དགོངས་སོ། །འདིར་རང་བཞིན་རྫོགས་པ་ཆེན་པོས་སེམས་སེམས་བྱུང་གི་སྤྲོས་པ་མ་ལུས་པ་དབྱིངས་སུ་ཞི་བས་གདོད་མའི་ཡེ་ཤེས་ནང་གསལ་ཕྲ་བའི་རིགས་ཐུགས་རྗེའི་སྙིང་པོ་ཅན་དུ་གནས་པ་ལས་སེམས་ཅན་གྱི་དོན་བྱེད་པར་འདོད་དོ། །སྔ་མས་སྨོན་ལམ་གྱིས་དོན་བྱེད་པ་ལས་ཐུགས་རྗེས་དོན་བྱེད་པར་ཁས་མི་ལེན་ནོ། །དངོས་པོར་སྨྲ་བ་ནི་སངས་རྒྱས་དངོས་པོར་སྐུ་དང་ཡེ་ཤེས་གྲུབ་པ་ལྟར་ད་ལྟར་གྱི་སེམས་ཅན་རང་རྒྱུད་པ་ལྟར་འདོད་དེ། དེ་དག་ནི་རྟག་པའི་མཐར་ལྷུང་ལ། ཡེ་ཤེས་རྒྱུན་ཆད་ནས་སྨོན་ལམ་གྱིས་དོན་བྱེད་པ་ནི་ཆད་པའི་མཐར་ལྟུང་བས། དེ་གཉིས་ཀ་བསལ་ཏེ་ཕྲ་བའི་ཡེ་ཤེས་
(༣༡༩)གསལ་བའི་ཆ་ལས་སྟོང་པ་རིག་པའི་སྙིང་པོ་ཅན་དུ་ལྷུན་གྱིས་གྲུབ་པའི་དོན་ལ་འཇུག་པ་ཡིན་ནོ། །དེའི་ཚེ་ངོ་བོ་སྟོང་པས་རྟག་པའི་མཐར་མ་ལྷུང་། རང་བཞིན་གསལ་བས་ཆད་པའི་མཐར་མ་ལྷུང་་། ཐུགས་རྗེས་ཁྱབ་པས་སེམས་ཅན་གྱི་དོན་འབད་མེད་ལྷུན་གྲུབ་ཆེན་པོར་བཞུགས་པ་ཡིན་ནོ། །འདི་ནི་རབ་ཏུ་གསང་བའི་སྙིང་པོ་མཐར་ཐུག་པའོ། །ནམ་མཁའི་བཅུད་ལེན་ཡེ་ཤེས་གསང་སྐོར་ཞེས་བྱ་བ་རྫོགས་སོ། ཨྠིྀྀིཿ རྒྱ་རྒྱ་རྒྱ། །དེ་ལྟར་མ་དག་འབྱུང་བའི་ཐབས་ཉིད་ལས། །དག་པའི་ཡེ་ཤེས་བསྐྱེད་པ་གསང་བའི་ལམ། །རྡོ་རྗེ་སྙིང་པོའི་ཐེག་པ་མཐར་ཐུག་སྟེ། །མ་ལུས་འགྲོ་ཀུན་གནད་འདིས་གྲོལ་བར་ཤོག། ས་ཡི་བཅུད་ལེན་འབྱུང་བའི་ལུས་བཟུང་སྟེ། །ཆུ་དང་མེ་ཡིས་བདེ་ཆེན་མཆོག་བསྐྱེད་ནས། །རླུང་གིས་གསལ་སྟོང་ནམ་མཁས་མི་རྟོག་ཉིད། །སྐུ་གསུམ་ས་ལ་རང་བཞིན་ལྷུན་གྱིས་གྲུབ། །འདི་ནི་མཐར་ཐུག་ངེས་པའི་སྙིང་པོ་སྟེ། །མཁའ་འགྲོ་སྙིང་ཏིག་སྦས་པའི་སྒོ་ཕྱེ་ནས། །གངས་རི་ཐོད་དཀར་འཕགས་པའི་རི་ངོགས་སུ། །རིན་ཆེན་ཤོག་འདྲའི་ངོས་ལ་ལེགས་པར་བཀོད། །དགེ་བ་འདི་ཡིས་བདག་དང་འགྲོ་བ་ཀུན། །གཞི་རྫོགས་འོད་གསལ་སྙིང་པོའི་
(༣༢༠)ཞིང་ཁམས་སུ། །མ་ལུས་ཕྱམ་ཅིག་ཐམས་ཅད་བྱང་ཆུབ་ནས། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་ཤོག། རིགས་ལྔའི་བཅུད་ལེན་བདུད་རྩི་ཐིགས་པ་ཞེས་བྱ་བ། དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་རྗེས་སུ་བཟུང་བའི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས། སྟོན་གསུམ་མེ་ཏོག་དང་འབྲས་བུ་སྨིན་པའི་ཚེ། བཀོད་པ་རྫོགས་སོ། །འདི་ཉིད་གསང་ཞིང་ཕངས་པར་བྱ། །ཀུན་ལ་མི་བསྟན་ཉམས་སུ་བླངས། །ལས་འབྲེལ་རྩལ་གྱི་ཁྱད་ཆོས་ཡིན། །མཁའ་འགྲོ་སྙིང་ཏིག་མན་ངག་ཡིན། །དགེའོ། །༄༅། །ཤོག་འདྲའི་སྐོར། བདུད་རྩི་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། ། བདུད་རྩི་སྤྲིན་ཕུང་ཞེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །མཁྱེན་རབ་མཁའ་ལ་ཐུགས་རྗེའི་སྤྲིན་འཁྲིགས་ཏེ། །བདུད་རྩིའི་ཆར་གྱིས་ཕྱོགས་བཅུའི་འགྲོ་ཀུན་གྱི། །ཉོན་མོངས་ནད་རྣམས་མ་ལུས་ཞི་མཛད་པ། །སྨན་པ་སྔོན་མེད་དེ་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བའི་ཕྲིན་ལས་གཅིག་བསྡུས་པ། །བདེ་གཤེགས་རང་བྱུང་པདྨ་རྒྱལ་པོ་ཡིས། །འདབ་སྟོང་བདག་བློའི་ཡིད་ཀྱི་ཚལ་ལྷུང་བས། །སྐལ་ལྡན་བུང་བ་རབ་ཏུ་ཚིམ་པར་བྱ། །དེ་ཡང་རྡོ་རྗེའི་ལུས་འདི་ལ། །བདེ་ཆེན་
(༣༢༡)ལོངས་སྤྱོད་ཆོས་དང་སྤྲུལ། །བདེ་སྐྱོང་འཁོར་ལོ་ལྔ་ཡོད་དེ། །མཁའ་འགྲོ་སྡེ་ལྔ་རིགས་ལྔའི་གནས། །ཡེ་ནས་འོད་གསལ་དྲི་མ་མེད། །རྩ་ཁམས་ཡི་གེའི་ཚུལ་དུ་གནས། །དེ་ནི་འབྱུང་བའི་བྱེར་ཟུག་གིས། །འཁྲུགས་ཤིང་ནད་རྣམས་འབྱུང་བ་ན། །རླུང་དམིགས་ཡི་གེའི་སྦྱོར་བ་ཡིས། །ནད་རྣམས་འདོན་པར་བྱ་བ་ནི། །རྣལ་འབྱོར་པ་ཡི་འདིར་ཤེས་བྱ། །དང་པོ་བདེ་ཆེན་འཁོར་ལོ་ནི། །རྩ་འདབ་སུམ་བརྒྱ་དྲུག་ཅུ་སྟེ། །དབུས་ན་ཏ་གནས་ཤར་དུ་ཨ། །ལྟོ་རི་ནུབ་ནི་བྱ་བ་དུས། །དེ་དག་རྡོ་རྗེ་མཁའ་འགྲོ་དཀར། །ཡབ་ཡུམ་རྡོ་རྗེ་ཐོད་ཁྲག་བསྣམས། །སྦྱོར་མཚམས་དྭང་མ་བབས་པ་ཡིས། །མགོ་དང་སྙིང་གའི་མཚམས་སུ་བབས། །ཚ་གྲང་ནད་རྣམས་ཞི་བར་བསམ། །རླུང་ནི་ཕྱིར་འཕངས་ནང་དུ་གཟུང་། །ཚ་བའི་ནད་ནི་དྭངས་ལ་བསིལ། །གྲང་བ་བད་ཀན་འདུས་པ་ལ། །རབ་ཏུ་ཚ་བས་གང་བར་བསྒོམ། །རླུང་ཡང་བད་རླུང་གྲང་བ་ལ། །ཐོག་མར་ཕྱིར་སྦུར་ནང་དུ་གཟུང་། །ཚད་ནད་ལ་ནི་གཟུང་མི་བྱ། །དེས་ནི་བདེ་ཆེན་འཁོར་ལོ་ཡི། །ནང་གི་ནད་རྣམས་ཞི་བར་བྱེད། །ཕྱི་ཡི་ནད་ནི་འདི་ལྟར་འདོན། །དམིགས་པ་སྔར་དང་འདྲ་བ་ལ། །ཡི་གེ་བཟླས་
(༣༢༢)ཤིང་འཕངས་པ་ནི། །ཏིང་ངེ་འཛིན་གྱིས་གཏར་བསྲེག་བྱ། །གང་དུ་ན་བ་ཁོལ་བུར་འདོན། །ཡི་གེའི་གནས་ནི་འདི་ལྟ་སྟེ། །འཕར་བའི་རྩ་ནི་ཉི་ཤུ་གཉིས། །འདི་དག་ལ་སོགས་ཕྱི་རུ་འཕྲོ། །སྤྱི་བོའི་གཙུག་ནི་དྲང་པོ་ན། །ཡི་གེ་ཨ་ནི་གནས་པ་སྟེ། །སྨན་སྐད་སྙན་གྱི་རེ་ཐག་ཡིན། །འདི་གཏར་རིམས་དང་སྙིང་ནད་སེལ། །འདི་ནས་གཡས་ནི་ཚོན་གང་ན། །ཡི་གེ་ག་ནི་གནས་པ་སྟེ། །འདི་མིང་བྷོ་དྷེ་གཡས་པ་ཞེས། །འདི་གཏར་གཞོག་གཡས་ན་ལ་ཕན། །དེ་གཡོན་ཚོན་གང་གི་ཡིན་ཏེ། །དེ་མིང་བྷོ་དྷེ་གཡོན་པ་ཞེས། །འདི་གཏར་གཞོག་གཡོན་ན་ལ་ཕན། །དེ་གཡོན་སོར་བཞིམ་ཚོགས་མའི་སྟེང་། །ཀི་ཡིག་གནས་ཏེ་འདི་མིང་ནི། །རལ་དམིགས་ཆེན་པོ་ཞེས་བྱ་སྟེ། །འདི་དག་མགོ་འཁོར་འཐིབས་ལ་ཕན། །གཡས་ཚོན་གང་བཅས་བ་ན། །ཀུ་གནས་དུད་རྩ་འཁོར་མ་སྟེ། །འདི་གཏར་ལྡན་གཡས་ནད་ལ་ཕན། །དེ་གཡོན་ཚོན་གང་ཀྵུ་ཡིན་ཏེ། །དུང་རྩ་འབྲིང་བུ་ཞེས་བྱ་བ། །འདི་གཏར་ལྡན་གཡོན་ནད་ལ་ཕན། །དེ་ནས་ཚོན་གང་མདུན་ངོས་ལ། །ཀྵྱེ་གནས་རལ་དམིགས་ཆུང་ངུ་ཞེས། །འདི་གཏར་མིག་གི་ནད་ལ་ཕན། །དེ་ནས་གཡས་ཀྱི་ཚོན་གང་ན། །ཀྷྱ་
(༣༢༣)གནས་མཁྲིས་རྩ་སེར་པོ་ཡིན། །འདི་གཏར་དང་ཀ་འགྲིབས་ན་ཕན། །དེ་ཡི་གཡོན་ནས་ཚོན་གང་ནས། །ཀེ་གནས་མཁྲིས་པའི་དུང་བུ་ཞེས། །འདི་གཏར་ཁ་ཁའི་ནད་ལ་ཕན། །དེ་ནས་དཔྲལ་བའི་དབུས་ན་ཀེ། །འདི་མིང་མཁྲིས་རྩ་སེར་དུང་ཡིན། །འདི་གཏར་ཆང་གི་ནད་ལ་ཕན། །དེ་གཡས་མིག་གི་ཕུག་ན་གྱེན། །ཀཽར་གནས་མིག་རྩ་འགྲེང་བུ་ཞེས། །འདི་གཏར་ལིང་ཐོག་ལ་སོགས་ཕན། །གཡོན་པ་ཕུག་ན་ཀོ་ཡིན་ཏེ། །འདི་མིང་མིག་རྩ་འཕར་མ་ཞེས། །འདི་གཏར་ཚད་པའི་ནད་ལ་ཕན། །དེ་ནས་གྱེན་དུ་ཚོན་གང་གཡས། །ཀ་གནས་མིག་རྩ་འཕྲེད་ཉལ་ཞེས། །གཡོན་གྱི་འཕྲད་ན་ཀཾ་གནས་ཏེ། །འདི་གཉིས་མི་གཏར་ཙནྡ་བྱུགས། །མིག་གི་ནད་རྣམས་ཀུན་ལ་ཕན། །དེ་ནས་ཕར་བཅལ་རྩེ་གཏད་གཡས། །ཐ་གནས་ཀླད་པ་འཁྱོམས་ལ་ཕན། །རྩེ་གཏད་གཡོན་ན་དེ་བཞིན་ཐཱ། །འདི་གཏར་མིག་ནི་ལུག་ལ་ཕན། །མིག་ཕུག་གཡས་ན་ཡི་གེ་ཐཱི། །མིག་རྩ་ལྡུམ་བུ་ཞེས་བྱ་སྟེ། །འདི་གཏར་མིག་རྩའི་ནང་ལ་ཕན། །གཡོན་གྱི་ཕུག་ན་ཐཱི་གནས་ཏེ། །མིག་རྩ་གང་པོ་ཞེས་བྱའོ། །འདི་གཏར་མིག་ནི་རྣོ་བར་བྱེད། །ལྕེ་སྟེང་གཡས་ཕྱོགས་ཡས་
(༣༢༤)རྐན་གྱི། །དཀར་བའི་རྩ་གཉིས་དག་ལ་ནི། །ཐུ་དང་ཐུ་གཉིས་འཁྲིལ་མའི་ཚུལ། །འདི་མིང་ལྕེ་རྩ་ནག་པོ་ཞེས། །འདི་གཏར་ལྕེ་ཕུག་བྲོས་ལ་ཕན། །རྣ་བ་གཡས་ནས་བྷྱ་གནས་ཏེ། །གཡོན་ན་རྩ་གནས་མཛུབ་མོས་མནན། །འོད་ནི་མངོན་དུ་སྣང་བར་གྱུར། །མཁུར་ཚོས་གཡས་གཡོན་བ་དང་བཱ། །འགྲམ་ཞབས་གཡས་གཡོན་བི་དང་བཱི། །རྣ་བའི་ཚུར་འགྲམ་གཡས་གཡོན་ན། །དེ་བཞིན་བུ་དང་རུ་གཉིས་གནས། །དེ་བཞིན་ཕྲག་འགྲམ་གཡས་གཡོན་ན། །བྷྱེབྷྱེ་གཉིས་ནི་གནས་པ་ཡིན། །རྣ་བ་གཡས་པའི་སྟེང་འོག་ན། །བ་བླེ་གཡོན་པའི་སྟེང་འོག་ན། །བོ་བློ་འགྲམ་ཟུར་གཡས་གཡོན་ན། །བྃ་བཱཾ་ལྐོག་ཟུར་གཡས་གཡོན་ན། །མ་མཱ་ལྟོ་མགོ་གཡས་གཡོན་ན། །མི་མཱི་ལྟོ་སྟོང་དག་ན་ནི། །མུ་མཱུ་གཉིས་པོ་དེ་བཞིན་ནོ། །ཁ་ཡི་མཐའ་ནི་གཡས་གཡོན་ན། །མྷྱེ་མྷྱོ་གཉིས་གཉིས་གནས་པའོ། །ལྕེ་ཡི་སྟེང་འོག་མེ་མཱེའོ། །སྣ་བུག་གཡས་གཡོན་མེ་མཱེ་གཉིས། །ཡ་རྐན་མ་རྐན་དཀྱིལ་གཉིས་ན། །མྃ་མཱྃ་ལྟ་ཟུར་གཡས་གཡོན་ན། །ཙ་ཙཱ་ལྟག་ཁུང་སྟེང་འོག་ན། །ཙི་ཙཱི་མཇིང་ཟུར་གཡས་གཡོན་ན། །ཙུ་ཙཱུ་གཉིས་པོ་དེ་བཞིན་ནོ། །མགོ་བོའི་འབུར་ནི་གཡས་གཡོན་ན། །ཙྷྱོ་ཙྷྱོ་དཔྲལ་དབྱིངས་གཡས་
(༣༢༥)གཡོན་ན། །ཙེ་ཙཱེ་སྨིན་མ་གཡས་གཡོན་ན། །ཙོ་ཙཱོ་ལྟག་པའི་བདུད་སྒོ་ན། །ཡི་གེ་ཙེ་ནི་གནས་པ་ཡིན། །རྩེའུ་ཆུང་གཡས་ཀྱི་མགོ་གཉིས་ཀྱི། །ཕར་འགྲམ་ཚུར་འགྲམ་གཉིས་པོ་ན། །ཉ་ཉཱ་དེ་བཞིན་གཡོན་གཉིས་ན། །ཉི་ཉཱི་གཉིས་ནི་གནས་པའོ། །འགྲམ་ཟུར་རུས་མགོ་གཡས་གཡོན་ན། །ཉུ་ཉཱུ་གཉིས་པོ་དེ་བཞིན་ནོ། །མིག་གི་ལྐོག་ནི་གཡས་གཡོན་ན། །ཉེ་ྷྱཉྷྱཱེ་གཉིས་པོ་ཡོད་པའོ། །མཚོགས་མའི་ཁུར་ནི་གཡས་གཡོན་ན། །ན་ནཱ་ཡ་མཆུའི་དཀྱིལ་གཉིས་ན། །ནི་ནཱི་མ་མཆུའི་གཉིས་པོ་ན། །ནུ་ནཱུ་མཁུར་ཚོས་གཡས་གཡོན་མགོའི། །རུས་པ་འཕྱར་བ་གཉིས་ན་ནི། །བྷྱེ་བྷྱེ་ལྕེ་ཟུར་གཡས་གཡོན་ན། །ནེ་ནཱེ་སྣ་བུག་གཡས་གཡོན་ན། །ནོ་ནཱོ་ལྕེ་རྩེ་སྣ་རྩེ་ན། །ནྃ་ནཱྃ་ལྐོག་རྩེ་ལྟོ་སྟོང་མགོར། །བྷྱེྨ་བྷྱྨེ་སྣ་ཡི་རྩེ་གཉིས་ན། །བྷྲེ་བྷཱེ་གཉིས་པོ་གནས་པ་ཡིན། །རླུང་སྦྱོར་དམིགས་པ་གསལ་བ་ཡིས། །ཡི་གེ་བཟླས་ཤིང་ཕྱིར་ལ་འདོན། །བུ་ག་གཟེར་འདོན་མདའ་འཕངས་འདྲ། །ཏིང་ངེ་འཛིན་གྱི་གཏར་སྲེག་ཡིན། །གཞན་ལ་དངོས་སུ་གཏར་བས་ཕན། །བདེ་ཆེན་འཁོར་ལོའི་གནད་ཡིག་གོ། གཉིས་པ་ལོངས་སྤྱོད་འཁོར་ལོ་
(༣༢༦)ནི། །རྩ་འདབ་བཅུ་དྲུག་བདག་ཉིད་དེ། །དབུས་ན་རི་དང་ཤར་ན་ཧ། །ལྷོར་ཨ་ནུབ་ནི་བྱང་དུས། །རིན་ཆེན་མཁའ་འགྲོ་ཡབ་ཡུམ་ལྔ། །རིན་ཆེན་གྲི་གུག་ཐོད་ཁྲག་སེར། །སྦྱོར་མཚམས་དྭངས་མ་བབས་པ་ཡིས། །མགྲིན་དབུས་ནས་བཟུང་ལུས་ཀུན་གང་། །ཚ་གྲང་ནད་ཀུན་ཞི་བར་བསམས། །རླུང་འཕངས་ཚ་གྲང་ཤེས་པར་བྱ། །ནང་གི་ནད་ཀུན་ཞི་བར་བྱེད། །ཕྱི་རོལ་ཡི་གེ་སྦྱོར་བས་འདོན། །མགྲིན་གཡས་གྱེན་རྒྱུག་ཨེ་གནས་ཏེ། །འདི་མིང་རྩེའུ་ཆུང་གཡས་པ་ཞེས། །འདི་གཏར་འཇིང་པ་རྟེངས་ལ་ཕན། །གཡོན་ན་ཨོ་གནས་རྩེའུ་ཆུང་གཡོན། །འདི་གཏར་སྟོད་ནི་བསྡམས་ལ་ཕན། །མགོ་ཆག་ཁོང་ནད་ཀུན་ལ་ཕན། །དཔུང་པ་གཡས་ན་ཨེ་གནས་ཏེ། །གློ་རྩ་ཡོན་པོ་ཞེས་བྱའོ། །འདི་གཏར་གློ་ནི་ཚ་ལ་ཕན། །དེ་བཞིན་གཡོན་ན་ཨ་གནས་ཏེ། །སྤྱི་རྩ་ཐེན་པོ་ཞེས་བྱ་བ། །འདི་གཏར་ནད་རྣམས་ཀུན་ལ་ཕན། །དཔུང་པའི་ཉ་དཀྱིལ་གཡས་ན་ཨ། །དུག་རྩ་ཡོན་པོ་ཞེས་བྱ་བ། །འདི་གཏར་དུག་ནད་ཀུན་ལ་ཕན། །གཡོན་ཨ་སྦལ་རྩ་ནག་པོ་ཞེས། །འདི་ལྟར་སྨྱོ་འབོག་བརྒྱལ་ལ་ཕན། །དཔུང་ཟུར་གཡས་གཡོན་ཨི་ཨི་ཏེ། །སྦལ་རྩ་ནག་
(༣༢༧)པོ་ཞེས་བྱ་བ། །འདི་གཏར་སྐེ་ནད་ཀུན་ལ་ཕན། །གཡོན་རི་གསེར་རྩ་ཐུང་པོ་སྟེ། །འདི་གཏར་རྩ་ཡི་ནད་རྣམ་སེལ། །ཨོ་ཨཱོ་སོག་པའི་མེ་ལོང་དཀྱིལ། །འདི་མིང་གློ་རྩ་ཆེན་པོ་སྟེ། །འདི་བསྲེགས་མགོ་བོ་འཁྱོམས་ལ་ཕན། །དཔུང་པ་ལུག་མཇུག་དཀྱིལ་ན་ཨོ། །གཤེན་ཐག་གཡས་པ་ཞེས་བྱའོ། །འདི་བསྲེགས་དཔུང་པ་བྱུང་བ་སེལ། །གཡོན་པར་ཨི་གནས་འདི་བསྲེགས་པས། །ཕོ་བ་ཁེངས་པའི་ནད་ལ་ཕན། །མགྲིན་འོག་ཁུང་ན་རི་གནས་ཏེ། །ལྟག་པའི་དཀྱིལ་ནས་ཨེ་གནས་ཏེ། །ལི་ནི་རྩེ་མཆན་གཡས་གཡོན་ལཱི། །དེ་བཞིན་མདུན་གྱི་ཨེ་ཡིན་ནོ། །འདི་ཀུན་གཏེམས་ཤིང་དགུགས་པ་མིན། །ཡི་གེ་འདི་དག་གནས་པ་ཡི། །ཕྱོགས་ནས་དབུགས་བཅས་བཟླས་པས་འགྲུབ། །དམིགས་པའི་མེ་ཡིས་བསྲེག་པ་སྟེ། །གཞན་ལ་མེ་བཙས་ཕན་པ་ཡིན། །ལོངས་སྤྱོད་འཁོར་ལོའི་གནད་ཡིན་ནོ། །གསུམ་པ་ཆོས་ཀྱི་འཁོར་ལོ་ནི། །རྩ་འདབ་སུམ་ཅུ་རྩ་གཉིས་དབུས། །ཨ་གནས་ཤར་ཧ་ལྷོ་ཕྱོགས་རི། །ནུབ་ནི་བྱང་དུ་ས་གནས་པའི། །སངས་རྒྱས་མཁའ་འགྲོ་
(༣༢༨)ཡབ་ཡུམ་མཐིང་། །འཁོར་ལོ་གྲི་གུག་ཐོད་ཁྲག་འཛིན། །སྦྱོར་མཚམས་བདུད་རྩིའི་རྒྱུན་བབས་པས། །ལུས་ཁེངས་ནད་གདོན་ཞི་བར་བསམ། །རླུང་གནད་ལ་སོགས་གོང་བཞིན་ནོ། །ནང་གི་ནད་ཀུན་སེལ་བར་བྱེད། །ཕྱི་རོལ་ཡི་གེའི་སྦྱོར་བ་སྟེ། །སྙིང་ལས་གྱིས་པའི་རྩ་ཆེན་ནི། །ཕྱི་རོལ་རྣམ་པ་འདི་ལྟར་སྣང་། །ལག་པའི་གྲེ་མང་གཡས་པའི་གཤོད། །ཡི་གེ་ཀ་ཡི་མཇུག་མོ་གནས། །སྨན་སྐད་འབའ་བསམ་གྲུབ་མགོ་ཡིན། །འདི་གཏར་རིམས་ཀྱི་ནད་ཀུན་སེལ། །གཡོན་པའི་གཤོང་ན་ཁ་ཡོད་དེ། །འདི་མིང་བྷ་ལ་ཏི་ཏ་ཞེས། །འདི་གཏར་མཁྲིས་པའི་ནད་ལ་ཕན། །བད་ཀན་ནད་ཀུན་སེལ་བར་བྱེད། །དེ་ཡི་ཕྱི་རོལ་གཡས་ནག། འདི་གཏར་མཆིན་པའི་ནད་ལ་ཕན། །དེ་མིང་རུ་ཐུང་གཡས་པའོ། །གཡོན་ན་གྷ་གནས་རུ་ཐུང་གཡོན། །འདི་གཏར་ཕོ་བའི་ནད་ལ་ཕན། །ལག་དང་ནང་རོལ་དབུས་ན་ན། །འདི་མིང་མཁྲིས་པའི་རྒྱལ་མོ་ཡིན། །འདི་གཏར་མཁྲིས་པའི་ནད་ལ་ཕན། །དེ་ཡི་གཡས་ཟུར་ཙ་གནས་ཏེ། །མཆིན་རྩ་ཟ་མ་ཞེས་བྱ་སྟེ། །འདི་གཏར་མཆིན་པའི་ནད་ཀུན་སེལ། །དེ་ཡི་རོ་ཐུང་ནང་རོལ་ཚ། །རྩ་བྲན་ཁ་ཁ་ཞེས་བྱ་བ། །འདི་གཏར་
(༣༢༩)བད་ཀན་ནད་ལ་ཕན། །ལག་ངར་མཁྲིག་མ་དཔྲལ་མཚམས་ཟུར། །ཛཱ་གནས་གོང་རྩ་གཡས་པ་ཞེས། །འདི་གཏར་གློ་བའི་ནང་ལ་ཕན། །གཡོན་ན་ཛ་གནས་གོང་རྩ་གཡོན། །འདི་གཏར་ལུད་པ་སེལ་ལ་ཕན། །མཁྲིག་མའི་རྒྱབ་དཀྱིལ་དྲང་པོ་ཉ། །འདི་མིང་རྒྱབ་རྩ་གྲུབ་མགོ་ཞེས། །འདི་གཏར་རོ་སྟོད་ནད་ལ་ཕན། །ལག་པའི་མཐེབ་མཛུབ་གཉིས་ཀྱི་བར། །ཚོན་གང་བཅལ་བའི་ཤོང་བུ་ན། །ཊ་གནས་སྙིང་རྩ་དཀར་མོ་ཞེས། །འདི་གཏར་མཁལ་མཁྲིས་སྙིང་ནད་སེལ། །རྒྱབ་ཀྱི་དྲང་པོར་ཐ་གནས་ཏེ། །རྒྱབ་རྩ་ཆེན་མོ་ཞེས་བྱ་བ། །འདི་གཏར་རོ་རྒྱབ་ནད་ལ་ཕན། །མཐེབ་ཆུང་ངོས་ཀྱི་ཕྱི་ཟུར་ཊ། །མཆིན་རྩ་ཁྲོན་བུ་ཞེས་བྱ་བ། །འདི་གཏར་ལག་པའི་ནད་ལ་ཕན། །མཐེ་བོང་རྒྱབ་ཀྱི་དྲང་པོར་དྷ། །མཁྲིས་རྩ་གྷནྡྷེ་ཞེས་བྱ་བ། །འདི་གཏར་མགོ་བོའི་ནད་ལ་ཕན། །མཛུབ་མོའི་རྒྱབ་ན་ཡི་གེ་། །ཕོ་བའི་ཡལ་ག་ཞེས་བྱ་སྟེ། །འདི་གཏར་དུག་གི་ནད་ལ་ཕན། །གུང་མོའི་རྒྱབ་ན་ཏ་གནས་ཏེ། །མཚེར་པའི་ཡལ་ག་ཞེས་བྱའོ། །འདི་གཏར་སྲིན་གྱི་ནད་ལ་ཕན། །སྲིན་ལག་རྒྱབ་ན་དེ་བཞིན་རྩ། །མཁལ་རྩ་ཡོན་པོ་ཞེས་བྱ་
(༣༣༠)བ། །འདི་གཏར་མཁལ་མའི་ནད་ལ་ཕན། །མཐེའུ་ཆུང་རྒྱབ་ནད་གནས་སོ། །ཕོ་རྩ་ཡོན་པོ་ཞེས་བྱ་བ། །འདི་གཏར་ཕོ་བའི་ནད་ལ་ཕན། །ལག་མཐིལ་དཀྱིལ་ན་དྷ་དྷ་གནས། །མཆིན་པའི་རྩ་ནག་ཅེས་བྱའོ། །འདི་གཏར་ཕོ་མཆིན་འཁོར་ལ་ཕན། །མཛུབ་མོའི་ངོས་ན་འཁོར་བ་ནི། །ན་གནས་སྙིང་རྩ་འཁོར་མ་སྟེ། །འདི་གཏར་སྙིང་མི་དགའ་བ་དང་། །སྙིང་རླུང་ལྡང་དུབ་ཉིད་ལ་ཕན། །རྣལ་འབྱོར་པ་ཡིས་བཟླས་ཤིང་འདོན། །ནུ་མའི་སྟེང་ན་པ་གནས་ཏེ། །དེ་ཡི་གཡོན་ན་བ་གནས་སོ། །མཆན་ཁུང་གཡས་ན་བ་གནས་ཏེ། །དེ་བཞིན་གཡོན་ན་བྷ་གནས་ཏེ། །མ་ནི་བྲང་གི་ལྷེན་སྣ་ལ། །ཕོ་བའི་སྟེང་ན་ལ་གནས་སོ། །ཡ་ནི་རྒྱབ་ཀྱི་ཚིགས་པ་ལ། །འདི་ཀུན་ཕྱོགས་ནི་གང་ནར་བསྲེག། རྣལ་འབྱོར་པ་ཡིས་གཏེམས་པས་འགྲུབ། །གཏེམས་དང་དཀྲུགས་དང་བསྐྱིལ་བ་ནི། །ཕྱི་རྩ་རྣམས་ལ་རབ་ཏུ་གཅེས། །ཆོས་ཀྱི་འཁོར་ལོའི་གནད་ཡིན་ནོ། །བཞི་པ་སྤྲུལ་པའི་འཁོར་ལོ་ནི། །རྩ་འདབ་དྲུག་ཅུ་རྩ་བཞིའི་དབུས། །ནི་དང་ཤར་ཧ་ལྟོ་ཕྱོགས་རི། །ནུབ་ཨ་བྱང་དུ་ས་གནས་སྟེ། །པདྨ་ཡབ་ཡུམ་དམར་མཛེས་འཛུམ། །པདྨ་གྲི་གུག་ཐོད་ཁྲག་བསྣམས་།
(༣༣༡)སྦྱོར་མཚམས་བདུད་རྩིའི་ལུས་ཁེངས་ཏེ། །ནད་གདོན་སྡིག་སྒྲིབ་མ་ལུས་དག། རླུང་གནད་ལ་སོགས་གོང་དང་འདྲ། །ཕྱི་རོལ་ཡི་གེའི་སྦྱོར་བ་ནི། །པ་པཱ་མཁལ་ཁུང་གཡས་དང་གཡོན། །ཤ་ཤ་སྤུ་ནག་མཚམས་ན་གནས། །ར་ར་མཁལ་མ་གཡས་གཡོན་ན། །གཡས་སུ་གཅུད་ཅིང་གཡོན་དུ་བོར། །ང་པ་ལྟེ་བའི་མདུན་རྒྱབ་ན། །མཐེབ་མཛུབ་གཏེམས་པས་རླུང་ནི་འགགས། །རྃ་ཧ་ལྟེ་ཁུང་འོག་དང་སྟེང་། །ཊྱ་ཊྱ་རྒྱུ་འོག་གཡས་དང་གཡོན། །ཛ་ཛཱ་གཉིས་ཀྱང་དེ་བཞིན་ནོ། །ཊ་ཊཱ་མཁལ་ཁུང་གཡས་དང་གཡོན། །འདི་ཀུན་གཏེམས་པ་མ་ཡིན་ཏེ། །རབ་ཏུ་བཟླས་ཤིང་སྤུར་བ་ཡིས། །འབྱུང་བ་རྣམས་ནི་ཆ་སྙོམས་བྱེད། །སྐེད་པ་མན་ཆད་གང་ན་ཡང་། །ཡི་གེ་བཟླས་ཤིང་སྤྲོས་པ་ཡིས། །འབྱུང་བའི་ནད་རྣམས་རང་སར་འཛད། །གཡས་གཡོན་ཡི་གེ་རང་གི་གནད། །ཚ་གྲང་ཁ་དོག་དཀར་དམར་རོ། །ཡི་གེ་ཀུན་ལ་ངེས་ཤེས་བྱ། །ལྟེ་བ་སྤྲུལ་པའི་གནད་ཡིན་ནོ། །ལྔ་པ་བདེ་སྐྱོང་འཁོར་ལོ་ནི། །རྩ་འདབ་ཉི་ཤུ་རྩ་བརྒྱད་དབུས། །ས་དང་ཤ་ཧ་ལྷོ་ཕྱོགས་རི། །ནུབ་ནི་བྱང་དུ་ཨ་གནས་ཏེ། །ལས་ཀྱི་མཁའ་འགྲོ་ཡབ་ཡུམ་ལྗང་། །རྒྱ་གྲམ་གྲི་གུག་ཐོད་ཁྲག་འཛིན། །སྦྱོར་མཚམས་བྱང་
(༣༣༢)སེམས་བབས་པ་ཡིས། །ལུས་ཁེངས་ནད་གདོན་སྡིག་སྒྲིབ་དག། རླུང་གནད་ལ་སོགས་གོང་བཞིན་ནོ། །ཕྱི་རོལ་ཡི་གེའི་སྦྱོར་བ་ནི། །ཧཱུ་ནི་སྦུ་གུ་ཐུང་ལ་གནས། །བསྲེགས་པས་རེངས་པའི་ནད་ལ་ཕན། །རྣལ་འབྱོར་པ་ཡིས་དབུགས་བཅས་ཏེ། །ཕྱི་ནས་ནང་དུ་དྲང་བར་བྱ། །ཨུ་ཨི་བཤང་ལྕི་གཉིས་པོ་སྒོ། །ཀྵ་ནི་རྐུབ་ཀྱི་ལུང་ནའོ། །མཛུབ་མོས་མནན་ཏེ་རྣལ་འབྱོར་པས། །དབུགས་ནི་གྱེན་ལ་དལ་གྱིས་དྲངས། །ནང་དུ་ཡི་གེ་མང་པོར་སྤེལ། །ལྟེ་བ་ཡི་གེས་ཁེངས་པ་ན། །གཏེམས་ཤིང་ཡི་གེ་ཡིད་ཀྱིས་བཟླས། །དེ་ལྟར་གོམས་པས་ལོ་གཉིས་ནས། །ཟས་གོས་གཉིས་ཀྱི་འདུ་ཤེས་འགགས། །ར་ཧཱུ་བྲལ་ནང་གཡས་གཡོན་ན། །འབར་རྩ་འདི་གཉིས་མཛུབ་མོས་བཙིར། །སེམས་ནི་འབྲོས་པར་འགྱུར་བ་མིན། །ཊ་ལ་རྡོ་རྗེའི་སྟེང་འོག་ན། །འདི་གཉིས་གཏེམས་པས་ཐིག་ལེ་འགགས། །ཤ་ནི་རྡོ་རྗེའི་རྩེ་མོ་ན། །མཉེས་པས་འདོད་ཆགས་སྦྱོང་བར་བྱེད། །ལུས་ནི་གཅོང་གིས་ཟིན་པ་ན། །འདི་ཀུན་བཟླས་ཤིང་གཏེམས་པ་ཡིས། །འདུས་པའི་ནད་དེ་དྲུངས་ནས་འབྱིན། །ཏི་ཊིད་ཕྱི་མགོ་གཡས་དང་གཡོན། །ལ་ལཱ་བརླ་ཁུང་གཡས་དང་གཡོན། །མི་མི་པུས་མོ་གཡས་དང་གཡོན། །
(༣༣༣)འདི་བསྲེག་སྦྲིད་དང་འཁུམས་མས་པ་འཚོ། །ཉ་ཨི་པུས་སྟེང་གཡས་གཡོན་ན། །འདི་བསྲེགས་མཁལ་མའི་ནད་ལ་ཕན། །དེ་ཡང་པུས་མོའི་མར་མཚན་ན། །སོར་བཞིར་ངར་གདོང་གཡས་པ་ན། །ཡི་གེ་སུ་ཡི་མགོ་ཡོད་དེ། །སྨན་རྐང་མཆེར་རྩ་ནག་པོ་ཞེས། །འདི་གཏར་འབྱུང་བ་སྙོམས་པའི་གྲོགས། །སྐད་འགགས་རྩིབ་མར་ཟུག་ལ་ཕན། །དེ་གཡོན་སོ་སོའི་མགོ་གནས་ཏེ། །མཆེར་པའི་གསང་ཆུང་ཞེས་བྱའོ། །འདི་གཏར་སྒལ་ཚིགས་འཁྲིད་ལ་ཕན། །དེ་ནས་སོར་བཞིའི་གདོང་གཡས་ན། །ཡི་གེ་ཥ་ཡི་མགོ་གནས་ཏེ། །སྨན་སྐད་མཁལ་མའི་རྩ་ནག་ཅེས། །འདི་གཏར་ལུས་ནི་འཁུམས་པ་དང་། །རྐང་པ་གཡས་པ་བཤལ་ལ་ཕན། །འབྱུང་བ་རབ་ཏུ་མཉམ་པར་བྱེད། །གཡོན་ན་ཤེ་ཡི་མཇུག་ཡོད་དེ། །ཆུ་སེར་རྩ་ནག་ཅེས་བྱའོ། །འདི་གཏར་ཆུ་སེར་རྒྱས་པ་དང་། །མཛེ་ཡི་ནད་ལ་རབ་ཏུ་ཕན། །བྱིན་པའི་དཀྱིལ་ཚད་གཡས་པ་ན། །ཡི་གེའི་ཀྵ་ཡི་མཇུག་ཡོད་དེ། །སྨན་སྐད་བྱིན་མཇུག་རིང་པོ་ཞེས། །འདི་གཏར་མཁལ་མ་འགྲམས་ལ་ཕན། །གཡོན་ན་ཤ་གནས་བྱིན་མཇུག་ཐུང་། །འདི་གཏར་སྒུར་བའི་ནད་ལ་ཕན། །བོལ་
(༣༣༤)གོང་གཡས་ན་ཥ་ཡི་མཇུག། འདི་གཏར་གླང་ཐབས་ནད་ལ་ཕན། །དེ་བཞིན་གཡོན་ན་ཀྵ་གནས་ཏེ། །གླང་བུ་གྱ་གྱུ་ཞེས་བྱའོ། །འདི་གཏར་ལོང་ནང་བྱུང་ན་ཕན། །ལོང་མོའི་ཕྱི་མཚན་གཡས་པ་ན། །ཡི་གེ་ཁ་ཡི་མཇུག་ཡོད་དེ། །སྨན་སྐད་བྱིན་མཇུག་ཡོན་པོ་ཡིན། །འདི་གཏར་མཁལ་མའི་ནད་ལ་ཕན། །དེ་བཞིན་གཡོན་ན་ཁྃ་གནས་ཏེ། །མཁལ་རྩ་འཁྱུད་མ་ཞེས་བྱ་བ། །འདི་གཏར་སྐེད་པ་འཁྱོག་ལ་ཕན། །ཞ་གྲུམ་ནད་རྣམས་ཀུན་ལ་ཕན། །འདི་ཀུན་ལྔ་ལྔ་དབུགས་དང་བཅས། །ན་སར་བཏོན་པས་ཕན་པ་ཡིན། །ཡི་གེ་བཟླས་ཤིང་རླུང་གནད་བསྟུན། །དམིགས་པའི་ནད་རྣམས་སྲེག་སྦྱོང་གཏོར། །མཁའ་ལ་རྒྱངས་ཀྱིས་སོང་བར་བསྒོམ། །དེས་ནི་ནད་རྣམས་ཀུན་ལ་ཕན། །བདེ་སྐྱོང་འཁོར་ལོའི་གནད་ཡིག་གོ། དེ་ལྟར་ཕྱི་ནང་རྩ་ནང་གི། ཡི་གེ་འདི་ཀུན་བཟླས་པ་ནི། །སྤྲེལ་དང་རྐྱལ་པ་མགོ་ཞབས་ཅན། །འདི་ཀུན་རྣལ་འབྱོར་པས་ཤེས་བྱ། །འཁོར་ལོ་རེ་ལ་དབང་བ་ཡི། །རྩ་ཡི་རྣམ་པ་ན་བའི་ཚེ། །ཐམས་ཅད་སྦྲེལ་ཏེ་བཟླས་པར་བྱ། །དེ་ཡི་གཡས་དང་གཡོན་དང་དབུས། །ཚད་ནི་ཇི་ལྟར་ཡོད་པ་ཀུན། །
(༣༣༥)ཇི་སྐད་སྨྲོས་བཞིན་ཤེས་པར་བྱ། །དེ་བཞིན་འཁོར་ལོའི་འོག་ནས་ནི། །སྟེང་དུ་མཆེད་པའི་ནད་བྱུང་ན། །གོང་གི་ཡི་གེས་བརྒྱན་པར་བྱ། །དེ་བཞིན་འོག་ཏུ་མཆེད་པ་ན། །འོག་གི་ཡི་གེས་གོང་མར་བརྒྱན། །འཁོར་ལོ་ལྔ་ཆར་འཁྲུགས་པ་ན། །ཐོག་མ་གང་ནས་ནད་ལངས་པའི། །ཡི་གེའི་ཚིག་གིས་སྦྱར་ནས་ནི། །རླུང་དམིགས་གཏེམས་གཅུག་བཟླས་པར་བྱ། །དེ་བཞིན་ཐད་ཀའི་ནད་བྱུང་ནས། །བཟླས་པ་དབུགས་དང་བསྟུན་ནས་ནི། །གྲངས་ནི་ཉི་ཤུ་རྩ་རེ་ལ། །གང་ནའི་ཡི་གེ་བཟླས་པའི་ཚེ། །ཡི་གེས་འཁོར་ལོ་ཁེངས་པ་ན། །གཅིག་ལ་གཅིག་ཐིམ་ལུས་གནད་གཟིར། །ནད་ནི་ཕྱིར་སོངས་སོང་བར་བསམ། །དེ་ལྟར་ཡི་གེ་བཟླས་པའི་ཚེ། །ངག་ནི་ལྕོང་ལྕོང་གྲུལ་བུམ་སྐད། །འདོན་ཞིང་ཡན་ལག་བསྐོར་བར་བྱ། །དེ་རྗེས་དབུགས་ནི་ཕྱིར་ཕྱུང་ལ། །གྲང་བ་ལ་ནི་དམར་པོ་ཡིས། །ནང་དུ་བསྟིམ་ཞིང་སྙིང་ལ་བསྡུ། །ཚ་ན་དཀར་བས་ཕྱི་ལ་འདོན། །འདི་ལྟར་ལན་གྲངས་ཉི་ཤུ་གཅིག། བར་དུ་ལུས་གནད་གཟིར་བྱས་ཤིང་། །རླུང་དམིགས་འཇོམ་པས་ནད་ཀུན་གྲོལ། །གདོན་རྣམས་ཀུན་གྱིས་གླགས་མི་རྙེད། །ཕྱི་ནང་ཡི་གེ་རྩ་རླུང་གནད། །ཐམས་ཅད་འདིར་རྫོགས་ཁྱད་པར་འཕགས། །ཕྱི་ནང་
(༣༣༦)ནད་རྣམས་གང་ལ་ཡང་། །འཁོར་ལོ་ལྔ་ཡི་ཡི་གེ་རྣམས། །རྩ་ཡི་གྲངས་དང་མཉམ་པ་ཡི། །མཁའ་འགྲོ་ཡབ་ཡུམ་མང་པོ་དང་། །བ་སྤུའི་གྲངས་དང་མཉམ་པ་ཡི། །དཔའ་བོ་དཔའ་མོ་གྲངས་མེད་ཀྱིས། །ལུས་ཀྱི་ཕྱི་ནང་བར་གསུམ་ཁྱབ། །སྙོམས་པར་ཞུགས་པའི་བྱང་སེམས་དེས། །ལུས་གང་ནད་རྣམས་སངས་པར་བསམ། །ཁྱད་པར་ན་སར་བདུད་རྩི་བབས། །ནད་དེ་བདེ་བ་ཆེན་པོར་གྱུར། །སེམས་ཉིད་དོན་དང་གཉིས་མེད་བསྲེ། །དེ་ཡད་ཚད་པའི་ནད་བྱུང་ན། །རྡོ་རྗེ་མཁའ་འགྲོའི་སྦྱོར་མཚམས་ནས། །བདུད་རྩི་དཀར་བསིལ་རྒྱུན་བབས་པས། །ལུས་ཁེངས་ཚད་ནད་ཞི་བར་བསྒོམ། །རླུང་ནི་ནང་དུ་མི་གཟུང་བར། །ཕྱིར་འཕངས་ཕྱིར་གཟུང་རབ་ཏུ་བསྡགས། །གྲང་བའི་ནད་ལ་ལྟེ་བ་ལས། །པདྨ་མཁའ་འགྲོའི་སྦྱོར་མཚམས་ནས། །བདུད་རྩི་དམར་གསལ་མེ་འབར་བས། །ཕོ་བའི་ནང་ནས་ལུས་ཀུན་ཁེངས། །ཚིག་ཅིང་རྡོས་བཅས་དག་པར་བསམ། །རླུང་ནི་ནང་བཟུང་ཁ་སྦྱར་ལ། །ཡི་གེ་ཡིད་ཀྱིས་བཟླ་བར་བྱ། །བད་ཀན་ལ་ནི་མགྲིན་པ་ནས། །རིན་ཆེན་མཁའ་འགྲོའི་སྦྱོར་མཚམས་ནས། །བདུད་རྩི་བབས་པས་བད་ཀན་བྱང་། །རླུང་ནི་ཕྱིར་འདོན་གཏུམ་མོ་བསྒོམ། །རིན་ཆེན་མཁའ་འགྲོའི་ཡི་གེ་བཟླས། །འཁྲུལ་འཁོར་བྱ་ཞིང་ཡན་ལག་སྤྱོད། །
(༣༣༧)འདུས་པའི་ནད་ལ་སྙིང་ག་ཡི། །རྩ་འདབ་སུམ་ཅུ་རྩ་གཉིས་ཀྱི། །སངས་རྒྱས་མཁའ་འགྲོའི་སྦྱོར་མཚམས་ནས། །དྭངས་མ་བབས་པས་ལུས་ཁེངས་པས། །སྟེང་འོག་རླུང་ནི་ཁ་སྦྱོར་བསྒོམ། །དེ་དག་ཀུན་གྱི་གྲོགས་ཉིད་དུ། །གསང་བ་བདེ་སྐྱོང་འཁོར་ལོ་ནས། །ལས་ཀྱི་མཁའ་འགྲོའི་རླུང་བྱུང་བས། །ནད་གདོན་གཏོར་བསྲེགས་སྦྱངས་བར་བསྒོམ། །ཁྱད་པར་རླུང་གི་ནད་བྱུང་ན། །གསང་བར་མཁའ་འགྲོ་ཉི་ཤུ་བརྒྱད། །སྦྱོར་མཚམས་རླུང་གི་དྭངས་མ་ཡིས། །ལུས་ཁེངས་བདེ་སྐྱོང་བདེ་བ་རྒྱས། །མི་རྟོག་སྟོང་པའི་ངང་ལ་བཞག། འཇམ་རླུང་གསང་བར་གཟུང་བར་བྱ། །དེ་ལྟར་ལུས་གནད་འབྱུང་འཁྲུགས་ན། །རླུང་དམིགས་ཡི་གེས་འདོན་པར་བྱ། །སེམས་གནད་སྙིང་རླུང་རྣམ་རྟོག་འཕྲོ། །དགག་སྒྲུབ་ཉོན་མོངས་སྐྱེས་པའི་ཚེ། །གང་ཤར་ངོ་བོ་ངོས་བཟུང་ལ། །རང་སོར་བཞག་པས་རང་གིས་གྲོལ། །གདོད་ནས་མ་སྐྱེས་གཞི་རྩ་བྲལ། །ཡེ་སྟོང་ཀ་དག་ཆོས་ཀྱི་སྐུ། །རྒྱ་མཚོ་ལས་ནི་རླབས་བཞིན་དུ། །སེམས་ཉིད་དོན་དམ་རྒྱ་མཚོ་ལས། །ཡེ་ཤེས་དབའ་རླབས་རང་ཤར་བས། །ཤར་ཙམ་ཉིད་ནས་གཞི་ལ་ཐིམ། །གཏད་མེད་སྟོང་པའི་ལམ་ཁྱེར་བྱ། །གང་ལྟར་ན་ཡང་རང་གི་སེམས། །
(༣༣༨)སེམས་ནི་སྟོང་པ་ངོས་གཟུང་མེད། །ན་ས་ན་མཁན་གཉིས་སུ་མེད། །ན་རྒྱུ་ཆོས་དབྱིངས་སྟོང་པར་གྲོལ། །ན་མཁན་སེམས་ཉིད་ངང་དུ་ཐིམ། །ན་ས་རྡུལ་ཕྲན་ཙམ་དུ་མེད། །དེ་ལྟར་བལྟས་ཏེ་ལམ་ཁྱེར་བྱ། །སྤྱིར་ན་མ་རིག་ཉོན་མོངས་ལས། །འབྱུང་བཞི་འཁྲུགས་ཏེ་ནད་དུ་གྱུར། །དོན་ལ་གཉིས་མེད་ཆུ་ཟླ་ཙམ། །ངོ་བོ་ངོས་གཟུང་གཉིས་སུ་མེད། །ཐམས་ཅད་རོ་མཉམ་ཆོས་སྐུའི་ངང་། །སྣང་བ་སྣ་ཚོགས་གཟིགས་མོར་ཆེ། །དེ་ལྟར་མཐོང་བའི་རྣལ་འབྱོར་ལ། །སྡུག་བསྔལ་ཆོས་ཉིད་སྟོང་པར་གྲོལ། །རྐྱེན་རྣམས་བདེ་ཆེན་གྲོགས་སུ་འཆར། །མེ་ལ་བུད་ཤིང་བསྣན་པ་བཞིན། །གང་འདུག་འོག་མིན་མཁའ་སྤྱོད་ཡིན། །གང་ཤར་ཆོས་་སྐུའི་རོལ་པ་ཡིན། །གང་སྣང་རང་གྲོལ་གཉུག་མ་ཡིན། །རང་གཞན་དགེ་བའི་ཕུན་ཚོགས་ཆུ་གཏེར་ལས། །སྟོང་པའི་འདབ་སྟོང་སྙིང་རྗེའི་སྙིང་པོ་ཅན། །གཞན་ཕན་དྲི་བསུང་ཕྱོགས་བཅུར་ལྡང་བ་ཡིས། །མ་ལུས་འགྲོ་བའི་དོན་ཀུན་སྒྲུབ་བྱེད་ཡིན། །ཆོས་ཚུལ་འདི་ནི་ཐེག་མཆོག་རིན་ཆེན་མཛོད། །ཐར་པར་འགྲོ་བ་དག་གི་ཐེམ་སྐས་ཏེ། །གཉིས་མེད་ཡེ་ཤེས་གདོད་མའི་ཁང་བཟངས་སུ། །ཀུན་དགའི་དུས་སྟོན་རྒྱ་ཆེར་འཕེལ་བྱེད་ཡིན། །བདག་བློའི་མཁའ་ལ་རྟོགས་པའི་ཆུ་འཛིན་འཁྲིགས། །
(༣༣༩)དོན་ཟབ་འབྲུག་སྒྲ་སྙིང་རྗེའི་གློག་ཕྲེང་ཅན། །ཕན་བདེའི་ཆར་རྒྱུན་རབ་ཏུ་འབབ་པ་ཡིས། །དད་ལྡན་སྐྱེ་བོའི་པད་མཚོ་གང་བར་ཤོག། བདག་གིས་ལེགས་སྨོན་སྔོན་སྦྱངས་གེ་སར་ལས། །གཞན་ཕན་སྙིང་རྗེའི་འདབ་མ་དཀྱུས་རིང་བས། །ཡིད་མཁའི་ཆུ་གཏེར་རབ་ཏུ་བརྒྱན་པ་དེར། །དད་ལྤན།། །སྐྱེ་བོའི་བྱ་ཚོགས་བརྟེན་པར་ཤོག། ཆོས་ཚུལ་རྒྱ་མཚོའི་རྒྱ་མཚོ་ཇི་སྲིད་བར། །བདེ་ཆེན་མཆོག་ནས་མཆོག་ཏུ་འགྲོ་བ་ཀུན། །ཐར་པ་གོང་ནས་གོང་དུ་རབ་འགྲོ་བས། །ཡོན་ཏན་ཕུན་ཚོགས་ཕུན་ཚོགས་གཉིས་འགྲུབ་སྟེ། །སྤང་རྟོགས་མཐར་ཕྱིན་མཐར་ཕྱིན་སངས་རྒྱས་ཤོག། བདུད་རྩིའི་སྤྲིན་ཕུང་ཞེས་བྱ་བ། དཔལ་ཨོ་རྒྱན་གྱི་མཁས་པ་ཆེན་པོ་མཚོ་སྐྱེས་རྡོ་རྗེས་རྗེས་སུ་བཟུང་བའི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས་གངས་རི་ཐོད་དཀར་དུ་སྟོན་རྣམས་ཀྱི་ཚེ། རིན་ཆེན་ཤོག་འདྲའི་ངོས་ལ་བཀོད་པ་རྫོགས་སོ། །༅། །འཆི་བ་བརྟག་བསླུའི་མན་ངག་ཉི་ཟླ་གཟའ་བྲལ་བཞུགས་སོ། །རིན་ཆེན་ཤོག་འདྲའི་སྐོར། །འཆི་བ་བརྟག་བསླུའི་མན་ངག་ཉི་ཟླ་གཟའ་བྲལ་ཞེས་བྱ་བ། དཔལ་དུས་ངེས་པའི་ལྷ་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་འོད་
(༣༤༠)ཟེར་གྱིས། །སེམས་ཅན་མ་ལུས་འཁོར་བ་ལས་སྒྲོལ་ཕྱིར། །རྒྱུད་དོན་མན་ངག་རྒྱ་མཚོའི་སྤྲིན་འཕྲོ་བ། །བདེ་གཤེགས་འཆི་མེད་ཉི་ཟླའི་དབང་པོ་རྒྱལ། །འབྱུང་བཞིའི་སྦུབས་ནང་ཡེ་ཤེས་རིག་པའིལྷ། །འོད་ལྔའི་ཀློང་ན་བཞུགས་ལ་སྐྱེ་འཆི་མེད། །དེ་གདངས་རླུང་སེམས་སོ་སོར་འབྲལ་བའི་དུས། །ཤ་ཁྲག་སྒྱུ་མའི་ཕུང་པོ་འཇིག་པ་ནི། །བདག་གཞན་དོན་དུ་བརྟགས་ཏེ་བསླུ་བར་བྱ། །སྒྱུ་མའི་ནང་ན་མེ་ལུས་སྒྱུ་མའི་མཆོག། གང་ལ་བརྟེན་ནས་དོན་གཉིས་འགྲུབ་འགྱུར་བས། །ལེགས་བཟུང་བརྟན་པས་བདག་གཞན་དགའ་བར་བྱ། །དེ་ལ་དང་པོ་འཆི་བ་བརྟག་པ་ནི་གཉིས་ལས། །ཐུན་མོང་པ་ནི། །སེན་མོའི་བཀྲག་ཤོར་ན་ཟླ་བ་དགུ་ན་ནད་ཀྱིས་བཏབ་ནས་འཆིའོ། །མིག་གི་མཐའི་སྤྲིན་དཀར་པོ་ཡལ་ན་ཟླ་བ་ལྔ་ནའོ། །ལྟག་པའི་བདུད་སྒོ་ནས་སྐྲ་ཚོམ་གཅིག་གྱེན་ལ་ལངས་ན་ཞག་ཉི་ཤུ་རྩ་གཅིག་ནའོ། །རྐང་པའི་ལོང་བུ་ཕྱིར་ལོག་ཏུ་གྱུར་ན་ཟླ་གཅིག་ནའོ། །སྐྱེས་བུ་ནད་ཀྱིས་བཏབ་པའི་སོ་རྣམས་ཀྱི་རྩ་བར་དྲེག་པ་ཆགས་ན་ཞག་དགུ་ནའོ། །སྣ་ཞོམ་ན་ཞག་ལྔ་ནའོ། །རྟག་ཏུ་ཡན་ལག་བརྐྱང་ན་ཞག་བདུན་ནའོ། །མིག་འབྱེད་འཛུམ་མེད་པར་འབྲུ་ཚུགས་སུ་བལྟ་ན་ཞག་གསུམ་ནའོ། །མིག་གི་
(༣༤༡)ཚིགས་འཁྲུལ་ཞིང་ཡུད་ཙམ་གྱེན་དུ་ལོག་ལོག་བྱེད་ན་ཞག་བཅོ་ལྔ་ནའོ། །འགྲམ་ཤ་ཤོང་འབུར་ཤོར་ན་ཞག་བཅུ་དགུ་ནའོ། །དབུགས་རྩེགས་མར་རྒོད་ན་ཟླ་བ་དྲུག་ནའོ། །མིག་ནས་མཆིམ་མི་ཐུབ་པར་འཛག་ན་ཞག་ལྔ་ནའོ། །འགྲམ་པ་གཡོན་པ་ཤོང་གིས་སོང་ན་ཞག་གཅིག་ནའོ། །སོ་འཐམས་ན་ཞག་གསུམ་གྱི་ཉི་མ་ཕྱེད་ནའོ། །ལྕེའི་ཐོག་ཏུ་ཐིག་ལེ་ནག་པོ་སྔར་མེད་པ་བྱུང་ན་ཞག་གཉིས་ནའོ། །རྣ་བ་ལེབ་མོར་འབྱར་ན་ནམ་ཕྱེད་ནའོ། །རྩ་གཉིད་ལོག་མེད་ན་ཟླ་བ་ཕྱེད་ན་འཆི་བར་ངེས་སོ། །ཐུན་མོང་མ་ཡིན་པ་ནི། རྣལ་འབྱོར་པས་རང་གི་དོན་དུ་བརྟག་པར་བྱའོ། །དེ་ཡང་ཚོའི་གཟུགས་ལ་བརྟག་པ་ནི། སྤྲིན་མེད་པའི་ནམ་མཁའ་རབ་ཏུ་དྭངས་པའི་ཚེ། སྔ་དྲོའམ་ཕྱི་དྲོ་རང་གི་གྲིབ་མའི་སྙིང་གར་མཚན་མ་བཙུགས་ཏེ་མ་ཡེངས་པར་བལྟས་པས། མིག་སྦྲིང་དུས་ནམ་མཁར་ཆེར་གྱིས་བལྟས་པའི་ཚེ། རང་གི་གཟུགས་མ་ཚང་བར་མེད་པར་དཀར་ལམ་གྱིས་མཐོང་ན་བར་ཆད་མེད་པའོ། །དང་པོ་ཆད་ལྷག་ལས་དུས་བརྟག་པ་ནི། ལག་པའི་ཕྱག་མཚན་ཕྲེང་བའམ་བུམ་པ་མེད་ན་ལོ་བདུན་ནའོ། །ལག་པ་གཡས་མེད་ན་ལོ་ལྔ་ནའོ། །གཡོན་པ་མེད་ན་གསུམ་ནའོ། །རྐང་པ་གཡས་པའི་པུས་མོ་མན་ཆད་
(༣༤༢)མེད་ན་ལོ་གཉིས་ནའོ། །ཐམས་ཅད་མེད་ན་ཟླ་བ་བརྒྱད་ནའོ། །གཡོན་པ་མེད་ན་ལོ་གཅིག་ནའོ། །མགོའི་ཕྱེད་གཡས་མེད་ན་ཟླ་བ་དགུ་ནའོ། །གཡོན་མེད་ན་བདུན་ནའོ། །རྐེ་ཡན་ཆད་མེད་ན་ཟླ་བ་ལྔ་ནའོ། །རྐེ་དང་བཅས་པ་མེད་ན་གསུམ་ནའོ། །ཕུང་པོའི་སྟོད་མེད་ན་ཟླ་བ་གཉིས་ནའོ། །སྨད་མེད་ན་གཅིག་ནའོ། །ལུས་ཕྱེད་གཡས་མེད་ན་ཞག་ཉི་ཤུ་རྩ་དགུ་ནའོ། །གཡོན་མེད་ན་ཞག་ཉི་ཤུ་རྩ་གཅིག་ནའོ། །གཉིས་པ་དབྱིབས་ལས་བསླུས་པས་བཟློག་མི་བཟློག་བརྟག་པ་ནི། ཚེ་གཟུགས་གྲུ་བཞིར་འདུག་ན་བསླུས་པས་བཟློག་གོ། ཟླུམ་པོ་དང་། །ནར་པོ་དང་། ཟླ་གམ་ཡང་བཟློག་པའོ། །རོ་གཏུམས་པ་འདྲ་བ་དང་། གྲུ་གསུམ་ནི་མི་བཟློག་པས་ཡོ་བྱད་སྤངས་དག་བྱ། །མི་ཆགས་པ་མཆོག་ཡིན་ནོ། །གསུམ་པ་ཁ་དོག་ལས། གདོན་བརྟག་པ་ནི། དཀར་པོར་སྣང་བ་དབུས་ནས་ཡལ་ན་ཀླུ་དང་རྒྱལ་པོས་གནོད་པའོ། །ནག་པོར་སྣང་བ་གཡས་ནས་ཡལ་ན་བདུད་དང་མ་མོའོ། །དམར་པོར་སྣང་བ་གཡོན་ནས་ཡལ་ན་བཙན་དང་རང་གི་ལྷ་དང་ཆོས་སྐྱོང་ངོ། །སེར་པོར་སྣང་བ་འོག་ནས་ཡལ་ན་ཀླུ་བཙན་དང་རྒྱལ་འགོང་ངོ། །སྔོན་པོ་ལས་རྐང་པ་ནས་ཐུང་ངུར་ཡལ་ན་ཀླུའམ་མཚོ་སྨན་
(༣༤༣)ནོ། །ཡང་ནག་བན་བུན་དུ་འདུག་ན་ཁྱད་པར་དུ་མ་མོ་དང་གཤིན་རྗེའོ། །སེར་བྲང་བྲེང་ནི་ས་བདག་གོ། ཁྲ་ཁྱུག་ཁྱུག་ནི་འཆི་འདྲེ་སྣ་ཚོགས་པའི་གདོན་གྱིས་ཟིན་པའི་རྟགས་སོ། །ཡང་གནམ་ས་གཉིས་ཀྱི་འབྲེལ་ཐག་ལ་བརྟག་པ་ནི། ཉིན་ཕྱེད་ན་ཁ་ལྷོར་བལྟས་ལ་གྲུ་མོ་པུས་མོའི་སྟེང་དུ་བཞག་སྟེ། ལག་ངར་གྱེན་དུ་བསྒྲེངས་པའི་ཁུ་ཚུར་སྨིན་ཕྲག་ཏུ་བཅངས་ཏེ། མིག་གི་ཟུར་གྱིས་བལྟས་པས་ཤིན་ཏུ་ཕྲ་བར་འོང་སྟེ། དེ་ཉིད་ཆད་ན་ཞག་བཅུ་དགུ་ནའོ། །ཡང་རི་རབ་ཀྱི་ལོགས་ལ་སེང་གེ་ཞོན་པའི་མི་བབས་སམ་མ་བབས་བརྟག་པ་ནི། ཤར་ཕྱོགས་སུ་ཆུའི་རྫིང་ངམ། ལྟེང་ཀ་ཡོད་པའི་ནུབ་ངོས་ལ་གྱང་ངམ་རྩིག་ངོས་ལ་ཆུ་མདངས་ཡོད་སར་བལྟས་པས། གྲིབ་མ་ཟང་ཐལ་གཉིས་བརྩེགས་སུ་འོངས་ཏེ། །དེའི་སྤྱི་བོའི་སྟེང་མ་མེད་ན་ཞག་བཅུ་དྲུག་གི་ཉི་མ་ཕྱེད་ནའོ། །ཡང་མཚོའི་སྟེང་དུ་ཆུ་སྤྲིས་ཡལ་ལམ་མ་ཡལ་བརྟག་པ་ནི། མཚན་མོ་ངལ་དུབ་དང་། ཆང་འཐུངས་པ་དང་། བུད་མེད་དང་འགྲོགས་པ་སྤངས་ལ། ནངས་པར་ཉི་མ་རི་རྩེ་ལ་ཤར་དུས་སྣོད་མི་དཀར་མི་ནག་པའི་ནང་དུ་རང་གི་ཆུ་བཏང་བ་ལ། ཤར་དུ་ཕྱོགས་པས་བལྟས་པའི་ཚེ། ཉི་ཟེར་
(༣༤༤)ལ་རླངས་པ་སྔོན་དམར་དུ་བྱུང་ན་ཟླ་བ་ཕྱེད་ནའོ། །ནག་པོ་ཧྲལ་ཧྲོལ་ནི་ཞག་བཅུ་གཅིག་ནའོ། །དམར་པོ་ཐིག་ལེ་ཅན་ནི་ཞག་དགུ་ནའོ། །གཞན་ནི་སྐྱོན་མེད་པའོ། །ཁ་དོག་ལས་གདོན་བརྟག་པ་སྔ་མ་བཞིན་ནོ། །ཡང་སའི་གྲོང་ཁྱེར་ན་དགེ་སྦྱོང་གི་དུ་བ་བརྟག་པ་ནི། ཉི་མ་རྩེ་ཤར་ལ་རང་གི་རྣམ་སྣང་དོར་བ་ལ་བལྟས་པས་རླངས་པ་མེད་ན་ཞག་དགུ་ནའོ། །རི་རབ་ཀྱི་རྩེ་ན་མི་འགྱུར་བའི་ཉི་མ་ནུབ་བམ་མ་ནུབ་བརྟག་པ་ནི། མིག་བཙིར་བས་འོད་མེད་ན་ཞག་གསུམ་ནའོ། །རི་རབ་ཀྱི་ཁོང་སེང་ན་མཁའ་འགྲོའི་རང་སྒྲ་བརྟག་པ་ནི། སེང་གེ་ལྟར་ཉལ་བའི་རྣ་བ་ས་ལ་སྦྱར་བས་སྒྲ་མེད་ན་ཞག་ལྔའམ་བདུན་ནམ་བཅུ་གཅིག་ནའོ། །དཔག་བསམ་གྱི་ཤིང་ལ་བདུད་ལངས་སམ་མ་ལངས་བརྟག་པ་ནི། ལྟག་པའི་སྒོ་ན་སྐྲ་ཉག་བདུན་གྱེན་ལ་ལངས་ན་ཞག་བདུན་ན་འཆི་བར་ངེས་སོ། །གཉིས་པ་འཆི་བ་བསླུ་བ་ལ་གཉིས་ལས་བསྡོམས་ཏེ་སྤྱིར་བསླུ་བ་ནི། བླ་མ་དཀོན་མཆོག་མཆོད་ཅིང་ཚོགས་བསག། ཚེའི་བསྒྲུབ་པ་བྱ། འབྱུང་བའི་རྟེན་འབྲེལ་བྱའོ། །དེའང་རླུང་གི་འཁོར་ལོ་རྩིབས་བཞི་མུ་ཁྱུད་དང་བཅས་བའི་ལྟེ་བ་དང་། རྩིབས་ལ་ཡྃ་ལྔ། དེ་བཞིན་དུ་མེ་ལ་རྃ། ཆུ་ལ་ཁྃ། ནམ་མཁའ་ལ་ཨེ་བཀོད་པའི་མུ་ཁྱུད་ལ་ཨཱ་ལི་ཀཱ་ལི་
(༣༤༥)བཀོད་ལ། སོ་སོའི་ཁ་དོག་བྱ། འབྱུང་བ་དེ་དག་གི་ལྷ་རེ་བསྐྱེད་ནས་ཡི་གེ་རང་གི་ལོ་གྲངས་ཤིག་ལྷ་ལ་བསྟིམ་ལ། འཁོར་ལོ་ལྔ་པོ་དེ་རྫ་ཕོར་སོ་མ་ཁ་སྦྱར་དུ་བཅུག་ལ་ཚོན་སྐུད་ཀྱིས་དཀྲིས་པ་དང་། དུད་འགྲོ་དང་མི་ལ་སོགས་པ་སེམས་ཅན་རིགས་མི་མཐུན་པ་དུ་མ་ལ་སྦྲེས་པའི་ངར་ཟན་ལ་མི་གཟུགས་ཁྲུ་གང་བྱས་ལ། མིག་ཏུ་རྃ། རྣ་བར་ཡྃ། སྣལ་ལྃ། ལྕེ་ལ་ཁྃ། སྙིང་གར་ཨེ་བྲིས་ལ་གཞུག། ཟན་ནམས་ལ་རང་གི་གླུད་ལོ་གྲངས་ཙམ་བྱས་ལ། ས་དཀར་ས་དམར་ལ་སོགས་པས་ཁ་བསྒྱུར་ཏེ། ནག་པོ་དང་། དམར་པོ་དང་། སེར་པོ་དང་། དཀར་པོ་དང་། ལྗང་གུ་དང་། ཁྲ་བོ་བྱས་ལ་ཕྱར་བ་ལ་སོགས་པའི་སྟེང་དུ་བསྒྲིགས་ལ། རང་གི་དྲི་མ་ལ་སོགས་དང་། གོས་རས་དང་། སྐྲ་སེན་དང་། ཁ་སྣའི་ཆུ་རྣམས་དང་། རིན་པོ་ཆེའི་བརྡར་ཕྱེ། བལ་ཚོན་དང་དར་སྣས་བརྒྱན་ཏེ། ལྟས་ངན་གྱི་བྱ་སྒྲོ་མང་པོ་བཙུགས་ལ། མདུན་ན་ཕར་གཏོར་མ་སོ་སོའི་མདོག་ཅན་ལོ་གྲངས་དང་། ཆང་བུ་ལོ་གྲངས་ཙམ་བྱས་ལ། ཨཱྃ་ཨཱཿཧཱུྃ་གིས་སོ་སོའི་འདོད་དགུ་འབྱུང་བར་བྱིན་གྱིས་བརླབས་ཏེ། །ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏངྑྃ་ཨུཏྒ་ཏེ་སྥ་ར་་ཧི་མྃ་ག་ག་ན་ཁྃ་གིས་ནམ་མཁའ་དང་མཉམ་པར་སྤེལ་ནས། །
(༣༤༦)འབྱུང་པོ་ཐམས་ཅད་པའི་སྔགས་ཀྱིས་འཆི་བདག་གཤིན་རྗེས་གཙོ་བྱས་པའི་བགེགས་དང་ལོག་འདྲེན་རྣམས་ལ་བསྔོས་ཏེ། ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས། །སྲེད་དང་ལན་ཆགས་ཞེན་པ་དང་། །དྲན་དང་བཟུང་དང་བསམ་དང་རེག། གློད་དང་ཞི་དང་གྲོལ་བར་མཛོད། །ཅེས་བརྗོད་ལ། འཁོར་ལོ་ལྔ་དང་བཅས་པ་ཆུ་བོ་ཆེན་པོའི་གཞུང་ལ་བསྐྱལ་བས་ལོ་གསུམ་གྱི་འཆི་བདག་ཐམས་ཅད་བཟློག་གོ། འདི་ཉིད་ལོ་གསུམ་གསུམ་ན་ལན་རེ་བྱའོ། །གཉིས་པ་བྱེ་བྲག་ཏུ་བཟློག་པ་ནི། བླ་མའམ་རྡོ་རྗེའི་སྤུན་བཞུགས་ན་རབ། མེད་ནའང་སྐྱེས་བུ་མཆོག་ལས་བྱུང་བ་གཅིག་གིས། འབྱུང་བ་ལྔའི་ས་བོན་གྱི་ཡི་གེས་མིག་ལ་སོགས་པའི་དབང་པོའི་སྒོ་ལྔར་དབང་བསྐུར་ལ། དམ་ཚིག་གི་ཉམས་ཆགས་བསྐང་བའི་ཆོ་ག་བྱའོ། །དེའང་སེན་མོའི་བཀྲག་མེད་པ་ལ་དགེ་སློང་བདུན་ལ་སྟོན་མོ་བྱ། ཡོན་དབུལ། སྡོམ་པ་བླང་ངོ། །མིག་གི་སྤྲིས་མ་ཡལ་ན་ཚ་ཚ་ལོ་གྲངས་ཙམ་དཀར་པོ་ལ་རྟེན་འབྲེལ་སྙིང་པོས་རབ་ཏུ་གནས་པ་བྱས་ཏེ། །བསྐོར་བ་བདུན་བྱས་ལ་ཆུ་བོ་ཆེན་པོར་བསྐྱལ་ནས། གོམ་པ་ལོ་གྲངས་ཕྱིར་མ་ལོག་གི་བར་ཕྱི་མིག་མི་བལྟའོ། །ལྟག་པའི་བདུད་སྐྲ་ལངས་པ་ལ། འབྲུ་ནག་པོའི་ཟན་ལ་ངར་གླུད་ཁྲུ་གང་བ་བྱས་
(༣༤༧)ལ། དེའི་སྙིང་གར་རང་གི་མིང་དང་། ལུང་ཐང་གི་རྡོག་པོ་ལོ་གྲངས་ཙམ་བཅུག་ནས། རང་གི་སྐྲས་དེའི་སྐྲ་དང་ཁྲག་བྱུགས་གོས་དུམ་གྱིས་དྲིལ་ལ་ནག་པོར་བྱས་ཏེ། རང་གི་གནས་ནས་གོམ་པ་བརྒྱ་ཉི་ཤུ་རྩ་གཅིག་གི་སར། དོང་ནག་པོ་གྲུ་གསུམ་བྲུས་པར་ཁྱེར་ཏེ། རི་ལོ་གྲངས་ཙམ་བཟླས་ཏེ། བདུད་ནག་པོ་ཁྱོད་འདི་ཁྱེར་ཅིག། གལ་ཆེའོ། །ཞེས་ལན་གསུམ་བརྗོད་ནས། དོང་དུ་བསྐྱུར་ཏེ་སྟེང་དུ་རང་གི་བྲུན་བཏང་ནས་ཕྱི་མིག་མི་བལྟ་བར་འབྲོས་སོ། །ལོང་བུ་ལོག་པས་ཉི་མ་ནུབ་ཁར་ཁ་ནུབ་ཏུ་བལྟས་ཏེ། གཅེར་བུར་ཕྱུང་ལ། འཕོངས་སུ་ཁྱི་གཞུག་བཙུགས་ཏེ། མདུན་དུ་དྲི་ཆེན་བཏང་བ་ནས་ཁམས་རེ་ཟོས་ཏེ། ཁྱི་སྐད་ལན་གསུམ་དུ་འདོན་ནོ། །ཡང་སོ་དྲེག་ཆགས་པས་ཤར་དུ་བལྟས་ལ་རའི་པགས་པ་གྱོན་ལ་རའི་སྐད་ལན་གསུམ་འདེན་ནོ། །སྣ་ཞོམ་པས་ཆུ་སྣ་དགུའི་ཁྲུས་བྱ་ཞིང་། སྣའི་རྩེར་ཨ་དཀར་པོ་བསམ་ལ། ཨ་ཉི་ཤུ་རྩ་གཅིག་བཟླའོ། །ཡན་ལག་བརྐྱང་བསྐུམ་ལ། རྡོ་རྗེ་རྣམ་འཇོམས་ཀྱི་ཁྲུས་ཆུས་བཀྲུས་ལ། ཡན་ལག་བཞི་སྙིང་དང་ལྔར་འབྱུང་བ་ལྔའི་ས་བོན་གྱི་འཁོར་ལོ་སྔ་མ་བཞིན་རྒྱ་སྐྱེགས་ཀྱིས་བྲིས་ལ་བཏགས་ན་བཟློག་གོ། མིག་འབྲུ་ཚུགས་སུ་བལྟ་བ་ལ། དགེ་འདུན་དང་། བྱིས་པ་ལོ་གྲངས་ཙམ་
(༣༤༨)ལ་སྟོན་མོ་བྱ་ཞིང་། གོས་དམར་པོ་གྱོན་ནོ། །འགྲམ་པའི་ཤོང་བུ་ལ་སའི་ལས་སུ་ཚ་ཚ་ལོ་གྲངས། ཆུའི་ལས་སུ་ཆུ་གཏོར་ལོ་གྲངས། མེའི་ལས་སུ་སྦྱིན་སྲེག་ལོ་གྲངས། རླུང་གི་ལས་སུ་བ་དན་ལྗང་གུ་ལོ་གྲངས་ཕྱར། ནམ་མཁའི་ལས་སུ་ཨེ་ལོ་གྲངས་ཙམ་བཟླའོ། །དབུགས་རྒོད་པས་བུ་རམ་བྱི་ལྡེ་གུ་ལ་ཡྃ་བཟླས་ཏེ་ཟའོ། །སྣ་ཡོ་བས་སྣ་རྩེར་ཧཱུྃ་དཀར་པོ་བསམ་ཞིང་བཟླའོ། །མཆི་མ་འཛག་པས་མིག་ཏུ་བྷྲཱུྃ་བསམས་ཏེ་བཟླའོ། །འགྲམ་པ་གཡོན་པ་ཤོང་བས་ཀྵོྃ་བསམས་ཤིང་བཟླའོ། །སོ་འཐམས་པས་སྣྃ་བསམས་ཏེ་བཟླའོ། །ལྕེའི་ཐིག་ལེ་ནག་པོ་ལ་ཧཱུྃ་བསམས་ཏེ་བཟླའོ། །རྣ་བ་འབྱར་བ་ལ་མུྃ་བསམས་ཏེ་བཟླའོ། །རྩ་གཉིད་ལོག་མེད་པས་ཧཱུྃ་བསམས་ཏེ་བཟླའོ། །བྲང་གི་ལྷེན་སྣ་ཞེས་པས།། །བསམས་ཏེ་ཡི་གེ་དེ་དག་ལོ་གྲངས་ཙམ་བཟླས་ཤིང་། མཚལ་དང་དྲི་བཟངས་ཀྱིས་གནས་དེར་བྲིའོ། །ཚེ་གཟུགས་ཀྱི་ཕྱག་མཚན་མེད་པས་བླ་མ་ལ་ཚོགས་བརྒྱ་རྩ་གཏང་ངོ། །ལག་པ་གཡས་པ་མེད་པས་ངར་གླུད་ཁྲུ་གང་བ་སེང་གེའི་མགོ་ཅན་ཁ་གདངས་པ་གཅིག་ལ། ཁྱིམ་བྱའི་སྤུ་ལོ་གྲངས་ཙམ་གླན་ནས་བྱང་ངོས་ཀྱི་ལམ་སྲང་ཁར་བསྐྱལ་ལོ། །གཡོན་པ་མེད་པས་སྲེ་མོ་ཡི་རླིད་བུར། སྟག་ནག་ཁྲའི་མཆེ་བ། ཕག་ནག་ཁྲ། །
(༣༤༩)ཁྱི་ནག་པོའི་མཆེ་བ་གསུམ་བཅུག་པའི་ཁར་རང་གི་དྲི་ཆུས་སྦྲུས་པའི་ངར་ཟན་བརྫངས་ཏེ་ཆུ་ཆེན་པོར་དོར་རོ། །རྐང་པ་གཡས་པའི་པུས་མོ་མན་ཆད་མེད་ན། ཉི་མ་ནུབ་ཏུ་ནམ་སྲོས་དུས་སེང་ལྡེང་ངམ་རྒྱ་ཤུག་གི་མེ་རང་གི་ལོ་གྲངས་ཙམ་གཏང་ངོ། །གཡོན་པ་མེད་པས་ས་དཀར་པོའི་གླུད་ཁྲུ་གང་བྱས་ཏེ་སྙིང་ཁར་སྟག་པ་ནག་པོ་སོར་བཞི་པར་ལོ་གྲངས་ཀྱི་ཉག་ག་བྱས་ཏེ། བཙག་བྱུགས་པ་བཙུག་ནས་ལྷ་ཁང་སྟོང་པར་ཐོ་རང་བསྐྱལ་ལོ། །མགོའི་གཡས་མེད་པས་ཕུང་ཤུལ་གྱིས་སྣ་དགུ་དང་། ཤིང་ནག་པོའི་འབྲས་བུ་སྦྱར་ཏེ། གའུ་ཁ་སྦྱར་བྱས་པར་རང་གི་སྐྲ་དང་། གོས་ཀྱི་དུམ་བུ་དང་། དྲི་མ་དང་། ཁྲག་རྣམས་བཅུག། གླང་མའི་བྱང་བུ་བཅུ་གཉིས་ལ་ལོའི་མིང་བྲིས་ཏེ། ལོ་རེ་བཞིན་ལོའི་རྒྱལ་པོ་འདི་ཁྱེར་ཅིག། ཅེས་པ་བྲིས་པ་བཅུག་ལ་དེའི་ཁ་བཅད་པའི་སྟེང་དུ། ཚེར་མ་རིགས་མི་མཐུན་པ་མང་པོ་བླུགས་ལ། ནམ་ཕྱེད་ན་གོས་ནག་པོ་གྱོན་ཏེ་དུར་ཁྲོད་དུ་བསྐྱལ་ལོ། །མགོའི་གཡོན་མེད་པས་འབྲུ་སྣ་ཉི་ཤུ་རྩ་ལྔའི་དར་ཟན་གྱི་སྙིང་གར། མི་རྟ་ཁྱི་གསུམ་གྱི་རུས་པ་བཅུག་སྟེ། རང་གི་གོས་རྙིངས་པས་དྲིལ་ཏེ་ཚེས་བཅུ་གཅིག་གི་ནམ་སྲོས་དུས་གཞན་ལ་བསྐུར་ཏེ། ལྷོར་གོམ་པ་
(༣༥༠)བརྒྱད་ཅུ་འདས་པར་དོང་ནང་དུ་བཅུག་ནས། རང་གི་མིང་ནས་བཏོན་ལ། ལན་གསུམ་ངུ་བའི་ཚུལ་བསྟན་ཏེ་སྤའོ། །རྐེ་ཡན་ཆད་མེད་ན་ཤར་ལྷོར་ཚེར་མ་ཅན་གྱི་ཧོམ་ལོ་གྲངས་བྱས་ཏེ། རིམ་པས་བསྲེག་ཅིང་རྃ་ལོ་གྲངས་རེ་བཟླས་སོ། །རྐེ་དང་བཅས་པ་མེད་པས་ལུས་རོ་སོལ་གྱིས་བྱུགས་པ་སྐྲ་སྤྱི་བོར་བཅིངས། །ཤོག་གུ་སོར་བཞི་ལ་རང་གི་ལོ་དང་གནམ་ལོའི་མིང་བྲིས་པའི་ཕྱོགས་བཞིར་འབྱུང་བཞིའི་ས་བོན་བྲིས་ཏེ་རང་གི་སྣ་ལ་བཏགས་ལ་ཚེས་དགུའི་ནམ་གུང་ལ་ཕྱོགས་བཞིར་རྒྱུག་ཅིང་། ཁ་ལ་ཁྱོད་ཁྱེར་ས་རྃ་ཙི་ཞེས་འབྲེལ་མེད་མང་དུ་བརྗོད་ཅིང་། ཤོག་གུ་དེ་དུར་ཁྲོད་དུ་སྦའོ། །སྟོད་མེད་པས་མེ་བཏང་བར་ལོ་བཅུ་གཉིས་ཀྱི་མིང་བྱང་བསྲེག་གོ། སྨད་མེད་པས་དུར་ཁྲོད་དུ་རུས་པ་སྣ་ཚོགས་པའི་དུད་པ་བཏང་ངོ། །ལུས་ཀྱི་གཡས་མེད་ན་ཚ་ཚ་ལོ་གྲངས་བཏབ་ཅིང་། །གཙུག་ཏོར་ལོ་གྲངས་འདོན་ནོ། །གཡོན་མེད་པས་གོས་དམར་པོ་གོན་ཞིང་། གཟུངས་གྲ་ལྔ་ལོ་གྲངས་འདོན་ནོ། །གནམ་སའི་འབྲེལ་ཐག་ཆད་པས་གསུང་རབ་མང་པོ་ཀློག་ཅིང་དགེ་རྩ་བྲུབ་ཚོད་བྱའོ། །སེང་གེའི་མི་བབས་པས་དཀྱིལ་འཁོར་གྱི་ཆོ་ག་ལོ་གྲངས་ཙམ་བྱའོ། །དཔག་བསམ་གྱི་ལྗོན་ཤིང་ཆག་པས་འབྲས་བུ་གསུམ་དང་། རམ་ཉེ་བ་དང་།
(༣༥༡)དབང་ལག་སྦྱར་བའི་སྨན་མར་ཟའོ། །རླངས་པ་སྔོན་དམར་གྱིས་ཁམས་ལ་ལོ་བཅུ་གཉིས་ཀྱི་གཟུགས་བྱས་ཏེ་འབྱུང་བའི་ཁ་དོག་གིས་བསྒྱུར་བ་རེ་རེ་ལ། ཚ་ཚ་རེ་རེ། ངར་གླུད་རེ་རེ། སྟག་པའི་ཧོམ་རེ་བྱས་ཏེ་ཉི་མ་ནུབ་དུས་བྱང་ཤར་གྱི་དུར་ཁྲོད་དུ་བསྐྱལ་ལོ། །ནག་པོ་ཧྲལ་ཧྲོལ་ལ་འབྲུ་སྣ་ཚོགས་དང་། ལྕགས་ཟངས་ཀྱི་ཕྱེ་མ་ཕྱོགས་བཞིར་གཏོར་རོ། །ཐིག་ལེ་ཉུང་འབྲུ་ཙམ་དམར་པོ་ལ་རང་གི་དྲི་མ་སྦྲེས་བའི་དར་གླུད་ལོ་གྲངས་ཙམ་ལ་གཟིགས་མོ་བྱི་ཐུར་དར་དམར་པོ་ཚོན་རེ་བཏགས་ལ་བཙུག་ཏེ་རུས་པ་སྣ་ཚོགས་དང་ལྷན་ཅིག་ཤར་གྱི་ལམ་པོ་ཆེར་བསྐྱལ་ལོ། །དྲི་ཆེན་གྱི་རླང་པ་མེད་པས་ཉི་མ་མདུང་གང་དུས་ནུབ་ཏུ་བལྟས་ཏེ། རྟའི་སྐང་ནུས་ཚད་འདོན་ཞིང་། རྟའི་ཐོད་པ་ལ་འབྱུང་བའི་ས་བོན་བྲིས་ལ་ཕྱར་རོ། །རྣ་བའི་འབྲུག་མེད་པས་སྙིང་དུ་ཡྃ་བསམས་ཏེ་མིག་གྱེན་ལ་ལྡོག་ཅིང་། གཞན་གྱིས་གཟུངས་ཆུའི་ཁྲུས་སྤྱི་བོ་ནས་བྱའོ། །རྣ་བའི་རླུང་སྒྲ་ཤར་ཟེར་བས་ཟས་སྣ་ཚོགས་ཚད་ཀྱི་གཏོར་མ་ལོ་གྲངས་བཅུ་གཉིས་ཀྱི་མིང་དང་བཅས་པ་ཤིང་སྡོང་ཆེན་པོའི་རྩར་བསྐྱལ་ལོ། །དཔག་བསམ་གྱི་ཤིང་ལོ་ལངས་པས་ཚོགས་ལོ་གྲངས་ཙམ་གཏང་། ཚེ་སྒྲུབ་ལ་འབད་པས་གྲོལ་ངེས་སོ། །དེའང་སྔར་
(༣༥༢)བས་དགེ་སྦྱོར་སུམ་ལོག་ཏུ་བྱ་ཞིང་སྒོམ་བཟླས་དང་། བདུད་རྩིའི་བཅུད་ལེན་སྣ་ཚོགས་དང་། ཐིག་ལེའི་རིམ་གྲོལ་བརྩོན་པས་བཟློག་པར་བྱའོ། །དེ་ལྟར་བྱས་ནས་ཡང་སྔ་མ་བཞིན་བལྟ་ཞིང་འཆི་ལྟས་བསླུས་སམ་བལྟའོ། །དེ་ལྟར་ལན་གསུམ་གསུམ་ཐབས་དེ་རྣམས་ལ་འབད་པས། ཞག་གི་དུས་བཏབ་པ་ཟླ་བར་ནུར་ཞིང་། ཟླ་ང་ལོར་འཕེལ་ཏེ་ལོ་ཡུན་རིང་པོར་ཕྱིར་འབྱངས་པས་འཆི་བདག་གི་འཇིགས་པ་ལས་ཚེའི་བཤོལ་འདེབས་པར་བྱེད་དོ། །ཐབས་མཆོག་ཏུ་གསང་བ་འདི་དག་ནི། སློབ་དཔོན་ཆེན་པོ་ཤྲཱྀ་སེང་ཧས་སྐལ་ལྡན་གྱི་དོན་དུ་ལེགས་པར་གསུངས་པ་ཉིད། འདིར་ཉེ་བར་མཁོ་བའི་ཆ་རྐྱེན་དུ་རིན་ཆེན་ཤོག་འདྲའི་ངོས་ལ་སྣང་བར་བྱས་པའོ། །དེ་ལྟར་འཆི་བ་བརྟག་བསླུའི་མན་ངག་མཆོག། ཉི་ཟླ་གཟའ་བྲལ་གསང་བའི་ལིག་འདི། །ཨོ་རྒྱན་ཐུགས་སྲས་དྲི་མེད་འོད་ཟེར་གྱི། །གངས་རི་ཐོད་དཀར་མགུལ་དུ་ལེགས་པར་བཀོད། །ཕྱི་རབས་སྐལ་ལྡན་རྣམས་དང་འདི་འཕྲད་དེ། །འཆི་བ་ལས་ནི་སླར་ཡང་བཤོལ་བཏབ་ནས། །མཁའ་འགྲོ་སྙིང་ཏིག་མངོན་སུམ་དོན་བསྒོམ་ཞིང་། །ཚེ་གཅིག་འོད་ལུས་མཁའ་སྤྱོད་འགྲུབ་པར་ཤོག། བདག་ཀྱང་དེང་ནས་དགོངས་གཏེར་ཟབ་མོའི་
(༣༥༣)དོན། །ཇི་སྙེད་ཇི་བཞིན་མཐོང་བའི་འོད་ཟེར་གྱིས། །བློ་གསལ་བློ་ཡི་པདྨོ་ཁ་ཕྱེ་སྟེ། །ལྷུན་གྲུབ་ས་ལ་ཀུན་ཏུ་བཟང་པོར་ཤོག། སྙིང་ནས་སྙིང་པོའི་དོན་མཐོང་ལེགས་པའི་ལམ། །འོད་གསལ་འོད་ལྔའི་སྣང་བ་རྒྱ་ཆེ་བས། །སྐལ་བཟང་སྐལ་ལྡན་རྣམས་ཀྱི་དོན་བྱེད་ཅིང་། །ཚེ་འདིར་ཚེ་གཅིག་སངས་རྒྱས་འགྲུབ་པར་ཤོག། འཆི་བ་བརྟག་བསླུའི་མན་ངག་རིན་པོ་ཆེ་གསང་བའི་གཏེར་མཛོད། །ཉི་ཟླ་གཟའ་བྲལ་ཞེས་བྱ་བ། པདྨ་ལས་འབྲེལ་རྩལ་གྱིས། སྟོན་ཀའི་དུས་མེ་ཏོག་དང་འབྲས་བུ་སྨིན་པའི་ཚེ། །ཨོ་རྒྱན་རྫོང་གི་དབེན་གནས་སུ་བཀོད་པ་རྫོགས་སོ། །༅། །བཏགས་གྲོལ་རྒྱུད་ཀྱི་མན་ངག་རིན་ཆེན་སྙིང་པོ་བཞུགས་སོ། །རིན་ཆེན་ཤོག་འདྲའི་སྐོར། །བཏགས་གྲོལ་མན་ངག་རིན་ཆེན་སྙིང་པོ་ཞེས་བྱ་བ། །གདོད་མའི་མགོན་པོ་འོད་མི་འགྱུར་བ་ལ་ཕྱག་འཚལ་ལོ། །ཆོས་ཀུན་མ་སྐྱེས་མཉམ་པའི་ངང་ཉིད་ལས། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ཡིས། །འགྲོ་བའི་དོན་མཛད་ཀུན་བཟང་རིགས་ལྔའི་ཚོགས། །རིག་འཛིན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྐལ་ལྡན་རྣམས་ནི་འབད་མེད་གྲོལ་བྱའི་ཕྱིར། །བཏགས་གྲོལ་རྒྱུད་
(༣༥༤)དྲུག་ཆོས་སྐུའི་སྟོན་པས་གསུངས། །དེ་ཉིད་བྲི་དང་རབ་གནས་དབང་བསྐུར་བཅང་། །ཀླག་ཅིང་བཞུ་བའི་རིམ་པ་ལེགས་པར་བསྟན། །དང་པོ་བྲི་བ་ནི་མཐིང་ཤོག་ཟུར་ནས་ཟུར་དུ་སོར་བརྒྱད་པ་ལ། གསེར་གྱི་གཟབ་མར་དབུ་གཉིས་གྱེན་ལ་ཡོད་པས། བཏགས་གྲོལ་རྣམས་དང་འདས་རྗེས་གསུམ་པོ་བྲིས་ཏེ། དར་ཚོན་གྱིས་དྲིལ་ལོ། །རབ་ཏུ་གནས་པ་ནི། །ཟླ་བ་རྒྱས་པའི་ཚེ་དབེན་ཞིང་། ཉམས་དགའ་བར་མཎྜལ་མདའ་གང་མཐིང་ཁ་དཀར་སེར་དམར་ལྗང་ལྔའི་མུ་ཁྱུད་བསྐོར་ལ། དེའི་ནང་དུ་རིགས་ལྔའི་འོད་ཀྱི་ཚོམ་བུ་ལྔ་བྲིས་པ་ལ་སོ་སོའི་ཁ་དོག་གིས་གང་བར་ཁྱམས་མཐིང་གས་གང་། ཚོམ་བུའི་མུ་ཁྱུད་མཐིང་དམར་དཀར་པོའི་རི་བ་གསུམ་གསུམ་གྱིས་བསྐོར་བའི་དབུས་སུ་མཉྫིའི་སྟེང་དུ་རིན་པོ་ཆེའི་སྣོད་འབྲུས་བཀང་བ་གཅིག་གི་སྟེང་དུ་བཏགས་གྲོལ་རྣམས་ན་བཟའ་དང་བཅས་པ་གཞུག། དཀྱིལ་འཁོར་གྱི་མཐར་ཕྱི་ནང་གི་མཆོད་པ་དང་། ཚོགས་གཏོར་བཟང་དུ་བཤམ་མོ། །དེ་ནས་བགེགས་གཏོར་བྱིན་ལ་གུ་གུལ་གྱི་དུད་པ་དང་རོལ་མོའི་སྒྲས་བགེགས་རྣམས་རྒྱ་མཚོའི་མཐར་བསྐྲད་ལ་སྲུང་བའི་འཁོར་ལོས་མཚམས་བཅད་དེ། ཐམས་ཅད་ཀྱིས་སྐྱབས་འགྲོ་སེམས་བསྐྱེད་བྱས་
(༣༥༥)ལ། རང་ཉིད་ཀུན་བཟང་ཡབ་ཡུམ་མཐིང་ག་རིན་པོ་ཆེའི་རྒྱན་ཅན་དུ་བསྐྱེད། ཡེ་ཤེས་པ་དགུག་གཞུག་མཆོད་བསྟོད་ཅུང་ཟད་བྱས་ལ། རིགས་ལྔའི་རྩ་སྔགས་རྟེན་འབྲེལ་སྙིང་པོ་དང་བཅས་པ་ནས་བཟླས་པ་ཡང་སྟ་གོན་དུ་བྱའོ། །དེ་ནས་སྟོང་པའི་ངང་ལས་བདག་དང་གནས་དང་རྣལ་འབྱོར་པ་རྣམས་འོག་མིན་གྱི་ཞིང་དང་པོའི་སྟོན་པ་དང་འཁོར་དུ་བསམས་ཏེ། མདུན་གྱི་ཚོམ་བུའི་དཀྱིལ་འཁོར་འོད་ཟེར་གྱི་ཕུང་པོ་གཅིག་ཏུ་འབར་བའི་དབུས་ན། རྩ་བའི་བླ་མ་བརྒྱུད་པས་བསྐོར་བ་རྣམས་དཔལ་རྣམ་པར་སྣང་མཛད་ཀྱི་རྣམ་པ་ཅན་མཐིང་ག་འཁོར་ལོ་རྩིབས་བརྒྱད་པ། བྱང་ཆུབ་མཆོག་གི་ཕྱག་རྒྱས་བཟུང་བའི། ཤར་དུ་མི་བསྐྱོད་པ་དཀར་པོ་བདུད་འདུལ་གྱིས་རྡོ་རྗེ་དང་། ལྷོར་རིན་ཆེན་འབྱུང་ལྡན་སེར་པོ་མཆོག་སྦྱིན་གྱིས་ཨུཏྤལ་དང་། ནུབ་ཏུ་སྣང་བ་མཐའ་ཡས་དམར་པོ་ཏིང་ངེ་འཛིན་གྱིས་པདྨ་དང་། བྱང་དུ་དོན་ཡོད་གྲུབ་པ་ལྗང་གུ་སྐྱབས་སྦྱིན་གྱིས་རྒྱ་གྲམ་འཛིན་པ། སོ་སོའི་ཡུམ་དང་བཅས་པ་བསྐྱེད་ལ། འོད་ཟེར་གྱིས་ཕུང་པོ་གཅིག་ཏུ་འབར་བར་བཏགས་གྲོལ་དེ་ཉིད་བསམ་མོ། །དེ་ནས་རྡོ་རྗེ་དང་ དྲིལ་བུ ་འཛིན་པས་དབྱངས་དང་བཅས་ཏེ། ཧཱུྃ་མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་
(༣༥༦)འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་རིགས་ལྔ་ཡབ་ཡུམ་འཁོར་བཅས་གཤེགས། །ཞེས་པས་འོག་མིན་ནས་རིགས་ལྔའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གྲངས་མེད་པ་དང་། བླ་མ་བརྒྱུད་པ་ཐམས་ཅད་དང་། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཁའ་འགྲོ་དཔག་ཏུ་མེད་པ་སྤྲིན་ཕུང་གཏིབས་པ་བཞིན་དུ་བྱོན་པ་ལ། མེ་ཏོག་བདུག་སྤོས་སྣང་གསལ་དྲི། །ཞལ་ཟས་རོལ་མོ་ལ་སོགས་པ། །ཕྱི་ནང་མཆོད་པའི་སྤྲིན་ཕུང་གིས། །བདེ་གཤེགས་མ་ལུས་འཁོར་བཅས་མཆོད། །ཨཱྃ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝིཏྱ་ཤབྟ་ཨཱཿཧཱུྃ། །ཨཱྃ་་ཡེ་ནས་འོད་གསལ་ཆོས་སྐུ་དག་པ་ལས། །སྣ་ཚོགས་གཟུགས་སྐུ་མཚན་དཔེའི་གཟི་འོད་ཅན། །བླ་མ་ཡི་དམ་རིགས་ལྔའི་སངས་རྒྱས་དང་། །མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་ལ་བསྟོད། ཨཱྃ་་བཛྲ་ཨྃ་ཀུ་ཤ་ཛཿ། བཛྲ་པཱ་ཤ་ཧཱུྃ། བཛྲ་སྥོ་ཊ་བྃ། བཛྲ་པྲ་ཝེ་ཤ་ཧོཿས། བཏགས་གྲོལ་ལྷའི་སྐུར་གསལ་བ་ལ། གཉིས་སུ་མེད་པར་ཐིམ། ཡང་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རིགས་ལྔས་དབང་བསྐུར། ཡི་གེ་གསུམ་གྱིས་སྐུ་གསུང་ཐུགས་རྒྱས་བཏབ་ལ། སྔར་གྱི་
(༣༥༧)བཟླས་པའི་མེ་ཏོག་གིས་གཏོར་ཞིང་། རིགས་ལྔའི་རྩ་སྔགས་རྟེན་འབྲེལ་སྙིང་པོ་དང་བཅས་པ་བརྒྱ་རྩ་བརྒྱད་བརྗོད་ནས། འབྲུ་དང་། སྣན་དང་རིན་པོ་ཆེའི་མཎྜལ་ལན་གསུམ་ཕུལ་ཏེ། ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག། ཨཱོྃ་བཛྲ་རེ་ཁེ་ཨཱཿཧཱུྃ། ཞེས་པ་དང་། མེ་ཏོག་ལ་སོགས་པ་ཕྱི་ནང་གི་མཆོད་པས་མཆོད་ལ། བླ་མ་དང་རིགས་ལྔའི་བསྟོད་པ་རྒྱས་པར་བྱས་ཏེ། མེ་ཏོག་གིས་སྙིམས་པ་བཀང་ལ་མགྲིན་གཅིག་ཏུ། གང་འདིར་བཅོམ་ལྡན་འདས་རིགས་ལྔའི་སངས་རྒྱས་སྲས་དང་བཅས་པ་དང་། བླ་མ་དང་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་དགོངས་སུ་གསོལ། །ཆེ་གེ་མོ་ཞེས་བགྱི་བས་ཐོག་དྲངས་པའི་སེམས་ཅན་ཐམས་ཅད་སྨིན་པར་མཛད་དུ་གསོལ། གྲོལ་བར་མཛད་དུ་གསོལ། །གང་བར་མཛད་དུ་གསོལ། །རྒྱས་པར་མཛད་དུ་གསོལ། ཆེར་འཕེལ་བར་མཛད་དུ་གསོལ། །ཅེས་པ་གསུམ་དང་། རྒྱུད་དང་འདས་རྗེས་རྣམས་ཚར་གཅིག་བརྗོད་པའམ། རྒྱུད་ཀྱི་སྙིང་པོ་ཚར་བདུན་བརྗོད་ལ། བཀྲ་ཤིས་ཀྱིས་ལྷ་ཚོགས་
(༣༥༨)དཔག་ཏུ་མེད་པས་བཀྲ་ཤིས་བརྗོད་པར་བསམས་ལ། མེ་ཏོག་འཐོར། རོལ་མོ་སྒྲོགས་ཤིང་མགྲིན་གཅིག་ཏུ། བདེ་གཤེགས་མི་འགྱུར་སྐུ་ལྔ་ལྷུན་གྱིས་གྲུབ། །ཡེ་ཤེས་ལྔ་ལྡན་ཕྲིན་ལས་ཕུན་སུམ་ཚོགས། །གདོད་མའི་མགོན་པོ་རིགས་ལྔའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་ཕུན་ཚོགས་ཤོག། འོག་མིན་ཡེ་ཤེས་བདེ་ཆེན་རྒྱ་མཚོའི་ཞིང་། །རྒྱལ་བ་རྒྱ་མཚོ་དཔག་མེད་ཚོགས་མངའ་བས། །འགྲོ་བའི་དོན་གཉིས་ལྷུན་གྱིས་གྲུབ་པ་ཡི། །བཀྲ་ཤིས་དམ་པ་དེས་ཀྱང་བདེ་ལེགས་ཤོག། བདེ་ཆེན་རིག་འཛིན་བདེ་གཤེགས་འགྲོ་བའི་ཡབ། །རྣམ་སྨིན་ཚེ་དབང་ཕྱག་རྒྱ་ལྷུན་གྱིས་གྲུབ། །སོ་སོའི་སྐུ་དང་ཡེ་ཤེས་ཕུན་ཚོགས་པའི། །བཀྲ་ཤིས་དམ་པ་དེས་ཀྱང་བདེ་ལེགས་ཤོག། དགའ་རབ་རྡོ་རྗེ་ཤྲཱྀ་སིདྷེ་དང་། །ཨོ་རྒྱན་ཡབ་ཡུམ་མཁའ་འགྲོ་རྒྱ་མཚོར་བཅས། །དངོས་གྲུབ་སྣ་ཚོགས་འབར་བའི་སྤྲིན་འཕྲོ་བའི། །བཀྲ་ཤིས་དམ་པ་དེས་ཀྱང་བདེ་ལེགས་ཤོག། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །ཞེས་པ་ལ་སོགས་པས་ཤིས་པ་རྒྱས་པར་བརྗོད་པའི་ཚེ། །ཕྱོགས་བཅུར་བཀྲ་ཤིས་བདུད་རྩི་དང་། འོད་ཟེར་
(༣༥༩)གྱི་དྲ་བས་འཇིག་རྟེན་ཐམས་ཅད་གྲོལ་ཏེ། སངས་རྒྱས་ཀྱི་བྱང་ཆུབ་ལ་གནས་པར་བསམ་ཞིང་། ཨཱོྃ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱས་བརྟན་པར་བྱའོ། །དེ་ནས་རབ་འབྱམས་རིག་པའི་རྩལ་དབང་བསྐུར་ཏེ། སྐལ་ལྡན་དེའི་གནས་ལྔར། ཨཱྃ་་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿལྔ་བསམ་པ་ལས་འོད་འཕྲོས། བདག་དང་སྣང་སྲིད་ཡི་གེ་དག་ཏུ་བསམས་ཤིང་། །ཨོཾཱ་ཨོཾཱ་ཨོཾཱ་ཞེས་པ་ལ་སོགས་བརྒྱ་རྩ་རེ་བརྗོད་ནས་སྣང་སྲིད་ལོངས་སྐུའི་ཞིང་དུ་བསམས་ལ། བླ་མས། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །འཁོར་འདས་སྣང་སྲིད་རང་གི་སེམས། །གདོད་ནས་མ་སྐྱེས་རྩ་བ་བྲལ། །སྟོང་གསལ་རིག་སྟོང་ཆོས་ཀྱི་སྐུ། །གང་ཤར་རང་གྲོལ་སྦྲུལ་མདུད་བཞིན། །སྤངས་བླང་གཉིས་མེད་ཤེས་པར་གྱིས། །ཞེས་ངོ་སྤྲད་ལ། ཡང་། ཨེ་མ་སྐལ་ལྡན་སྙིང་གི་བུ། །མིག་རྩེ་ནམ་མཁའི་ཁམས་སུ་ལྟོས། །སྣང་བ་སྣ་ཚོགས་འོད་གསལ་ཞིང་། །ཐིག་ལེ་དབྱིངས་དང་ལུ་གུ་རྒྱུད། །དུས་གསུམ་རྒྱལ་བའི་གསང་ཆེན་དབང་། །དོན་གྱི་སྙིང་པོ་འདི་ཉིད་དོ། །ཞེས་པས་མངོན་སུམ་ངོ་སྤྲད་དོ། །རྒྱུད་ཀྱི་གླེགས་བམ་ལ། མཎྜལ་ཚན་པ་གསུམ་ཕུལ་ནས། སློབ་མའི་སྤྱི་བོར་ཨོཾཱ་བསམས་ལ་རྒྱུད་དེར་བཞག་པས། །རྒྱུད་ལས་
(༣༦༠)འོད་ཟེར་བྱུང་བའི་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུའི་དབང་དང་བྱིན་རླབས་ཐམས་ཅད་ཐོབ་པར་བསམས་ལ། སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པོས་མིང་འདི་ཞེས་བགྱི་བ་ལ་དབང་བསྐུར་ཞིང་བྱིན་གྱིས་བརླབ་ཏུ་གསོལ་ལོ། །སྨིན་པར་མཛད་དུ་གསོལ་ལོ། །གྲོལ་བར་མཛད་དུ་གསོལ་ལོ། །གང་བར་མཛད་དུ་གསོལ་ལོ། །ཆེར་འཕེལ་བར་མཛད་དུ་གསོལ་ལོ། །རྒྱས་པར་མཛད་དུ་གསོལ་ལོ། །སྐུ་རྡོ་རྗེ་དང་གཉིས་སུ་མེད་པའི་དངོས་གྲུབ་ཆེན་པོ་འགྲུབ་པར་མཛད་དུ་གསོལ་ལོ། །ཨཱྃ་གྷ་ཛྷ་ཀཱ་ཡ་ཨ་བྷི་ཥིཧྩ་ཨཱོྃ། །ཞེས་བརྗོད་ནས་མགྲིན་པར་ཚིག་དེ་རྣམས་བརྗོད་ཅིང་ཁྱད་པར་དུ་གསུང་རྡོ་རྗེ་དང་གཉིས་སུ་མེད་པའི་དངོས་གྲུབ་ཆེན་པོ་འགྲུབ་པར་མཛད་དུ་གསོལ་ལོ། །ཨཱོྃ་གྷ་ཛྷ་ཀཱ་ཡ་ཝཱ་ཀྐ་ཨ་བྷི་ཥིཉྩ་ཨཱཿ། །ཞེས་པ་དང་སྙིང་གར་ཚིག་སྔ་མ་བཞིན་བརྗོད་ཅིང་། ཁྱད་པར་དུ་ཐུགས་རྡོ་རྗེ་དང་གཉིས་སུ་མེད་པའི་དངོས་གྲུབ་ཆེན་པོ་འགྲུབ་པར་མཛད་དུ་གསོལ་ལོ། །ཨཱོྃ་གྷ་ཛྷ་དྷརྨ་ཀཱ་ཡ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བྱོད་ནས་སྤྱི་བོའམ་། སྙིང་གའམ། མཆན་ཁུང་གང་རུང་ད་ུགདགས་སོ། །རྗེས་ནི་ཚོགས་ཀྱི་དགའ་བ་རྒྱ་ཆེན་པོ་བྱའོ། །དེ་ནས་ཀློག་པ་ནི། དུས་མ་ཡིན་པའི་སྒྲ་དང་། སད་དང་། སེར་བ་དང་། །
(༣༦༡)འབྲུག་དང་། ས་གཡོ་བ་དང་། འཇའ་འོད་དང་། ཉི་ཟླ་གཟས་ཟིན་པ་དང་། མུ་གེ་དང་། ནད་ལ་སོགས་པའི་མཚན་མ་བྱུང་དུས། སྟེང་དང་། འོག་དང་། ཕྱོགས་བཞི་གང་དུ་བྱུང་བརྟགས་ལ། སྟེང་འོག་ཏུ་བྱུང་ན། རང་ཉིད་ཀུན་བཟང་ཡབ་ཡུམ་དུ་བསྒོམ་པའི་ལྕེ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པར་བསམ། ཉི་ཟླ་གཟས་ཟིན་པ་དེ་ཉིད་ལ་སོགས་པའི་རྟགས་མཚན་ཡང་ཀུན་བཟང་ཡབ་ཡུམ་དུ་བསམས་ཏེ། རྒྱུད་དྲུག་འདས་རྗེས་དང་བཅས་པ་ཚར་གསུམ་མམ་ལྔའམ་བདུན་ནམ། བརྒྱ་སྟོང་ཅི་འགྲུབ་བཟླས་པའི་འོད་ཟེར་གྱིས། གནོད་པའི་མཚན་མ་ཐམས་ཅད་ཞི་ཞིང་། འཇིག་རྟེན་ཐམས་ཅད་བདེ་ལེགས་ཕུན་སུམ་ཚོགས་པར་བསམ་མོ། །རྗེས་ལ་སྣང་སྲིད་རིགས་ལྔའི་ཞིང་དུ་བསམ་སྟེ་བསྔོ་བ་བྱའོ། །དེ་བཞིན་དུ་ཤར་དང་ཤར་ལྷོར་བྱུང་ན། བདག་དང་མཚན་རྟགས་དེ་ཉིད། མི་བསྐྱོད་པ་ཡབ་ཡུམ་དུ་བསམ་པའི་རང་གི་ལྕེ་རྡོ་རྗེར་བསམས་ལ། ཞིང་ཁམས་མངོན་དགར་མོས་པར་བྱའོ། །ལྷོ་དང་ལྷོ་ནུབ་ལ་རང་དང་མཚན་རྟགས་རིན་ཆེན་འབྱུང་ལྡན་ཡབ་ཡུམ་དུ་བསམས་པའི་ལྕེ་རིན་པོ་ཆེར་བསམས་ལ། ཞིང་ཁམས་དཔལ་དང་ལྡན་པར་མོས་པ་བྱའོ། །ནུབ་དང་ནུབ་བྱང་ལ་འོད་དཔག་མེད་ཡབ་ཡུམ་གྱི་ལྕེ་
(༣༦༢)པདྨ་དམར་པོ་འདབ་མ་བརྒྱད་པ། ཞིང་ཁམས་བདེ་བ་ཅན་ནོ། །བྱང་དང་བྱང་ཤར་ལ་དོན་ཡོད་གྲུབ་པ་ཡབ་ཡུམ་གྱི་ལྕེ་རལ་གྲིར་བསམས་ལ། ཡུལ་དེ་ལས་རབ་གྲུབ་པའི་འཇིག་རྟེན་དུ་བསམས་ལ་བརྗོད་དོ། །དེའང་མཚན་མ་གང་བྱུང་གི་ཕྱོགས་དེར་ཁ་བལྟས་ལ་ཀློག་པར་བྱའོ། །དེའང་མཚན་མ་དེ་དག་འགྲོ་བ་གང་གིས་མཐོང་བ་དང་། ཐོས་པ་དང་། རེག་པ་ཐམས་ཅད་སྤྲུལ་པའི་སྐུར་སངས་རྒྱའོ། །དེ་ནས་སྐལ་ལྡན་དེའམ། གཞན་ཡང་རུང་སྟེ་འདས་པའི་ཚེ་སྙིང་གར་བཏགས་ནས་བསྲེགས་པས་བར་དོར་སངས་རྒྱའོ། །དེ་ཡང་སྐུ་ཐོབ་པའི་རྟགས་སུ་པུར་ཁང་གི་དབུས་སུ་འཇའ་འཁྱིལ་བའམ། དུད་པ་སྔོན་པོ་གྱེན་ལ་འགྲེང་བའམ། གཡས་སུ་འཁྱིལ་བ་དང་། མེའི་འོད་དཀར་གསལ་འཁོར་ལོ་ལ་སོགས་པ་ཕྱག་མཚན་གྱི་རྣམ་པ་འབྱུང་ངོ། །གདུང་ཤ་རཱི་རམ་སེར་པོ་དང་། ཆུ་རཱི་རམ་དཀར་པོ་དང་། བ་རཱི་རམ་དམར་པོ་དང་། ཉ་རཱི་རམ་ལྗང་གུ་དང་། པཉྩ་རམ་མཐིང་ག་ལ་ཁ་དོག་ལྔ་ལྡན་ཏེ་རིགས་ལྔའི་གདུང་དང་། སྐུ་འབྱུང་ངོ། །གསུང་གི་རྟགས་སུ་འོད་ཁྱིམ་གྱེན་འགྲེང་དང་། སྒྲ་འུར་བ་དང་། ཐུག་པ་དང་ས་གཡོ་བའོ། །ཐུགས་ཀྱི་རྟགས་སུ་ནམ་མཁའ་སྤྲིན་མེད་ཅིང་དྭངས་ལ་གསལ་བ་དང་། འཇའ་ཚོན་ཁ་དོག་སྣ་
(༣༦༣)ལྔའི་སྣང་བ་དཔག་ཏུ་མེད་པ་འབྱུང་ངོ། །གཞན་ཡང་ཡི་གེ་དང་། སྐུ་དང་། རིང་བསྲེལ་དུ་མ་འབྱུང་ངོ། །ཕན་ཡོན་ནི་བཏགས་གྲོལ་སྙིང་པོའི་རྒྱུད་ལས། ཨེ་མ་འདི་ནི་ཁྱད་པར་འཕགས། །དབང་པོ་རྣམ་ལྔ་འོན་གྱུར་ཅིང་། །རྒན་གཞོན་ཕོ་མོ་དགེ་སྡིག་མེད། །བག་ཆགས་བཟང་ངན་མེད་པ་རུ། །འདི་ཉིད་བཅངས་པས་འཚང་རྒྱའོ། །ཐ་མ་དབུགས་ལ་སླེབས་ཀྱང་གྲོལ། །སངས་རྒྱས་གདུང་འཛིན་སྲས་གཅིག་ཡིན། །ཞེས་པ་དང་། རྡོ་རྗེ་འཆང་གི་དུས་གནད་ངེས་པ་ལས། །འདི་ཉིད་བཅངས་པ་ཙམ་གྱིས་ཀྱང་། །སངས་རྒྱས་ཉིད་དུ་འགྱུར་བ་ལ། །ཐེ་ཚོམ་བྱ་བར་ཅི་ཞིག་དགོས། །གལ་ཏེ་བྱོལ་སོང་མགུལ་དུ་འདི། །བཏགས་པ་ཙམ་གྱིས་དེ་གྲོལ་ནས། །འགྲོ་བ་མི་རྣམས་སྨོས་ཅི་དགོས། །ཨེ་མ་རང་བྱུང་ཡི་གེ་འདིས། །སེམས་ཅན་རྣམས་ཀྱི་དོན་བྱེད་ན། །ཚེ་འདས་དེ་ཡི་སྤྱི་བོའམ། །མགུལ་དུ་འདི་བཏགས་བསྲེག་ན་ནི། །འདི་ཉིད་གྲོལ་བར་སྨོས་ཅི་འཚལ། །མཚམས་མེད་ལྔ་པོ་སྤྱད་པ་ཡང་། །ཉན་ཐོས་རྣམས་དང་སྐལ་བ་མཉམ། །ལུང་དུ་མ་བསྟན་སྐྱེ་བོ་རྣམས། །བྱང་ཆུབ་སེམས་དཔའི་ས་དང་མཉམ། །ཡིད་དཔྱོད་འཛིན་པའི་གྲུབ་མཐའ་ཡང་། །རྡོ་རྗེ་འཆང་དང་མཉམ་པར་ངེས། །འདི་ཉིད་བཅངས་
(༣༦༤)པའི་སྐྱེས་བུ་དེ། །གང་ན་འདུག་བའི་ཡུལ་ཕྱོགས་ཙམ། །ངན་སོང་དག་ནས་གྲོལ་བར་འགྱུར། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ། །རིག་པ་དངོས་ཀྱི་རྟགས་ཡོད་པའི། །སྐལ་ལྡན་དེ་ལ་བསྲེག་མི་དགོས། །འཆི་ཁར་འཕྲད་པས་འགྱུར་བ་ཡིན། །ཞེས་པ་ལ་སོགས་དཔག་ཏུ་མེད་པ་གསུངས་སོ། །ཨེ་མ་ཧོ། །སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་བྱིན་རླབས་ལས། །བཅངས་པ་ཙམ་གྱིས་གྲོལ་བའི་མན་ངག་འདི། །སྐལ་ལྡན་རྣམས་དང་རབ་ཏུ་འཕྲད་ནས་ཀྱང་། །ལྷུན་གྲུབ་ས་ལ་ཀུན་ཏུ་བཟང་པོར་ཤོག། ཨོ་རྒྱན་ཐུགས་སྲས་དྲི་མེད་འོད་ཟེར་གྱིས། །ཨོ་རྒྱན་ཟབ་ཆོས་མཁའ་འགྲོ་སྙིང་ཏིག་ལས། །ཨོ་རྒྱན་དགོངས་དོན་ཇི་བཞིན་བཤད་པ་འདི། །ཨོ་རྒྱན་རྫོང་དུ་ཕྱི་རབས་དོན་དུ་བཀོད། །བཏགས་གྲོལ་མན་ངག་རིན་ཆེན་སྙིང་པོ་ཞེས་བྱ་བ། པདྨ་ལས་འབྲེལ་རྩལ་གྱིས་བཀོད་པ་རྫོགས་སོ།། །དགེའོ། ༅། །ཤོག་སྐྱའི་སྐོར། སྲེག་སྦྱོང་འོད་ཀྱི་སྙེ་མ་བཞུགས་སོ། །སྲེག་སྦྱོང་འོད་ཀྱི་སྙེ་མ་ཞེས་བྱ་བ། དཔལ་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ། །གང་གི་རང་བཞིན་དབྱིངས་ལས་མ་གཡོས་ཀྱང་། །ཐུགས་རྗེའི་མེ་འོད་ཡེ་ཤེས་འོད་འཕྲོ་བས། །འགྲོ་ཀུན་སྒྲིབ་པའི་བུད་ཤིང་སྲེག་མཛད་པ། །བདེ་
(༣༦༥)གཤེགས་རིག་འཛིན་རྣམས་ལ་ཕྱག་འཚལ་ལོ། །རྩ་བའི་རྒྱུད་སྡེ་རྫོགས་པ་རང་བྱུང་ལས། །ཚེ་འདས་ཕུང་པོ་བསྲེག་སྟེ་སྒྲིབ་སྦྱང་དོན། །མ་ནོར་ཇི་བཞིན་གསལ་བའི་རིམ་པ་ཡིས། །པདྨ་ལས་འབྲེལ་རྩལ་གྱིས་ལེགས་པར་བསྟན། །དེ་བཞིན་གཤེག་པ་རིགས་ལྔའི་དཀྱིལ་འཁོར་དུ། །རོ་བསྲེགས་ཏེ་སྡིག་པ་སྦྱང་བ་ལ། སྔོན་འགྲོ་སྟ་གོན་དུ་བྱ་བ། དངོས་གཞི་ཇི་ལྟར་སྦྱང་བ། རྗེས་རུས་བུ་བསྡུ་བ་གསུམ་ལས། དང་པོ་ལ་ཐབ་རྩིག་པ། རོ་ཆས་འཇུག་པ། མཆོད་རྫས་བཤམ་པ་དང་གསུམ་ལས། །དང་པོ་ནི། སའི་སྟེགས་འདོམ་དོ་ལ་སོགས་པ་ཇི་ལྟར་འོས་པ་བྱས་ལ། ཐིག་ཆེན་བཞི་བཏབ་པའི་དབུས་སུ། མེ་ཁང་གྲུ་བཞི་པ། རོ་དེ་ཉིད་ཀྱི་ཁྲུ་སྐོར་གྱིས་རྨང་བཏིང་བའི་ནང་དུ་ཟླུམ་སྐོར་གསུམ་བྲིས་པའི་ནང་མ་ལ་རིགས་ལྔ་ཡབ་ཡུམ་གྱི་མཚན་མ་པད་འདབ་བཞིའི་དབུས་སུ་འཁོར་ལོ། །ཕྱོགས་བཞིར་རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། རྒྱ་གྲམ་རྣམས་བྲིས། གཉིས་པ་ལ་སེམས་དཔའ་སེམས་མ་ཡབ་ཡུམ་བརྒྱད་ཀྱི། ཐིག་ལེ་གཉིས་བརྩེགས་པ་ཁ་དོག་དང་མཐུན་པ་བརྒྱད་བྱ། གསུམ་པ་ལ་སྒོ་བ་ཡབ་ཡུམ་གྱི་མཚན་མ་དགོད། ཟུར་བཞིར་ཟླ་ཕྱེད་
(༣༦༦)རྡོ་རྗེ་རེ་བྲི། ནང་མའི་མུ་ཁྱུད་བཞི་མཐིང་ག། བར་པ་དམར། ཕྱི་མ་དཀར་པོས་བཀང་། ཡེ་ཤེས་ཀྱི་མུ་ཁྱུད་ལྔ་ལྡན་ཕྱི་མ་ལ་བསྐོར། དེ་ཉིད་རས་ལ་སོགས་པས་བཀབ་ནས། སྔར་གྱི་འཕྲོ་གྱེན་ལ་རྩེ་ཁྲུ་གང་དང་མཛུབ་གང་བརྩིགས་ལ། ཤིང་ཤུག་པ་བརླ་བས་མི་ཕྲ་བ། རྩེ་ཁྲུ་རེ་ཐབ་ཀྱི་ནང་དུ་བསླང་ལ་དྲང་པོར་གཤིབས་ཏེ་ཁེངས་པར་དགང་། ཕྱོགས་བཞིའི་གསེང་ཕུགས་ས་ཐང་མཚམས་ལ་གྱེན་དུ་འཁྱིད་རེ་ཡོད་པའི་ཕྱོགས་སུ། ཤིང་གི་ཁོང་སེང་། དཔལ་འབར་འཛུགས་ས་ཡོད་པ་རེ་བྱ། མདུན་གྱི་བུག་པ་དེ་ཤིང་བཅུག་པས་ཤོང་བར་བྱས་ལ་སོ་ཕག་ལ་སོགས་པས་ཕྱི་ནས་གཅད། རྩེ་ཁྲུ་གང་གི་གོང་ན་མཛུབ་གང་ཡོད་སར་བུག་པ་གཅིག་བྱ། ཡམ་ཤིང་ཕྲ་མོས་ཟང་ཟིང་དུ་དགང་། དེའི་སྟེང་ནས་རོ་ཁང་ཁྲུ་གང་བ་ཟླུམ་པོའམ་གྲུ་བཞི་པར་བརྩིག་གོ། གཉིས་པ་ནི་རོའི་དྲུང་དུ་མཆོད་པ་བཤམས་ལ། བདག་ཉིད་ཀུན་བཟང་ཡབ་ཡུམ་དུ་བསྐྱེད་ལ། མཆོད་བསྟོད་བྱས་ནས་བུམ་པར་བཟླས་པ་བྱ། རོ་ལ་བསང་ཆུ་གཏོར་ནས། མེ་ཏོག་ཕོག་པའི་ལྷར་བསྐྱེད་དེ། རྣམ་ཤེས་བཀུག་ལ་བགེགས་བསྐྲད་སྡིག་པ་སྦྱང་། གཟུངས་སྔགས་ཀྱི་བུམ་ཆུས་བཀྲུ་ཞིང་། ཕར་ཕྱིན་དྲུག་དང་ཆུ་བོ་བཞི་ལ་སོགས་
(༣༦༧)པའི་ཚིགས་བཅད་བརྗོད་ནས། ཨཱོྃ་སརྦ་བིད་བཛྲ་ཨ་དྷི་ཏིཥྛ་ཛྙཱ་ན་ས་མ་ཡེ་ཧཱུྃ་གིས། རྡོ་རྗེ་ཁུ་ཚུར་དང་བཅས་པས་བྱིན་གྱིས་བརླབས་ལ། རིགས་ལྔའི་རྩ་སྔགས་ཚན་པ་གསུམ་བྲིས་པའི་གཅིག་སྤྱི་བོ། །གཅིག་མགྲིན་པ་གཅིག་སྙིང་ཁར་བཏགས་ལ་མཆོད་བསྟོད་བྱའོ། །སྐབས་འདིར་དབང་བསྐུར་ནས་ལམ་བསྟན་ལམ་སྦྱོང་བྱས་ནའང་ཤིན་ཏུ་ལེགས་ཤིང་། མ་བྱས་ཀྱང་འགལ་བ་མེད་དོ། །དེ་ནས་རོ་ཁང་དུ་བཅུག་སྟེ། རོལ་མོའི་སྒྲས་བགེག་བསྐྲད་ལ། ཤིང་སྒྲོམ་མམ་དུར་ཁང་རྒྱ་ཕིབས་མ་བྱེད་ན་སྟེང་ནས་བཀབ། མེད་ན་བྲེའི་གཟུགས་གྲུ་བཞི་པ། ཅུང་ཟད་ཡངས་པ་གཅིག་གམ། དང་མའི་ཞབས་མཐོ་གང་ཕུག་པ་བཀབ། ཕྱི་ནས་དུ་བ་མི་འཆོར་བར་དྲེས་མས་བཅིངས་ལ་ཞལ་བ་བྱའོ། །གསུམ་པ་ནི་མཆོད་པ་མདུན། སྲེག་རྫས་གཡས། གཏོར་མ་གཡོན་དུ་བཤམ་མོ། །དེའང་མཆོད་པ་དང་། མཆོད་ཡོན་ལ་སོགས་པ་ཕྱི་ནང་གི་མཆོད་པ་རྣམས་སོ། །སྲེག་རྫས་ནི་ཡམ་ཤིང་སོར་བཅུ་གཉིས་པ་མང་པོ་དང་། མར་དང་། ཏིལ་དང་། ཡུངས་ཀར་དང་། ཞོ་ཟན་དང་འབྲས་ལ་སོགས་པ་འབྲུ་སྣ་ཚོགས་དང་། རའི་འོ་མའོ། །དེ་རྣམས་ཀྱི་
(༣༦༨)ཡམ་ཤིང་དང་མར་མ་གཏོགས་པ་སྣོད་གཅིག་ཏུ་བསྲེས་པའམ། སོ་སོར་བྱའོ། །གཏོར་མ་ནི་འཇིག་རྟེན་ལས་འདས་པའི་གཅིག། མཁའ་འགྲོའི་གཅིག། ཆོས་སྐྱོང་གི་གཅིག། མེ་ལྷ། གཞི་བདག། རིགས་དྲུག། བགེག་གཏོར་དང་བདུན་ནོ། །གཉིས་པ་དངོས་གཞི་ལ། བདག་བསྐྱེད་པ། མདུན་བསྐྱེད་པ། མཇུག་བསྡུ་བ་དང་གསུམ་ལས། དང་པོ་ནི། སྲུང་འཁོར་སྔོན་དུ་འགྲོ་བས་ཀུན་བཟང་དུ་བསྐྱེད་ལ། ཡེ་ཤེས་པ་བཅུག། དབང་བསྐུར་མཆོད་པ་དང་བསྟོད་པ་རྒྱས་པར་བྱའོ། །གཉིས་པ་ནི། གང་ཟག་མཆོག་ལ་ཛྭ་ལའི་སྔགས་ཙམ་གྱིས་མེ་སྦར། ཕལ་པ་ལ། གསོན་ཅིག་དགོངས་ཤིག་རིགས་་ཀྱི་བུ། །ཕུང་པོ་ལྔ་ཡི་བུད་ཤིང་ལ། །རྒྱལ་བ་རིགས་ལྔའི་མེ་སྦར་རོ། །འབྱུང་བ་བཞི་ཡི་བུད་ཤིང་ལ། །ལྷ་མོ་བཞི་ཡི་མེ་སྦར་རོ། །དབང་པོ་དྲུག་གི་བུད་ཤིང་ལ། །བྱང་ཆུབ་སེམས་དཔའི་མེ་སྦར་རོ། །ཡུལ་རྣམ་དྲུག་གི་བུད་ཤིང་ལ། །ལྷ་མོ་དྲུག་གི་མེ་སྦར་རོ། །ཉོན་མོངས་ལྔ་ཡི་བུད་ཤིང་ལ། །ཡེ་ཤེས་ལྔ་ཡི་མེ་སྦར་རོ། །ལུས་ངག་ཡིད་གསུམ་བུད་ཤིང་ལ། །རྒྱལ་བ་སྐུ་གསུམ་མེ་སྦར་རོ། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་དུ། །འགྲོ་བའི་དོན་གཉིས་འགྲུབ་པར་ཤོག། ཨོཾཱ་བཛྲ་ཛྭ་ལ་རྃ་ཛྭ་
(༣༦༩)ལ་རྃ། ཞེས་པས་མདུན་ངོས་ཀྱི་གསེང་ནས་མེ་སྦར་ལ། བསང་ཆུ་གཏོར་ནས་ཐབ་དང་མཆོད་གཏོར་སྲེག་རྫས་དང་བཅས་པར་བསངས་ནས། སྭ་བྷཱ་ཝས་སྟོང་པར་སྦྱངས་ལ། སོ་སོའི་སྔགས་ཀྱིས་བྱིན་གྱིས་བརླབས་ཏེ། ཨཱོྃ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧྃ། སྟོང་པའི་ངང་ལས། རིན་པོ་ཆེའི་ཐབ་ཡངས་ཤིང་རྒྱ་ཆེ་བ། སྒོ་བཞི་གྲུ་བཞི་རྟ་བབས་བཞི་དང་ལྡན་པའི་དབུས་སུ་ར་སྐྱེས་ཀྱི་སྟེང་ན་རྃ་ལས་མེ་ལྷ་དཀར་པོ་ཞལ་གཅིག་ཕྱག་བཞི་པ་གཡས་དང་པོ་པདྨ། གཉིས་པ་ནོར་བུའི་ཕྲེང་བ། གཡོན་དང་པོ་དབྱུག་པ། གཉིས་པ་རིལ་བ་སྤྱི་བླུགས་འཛིན་པའོ། །དེ་ནས་དབྱུག་གུའི་ཕྱག་རྒྱས། རྡོ་རྗེ་ དྲིལ་བུ ་དང་དབྱངས་ཀྱིས། ཨཱོྃ་ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །མེ་ལྷ་དྲང་སྲོང་བྲམ་ཟེ་མཆོག། སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་གཤེགས་སུ་གསོལ། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་སྒྲུབ་པ་པོ། །ཐུགས་རྗེས་སེམས་ཅན་དོན་མཛད་པ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨཱོྃ་ཨགྣེ་ཡེ་མ་ཧཱ་ཏེ་ཛ་ཨེ་ཧྱ་ཧི་ས་མ་ཡེ་ཛཿཛཿཞེས་པས་ཤར་ལྷོ་ནས་མེ་ལྷ་འཁོར་དང་བཅས་པ་སྤྱན་དྲངས་ལ་ཛཿཧཱུྃ་བྃ་ཧོཿས་ཐབ་ཀྱི་དམ་ཚིག་པ་བསྐྱེད་པ་ལ་བསྟིམས་ནས། ཨཱོྃ་ཨགྣེ་
(༣༧༠)ཡེ་པདྨ་ཀ་མ་ལ་ཡ་སྟྃྭ་གྱིས་གདན་ཕུལ་ནས་ཀུ་ཤ་ཐོགས་ཏེ། ཀུ་ཤ་འདི་ནི་གཙང་ཞིང་དགེ། ས་ལས་སྐྱེས་པའི་སྙིང་པོ་མཆོག། ཚངས་པའི་ལྷ་ཡང་དག་པ་སྟེ། །དཀོན་མཆོག་གསུམ་གྱི་དག་བྱེད་ཡིན། །དེ་ཡིས་བདག་ཅག་འཁོར་བཅས་ལ། །བགེགས་རྣམས་མེད་ཅིང་ཞི་བར་མཛོད། །ཅེས་པས་རྩེ་མ་ཉམས་པ་དགྲམ་མོ། དེ་ནས། ཨོཾཱ་ཨགྣེ་ཡེ་སྭཱ་ཧཱ་ས་། མར་བླུགས་གཟར་བདུན་བདུན་གྱིས་བཀང་བའི་དགང་བླུགས་ཁ་སྦྱར་བ་གསུམ་དབུལ་ཞིང་། ཨོཾཱ་ཨགྣེ་ཡེ་དི་བྱ་དི་བྱ་བི་ཤུདྡྷེ་མ་ཧཱ་ཤྲཱྀ་ཧ་བྱ་ཀ་བྱ་བ་ཧ་ན་ཡ་ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སྭཱ་ཧཱས་བྱོན་ཟན་ཕུལ་ནས། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་བཟང་པོའི་མཆོད་ཡོན་འདི། །དྲང་སྲོང་འཁོར་དང་བཅས་ལ་འབུལ། །འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨོཾཱ་ཨགྣེ་ཡེ་མ་ཧཱ་ཏེ་ཛ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཙ་མེ་གྷ་ས་མུ་ཏྲ་སྒྲར་་ས་མ་ཡེ་ཧཱུྃ། ཞེས་པ་ནས་རོལ་མོའི་བར་ཕུལ་ལ། སྲེག་རྫས་རྣམས་ཀྱི་མར་དང་ཡམ་ཤིང་སོ་སོར་འབུལ། གཞན་མ་རྣམས་བསྲེས་ལ། ཨོཾཱ་ཨགྣེ་ཡེ་ཆེ་གེ་མོའི་སྡིག་པ། སརྦ་པཱ་པྃ་ཤནྟིང་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པས་ཉི་ཤུ་རྩ་གཅིག་རེ་གྲངས་བྱས་ལ་དབུལ། དེའང་རྒྱས་
(༣༧༡)པར་བྱེད་ན་སྲེག་རྫས་རྣམས་སོ་སོར་དབུལ་ཏེ། ཨཱོྃ་བྷོ་དྷི་པྲྀཀྵ་ཡེ་སྭཱ་ཧཱ་ས་ཡ་མ་ཤིང་དང་། ཨགྣེ་ཡེས་མར། ཨཱོྃ་སརྦ་པཱ་པྃ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱས་ཏིལ། ཨཱོྃ་བཛྲ་སི་དི།། །དྷི་ཡེ་སྭཱ་ཧཱས་ཉུང་ཀར། ཨཱོྃ་སརྦ་སྃ་བྷ་དེ་སྭཱ་ཧཱ་ས་ཞོ་ཟན་དང་། འབྲས་ལ་སོགས་པ་སོ་སོར་འབུལ་ལོ། །འོག་མ་རྣམས་ལའང་ཚུལ་འདིས་ཤེས་པར་བྱའོ། །དེ་ནས་མཆོད་པས་མཆོད་ལ། འཇིག་རྟེན་དབང་ཕྱུག་ཚངས་དབང་མཆོག་གི་སྲས། །མེ་ལྷའི་རྒྱལ་པོ་ཌཱ་ཀིས་དབང་བསྐུར་བས། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེགས། །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཚངས་པ་འཇིག་རྟེན་མགོན་པོའི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག། འབྱུང་པོ་ཡོངས་སུ་སྐྱོབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུ་སྤྲུལ་པ། །རིག་སྔགས་སྒྲུབ་པའི་དྲང་སྲོང་ཚུལ། །ཉོན་མོངས་བསྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱིས་སྤྲུལ་པའི་ཐེག་པ་བཅིབས། །རིག་སྔགས་གསུང་གི་བགྲང་ཕྲེང་འཛིན། །བདུད་རྩིའི་བཅུད་ལྡན་གྷུནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །
(༣༧༢)ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་བས་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པས་འཇིག་རྟེན་པའི་མེ་ལྷ་མཆོད་ཅིང་བསྟོད་ནས། འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་ཅིང་བསྟོད་པ་ནི། ལྷ་རྣམས་སྤྱན་དྲངས་ལ་གང་ཟག་མཆོག་ལ་རོ་དང་ལྷ་རྣམས་དབྱེར་མེད་ལ་མཆོད་བསྟོད་བྱ་ཞིང་། ཕལ་པ་ལ་ལྷ་བསྐྱེད་པ་ལ་སྲེག་རྫས་དང་། རོའི་ཤ་ཁྲག་རུས་པ་རྣམས་བདུད་རྩིར་བསམས་ལ་འབུལ་ལོ། །དེའང་རྒྱས་པ་ལ་དམ་ཚིག་པ་བསྐྱེད་ནས་ཡེ་ཤེས་པ་བསྟིམ་ལ། བསྡུས་པ་ལ་ཡེ་ཤེས་པ་སྤྱན་དྲངས་ཏེ། མེ་ལྷའི་ལྟོ་བར་བཞུགས་པར་བསམས་ལ་མཆོད་པའོ། །དེ་ཡང་ཐོག་མར་མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེ་བར་ཁྲོ་བོ་རྟ་མགྲིན་ཡབ་ཡུམ་དུ་བསྐྱེད་ལ། ཧཱུྃ་ཡེ་ཤེས་བསྐལ་པའི་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་མུན་ཁམས་ཐམས་ཅད་སྲེག། ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། །དཔའ་བོ་ཆེན་པོ་དཔའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བའི། །རིག་པའི་རྒྱལ་པོ་་ཁྲོ་བོ་བཞུགས་སོ་འཚལ། །ལོག་འདྲེན་འདུལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། ཨཱོྃ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧུ་ལུ་ཧུ་ལུ་ས་མ་ཡ་ཛཿས་སྤྱན་དྲངས་
(༣༧༣)པ་བསྟིམ་ལ། ཨཱོྃ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧུ་ལུ་ཧུ་ལུ། ཨརྒྷྃ། པ་ཏྱྃ། པུཥྤྃ། དྷཱུ་པྃ། ཨཱ་ལོ་ཀེ། གྷནྡྷེ། ནཻ་ཝི་ཏེ། ཤབྟ་ཨཱ་ཧཱུྃ་གིས་མཆོད་ནས། དབང་ཆེན་བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །འཇིགས་བྱེད་ཆེན་པོ་རལ་པ་གྱེན་དུ་བརྫེས། །ཁྲོ་བོའི་རྒྱན་རྣམས་མ་ལུས་རབ་རྫོགས་པའི། །ཁྲོ་རྒྱལ་རྟ་མཆོག་དཔལ་ལ་ཕྱག་འཚལ་བསྟོད། །ཅེས་པའི་རྗེས་ལ་སྔགས་དེ་ཉིད་ལ། ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཤིནྟང་ཀུ་རུ་ཡེ་སྭཱ་ཧཱ། བཏགས་ལ། སྲེག་རྫས་རིམ་པས་བརྒྱ་རྩ་བརྒྱད་ལ་སོགས་པ་ཕུལ་བའི་རྗེས་ལ། ཧཱུྃ་མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བླ་མེད་དཀོན་མཆོག་གསུམ་པོ་གནས་འདིར་གཤེགས། །ཨཱོྃ་ན་མོ་རཏྣ་ཏྲ་ཡཱ་ཡ། བྷུདྡྷ་དྷརྨཱ་སྃ་གྷ་ས་མ་ཡ་ཛཿས་སྤྱན་དྲངས་ལ། རྒྱལ་བ་སྲས་དང་བཅས་པ་ཁྲོ་བོའི་མདུན་དུ་བཞུགས་པ་ལ་མཆོད་པས་མཆོད་ནས། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པའི་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་
(༣༧༤)སོང་ལས་སྒྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ཞེས་པས་བསྟོད་ནས། ན་མོ་རཏྣ་ཏྲ་ཡཱ་ཡ་བྷུདྡྷ་དྷརྨཱ་སྃ་གྷ་བྷྱོ། །ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སྭཱ་ཧཱ། །བརྒྱ་རྩ་བརྒྱད་ལ་སོགས་པ་ཕུལ་ནས། སླར་ཡང་མཆོད་ཅིང་བསྟོད་ནས། ཁྲོ་བོའི་ལྟོ་བར་ཞི་ཁྲོའི་དཀྱིལ་འཁོར་བསྐྱེད་ལ། སྤྱན་དྲངས་ཏེ་བསྟིམ་ནས། མཆོད་བསྟོད་རྒྱས་པར་བྱས་ལ། རྣམ། སྣང་གི་རྩ་སྔགས་མིང་སྤེལ་དང་བཅས་པ་སྟོང་ངམ་འབུམ། གཞན་རྣམས་རང་རང་གི་སྔགས་རྣམས་ཀྱིས་བརྒྱ་རྩ་བརྒྱད་ལ་སོགས་པ་ཕུལ་ལ། མཆོད་པ་དང་བསྟོད་པ་ཡང་རྒྱས་པར་བྱས་ཏེ། །སླར་ཡང་ཁྲོ་བོ་རྟ་མགྲིན་ལ། སྔར་གྱི་ཚུལ་དེ་ཉིད་ཀྱིས་བརྒྱ་སྟེང་གྲངས་མེད་པ་ཕུལ་ལ། མཆོད་བསྟོད་བྱས་ཏེ་བགེགས་ཞི་བར་གསོལ་བ་བཏབ་ནས། འཇིག་རྟེན་ལས་འདས་པའི་ལྷ་རྣམས་ལ་གཏང་རག་གི་མཆོད་ཅིང་བསྟོད་ནས། བཟོད་པར་གསོལ་ཏེ། ཨཱོྃ་བཛྲ་མུཿས་སྤྱན་དྲངས་པ་རིམ་པ་བཞིན་གཤེགས་ནས། དམ་ཚིག་པ་བསྡུ་ལ། ཡང་མེ་ལྷའི་ལྟོ་བར་མཁའ་འགྲོ་
(༣༧༥)ཆོས་སྐྱོང་ཡུལ་ལྷ་གཞི་བདག་ལ་སོགས་པ་རིམ་པར་སྤྱན་དྲངས་ཏེ། རང་རང་གི་སྔགས་སམ། ཨཱོྃ་ཨ་ཀཱ་རོ་མུ་ཁྃ་སརྦ་དྷརྨཱ་ྃ་ཨ་དྱ་ནུད་པན་ན་ཏྭ་ཏ་ཨཱོྃ་ཨཱཿཧཱུྃ་ཕཊ། ཅེས་སྲེག་རྫས་ཕུལ་ལ་གཏོར་མ་ཡང་ཕུལ་ཏེ། ཕྲིན་ལས་བཅོལ་ནས་གཤེགས་སུ་གསོལ་ལ། སླར་ཡང་མེ་ལྷ་གསལ་བཏབ་ནས། སྲེག་རྫས་ལྷག་མ་ཅི་འབྱོར་པ་བདུན་ལ་སོགས་པ་ཕུལ་ཏེ་མཆོད་པ་དང་གཏོར་མ་ཕུལ་ནས་ཕྲིན་ལས་བཅོལ་ཏེ་བསྟོད་པ་བྱས་ནས། བདག་གི་དོན་དང་གཞན་གྱི་དོན། །སྒྲུབས་ཀྱིས་བཞུད་ཅིག་བྱིན་ཟ་ཁྱོད། །རང་གནས་དགེ་བར་གཤེགས་ནས་ཀྱང་། །སླར་ཡང་དུས་བཞིན་ཅི་ནས་བྱོན། །བདག་གི་དགོས་པ་ཐམས་ཅད་མཛོད། །ཨོཾཱ་ཨགྨེ་ཡེ་གཙྪ། ཞེས་མེ་ལྷའི་ཕྱག་རྒྱ་བཀྲོལ་ལ། འབྱུང་པོ་ཐམས་ཅད་པའི་གཏོར་མ་བྱིན་ནས་བསྔོ་བ་བྱས་ཏེ། ཨཱོྃ་ཨཱཿཧཱུྃ་གིས་བདག་ཉིད་བསྲུངས་ནས། གསོན་པོའི་དོན་དུ་བཀྲ་ཤིས་བརྗོད་ལ་ཡོན་ཕུལ་དགའ་སྟོན་བྱའོ། །གསུམ་པ་ནི་མ་རྣམས་ཞི་བའི་ཚེ། བདག་བསྐྱེད་མདོར་བསྡུས་པས་ལག་པ་གཉིས་དཔུང་པར་བསྣོལ་ཏེ་སེ་གོལ་གཏོགས་ཤིང་། ཨཱོྃ་བཛྲ་ས་མ་ཡེ་ཛཿཧཱུྃ་བྃ་ཧོཿས་རུས་བུ་བསྡུས་ལ། བུམ་ཆུས་བཀྲུ་ཞིང་སྡིག་སྒྲིབ་དག་པར་བསམ་ལ། རིགས་ལྔའི་རྩ་སྔགས་སྤེལ་ཚིག་དང་བཅས་པ་བརྗོད་ནས། མཆོད་དེ་གཤེགས་སུ་གསོལ་ལོ། །དེ་ལྟར་ཚེ་འདས་སྒྲིབ་པ་སྦྱོང་བའི་ཐབས། །ཇི་ལྟར་རྒྱུད་ལས་གསུང་བཞིན་སྦྱར་བ་ཡིས། །དགེ་བ་དྲི་མེད་སྟོན་ཀའི་ཟླ་འདྲ་དེས། །འགྲོ་
(༣༧༦)ཀུན་རྒྱལ་བའི་གོ་འཕང་ཐོབ་པར་ཤོག། ཚུལ་འདི་རྒྱལ་སྲས་དྲི་མེད་འོད་ཟེར་གྱིས། །གངས་རི་ཐོད་དཀར་རིན་ཆེན་སྙིང་པོའི་མགུལ། །ཨོ་རྒྱན་རྫོང་ཞེས་བྱ་བའི་གནས་མཆོག་ཏུ། །རིན་ཆེན་ཤོག་སྐྱའི་ངོས་ལ་ལེགས་པར་བཀོད། །སྲེག་སྦྱོང་འོད་ཀྱི་སྙེ་མ་ཞེས་བྱ་བ། པདྨ་ལས་འབྲེལ་རྩལ་གྱིས། སྟོན་གསུམ་གངས་རི་ཐོད་དཀར་དུ་སྦྱར་བ་རྫོགས་སོ།། །།བྷ་ཝནྟུ། ༅། །རིན་ཆེན་ཤོག་དཀར་གྱི་སྐོར། གཞན་ཕན་འོད་ཀྱི་འཁོར་ལོ་བཞུགས་སོ། །གཞན་ཕན་འོད་ཀྱི་འཁོར་ལོ་ཞེས་བྱ་བ། སྟོན་པ་ཕུན་སུམ་ཚོགས་པ་དཔལ་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །ཤེས་བྱའི་མཁའ་ལ་མཁྱེན་རབ་སྤྲིན་ཚོགས་མཛད་པའི་གློག་གི་ཕྲེང་བ་ཅན། །ཐུགས་རྗེའི་འབྲུག་སྒྲ་ཕྱོགས་ཀྱི་མཐར་ཁྱབ་ཕན་བདེའི་ཆར་རྒྱུན་ལེགས་འབེབས་པ། །འགྲོ་བའི་བླ་མ་དཀོན་མཆོག་གསུམ་དེ་སྐྱེ་དགུའི་མཁའ་ལ་མཛེས་པ་ཡི། །བདག་གཞན་གཙུག་གི་ནོར་བུས་ཞབས་མཆོད་ཡུན་རིང་བཀྲ་ཤིས་བྱེད་པར་ཤོག། གང་འདིར་བདག་བློའི་ཡིད་ཀྱི་པདྨ་ལ། །བྱིན་རླབས་ཉིན་བྱེད་ཟེར་གྱིས་ཕོག་པ་ཡིས། །འགྲོ་བའི་དོན་གཉིས་སྒྲུབ་ལ་འདབ་སྟོང་རྒྱས། །དེ་སླད་གཞན་ཕན་འོད་ཀྱི་འཁོར་ལོར་བཤད། །དེའང་འདིར་སྙིང་པོའི་རྒྱུད་རྫོགས་པ་རང་བྱུང་གི་རྗེས་སུ་
(༣༧༧)འབྲངས་ནས་ཚེ་འདས་རྗེས་སུ་གཟུང་བའི་ཆོ་ག་བརྗོད་པར་བྱའོ། །འདི་ལ་ནུབ་དང་པོ་བྱ་བའི་རིམ་པ་དང་། ལྷག་མ་རྣམས་སུ་བྱ་བའི་རིམ་པ་གཉིས་ལས། དང་པོ་ལ་སའི་ཆོ་ག་དང་། སྔོན་འགྲོ་ལེགས་པར་བཤམ་པ་དང་། མེ་ཏོག་ཚོམ་བུའི་དཀྱིལ་འཁོར་དངོས་ཇི་ལྟར་མཆོད་པ་གསུམ་ལས། དང་པོ་ནི་སའི་ཆོ་ག་བསང་སྦྱངས་དགོས་པའི་ཕྱོགས་སུ། །མཎྜལ་ཟླུམ་པོ་ཁྲུ་གང་པ་འབྱུང་དང་། དྲིས་བྱུགས་པའི་དབུས་སུ། ཨཱོྃ་པྲྀ་ཐི་དེ་ཝཱིས་དྲིའི་ཐིག་ལེ་དང་། མེ་ཏོག་གི་ཚོམ་བུ་བཀོད་ལ། དེའི་དྲུང་དུ་ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ་ལྔ་དང་གཏོར་མ་གསུམ་བཤམས་ལ། རང་ཉིད་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ནས། སྐད་ཅིག་གིས་ཀུན་བཟང་ཡབ་ཡུམ་དུ་བསྒོམས་ཏེ། ཨ་མྲྀ་ཏས་བསང་ཞིང་། སྭ་བྷཱ་ཝ་ས་སྦྱངས་ཏེ། སྟོང་པའི་ངང་ལས་ཚོམ་བུ་ཉིད། པད་ཟླའི་སྟེང་དུ་པྃ་ལས་སའི་ལྷ་མོ་སེར་མོ་བུམ་པ་འཛིན་པར་བསྐྱེད་ནས། ལྷ་མོ་ཆེན་མོ་ས་བདག་འཇིག་རྟེན་ཡུམ། །རིན་ཆེན་རྫོགས་དབང་མཆོག་གི་རྒྱན་གྱིས་བརྒྱན། །དོ་ཤལ་རྐང་གདུབ་སྒྲ་སྒྲོགས་སེམས་དཔས་མཆོད། །མཆོད་ཡོན་འདི་བཞེས་འདི་རུ་བྱིན་རློབ་མཛོད། །ཨཱོྃ་པྲྀ་ཐི་དེ་ཝཱི་ས་མ་ཡ་ཛཿཛཿཞེས་པས་ས་བོན་ལས་འོད་འཕྲོས། སའི་
(༣༧༨)འོག་ནས་ལྷ་མོ་ས་བདག་ཀླུ་གཉན་གྱིས་བསྐོར་བ་སྤྱན་དྲངས་ལ་ཛཿཧཱུྃ་བྃ་ཧོཿས་བསྟིམ། ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ནས། །དྲི་མེད་ཡིད་འོང་བདུད་རྩི་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །ལྷ་མོ་ལ་ནི་བདག་འབུལ་གྱིས། །ས་འདི་བདག་ལ་གནང་དུ་གསོལ། ཨཱྃ་པྲྀ་ཐི་དེ་ཝཱི་ཨརྒྷྃ་པྲ་ཏིཙྪ་ཡེ་སྭཱ་ཧཱ། ཚིག་དེས་མཆོད་པ་ལྷག་མ་རྣམས་ཀྱང་མཆོད་ནས། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དུ། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །བདག་རྡོ་རྗེ་འཛིན་པ་ཆེ་གེ་མོ་ཞེས་བྱ་བས། །ཆེ་གེ་མོའི་དོན་དུ་ས་ཕྱོགས་འདིར་དཀྱིལ་འཁོར་ཆེན་པོ་བཞེང་གིས། ལྷ་མོ་ཁྱོད་ཀྱིས་སའི་ཕྱོགས་འདི་བདག་ལ་གནང་བར་མཛོད་ཅིག། ཅེས་བརྗོད་པས་དེས་ཀྱང་རིག་པ་འཛིན་པ་ཁྱོད་ཀྱིས་ཅི་དགའ་བར་བྱོས་ཤིག། ཅེས་གསུངས་པར་བསམས་ལ། གཏོར་མ་དང་པོ་དེ་ལྷ་མོ་འཁོར་བཅས་ལ་འབུལ། གཉིས་པ་དེ་དཀར་པོའི་ཕྱོགས་ལ་བྱིན་ནས། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །ས་འདི་བདག་གིས་
(༣༧༩)སློང་བར་བགྱི། །དཀྱིལ་འཁོར་དོན་དུ་སྩལ་དུ་གསོལ། །དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་ཕྱིན་པའི་གྲོགས་མཛད་དུ་གསོལ། །ཅེས་བརྗོད་དོ། །གསུམ་པ་དེ་ནག་པོའི་ཕྱོགས་ལ་བྱིན་ནས། ས་ཕྱོགས་འདིར་ནི་སློབ་དཔོན་བདག། དཀྱིལ་འཁོར་རྒྱལ་པོ་སྒྱུ་འཕྲུལ་ནི། །བཞེང་གིས་ས་འདིར་གནས་པའི་བགེགས། །འདི་རུ་མ་འདུག་གཞན་དུ་དེངས། ཨཱོྃ་སུ་མ་བྷ་ནི་དང་གུ་གུལ་གྱིས་བདུག་ལ། ཨཱོྃ་བཛྲ་མུཿས་ལྷ་མོ་འཁོར་བཅས་གཤེགས་པར་བསམས་ཏེ། གྱོ་མོ་དང་རུས་པ་ལ་སོགས་དོར་ནས། ས་མཉེན་བཟང་པོ་ལ་སྟེགས་བུ་གྲུ་བཞི་པ་མེ་ལོང་གི་ངོས་ལྟར་འཇམ་ཞིང་སྙོམས་པ། ཤར་དང་བྱང་ཅུང་ཟད་གཞོལ་བའི། སྟེང་དང་ཁོར་ཡུག་ཏུ་ལག་མཐིལ་གཡས་བསྐོར་ཞིང་། ཨཱྃ་ཧ་ན་ཧ་ན་ཧཱུྃ་ཕཊ་ཀྱིས་འོད་ཟེར་བྱུང་བས་མ་དག་པ་སྦྱངས། ཨཱོྃ་བྷུ་ཁང་གིས་ས་ཕྱོགས་ཐམས་ཅད་ནམ་མཁར་གྱུར། ཨཱོྃ་མེ་དེ་ནི་བཛྲ་བྷ་བྷནྡྷཧཱུྃ་ཧཱུྃ་ཕཊ། ཀྱིས་རྡོ་རྗེའི་རང་བཞིན་དུ་གྱུར། ཨཱྃ་བཛྲ་རཀྵ་རཀྵ་ཕཊ་ཀྱིས་བསྲུང་ཞིང་བརྟན་པར་བྱའོ། །སའི་ཆོ་གའོ། །གཉིས་པ་ནི་སྲད་བུ་དཀྱིལ་འཁོར་ཉིས་འགྱུར་དུ་བྱས་པའི་སྣ་སློབ་དཔོན་གཙོ་བོའི་ང་རྒྱལ་དང་ལྡན་པས་ཤར་དུ་བལྟས་ལ། སློབ་མ་མི་སྤྱོད་པའི་ང་རྒྱལ་གྱིས་ནུབ་ཏུ་བལྟས་ཏེ། ཛཿཞེས་བརྗོད་ཅིང་གཏད་
(༣༨༠)ནས་ཚངས་ཐིག་ལ་སོགས་པ་གདབ་ཅིང་། ཆ་ཆེན་བཅུ་དྲུག་རྫོགས་པ་ན། །དང་པོ་ཕྱེད་གདབ་ཕྱི་མ་གདབ། །གཉིས་པ་ཆ་བཞིར་བགོ་བྱས་ཏེ། །གསུམ་པ་བཞི་པ་མི་གདབ་བཞག། ལྔ་པ་དབུས་དོར་མཐའ་གཉིས་གདབ། །དྲུག་པ་ཕྱེད་གདབ་ཕྱི་མ་གདབ། །བདུན་པ་ཆ་བཞིར་བགོ་བྱས་ཏེ། །བརྒྱད་པ་དབུས་དོར་མཐའ་གཉིས་གདབ། །དེའང་དབང་ཆོག་ལྟར་ཡེ་ཤེས་ཀྱི་ཐིག་གདབ་པའང་བྱས་ན་ལེགས་སོ། །དེ་ནས་ལྷའི་གྲངས་དང་མཉམ་པའི་ཚོམ་བུ་བཀོད་པའི་མཐར་མཆོད་གཏོར་བཤམ་མོ། །གསུམ་པ་ནི་བདག་ཉིད་བསྐྱེད་ཅིང་མཆོད་བསྟོད་བྱས་ཏེ། དཀྱིལ་འཁོར་སྒྲུབ་ཅིང་མཆོད་བསྟོད་བྱས་པའི་རྗེས། ཧོ་དགོངས་སུ་གསོལ། རྒྱལ་བ་རིགས་ལྔ་ཡབ་ཡུམ་འཁོར་དང་བཅས། །སེམས་དཔའ་སེམས་མ་མ་ལུས་བདག་ལ་དགོངས། །རྒྱལ་བ་སྲས་བཅས་མཆོད་པ་དང་། །ཚེ་འདས་ཁྱེད་ཀྱི་རྗེས་གཞུག་ཕྱིར། །བདག་ནི་ཆེ་གེ་ཞེས་བགྱི་བས། །ནངས་པར་རྒྱལ་བའི་དཀྱིལ་འཁོར་བྲི། །ཁྱེད་ཀྱི་ཐུགས་རྗེས་དགོངས་མཛོད་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཅེས་མཁྱེན་པར་གསོལ་བས། གཙོ་བོའི་ཞལ་ནས། རིགས་ཀྱི་བུ་ཁྱོད་ཀྱིས་སེམས་ཅན་གྱི་དོན་དུ་དཀྱིལ་འཁོར་ཆེན་པོའི་ལས་རྩོམས་ཤིག། གསུངས་པར་བསམ་ནས། གཏོར་
(༣༨༡)མ་བསྔོས། བཟོད་པར་གསོལ། བསྔོ་བ་བྱས། བདག་ཉིད་བསྲུངས་ནས། སང་མེ་ཏོག་ཚོམ་བུའི་ལྷ་རྣམས་ལ། མཆོད་བསྟོད་མདོར་བསྡུས་བྱས་ཏེ། བཛྲ་མུཿས་ཡེ་ཤེས་པ་དཀྱིལ་འཁོར་གྱི་ནམ་མཁར་བཏེག་ནས་དམ་ཚིག་པ་བསྡུས་ཏེ། ཡི་གེ་བརྒྱ་པ་བརྗོད་ཅིང་ཚོམ་བུ་དང་མཆོད་པ་རྣམས་རེ་ཞིག་དབེན་པར་བསྡུའོ། །གཉིས་པ་ནུབ་ལྷག་མར་བྱ་བའི་རིམ་པ་ལ། དཀྱིལ་འཁོར་བྲི་ཞིང་སྐུ་ལེགས་པར་བཤམ་པ་དང་། ཆོ་ག་དངོས་ཇི་ལྟར་བྱ་བ་གཉིས་ལས། དང་པོ་ནི། ཚོན་རྣམས་དབུས་དང་ཕྱོགས་བཞིར་རིགས་ལྔའི་ཁ་དོག་བཞིན་བཀོད་ལ། ཨཱོྃ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿརྣམས་བྲིས་ཏེ། རིགས་ལྔར་བསྐྱེད་ནས་ཡེ་ཤེས་པ་བཅུག། མཆོད་བསྟོད་མདོར་བསྡུས་བྱས་ལ། ལྷ་རྣམས་འོད་དུ་ཞུ་བའི་ཚོན་ཡེ་ཤེས་ལྔར་བསམས་ལ། སློབ་དཔོན་གྱིས་ཤར་ནས་ཚོན་ཐོགས་ཏེ། སངས་རྒྱས་རིགས་ལྔ་ཡེ་ཤེས་གཙོ། །ཀུན་གྱི་དོན་རིག་བྱ་བའི་ཕྱིར། །ཡེ་ཤེས་ལྔ་ཡི་ཚོན་དགྱེའོ། །ཞེས་པས་རེ་ཁཱ་བྲིའོ། །དེའང་ཚོན་གྱིས་བྲི་བ་ནི། དབུས་སུ་འདབ་བརྒྱད་མུ་ཁྱུད་གསུམ། །དབུས་མཐིང་ཤར་དཀར་ལྷོ་སེར་ཞིང་། །ནུབ་དམར་བྱང་ལྗང་ཤར་ལྷོ་དམར། །ལྷོ་ནུབ་ལྗང་གུ་ནུབ་བྱང་དཀར། །བྱང་ཤར་སེར་པོས་དགང་བར་བྱ། །མུ་
(༣༨༢)ཁྱུད་མཐིང་དམར་དཀར་པོས་བསྐོར། །གྲུ་དང་ལྷ་སྣམ་ཕྱོགས་མདོག་ལ། །ཕྱོགས་མཚམས་ཐིག་ལེ་གཉིས་གཉིས་དགོད། །སྒོ་བཞིར་ཐིག་ལེ་རེ་རེ་བྱ། །རྩིག་པ་ལྔ་ནི་ནང་རིམ་བཞིན། །མཐིང་ག་ལྗང་དམར་སེར་དང་དཀར། །འདོད་ཡོན་དམར་ལ་ཕ་གུ་སེར། །དྲ་ཕྱེད་སྔོ་ལ་མདའ་ཡབ་དམར། །པཱུ་ཤུ་མཛེས་ཚོན་ཞིང་ཁམས་ལྗང་། །རྟ་བབས་མཛེས་ཚོན་ཆུ་སྲིན་དམར། །རྡོ་རྗེའི་རྭ་ནི་ཕྱོགས་ཀྱི་མདོག། ཉི་ཟླ་དམར་དཀར་དུར་ཁྲོད་བརྒྱད། །ཕྱོགས་མཚམས་པདྨ་སྣ་ཚོགས་མདོག། རྡོ་རྗེ་མཐིང་ལ་མེ་རི་དམར། །ཡང་ན་ཡེ་ཤེས་རྣམ་ལྔའི་མདོག། སྲབ་མཐུག་མེད་ཅིང་སྙོམས་པར་བྲི། །དེ་དག་གི་ཁོར་ཡུག་ཀུན་ཏུ་ཆུ་གཉིས་སྔོན་དུ་འགྲོ་བའི་ཕྱི་མཆོད་དང་། བདུད་རྩི་སྨན་རག་ལ་སོགས་པ་ནང་མཆོད་རྣམས་ལེགས་པར་བཤམས། བུམ་པ་ཁ་རྒྱན་མགུལ་ཆིངས་ལྡན་པ་གཉིས་ཀྱང་སྨན་དང་འབྲུ་དང་ཆུས་བཀང་ལ་བཞག། སྔོན་འགྲོ་གཏོར་མ་གཉིས་དང་། གཞན་ལྔ་ཡང་བཤམས། བྱེ་མ་སོལ་ཕོར། ཏིང་ལོ་ཆངས་བུ་ལ་སོགས་པ་འདིར་དགོས་པ་རྣམས་ཚོགས་པར་བྱས་ལ། ཡོལ་བ་བླ་བྲེ་བྲིས་སྐུ་ལ་སོགས་པའང་དགྲམ་མོ། །གཉིས་པ་ནི། ཐམས་ཅད་ཀྱི་སྤྱོད་ལམ་བསྟུན་ལ་ཐོག་མར་མཆོད་པ་བསང་སྦྱངས་ནི། ཀུ་
(༣༨༣)ཤས་བསང་ཆུ་གཏོར་ནས། ཨཱོྃ་བཛྲ་ཀྲོ་ཧ་ཧྱ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཨརྒྷྃ། པཱ་ཏྱྃ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གྷནྡྷེ། ནཻ་ཝི་ཏེ། ཤབྟ་ཨཱོྃ་ཨཱཿཧཱུྃ་ཡོངས་སུ་གྱུར་པ་ལས་ཕྱི་ནང་གི་མཆོད་པ་དྭངས་ཤིང་ཐོགས་པ་མེད་པས་ས་དང་བར་སྣང་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་ལྟ་བུས་གང་བར་གྱུར། ཚེ་ལས་འདས་པས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཡིན་པ་ལ། དེ་ལྟར་མ་རྟོགས་པའི་སེམས་ཅན་ཐམས་ཅད་སྙིང་རེ་རྗེ། དེ་དག་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། དེའི་ཆེད་དུ་བཅོམ་ལྡན་འདས་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་ཆེན་པོ་བསྒོམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་འཕྲད་པར་གྱུར་ཅིག། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་དང་བྲལ་བར་གྱུར་ཅིག། དགའ་བ་ཆེན་པོ་དང་དུས་རྟག་ཏུ་མི་འབྲལ་བར་གྱུར་ཅིག། བདེ་སྡུག་གི་རྒྱུ་ཆགས་
(༣༨༤)སྡང་ཐམས་ཅད་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་གནས་པར་གྱུར་ཅིག། ཨཱོྃ་སྭ་བྷཱ་ཝ་བི་ཤུདྡྷེ་སརྦ་དྷརྨཱ་སྭ་བྷཱ་ཝ་བི་ཤུདྡྷོ་྅ཧྃ། ཕྱི་དང་ནང་གི་ཆོས་ཐམས་ཅད་སྟོང་པ་ཆེན་པོ། སྟོང་པའི་ངང་ལས་པྃ་ལས་པདྨ། ཨ་ལས་ཟླ་བ། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧྲཱིཿལས་འོད་འཕྲོས། སེམས་ཅན་གྱི་དོན་བྱས། སླར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་དཔའ་བོ་རྟ་མགྲིན་ཞལ་གཅིག་ཕྱག་གཉིས་དབྱུག་ཏོ་དང་སྡིགས་མཛུབ་མཛད་པའི་པང་།། །ན། རྡོ་རྗེ་ཕག་མོ་དམར་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། གཉིས་ཀའང་རིན་པོ་ཆེ་དང་རུས་པ་དང་ཐོད་པའི་ཕྲེང་བས་རབ་ཏུ་བརྒྱན་པ། སྤྱན་གསུམ་པ་ཁྲོ་བོའི་ལྟ་སྟངས་ཆེན་པོས་བསྐལ་པའི་མེ་རི་མེ་དཔུང་གི་དབུས་ན་བཞུགས་པའི་ལྐོག་མར་ཧྲཱིཿལས་པདྨ་དམར་པོ་འདབ་མ་བརྒྱད་པ། རྩ་བ་མགྲིན་པར་ཟུག་ཅིང་ལོ་འདབ་ལྐོག་མར་རྒྱས་པའི་མདུན་གྱི་འདབ་མའི་ལྕེའིསྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ། ཧཱུྃ་ལས་རྡོ་རྗེ་དཀར་པོ་ཉལ་ཐབས་སུ་གནས་པ་འོད་དུ་ཞུ་ཟླ་བ་ལ་ཐིམ། དེ་འོད་དུ་ཞུ་ལྕེ་ལ་ཐིམ་པས་རྡོ་རྗེའི་ལྕེར་གྱུར། །ཨཱོྃ་བཛྲ་ཧཱ་ལག་པའི་མཐིལ་གཉིས་སུ་ཨ་ཨ་ལས་ཟླ་བའི་དཀྱིལ་འཁོར་རེ་རེའི་དབུས་སུ་
(༣༨༥)ཧཱུྃ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་གྱེན་དུ་འགྲེང་བ་རེ་རེ་འོད་དུ་ཞུ་བ་ལས་ཟླ་བ་ལ་ཐིམ། ཟླ་བ་ཞུ་བ་ལག་པ་ལ་ཐིམ་པས་རྡོ་རྗེའི་ལག་པར་གྱུར། ཨཱོྃ་བཛྲ་ཀྲོ་ཏ་ཧྱ་སྟྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་རྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་རི་མེ་དཔུང་འབར་བའི་དལ་ཆེན་པོར་གྱུར། ཧཱུྃ་རབ་འཇིགས་ཕྲ་མེན་ཁྲོ་མོའི་སྐུ། །བཛྲ་སེང་ཧ་སེང་གེའི་གདོང་། །བཛྲ་བྱ་ཀྲྀ་སྟག་གདོང་མ། །མཐིང་ནག་མཚོན་ཆ་མེ་འོད་འཕྲོ། །གཏི་མུག་དབང་བསྒྱུར་ལས་མཁན་མ། །སྟེང་འོག་དགྲ་བགེགས་མཚམས་ཆོད་ཅིག། ཧཱུྃ་རབ་འཇིགས་ཕྲ་མེན་ཁྲོ་མོའི་སྐུ། །ཀང་ཀ་མུ་ཁ་བྱ་རོག་གདོང་། །དཀར་གསལ་མཚོན་ཆ་མེ་འོད་འཕྲོ། །ཞེ་སྡང་དབང་བསྒྱུར་ལས་མཁན་མ། །ཤར་སྒོའི་དགྲ་བགེགས་མཚམས་ཆོད་ཅིག། ཧཱུྃ་རབ་འཇིགས་ཕྲ་མེན་ཁྲོ་མོའི་སྐུ། །ཧུ་ལུ་མུ་ཁ་འུག་གདོང་མ། །ལྗང་ནག་མཚོན་ཆ་མེ་འོད་འཕྲོ། །ཕྲག་དོག་དབང་བསྒྱུར་ལས་མཁན་མ། །བྱང་སྒོའི་དགྲ་བགེགས་མཚམས་ཆོད་ཅིག། ཧཱུྃ་རབ་འཇིགས་ཕྲ་མེན་ཁྲོ་མོའི་སྐུ། །ཤྭ་ན་མུ་ཁ་ཁྱི་གདོང་མ། །དམར་ནག་མཚོན་ཆ་མེ་འོད་འཕྲོ། །འདོད་ཆགས་དབང་བསྒྱུར་ལས་མཁན་མ། །ནུབ་སྒོའི་དགྲ་བགེགས་
(༣༨༦)མཚམས་ཆོད་ཅིག། ཧཱུྃ་རབ་འཇིགས་ཕྲ་མེན་ཁྲོ་མོའི་སྐུ། །སུ་ར་ཀ་སིང་ཕག་གདོང་མ། །སེར་ནག་མཚོན་ཆ་མེ་འོད་འཕྲོ། །ང་རྒྱལ་དབང་བསྒྱུར་ལས་མཁན་མ། །ལྷོ་སྒོའི་དགྲ་བགེགས་མཚམས་ཆོད་ཅིག། ཨཱོྃ་སུྃ་བྷ་ནི་སུྃ་བྷ་ཧཱུྃ། ཨཱོྃ་གྷྀཧྞ་གྷྲྀཧྞ་ཧཱུྃ། ཨཱོྃ་གྷྲྀཧྞ་པ་ཡ་གྷྲྀ་ཧྞ་པ་ཡ་ཧཱུྃ། ཨཱོྃ་ཨ་ན་ཡ་ཧོ། བྷ་ག་ཝན་བིདྱ་ར་ཙ་ཡ་ཧཱུྃ་ཕཊ། ཕྱོགས་མཚམས་སྟེང་འོག་ཐམས་ཅད་རྡོ་རྗེ་མེ་རིའི་རྭ་བ་གཉིས་པས་འབར་བར་གྱུར། ཧཱུྃ་ཡེ་ཤེས་བསྐལ་པ་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་མུན་ཁམས་ཐམས་ཅད་བསྲེགས། །ཞེ་སྡང་གཤིན་རྗེའི་འཇིག་རྟེན་ཐམས་ཅད་འཇོམས། །དཔའ་བོ་ཆེན་པོ་དཔའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། །རིག་པའི་རྒྱལ་པོ་ཁྲོ་བོ་བཞུགས་སོ་འཚལ། །འོག་འདྲེན་འདུལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་དུ་མཆོད་ཀྱིས་གཤེགས་སུ་གསོལ། །སྟེང་གི་ནམ་མཁར་ཁྲོ་བོ་དབང་ཆེན་དཔག་ཏུ་མེད་པ་བྱོན། །ཨཱོྃ་མ་ཧཱ་ཀྲོ་ཏ་ས་པཱ་རི་ཝཱ་ར། ཨརྒྷྃ་པ་ཏྱྃ་པུཥྤྃ་དྷཱུ་པྃ་ཨཱ་ལོ་ཀེ་གྷ་ནྡྷེ་ཨཱཿཧཱུྃ། ཛཿཧཱུྃ་བྃ་ཧོཿས་བདག་ལ་གཉིས་སུ་མེད་པར་ཐིམ། །ཧཱུྃ་ཆོས་ཉིད་སྟོང་པ་གཉིས་མེད་ངང་ཉིད་ལས། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་
(༣༨༧)མི་སྤོང་ཞིང་། །ཐབས་ལ་མཁས་པས་འཇིགས་བྱེད་སྐུར་སྟོན་པ། །ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང་། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམ་སྟབས་ཅན། །གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲས། །མ་རུངས་དཔང་དུ་སྡུད་ལ་ཕྱག་འཚལ་བསྟོད། །ལྷག་པའི་ཡེ་ཤེས་རོལ་པ་སྟོན་མཛད་ཅིང་། །བསྡིགས་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །ཉོན་མོངས་དུག་ཆེན་རྩད་ནས་འཇོམས་མཛད་པའི། །སྦྲུལ་གདུག་རྒྱན་གྱིས་བརྒྱན་ལ་ཕྱག་འཚལ་བསྟོད། །ཧཱུྃ་བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །དཔའ་བོའི་སྟངས་སྟབས་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་དཔུང་སྲེག་པར་མཛད་ལ་ཕྱག་འཚལ་བསྟོད། །ཧཱུྃ་གཏུམ་ཆེན་དུས་མཐའི་མེ་ལྟར་གཟི་བརྗིད་འབར། །གློག་སྟོང་འགྱུ་འདྲའི་ཁྲོ་གཉེར་མཆེ་བ་གཙིགས། །རྔམ་པའི་ང་རོ་འབྲུག་སྒྲ་སྟོང་སྒྲོགས་ཤིང་། །ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ་ཕྱག་འཚལ་བསྟོད། །ཧཱུྃ་དབང་ཆེན་བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །དབུ་སྐྲ་ཁམ་སེར་སྤྱན་གསུམ་སྡང་མིག་བགྲད། །མཆེ་བ་གཙིགས་ཤིང་བརྐྱང་བསྐུམ་འཇིགས་པའི་སྐུ། །དཔལ་ཆེན་
(༣༨༨)ཡབ་ཡུམ་གཉིས་ལ་ཕྱག་འཚལ་བསྟོད། །ཧཱུྃ་ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ལུས་ངག་ཡིད་གསུམ་གནོད་པའི་བགེགས། །བར་ཆད་འབྱུང་པོ་ཐམས་ཅད་ཀུན། །འདི་རུ་མ་འདུག་གཞན་དུ་དེངས། །ང་ནི་དཔལ་ཆེན་རྟ་མགྲིན་རྒྱལ། །རྡོ་རྗེ་འཛིན་བྱེད་འབར་བའི་སྐུ། །ང་ཡི་བཀའ་ལས་འདས་གྱུར་ན། །ཐལ་བའི་རྡུལ་བཞིན་བརླག་པར་འགྱུར། །ཨཱོྃ་ཤྲཱི་བཛྲ་ཧ་ཡ་གྷྲི་ཝ་ར་ཙ་ཧྲི་ཡ་ཧ་རི་ནི་ས་རཀྵ་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ། བགེགས་ཐམས་ཅད་རྒྱ་མཚོའི་མཐར་བྱེར་ནས། ཡེ་ཤེས་ཀྱི་མེ་ཕུང་གཅིག་ཏུ་འབར་བར་གྱུར། ཨཱོྃ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། སརྦ་སཏྭ་ཏེྭ་ནོ་པ་ཏིཥྛ་ཌིཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོ་བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ། བཛྲ་མ་མེ་མུཉྩ། བཛྲཱ་བྷ་ལྦ། མ་ཧཱ་ས་མ་ཡ་སཏྭ་ཨཱཿཨཱོྃ་ཡོ་ག་ཤུདྡྷོཿསརྦ་དྷརྨཱ་སྭ་བྷཱ་ཝ་བི་ཤུདྡྷོ་྅ཧྃ། ཕྱི་ནང་གི་ཆོས་ཐམས་ཅད་སྟོང་པའི་ངང་ལས། པྃ་ལས་པདྨ། ཨ་ལས་ཟླ་བ། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་མཐིང་ནག་ལས་འོད་འཕྲོས། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རང་བཞིན་གཞིའི་ཀུན་ཏུ་བཟང་པོ། །མཐིང་ག་
(༣༨༩)ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་ དྲིལ་བུ ་ཐུགས་ཀར་བསྣོལ་བ། ཨེ་ལས་ཆོས་ཉིད་ཀུན་ཏུ་བཟང་མོ་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ་གཉིས་ཀའང་རྡོ་རྗེའི་སྐྱིལ་མོ་ཀྲུང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ཐུགས་ཀར་པདྨ་དང་ཉི་ཟླའི་དབུས་སུ། རྡོ་རྗེ་སྔོན་པོའི་ལྟེ་བ་ལ་ཧཱུྃ་གིས་མཚན་པའི་རྭ་ལྔ་ལ། ཨཱོྃ་ཧཱུྃ་ཏྲཱྃ་ཧྲཱི་ཨཱཿས་མཚན་པའི་ཕྱི་རོལ་དུ་ཨཱ་ལི་བཅུ་དྲུག་དང་། ཀཱ་ལི་རྣམས་མར་མེའི་ཕྲེང་བ་ལྟར་འོད་གསལ་བའོ། །ལག་པའི་མཐིལ་གཉིས་སུ་ཨ་ཧཱུྃ། ཨ་ལས་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ་ཧཱུྃ། ཧཱུྃ་གི་མཐའ་སྐོར་གཉིས་ན་ཕར། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཱཿམཆོག་ཏུ་དཀར་ཞིང་འོད་གསལ་བ་རྣམས་ཀྱིས་གང་བར་གྱུར། སོར་མོ་རྣམས་ལ་ཨ་ཙནྡྲ་མཎྜ་ལ་གཡས་པའི་སོར་མོ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་། རིགས་ལྔ་ཡབ་ཀྱི་ས་བོན་རིམ་པ་བཞིན་དུ། ཨཱོྃ་ཧཱུྃ་ཏྲཱྃ་ཧྲཱི་ཨཱཿལས་རྣམ་པར་སྣང་མཛད། མི་བསྐྱོད་པ། རིན་ཆེན་འབྱུང་ལྡན། འོད་དཔག་མེད། དོན་ཡོད་གྲུབ་པ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། རྡོ་རྗེ་ཐུགས་མ། རྡོ་རྗེ་དབང་བསྐུར་མ། རྡོ་རྗེ་མཚོན་ཆ་མ། རྡོ་རྗེ་རྐུན་མོ་རྣམས། ཕན་ཚུན་
(༣༩༠)ལྷ་དང་ལྷ་མོའི་རང་བཞིན། སྐུ་མདོག་ཕྱག་མཚན་ལ་སོགས་པ་འདྲའོ། །ཨཱོྃ་ཧཱུྃ་ཏྲཱྃ་ཧྲཱི་ཨཱཿཨེ་རྃ་ལྃ་ཏྃ་ཡྃ། ལྷ་རྣམས་ཕན་ཚུན་དགྱེས་ཤིང་སྙོམས་པར་བཞུགས་པར་གྱུར། ཧཱུྃ་ཀུན་ཏུ་བཟང་པོ་བདེ་གཤེགས་རིགས་ལྔའི་གཙོ། །ཡེ་ཤེས་མཆོག་གིས་འགྲོ་བའི་དོན་མཛད་པ། །རང་བཞིན་དབྱིངས་ནས་ཐུགས་རྗེའི་རྣམ་འཕྲུལ་གྱིས། །ཡབ་ཡུམ་འཁོར་དང་བཅས་པ་གཤེགས་སུ་གསོལ། །ཡེ་ཤེས་པ་སྟེང་གི་ནམ་མཁར་བྱོན་པ་ལ། ཨཱོྃ་ཕྱི་ནང་གསང་བ་བླ་ན་མེད་པ་ཡིས། །མཆོད་པའི་སྤྲིན་ཕུང་རབ་འབྱམས་རྒྱ་མཚོ་རྣམས། །མ་ལུས་བློ་ཡིས་བླངས་ཏེ་གུས་འབུལ་གྱིས། །ཐུགས་རྗེས་ཚེ་འདས་དོན་དུ་བཞེས་སུ་གསོལ། །ཨཱོྃ་སརྦ་ཏ་ཐཱ་ག་ཏ་པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་་ས་མ་ཡེ་ཧཱུྃ། ངང་ཉིད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །ཐུགས་རྗེའི་རྣམ་འཕྲུལ་སྣ་ཚོགས་སྟོན་མཛད་ཅིང་། །འགྲོ་བའི་དོན་གཉིས་ལྷུན་གྱིས་གྲུབ་པའི་ལྷ། །ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་བསྟོད། །ཛཿཧཱུྃ་བྃ་ཧོཿས་བདག་ལ་གཉིས་སུ་མེད་པར་ཐིམ། ཨཱོྃ་ཨཱཿཧཱུྃ་གིས་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ། ཨཱོྃ་བུདྡྷ་ཨ་བྷི་ཥིཉྩ་ཨཱོྃ། ཨཱོྃ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཨཱོྃ་རཏྣ་ཨ་བྷི་ཥིཉྩ་ཏྲཱྃ། ཨཱོྃ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿཨཱོྃ་ཀརྨ་ཨ་བྷི་ཥིཉྩ་ཨཱཿ
(༣༩༡)སྤྱི་བོའི་གནས་ལྔར་རིགས་ལྔས་དབུ་བརྒྱན་པར་གྱུར། །ཐུགས་ཀར་པད་ཟླའི་སྟེང་གི་རྡོ་རྗེ་དང་། །སྔགས་རྣམས་ལས་འོད་ཟེར་བྱུང་བས། སྣོད་བཅུད་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་དུ་གྱུར། ཚེ་ལས་འདས་པའི་སྡིག་པ་ཐམས་ཅད་སྦྱང་། འོད་ཟེར་གྱི་འཕྲོ་འདུས་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་རྒྱ་མཚོ་སྟོན་པར་དམིགས་ཏེ་བཟླས་པར་བགྱི་འཚལ། ཨཱོྃ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཨ་ཨཱཿཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨྃ་ཨཱ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧཀྵཿཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སྭཱ་ཧཱ། སླར་ཡང་བདག་བསྐྱེད་ལ་མཆོད་བསྟོད་བགྱི་འཚལ། ཨཱོྃ་ཨཱཿཧཱུྃ་ཕྱི་ནང་གི་མཆོད་སྤྲིན་ས་དང་བར་སྣང་གང་བར་གྱུར། ཧཱུྃ་ཕྱོགས་བཅུ་དུས་བཞིའི་འཇིག་རྟེན་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པར་བཤམས་པ་འདི། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་འབུལ། །ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨརྒྷྃ་པྲ་ཏཱིཙྪ་པཱུ་ཙ་མེ་གྷ་ས་མུ་དྲ་སྥར་་ས་མ་ཡེ་ཧཱུྃ། །ཧཱུྃ་ཕྱོགས་བཅུ་དུས་བཞིའི་འཇིག་རྟེན་ན། །མེ་ཏོག་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པར་བཤམས་པ་འདི། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་
(༣༩༢)འབུལ། །ཨཱོྃ་བཛྲ་པུཥྤེ་ཨཱཿཧཱུྃ། །ཧུཾ་ཕྱོགས་བཅུ་དུས་བཞིའི་འཇིག་རྟེན་ན། །བདུག་སྤོས་ཇི་སྙེད།། །ཡད་པ་དང་། །བདག་གིས་གུས་པར་བཤམས་པ་འདི། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་འབུལ། །ཨཱོྃ་བཛྲ་བྷཱ་པཻ་ཨཱཿཧཱུྃ། །ཧཱུྃ་ཕྱོགས་བཅུ་དུས་བཞིའི་འཇིག་རྟེན་ན། །སྣང་གསལ་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པར་བཤམས་པ་འདི། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་འབུལ། །ཨཱོྃ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། །ཧཱུྃ་ཕྱོགས་བཅུ་དུས་བཞིའི་འཇིག་རྟེན་ན། །དྲི་ཆབ་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པར་བཤམས་པ་འདི། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་འབུལ། །ཨཱོྃ་བཛྲ་གྷནྡྷེ་ཨཱཿཧཱུྃ། །ཧཱུྃ་ཕྱོགས་བཅུ་དུས་བཞིའི་འཇིག་རྟེན་ན། །ཞལ་ཟས་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པར་བཤམས་པ་འདི། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་འབུལ། །ཨཱོྃ་བཛྲ་ནཻ་ཝི་ཏྱེ་ཨཱཿཧཱུྃ། །ཧཱུྃ་ཕྱོགས་བཅུ་དུས་བཞིའི་འཇིག་རྟེན་ན། །སིལ་སྙན་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པར་བཤམས་པ་འདི། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་འབུལ། ཨཱོྃ་བཛྲ་ཤཔྟ་ཨཱཿཧཱུྃ། །ཧཱུྃ་སྣོད་བཅུད་སྣང་སྲིད་འཇིག་རྟེན་ཀུན། །རྡོ་རྗེ་གཟུགས་སྒྲ་དྲི་དང་རོ། །རེག་བྱའི་ཚོགས་སུ་ཀུན་སྤྲུལ་ཏེ། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་མཆོད། །ཨཱོྃ་བཛྲ་མ་ཧཱ་པཱུ་ཛ་ཨཱཿཧཱུྃ། །ཧཱུྃ་གསང་བའི་ལྷ་མོ་ཡིད་
(༣༩༣)འོང་མ། །སོ་སོའི་གཟུགས་མཛེས་རིག་མ་ཡིས། །སྐུ་གསུམ་བདེ་ཆེན་རྒྱས་མཛད་མ། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་མཆོད། །ཨོཾཱ་བཛྲ་དྷེ་བ་ཏ་ཨཱཿཧཱུྃ། །ཧཱུྃ་རང་བཞིན་གདོད་མའི་མགོན་པོ་ནི། །རྒྱལ་བ་རྒྱ་མཚོ་ཀུན་གྱི་ཡབ། །སངས་རྒྱས་ཀུན་བས་སྔར་སངས་རྒྱས། །ལྷུན་གྱིས་གྲུབ་ལ་ཕྱག་འཚལ་བསྟོད། །མ་སྐྱེས་ཆོས་དབྱིངས་བྱང་ཆུབ་སེམས། །ཐོག་མཐའ་མེད་པའི་མཁའ་ཀློང་ནས། །དུས་གསུམ་རྒྱལ་བ་བསྐྱེད་མཛད་མ། །ཀུན་ཏུ་བཟང་མོར་ཕྱག་འཚལ་བསྟོད། །རང་བཞིན་ཆོས་སྐུ་དག་པའི་ངང་། །སྣ་ཚོགས་ཐབས་མཁས་ཐུགས་རྗེ་ཡིས། །རིགས་ལྔ་ཡེ་ཤེས་ལྔར་སྟོན་པ། །ལྷ་ཡི་ལྷ་ལ་ཕྱག་འཚལ་བསྟོད། །བུམ་པ་བསྒྲུབ་པ་ལ་འཇུག་པར་བགྱི། ཨཱོྃ་ཨཱཿཧཱུྃ། ཨཱོྃ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ་྅ཧྃ། སྟོང་པའི་ངང་ལས་པྃ་ལས་པདྨ། ཨཱཿལས་ཟླ་བ། རྃ་ལས་ཉི་མའི་སྟེང་དུ། བྷྲཱུྃ་བྷྲཱུྃ་ལས་རྣམ་པར་རྒྱལ་བ་དང་། ལས་ཐམས་ཅད་པའི་བུམ་པ་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན། ཡངས་ཤིང་རྒྱ་ཆེ་བ། །ལྟོ་བ་ལྡིར་བ་ཞབས་ཞུམ་པ། མཆུ་འཕྱངས་བ། མགྲིན་པ་ཕྲ་བ་དཔག་བསམ་ཤིང་གིས་ཁ་བརྒྱན་པ། ལྷའི་གོས་པཉྩ་ལི་ཀས་མགྲིན་པ་དཀྲིས་པ། ཕྱི་བུམ་པའི་དབྱིབས་ཅན་ལ། །ནང་ལྷའི་
(༣༩༤)གཞལ་མེད་ཁང་དུ་གནས་པའི། རྣམ་པར་རྒྱལ་བའི་བུམ་པར་དབུས་སུ་སེངྒེའི་ཁྲི། ཤར་དུ་གླང་པོ་ཆེ། ལྷོར་རྟ། ནུབ་ཏུ་རྨ་བྱ། བྱང་དུ་ཤང་ཤང་གི་སྟེང་རྣམས་སུ་པདྨ་དང་ཟླ་བའི་དབུས་སུ། །དེ་བཞིན་གཤེགས་པ་རིགས་ལྔ་སོ་སོའི་སྐུ་མདོག་དང་། ཕྱག་མཚན་ཡུམ་དང་བཅས་པ་རྫོགས་པར་གྱུར། །ལས་ཐམས་ཅད་པའི་བུམ་པར་པདྨ་དང་ཉི་མའི་དབུས་སུ་དཔའ་བོ་རྟ་མགྲིན་ཡབ་ཡུམ་ཁྲོ་བོའི་རྒྱན་ཆ་ལུགས་ཆེན་པོ་གསལ་བར་གྱུར། ཨཱོྃ་བཛྲ་ས་མ་ཡ་ཛཿཡེ་ཤེས་པ་བྱོན། ཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་ཐིམ། ཨཱོྃ་ཨཱཿཧཱུྃ། སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ། ཨཱོྃ་བུདྡྷ་ཨ་བྷི་ཥིཉྩ་ཨཱོྃ། བཛྲ། རཏྣ། པདྨ། ཀརྨ་ཨ་བྷི་ཥིཉྩ་ཨཱ། དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན། བདག་གི་སྙིང་གནས་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང་བའི་རྣམ་པར་རྒྱལ་བའི་ལྷ་རྣམས་ལ་ཕོག། བདེ་བའི་སྒྲས་བསྐུལ། སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་བབས་པར་བསམས་ལ་བཟླ་བར་བགྱི། ཨཱོྃ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཨ་ཨཱ། ཨི་ཨཱི། ཨུ་ཨཱི། རྀ་རཱྀ། ལྀ་ལཱྀ། ཨེ་ཨི། ཨོ་ཨཽ། ཨྃ་ཨཱཿཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧཀྵཿ། སླར་
(༣༩༥)ཡང་ལས་ཐམས་ཅད་པའི་བུམ་པ་སྔ་མ་བཞིན་དམིགས་ཏེ་བཟླས་པ་རེ་བགྱི། ཨཱོྃ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཤེ་ཀ་ཏ་ས་མ་ཡེ་ཤྲཱི་ཧཱུྃ། །མཆོད་ཡོན་མེ་ཏོག་བདུག་སྤོས་དང་། །སྣང་གསལ་དྲི་ཆབ་ཞལ་ཟས་དང་། །རོལ་མོ་ལ་སོགས་མཆོད་པའི་སྤྲིན། །ཇི་སྙེད་ཀུན་གྱིས་རྒྱལ་བ་མཆོད། ཨོཾཱ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པཏྱྃ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་ཏེ་ཤཔྟ་ཨཱཿཧཱུྃ། ཨཱོྃ་ཨཱཿཧཱུྃ། །གདོད་ནས་རང་བྱུང་སྐུ་ལྔ་ལྷུན་གྱིས་གྲུབ། །ཕུང་པོ་གནས་གྱུར་ཡེ་ཤེས་ལྔ་ཡི་དངོས། །བདེ་གཤེགས་ཡབ་ཡུམ་དབང་ཆེན་ཡབ་ཡུམ་ལ། །གཉིས་མེད་འདུ་འབྲལ་མེད་པས་ཕྱག་འཚལ་ལོ། །ཨཱོྃ་བཛྲ་མུཿཡེ་ཤེས་པ་གཤེགས། ཨཱོྃ་ཨཱཿཧཱུྃ་དམ་ཚིག་པ་ཞུ་བ་ལས་བྱུང་བའི་བུམ་པའི་ཆུར་གྱུར། མདུན་བསྐྱེད་ཀྱི་དཀྱིལ་འཁོར་ཆེན་པོ་བསྒྲུབ་པར་བགྱི། ཨཱོྃ་བཛྲ་ཀྲོ་ཏ་ཏྱ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཨཱོྃ་ཤ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཤུདྡྷོ྅ཧྃ། །ཕྱི་དང་ནང་གི་ཆོས་ཐམས་ཅད་སྟོང་པ་ཆེན་པོ། ཨོཾཱ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧྃ། སྟོང་པའི་ངང་ལས། ཧཱུྃ་ཡྃ་ཧཱུྃ་ལས་རླུང་གི་དཀྱིལ་འཁོར་ལྗང་གུ་གཞུའི་དབྱིབས་ལྟ་བུ་མཆོག་མ་བ་དན་ལ་ཡྃ་གིས་མཚན་པ་ཧཱུྃ་རྃ་ཧཱུྃ་ལས་མེའི་
(༣༩༦)དཀྱིལ་འཁོར་དམར་པོ་གྲུ་གསུམ་པ་རྃ་གྱིས་མཚན་པ་ཧཱུྃ་བྃ་ཧཱུྃ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་བྃ་གྱིས་མཚན་པ། ཧཱུྃ་ལྃ་ཧཱུྃ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་ལྃ་གྱིས་མཚན་པ། ཧཱུྃ་སུྃ་ཧཱུྃ་ལས་རེའི་རྒྱལ་པོ་རི་རབ་ཀྱི་སྟེང་དུ། ཧཱུྃ་པྃ་ཧཱུྃ་ལས་སྣ་ཚོགས་པདྨ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། ཧཱུྃ་ཨ་ཧཱུྃ་ལས་ཟླ་བའི་དཀྱིལ་འཁོར། ཧཱུྃ་རྃ་ཧཱུྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ཧཱུྃ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། ལྟེ་བ་མཆོག་ཏུ་མཐིང་གའི་དབུས་སུ། ཧཱུྃ་བྷྲཱུྃ་ཧཱུྃ་ལས་འོད་འཕྲོས། ཕྱི་སྣོད་ཀྱི་འཇིག་རྟེན་ལ་ཕོག་མ་དག་པ་ཐམས་ཅད་སྦྱངས། འོག་མིན་གྱི་ཞིང་ཁམས་ཤིན་ཏུ་ཉམས་དགའ་བར་གྱུར། སླར་འདུས་བྷྲཱུྃ་ཡོངས་སུ་གྱུར་པ་ལས། ཐར་པ་ཆེན་པོའི་གཞལ་ཡས་ཁང་པ་སྒོ་བཞི་གྲུ་བཞི་རྩིག་པ་ལྔ་དང་ལྡན་པ་རྣམས་ཀྱང་ནང་ནས་རིམ་པ་བཞིན། མཐིང་ག། ལྗང་གུ། དམར་པོ། སེར་པོ། དཀར་པོ་རྣམས་ཀྱི་སྟེང་ན་རིན་པོ་ཆེའི་ཕ་གུ་སེར་པོ་ལ། ནོར་བུའི་དྲ་བ། དྲིལ་བུ ་གཡེར་ཁ། རྔ་མའི་ཆུན་པོ། དར་གྱི་ལྡ་ལྡི་ལ་སོགས་པ་འཕྱངས་པ། དེའི་སྟེང་ན་རྡོ་ཀརྨ་ཤི་ལ་ལས་གྲུབ་པའི་མདའ་ཡབ་རིན་པོ་ཆེའི་རྣམ་པར་སྤེལ་བའི་སྟེང་ན། རིན་པོ་ཆེའི་དྲྭ་མིག། གསེང་
(༣༩༧)མའི་པཱུ་ཤུས་ཡོངས་སུ་བསྐོར་བ། རྩིག་པ་རྣམས་ཀྱི་ཕྱི་རོལ་འདོད་ཡོན་གྱི་སྣམ་བུ་ལ། ལྷ་མོ་བཅུ་དྲུག་གིས་མཆོད་རྫས་དུ་མ་ཐོགས་ནས་གཞལ་ཡས་ཁང་པའི་ལྷ་རྣམས་ལ་མཆོད་པའི་སྤྲིན་གྱི་འོད་ཟེར་ཆེན་པོ་འགྱེད་པ། སྒོ་རྣམས་ཀྱི་སྟེང་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་བང་རིམ་བཞི་བཞི་དང་ལྡན་པ་རྣམས་ལ། རིན་པོ་ཆེའི་གདུགས། ཆོས་ཀྱི་འཁོར་ལོ། ཤིན་ཏུ་མཛེས་པའི་རི་དྭགས། ལྷའི་གོས། རྣམ་པར་རྒྱལ་བའི་རྒྱལ་མཚན། ཡིད་དུ་འོང་བའི་འཕན། ཟླ་བ་རླུང་གིས་བསྐྱོད་པ། རྔ་ཡབ་ནོར་བུའི་ཡུ་བ་ཅན་ལ་སོགས་པས་བརྒྱན་པའི། ནང་ཀ་བ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་སྟེང་། རྡོ་རྗེའི་གདུང་བཞིས་མིག་མངས་རིས་སུ་ཕུབ་པའི་དབུས། ཕྱུར་བུ་རབ་ཏུ་མཐོ་བའི་རྩེ་མོ་དང་ཕྱོགས་བཞིའི་རྟ་བབས་ཕྱུར་བུ་རྣམས་ཀྱི་རྩེ་མོ་ཐོད་པ་དང་། རྡོ་རྗེ་དང་ནོར་བུ་རིན་པོ་ཆེའི་ཏོག་གིས་མཛེས་པའི་ཁ་ཁྱེར་བཞི་བཞི་ལ། བ་དན་ཉི་ཤུ་རྩ་བཞི་ཐོད་པ་ལ་འཕྱངས་པའི་གསེར་གྱི་ དྲིལ་བུ ་གཡེར་ཁས་བྲིས་པ། ཕྱི་མཆོད་རྟེན་རྩེ་ལྔ་པ་ལ་ནང་ལྷའི་གཞལ་ཡས་ཁང་པ་ཕྱི་ནས་བལྟས་ན་ནང་གསལ་བ། ནང་ནས་བལྟས་ན་ཕྱི་གསལ་བ། ཡེ་ཤེས་རིན་པོ་ཆེའི་ངོ་བོ་ལས་གྲུབ་པ། འོད་ཟེར་ཆེན་པོ་རབ་ཏུ་
(༣༩༨)འབར་བས། འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྒྱས་པར་འགེངས་པའི་ཕྱི་རོལ་ན། དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བ། མེ་བརྒྱད་དང་ཆུ་བརྒྱད། ཤིང་བརྒྱད་དང་སྤྲིན་བརྒྱད། གྲུབ་ཐོབ་ཀྱི་སློབ་དཔོན་བརྒྱད། ཞིང་སྐྱོང་གི་མཁའ་འགྲོ་བརྒྱད་ལ་སོགས་པས་མཚན་པ། རྡོ་རྗེ་རྭ་བ་དང་། མེ་རི་མེ་དཔུང་གིས་བསྐོར་བའི་གཞལ་མེད་ཁང་ཆེན་པོའི་དབུས་སུ། ཨཱོྃ་སྃ་ཨོཾཱ་ལས་སེངྒེའི་ཁྲི། ཧཱུྃ་ག་ཧཱུྃ་ལས་ཤར་དུ་གླང་པོ་ཆེའི་ཁྲི། ཏྲཱྃ་ཐ་ཏྲཱྃ་ལས་ལྷོར་རྟ་མཆོག་གི་ཁྲི། ཧྲཱི་མཱྃ་ཧྲཱི་ལས་ནུབ་ཏུ་རྨ་བྱའི་ཁྲི། ཨཱ་གྃ་ཨཱ་ལས་བྱང་དུ་ཤང་ཤང་གི་ཁྲི་རྣམས་ཀྱི་སྟེང་དུ། པྃ་ལས་པདྨ། །ཨ་ལས་ཟླ་བ། རྃ་ལས་ཉི་མའི་སྟེང་དུ། དབུས་ནས་ཕྱོགས་བཞིར་རིམ་པ་བཞིན། ཨཱོྃ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཨེ་བྃ་ལྃ་རྃ་ཡྃ་ལས་འོད་ཟེར་གྱི་དྲ་བ་ཆེན་པོ་རབ་ཏུ་འཕྲོས་པས། ཐམས་ཅད་དང་ལྡན་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རབ་ཏུ་སྣང་བར་བྱས་སོ། །སྣང་བར་བྱས་པས་སེམས་ཅན་ཐམས་ཅད་ཀྱི་ལས་དང་སྒྲིབ་པ་སྦྱངས་ཏེ། ལྷ་དང་ལྷ་མོའི་རང་བཞིན་དུ་གྱུར། སླར་འདུས་ཨཱོྃ་ཨེ་ཡོངས་སུ་གྱུར་པས་དབུས་སུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་དབྱིངས་ཀྱི་དབང་ཕྱུག་མ། མཐིང་ག་ཞལ་
(༣༩༩)གཅིག་ཕྱག་གཉིས་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་མཛེས་ཤིང་། ཡབ་ཀྱི་ཕྱག་གཡས་འཁོར་ལོས་ཡུ་བ་བྱས་པའི་རྡོ་རྗེ་དང་གཡོན་ དྲིལ་བུ ་འཛིན་པ། ཡུམ་གྱི་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པས། མཉམ་པར་སྦྱོར་བའི་ཐུགས་ཀར་པདྨ་དང་ཉི་མའི་དབུས་སུ་ཨཱོྃ་གྱི་མཐར། ཧཱུྃ་ཏྲཱྃ་ཧྲཱིཿཨཱཿས་བསྐོར་བ་ལས་འོད་ཟེར་རབ་ཏུ་འཕྲོ་བའོ། །ཧཱུྃ་། བྃ་ཡོངས་སུ་གྱུར་པ་ལས་ཤར་དུ་མི་བསྐྱོད་པ་དང་མཱ་མ་ཀཱི་དཀར་མོ། ཡབ་ཀྱི་གཡས་པས་རྡོ་རྗེས་ཡུ་བ་བྱས་པའི་རྡོ་རྗེ་དང་། ཐུགས་ཀར་པད་ཟླ་ཉི་མའི་དབུས་སུ་ཧཱུྃ་གི་མཐར། ཧཱུྃ་ཨཱོྃ་ཏྲཱིཿཨཱཿས་བསྐོར་བ། ཏྲཱྃ་ལྃ་ལས་ལྷོར་རིན་ཆེན་འབྱུང་ལྡན་དང་སངས་རྒྱས་སྤྱན་མ་སེར་མོ་ཡབ་ཀྱི་གཡས་རིན་པོ་ཆེས་ཡུ་བ་བྱས་པའི་རྡོ་རྗེ་དང་། ཐུགས་ཀར་ཏྲཱྃ་གི་མཐར་ཧཱུྃ་ཨཱོྃ་ཧྲཱིཿཨཿས་བསྐོར་བ། ཧྲཱིཿརྃ་ལས་ནུབ་ཏུ་སྣང་བ་མཐའ་ཡས་དང་གོས་དཀར་མོ་དམར་མོ་ཡབ་ཀྱི་གཡས་པདྨས་ཡུབ་བྱས་པའི་རྡོ་རྗེ་དང་། ཐུགས་ཀར་ཧྲཱིཿའི་མཐར་ཧཱུྃ་ཏྲཱཾ་ཨཱོྃ་ཨཱཿས་བསྐོར་བ། ཨཱཿཡཾ་ལས་བྱང་དུ་དོན་ཡོད་གྲུབ་པ་དང་དམ་ཚིག་སྒྲོལ་མ་ལྗང་གུ། ཡབ་ཀྱི་གཡས་རྒྱ་གྲམ་གྱིས་ཡུ་བ་བྱས་པའི་རྡོ་རྗེ་རལ་གྲི་དང་། ཐུགས་ཀར་ཨཱཿའི་མཐར་ཧཱུྃ་ཧྲ་ཧྲཱིཿཨཱོྃ་གྱིས་བསྐོར་
(༤༠༠)བ། ས་བོན་དེ་དག་ཐམས་ཅད་ཀྱི་མཐར་ཨཱ་ལི་དཀར་པོ་དང་། ཀཱ་ལི་དམར་པོས་བསྐོར་བ། ཡབ་ཐམས་ཅད་ཀྱི་ཕྱག་གཡོན་ དྲིལ་བུ ་འཛིན་པ། ཡུམ་ཐམས་ཅད་ཀྱི་ཕྱག་ན་གྲི་གུག་དང་ཐོད་པ་འཛིན་པ། རྡོ་རྗེའི་སྐྱིལ་མོ་ཀྲུང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་པའོ། །དེ་དག་གི་ཟུར་གྱི་གླ་ནང་མ་བཞིར་པདྨ་དང་ཉི་ཟླའི་སྟེང་དུ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿགཉིས་གཉིས་ལས། འོད་ཟེར་ཕྱོགས་བཅུར་འཕྲོས་པས་ཤར་ལྷོར། ཧཱུྃ་ཧཱུྃ་ལས་ནམ་མཁའི་སྙིང་པོ་དཀར་པོ་རལ་གྲི་དང་ དྲིལ་བུ ་འཛིན་པ། ཡུམ་རྡོ་རྗེ་སྒེག་མོ་དཀར་མོ་མེ་ལོང་འཛིན་པ་དང་སྦྱོར་བ། ཏྲཱྃ་ཏྲཱྃ་ལས་ལྷོ་ནུབ་ཏུ་སའི་སྙིང་པོ་སེར་པོ་རིན་པོ་ཆེའི་མྱུ་གུ་དང་ དྲིལ་བུ ་འཛིན་པ། ཕྲེང་བ་མ་སེར་མོ་རིན་པོ་ཆེའི་ཕྲིང་བ་འཛིན་པ་དང་སྦྱོར་བ། ཧྲཱིཿཧྲཱིཿལས་ནུབ་བྱང་དུ་སྤྱན་རས་གཟིགས་དམར་པོ་པདྨ་དང་ དྲིལ་བུ ་འཛིན་པ། གླུ་མ་དམར་མོ་པི་ཝང་འཛིན་པ་དང་སྦྱོར་བ། ཨཱཿཨཱཿལས་བྱང་ཤར་དུ་ཀུན་ཏུ་བཟང་པོ་ལྗང་གུ། རིན་པོ་ཆེའི་སྙེ་མ་དང་ དྲིལ་བུ ་འཛིན་པ། གར་མ་ལྗང་གུ་རྡོ་རྗེ་འཛིན་པ་དང་སྦྱོར་བའོ། །ཡང་ཕྱི་རོལ་གྱི་གྲྭ་བཞིར། པདྨ་དང་ཉི་ཟླའི་དབུས་སུ། ཧཱུྃ་ཏྲཱྃ་ཧྲཱི་ཨཱཿགཉིས་གཉིས་ལས། མེར་ཧཱུྃ་ཧཱུྃ་ལས་བྱམས་པ་དཀར་པོ་ཀླུ་ཤིང་དང་ དྲིལ་བུ ་འཛིན་པ། བདུག་སྤོས་མ་དཀར་མོ་བདུག་
(༤༠༡)སྤོས་ཀྱི་ཁང་པ་འཛིན་པ་དང་སྦྱོར་བ། ཏྲཱྃ་ཏྲཱྃ་ལས་སྲིན་པོར་སྒྲིབ་པ་རྣམ་སེལ་སེར་པོ་པོ་ཏི་དང་ དྲིལ་བུ ་འཛིན་པ། མེ་ཏོག་མ་སེར་མོ་མེ་ཏོག་གི་ཟ་མ་ཏོག་འཛིན་པ་དང་སྦྱོར་ག་ཧྲཱིཿཧྲཱིཿལས་རླུང་དུ་འཇམ་དཔལ་དམར་པོ་རལ་གྲི་དང་ དྲིལ་བུ ་འཛིན་པ། སྣང་གསལ་མ་དམར་མོ་མར་མེའི་ཀོང་བུ་འཛིན་པ་དང་མཉམ་པར་སྦྱོར་བ། ཨཱཿཨཱཿལས་དབང་ལྡན་དུ་ཕྱག་ན་རྡོ་རྗེ་ལྗང་གུ་རྡོ་རྗེ་དང་ དྲིལ་བུ ་འཛིན་པ། དྲི་ཆབ་མ་ལྗང་གུ་དྲིའི་དུང་ཆོས་འཛིན་པ་དང་སྦྱོར་བ། དེ་ཐམས་ཅད་ཀྱང་སེམས་དཔའི་སྐྱིལ་མོ་ཀྲུང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ཐུགས་ཀར་རང་རང་གི་ས་བོན་གྱིས་མཚན་པའོ། །དེ་དག་གི་སྐུའི་རྩལ་ལས་ཤར་གྱི་སྣམ་བུ་ལ་ཐག་བཟང་རིས་མཐིང་ག་གོ་ཆ་འཛིན་པ། ལྷོར་ཤཱཀྱ་ཐུབ་པ་སེར་པོ་འཁར་གསིལ་དང་ལྷུང་བཟེད་འཛིན་པ། ནུབ་ཏུ་སེངྒེ་རབ་བརྟན་མཐིང་ག་པོ་ཏི་འཛིན་པ། བྱང་དུ་ཁ་འབར་དྷེ་བ་དམར་པོ་རིན་པོ་ཆེའི་སྒྲོམ་བུ་འཛིན་པ། སྟེང་དུ་བརྒྱ་བྱིན་དཀར་པོ་པི་ཝང་འཛིན་པ། འོག་ཏུ་ཨ་བ་གླང་མགོ་ནག་པོ་མེ་ཆུ་བསྣམས་པ་རྣམས་པད་ཟླའི་སྟེང་ན་བཞེངས་པའི་ཚུལ་གྱིས་སྤྲུལ་པའི་སྐུའི་རྒྱན་དང་ལྡན་པའོ། །སྒོ་བཞིར་པདྨ་དང་ཉི་ཟླའི་སྟེང་དུ། ཛཿཧཱུྃ་བྃ་ཧོཿགཉིས་གཉིས་ལས་ཤར་དུ་ཛཿཛཿ
(༤༠༢)ལས་ཁྲོ་བོ་རྣམ་པར་རྒྱལ་བ་དང་སྒོ་མ་ལྕགས་ཀྱུ་མ་དཀར་མོ་ལྕགས་ཀྱུ་འཛིན་པ་དང་སྦྱོར་བ། ཧཱུྃ་ཧཱུྃ་ལས་ལྷོ་སྒོར་ཁྲོ་བོ་གཤིན་རྗེའི་གཤེད་པོ་དང་། སྒོ་མ་ཞགས་པ་མ་སེར་མོ་ཞགས་པ་འཛིན་པ་དང་སྦྱོར་བ། བྃ་བྃ་ལས་ནུབ་སྒོར་ཁྲོ་བོ་རྟ་མགྲིན་རྒྱལ་པོ་དང་། སྒོ་མ་ལྕགས་སྒྲོག་མ་དམར་མོ་ལྕགས་སྒྲོག་འཛིན་པ་དང་སྦྱོར་བ། ཧོཿཧོཿལས་བྱང་སྒོར་ཁྲོ་བོ་བདུད་རྩི་འཁྱིལ་པ་དང་སྒོ་མ་ དྲིལ་བུ ་མ་ལྗང་གུ་ དྲིལ་བུ ་འཛིན་པ་དང་སྦྱོར་བ། དེ་དག་ཐམས་ཅད་ཀྱང་ཁྲོ་བོའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་ཐུགས་ཀར་རང་རང་གི་ས་བོན་གྱིས་མཚན་པ། ཁྲོ་བོའི་སྟངས་སྟབས་ཀྱིས་མེ་རི་མེ་ཕུང་འབར་བའི་དབུས་ན་བཞུགས་པའོ། །དེ་དག་གི་སྐུའི་གདངས་ལས། སྟེང་ན་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་དཀྱིལ་འཁོར་མེ་རི་མེ་དཔུང་འབར་བའི་དབུས་ན་ཤིན་ཏུ་འཇིགས་སུ་རུང་བ་མེ་ལོང་ནང་གི་གཟུགས་བརྙན་ལྟར། སྐད་ཅིག་དྲན་རྫོགས་ཀྱིས་སྣང་ལ་རང་བཞིན་མེད་པར་བསམ་མོ། །རྡོ་རྗེ་བསྡུ་བའི་ཕྱག་རྒྱས་སེ་གོལ་དཔུང་པར་བསྣོལ་ཏེ་གཏོགས་ནས། ཧཱུྃ་མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་
(༤༠༣)གཤེགས་སུ་གསོལ། །ཧཱུྃ་དུས་གསུམ་བླ་མ་ཀུན་བཟང་ཆོས་ཀྱི་རྗེ། །ཉོན་མོངས་ལྔ་དག་ཕུང་པོ་གནས་གྱུར་པའི། །སྐུ་གསུམ་ལྔ་ལྡན་རིགས་ལྔ་ཡབ་ཡུམ་གཙོ། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། ཨཱོྃ་གུ་རུ་བཛྲ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿས་མ་ཡ་ཛ་ཛཿབླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་བྱོན་པར་བསམ། །ཧཱུྃ་སྒྱུ་མ་ཆུ་ཟླ་ཡེ་ཤེས་གཞལ་ཡས་ཁང་། །སྐྱོན་བྲལ་པདྨ་ཉི་ཟླའི་གདན་ལ་བཞུགས། །ཨཱོྃ་པདྨ་སཱུརྱ་ཙནྡྲ་ཀ་མ་ལ་ཡེ་སྟྭྃྃ། །ཆུ་དང་ཐང་སྐྱེས་མེ་ཏོག་ཡིད་འོང་རྣམས། །དངོས་འབྱོར་ཏིང་འཛིན་དག་པའི་མཆོད་སྤྲིན་གྱིས། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ། །ཐུགས་རྗེས་ཚེ་འདས་དོན་དུ་བཞེས་སུ་གསོལ། ཨཱོྃ་སརྦ་ཏ་ཐཱ་ག་ཏ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་་ས་མ་ཡེ་ཧཱུྃ། །ཨ་གར་སིཧླ་ཙནྡན་ལ་སོགས་པ། །དངོས་འབྱོར་ཏིང་འཛིན་དག་པའི་མཆོད་སྤྲིན་གྱིས། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ། །ཐུགས་རྗེས་ཚེ་འདས་དོན་དུ་བཞེས་སུ་གསོལ། ཨཱོྃ་སརྦ་ཏ་ཐཱ་ག་ཏ་དྷཱུ་པེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་་ས་མ་ཡེ་ཧཱུྃ། །རིན་ཆེན་སྣང་གསལ་ཉི་ཟླའི་འོད་འཕྲོ་བ། །དངོས་འབྱོར་ཏིང་འཛིན་དག་པའི་མཆོད་སྤྲིན་གྱིས། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ། །
(༤༠༤)ཐུགས་རྗེས་ཚེ་འདས་དོན་དུ་བཞེས་སུ་གསོལ། ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨཱ་ལོ་ཀེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་་ས་མ་ཡེ་ཧཱུྃ། རང་བཞིན་ལྷན་ཅིག་སྐྱེས་དང་སྦྱར་བའི་དྲི། །དངོས་འབྱོར་ཏིང་འཛིན་དག་པའི་མཆོད་སྤྲིན་གྱིས། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ། །ཐུགས་རྗེས་ཚེ་འདས་དོན་དུ་བཞེས་སུ་གསོལ། ཨཱོྃ་སརྦ་ཏ་ཐཱ་ག་ཏ་གྷནྡྷེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་་ས་མ་ཡེ་ཧཱུྃ། ཁ་དོག་དྲི་ལྡན་རོ་བརྒྱ་ལྡན་པའི་ཟས། །དངོས་འབྱོར་ཏིང་འཛིན་དག་པའི་མཆོད་སྤྲིན་གྱིས། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ། །ཐུགས་རྗེས་ཚེ་འདས་དོན་དུ་བཞེས་སུ་གསོལ། །ཨཱོྃ་སརྦ་ཏ་ཐཱ་ག་ཏ་ནཻ་ཝི་ཏེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་་ས་མ་ཡེ་ཧཱུྃ། །སིལ་སྙན་དྲིལ་ཆེན་རྣམས་དཀྲོལ་ཚངས་པའི་དབྱངས། །དངོས་འབྱོར་ཏིང་འཛིན་དག་པའི་མཆོད་སྤྲིན་གྱིས། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ། །ཐུགས་རྗེས་ཚེ་འདས་དོན་དུ་བཞེས་སུ་གསོལ། ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཤབྟ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་་ས་མ་ཡེ་ཧཱུྃ། །གཞན་ཡང་ཕྱི་ནང་གསང་བའི་མཆོད་སྤྲིན་ནི། །དངོས་འབྱོར་ཏིང་འཛིན་དག་པའི་མཆོད་སྤྲིན་གྱིས། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ། །ཐུགས་རྗེས་ཚེ་འདས་དོན་དུ་བཞེས་
(༤༠༥)སུ་གསོལ། ཨོཾཱ་སརྦ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་་ས་མ་ཡེ་ཧཱུཾ། སྐུ་གསུང་ཐུགས་ཉིད་ཡེ་ནས་ཀུན་ཏུ་བཟང་། །སྐུ་ལྔ་ཡེ་ཤེས་འདུ་འབྲལ་མེད་པའི་ལྷ། །ཐབས་མཁས་ཐུགས་རྗེས་འགྲོ་བའི་དོན་མཛད་པའི། །བླ་མ་ཀུན་བཟང་རིགས་ལྔའི་ཚོགས་ལ་བསྟོད། ཨཱོྃ་བཛྲ་ཨྃ་གུ་ཤ་ཛཿཡེ་ཤེས་པ་རྣམས་དམ་ཚིག་པའི་དལ་དུ་བྱོན། ཨོཾཱ་བཛྲ་པཱ་ཤ་ཧཱུྃ། སོ་སོའི་སྤྱི་བོར་བྱོན། ཨཱོྃ་བཛྲ་སྥོ་ཊ་བྃ། གཉིས་སུ་མེད་པར་ཐིམ། ཨཱོྃ་བཛྲ་པྲ་བེ་ཤ་ཡ་ཧོཿདགྱེས་ཤིང་བརྟེན་པར་གྱུར། དེ་ཐམས་ཅད་ཀྱི་སྤྱི་བོར་ཨཱོྃ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར། ཨཱོྃ་བུདྡྷ་ཨ་བྷི་ཥིཉྩ་ཨཱོྃ། ཨཱོྃ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཨོྃ་རཏྣ་ཨ་བྷི་ཥིཉྩ་ཧྲཱིཿཨཱོྃ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿཨཱོྃ་ཀརྨ་ཨ་བྷི་ཥིཉྩ་ཨཱཿདེ་བཞིན་གཤེགས་པ་རིགས་ལྔས་བདུད་རྩིའི་བུམ་པ་ཐོགས་ནས། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ་གིས་དབང་བསྐུར་བས་རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པར་གྱུར། ཨཱོྃ་ཨཱཿཧཱུྃ། ལྷ་རྫས་ལས་གྲུབ་པའི་མཆོད་པའི་སྤྲིན་བསམ་གྱིས་མི་ཁྱབ་པས་
(༤༠༦)ས་དང་ནམ་མཁའ་ཀུན་ཏུ་ཁྱབ་པར་གྱུར། ཧཱུྃ་ཕྱོགས་བཅུ་རབ་འབྱམས་རྒྱལ་བའི་ཞིང་ཁམས་ན། །མེ་ཏོག་སྤྲིན་ཕུང་ནམ་མཁའི་མཐའ་ཀླས་པ། །དངོས་དང་ཡིད་ཀྱིས་རྣམ་སྤྲུལ་ཇི་སྙེད་ཀུན། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་གུས་པས་མཆོད། ཨཱོྃ་བཛྲ་པུཥྤེ་ཨཱཿཧཱུྃ། །ཕྱོགས་བཅུ་རབ་འབྱམས་རྒྱལ་བའི་ཞིང་ཁམས་ན། །བདུག་སྤོས་སྤྲིན་ཕུང་ནམ་མཁའི་མཐའ་ཀླས་པ། །དངོས་དང་ཡིད་ཀྱིས་རྣམ་སྤྲུལ་ཇི་སྙེད་ཀུན། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་གུས་པས་མཆོད། ཨཱོྃ་བཛྲ་དྷཱུ་པེ་ཨཱཿཧཱུྃ། །ཕྱོགས་བཅུ་རབ་འབྱམས་རྒྱལ་བའི་ཞིང་ཁམས་ན། །སྣང་གསལ་སྤྲིན་ཕུང་ནམ་མཁའི་མཐའ་ཀླས་པ། །དངོས་དང་ཡིད་ཀྱིས་རྣམ་སྤྲུལ་ཇི་སྙེད་ཀུན། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་གུས་པས་མཆོད། །ཨཱོྃ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། ཕྱོགས་བཅུ་རབ་འབྱམས་རྒྱལ་བའི་ཞིང་ཁམས་ན། །དྲི་ཆབ་སྤྲིན་ཕུང་ནམ་མཁའི་མཐའ་ཀླས་པ། །དངོས་དང་ཡིད་ཀྱིས་རྣམ་སྤྲུལ་ཇི་སྙེད་ཀུན། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་གུས་པས་མཆོད། །ཨཱོྃ་བཛྲ་གྷནྡྷེ་ཨཱཿཧཱུྃ། །ཕྱོགས་བཅུ་རབ་འབྱམས་རྒྱལ་བའི་ཞིང་ཁམས་ན། །ཞལ་ཟས་སྤྲིན་ཕུང་ནམ་མཁའི་མཐའ་ཀླས་པ། །དངོས་དང་ཡིད་ཀྱིས་རྣམ་སྤྲུལ་ཇི་སྙེད་ཀུན། །རྒྱལ་བ་རྒྱ་མཚོའི་ཚོགས་
(༤༠༧)ལ་གུས་པས་མཆོད། །ཨཱོྃ་བཛྲ་ནཻ་ཝི་ཏྱེ་ཨཱཿཧཱུྃ། །ཕྱོགས་བཅུ་རབ་འབྱམས་རྒྱལ་བའི་ཞིང་ཁམས་ན། །རོལ་མོའི་སྤྲིན་ཕུང་ནམ་མཁའི་མཐའ་ཀླས་པ། །དངོས་དང་ཡིད་ཀྱིས་རྣམ་སྤྲུལ་ཇི་སྙེད་ཀུན། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་གུས་པས་མཆོད། ཨཱོྃ་བཛྲ་ཤབྟ་ཨཱཿཧཱུྃ། །བདེ་བར་གཤེགས་པ་ཐམས་ཅད་ལ། །འཁོར་ལོ་རིན་ཆེན་འདི་ཕུལ་བས། །སྲིད་པའི་འཁོར་ལོ་རྒྱུན་ཆད་ནས། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག། ཨཱྃ་སརྦ་ཏ་ཐཱ་ག་ཏ་ཙཀྲ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། བདེ་བར་གཤེགས་པ་ཐམས་ཅད་ལ། །ནོར་བུ་རིན་ཆེན་འདི་ཕུལ་བས། །བཀྲེས་ཤིང་ཕོངས་པ་རྒྱུན་ཆད་དེ། །འབྱོར་པ་ཕུན་སུམ་ཚོགས་པར་ཤོག། ཨཱོྃ་སརྦ་ཏ་ཐཱ་ག་ཏ་མ་ི་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། བདེ་བར་གཤེགས་པ་ཐམས་ཅད་ལ། །བཙུན་མོ་རིན་ཆེན་འདི་ཕུལ་བས། །མ་རིག་མུན་པ་རྒྱུན་བཅད་དེ། །ཤེས་རབ་དབྱིངས་ཀྱི་དོན་རྟོགས་ནས། །ཐབས་དང་ཤེས་རབ་འབྲེལ་པར་ཤོག། ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཝ་ཏི་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། བདེ་བར་གཤེགས་པ་ཐམས་ཅད་ལ། །བློན་པོ་རིན་ཆེན་འདི་ཕུལ་བས། །ཕྱི་ནང་གསང་གསུམ་ཐེག་གསུམ་ལྡན། །བསམ་ཡས་བསྟན་པ་རབ་འཛིན་ཅིང་། །ཡོན་ཏན་ཐམས་ཅད་ལྡན་པར་ཤོག། ཨཱོྃ་སརྦ་ཏ་ཐཱ་
(༤༠༨)ག་ཏ་མ་ཧཱ་ཏ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། བདེ་བར་གཤེགས་པ་ཐམས་ཅད་ལ། །གླང་པོ་རིན་ཆེན་འདི་ཕུལ་བས། །ལྟ་ངན་རྣམས་ནི་རབ་བསལ་ཏེ། །བླ་མེད་ཐེག་པར་རབ་ཞོན་ནས། །ཐམས་ཅད་མཁྱེན་གྲོང་བགྲོད་པར་ཤོག། ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཧསྟི་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། བདེ་བར་གཤེགས་པ་ཐམས་ཅད་ལ། །རྟ་མཆོག་རིན་ཆེན་འདི་ཕུལ་བས། །སྲིད་པའི་གཟེབ་ལས་ངེས་གྲོལ་ཏེ། །རྫུ་འཕྲུལ་མཆོག་གི་ཤུགས་ཐོབ་ནས། །སངས་རྒྱས་ཞིང་དུ་བགྲོད་པར་ཤོག། ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཏུ་རྃ་ག་ཨ་ཤྭ་ཐཱ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། བདེ་བར་གཤེགས་པ་ཐམས་ཅད་ལ། །དམག་དཔོན་རིན་ཆེན་འདི་ཕུལ་བས། །ཉོན་མོངས་དགྲ་ལས་རྒྱལ་གྱུར་ནས། །ཕས་ཀྱི་རྒོལ་པ་ཚར་བཅད་དེ། །སྙེམས་བྲལ་མཆོག་ནི་ཐོབ་པར་ཤོག། ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཥཏྒ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། །ཧཱུྃ་སྣེད་བཅུད་སྣང་སྲིད་སྣ་ཚོགས་ཡིད་འོང་གཟུགས། །རྡོ་རྗེ་གཟུགས་མའི་ཚོགས་སུ་ཀུན་སྤྲུལ་ཏེ། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་མཆོད་པར་བགྱི། །ཐུགས་རྗེས་ཚེ་འདས་དོན་དུ་བཞེས་སུ་གསོལ། ཨཱོྃ་བཛྲ་རཱུ་པ་པྲ་ཏི་ཛ་ཧུཾ་ །སྣོད་བཅུད་སྣང་སྲིད་སྣ་ཚོགས་ཡིད་འོང་སྒྲ། །རྡོ་རྗེ་སྒྲ་མའི་ཚོགས་སུ་ཀུན་སྤྲུལ་ཏེ། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་མཆོད་པར་བགྱི། །ཐུགས་རྗེས་ཚེ་
(༤༠༩)འདས་དོན་དུ་བཞེས་སུ་གསོལ། ཨཱོྃ་བཛྲ་ཤཔྟ་ཧཱུྃ། །སྣོད་བཅུད་སྣང་སྲིད་སྣ་ཚོགས་དྲི་ཞིམ་སྤོས། །རྡོ་རྗེ་དྲི་མའི་ཚོགས་སུ་ཀུན་སྤྲུལ་ཏེ། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་མཆོད་པར་བགྱི། །ཐུགས་རྗེས་ཚེ་འདས་དོན་དུ་བཞེས་སུ་གསོལ། ཨཱོྃ་བཛྲ་གྷནྡྷེ་ཧཱུྃ། །སྣོད་བཅུད་སྣང་སྲིད་སྣ་ཚོགས་རོ་ལྡན་ཟས། །རྡོ་རྗེ་རོ་མའི་ཚོགས་སུ་ཀུན་སྤྲུལ་ཏེ། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་མཆོད་པར་བགྱི། །ཐུགས་རྗེས་ཚེ་འདས་དོན་དུ་བཞེས་སུ་གསོལ། །ཨཱོྃ་བཛྲ་ནཻ་ཝི་ཏྱ་ཧཱུྃ། །སྣོད་བཅུད་སྣང་སྲིད་སྣ་ཚོགས་བདེ་བའི་རོ། །རྡོ་རྗེ་རེག་མའི་ཚོགས་སུ་ཀུན་སྤྲུལ་ཏེ། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་མཆོད་པར་བགྱི། །ཐུགས་རྗེས་ཚེ་འདས་དོན་དུ་བཞེས་སུ་གསོལ། ཨཱོྃ་བཛྲ་པརྴེ་ཧཱུྃ། ཨཱྃ་རྡོ་རྗེ་སེམས་དཔའ་བསྡུས་པས་ན། །རྡོ་རྗེ་རིན་ཆེན་བླ་ན་མེད། །རྡོ་རྗེ་ཆོས་ཀྱི་གླུ་བླངས་པས། །རྡོ་རྗེ་ལས་ཀུན་བྱེད་པར་འགྱུར། ཨཱོྃ་བཛྲ་ལཱ་སྱེ་ཧཱུྃ། ཨཱོྃ་བཛྲ་མཱ་ལེ་ཏྲཱྃ། ཨཱོྃ་བཛྲ་གི་རྟི་ཧྲཱིཿཨཱོྃ་བཛྲ་ནཱི་རྟི་ཨཱཿཨཱོྃ་བཛྲ་དྷཱུ་པེ་ཧཱུྃ། ཨཱོྃ་བཛྲ་པཱུཥྤེ་ཏྲཱྃ། ཨཱོྃ་བཛྲ་ཨཱ་ལོ་ཀེ་ཧྲཱིཿཨཱོྃ་བཛྲ་གྷནྡྷེ་ཨཱ། ཨཱོྃ་བཛྲ་ས་ཏྭ་སུ་སྃ་ཀྲ་ཧ། ཨཱོྃ་བཛྲ་རཏྣ་མ་ནུ་ཏ་རི་རྃ། ཨཱོྃ་བཛྲ་པདྨ་ཀ་ཡ་ནི། ཨཱོྃ་བཛྲ་ཀརྨ་ཨ་རོང་བྷ་ཝེ། ཧཱུྃ་གསང་མཆོག་སྐུ་ཡི་བདེ་ཆེན་རིག་མ་ནི། །སྐུ་མདོག་
(༤༡༠)དཀར་མཛེས་མེ་ལོང་པདྨ་བསྣམས། །ཤིན་ཏུ་ཡིད་འོང་བདེ་གཤེགས་དགྱེས་མཛད་མ། །རྒྱལ་བ་རྒྱ་མཚོའི་ཚོགས་ཀུན་མཉེས་གྱུར་ཅིག། ཨཱོྃ་བཛྲ་ཨ་དཱརྴེ་ཨཱཿཧཱུྃ། །གསང་མཆོག་གསུང་གི་བདེ་ཆེན་རིག་མ་ནི། །སྐུ་མདོག་དམར་མཛེས་རྔ་ཟླུམ་སྒྲ་སྒྲོགས་མ། །ཤིན་ཏུ་ཡིད་འོང་བདེ་གཤེགས་དགྱེས་མཛད་མ། །རྒྱལ་བ་རྒྱ་མཚོའི་ཚོགས་ཀུན་མཉེས་གྱུར་ཅིག། ཨཱོྃ་བཛྲ་མུ་རཉྫེ་ཨཱཿཧཱུྃ། །གསང་མཆོག་ཐུགས་ཀྱི་བདེ་ཆེན་རིག་མ་ནི། །སྐུ་མདོག་མཐིང་མཛེས་པི་ཝང་སྒྲ་སྒྲོགས་མ། །ཤིན་ཏུ་ཡིད་འོང་བདེ་གཤེགས་དགྱེས་མཛད་མ། །རྒྱལ་བ་རྒྱ་མཚོའི་ཚོགས་ཀུན་མཉེས་གྱུར་ཅིག། ཨཱོྃ་བཛྲ་ཝི་ནི་ཨཱཿཧཱུྃ། །གསང་མཆོག་ཡོན་ཏན་བདེ་ཆེན་རིག་མ་ནི། །སྐུ་མདོག་སེར་མཛེས་གླིང་བུའི་སྒྲ་སྒྲོགས་མ། །ཤིན་ཏུ་ཡིད་འོང་བདེ་གཤེགས་དགྱེས་མཛད་མ། །རྒྱལ་བ་རྒྱ་མཚོའི་ཚོགས་ཀུན་མཉེས་གྱུར་ཅིག། ཨཱོྃ་བཛྲ་ཝྃ་སེ་ཨཱཿཧཱུྃ། །གསང་མཆོག་ཕྲིན་ལས་བདེ་ཆེན་རིག་མ་ནི། །སྐུ་མདོག་ལྗང་མཛེས་རྫ་རྔའི་སྒྲ་སྒྲོགས་མ། །ཤིན་ཏུ་ཡིད་འོང་བདེ་གཤེགས་དགྱེས་མཛད་མ། །རྒྱལ་བ་རྒྱ་མཚོའི་ཚོགས་ཀུན་མཉེས་གྱུར་ཅིག། ཨཱོྃ་བཛྲ་མྲྀ་ཏྃ་གི་ཨཱཿཧཱུྃ། རྩ་བརྒྱད་སྟོང་སྦྱར་བདུད་རྩི་ཨ་མྲྀ་ཏ། །དུག་ལྔ་གནས་
(༤༡༡)སྒྱུར་ཡེ་ཤེས་བསྒྲུབ་པའི་རྫས། །རོ་མཆོག་ཡོན་ཏན་ཀུན་དང་ལྡན་པ་ནི། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་མཆོད་པར་བགྱི། །ཨཱོྃ་ཨཱཿཧཱུྃ་སརྦ་པཉྩ་ཨཱ་མྲྀ་ཏ་ཁཱ་ཧི། བདེ་གཤེགས་རྒྱལ་བ་རྒྱ་མཚོ་ནི། །ཡབ་ཡུམ་གཉིས་མེད་མཁའ་གསང་ལས། །འཁྲིལ་སྦྱོར་བྱང་ཆུབ་སེམས་ཀྱིས་མཆོད། །བདེ་བའི་རོ་མཉམ་མཆོད་པར་བཞེས། །ཨཱོྃ་ཨཱཿཧཱུྃ། བོ་དྷི་ཙིཏྟ་གུ་ཧྱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་་ས་མ་ཡེ་ཧཱུྃ། སྣ་ཚོགས་ཆོས་རྣམས་མ་སྐྱེས་མཉམ་པའི་ངང་། །སྣང་སྲིད་འཁོར་འདས་སྒྱུ་མའི་མཆོང་སྤྲིན་ནི། །ཆོས་སྐུ་སྟོང་པ་མཚན་མེད་སྨོན་པ་མེད། །གདོད་ནས་རྣམ་དག་ཞི་བའི་དབྱིངས་སུ་འབུལ། ཨཱོྃ་སརྦ་དྷརྨ་ཀཱ་ཡ་ཨཱཿཧཱུྃ། །ཆོས་ཉིད་ཡེ་ཤེས་མཉམ་པའི་ངང་། །རང་བཞིན་ཡོན་ཏན་ལྷུན་གྱིས་གྲུབ། །ཐུགས་རྗེ་ཡིད་བཞིན་ནོར་བུ་འདྲ། །ཕྱག་འཚལ་གདོད་མའི་མགོན་པོ་ལ། །ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད། །ཉོན་མོངས་གཏི་མུག་རྣམ་སྦྱོང་ཞིང་། །ནམ་མཁའི་ཁམས་ནི་རྣམ་པར་དག། ཕྱག་འཚལ་རྣམ་སྣང་ཡབ་ཡུམ་ལ། །མེ་ལོང་ཡེ་ཤེས་ངོ་བོ་ཉིད། །ཉོན་མོངས་ཞེ་སྡང་རྣམ་སྦྱོང་ཞིང་། །ཆུ་ཡི་ཁམས་ནི་རྣམ་པར་དག། ཕྱག་འཚལ་མི་བསྐྱོད་
(༤༡༢)ཡབ་ཡུམ་ལ། །མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད། །ཉོན་མོངས་ང་རྒྱལ་རྣམ་སྦྱོང་ཞིང་། །ས་ཡི་ཁམས་ནི་རྣམ་པར་དག། ཕྱག་འཚལ་རིན་འབྱུང་ཡབ་ཡུམ་ལ། །ཀུན་རྟོག་ཡེ་ཤེས་ངོ་བོ་ཉིད། །ཉོན་མོངས་འདོད་ཆགས་རྣམ་སྦྱོང་ཞིང་། །མེ་ཡི་ཁམས་ནི་རྣམ་པར་དག། ཕྱག་འཚལ་སྣང་མཐའ་ཡབ་ཡུམ་ལ། །བྱ་གྲུབ་ཡེ་ཤེས་ངོ་བོ་ཉིད། །ཉོན་མོངས་ཕྲག་དོག་རྣམ་སྦྱོང་ཞིང་། །རླུང་གི་ཁམས་ནི་རྣམ་པར་དག། ཕྱག་འཚལ་དོན་གྲུབ་ཡབ་ཡུམ་ལ། །བཅུ་དྲུག་ཡེ་ཤེས་ངོ་བོ་ཉིད། །གཟུང་འཛིན་སྒྲིབ་པ་རྣམ་སྦྱོང་ཞིང་། །རྣམ་ཤེས་ཚོགས་བརྒྱད་རྣམ་པར་དག། ཕྱག་འཚལ་སེམས་དཔའ་ཡབ་ཡུམ་ལ། །ཚད་མེད་ཡེ་ཤེས་ངོ་བོ་ཉིད། །ཁམས་བཞིའི་དྲི་མ་རྣམ་སྦྱོང་ཞིང་། །འབྱུང་བཞིའི་སྒོ་ནི་རྣམ་པར་དག། ཕྱག་འཚལ་སྒོ་བ་ཡབ་ཡུམ་ལ། །ཕ་རོལ་ཕྱིན་དྲུག་ངོ་བོ་ཉིད། །འགྲོ་དྲུག་བག་ཆགས་རྣམ་སྦྱོང་ཞིང་། །ཚོགས་དྲུག་རྣམ་ཤེས་རྣམ་པར་དག། ཕྱག་འཚལ་ཐུབ་པ་དྲུག་ལའོ། །ཞི་ལས་ཡེ་ཤེས་རྣམ་འཕྲོས་པ། །འཇིགས་གཟུགས་ཁྲོ་བོའི་དཀྱིལ་འཁོར་ནི། །ལྔ་བཅུ་རྩ་བརྒྱད་འཕར་བའི་སྐུ། །ཕྱག་འཚལ་དབྱིངས་ཀྱི་དཀྱིལ་འཁོར་ལ། །ས་དང་ཡེ་ཤེས་ཞིང་ཁམས་ན། །འཇིག་རྟེན་འདས་དང་མ་
(༤༡༣)འདས་ཚུལ། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ན། །བཞུགས་པའི་འགྲོ་བ་ཀུན་ལ་བསྟོད། ཨཱོྃ་ཨཱཿཧཱུྃ། གཏོར་མའི་སྣོད་ཡངས་ཤིང་རྒྱ་ཆེ་བར་བཅུད་ཡེ་ཤེས་ཀྱི་བདུད་རྩི་རི་དང་རྒྱ་མཚོར་མཉམ་པས་གང་བར་གྱུར། ཨཱོྃ་ཨཱཿཧཱུྃ་ཨི་དྃ་གྷྲི་ན་བཱ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི། །བླ་མ་བདེ་གཤེགས་རིགས་ལྔ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །ཚེ་ལས་འདས་པའི་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་ནས་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བར་མཛད་དུ་གསོལ། ཨཱོྃ་ཨ་ཧ་རི་ནི་ས་བྷ་ལི༚་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཁའ་འགྲོ་དཔའ་བོ་དཔའ་མོ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་ལ་འབུལ་ལོ། །ཚེ་ལས་འདས་པའི་ས་དང་ལམ་གྱི་བར་དུ་གཅོད་པ་ཐམས་ཅད་ཞི་བར་མཛད་དུ་གསོལ། ཨཱོྃ་ཨ་ཀཱ་རོ་མུ་ཁྃ་སརྦ་དྷརྨ་ནྃ་ཨ་དྱཱ་ནུད་པན་ན་ཏྭད་ཨཱོྃ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཡུལ་ལྷ་གཞི་བདག་གི་ཚོགས་ཐམས་ཅད་ལ་འབུལ་ལོ། །ཚེ་ལས་འདས་པའི་སྒྲིབ་པ་སྦྱོང་བ་ལ་བར་དུ་གཅོད་པ་ཐམས་ཅད་ཞི་བར་མཛད་དུ་གསོལ། ཨཱོྃ་ཨ་ཀཱ་རོ་མུ་ཁྃ་སརྦ་དྷརྨ་ནྃ་ཨ་ཏྱཱ་ནུད་པན་ན་ཏྭད་ཨཱོྃ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། འགྲོ་བ་རིགས་
(༤༡༤)དྲུག་གནོད་བྱེད་ལན་ཆགས་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་བཅས་པ་ལ་འབུལ་ལོ། །ཚེ་ལས་འདས་པ་ལ་ལན་ཆགས་པ་ཐམས་ཅད་ཁྱེར་ནས་གནོད་པ་དང་འཚེ་བ་ཐམས་ཅད་ཞི་བར་མཛོད་ཅིག། ཨཱོྃ་ཨ་ཀཱ་རོ་མུ་ཁྃ་སརྦ་དྷརྨ་ནྃ་ཨ་ཏྱཱ་ནུཏྤན་ན་ཏོང་ཨཱོྃ་ཨཱཿཧཱུྃ་ཕཊ་སྭཱ་ཧཱཿདུས་ལས་འདས་པས་གཙོ་བྱས་པར་དོན་གནས་པའི་སེམས་ཅན་ཐམས་ཅད་ལ་འབུལ་ལོ། །བར་དོའི་སྡུག་བསྔལ་ཐམས་ཅད་དང་བྲལ་ནས་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག། ན་མོ་བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འབྱུང་འགྱུར་ཤོག། སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལ་ཀུན་ཏུ་འབྱུང་། །ངོ་བོ་གཉིས་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སྐྱོབ་པའི་སྲས་
(ཕགཀ ཐཔཙགསཇཧཤགང ེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེ་པ་བཞིན་དུ་ཡོད་པར་གྱུར། ལྕགས་ཀྱུའི་ཕྱག་རྒྱས་ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང་། དཀོན་མཆོག་གསུམ་གྱི་བྱིན་རླབས་ཀྱི་བདེན་པ་དང་། གསང་སྔགས་དང་རིགས་སྔགས་ཀྱི་རྒྱལ་པོ་ཁྲོ་བོ་རྣམས་ཀྱི་བདེན་པ་དང་། གཟུངས་སྔགས་ཀྱི་རྒྱལ་མོ་ཁྲོ་མོ་རྣམས་ཀྱི་བདེན་པ་དང་། ཆོས་ཉིད་རང་བཞིན་གྱི་རྣམ་པར་དག་པའི་བདེན་པ་དང་། ཀུན་རྫོབ་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོའི་བདེན་པ་དང་། བཅོམ་ལྡན་འདས་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་འཁོར་དང་བཅས་
(༤༡༦)པའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་འཇིག་རྟེན་འདི་ནས་ཕ་རོལ་ཏུ་ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བགྱི་བའི་རྣམ་པར་ཤེས་པ་ལས་ཀྱི་དབང་གིས་ཁམས་གསུམ་འགྲོ་བ་རིགས་དྲུག་སྐྱེ་གནས་རྣམ་པ་བཞི། སྲིད་པ་བར་མ་དོ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆར་གཏོགས་པ། གང་ན་གནས་ཀྱང་སྐད་ཅིག་ཐང་ཅིག་ཡུད་ཙམ་གཅིག་ལ་རྟེན་འདི་ལ་མཆིས་པར་གྱུར་ཅིག། ཨཱོྃ་ཌཱཀྐི་ཛ་ཧཱུྃ། ཞེས་ལན་གསུམ་བརྗོད་ནས། རྣམ་ཤེས་འོད་ཀྱི་རྣམ་པར་ནམ་མཁར་བསམས་ལ། ཨཱོྃ་ཤོ་དྷ་ནི་ཤོ་དྷ་ནི་སརྦ་པཱ་པྃ་ཨ་པ་ན་ཡེ་ཧཱུྃ། སྡིག་པ་སྦྱངས་ཏེ། ཛཿཧཱུྃ་བྃ་ཧོཿས་རྟེན་ལ་བསྟིམ། ཨཱོྃ་སརྦ་པཱ་པྃ་བྷི་ཤྭ་དྷ་ནི་ཧཱུྃ། ཨཱོྃ་སརྦ་བིད་ཏྲ་ཐཱ། ཨོཾཱ་བཛྲ་པཱ་ི་བིཕོ།ཏ་ཡ་སརྦ་ཨ་པ་ཡ་བྷནྡྷ་ནི། པྲ་མོ་ཀྵ་ཡ་སརྦ་ཨ་པ་ཡ་གྷནྡྷེ་བྷྱ། སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཏྲ་ཐཱ། ཨཱོྃ་བཛྲ་བྷནྡྷ་ཏྲ་ཐཱ། ཨཱོྃ་སརྦ་བིད་བཛྲ་ཨ་དྷི་ཏ་ཥྠྭ་ཛྙཱན་ས་མ་ཡེ་ཧཱུྃ། རྣམ་པར་ཤེས་པ་ཨ་དཀར་པོ་དྲི་མ་མེད་པ་སྦྱངས་དུ་རུང་བར་གྱུར། ཐོག་མར་གཏོར་མ་བསྐོར་ཞིང་ཞི་བས་སྦྱོང་བ་ནི། ཨཱོྃ་སརྦ་བིགྣན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ། བི་ཤྭ་མུ་ཁེ་བྷྱ། སརྦ་ཏ་ཏ་ཁཾ། ཨུཏྒ་ཏེ་སྥ་ར་་ཧི་མྃ་ག་ག་ན་ཁྃ། ཚེ་ལས་འདས་པའི་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པའི་
(༤༡༧)བགེག་རྣམས་གཏོར་མ་འདིས་བརྔན་པར་གྱིས་ལ་སོང་ཞིག། ཅེས་པ་གསུམ་དང་། ཏིང་ལོ་དང་ཆང་བུས་བསྐོར་ཞིང་། སུྃ་བྷ་ནི། ཏིང་ལོ་འདིས་སྣང་བ་གྱིས་ཆང་བུ་འདིས་ལམ་བརྒྱགས་ཀྱིས་ལ་སོང་ཞིག། ཅེས་པས་ཞི་དྲག་ཕྱེད་མ་དང་། གུ་གུལ་གྱིས་བདུག་ཅིང་རྡོ་རྗེ་ དྲིལ་བུ ་བསིལ་ལ། ཧཱུྃ་ཡེ་ཤེས་བསྐལ་པའི་མེ་ལ་སོགས་པས་ཁྲོ་བོ་མང་པོ་བྱོན་པར་བསམ་ལ། ཧཱུྃ་འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོགས་ཤིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། ཨཱོྃ་སུྃ་བྷ་ནིས་བགེགས་རྣམས་རྒྱ་མཚོའི་མཐར་བསྐྲད་། ཨཱྃ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན། མ་ཐ་ད་ཧ་པ་ཙ་ཧཱུྃ་ཕཊ་ཀྱིས་མེ་རིས་མཚམས་བཅད་པར་གྱུར། རྟེན་གྱི་གཡས་སུ་མེ། གཡོན་དུ་ཆུ། མདུན་དུ་ཏིལ་བཞག་ནས། སྙིང་གའི་སྡིག་སྒྲིབ་ཀྃ་ནག་པོའི་རྣམ་པ་སྣ་སྒོར་སྡིག་པ་རྭ།། །།། །ཅན་དུ་གྱུར་པ་མཐེབ་སྲིན་གྱིས་ཏིལ་ལ་ཐིམ་པ་གཡས་གཡོན་གྱི་ཡེ་ཤེས་ཀྱི་མེ་དང་ཆུར་བོར་བས་དག་པར་བསམ་ཞིང་། ཨཱོྃ་བཛྲ་ཌཱ་ཀི་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་པཱ་པྃ་ད་ཧ་ན་བྷ་སྨིན་ཀུ་རུ་ཡེ་སྭཱ་ཧཱ། ཆེ་གེའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སྭཱ་ཧཱ། སྔགས་བཟླས་པའི་བྱེ་མས་བྲབ་
(༤༡༨)པས་སྡིག་སྒྲིབ་ཐམས་ཅད་དག་པར་བསམ་ཞིང་། ཨཱོྃ་ཛི་ན་ཛི་ཀ་ལྃ་ཏེ་ཤྭ་ར་ཏེ་སྟྭྃ། ཧཱུྃ་བཛྲ་ཌྷྲྀཀ་མུྃ་དྷརྟུ་ཤྭ་ར་ཏི་སྟྭྃ། སྭཱ་རཌྣ་ཌྷྲྀཀ་མྃ་མོ་ཧ་ར་ཏི་སྟྭྃ། ཨྃ་ཨ་རོ་ལིཀ། པྱྃ་ར་ག་ར་ཏི་སྟྭྃ། ཧཱ་པྲ་ཛྙཱ་ཌྷྲྀཀ་ཏྃ་བཛྲ་ར་ཏི་སྟྭྃ། ཨཱོྃ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཛཿཧཱུྃ་བྃ་ཧོཿཨོཾཱ་སརྦ་པ་པྃ་ད་ཧ་ན་བཛྲ་ཧཱུྃ་ཕཊ། ཨཱོྃ་སརྦ་པ་པྃ་བི་ཤྭ་དྷ་ནི་བཛྲ་ཧཱུྃ་ཕཊ། ཨཱོྃ་སརྦ་ཀརྨ་ཨ་ཝ་ར་ན་བྷསྨི༚་ཀུ་རུ་ཧཱུྃ་ཕཊ། ཨཱོྃ་བྷྲཱུྃ་བྷི་ན་ཤ་ཡ། ཨ་ཝ་ར་་ནི་ཧཱུྃ་ཕཊ། ཨཱོྃ་བྷྲཱུྃ་བི་ཤོ་དྷ་ཡ་ཨ་ཝ་ར་་ནི་ཧཱུྃ་ཕཊ། ཨཱོྃ་ཛྭ་ལ་ཛྭ་ལ། ཏ་ཀ་ཏ་ཀ་ཧ་ན་ཧ་ན་ཨ་ཝ་ར་་ནིཧཱུཾ་ཕཊ། ཨཱོྃ་སྲུཾ་ས་ར་ས་ར་པྲ་ས་ཏ་པྲ་ས་ར་ཨ་ཝ་ར་་ནི་ཧཱུྃ་ཕཊ། ཨཱོྃ་ཧཱུྃ་ཕཊ། །སརྦ་ཨ་ཝ་ར་་ནི་བི་ཕོ་ཊ་ཡ་ཧཱུྃ་ཕཊ། ཨཱོྃ་བྷྲི་ཏ་བྷྲི་ཏ་སརྦ་ཨ་ཝ་ར་་ནི་ཧཱུྃ་ཕཊ། ཨཱོྃ་ཏྲ་ཐ་ཏྲ་ཐ་སརྦ་ཨ་ཝ་ར་་ནི་ཧཱུྃ་ཕཊ། ཨཱོྃ་ཚིནྡྷ་ཚིནྡྷ་སརྦ་ཨ་ཝ་ར་་ནི་ཧཱུྃ་ཕཊ། ཨཱོྃ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་དུན་ཧཱུྃ་ཕཊ། ཨཱོྃ་པ་ཙ་པ་ཙ་སརྦ་པྲེ་ཏ་ག་ཏེ་ཧེ་དུན་ཧཱུྃ་ཕཊ། ཨཱོྃ་མ་ཐ་མ་ཐ་སརྦ་ཏིརྱ་ག་ཏེ་ཧེ་དུན་ཧཱུྃ་ཕཊ། ཚེ་ལས་འདས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སྭཱ་ཧཱ། ལྷའི་ངོས་སུ་མེ་ལོང་ལ་ཁྲུས་གསོལ་ཞིང་། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ཀ་ཏེ་ས་མ་ཡེ་ཤྲཱི་ཧཱུྃ། འདི་ནི་
(༤༡༩)ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིན་ཏེ། །ཅི་འདོད་དངོས་གྲུབ་སྩོལ་བར་མཛོད། །ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡེ་ཤྲཱི་ཧཱུྃ། དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེག་པར་གང་བས་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། ཨཱོྃ། སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡེ་ཤྲཱི་ཧཱུྃ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། ཨཱོྃ་ཧཱུྃ་ཏྲཱྃ་ཧྲཱི་ཨཱཿཀ་ཡ་བྷི་ཤོ་དྷ་ན་ཡེ་སྭཱ་ཧཱ། ཞེས་གསོལ་བའི་ཆུ་ལས་བུམ་དུ་བླུགས་པར་རྣམ་རྒྱལ་གྱི་ཆུའང་བསྲེས་ནས། མིང་བྱང་ལ་བཀྲུ་ཞིང་། །འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང་། །གཏོང་བ་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱི་ཁྲུས་བགྱིའོ། །འདི་ནི་ཚུལ་ཁྲིམས་རང་བཞིན་ཆུ། །ཁྲིམས་འཆལ་དྲི་མ་སྦྱོང་མཛད་ཅིང་། །ཚུལ་ཁྲིམས་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱི་ཁྲུས་བགྱིའོ། །འདི་ནི་བཟོད་པའི་རང་བཞིན་ཆུ། །ཁོང་ཁྲོའི་དྲི་མ་སྦྱོང་མཛད་
(༤༢༠)ཅིང་། །བཟོད་པ་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱི་ཁྲུས་བགྱིའོ། །འདི་ནི་བརྩོན་འགྲུས་རང་བཞིན་ཆུ། །ལེ་ལོའི་དྲི་མ་སྦྱོང་མཛད་ཅིང་། །བརྩོན་འགྲུས་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱི་ཁྲུས་བགྱིའོ། །འདི་ནི་བསམ་གཏན་རང་བཞིན་ཆུ། །རྣམ་གཡེང་དྲི་མ་སྦྱོང་མཛད་ཅིང་། །བསམ་གཏན་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱི་ཁྲུས་བགྱིའོ། །འདི་ནི་ཤེས་རབ་རང་བཞིན་ཆུ། །ཤེས་འཆལ་དྲི་མ་སྦྱོང་མཛད་ཅིང་། །ཤེས་རབ་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱི་ཁྲུས་བགྱིའོ། །ཆུ་བོ་དྲུག་གིས་ཁྲུས་བྱས་པས། །བག་ཆགས་རྣམ་དྲུག་སྦྱོང་མཛད་ཅིང་། །གང་ལ་ཉེས་པ་མི་མངའ་བ། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །དྲི་ཆུ་དྲུག་གིས་ཁྲུས་བྱས་པས། །དྲི་མ་རྣམ་དྲུག་སྦྱོང་མཛད་ཅིང་། །རྒྱ་ཆེན་ཡོན་ཏན་དྲུག་ལྡན་པའི། །ཁྲུས་ལེགས་མཛད་ལ་ཉེས་མི་མངའ། །དྲི་མ་རྣམ་དྲུག་དག་པ་ཡིས། །ཡོན་ཏན་ཐམས་ཅད་དང་ལྡན་པའི། །སངས་རྒྱས་ཐམས་ཅད་མཆོད་དོན་དུ། །དད་པས་བདག་གིས་ཁྲུས་བགྱིའོ། །ཨཱོྃ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཆེ་གེ་མོའི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་དྲུག་ཞི་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་གྱུར་ཅིག། འདོད་
(༤༢༡)ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་ཚེ་འདས་དུག་གསུམ་སྟེ། །བཅོམ་ལྡན་སངས་རྒྱས་དུག་མི་མངའ། །སངས་རྒྱས་བདེན་པས་དུག་བཅོམ་མོ། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་ཚེ་འདས་དུག་གསུམ་སྟེ། །སྐྱོབ་པའི་དམ་ཆོས་དུག་མི་མངའ། །དམ་ཆོས་བདེན་པས་དུག་བཅོམ་མོ། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་ཚེ་འདས་དུག་གསུམ་སྟེ། །འཕགས་པའི་དགེ་འདུན་དུག་མི་མངའ། །དགེ་འདུན་བདེན་པས་དུག་བཅོམ་མོ། །ཆེ་གེ་མོའི་ཉོན་མོངས་པ་དུག་ལྔ་དུག་གསུམ་ཐམས་ཅད་དཀོན་མཆོག་གསུམ་གྱི་བདེན་པས་ཤནྟིང་ཀུ་རུ་ཡེ་སྭཱ་ཧཱ། ཡང་འབྱུང་བ་བཞིས་བཀྲུ་ཞིང་། །ས་ནི་དུག་གི་ཕ་ཡིན་ཏེ། །ས་ནི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་བརྗོད་པས། །དུག་གསུམ་ས་ཡི་ནང་དུ་སོང་། །ཆུ་ནི་དུག་གི་ཕ་ཡིན་ཏེ། །ཆུ་ནི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་བརྗོད་པས། །དུག་གསུམ་ཆུ་ཡི་ནང་དུ་སོང་། །མེ་ནི་དུག་གི་ཕ་ཡིན་ཏེ། །མེ་ནི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་བརྗོད་པས། །དུག་གསུམ་མེ་ཡི་ནང་དུ་སོང་། །རླུང་ནི་དུག་གི་ཕ་ཡིན་ཏེ། །རླུང་ནི་དུག་གི་མ་ཡང་ཡིན། །བདེན་
(༤༢༢)པའི་བདེན་ཚིག་འདི་བརྗོད་པས། །དུག་གསུམ་རླུང་གི་ནང་དུ་སོང་། །ཨཱོྃ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཆེ་གེ་མོའི་འབྱུང་བའི་དུག་ཐམས་ཅད་འབྱུང་བ་བཞིའི་ནང་དུ་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བཀྲུས་ནས་ཤིས་པ་བརྗོད་པ་ནི། གང་ལ་སེར་སྣ་རྣམ་ཆགས་པ། །རྣམ་འཇོམས་དྲི་མ་སྦྱོང་མཛད་ཅིང་། །ཐུགས་ཞི་གནོད་པ་མི་མངའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །འདྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་པའི་ལམ་དུ་འཛུད་མཛད་ཅིང་། །ཆོས་རྣམས་ཐམས་ཅད་སྟོན་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྟོན་པ་འགྲོ་བ་རྣམས་ཀྱི་རྟེན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གང་ཕྱིར་བདེ་ལ་མངའ་མཛད་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྐྱོབ་པ་གང་ཞིག་བྱམས་པ་ཡི། །ཐུགས་ཀྱིས་འགྲོ་བ་འདི་དག་ཀུན། །བུ་གཅིག་བཞིན་དུ་རྟག་བསྐྱངས་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་འཁོར་བར་འགྲོ་བ་ཡི། །སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང་། །གླིང་དང་དཔུང་གཉེན་གྱུར་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་ཆོས་རྣམས་མངོན་སུམ་གྱུར། །གཙང་ཞིང་བཀྲུ་བ་མི་མངའ་ལ། །གསུམ་གཙང་གཙང་མར་མཛད་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་
(༤༢༣)འགྱུར། །དཔའ་བོ་ཆེན་པོ་གང་སྐྱེས་པ། །ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང་། །དོན་གྲུབ་ཚོགས་ཀྱང་གྲུབ་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་སྐྱེས་པས་ས་རྣམས་ནི། །ནགས་ཚལ་བཅས་པར་རབ་གཡོས་ཏེ། །སེམས་ཅན་རབ་དགའ་མཛད་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །བྱང་ཆུབ་སྙིང་པོར་གཤེགས་པ་ན། །ས་དག་རྣམ་དྲུག་གཡོས་གྱུར་ཅིང་། །བདུད་ཡིད་མི་བདེར་གྱུར་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་རྣམ་གསུང་ཞིང་། །ཐུབ་པའི་སྙན་པ་གང་བྱུང་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཡིད་འཕྲོག་གང་ཞིག་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང་། །ཚོགས་ཀུན་དབང་དུ་མཛད་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད། །བརྒྱ་བྱིན་ཚངས་པའི་ལྷ་རྣམས་དང་། །འབྱུང་པོ་ཀུན་གྱི་བདེ་ལེགས་ནི། །ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག། སངས་རྒྱས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀུན་གྱི་བསམ་པ་ཡིས། །ཁྱེད་ཀྱི་འདོད་དོན་གང་ཡིན་པའི། །དོན་དེ་དེ་རིང་འགྲུབ་གྱུར་ཅིག།
(༤༢༤)རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག། རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག། ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག། ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག། ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལ་བདེ་ལེགས་ཤིང་། །ཉིན་མཚན་ཀུན་ཏུ་བདེ་ལེགས་ཤོག། ཁྱེད་ཅག་སྡིག་པར་མ་གྱུར་ཅིག། རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག། ཚེ་ལས་འདས་པ་ཆེ་གེ་མོས་གཙོ་བྱས་པའི་སྐྱེ་དགུ་ཐམས་ཅད་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ཞིང་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག། ཅེས་བརྗོད་ནས་བྱང་བུ་འཛིན་པས། འཇིག་རྟེན་འདི་ནས་ཕ་རོལ་ཏུ་ཚེ་ལས་འདས་པས་གཙོ་བྱས་པའི་སེམས་ཅན་ཐམས་ཅད། གང་གི་དྲིན་གྱི་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་འཆང་ཞབས་པད་ལ་འདུད། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །དང་པོར་མེ་ཏོག་ཕོག་པ་ཡི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འདུད། །ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདེ་
(༤༢༥)གཤེགས་རྒྱལ་བ་ཀུན་བཟང་རིགས་ལྔའི་གཙོ། །སེམས་དཔའ་སེམས་མ་སྒོ་སྐྱོང་ཐུབ་པ་དྲུག། ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལྷ་ཚོགས་ལ། །གུས་པས་ཕྱག་འཚལ་སྐྱབས་སུ་ཉེ་བར་མཆི། །གཞན་ཡང་ཕྱོགས་བཅུའི་རྒྱལ་བ་རྒྱ་མཚོ་དང་། །བྱང་ཆུབ་ལྕམ་བྲལ་ལྷ་དང་ལྷ་མོའི་ཚོགས། །རྡོ་རྗེ་ཕོ་ཉ་མཁའ་འགྲོ་ཤུག་འགྲོར་བཅས། །གུས་པས་ཕྱག་འཚལ་སྐྱབས་སུ་ཉེ་བར་མཆི། །རྒྱལ་སྲས་ཉན་ཐོས་རང་སངས་རྒྱས་པའི་ཚོགས། །རྒྱུན་བཞུགས་ཕྱིར་འོང་ཕྱིར་མི་འོངས་པ་དང་། །སློབ་དང་མི་སློབ་བསོད་ནམས་ཞིང་རྣམས་ལ། །གུས་པས་ཕྱག་འཚལ་སྐྱབས་སུ་ཉེ་བར་མཆི། །ཐོག་མེད་དུས་ནས་འཁོར་བའི་རྒྱ་མཚོ་འདིར། །མ་རིག་དབང་གིས་འཁྲུལ་ཞིང་འཁྱམས་པའི་ཚེ། །ལུས་ངག་ཡིད་ཀྱིས་སྡིག་པ་ཅི་བགྱིས་པ། །མ་ལུས་ད་ལྟ་སོ་སོར་བཤགས་པར་བགྱི། །ཉན་ཐོས་རང་རྒྱལ་ཐེག་པ་ཆེ་ལ་སོགས། །སོ་སོའི་བསྟན་པ་རྒྱ་མཚོའི་འདུལ་ཁྲིམས་ལས། །འགལ་ཞིང་ནོངས་པའི་དངོས་པོ་ཅི་མཆིས་པ། །མ་ལུས་ད་ལྟ་སོ་སོར་བཤགས་པར་བགྱི། །ཤེས་དང་སྤྱད་དང་དང་དུ་བླངས་ལ་སོགས། །ཉི་ཤུ་རྩ་ལྔ་རྩ་བ་ཡན་ལག་བཅས། །བསྲུངས་
(༤༢༦)མཚམས་དུས་ལས་ཡོལ་བ་མཆིས་སོ་འཚལ། །མ་ལུས་ད་ལྟ་སོ་སོར་བཤགས་པར་བགྱི། །མདོར་ན་ཉེས་ལྟུང་སྡིག་པའི་ཚོགས་ཀུན་བཤགས། །དགེ་ལ་ཡི་རང་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་རྟག་པར་གསོལ་བ་འདེབས། །འགྲོ་བའི་དོན་དུ་སངས་རྒྱས་འགྲུབ་པར་ཤོག། ཅེས་པས་ཕྱག་འཚལ་ནས། དེ་ནས་ཚེ་འདས་ཀྱིས་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ་ལ། ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག། ཨཱོྃ་བཛྲ་རེ་ཁེ་ཨཱཿཧཱུྃ་ཞེས་པ་དང་། ཨེ་མ་དུས་གསུམ་རྒྱལ་བ་ཀུན་ཏུ་བཟང་། །རིགས་ལྔའི་སངས་རྒྱས་དགོངས་སུ་གསོལ། །ཚེ་འདས་ཁྱེད་ཀྱི་རྗེས་སུ་འཇུག། དཀོན་མཆོག་གསུམ་ལ་སྐྱབས་འགྲོ་དང་། །སོ་ཐར་བྱང་སེམས་དམ་ཚིག་རྣམས། །ཐར་པའི་གྲོང་དུ་འཇུག་བྱའི་ཕྱིར། །མགོན་པོས་བདག་ལ་གནང་དུ་གསོལ། །ཅེས་བརྗོད་པར་བསམ་ནས་མེ་ཏོག་དོར་བའི་ལན་དུ། ཨེ་མ་སྣོད་དང་ལྡན་པའི་བུ། །གསང་སྔགས་ཆོ་ག་ཁྱེད་ལ་བསྟན། །འདས་དང་མ་བྱོན་ད་ལྟར་གྱིས། །སངས་རྒྱས་མ་ལུས་
(༤༢༧)ཐམས་ཅད་ཀྱང་། །གསང་སྔགས་ཆོ་ག་འདི་མཁྱེན་པས། །ཀུན་ཀྱང་སངས་རྒྱས་ཐོབ་པ་ཡིན། །ཀུན་བཟང་རྒྱལ་བ་རིགས་ལྔ་ཡིས། །བདུད་ཀྱི་དཔུང་ཡང་འདི་ཡིས་བཅོམ། །དེ་ལྟར་ཁྱོད་ཀྱིས་ཐོབ་བྱའི་ཕྱིར། །འདི་ཡི་རྗེས་སུ་ཀུན་ཞུགས་མཛོད། །ཅེས་བརྗོད་ནས་སྡོམ་པ་བྱིན། །ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དགོངས། །རྐང་གཉིས་གཙོ་བོ་ཕྱོགས་བཅུའི་སངས་རྒྱས་དང་། །ཞི་བ་ཆགས་བྲལ་དམ་པའི་ཆོས་རྣམས་དང་། །ཚོགས་མཆོག་འཕགས་པའི་དགེ་འདུན་ཐམས་ཅད་ལ། །བདག་ནི་གུས་པས་སྐྱབས་སུ་ཉེ་བར་མཆི། །ཀུན་བཟང་རིགས་ལྔའི་ལྷ་ཚོགས་ལ། །འདི་བཟུངས་བླ་མེད་བྱང་ཆུབ་བར། །གུས་པའི་ཡིད་ཀྱིས་སྐྱབས་སུ་མཆི། །དཔའ་བོ་དཔའ་མོ་ཆོས་སྐྱོང་བཅས། །བྱང་ཆུབ་སེམས་དཔའ་སློབ་དཔོན་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །བླ་མ་ཀུན་བཟང་སྤྱན་སྔ་རུ། །ལུས་ངག་ཡིད་ཀྱིས་གཞན་རྣམས་ལ། །གནོད་པ་ལས་ལྡོག་དགེ་བ་བསྒྲུབ། །དགེ་ཚུལ་དགེ་སློང་བྱང་ཆུབ་སེམས། །སོ་སོར་ཐར་པའི་སྡོམ་པ་ལ། །བདག་ནི་རྒྱུན་
(༤༢༨)དུ་གནས་ཤིང་བསྲུང་། །ཞེས་པ་གསུམ་དང་། ཧོ་བླ་མ་ཀུན་བཟང་དགོངས་སུ་གསོལ། །འདི་བཟུང་བྱང་ཆུབ་མ་ཐོབ་པར། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །མ་དང་བུ་ཡི་འདུ་ཤེས་ཀྱིས། །མ་བརྒལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་དགྲོལ་དང་དབུགས་དབྱུང་ཕྱིར། །སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ། །སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱང་། །སྡོམ་པ་ལ་ནི་གནས་པ་ལྟར། །འདི་བཟུང་འཁོར་བ་མ་སྟོངས་པར། །བླ་མེད་འཇུག་པའི་བྱང་ཆུབ་སེམས། །ཚེ་འདས་བདག་གིས་བསྐྱེད་པར་བགྱི། །ཕ་རོལ་ཕྱིན་དྲུག་སློབ་ཅིང་བསྒྲུབ། །བརྩོན་འགྲུས་བདག་གིས་ཐམས་ཅད་བསྒྲལ། །ཀུན་དོན་ཚུལ་ཁྲིམས་གསུམ་རྟག་བསྲུང་། །བདག་གིས་སེམས་བསྐྱེད་སྡོམ་གཟུང་ནས། །མ་གྲོལ་དགྲོལ་དང་མ་བརྒལ་བསྒྲལ། །དབུགས་དབྱུང་མྱ་ངན་འདས་ལ་འགོད། །ཅེས་པ་གསུམ་དང་། སྲས་བཅས་སངས་རྒྱས་ཐམས་ཅད་དང་། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །ཚེ་འདས་ལ་ནི་དགོངས་སུ་གསོལ། །དེང་ནས་བྱང་ཆུབ་སྙིང་པོའི་བར། །དཀོན་མཆོག་གསུམ་ནི་མི་གཏང་ངོ། །རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང་། །བྱང་ཆུབ་སེམས་ནི་
(༤༢༩)སྤང་མི་བྱ། །རིན་ཆེན་རིགས་ཀྱི་དམ་ཚིག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །པདྨ་རིགས་ཀྱི་དམ་ཚིག་ཏུ། །ཐེག་པ་གསུམ་དང་ཆོས་རྣམས་བཤད། །ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ། །འགྲོ་བའི་དོན་ལ་བརྩོན་པར་བྱ། །ཡར་མཆོད་གུས་ཤིང་མར་ལ་བརྩེ། །རྩ་བ་ཡན་ལག་དམ་ཚིག་བསྲུང་། །རྩ་བ་བཞི་ལས་འདའ་མི་བྱ། །ཞེས་པ་གསུམ་གྱི་རྗེས་ལ། །གདོང་གཡོགས་ཡིད་ཀྱིས་བཅིངས་ལ་གསོལ་བ་བཏབ་པ། ཀྱེ་ཁྲོ་བོ་མི་བཟད་འཇིགས་པའི་སྐུ། །མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །བདག་ཅག་འཁོར་བ་ལས་བསྒྲལ་ཕྱིར། །ཁྱེད་ཀྱིས་གནང་སྟེ་གཏོང་དུ་གསོལ། །ཅེས་པ་དང་། ཁྱེད་སུ་ཡིན་ཅི་བྱེད་དྲིས་ལ། བདག་ནི་སྐལ་ལྡན་རིགས་ཀྱི་བུ་གཅིག་པོ་ལགས། །དཔལ་རིགས་ཀྱི་བདག་པོ་ལ་དབང་ཞུ། ཞེས་ལན་སྨྲས་པར་བསམས་ལ། བགེགས་བསྐྲད། ཡང་། ཀྱེ་རིགས་ལྔ་བདེ་བར་གཤེགས་པ་དང་། །བླ་མ་ཡི་དམ་མཁའ་འགྲོ་དགོངས། །སྒོ་བ་ཆེན་པོ་ཁྱེད་རྣམས་ཀྱིས། །སྒོ་ཕྱེ་ཐར་པའི་གྲོང་བསྟན་འཚལ། །ཞེས་པ་གསུམ་དང་། བླ་མ་རྡོ་རྗེ་འཛིན་པ་དང་། །དཀྱིལ་འཁོར་ལྷ་ཚོགས་སྤངས་ན་ནི། །སྐྱོབ་པ་གཞན་ནས་མི་མངའ་བས། །ཁྱེད་ཀྱི་ཐུགས་རྗེས་བདག་ལ་སྩོལ། །ཞེས་པ་གསུམ་དང་། ཨེ་མ་ཁྱོད་ནི་སྣོད་
(༤༣༠)མཆོག་དམ་པ་སྟེ། །ཁྱོད་འདོད་པ་ནི་བདག་གིས་སྦྱིན། །ཞེས་དང་། བདག་ནི་འབྲས་བུ་གསང་སྔགས་ཀྱི། །དངོས་གྲུབ་བདུད་རྩིའི་ཆུ་རྒྱུན་གྱིས། །སྨིན་ཅིང་གྲོལ་བར་འདོད་པས་ན། །ཐུགས་རྗེས་བདག་ལ་གནང་བར་མཛོད། །གསུམ་ཀྱི་རྗེས་ལ། ཨེ་མ་ཨེ་མ་རིགས་ཀྱི་བུ། །ཁྱོད་ནི་ལས་ཟད་འཁྲུལ་བ་ཞིག། རིགས་ཀྱི་བུ་མཆོག་ཁྱོད་ཡིན་པས། །ངས་ཁྱོད་ཀུན་བཟང་རིགས་ལྔ་ཡི། །དཀྱིལ་འཁོར་འཇུག་ཅིང་ཡེ་ཤེས་དབབ། །དངོས་གྲུབ་ཐམས་ཅད་ཁྱོད་ཀྱིས་ཐོབ། །དངོས་གྲུབ་དཀྱིལ་འཁོར་འདི་དག་ནི། །མ་མཐོང་བ་ལ་སྨྲས་པ་ན། །དམ་ཚིག་ཉམས་ཏེ་དམྱལ་བར་ལྟུང་། །རིགས་ལྔ་ཡེ་ཤེས་རྣམ་པ་ལྔ། །ཁྱོད་ཀྱི་སྙིང་ལ་ཞུགས་པ་སྟེ། །འདི་སྨྲས་ཡེ་ཤེས་ལྷ་དང་བྲལ། །འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །བསྲུང་ན་དངོས་གྲུབ་ཐམས་ཅད་ཐོབ། །དམ་ཚིག་བདུད་རྩིའི་ཆུ་འདི་འཐུང་། ཨཱྃ་་ཨ་མྲྀ་ཏ་དམ་ལས་མ་འདའ་སྭཱ་ཧཱ། ཁྱོད་ཀྱི་སྟོན་པ་རིགས་ལྔའི་སངས་རྒྱས་ང་ཡིན་པས། ངས་བཀའ་བསྒོ་བ་ལས་མ་འདའ་ཞིག། འདས་ན་རྡོ་རྗེའི་དམྱལ་བར་སྐྱེས་ནས་ཐོན་པའི་དུས་མེད་དོ། །ཞེས་པས་བདུད་རྩི་འཐོན་ནས། བླ་མ་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། ཚེ་འདས་ཀྱི་སྙིང་ནང་དུ་ཐིམ་པར་བསམས་ལ། ཨཱོྃ་བཛྲ་
(༤༣༡)པྲ་བེ་ཤ་ཡ་པྲ་བེ་ཤ་ཡ་ཧཱུྃ་ཧཱུྃ། ཞེས་པས་རོལ་མོ་དཀྲོལ་ལོ། །ཚེ་འདས་ཀྱིས་གསོལ་བ་འདེབས་པར་བསམས་ནས། ཀྱེ་ཤར་སྒོ་སྲུང་བའི་སྒོ་བ་ལྕགས་ཀྱུ་མ། །ཤར་གྱི་སྒོ་འདི་ཕྱེས་ལ་ནི། །ཚེ་འདས་ཡི་དམ་ལྷ་དང་སྤྲོད། །ཀྱེ་ལྷོ་སྒོ་སྲུང་བའི་སྒོ་བ་ཞགས་པ་མ། །ལྷོ་ཡི་སྒོ་འདི་ཕྱེས་ལ་ནི། །ཚེ་འདས་ཡི་དམ་ལྷ་དང་སྤྲོད། །ནུབ་སྒོ་སྲུང་བའི་སྒོ་བ་ལྕགས་སྒྲོག་མ། །ནུབ་ཀྱི་སྒོ་འདི་ཕྱེས་ལ་ནི། །ཚེ་འདས་ཡི་དམ་ལྷ་དང་སྤྲོད། །བྱང་སྒོ་སྲུང་བའི་སྒོ་བ་ དྲིལ་བུ ་མ། །བྱང་གི་སྒོ་འདི་ཕྱེས་ལ་ནི། །ཚེ་འདས་ཡི་དམ་ལྷ་དང་སྤྲོད། །ཅེས་བརྗོད་ནས་མེ་ཏོག་དོར་ཏེ། ཀྱེ་བདེ་གཤེགས་རིགས་ལྔའི་ཕོ་བྲང་དུ། །འབྲེལ་པའི་མེ་ཏོག་འདི་དོར་བས། །འབྲེལ་པ་གང་ཡོད་ལྷ་དང་བདག་འཕྲད་ཤོག། ཨཱོྃ་པུཥྤེ་སིདྡྷི་སྟྭྃ། ཞེས་དོར་ནས། སྟོན་པ་རིགས་ལྔའི་སངས་རྒྱས་ཀྱིས། །ཁྱོད་ཀྱི་མ་རིག་འཁོར་བའི་མིག། ཡེ་ཤེས་སྤྱན་དུ་དབྱེ་བ་ལྟར། །དེ་བཞིན་ཁྱོད་ཀྱིས་འགྲོ་བ་རྣམས། །ཡེ་ཤེས་སྤྱན་དུ་འབྱེད་པར་ཤོག། ཨཱོྃ་ཙཀྵུ་སྭཱ་ཧཱ། །ཞེས་ཡིད་ཀྱིས་གདེངས་གཡོགས་ཕྱེ་ས་ལ། ཨེ་མ་ཚེ་འདས་རིགས་ཀྱི་བུ། །ཁྱོད་ནི་སྡིག་པ་ཀུན་ལས་གྲོལ། །དཀྱིལ་འཁོར་ཆེན་པོ་འདི་ལ་ལྟོས། །ལུས་ངག་ཡིད་ཀྱིས་དད་པ་བསྐྱེད། །སྔགས་དང་ཕྱག་རྒྱས་བྱིན་གྱིས་
(༤༣༢)བརླབས། །དངོས་གྲུབ་ཐམས་ཅད་ཁྱོད་ཀྱིས་ཐོབ། །དམ་ཚིག་སྔགས་ལ་བརྩོན་པར་གྱིས། ཀྱེ་རིགས་ཀྱི་བུ་རྡུལ་ཚོན་གྱི་དལ་འདི་ནི་རྟེན་ལྷའི་གཞལ་ཡས་ཁང་སྟེ། ཕུང་པོ་ཁམས་དང་སྐྱེ་མཆེད་མཚོན། དེ་ན་བཞུགས་པའི་ལྷ་ནི། རང་གི་སེམས་རིགས་ལྔའི་སངས་རྒྱས་སུ་བཞུགས་པར་དྲན་པར་གྱིས་ཤིག། ཅེས་བརྗོད་ནས། ཡང་མཎྜལ་ཕུལ་ཏེ། ཀུན་བཟང་ཡབ་ཡུམ་ཡེ་ཤེས་དབང་། །བདག་ལ་བསྐུར་བར་མཛད་དུ་གསོལ། །ཅེས་གསུམ་བརྗོད་དུས། མེ་ཏོག་གང་ལ་ཕོག་པ་འདི། །སྔོན་ནས་ཁྱོད་ཀྱི་ཡི་དམ་ལྷ། །རྟག་ཏུ་བསྒོམ་དང་བསྒྲུབ་པར་གྱིས། །ཨཱོྃ་བཛྲ་པུཥྤེ་སིདྡྷི་སྟྭྃ། ཞེས་པས་མེ་ཏོག་བཅིངས་ལ། ཚེ་འདས་རྡོ་རྗེ་སེམས་དཔར་བསམས་ལ། བུམ་པ་སྤྱི་བོར་འཛིན་པས། ཧཱུྃ་གཟུགས་ཀྱི་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་ཞེ་སྡང་སྦྱོང་བྱེད་པའི། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས། །དཔལ་ལྡན་སྐུ་ཡི་དབང་བསྐུར་རོ། །ཨཱོྃ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། འོ་རིགས་ཀྱི་བུ་ཁྱོད་ལ་ཆུ་འདི་གཏད་ཅིང་བཀྲུས་པ་ཙམ་གྱིས། ལུས་ཀྱི་སྒྲིབ་པ་ཐམས་ཅད་དག་ནས་འདིར་སངས་རྒྱས་ཐམས་ཅད་ཀྱི་སྐུའི་དབང་ཐོབ་པ་ཡིན་ནོ། །ཁྱོད་ཀྱི་གཟུགས་ཀྱི་ཕུང་པོ་རྡོ་རྗེ་སེམས་དཔའ་ཉིད་དུ་སངས་རྒྱས་ཏེ། ཆུའི་ཁམས་མཱ་མ་ཀཱིའི་རང་བཞིན་དུ་གནས་འགྱུར་ནས། ཞེ་སྡང་མེ་
(༤༣༣)ལོང་ལྟ་བུའི་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་རྡོ་རྗེ་རིགས་ཀྱི་སྐུ་འགྱུར་བ་མེད་པ་ཐོབ་ནས་འགྲོ་བ་ཐམས་ཅད་ཀྱི་དོན་བྱེད་པར་འགྱུར་རོ། །ཞེས་པ་དང་། སྣང་བ་མཐའ་ཡས་སུ་བསམས་ཏེ་རྡོ་རྗེ་བཟུང་ནས། ཧཱུྃ་འདུ་ཤེས་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་འདོད་ཆགས་སྦྱོང་བྱེད་པའི། །སོ་སོར་རྟོགས་པའི་ཡེ་ཤེས་ཀྱིས། །དཔལ་ལྡན་གསུང་གི་དབང་བསྐུར་རོ། ཨཱྃ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿའོ་རིགས་ཀྱི་བུ་ཁྱོད་ཀྱི་ལག་ཏུ་རྡོ་རྗེ་འདི་གཏད་པ་ཙམ་གྱིས། འདིར་ངག་གི་སྒྲིབ་པ་དག་ནས། སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དབང་ཐོབ་པ་ཡིན་ནོ། །འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས་ཉིད་དུ་སངས་རྒྱས་ཏེ་མེའི་ཁམས་ཀྱང་གོས་དཀར་མོའི་རང་བཞིན་དུ་དག་ནས། འདོད་ཆགས་སོ་སོར་རྟོག་པའི་ཡེ་ཤེས་ཉིད་དུ་གྲོལ་ཏེ། སངས་རྒྱས་པདྨ་རིགས་ཀྱི་གསུང་འགགས་པ་མེད་པའི་ཆོས་ཀྱི་སྒྲ་དབྱངས་ཐོབ་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །ཞེས་པ་དང་། རྣམ་སྣང་དུ་བསམས་ནས་མིང་འདོགས་པར་མོས་ཤིང་། ཧཱུྃ་རྣམ་ཤེས་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་གཏི་མུག་སྦྱོང་བྱེད་པའི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས། །དཔལ་ལྡན་ཐུགས་ཀྱི་དབང་བསྐུར་རོ། །ཨཱོྃ་བུདྡྷ་ཨ་བྷི་ཥིཉྩ་ཨཱོྃ་།འོ་རིགས་ཀྱི་བུ་
(༤༣༤)ཁྱོད་ལ་མིང་ཆེ་གེ་མོ་ཞེས་བྱ་བ་བཏགས་པ་ཙམ་གྱིས། འདིར་ཡིད་ཀྱི་སྒྲིབ་པ་དག་ནས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དབང་ཐོབ་པ་ཡིན་ནོ། །རྣམ་པར་ཤེས་པ་ཡང་རྣམ་པར་སྣང་མཛད་དུ་སངས་རྒྱས་ཏེ། ནམ་མཁའི་ཁམས་ཀྱང་ཆོས་ཀྱི་དབྱིངས་ཕྱུག་མར་དག་ནས། གཏི་མུག་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་དེ་བཞིན་གཤེགས་པའི་ཐུགས་འཁྲུལ་པ་མེད་པ་ཆོས་ཀྱི་སྐུ་ཐོབ་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །ཞེས་པ་དང་། རིན་འབྱུང་དུ་བསམས་ནས་དབུ་རྒྱན་ཐོགས་ནས། ཧཱུྃ་ཚོར་བའི་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་ང་རྒྱལ་སྦྱོང་བྱེད་པའི། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས། །དཔལ་ལྡན་ཡོན་ཏན་དབང་བསྐུར་རོ། །ཨཱོྃ་རཏྣ་ཨ་བྷི་ཥིཉྩ་ཏྲཱྃ། འོ་རིགས་ཀྱི་བུ་ཁྱོད་ལ་དབུ་རྒྱན་འདི་བསྐོན་པ་ཙམ་གྱིས། འདིར་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་ནས། སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་དབང་ཐོབ་པ་ཡིན་ནོ། །ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་ཉིད་དུ་སངས་རྒྱས་ཏེ། སའི་ཁམས་ཀྱང་སངས་རྒྱས་སྤྱན་དུ་དག་ནས། ང་རྒྱལ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་རིན་ཆེན་རིགས་ཀྱི་ཡོན་ཏན་ཐམས་ཅད་མཁྱེན་པ་ཐོབ་ནས། འགྲོ་བའི་དོན་བྱེད་པར་འགྱུར་རོ། །ཞེས་པ་དང་། དོན་གྲུབ་ཏུ་བསམས་ནས་
(༤༣༥) དྲིལ་བུ ་འཛིན་པས། ཧཱུྃ་འདུ་བྱེད་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་ཕྲག་དོག་སྦྱོང་བྱེད་པའི། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས། །དཔལ་ལྡན་ཕྲིན་ལས་དབང་བསྐུར་རོ། །ཨོཾཱ་ཀརྨ་ཨ་བྷི་ཥིཉྩ་ཨཱཿའོ་རིགས་ཀྱི་བུ་ཁྱོད་ལ་ དྲིལ་བུ ་འདི་གཏད་པ་ཙམ་གྱིས་འདིར་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་མ་ལུས་པ་དག་ནས་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་དབང་ཐོབ་པ་ཡིན་ནོ། །འདུ་བྱེད་ཀྱི་ཕུང་པོ་ཡང་དོན་ཡོད་གྲུབ་པར་སངས་རྒྱས་ཏེ། རླུང་གི་ཁམས་ཀྱང་དམ་ཚིག་སྒྲོལ་མར་དག་ནས། ཕྲག་དོག་བྱ་བ་གྲུབ་པའི་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་དོན་ཡོད་གྲུབ་པའི་ཕྲིན་ལས་ཐོགས་པ་མེད་པ་འགྲུབ་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །ཞེས་པ་དང་། ཀུན་ཏུ་བཟང་པོར་བསམས་ཏེ། རྡོ་རྗེ་ དྲིལ་བུ ་འཛིན་པས། ཨཱོྃ་ཿཧཱུྃ་ཐབས་དང་ཤེས་རབ་དབྱེར་མེད་ཅིང་། །སྣང་སྟོང་དབྱེར་མེད་འདི་ཟུང་ལ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཡིས། །ཀུན་བཟང་རྡོ་རྗེ་འཛིན་ཁྱོད་ཀྱིས། །འགྲོ་ཀུན་རྗེས་སུ་འཛིན་པར་མཛོད། །འོ་རིགས་ཀྱི་བུ་ཁྱོད་ལ་རྡོ་རྗེ་དང་ དྲིལ་བུ ་འདི་གཏད་པ་ཙམ་གྱིས། འདིར་ཐམས་ཅད་མཁྱེན་པའི་ས་བོན་ཐེབས་ནས། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་ཀུན་ཏུ་བཟང་པོ་རིག་པའི་རྩལ་དབང་ཐོབ་
(༤༣༦)པ་ཡིན་ནོ། །རང་གི་སེམས་སྐྱེ་བ་མེད་པ་ཆོས་ཀྱི་སྐུར་སངས་རྒྱས་ཏེ། འདི་ལྟར་སྣང་བ་ཐམས་ཅད་མ་སྤངས་གནས་སུ་དག་ནས། སྐུ་གསུམ་འབྲལ་བ་མེད་པས་འགྲོ་བའི་དོན་དཔག་ཏུ་མེད་པ་འགྲུབ་པར་འགྱུར་རོ། །ཞེས་པ་དང་། རྣམ་རྒྱལ་གྱི་བུམ་པ་འཛིན་པས། ཧཱུྃ་རྡོ་རྗེ་སེམས་དཔའ་བཅོམ་ལྡན་འདས། །མཱ་མ་ཀཱི་ཡི་ཕྱག་རྒྱ་བུམ་པ་སྡེ། །གཉིས་མེད་བྱང་ཆུབ་སེམས་ཀྱི་ཆུས། །རིགས་ཀྱི་བུ་ལ་དབང་བསྐུར་རོ། །སྣང་བ་མཐའ་ཡས་བཅོམ་ལྡན་འདས། །གོས་དཀར་མོ་ཡི་ཕྱག་རྒྱ་བུམ་པ་སྟེ། །གཉིས་མེད་བྱང་ཆུབ་སེམས་ཀྱི་ཆུས། །རིགས་ཀྱི་བུ་ལ་དབང་བསྐུར་རོ། །རྣམ་པར་སྣང་མཛད་བཅོམ་ལྡན་འདས། །ཀུན་ཏུ་བཟང་མོའི་ཕྱག་རྒྱ་བུམ་པ་སྟེ། །གཉིས་མེད་བྱང་ཆུབ་སེམས་ཀྱི་ཆུས། །རིགས་ཀྱི་བུ་ལ་དབང་བསྐུར་རོ། །རིན་ཆེན་འབྱུང་ལྡན་བཅོམ་ལྡན་འདས། །སངས་རྒྱས་སྤྱན་མའི་ཕྱག་རྒྱ་བུམ་པ་སྟེ། །གཉིས་མེད་བྱང་ཆུབ་སེམས་ཀྱི་ཆུས། །རིགས་ཀྱི་བུ་ལ་དབང་བསྐུར་རོ། །དོན་ཡོད་གྲུབ་པ་བཅོམ་ལྡན་འདས། །དམ་ཚིག་སྒྲོལ་མའི་ཕྱག་རྒྱ་བུམ་པ་སྟེ། །གཉིས་མེད་བྱང་ཆུབ་སེམས་ཀྱི་ཆུས། །རིགས་ཀྱི་བུ་ལ་དབང་བསྐུར་རོ། །ཨཱོྃ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱ་ཀི་ནི་སིདྡྷི་ཕ་ལ་ཧཱུྃ། ཨཱོྃ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཧ་རི་ནི་ས་ཨ་བྷི་ཥིཉྩ་བྷྲཱུྃ། སིདྡྷི་
(༤༣༧)ཕ་ལ་ཧཱུྃ་ཨཱཿའོ་རིགས་ཀྱི་བུ་ཁྱོད་ལ་དབང་ཐམས་ཅད་བརྟན་པར་བྱེད་པ་བུམ་པའི་དབང་འདི་བསྐུར་བ་ཙམ་གྱིས། སྣོད་བཅུད་ལྷ་དང་གཞལ་ཡས་ཁང་གི་རང་བཞིན་ཕུང་པོ་ཁམས་དང་སྐྱེ་མཆེད་ལྷ་དང་ལྷ་མོར་གནས་གྱུར་པ་ཡིན་པས། ཕྱི་ནང་སྣོད་བཅུད་ཐམས་ཅད་ལ་བརྙས་པ་བྱས་ན་ལྟུང་བར་འགྱུར་བས་དག་སྣང་དང་མོས་པ་གྱིས་ལ་མཆོད་པ་དང་བསྟོད་པ་ལ་དགའ་བ་དང་པོ་ཤེས་པར་གྱིས་ཤིག། ཅེས་པ་དང་། རིགས་ལྔའི་དབུ་བརྒྱན་བསྟན་ལ། འོ་རིགས་ཀྱི་བུ་ཁྱོད་ལ་རིགས་ལྔའི་སྐུ་འདི་བསྟན་པ་ཙམ་གྱིས། ཡེ་ཤེས་ལྔའི་ངོ་བོར་སངས་རྒྱས་པ་ཡིན་ནོ། །དེ་ཡང་ཉོན་མོངས་པ་རང་བཞིན་གྱིས་དག་ཅིང་ཡེ་ཤེས་ལྔ་རྒྱས་པས། རང་བཞིན་གྱི་དོན་གཉིས་ལྷུན་གྱིས་གྲུབ་པའི་བརྡ་ཡིན་ནོ། །ཞེས་པ་དང་། དེ་ལྟར་བརྡ་ཡི་ངོ་སྤྲོད་ཀྱང་། །ལོགས་ན་ཡོད་པ་མ་ཡིན་ཏེ། །རང་གི་ལུས་སེམས་འདི་ལ་ཚང་། །འཁོར་འདས་རིག་པའི་ཡེ་ཤེས་ཏེ། །སྐུ་ལྔ་ཡེ་ཤེས་ལྷུན་གྱིས་གྲུབ། །སངས་རྒྱས་གཞན་དུ་མ་འཚོལ་ཅིག། ཅེས་པ་དང་། ཨེ་མ་ཚེ་འདས་བུ་ཉོན་ཅིག། ཐུན་མོངས་སྐྱབས་འགྲོ་ནས་བརྩམས་པའི། །སོ་ཐར་བྱང་སེམས་བསླབ་བྱ་དང་། །རིག་འཛིན་སྔགས་ཀྱི་དམ་ཚིག་ཀུན། །བྱང་ཆུབ་མ་ཐོབ་བར་དུ་ནི། །སྲོག་གི་ཕྱིར་
(༤༣༨)ཡང་མ་གཏང་ཞིག། དམ་ཚིག་ཉམས་ན་བསྐལ་པ་རུ། །ངན་སོང་གསུམ་ནས་ཐར་མི་སྲིད། །དེ་ཕྱིར་སྲུངས་ཤིག་རིགས་ཀྱི་བུ། །འོ་ཁྱོད་ཀྱིས་གསང་སྔགས་ཀྱི་དབང་ཐམས་ཅད་རྫོགས་པར་ཐོབ་པ་ཡིན་པས་དད་པ་དང་དམ་ཚིག་ཐམས་ཅད་ལེགས་པར་བསྲུང་བ་ལ་བརྩོན་པར་མཛོད་ཅིག། ཅེས་བརྗོད་ནས། ཤིན་ཏུ་དབེན་ཞིང་སྐལ་བ་མཆོག་རབ་དང་ལྡན་པ་ལ་དབང་ལྷག་མའང་བསྐུར་ཞིང་། ཐུན་མོང་པ་ཐམས་ཅད་དེ་ནས་མཎྜལ་ཕུལ་ལོ། །བླ་མ་རྡོ་རྗེ་འཛིན་པ་ལ། །དེང་ནས་བྱང་ཆུབ་སྙིང་པོའི་བར། །ལུས་དང་ལོངས་སྤྱོད་ཀུན་གྱིས་མཆོད། །ཁྱེད་ཀྱི་རྗེས་སུ་གཟུང་མཛོད་ལ། །སྲིད་པའི་རྒྱ་མཚོ་ལས་བརྒལ་མཛོད། །ཅེས་བཏང་རག་ཕུལ་བ་དང་། སླར་ཡང་མཆོད་ཅིང་བསྟོད་པ། ཁ་དོག་དབྱིབས་ལེགས་ཡིད་འོངས་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །མོས་བློས་རྟེན་གྱི་ལྷ་ལ་མཆོད་པར་བགྱི། །བཞེས་ཤིག་བླ་མེད་ཐར་ལམ་གྲུབ་པར་མཛོད། ཨཱོྃ་སརྦ་ཏ་ཐཱ་ག་ཏ་རཱུ་པ་ཀ་མ་གུ་་པཱུ་ཛི་ཏེ་ཨཱཿཧཱུྃ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་མཆོག་སྒྲ་སྙན་ཡིད་འོངས་ལྡན། །མོས་བློས་རྟེན་གྱི་ལྷ་ལ་མཆོད་པར་བགྱི། །བཞེས་ཤིག་བླ་མེད་ཐར་ལམ་གྲུབ་པར་མཛོད། ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཤབྟ་ཀ་མ་
(༤༣༩)གུ་་པཱུ་ཛི་ཏི་ཨཱཿཧཱུྃ། ཕྱོགས་དུས་ཀུན་ན་ཙན་དན་སྒྲུལ་སྙིང་དང་། །ཨ་གར་ནག་སོགས་དབང་པོ་ཚིམས་བྱེད་དྲི། །མོས་བློས་རྟེན་གྱི་ལྷ་ལ་མཆོད་པར་བགྱི། །བཞེས་ཤིག་བླ་མེད་ཐར་ལམ་གྲུབ་པར་མཛོད། ཨཱྃ་སརྦ་ཏ་ཐཱ་ག་ཏ་གྷནྡྷེ་ཀ་མ་གུ་་པཱུ་ཛི་ཏེ་ཨཱཿཧཱུྃ། །ཕྱོགས་དུས་ཀུན་ན་བཅུད་དང་རོར་ལྡན་པའི། །ལུས་སེམས་བརྟས་བྱེད་རོ་མཆོག་ཅི་མཆིས་ཀུན། །མོས་བློས་རྟེན་གྱི་ལྷ་ལ་མཆོད་པར་བགྱི། །བཞེས་ཤིག་བླ་མེད་ཐར་ལམ་གྲུབ་པར་མཛོད། ཨཱོྃ་སརྦ་ཏ་ཐཱ་ག་ཏ་རཱས་ཀ་མ་གུ་་པཱུ་ཛི་ཏི་ཨཱཿཧཱུྃ། ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་ལུས་སེམས་ཚིམས་བྱེད་རྣམས། །མོས་བློས་རྟེན་གྱི་ལྷ་ལ་མཆོད་པར་བགྱི། བཞེས་ཤིག་བླ་མེད་ཐར་ལམ་གྲུབ་པར་མཛོད། ཨཱོྃ་ས་རྦ་ཏ་ཐཱ་ག་ཏ་པརྴེ་ཀ་མ་གུ་་པཱུ་ཛི་ཏི་ཨཱཿཧཱུྃ། །ཡེ་ནས་རྣམ་དག་ཆོས་སྐུ་དག་པ་ལས། །སྣ་ཚོགས་ཐབས་ཀྱི་གཟུགས་སྐུར་རྣམ་སྤྲུལ་ཞིང་། །འགྲོ་བའི་དོན་གཉིས་ལྷུན་གྱིས་གྲུབ་མཛད་པ། །རྡོ་རྗེ་སེམས་དཔའ་ཆེ་ལ་ཕྱག་འཚལ་ལོ། །ཞེས་བརྗོད་ནས། །ནུབ་ཐ་མལ་འདིར་བྱང་བུའི་རྣམ་ཤེས་ནམ་མཁར་ཧཱུྃ་དུ་བསམས་ལ་འོག་ཏུ་མེ་སྦར་སྟེ། གསོན་ཅིག་དགོངས་ཤིག་རིགས་ཀྱི་བུ། །ཕུང་པོ་ལྔ་ཡི་བུད་ཤིང་ལ། །རྒྱལ་བ་རིགས་ལྔའི་མེ་སྦར་རོ། །
(༤༤༠)འབྱུང་བ་བཞི་ཡི་བུད་ཤིང་ལ། །ལྷ་མོ་བཞི་ཡི་མེ་སྦར་རོ། །རྣམ་ཤེས་བརྒྱད་ཀྱི་བུད་ཤིང་ལ། །བྱང་ཆུབ་སེམས་དཔའི་མེ་སྦར་རོ། །སྐྱེ་མཆེད་དྲུག་གི་བུད་ཤིང་ལ། །ཐུབ་པ་དྲུག་གི་མེ་སྦར་རོ། །ཁམས་དང་ཕུང་པོའི་བུད་ཤིང་ལ། །ཁྲོ་བོ་ཡེ་ཤེས་མེ་སྦར་རོ། །ལུས་ངག་ཡིད་གསུམ་བུད་ཤིང་ལ། །རྒྱལ་བའི་སྐུ་གསུམ་མེ་སྦར་རོ། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་ལ། །འགྲོ་བའི་དོན་དུ་འགྲུབ་པར་ཤོག། ཅེས་བསྲེགས་ནས། དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། །དཀོན་མཆོག་རིན་ཆེན་ལས་བྱུང་བ། །དཀོན་མཆོག་རིན་ཆེན་འོད་ཟེར་གྱིས། །རིན་ཆེན་ཕྲེང་བ་རྣམ་དག་པ། །ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་སྒོམ་པའི་ལམ། །བླ་ན་མེད་པའི་ཁྱད་པར་ལམ། །བྱང་ཆུབ་བར་ཆད་མེད་པའི་ལམ། །རྣམ་པར་གྲོལ་བའི་ལམ་དག་ལ། །བརྟེན་ནས་སྡིག་པ་ཀུན་སྦྱངས་ནས། །འཕགས་པའི་ལམ་དེར་འགྲོ་བར་ཤོག། ཨཱོྃ་རད་ནེ་རད་ནེ། རད་ནས་མ་བྷཱ་ཝེ། རད་ན་མཱ་ལ། རད་ན་ཀི་བི་ཤུདྡྷེ། ཤོ་དྷ་ཡ། སརྦ་པཱ་པྃ་སྭཱ་ཧཱ། པདྨ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་པའི། །སྲིད་པའི་པདྨོ་ལས་བྱུང་བའི། །བདེ་བ་ཅན་དུ་སྐྱེ་བར་ཤོག། ཨཱོྃ་པདྨེ་པདྨེ་པདྨ་སྃ་བྷ་ཝེ། སུ་ཁྃ་བྷ་ར་དྷ་ཡ། གྷ་ཚ་རུ་སྭཱ་ཧཱ། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་
(༤༤༡)དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་ཚེ་འདས་དེར་ཐོབ་ཤོག། ཅེས་མེ་ཏོག་འཐོར་པས་ནུབ་ཕྱོགས་པདྨ་བརྩེགས་པ་རང་བཞིན་སྤྲུལ་སྐུའི་ཞིང་དུ་སྐྱེས་ཏེ། །སྟོན་པ་འོད་དཔག་མེད་འཁོར་བཅས་མཆོད་ཅིང་ལུང་བསྟན་ནས། སླར་ཡང་སྟེང་གི་ནམ་མཁའ་དྲིན་ལན་གྱི་ཚུལ་གྱིས་མི་ཏོག་གི་འཆར་འབེབས་ཤིང་། ཆེད་དུ་བརྗོད་པ། ཨེ་མ་སངས་རྒྱས་ཨེ་སངས་རྒྱས། །ཨེ་མ་སངས་རྒྱས་མཛད་པ་ལེགས། །གང་ཕྱིར་ངན་སོང་བདག་ཅག་སྦྱངས། །བྱང་ཆུབ་སྤྱོད་པ་ཉིད་ལ་བཞག། སངས་རྒྱས་འདྲ་བའི་སྟོན་པ་མེད། །ཆོས་དང་འདྲ་བའི་སྐྱོབ་པ་མེད། །དགེ་འདུན་འདྲ་བའི་ཞིང་མེད་དོ། །སྔགས་དང་འདྲ་བའི་འདྲེན་པ་མེད། །ཨེ་མ་སངས་རྒྱས་རྣམས་ཀྱིས་ནི། །སངས་རྒྱས་མཛད་པ་ཡ་མཚན་ཆེ། །ཞེས་བརྗོད་ནས་སླར་བདེ་བ་ཅན་དུ་སོང་སྟེ་སངས་རྒྱས་པར་གྱུར། དེ་ནས་སྐབས་འདིར་ཚོགས་ཀྱི་དགའ་བ་བྱས་ལ། ཨཱོྃ་ཨཱཿཧཱུྃ། །མཆོད་པའི་སྤྲིན་ཕུང་ནམ་མཁའ་དང་མཉམ་པར་གྱུར། ཆུ་དང་ཐང་ལས་སྐྱེས་པ་ཡི། །ལྷ་རྫས་དམ་པའི་མེ་ཏོག་འདི། །མེ་ལོང་ཡེ་ཤེས་བརྙེས་ལ་འབུལ། །ཚེ་འདས་དོན་དུ་བཞེས་
(༤༤༢)སུ་གསོལ། །ཨཱྃ་བཛྲ་པུཥྤེ་ཨཱཿཧཱུྃ། ལྷན་ཅིག་སྐྱེས་དང་སྦྱར་བ་ཡི། །བདུག་སྤོས་དམ་པ་འདི་དག་ནི། །མཉམ་ཉིད་ཡེ་ཤེས་བརྙེས་ལ་འབུལ། །ཚེ་འདས་དོན་དུ་བཞེས་སུ་གསོལ། ཨཱོྃ་བཛྲ་དྷཱུ་པེ་ཨཱཿཧཱུྃ། མུན་པའི་ཚོགས་རྣམས་འཇོམ་མཛད་ཅིང་། །ཕྱོགས་ཀུན་སྣང་བའི་མར་མེ་འདི། །ཀུན་རྟོག་ཡེ་ཤེས་བརྙེས་ལ་འབུལ། །ཚེ་འདས་དོན་དུ་བཞེས་སུ་གསོལ། །ཨཱོྃ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། ལྷན་ཅིག་སྐྱེས་དང་སྦྱར་བ་ཡི། །དྲི་ཡི་མཆོད་པ་འདི་དག་ནི། །བྱ་གྲུབ་ཡེ་ཤེས་བརྙེས་ལ་འབུལ། །ཚེ་འདས་དོན་དུ་བཞེས་སུ་གསོལ། ཨཱོྃ་བཛྲ་གྷནྡྷེ་ཨཱཿཧཱུྃ། ཁ་དོག་དྲི་དང་རོ་ལྡན་པའི། །ཞལ་ཟས་མཆོག་གི་བཤོས་གཙང་འདི། །ཆོས་དབྱིངས་ཡེ་ཤེས་བརྙེས་ལ་འབུལ། །ཚེ་འདས་དོན་དུ་བཞེས་སུ་གསོལ། ཨཱོྃ་བཛྲ་ནཻ་ཝི་ཏྱ་ཨཱཿཧཱུྃ། རྒྱལ་བ་རྒྱ་མཚོ་སྲས་བཅས་ལ། །སྣང་སྲིད་འདོད་ཡོན་མཆོད་པའི་སྤྲིན། །བདུད་རྩི་བདེ་ཆེན་བླ་ན་མེད། །ཡེ་ཤེས་མཆོག་གི་མཆོད་པར་བགྱི། ཨཱོྃ་ཨ་མྲྀ་ཏ་པཱུ་ཛ་སརྦ་ཨཱཿཧཱུྃ། ཧཱུྃ་ཞི་བ་ལྷུན་གྱིས་གྲུབ་པ་ཡི། །རང་བཞིན་རྣམ་དག་དཀྱིལ་འཁོར་དུ། །ཕུང་པོ་ཉོན་མོངས་གནས་གྱུར་པའི། །བདེ་གཤེགས་བཞི་བཅུ་གཉིས་ལ་འདུད། །ཆེ་མཆོག་གདོད་ནས་རྫོགས་སངས་རྒྱས། །གར་དགུའི་རོལ་པར་རབ་དགྱེས་ཤིང་། །སྣ་
(༤༤༣)ཚོགས་རྣམ་པར་འཕྲུལ་པའི་བདག། ཁྲག་འཐུང་ལྔ་བཅུ་བརྒྱད་ལ་འདུད། །ཞིང་དང་དུར་ཁྲོད་ཉེ་བའི་ཞིང་། །གནས་རྣམས་ལ་ནི་རབ་རྒྱུ་ཞིང་། །མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས། །ཀུན་ལ་རང་བཞིན་གུས་ཕྱག་འཚལ། །ཞེས་པས་བསྟོད་ལ། སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་བདེ་གྱུར་ཅིག། སྟོན་མཆོག་དམ་པ་ལྷ་མིས་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག། སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་བདེ་གྱུར་ཅིག། ཞི་བ་ཆགས་བྲལ་ལྷ་མིས་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག། སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་བདེ་གྱུར་ཅིག། ཚོགས་ཀྱི་མཆོག་རབ་ལྷ་མིས་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག། ཅེས་པས་མེ་ཏོག་འཐོར་ལ། གང་ཡང་བདག་བློ་གཏི་མུག་པས། །ལེགས་བྱས་འདི་ལ་ཉེས་གྱུར་གང་། །དེ་ཀུན་ལུས་ཅན་སྐྱབས་གྱུར་བ། །བླ་མ་མགོན་པོས་བཟོད་པར་མཛོད། །གང་ཡང་བདག་ཅག་རྩོད་པའི་དུས། །སྙིགས་མའི་དུས་ཀྱི་སེམས་ཅན་དུ་གྱུར་པ་ལགས་པས།
(༤༤༤)གཞུང་བཞིན་དུ་ཡོ་བྱད་མ་ཚོགས་པ་དང་། མ་འབོར་པ་་ཅི་མཆིས་པ་ཐམས་ཅད་བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས་བཟོད་པ་ཆེན་པོ་མཛད་དུ་གསོལ། གང་ཡང་བདག་ཅག་ལས་དང་པོ་པའི་སེམས་ཅན་དུ་གྱུར་པས། ཏིང་ངེ་འཛིན་ལ་དབང་མ་ཐོབ་སྟེ། བྱིང་བ་དང་། རྒོད་པ་དང་། ཉོན་མོངས་པའི་དབང་གིས་ཆོ་ག་ཉམས་ཤིང་ལྷག་ཆད་འགལ་འཁྲུལ་ནོར་བའི་སྐྱོན་དངོས་པོ་ཅི་མཆིས་པ་དེ་དག་བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས་བཟོད་པ་ཆེན་པོ་མཛད་དུ་གསོལ་ལོ། །ཨཱོྃ་བཛྲ་ས་ཏྭ་ས་མ་ཡཱ། མ་ནུ་པཱ་ལ་ཡ། སརྦ་སཏྭ་ཏེྭ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་བོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོ། །བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ། བཛྲ་མ་མེ་མུཉྩ། བཛྲཱི་བྷ་ཝ། མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿཞེས་བརྗོད་ནས་བསྔོ་བ་བྱ་བ་ནི། ཕྱོགས་བཅུ་ན་བཞུགས་པའི་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་ཞི་ཁྲོ་རབ་འབྱམས་ཀྱི་དལ་ཐམས་ཅད་ཚེ་ལས་འདས་པ་ལ་དགོངས་སུ་གསོལ། །ཚེ་ལས་འདས་པས་དུས་གསུམ་དུ་བསགས་པའི་དགེ་རྩ་ཐམས་ཅད་དང་གང་ཡང་བདག་ཅག་གི་ཚེ་ལས་འདས་པའི་དོན་དུ། དཀོན་མཆོག་མཆོད་ཅིང་དབང་བསྐུར། འབྱུང་པོ་ལ་གཏོར་མ་བྱིན་ས་
(༤༤༥)ལ་སོགས་པའི་དགེ་བའི་རྩ་བ་འདི་དག་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་ཚེ་ལས་འདས་པ་ཆེ་གེ་མོས་ཐོག་དྲངས། ནམ་མཁའི་མཐའ་ཀླས་པའི་སེམས་ཅན་ཐམས་ཅད་དང་། ཐུན་མོང་གཅིག་ཏུ་བྱས་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྒུད་པ་ཐམས་ཅད་དང་བྲལ་ཞིང་། ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་ཏེ། ལྷ་དང་མིའི་མཆོག་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག། དེ་མ་ཐོབ་ཀྱི་བར་དུ་ཡང་རྣམ་པར་སྨིན་པ་ལ་རེ་བ་མེད་པའི་སྦྱིན་པ་གཏང་ནུས་པར་གྱུར་ཅིག། སྲིད་པར་སྐྱེ་བ་ལ་འདུན་པ་ཐམས་ཅད་དང་བྲལ་བའི་ཚུལ་ཁྲིམས་བསྲུང་ནུས་པར་གྱུར་ཅིག། སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་བཟོད་པ་བསྒོམ་ནུས་པར་གྱུར་ཅིག། དགེ་བའི་ཆོས་མ་ལུས་པ་མྱུར་དུ་སྡུད་པའི་བརྩོན་འགྲུས་བརྩམ་ནུས་པར་གྱུར་ཅིག། གཟུགས་མེད་པའི་ཁམས་རྣམ་པར་གསལ་བའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་ནུས་པར་གྱུར་ཅིག། ཐབས་སྙིང་རྗེ་ཆེན་པོ་དང་མ་བྲལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རྟོགས་ཤིང་ཁོང་དུ་ཆུད་པར་གྱུར་ཅིག། དེ་ལྟར་གྱུར་ནས་ཀྱང་སེམས་ཅན་གྱི་དོན་དུ་
(༤༤༦)རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག། དེ་མ་ཐོབ་ཀྱི་བར་དུ་ཡང་། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་དང་མི་རྣམས་ཀྱི་ནང་དུ་ཕྱིན་པར་གྱུར་ཅིག། དེ་ཡང་མཐོ་རིས་ཡོན་ཏན་བདུན་དང་ལྡན་པ་སྐྱོན་གང་ཡང་མེད་པ་ཉིད་ཐོབ་པར་གྱུར་ཅིག། ཁྱད་པར་དུ་བླ་མ་ཡང་དག་པ་དགེ་བའི་བཤེས་གཉེན་མཐུན་པའི་ཞབས་དྲུང་དུ་སྐྱེ་བར་གྱུར་ཅིག། དེ་དག་ལས་ཐེག་པ་ཆེན་པོའི་ཆོས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཐོབ་པར་གྱུར་ཅིག། དེའི་དོན་ཉམས་སུ་བླངས་ནས་ས་དང་ལམ་ཐམས་ཅད་ཡོངས་སུ་རྫོགས་ནས། སྐུ་བཞི་ཡེ་ཤེས་ལྔ་དང་ལྡན་པའི་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་རིན་པོ་ཆེ་མྱུར་དུ་ཐོབ་པར་གྱུར་ཅིག། ཅེས་པ་གསུམ་བརྗོད་ནས། གསོན་པོའི་དོན་དུ་བསྔོ་བ། ཡང་། ཕྱོགས་བཅུ་ན་བཞུགས་པའི་བླ་མ་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་བདག་ཅག་རྣམས་ལ་དགོངས་སུ་གསོལ། གང་ཡང་བདག་ཅག་གི་དགེ་བའི་རྩ་བ་འདི་ལ་བརྟེན་ནས། རྒྱུ་སྦྱོར་བ་ཡོན་གྱི་བདག་པོས་གཙོ་བྱས་ནམ་མཁའི་མཐའ་ཀླས་པའི་སེམས་ཅན་ཐམས་ཅད་ཀྱིས། རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག། དེ་མ་ཐོབ་ཀྱི་བར་དུ་ཚེ་འདི་ཉིད་
(༤༤༧)ལ་ཡང་། ནད་དང་གདོན་དང་བར་དུ་གཅོད་པ་ཐམས་ཅད་ཞི་ཞིང་། མཐུན་པའི་རྐྱེན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག། དགེ་བ་རྒྱ་ཆེན་གྱུར་པ་འདི་ཡིས་ནི། །འགྲོ་པའི་ནང་དུ་སངས་རྒྱས་རང་བྱུང་ཤོག། སྔོན་གྱིས་རྒྱལ་བ་རྣམས་ཀྱིས་མ་བསྒྲལ་བའི། །སྐྱེ་བོའི་ཚོགས་རྣམས་བདག་གིས་སྒྲོལ་བར་ཤོག། སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་། །དགེ་འདུན་མི་ཕྱེད་འདུས་པའི་བྱིན་རླབས་ཀྱིས། །བདག་གི་ཇི་ལྟར་བསྔོས་བཞིན་འགྲུབ་པར་ཤོག། ཅེས་བརྗོད་ནས། ཨཱོྃ་ཨཱཿཧཱུྃ་གིས་སྐུ་གསུང་ཐུགས་བསྲུངས་ནས་ནུབ་ཐ་མ་ལ། ཨཱོྃ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨཱོྃ་བཛྲ་མུས་ཡེ་ཤེས་པ་གཤེགས། དམ་ཚིག་བཛྲཿཧཱུྃ་བྃ་ཧོས་བདག་ལ་ཐིམ་པར་གྱུར། །དེ་ནས་ཨཱ་ཀཱ་རོས་བྱང་ཤར་ནས་རྡོ་རྗེ་སྲིན་འགྲོས་སུ་བྱས་ཏེ། །རྡུལ་ཚོན་བསྡུས་ལ། ལས་ཀྱི་རྗེས་མི་མངོན་པར་བྱས་ནས། །ཚོམ་བུ་ལྔ་བཀོད་ནས་རིགས་ལྔའི་སངས་རྒྱས་དང་། བཀྲ་ཤིས་ཀྱི་ལྷ་ཚོགས་དཔག་ཏུ་མེད་པས་ཤིས་པ་བརྗོད་པར་བསམས་
(༤༤༨)ལ་མེ་ཏོག་འཐོར། རོལ་མོའི་སྒྲ་སྒྲོགས་ཤིང་མགྲིན་གཅིག་ཏུ། ཨཱོྃ་ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པ་འདབ་འདྲའི་སྤྱན་མངའ་བ། །བཀྲ་ཤིས་དང་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །བཀྲ་ཤིས་གཉིས་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག། ལྷ་དང་མི་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །བཀྲ་ཤིས་གསུམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། བསོད་ནམས་རི་བོ་བཞིན་དུ་བརྟན་པ་དང་། །བརྒྱུད་འཛིན་ཉི་ཟླ་བཞིན་དུ་གསལ་བ་དང་། །སྙན་པས་ནམ་མཁའ་བཞིན་དུ་ཁྱབ་པ་ཡི། །གསུམ་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །མི་མཐུན་གནོད་པའི་ཕྱོགས་ལས་གྲོལ་བ་དང་། །འདོད་པ་འགྲུབ་ཅིང་ཕུན་སུམ་ཚོགས་གྱུར་པའི། །བཞི་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། ལོ་བརྒྱ་
(༤༤༩)ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང་། །ཚེ་རིང་ནད་མེད་བདེ་ལེགས་ཕུན་སུམ་ཚོགས། །ཐེག་པ་མཆོག་ལ་ངེས་པར་འབྱུང་གྱུར་པའི། །ལྔ་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། སྦྱིན་པ་གཏོང་ཞིང་ཚུལ་ཁྲིམས་སྲུངས་བ་དང་། །བཟོད་པ་བསྒོམ་ཞིང་བརྩོན་འགྲུས་རྩོམ་པ་དང་། །མཉམ་པར་འཇོག་ཅིང་གནས་ལུགས་རྟོགས་གྱུར་པའི། །དྲུག་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། རྣམ་པར་སྣང་མཛད་རྒྱལ་བ་མི་བསྐྱོད་པ། །རིན་ཆེན་འབྱུང་ལྡན་སྣང་བ་མཐའ་ཡས་དང་། །དོན་ཡོད་གྲུབ་བཅས་རིགས་ལྔའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། བདེ་ཆེན་རྣམ་དག་ཆོས་དབྱིངས་གངས་ཆེན་མཚོ། །མཁའ་འགྲོ་རིགས་ལྔ་ཡེ་ཤེས་སྤྲིན་འཕྲོ་བ། །སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་ཞིང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། ཨཱོྃ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། །ཞེས་པས། མེ་ཏོག་གཏོར་ལ་བཀྲ་ཤིས་སུ་བྱའོ། །སྙིང་པོའི་རྩ་རྒྱུད་རྫོགས་པ་རང་བྱུང་ལས། །ཇི་ལྟར་གསུངས་བཞིན་དེ་ཡི་དོན་བསྡུས་ནས། །ཕྱི་རབས་སྐལ་ལྡན་རྣམས་ཀྱིས་རྟོགས་བྱའི་ཕྱིར། །གངས་རི་ཐོད་དཀར་མགུལ་དུ་ལེགས་པར་བཀོད། །བདག་བློ་དྲི་མེད་ནམ་མཁའ་ཡངས་པ་ལས། །མང་དུ་
(༤༥༠)ཐོས་པའི་འོད་ཟེར་སྟོང་འཕྲོ་བས། །བློ་གསལ་པདྨ་རབ་ཏུ་ཁ་ཕྱེ་ནས། །དད་ལྡན་རྣམས་ལ་ལས་འབྲེལ་རྩལ་དུ་སྣང་། །དགེ་བ་དེ་ཡིས་བདག་དང་འགྲོ་བ་ཀུན། །མ་ལུས་བདེ་འབྱུང་བདེ་གཤེགས་དབང་པོའི་གནས། །རང་བཞིན་གདོད་མའི་གླིང་དུ་ཕྱིན་གྱུར་ཏེ། །རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་གྱུར་ཤོག། གཞན་ཕན་འོད་ཀྱི་འཁོར་ལོ་ཞེས་བྱ་བ། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཐུགས་ཀྱི་འོད་ཟེར་བློའི་པདྨོར་ཕོག་པས་ཁ་བྱེ་བའི་རྣལ་འབྱོར་པ་པདྨ་ལས་འབྲེལ་རྩལ་གྱིས། སྟོན་གསུམ་མེ་ཏོག་དང་འབྲས་བུ་སྨིན་པའི་ཚེ། གངས་རི་ཐོད་དཀར་གྱི་མགུལ་ཨོ་རྒྱན་རྫོང་གི་དབེན་གནས་དམ་པར་བཀོད་པ་རྫོགས་སོ། །བྷ་ཝན་ཏུ། བཀྲ་ཤིས།། །།ཤོག་སྐྱའི་སྐོར། ཕྱག་རྒྱ་བཞི་མཆོད་འོད་ཀྱི་འཁོར་ལོའི་གནད་ཡིག་བཞུགས་སོ། །ཕྱག་རྒྱ་བཞི་མཆོད་ཅེས་བྱ་བ། །རྡོ་རྗེ་གར་མཁན་ལ་ཕྱག་འཚལ་ལོ། །མཛེས་ཤིང་ཡིད་འོང་ལྟ་བས་མེ་ངོམས་ཤིང་། །ཕྱི་ནང་མཆོད་སྤྲིན་འོད་ཟེར་རབ་འཕྲོ་བས། །རྒྱལ་བ་རྒྱ་མཚོའི་ཚོགས་ཀུན་མཉེས་མཛད་མ། །མཆོད་པའི་ལྷ་མོ་རྣམས་ལ་ཕྱག་འཚལ་ལོ། །ཕྱི་ནང་གསང་བ་བླ་ན་མེད་པ་ཡི། །ཕྱག་རྒྱའི་གར་གྱིས་རྒྱལ་བ་མཆོད་པའི་ཕྱིར། །རྒྱུད་དོན་མན་ངག་རྒྱ་མཚོའི་བཅུད་བསྡུས་ནས། །
(༤༥༡)ཕྱི་རབས་དོན་དུ་བདག་གིས་གསལ་བར་བཤད། །དེ་ལ་དང་པོ་ཕྱིའི་མཆོད་པ་ལག་པ་བྱིན་གྱིས་བརླབས་པ་ནི། །ཛཱི་ཧ་དང་མཉམ་དུ་ལག་པ་གཉིས་པུས་མོའི་སྟེང་དུ་མཐེ་བོང་ནང་དུ་བཀུག་ལ་བཀན་པའོ། །ཧ་ཡགྷྲཱི་བས་མཚམས་གཅད་པ་ནི་སྡིགས་མཛུབ་རྒྱབ་སྤྲད་པའི་མཛུབ་མོ་གཉིས་སྦྲེང་། མཐེའུ་ཆུང་གཉིས་སྤྲེལ་ནས་སྟེང་འོག་ཕྱོགས་མཚམས་སུ་སྟོན་པའོ། །སུ་མ་བྷ་ནི་ས་མཚམས་གཅད་པའང་སྔགས་ཚར་གཅིག་དུམ་བུ་བཞིར་བྱས་པ་ཕྱོགས་མཚམས་དང་། གཅིག་ཕྱེད་ཀྱིས་སྟེང་། ཕྱེད་ཀྱིས་འོག་ཏུ་ཕྱག་རྒྱ་སྔ་མས་མཚམས་གཅད་དོ། །ཡི་གེ་བརྒྱ་པ་ནི་རྡོ་རྗེ་གསོར་ཞིང་ དྲིལ་བུ ་མཆད་པར་དཀྲོལ་བའོ། །སོར་མོ་བྱིན་གྱིས་བརླབས་པ་ནི། སྐྱིལ་ཀྲུང་གི་སྟེང་དུ་ཏིང་ངེ་འཛིན་ལྟར་བཀན་ལ། རིམ་པས་རེག་ཅིང་། ཨཱོྃ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཞེས་པའོ། །གནས་ལྔར་དབང་བསྐུར་བ་ནི། བྷུདྡྷ་ཨ་བྷི་ཥིཉྩ་ལ་སོགས་པ་རིམ་པར་བརྗོད་པས་གོ་རིམ་བཞིན། ཐལ་མོ་སྦྱར་བ་སྤྱི་གཙུག། དེ་ཉིད་ལས་གུང་མོ་རྡོ་རྗེ་འདྲ་བར་གཤིབས། མཐེ་བོང་མཐེའུ་ཆུང་བརྐྱང་བ་དཔྲལ་བར། དེ་ཉིད་ལས་མཛུབ་མོ་དང་སྲིན་ལག་རིན་པོ་ཆེ་འདྲ་བར་བཀུག་སྟེ། །རྣ་བ་གཡས་ཀྱི་སྟེང་དུ། མཐེ་བོང་མཐེའུ་ཆུང་གཤིབས་
(༤༥༢)ལ་བརྐྱང་། གཞན་རྣམས་སོ་སོར་བད་འདབ་རྒྱས་པ་ལྟར་རྒྱབ་ཏུ་ཐལ་མོ་སྦྱར་བ་རྒྱ་རེ་ལྟར་བསྣོལ་ཏེ། རྣ་བ་གཡོན་པའི་ཐོག་ཏུ་བཞག་པའོ། །ཕྱོགས་བཅུ་དུས་བཞིའི་མཆོད་པ་ཡང་། །ཨརྒྷྃ་ལ་ཐལ་སྦྱར་གྱི་མཛུབ་མོ་གཉིས་དང་མཐེ་བོང་གཉིས་ཟླུམ་པོར་བཀུག། གུང་མོ་སོར་བཞག། སྲིན་ལག་མཐེའུ་ཆུང་ནང་དུ་བལྟབ་པའོ། །པུཥྤེ་ནི་རྡོ་རྗེའི་ཁུ་ཚུར་བཀན་ལ་མེ་ཏོག་འཐོར་བ་བཞིན་ནོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་དང་མཐེ་བོང་སྦྱར་བས་སྤོས་རེངས་འཛིན་པ་ལྟར་རོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མཐེ་བོང་གཉིས་མར་མེའི་སྡོང་བུ་ལྟར་སྒྲེང་ངོ། །ཐལ་སྦྱར་གྱི་མཛུབ་མོ་གཉིས་དང་། །མཐེ་བོང་གཉིས་ཟླུམ་པོར་བཀུག་གཞན་རྣམས་སོར་བཞག་ནས་དྲིའི་དུང་ཆོས་ལྟ་བུའོ། །རྡོ་རྗེ་ཐལ་མོ་ཁ་སྦུབ་ལ་བརྐྱང་པ། སླར་ལོག་སྟེ་བཤོས་འབུལ་བའི་ཚུལ་ལོ། །རྡོ་རྗེ་སེ་གོལ་བསྣོལ་ནས་སོ་སོར་གཏོག་གོ། རྡོ་རྗེ་ཐལ་མོ་ལྔ་ལ། འདོད་ཡོན་ལྔའམ་མེ་ལོང་གི་ཕྱག་རྒྱའོ། །རིག་མ་ལ་པད་སྐོར་བྱས་ནས་བསྣོལ་ཏེ་ནུ་མ་གཡས་གཡོན་གྱི་སྟེང་འཇོག་པའོ། །དཀྱིལ་འཁོར་སྒྲུབ་མཆོད་ཀྱི་པདྨ་ཀ་མ་ལ་ནི་མེ་ཏོག་འབུལ་བ་བཞིན་ནོ། །ཨྃ་ཀུ་ཤ་ནི་རྡོ་རྗེ་ཁུ་ཚུར་བསྡམས་པ་ལས། མཛུབ་མོ་གཡོན་བརྐྱངས་པའི་སྟེང་དུ། གཡས་ལྕགས་ཀྱུ་ལྟར་རྩེ་བཀུག་པའོ། །པཱ་ཤ་ཧཱུྃ་ནི་དེ་ཉིད་
(༤༥༣)ལས་ཞགས་པ་ལྟར་མཛུབ་མོའི་རྩེ་བཀུག་པའོ། །སྥོ་ཊ་བྃ་ནི་དེ་ཉིད་ལས་མཐེབ་མཛུབ་ཀྱི་ནང་དུ་གཅིག་བཅུག་པ་ལྕགས་སྒྲོག་ལྟར་སྤེལ་ལོ། །པྲ་བེ་ཤ་ཧོ་ནི། རྡོ་རྗེ་ཁུ་ཚུར་གྱི་མཐེ་བོང་གཉིས་ནང་དུ་བཅུག་ལ་བསྡམས་པའོ། །མེ་ལོང་བསྟན་ལ་ཁྲུས་གསོལ་ལོ། །འཁོར་ལོ་ནི་ལག་པ་གཉིས་མཁྲིག་མ་བསྣོལ་ཏེ་རྒྱབ་སྦྱར་སོར་མོ་རྣམས་བསྣོལ་ཏེ་འཁྱུད། མཐེ་བོང་གཉིས་ལག་མཐིལ་དུ་དགུག་གོ། ནོར་བུ་ནི་ཐལ་སྦྱར་གྱི་མཐེ་བོང་དང་། །མཛུབ་མོ་རིན་པོ་ཆེའི་མིག་ལྟར་ཟླུམ་པོར་བཀུག་ལ་གཞན་རྣམས་ཁ་སྦྱར་བའོ། །བཙུན་མོ་ནི་རྡོ་རྗེ་བསྡམས་པའི་གུང་མོ་གཉིས་རྩེ་སྤྲད་དེ་སྒྲེང་བའི་ལོགས་ལ་མཛུབ་མོ་གཉིས་སྦྱར་བ་གཅེར་བའོ། །བློན་པོ་ནི་རྡོ་རྗེ་བསྡམས་པའི་གུང་མོ་མཐེ་བོང་མཐེའུ་ཆུང་རྣམས་གཤིབས་ཏེ་སྒྲེང་། སྲིན་མཛུབ་བསྣོལ་ཏེ་རྡོ་རྗེ་རྩེ་གསུམ་པ་ལྟར་བྱ་བའམ། ཁུ་ཚུར་གྱི་མཛུབ་མོས་གཏེར་སྟོན་པ་ལྟ་བུའོ། །གླང་པོ་ནི་གཡས་གླང་པོའི་སྣ་ལྟར་བརྒྱངས་པའི་གྲུ་མོ་ནས་གཡོན་པའི་ལག་མཐིལ་གྱིས་བཏེག་པའམ། དེ་གཉིས་གོ་བཟློག་པའོ། །རྟ་མཆོག་ནི་རྡོ་རྗེ་བསྡམས་པའི་གུང་སྲིན་གཉིས་བརྐྱང་མཐེའུ་ཆུང་གཉིས་པ་བསྣོལ་ཏེ་མཐེ་བོང་གཉིས་རྣ་བ་ལྟར་བརྐྱང་། མཛུབ་མོ་གཉིས་བསྣོལ་བའོ། །དམག་དཔོན་ནི་གཡོན་པའི་
(༤༥༤)ཁུ་ཚུར་སྦུབས་ཅན་གྱི་ནང་ནས་གཡས་པས་གོང་མཛུབ་རལ་གྲི་ལྟར་བསྒྲེངས་པའི་མཐེ་བོས་སྲིན་མཐེབ་མནན་ལ་རལ་གྲི་ཤུབས་ནས་འབྱིན་པ་ལྟ་བུའོ། །གཟུགས་མ་ནི་གཡས་པའི་ཐལ་མོ་ཕྱིར་སྙིང་ག་ནས་མེ་ལོང་ལྟར་བསྟན་པའམ་མེ་ཏོག་འཐོར་བ་ལྟར་རོ། །སྒྲ་མ་ནི་པི་ཝང་སྒྲེང་བའམ་ཏིང་ཤག་དཀྲོལ་བ་ལྟར་རོ། །དྲི་མ་ནི་གཡོན་པའི་སྙིམས་པ་ནས་གཡས་པའི་མཐེབ་མཛུབ་ཀྱིས་དྲིའི་ཕྱེ་མ་འགྱེད་པའི་ཚུལ་ལོ། །རོ་མ་ནི་བཤོས་འདེགས་པ་ལྟར་རོ། །རེག་མ་ནི་མཐེབ་མཛུབ་གུང་སྲིན་རྩེ་སྤྲང་མཐེའུ་ཆུང་བསྒྲེང་ལ། གོས་འབུལ་བའི་ཚུལ་ལོ། །སྒེག་མོ་བརྒྱད་མཆོད་ལས། ལ་སྱེ་ནི་རྡོ་རྗེ་ཁུ་ཚུར་གཉིས་དཀུར་བརྟེན་ནས་གཡོན་དུ་ཅུང་ཟད་འགྱེད་པའོ། །མཱ་ལེ་ནི་རྡོ་རྗེ་ཐལ་མོ་གཉིས་ནང་ནས་ཐུར་ལྡོག་གཡོ་བས་ཕྲེང་བ་འདོགས་པ་ལྟར་རོ། །གྷི་རྟི་ནི་པི་ཝང་སྒྲེང་བའི་ཚུལ་དུའོ། །ནི་རྟི་ནི་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་སྤྱི་བོར་གར་བྱེད་པའི་ཚུལ་ལོ། །དྷཱུ་པེ་ནི། ཐལ་སྦྱར་ཚིགས་བཅག་པ་བདུག་སྤོས་ཀྱི་ཁང་པ་ལྟར་རོ། །པུཥྤེ་ནི་མེ་ཏོག་འཐོར་བའི་ཚུལ་ལོ། །ཨཱ་ལོ་ཀེ་ནི་རྡོ་རྗེ་ཁུ་ཚུར་གྱིས་མཐེ་བོང་གཉིས་མར་མེ་ལྟར་སྒྲེང་བའོ། །གྷནྡྷེ་ནི་སྔར་བསྟན་པའི་དུང་ཆོས་ཀྱི་ཚུལ་ལོ། །དེའང་། ཨཱོྃ་རིང་པོ་རིང་པོ་གླུར་བླང་ཞིང་། རྒྱས་པ་ལ་བརྒྱད་པོ་རེ་རེའི་སྔ་ཕྱིར་ཚིགས་
(༤༥༥)བཅད་དང་། ས་ཏྭ་སུ་སངྐ་ཧ་ལ་སོགས་པའི་སྔགས་བརྗོད་ལ། འབྲིང་ལ་ཕྱི་སྒེག་བཞི་ལ་དེ་ལྟ་བུ་གཅིག། ནང་སྒེག་བཞི་ལ་དེ་ལྟ་བུ་གཅིག་དང་གཉིས་སོ། །བསྡུས་པ་ལ་ཆུན་གཅིག་གིས་བྱེད་པའོ། །སྐུའི་རིག་མ་ནི། ཐལ་མོ་སྙིང་ག་ནས་ཕྱིར་མེ་ལོང་ལྟར་རོ། །གསུང་ནི་རྔ་ཟླུམ་བརྡུང་བ་ལྟར། །གཡོན་པ་ཅུང་ཟད་གྱེན་ལ་ཕྱོགས། །གཡས་པའི་སོར་མོ་གཡོ་བ་པའོ། །ཐུགས་ནི་པི་ཝང་སྒྲེང་བ་ལྟར། གཡོན་གྱེན་དུ་བསྒྲེངས་པའི་མཐེ་བོས། །གུང་སྲིན་མནན་མཛུབ་མོ་དང་མཐེའུ་བརྐྱང་། གཡས་པའང་དེ་བཞིན་བྱས་པས་སྒྲེང་བའོ། །ཡོན་ཏན་ནི་གླིང་བུ་འབུད་པ་ལྟར། ཕྱག་རྒྱ་དེ་ཉིད་ཁའི་དྲུང་ནས་བྱེད་པའོ། །ཕྲིན་ལས་ནི་ཕྱག་རྒྱ་དེ་ཉིད་སྙིང་ག་ནས་ཕྱིར་བསྟན་ལ་རེ་མོས་ཀྱི་རྔ་བརྡུང་བ་ལྟར་བྱའོ། །བདུད་རྩི་གཡོན་པའི་མཐེབ་མཛུབ་སྦྱར་གཞན་བརྐྱང་པ་ཁ་བཀན་ཏེ། དུང་ཚོས་ཀ་པཱ་ལ་ལྟ་བུ་ནས་གཡས་པའི་མཐེབ་སྲིན་གྱིས་བླངས་ཏེ་གྱེན་དུ་འཐོར་བའི་ཚུལ་ལོ། །འཁྲིལ་སྦྱོར་ནི། རྡོ་རྗེ་ཁུ་ཚུར་གཡོ་བས་སྙིང་གར་བསྣོལ་བའོ། །བླ་ན་མེད་པ་ཕྱག་རྒྱ་ཆེན་པོའི་མཆོད་པ་ནི། མཚན་མ་མེད་པའི་ནམ་མཁའ་མཚོན་པས་པད་སྐོར་ཆེར་བསྐྱོད་པའོ། །འདིར་བསྟོད་པའི་སྐབས་སུ་རྡོ་རྗེ་དྲིལ་བུའི་འཇོག་
(༤༥༦)མཚམས་ཚིག་རྐང་པ་གཉིས་གཉིས་སུ། །རིགས་ལྔ་སྤྱི་དང་ཐུན་མོང་གི་ཕྱག་རྒྱས་བྱའོ། །དེའང་པད་སྐོར་གཡོ་བས་རྡོ་རྗེ་གསོར་ཞིང་ དྲིལ་བུ ་དཀྲོལ་ནས་གཡས་པའི་རྡོ་རྗེ་ཐལ་མོ་ནང་ནས་ཕྱིར་ལྡོག་ཅིང་། ཕྱི་ནས་ནང་དུ་ལྡོག་པས་འཕྲེད་ལ་ཅུང་ཟད་གཡོ་ཞིང་གྱེན་དུ་གསོར་རོ། །དབྱངས་ནི་ཁུགས་པ་རེ་དང་བསྟུན་ནས། རིགས་ལྔ་སོ་སོའི་ཕྱག་རྒྱ་དང་སྤེལ་ལོ། །བྱང་ཆུབ་མཆོག་ནི་གཡོན་པའི་ཁུ་ཚུར་དུ། །གཡས་པའི་མཛུབ་མོའམ་མཐེ་བོང་སྒྲེང་བའོ། །བདུད་འདུལ་ནི་གཡས་པའི་པུས་མོ་ལ་རྡོ་རྗེ་ཐལ་མོ་ཁ་སྦུབ་པའོ། །མཆོག་སྦྱིན་ནི་དེ་ཉིད་བཀན་པའོ། །ཏིང་ངེ་འཛིན་ནི་མཉམ་བཞག་བཀན་པའོ། །སྐྱབས་སྦྱིན་ནི་གཡོན་མཉམ་གཞག་གཡས་སྙིང་ག་ནས་ཐལ་མོ་ཕྱིར་བསྟན་པའོ། །སྒེག་མོ་ནི་ཁུ་ཚུར་དཀུར་བརྟེན་པའོ། །ཕྲེང་བ་མ་ནི་ཕྲེང་བ་འདོགས་པའི་ཚུལ་ལོ། །གླུ་མ་ནི་པི་ཝང་སྦྲེང་བའོ། །གར་མ་ནི་རྡོ་རྗེ་ཁུ་ཚུར་སྤྱི་བོར་གར་བྱེད་པའོ། །གཞན་བཞི་ནི་སྔར་གྱི་བདུག་སྤོས་ལ་སོགས་བཞི་དང་འདྲའོ། །སྒོ་མ་བཞི་ཡང་སྔར་གྱི་དང་འདྲའོ། །གཞན་དག་ནི་ཕྱག་རྒྱ་མེད་པས་རིགས་ལྔ་སྤྱི་དང་ཐུན་མོངས་གི་དྲིལ་ཐབས་སྤེལ་བའོ། །རྣམ་ཤེས་དགུག་པ་ནི་རྡོ་རྗེ་ཁུ་ཚུར་ལས་གཡོན་པའི་མཛུབ་མོ་དང་། གཡས་པའི་
(༤༥༧)མཐེའུ་ཆུང་སྦྲེལ་ཏེ་མཛུབ་མོ་ལྕགས་ཀྱུ་ལྟར་བཀུག་པའོ། །ཤོ་དྷ་ནི་སྡིག་པ་སྦྱོང་བ་ནི་རྡོ་རྗེ་ཁུ་ཚུར་པད་སྐོར་དུ་བྱེད་པའོ། །བསྟིམ་པ་ནི་སྒོམ་བཞིའོ། །སརྦ་པཱ་པྃ་བི་ཤྭ་དྷ་ནི་ལ་རྡོ་རྗེ་བསྡམས་པའི་གུང་མོ་གཉིས་མཉམ་པས་མཐའ་བཞི་རྩེ་སྤྲད་པས་མཉམ་པའོ། །བཛྲ་བནྡྷ་ཏྲ་ཐཱ་ལ། རྡོ་རྗེ་བསྡམས་པ་ཕྲལ་བའོ། །ཨཱོྃ་སརྦ་བིད་བཛྲ་ཨ་དྷི་ལ་སོགས་ལ་རྡོ་རྗེ་ཁུ་ཚུར་གྱིས་སྤྱི་བོ་ལ་སོགས་པར་གཏུགས་པར་བསམ་པའོ། །ཨཱོྃ་བཛྲ་ཛྭ་ལ་ལ་སོགས་པ་ལ་སོར་མོ་རྒྱབ་སྤྲད་དེ་མེ་འབར་བ་ལྟར་རོ། །གཏོར་མ་ནི་མཐེབ་སྐྱུ་གསུམ་ལན་གསུམ་བཤམས་ལ་རྟེན་ལ་བསྐོར་བའོ། །སྲེག་པ་ནི་མཐེབ་སྲིན་གྱིས་ཏིལ་ལམ་ཉུང་ཀར་བླངས་པ་རྟེན་གྱི་སྣ་བུག་ནས་འབྱིན་པ་ལྟར་བྱས་ལ། བསྣོལ་ཏེ་གཡས་གཡོན་གྱི་མེ་དང་ཆུར་འདོར་བའོ། །བྱེ་མ་ནི་གཡས་པས་ཅུང་ཟད་རེ་བྲབ་པའོ། །ཁྲུས་ནི་ནུ་བ་དང་པོ་རྣམས་སུ་མེ་ལོང་གི་ངོས་ལ་བཀྲུ་ཞིང་། ཐ་མར་མིང་བྱང་དངོས་ལ་སྣུམ་བསྐུས་ཏེ་བཀྲུའོ། །ཤིས་པ་བརྗོད་པ་ནི་ཀུ་ཤའི་རྩེས་ལས་བུམ་ནས་རྟེན་ལ་ཚིགས་བཅད་ཀྱི་མཚམས་སུ་ཆུ་བླངས་ལ་གཏོར་བའོ། །ས་ནི་སས་མིང་བྱང་ལ་གཏོར་རོ། །ཆུ་ནི་ཆུས་སོ། །མེ་ནི་མེས་ཡུལ་བ་རེ་བྱའོ། །རླུང་ནི་
(༤༥༨)རླུང་གཡབ་ཀྱིས་བྱའོ། །ཕྱག་ནི་བྱང་བུ་ལ་སོགས་པ་དེ་ཉིད་བུ་ལ་སོགས་པས་བཟུང་ལ་འཚལ་བའོ། །མཎྜལ་ནི་དབུས་དང་ཕྱོགས་བཞིར་རེ་རེ་སྟེ་ཚོམ་བུ་ལྔ་བཀོད་ལ་དབུལ་ལོ། །འཇུག་པ་དང་དབང་གི་སྐབས་སུ་ཚེ་འདས་ཉིད་ཡོད་པར་དམིགས་ཏེ། རྟེན་དེ་ལ་ཡང་དབང་བསྐུར་ཞིང་བུམ་ཆུས་འཐོར་བ་དང་བཀྲུའོ། །གཏང་རག་གི་སྐབས་སུ་སྔ་མའི་ཕྱག་རྒྱས་བྱའོ། །དེ་ཡང་ལུས་ལྷར་གསལ་བས་ཕྱག་རྒྱ་བྱ། ངག་སྔགས་སུ་གསལ་བས་སྔགས་རྣམས་བཟློས། སེམས་ཏིང་ངེ་འཛིན་གསལ་བས་སོ་སོའི་སྐབས་དང་བསྟུན་ལ་བྱའོ། །ཁྱད་པར་དུ་མཆོད་པ་གང་ལ་བབས་པའི་ལྷ་མོར་བསམ་པའི། སྙིང་ག་དང་ལག་པ་ལས་འོད་ཟེར་གྱི་རྩེ་ལས། མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་འཕྲོས་ནས་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ལ་མཆོད་པར་བསམ་མོ། །དེ་ནས་བཟོད་པར་གསོལ་དུས་སྙིམས་པ་མེ་ཏོག་དང་བཅས་པའོ། །བསྔོ་བ་ནི་ཐལ་མོ་སྙིང་ཁར་སྦྱར་བའོ། །བཀྲ་ཤིས་ནི་མེ་ཏོག་འཐོར་ཞིང་རོལ་མོ་སྒྲོགས་པས་ཚིགས་བཅད་རེའི་མཚམས་སུ་བརྗོད་པའོ། །མཆོད་པར་བྱིན་དབབ་པ་ནི་རོལ་མོ་འབུད་དཀྲོལ་ཆེར་བྱེད་པའོ། །མིང་བྱང་བྲི་བ་ནི། སྟོད་དུ་ཨཱོྃ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ། ན་མོ་ཕྱོགས་བཅུ་དུས་གསུམ་ན་
(༤༥༩)བཞུགས་པའི་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་དང་། ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་ལ་ཞེས་བྲིས་པའི་སོར་གཅིག་གིས་མ་རེག་པའི་མཇུག་ཏུ། འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་མིང་དང་རུས་ཆེ་གེ་མོ་ཞེས་བྱ་བས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སྡིག་པ་སྦྱང་དུ་གསོལ། ལམ་བསྟན་དུ་གསོལ། བར་དོའི་འཕྲང་ལས་བསྒྲལ་དུ་གསོལ། མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ་ལོ། །ཞེས་བྲིས་པའི་རྒྱབ་ཏུ་གཟུགས་བྲིས་པའི་སྙིང་གར་ནྀྲ་བྲིས་ལ། སྐྱེས་པ་ལ་མདའ་བུད་མེད་ལ་འཕང་ལ་བཏགས་པ་དྲི་གོ་སཾ་དཀྱིལ་འཁོར་གྱི་ཟུར་གཅིག་ཏུ་གཟུག་གོ། བྱང་ བུ་སྲེག་དུས་གང་རས་གློ་ལ་དྲིལ ་ཏེ་ཚྭ་ཚྭའི་ནང་དུ་གཞུག་ཅིང་། ཐལ་བ་རྡུལ་ཚོན་དང་ལྷན་ཅིག་འཇིམ་པའི་གསེབ་དུ་བཏང་བ་ཚྭ་ཚྭ་བཏབ་བོ། ནུབ་ཐ་མ་ལ་ཟས་མང་པོ་ཨཱོྃ་ཨཱཿཧཱུྃ་གིས་འདོད་ཡོན་ལྔར་བྱིན་གྱིས་བརླབས་ལ། གོས་ལྷྭམ་དང་ལྷན་ཅིག་ཕྱོགས་དུས་ཀུན་ལ་སོགས་པའམ། རྡོ་རྗེ་གཟུགས་མ་ལ་སོགས་པའི་དབྱངས་ཀྱིས་བསྟོད་པ་ཙམ་བྱའོ། །དྲི་གོས་ནི་བཤིག་གོ། འདིར་དེ་ཙམ་ལས་གཞན་པའི་ཟས་གཏད་མེད་པས་མི་བྱའོ། །དཔོན་སློབ་
(༤༦༠)ཀུན་ཀྱང་སྔགས་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་གཅིག་པས། ཆོ་ག་ལྡིང་ཤར་ལ་མགྲིན་གཅིག་ཏུ་བྱའོ། །དེས་ནི་ཏིང་ངེ་འཛིན་གསལ་ཞིང་ཆད་ལྷག་མེད་པས་ཀུན་གྱི་ཡིད་དུ་འོངས་བ་ཡིན་ནོ། །དེ་ལྟར་ཕྱག་རྒྱ་བཞི་མཆོད་གནང་ཡིག་འདི། །གངས་རི་རིན་ཆེན་ར་བའི་སྐྱེད་ཚལ་དུ། །དྲི་མེད་འོད་ཟེར་བདག་གིས་ལེགས་པར་བཀོད། །དགེ་བ་དེ་ཡིས་འགྲོ་ཀུན་གྲོལ་བར་ཤོག། བསོད་ནམས་སྤྲིན་གྱིས་གཞོལ་བའི་བླ་བྲེ་ལས། །ཡེ་ཤེས་ཆར་ཆེན་རབ་ཏུ་འབབ་པ་ཡིས། །ཕྱག་རྒྱ་གར་གྱི་གློག་ཕྲེང་འགྲན་པ་བཞིན། །ལྷན་ཅིག་སྐྱེ་དགུའི་འདབ་བསྐྱོད་དགའ་བར་ཤོག། འདི་འདྲའི་ཚུལ་ལ་བདག་འདྲའི་བློ་མིག་རྒྱས། །མང་པོའི་དབུས་ན་བཟང་པོའི་གྲགས་དཀར་ཅན། །མཁས་མཆོག་ཆོས་རྗེའི་མཆོག་གི་བདུད་རྩི་ལས། །ལེགས་འོངས་དོན་དེ་མ་འོངས་དོན་དུ་བཀོད། །རང་བཞིན་སྔོན་ནས་སྦྱངས་པའི་དཀྱིལ་འཁོར་ལས། །ཚེ་འདིར་ལེན་རེ་ཐོས་པས་འོད་སྟོང་རྒྱས། །གཞན་ཕན་ཆུ་སྐྱེས་རབ་ཏུ་འཛུམ་པ་ཡིས། །སྐལ་བཟང་རྐང་དྲུག་ལྡན་རྣམས་དགའ་བར་མཛོད། །ཕྱག་རྒྱ་བཞི་མཆོད་ཅེས་བྱ་བ་གཞན་ཕན་འོད་ཀྱི་འཁོར་ལོའི་གནད་ཡིག་པདྨ་ལས་འབྲེལ་རྩལ་གྱིས། སྟོན་གསུམ་གངས་རི་ཐོད་དཀར་དུ་སྦྱར་བ་རྫོགས་སོ།། །།
(༤༦༡)ཤོག་སྐྱའི་སྐོར། མཆོད་རྟེན་རབ་གནས་རིན་ཆེན་དྲ་བ་ཞེས་བྱ་བ་བཞུགས་སོ། །མཆོད་རྟེན་རབ་ཏུ་གནས་པའི་ཆོ་ག་རིན་ཆེན་དྲ་བ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གང་གི་ཐུགས་རྗེ་ཤིན་ཏུ་རྨད་བྱུང་བ། །དགུང་ཟླའི་འོད་ལས་ཆེས་དཀར་རབ་འཕྲོ་བས། །མ་རིག་མུན་སེལ་འགྲོ་ཀུན་མཚན་མོའི་མིག། ཐར་གླིང་སྣང་བར་མཛད་ལ་ཕྱག་འཚལ་ལོ། །རྒྱལ་བའི་སྐུ་གཟུགས་བདེ་ལེགས་ཕུན་ཚོགས་ཀྱིས། །རང་གཞན་དོན་གཉིས་མ་ལུས་བསྒྲུབ་བྱའི་ཕྱིར། །མཆོད་རྟེན་རབ་ཏུ་གནས་པའི་ཆོ་ག་ནི། །དྲི་མེད་འོད་ཟེར་བཟང་པོས་སྣང་བར་བྱས། །འདིར་རང་ངམ་གཞན་གྱི་དོན་དུ་ཚྭ་ཚྭ་བཞེང་པར་འདོད་ན། གཏོར་མ་བྱིན་ནས་ས་བླངས་ཏེ། ཨཱོྃ་བཛྲ་ཁ་ན་ཁ་ན་ཧཱུྃ་གིས་རིན་པོ་ཆེའི་ས་གཞིར་བྱིན་གྱིས་བརླབས་ལ། ཨཱོྃ་བཛྲ་མུད་ཀ་ར་ཨ་ཀོ་ཏྲ་ཡཱ་ཧཱུྃ་གིས་བརྐོས་ནས་འཇིམ་པར་གཡོས་ལ། དེའང་ཚེ་འདས་པའི་ཆེད་ཡིན་ན། རུས་པའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་བསམས་ལ། དེའི་དབུས་སུ་ཨ་དཀར་པོ་ལས་བདུད་རྩི་བབ་པས་སྡིག་པ་དག་པར་མོས་ཤིང་རིགས་ལྔའི་སྔགས་ཟློས་ཤིང་། དྲི་བཟང་པོའི་ཆུས་བཀྲུས་པའི་མཐར་ཨཱོྃ་པྲ་མར་
(༤༦༢)དྷ་ན་ཡེ་སྭཱ་ཧཱས་སྒྲིབ་པ་དག་པར་བསམས་ལ་ཞིབ་པར་བརྡུངས་ཏེ། འཇིམ་པ་དང་བསྲེས་ལ། པད་ཟླའི་སྟེང་དུ་འཇིམ་པའི་ཕུང་པོ་དེ་ཉིད་བྷཱུྃ་རིན་པོ་ཆེའི་ཕུང་པོར་བསམས་ལ། སྐད་ཅིག་གིས་བདག་ཉིད་ཀུན་བཟང་ཡབ་ཡུམ་དུ་བསམས་པའི་ཐུགས་ཀའི་འོད་ཟེར་འོག་མིན་གྱི་རྣམ་པར་སྣང་མཛད་ལ་ཕོག་པས། དེའི་ཐུགས་ཀ་ནས་འོད་ཟེར་བྱུང་བས་འཇིམ་པ་ལ་ཕོག་པས་ཡེ་ཤེས་ལྔའི་རང་བཞིན་དུ་བསམས་ལ། །གཡོན་པའི་མཐེའུ་ཆུང་མཐེ་བོང་གིས་མནན་ནས་གན་རྐྱལ་དུ་བཞག་པའི་སྟེང་དུ། གཡས་པའང་དེ་བཞིན་དུ་བྱས་ལ་ཁ་སྦུབ་ལ། ཨཱོྃ་ན་མོ་བྷ་ག་ཝ་ཏེ་བཻ་རོ་ཙ་ན་པྲ་བྷ་ར་ཛ་ཡཱཿཏ་ཐཱ་ག་ཏ་ཡ། ཨ་ར་ཧ་ཏེ་སྃ་མྱག་སྃ་བྷུདྡྷ་ཡ། ཏདྱ་ཐཱ། ཨོྃ་སུཀྵ་མེ་སུཀྵ་མེ། ས་མ་ཡེ་ས་མ་ཏེ། ཤན་ཏེ་དྷ་ནྟེ། ཨ་ན་ཡ་ཨ་ལྃ་བྷེ། ཏ་རཾ་བྷེ། ཏ་ར་བྷེ། ཡ་ཤྭོ་བ་ཏི། མ་ཧཱ་ཏེ་ཛ་ནིར་ཀུ་ལ་ནིར་བྷ་ནེ། སརྦ་ཏ་ཐཱ་ག་ཏ་ཧྲིད་ད་ཡ། ཨ་དྷི་ཏིཥྛ་ན། ཨ་དྷི་ཏིཥྛ་ཏེ་སྭཱ་ཧཱ། ཞེས་བདུན་བརྗོད་ནས། ན་མཿས་མནྟ། བྷུདྡྷ་ནན། ཨཱྃ་བཛྲ་ཨཱ་ཡུ་ཤེ་སྭཱ་ཧཱས་འཇིམ་པ་སྙོམས་པར་བཅད་པའི་ནང་དུ། ཨཱོྃ་ཨཱཿཧཱུྃ་ལ་སོགས་པའི་གཟུངས་གཞུག་ནི། ཨཱོྃ་བཛྲ་དྷརྨ་དྷཱ་རྟུ་གྷྷེ་ཡེ་སྭཱ་ཧཱས་གཞུག་གོ། ཨཱོྃ་
(༤༦༣)བཛྲ་ཛྲོད་བྷ་ཝ་སྭཱ་ཧཱས་འབི་འབི་བྱས་ལ། ཨོཾཱ་བཛྲ་ཨཱར་ཛེ་ཝར་ཛེ་སྭཱ་ཧཱས་སྣུམ་བསྐུས་ལ། ཨཱོྃ་དྷརྨ་དྷཱ་རྟུ་གྷྷེ་ཡེ་སྭཱ་ཧཱས་ཀོལ་ཕོར་དུ་བཅུག་ལ། ཨོཾཱ་བཛྲ་མུད་ཀ་ར་ཨ་ཀོ་ཏྲ་ཡེ་སྭཱ་ཧཱས་ཀོལ་ཕོར་བརྡུང་ནས། ཨཱོྃ་བཛྲ་དྷརྨ་ར་ཏེ་སྭཱ་ཧཱས་ཕྱུང་ལ། ཨཱོྃ་སརྦ་ཏ་ཐཱ་ག་ཏ་དྷརྨ་ཀཱ་ཡ་མ་ཧཱ་སུ་ཁ། བཛྲ་སུ་ར་ཏེ་ས་མ་ཡ་སྟྃྭ་གྱིས་ཆོས་སྐུར་བསམས་པའི་ངང་ལས། ཨཱོྃ་སརྦ་ཏ་ཐཱ་ག་ཏ་སྃ་བྷོ་ཀ་ཡ་སྟྭྃ་གྱིས་ལོངས་སྐུར་བྱོན་ཏེ། ཨཱོྃ་སརྦ་ཏ་ཐཱ་ག་ཏ་ནིར་མ་ཀཱ་ཡ་ས་མ་ཡ་སྟྭྃ་གྱིས་སྤྲུལ་སྐུས་སེམས་ཅན་གྱི་དོན་བྱེད་པར་བསམས་ལ་བྲེ་མཐུན་པར་བསྒྲིགས་ཏེ་གདབ་བོ། །དེ་དག་གི་མདུན་དུ་མཆོད་པ་ལྔ་དང་། གཏོར་མ་གསུམ་བཤམས་ལ། འབྲུའི་སྣོད་གཉིས་ཀྱང་སྟ་གོན་དུ་བྱའོ། །དེ་ནས་གཏོར་མ་འོག་མ་གཉིས་བགེགས་དང་གཞི་བདག་ལ་བསྔོས་ཏེ་བཀའ་བསྒོ་བྱས་ལ། རང་ཉིད་ཀུན་བཟང་ཡབ་ཡུམ་དུ་དམིགས་ལ་མཆོད་བསྟོད་བྱས་ལ། སྣོད་ཀྱི་ནས་གཅིག་ལ་རིགས་ལྔའི་སྔགས་དང་། རྟེན་འབྲེལ་སྙིང་པོ་བཟླས་་སོ། །དེ་ནས། ཨཱྃ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ་྅ཧྃ། སྟོང་པའི་ངང་ལས་པྃ་ལས་པདྨ། ཨ་ལས་ཟླ་བ། རྃ་ལས་ཉི་མའི་སྟེང་དུ། བྷྲཱུྃ་ལས་རིན་པོ་ཆེའི་མཆོད་རྟེན།
(༤༦༤)གདན་ཁྲི་རི་རབ་བུམ་པ་བྲེ་འཁོར་ལོ་བཅུ་གསུམ། གདུགས་ཆར་ཁེབས་ཏོག་དང་བཅས་པའི་བུམ་པ་མ་གཏོགས་པ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བུམ་པ་མཐིང་གའི་དབུས་སུ་སེང་གེའི་ཁྲི། ཤར་དུ་གླང་ཆེན། ལྷོར་རྟ་མཆོག། ནུབ་ཏུ་རྨ་བྱ། བྱང་དུ་ཤང་ཤང་གི་ཁྲིའི་སྟེང་དུ་པདྨ་དང་ཉི་ཟླའི་དབུས་སུ། ཨཱོྃ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿལྔ་ལས། རིགས་ལྔ་ཡབ་ཡུམ་དུ་བསྐྱེད་ལ། ཡེ་ཤེས་པ་གཞུག། དབང་བསྐུར། ཨཱོྃ་ཨཱཿཧཱུྃ་གིས་སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་ལ། ལངས་ཏེ་མེ་ཏོག་འཐོར་ཞིང་། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་ཁམས་རྣམས་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལམ་བཞག་གི་བར་དུ། བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུ་ཡང་སྐུ་གསུང་ཐུགས་ཀྱི་རྟེན་འདི་དག་ལ་ཡང་འབྱུང་བ་ཆེན་པོ་བཞིའི་གནོད་པ་མ་བྱུང་གི་བར་དུ། བཞུགས་ནས་གང་གིས་མཐོང་བ་དང་། ཐོས་པ་དང་། རེག་པ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པའི་ཕྲིན་ལས་མཛད་དུ་གསོལ། ཨོཾཱ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ།
(༤༦༥)ཨཱོྃ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཨཱོྃ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝ་ཧེ་དུནྟེ་ཥནྟ་ཐཱ་ག་ཏོ་ཧྱ་བ་ད་ཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝྃ་བཱ་དཱི་མ་ཧཱ་ཤྲ་མ་་ཡེ་སྭཱ་ཧཱ། ཅེས་མེ་ཏོག་འཐོར་ནས། ཨོཾཱ་ན་མོ་བྷ་ག་ཝ་ཏེ་རདྣ་ཀེ་ཏུ་རཱ་ཛ་ཡཱ། ཏ་ཐཱ་ག་ཏ་ཡ། ཨ་ར་ཧ་ཏེ་སམྱག་སྃ་བུདྡྷ་ཡ། ཏདྱ་ཐཱ། ཨཱོྃ་རད་ནེ་རད་ནེ་མ་ཧཱ་རད་ནེ། རད་ན་བི་ཛ་ཡེ་སྭཱ་ཧཱས་བསྐོར་བ་བྱ་ཞིང་། སངས་རྒྱས་རྗེས་སུ་དྲན་པ་བཏོན་ནས། མཆོད་པའི་སྤྲིན་ཕུང་ཆེན་པོར་བསམས་ཏེ། འཇིག་རྟེན་འདིའམ་གཞན་དག་ན། །མེ་ཏོག་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པར་བཤམས་པ་འདི། །མགོན་པོ་སྲས་དང་བཅས་ལ་འབུལ། །ཨཱོྃ་བཛྲ་པུཥྤེ་ཨཱཿཧཱུྃ། དེ་བཞིན་དུ་མཆོད་པ་ལྷག་མའང་འགྲེས་མཐུན་པར་འབུལ། །འགྲོ་བའི་བླ་མ་གཅིག་པོ་ལུམ་པར་བལྟམས། །སེར་སྐྱའི་གྲོང་ཁྱེར་གཅིག་ཏུ་གནས་མཛད་ཅིང་། །ཡོན་ཏན་རིན་ཆེན་བྱེ་བས་བརྒྱན་པ་ཡི། །བདེ་གཤེགས་མཆོད་རྟེན་རྣམས་ལ་ཕྱག་འཚལ་ལོ། །མ་ག་ཏ་ཡི་བྱང་ཆུབ་ཤིང་གི་དྲུང་། །ཆུ་བོ་ནི་རཉྫཱ་ར་ཞེས་བྱ་བའི། །འགྲམ་བཞུགས་མཆོད་རྟེན་ཡོན་ཏན་རྒྱ་ཆེ་བས། །བྱང་ཆུབ་རྟེན་དུ་གྱུར་ལ་ཕྱག་འཚལ་ལོ། །ཀ་ཤི་ཀ་ཡི་ཝཱ་རཱ་ནི་སཱ་རུ། །ཆོས་ཀྱི་འཁོར་ལོ་རྣམ་གྲོལ་རྨད་བྱུང་བས། །ཉོན་མོངས་སྒྲིབ་ཀུན་རྣམ་པར་སྦྱངས་མཛད་པའི། །ཡེ་
(༤༦༦)ཤེས་མཆོད་རྟེན་བཞི་ལ་ཕྱག་འཚལ་ལོ། །མཉམ་དུ་ཡོད་པར་གཞན་སྟོབས་ཚར་བཅད་ནས། །ཛེ་ཏིའི་ཚལ་དུ་ཆོ་འཕྲུལ་ཆེན་པོ་ཡིས། །ས་གསུམ་དགོངས་པ་མཆོག་ཏུ་བསྒྲུབས་མཛད་པ། །མུ་སྟེགས་ཕམ་མཛད་མཆོད་རྟེན་ཕྱག་འཚལ་ལོ། །གྲོང་ཁྱེར་དམ་པ་མཆོག་ནི་གསལ་ལྡན་དུ། །ལྷ་རྣམས་གཤེགས་ཏེ་བླ་ན་མེད་པ་ཡི། །ཞབས་ལ་ཚངས་དབང་ཅོད་པན་གྱིས་མཆོད་པ། །སུམ་ཅུའི་ལྷས་མཆོད་མཆོད་རྟེན་ཕྱག་འཚལ་ལོ། །དགེ་འདུན་དབྱེ་ན་བསྡུ་མ་སྔ་གྱུར་ཏེ། །སྟོན་པའི་ཉན་ཐོས་རབས་འདུམ་པ། །རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ། །བྱམས་པའི་མཆོད་རྟེན་ཕྱག་འཚལ་ལོ། །སྐུ་ཚེའི་འདུ་བྱེད་བཏང་བ་ལས། །སླར་ཡང་སྐུ་ཚེ་བྱིན་བརླབས་ཤིང་། །རྣམ་གྲོལ་ཡངས་པ་ཅན་གྱི་ཚལ། །བྱིན་རླབས་མཆོད་རྟེན་ཕྱག་འཚལ་ལོ། །སྐུ་ཤའི་གྲོང་དུ་འགྲོ་བ་རྣམས། །དགེ་བ་ལ་ནི་སྦྱོར་མཛད་ཅིང་། །འགྲན་མེད་གྱད་རྣམས་བཟུང་བའི་ཚལ། །མཆོད་རྟེན་མྱང་འདས་ཕྱག་འཚལ་ལོ། །ཤཱཀ་ཐུབ་མཆོད་རྟེན་བརྒྱད་པོ་དང་། །ཕྱོགས་བཅུ་གཞན་དང་གཞན་རྣམས་ན། །བཞུགས་པའི་མཆོད་རྟེན་ཀུན་ལ་འདུད། །གཞི་ལ་རྟག་ཏུ་སྤྱིས་ཕྱག་འཚལ། །ཞེས་བརྗོད་ནས་མེ་ཏོག་བཀྲམ་སྟེ། བླ་མ་རྡོ་རྗེ་འཛིན་པ་ལ་སོགས་
(༤༦༧)པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད། མཆོད་རྫས་རྟེན་ཅིང་འབྲེལ་བར་འབྱུང་བའི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ་ལོ། །འཕགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་རྣམས་ལ། ཐུགས་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས། །སྐྱོབ་པའི་ནུས་མཐུ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་བྱིན་གྱིས་རླབ་ཏུ་གསོལ་ལོ། །བསྟན་པའི་རྩ་ལག་བླ་མ་ཡང་དག་པ་དགེ་བའི་བཤེས་གཉེན་པ་རྣམས་ཀྱི་སྐུ་ཚེ་དང་། ཐུགས་དམ་དང་། རྟོགས་པ་དང་། ཕྲིན་ལས་ལ་བར་དུ་གཅོད་པ་མི་འབྱུང་ཞིང་གོང་ནས་གོང་དུ་འཕེལ་བས། འགྲོ་བའི་དོན་རྒྱ་ཆེན་པོ་འགྲུབ་པར་མཛད་དུ་གསོལ་ལོ། །བདག་ཅག་ཆོས་བསྒྲུབ་པ་པོ་རྣམས་ཀྱི། ཆོས་སྤྱོད་བཅུའི་སྒྲུབ་པ་ལ་བར་དུ་གཅོད་པ་མི་འབྱུང་ཞིང་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ་ལོ། །སྦྱིན་པའི་བདག་པོ་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བའི་བར་དུ་གཅོད་པ་ཞི་ནས། ཅི་བསམ་
(༤༦༨)པའི་དངོས་པོ་ཐམས་ཅད་ཆོས་ལྡན་དུ་འགྲུབ་པར་མཛད་དུ་གསོལ་ལོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཡང་ལོ་ཕྱུག་རྟག་ཏུ་ལེགས་ཤིང་། ཕྱི་འཁྲུགས་དང་། ནང་འཁྲུགས་དང་། མཐའ་དམག་དང་། སད་སེར་དང་། མུ་གེ་དང་། གནོད་འཚེ་ཐམས་ཅད་མེད་ཅིང་བདེ་ལེགས་ཕུན་སུམ་ཚོགས་པ་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ་ལོ། །ཅི་བསམས་པའི་དངོས་པོ་ཐམས་ཅད་ཆོས་ལྡན་དུ་འགྲུབ་པར་མཛད་དུ་གསོལ་ལོ། །ཞེས་པ་གསུམ་གྱིས་མེ་ཏོག་འཐོར་རོ། །ཚེ་འདས་ཀྱི་ཡིན་ན་ཆེ་གེ་མོ་ཞེས་བྱ་བ་འདིའི་ས་དང་ལམ་གྱི་བར་དུ་གཅོད་པ་ཐམས་ཅད་ཞི་ནས་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བར་མཛད་དུ་གསོལ་ལོ། །ཞེས་བརྗོད་དོ། །དེ་ནས་གཏོར་མ་དེ་ཉིད། དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ལ། ཨ་ཀཱ་རོས་བསྔོས་ལ། རྟེན་འདི་ལ་ཕྱི་ནང་གི་གནོད་པ་དང་འཚེ་བ་ལ་སོགས་པ་ཐམས་ཅད་མེད་པར་མཛད་དུ་གསོལ་ལོ། །ཞེས་བརྗོད་ནས། བཀྲ་ཤིས་ཀྱི་ལྷ་ཚོགས་དཔག་ཏུ་མེད་པས་རྡོ་རྗེའི་གླུས་ཤིས་པ་བརྗོད་པར་བསམས་ལ། མེ་ཏོག་འཐོར་ཞིང་མགྲིན་གཅིག་ཏུ། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་
(༤༦༩)གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པའི་འདབ་འདྲའི་སྤྱན་མངའ་བ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་རྟག་ཏུ་ཞི་བྱེད་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག། ལྷ་དང་མི་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། རྒྱལ་བ་སྲས་བཅས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀུན་གྱིས་ལེགས་པར་གསུངས་པ་དང་། །གསང་སྔགས་རིག་སྔགས་རྣམས་ཀྱི་མཐུ་སྟོབས་དང་། །བདེན་པར་སྨྲ་བ་རྣམས་ཀྱི་བདེན་ཚིག་གིས། །བསོད་ནམས་རི་བོ་བཞིན་ཏུ་བརྟན་པ་དང་། །བརྒྱུད་འཛིན་ཉི་ཟླ་བཞིན་དུ་གསལ་བ་དང་། །སྙན་པས་ནམ་མཁའ་བཞིན་དུ་ཁྱབ་པ་སྟེ། །གསུམ་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། བགེགས་རིགས་
(༤༧༠)སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །མི་མཐུན་གནོད་པའི་ཚོགས་ལས་གྲོལ་བ་དང་། །མཐུན་པ་འགྲུབ་ཅིང་ཕུན་སུམ་ཚོགས་པ་སྟེ། །བཞི་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང་། །ཚེ་རིང་ནད་མེད་བདེ་ལེགས་ཕུན་སུམ་ཚོགས། །ཐེག་པ་མཆོག་ལ་ངེས་པར་འབྱུང་གྱུར་པའི། །ལྔ་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། སྦྱིན་པ་གཏོང་ཞིང་ཚུལ་ཁྲིམས་སྲུང་བ་དང་། །བཟོད་པ་སྒོམ་ཞིང་བརྩོན་འགྲུས་རྩོམ་པ་དང་། །མཉམ་པར་འཇོག་ཅིང་གནས་ལུག་རྟོགས་གྱུར་པའི། །དྲུག་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། རྣམ་པར་སྣང་མཛད་རྒྱལ་བ་མི་བསྐྱོད་པ། །རིན་ཆེན་འབྱུང་ལྡན་སྣང་བ་མཐའ་ཡས་དང་། །དོན་ཡོད་གྲུབ་བཅས་རིགས་ལྔའི་བཀྲ་ཤིས་གང་། །བཀྲ་ཤིས་དམ་པ་དེང་འདིར་བདེ་ལེགས་ཤོག། འབྱུང་པོ་གང་དག་འདིར་ནི་ལྷག་གྱུར་ཏམ། །སའམ་འོན་ཏེ་བར་སྣང་འཁོད་ཀྱང་རུང་། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག། ཨཱྃ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱས་བརྟེན་པར་བྱས་ཏེ། །གང་ཡང་བདག་བློ་གཏི་མུག་པས། །ལེགས་སྤྱད་འདི་ལ་ཉེས་བྱས་
(༤༧༡)གང་། །གང་ཕྱིར་ལུས་ཅན་སྐྱབས་གྱུར་པ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །སྐྱེ་རྒས་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་འདོན་པར་ཤོག། ཅེས་བརྗོད་ལ་སྟན་ལ་འཁོད་ལ་དགའ་སྟོན་བྱའོ། །གངས་རིའི་ངོས་ལ་བདུད་རྩིའི་ཆུ་བབས་པས། །ཡིད་འོང་བྱ་ཚོགས་མང་པོ་དགའ་བ་ལྟར། །བདག་བློའི་ལེགས་བཤད་པདྨའི་གངས་ཅན་མཚོའི། །རིགས་ལྡན་སྐྱེ་བོའི་ངང་པ་དགའ་བར་མཛོད། །འདི་ནི་རྒྱུད་དོན་སྙིང་པོའི་དགོངས་པ་བཞིན། །དྲི་མེད་འོད་ཟེར་དེང་སང་ཤར་བ་ཡིས། །མཁའ་འགྲོའི་སྙིང་ཏིག་ཟབ་མོའི་ཆ་རྐྱེན་དུ། །ཨོ་རྒྱན་རྫོང་ཞས་བྱ་བའི་གནས་སུ་བཀོད། །དགེ་བ་འདི་ཡིས་སྲིད་པའི་སེམས་ཅན་རྣམས། །འོད་གསལ་སྙིང་པོའི་དེ་ཉིད་ལེགས་གཟིགས་ནས། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ཡིས། །གདོད་མའི་གནས་སུ་ལྷུན་གྱིས་གྲུབ་པར་ཤོག། མཆོད་རྟེན་རབ་ཏུ་གནས་པའི་ཆོ་ག་རིན་ཆེན་དྲྭ་བ་ཞེས་བྱ་བ་པདྨ་ལས་འབྲེལ་རྩལ་གྱིས་སྟོན་གསུམ་གངས་རི་ཐོད་
(༤༧༢)དཀར་དུ་བཀོད་པ་རྫོགས་སོ།། །།དགེ་ལེགས་སོ།། །།མངྒ་ལཾ། ༅། །རིན་ཆེན་ཤོག་སྐྱའི་སྐོར། རབ་ཏུ་གནས་པའི་ཆོ་ག་ཡེ་ཤེས་དྲི་མེད་ཅེས་བྱ་བ་བཞུགས་སོ། དཔལ་ལྡན་ཡེ་ཤེས་འཁོར་ལོ་ཅན། །ཀུན་བཟང་རིགས་ལྔའི་སངས་རྒྱས་དང་། །རིག་འཛིན་རྣམས་ལ་ཕྱག་འཚལ་ཏེ། །རབ་ཏུ་གནས་པའི་ཆོ་ག་བཤད། །དེའང་སྐུ་གཟུགས་ཟིན་ནས་རབ་ཏུ་གནས་པ་ནི། ལུགས་མ་ཡིན་ན་སྟོད་དུ་སངས་རྒྱས། བར་དུ་ཆོས་དང་དགེ་འདུན། སྨད་དུ་ཆོས་སྐྱོང་དང་གནོད་སྦྱིན་གྱི་གཟུངས་བཅུག། ཞབས་ར་བསྡམས། རས་བྲིས་ལ་སོགས་པའི་རྒྱབ་ཏུ་བྲིས་ལ། བགེགས་བསྐྲད། དེ་བཞུགས་པའི་མདུན་དུ་མཆོད་པ་བཤམས་ལ། རང་ཉིད་ཀུན་བཟང་ཡབ་ཡུམ་དུ་བསྒོམ་སྟེ་མཆོད་པ་དང་སྟོད་པ་བྱས་ནས། འབྲུ་ལ་རིགས་ལྔའི་རྩ་སྔགས་དང་རྟེན་འབྲེལ་སྙིང་པོ་བཟླས་ཏེ། སྟ་གོན་དུ་བྱས་ནས། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ལ། སྭཱ་བྷཱ་ཝས་སྟོང་པའི་ངང་ལས། རྟེན་དེ་ལྷ་གང་ཡིན་པ་དེ་ཉིད་ཡི་དམ་རིགས་ལྔའི་སངས་རྒྱས་བསྐྱེད་ལ་ཡེ་ཤེས་པ་སྤྱན་དྲངས་ཏེ། མཆོད་ཅིང་བསྟོད་ནས་བསྟིམ་སྟེ། རིགས་ལས་དབང་བསྐུར། ཡི་གེ་གསུམ་གྱིས་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ཏེ། རབ་
(༤༧༣)གནས་ཀྱིས་བརྟན་པར་བཞུགས་པའི་ཚིག་བརྗོད་ནས། རིགས་ལྔའི་སྔགས་དང་། རྟེན་འབྲེལ་སྙིང་པོས་མེ་ཏོག་ཕུལ། མཎྜལ་གྱི་མངའ་དབུལ་བ་ནི། མཎྜལ་འབུལ་པའི་ཚིག་གིས་དབྱངས་དང་བཅས་པ་དང་། མཆོད་པས་མངའ་དབུལ་བ་ནི། མེ་ཏོག་ལ་སོགས་པ་ཕྱི་ནང་གི་མཆོད་པ་དང་། བསྟོད་པས་མངའ་དབུལ་བ་ནི། རིགས་ལྔ་ལ་སོགས་པའི་བསྟོད་པ་དང་། ཤིས་པས་མངའ་དབུལ་བ་ནི། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་མང་པོ་བརྗོད་དོ། །དེ་ཐམས་ཅད་ཀྱང་རྒྱས་པར་དབྱངས་དང་། རོལ་མོའི་སྒྲས་མངའ་དབུལ་ཆེར་བྱེད་པ་ཡིན་ནོ། །གཏོར་མ་བཏང་ནས་འདོད་པའི་དོན་ལ་གསོལ་བ་བཏབ་ནས་རབ་ཏུ་གནས་པའི་དགའ་སྟོན་རྒྱ་ཆེན་པོ་བྱའོ། །དེ་ཡང་གླེགས་བམ་རབ་ཏུ་གནས་ན། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སེར་མོ་ཞལ་གཅིག་ཕྱག་བཞི་མ། གཡས་དང་པོ་པུ་ཏི་དང་། གཡོན་དང་པོ་པདྨ། འོག་མ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། རིན་པོ་ཆེའི་རྒྱན་ཅན་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ལ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གྲངས་མེད་པས་བསྐོར་བར་བསྐྱེད་ནས་འོག་མིན་ནས་དེ་འདྲ་བའི་ཡེ་ཤེས་པ་བཅུག་སྟེ། དབང་བསྐུར་ལ་སོགས་
(༤༧༤)སྔ་མ་བཞིན་བྱའོ། །ཁྲུས་ཆུ་དང་། བཀོད་མའི་ཆུ་མིག་རབ་ཏུ་གནས་ན། དེ་ཉིད་ལྷའི་ཁྲུས་ཀྱི་རྫིང་བུ་བཟང་པོས་བརྒྱན་པར་བསམས་ལ། རྟེན་འབྲེལ་སྙིང་པོས་མེ་ཏོག་འཐོར་ཞིང་བཀྲ་ཤིས་བརྗོད་དེ། ཁང་པ་དང་སྐྱེད་མོས་ཚལ་ལའང་དེ་བཞིན་གཤེགས་པའི་གཞལ་མེད་ཁང་དང་། ལྷའི་ནགས་ཚལ་བསྟིམ་ལ། རབ་ཏུ་གནས་ཏེ་བཀྲ་ཤིས་བརྗོད་པར་བྱའོ། །མཁའ་འགྲོ་ལ་སོགས་པའི་སྐུ་ནི། དེ་ཉིད་ཀྱི་སྔགས་དང་བསྐྱེད་ཆོག་བྱས་ནས། སྦྱིན་སྲེག་དང་ནང་མཆོད་དང་། བདུད་རྩིས་མཆོད་པས་མཉེས་པར་བྱས་ལ། རབ་ཏུ་གནས་པ་ནི་མན་ངག་ཡིན་ནོ། །འདིར་མདོར་བསྡུས་ཏེ་གསལ་་བར་ཕྱེ་བས་ལེགས་པར་བསྟན་ཏོ། །དེ་ལྟར་སྙིང་ཏིག་བཀའ་གསང་རྒྱ་ཆེ་ལས། །རྫོགས་པ་རང་བྱུང་རྒྱུད་དོན་རབ་བསྡུས་ཏེ། །ཕྱི་རབས་སྐལ་ལྡན་རྣམས་ཀྱི་དོན་ཆེད་དུ། །ཡེ་ཤེས་དྲི་མེད་བཟང་པོས་འདི་བཀོད་པས། །འགྲོ་ཀུན་རྣམ་དག་རྒྱལ་བའི་ཞིང་ཁམས་སུ། །སྒྲིབ་བྲལ་རྫོག་པའི་སངས་རྒྱས་ཐོབ་པར་ཤོག། དེ་ལྟར་དོན་གསལ་ཡིད་འོང་ཆོ་ག་འདི། །ཨོ་རྒྱན་ཐུགས་སྲས་དྲི་མེད་འོད་ཟེར་གྱིས། །སྟོན་གསུམ་མེ་ཏོག་འབྲས་བུ་སྨིན་པའི་ཚེ། །གངས་རི་ཐོད་དཀར་མགུལ་དུ་ལེགས་པར་བཀོད། །ཚིག་དོན་པདྨའི་ནགས་ཚལ་དགའ་བ་འདིས། །སྐལ་ལྡན་བུང་བ་རབ་ཏུ་ཚིམ་པར་ཤོག། རབ་ཏུ་གནས་པའི་
(༤༧༥)ཆོ་ག་ཡེ་ཤེས་དྲི་མེད་ཅེས་བྱ་བ་མཁའ་འགྲོ་སྙིང་ཏིག་གི་རྣལ་འབྱོར་པ་པདྨ་ལས་འབྲེལ་རྩལ་གྱིས། སྟོན་ཀའི་དུས་མེ་ཏོག་དང་འབྲས་བུ་སྨིན་པའི་ཚེ་སྦྱར་བ་རྫོགས་སོ། ༅། རིན་ཆེན་ཤོག་སྐྱའི་སྐོར། མཐོང་སྣང་རིན་ཆེན་གསེར་གྱི་དྲ་བ་བཞུགས་སོ། །མཐོང་སྣང་རིན་ཆེན་གསེར་གྱི་དྲ་བ་ཞེས་བྱ་བ། །དཔལ་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ། །གང་གི་རང་བཞིན་བདེ་གཤེགས་ཀུན་གྱི་དངོས། །པདྨ་རྒྱལ་ཞེས་མངོན་སྤྱོད་མ་འཁྲུལ་བའི། །འགྲོ་བའི་བླ་མ་དེ་ལ་ཕྱག་འཚལ་ལོ། །གྲུབ་པའི་རིམས་པས་མཐོང་བའི་སྣང་ཚུལ་བརྗོད། །དེ་ལ་བསྐྱེད་རྫོགས་ཐུན་མོང་གི་མཐོང་སྣང་དང་། འོད་གསལ་མཆོག་གི་མཐོང་སྣང་གཉིས་ལས། དང་པོ་ལ་གྲུབ་པའི་མཐོང་སྣང་ནི། རྣལ་འབྱོར་པ་རབ་ལ་མངོན་སུམ། འབྲིང་ལ་ཉམས་སྣང་། ཐ་མ་ལ་རྨི་ལམ་དུ་སྣང་སྟེ། དེ་ཡང་བླ་མ་ཡི་དམ་མཁའ་འགྲོའི་སྒྲུབ་པ་གང་ཡིན་ཡང་། དམ་ཅན་འདུ་བས་མཁའ་འགྲོའི་རྟག་འབྱུང་ངེས་ཏེ། མཁའ་འགྲོའི་གཟུགས་དད་སྒྲ་སྐད་སྣ་ཚོགས་པས་ལུང་བསྟན་ཅིང་། དངོས་གྲུབ་སྟེར་བ་དང་། བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་བ་དང་། གསལ་སྣང་མངོན་ཤེས་ལྟ་བུ་འབྱུང་བ་དང་། གཉིད་
(༤༧༦)འོད་གསལ་བདེ་བ་ཆེན་པོར་འཆར་བ་དང་། གཞན་སྣང་འགྱུར་བར་ནུས་པ་དང་། རང་སྣང་དགའ་བདེར་འབར་བ་དང་། ཉོན་མོངས་པ་ཆོས་ཉིད་དུ་གྲོལ་བར་སྣང་བ་ནི་མངོན་སུམ་དང་ཉམས་སུ་མྱོང་བའི་སྣང་བའོ། །རྨི་ལམ་དུ་མཆོག་གི་རྟགས་སུ་ཤེལ་གྱི་མཆོད་རྟེན་ལ་འཛེགས་ཤིང་བསྐོར་བ་བྱེད་པ་དང་། དཀྱིལ་འཁོར་འདྲི་ཞིང་མཐོང་བ་དང་། རང་ཉིད་སངས་རྒྱས་པར་མཐོང་བ་དང་། རང་གིས་རང་གི་རོ་ཁུར་ནས་སྐྱེལ་བ་དང་། ཞིང་ཁམས་བཟང་པོར་ཕྱིན་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་འཕྲད་པ་དང་། སྔོན་མ་ཐོས་པའི་ཆོས་ཟབ་མོ་ཐོས་པ་དང་། བྱ་དང་རི་དྭགས་ཡ་མཚན་ཅན་མཐོང་བ་དང་། ཉི་ཟླའི་སྟེང་དུ་སྐྱིལ་ཀྲུང་བཅའ་བ་དང་། རྟག་ཏུ་ནམ་ལངས་ཤིང་ཉི་མ་ཤར་བ་རྨི་བ་དང་། རྫིང་དང་ཟམ་པ་འཛུགས་པ་དང་། བདག་ཉིད་གྲུའི་ཁ་ལོ་བྱས་ཏེ་ཆུའི་ཕ་རོལ་ཏུ་ཕྱིན་པ་རྨིས་ན། འཁོར་བ་ལས་ཐར་པའི་ལམ་སྣ་ཟིན་ཏེ། ངེས་པར་གྲོལ་བའི་ལྟས་སོ། །ཐུན་མོངས་ལ་ནད་ཞི་བའི་ལྟས་སུ་ལུས་ལས་རྣག་ཁྲག་ཐོན་པ་དང་། གདོན་འཐོན་པའི་ལྟས་སུ་གཞན་ལས་རྒྱལ་བ་དང་། སྡིག་སྒྲིབ་དག་པའི་ལྟས་སུ་ཉི་ཟླ་ཤར་བ་དང་། གོས་དཀར་པོ་གོན་པ་དང་། ཁྲུས་བྱེད་པ་དང་། རི་རྩེ་ལ་ཕྱིན་
(༤༧༧)པ་དང་། ནམ་ལངས་པའོ། །ཚེ་འཕེལ་ཞིང་རྒྱས་པའི་རྟགས་སུ་འབྲུའི་ཕུང་པོ་དང་། ལོ་ཐོག་ལེགས་པོ་དང་། ཉི་ཟླ་ཤར་བའོ། །ཤེས་རབ་རྒྱས་པའི་རྟགས་སུ་མེ་ཏོག་འཐུ་བ་དང་། ཡི་གེ་འབྲི་ཀློག་དང་། དཀར་གསུམ་འཐུང་བ་དང་། མེ་འབར་བ་དང་། ཉི་ཟླ་ཤར་བ་དང་། རལ་གྲི་རྙེད་པའོ། །གྲགས་པ་རྒྱས་པའི་རྟགས་སུ་དུང་འབུད་པ་དང་། རྔ་བརྡུང་བ་དང་། དར་པོ་ཆེ་ཕྱར་བ་དང་། ཀུན་གྱིས་བསྟོད་པ་རྨིའོ། །ནོར་རྒྱས་པའི་རྟགས་སུ། རིན་པོ་ཆེའི་ཆར་འབབ་པ་དང་། གཏེར་འདྲུ་བ་དང་། ལོ་ཐོགས་ལེགས་པ་དང་། ཁང་བཟངས་ལོངས་སྤྱོད་ལྡན་པ་རྨིའོ། །འཁོར་འདབས་རྒྱས་པའི་རྟགས་སུ་སྐྱེ་བོ་མང་པོའི་དབུས་ན་འདུག་པ་དང་། བ་གླང་ལ་སོགས་པ་མང་པོ་སྐྱོང་བ་རྨིའོ། །འགྲོ་བ་དབང་དུ་འདུ་བའི་རྟགས་སུ་བུད་མེད་མང་པོས་ཕྱག་འཚལ་ཞིང་ནོར་འབུལ་བ་དང་། ཞལ་སློབ་དང་སྐྱེ་བོ་མང་པོས་བསྟོད་པའོ། །མཁའ་འགྲོ་མ་འདུས་པའི་རྟགས་སུ། །བུད་མེད་མང་པོས་ཕྱག་འཚལ་རྒྱན་འདོགས་བསྟོད་པའོ། །དཔའ་བོ་འདུས་པའི་རྟགས་སུ་སྐྱེ་བོའི་ཚོགས་དང་། དམག་གི་ཚོགས་འདུས་ཏེ་ཕྱག་འཚལ་ཞིང་ནོར་འབུལ་བ་རྨིའོ། །བགེགས་དྲག་པོ་ཚར་གཅོད་པའི་རྟགས་སུ། །
(༤༧༨)གཞན་བསད་ཅིང་བརྡུང་བ་དང་། མེ་དཔུང་འབར་བ་དང་། རྒྱ་མཚོ་སྐམ་པ་དང་། ཆུ་ཆེན་པོ་འཕྲལ་ལ་འབབ་འཕྲོ་ཆད་པ་དང་། སེམས་ཅན་ཕྲ་མོ་མང་པོ་བསྲེགས་པ་དང་། རྒྱལ་བའི་སྒྲ་སྒྲོགས་པ་རྨིའོ། །མ་གྲུབ་པའི་རྟགས་ལ་བུད་མེད་མཚན་མ་སྟོན་པ་རྨི་ན། མོ་རྒྱུད་མ་གྲུབ་པས་སྤོག་པའི་ལས་བྱ། སྐྱེས་པ་གཅེར་བུ་བྱུང་ན་ཕོ་རྒྱུད་འཁུ་བས་གཟིར་བའི་ལས་བྱ། འཐབ་རྩོད་བྱེད་ན་མཁའ་འགྲོ་འཁྲུགས་པས་སྐོང་བཤགས་བྱ། སྤྲང་པོ་བྱུང་ན་མ་བསྐང་པས་མེ་ཚོགས་དང་གཏོར་ཚོགས་བྱ། མཛེ་ཕོར་བྱུང་ན་གྲིབ་ཡོད་པས་ཁྲུས་དང་གཙང་སྦྲ་བྱེད། མུན་ནག་ཆར་འཐིབས་བྱུང་ན་དམ་ཚིགས་ཉམས་པས་སྐོང་བཤགས་བྱ། ཉི་ཟླ་ནུབ་ན་ཚེ་ཐུང་བས་ཚེ་སྒྲུབ་བྱ། བཟའ་བཏུང་ཐོབ་ཁར་གཞན་གྱིས་ཁྱེར་བར་རྨིས་སམ་གཉིད་སད་ན། ཟ་ཁར་འཇུག་པའི་བགེགས་ལ་མནན་པར་བྱ། མཚོན་ཆ་ཆག་པ་དང་རྣོ་མེད་ན་སྔགས་ལ་ཆད་ལྷག་བྱུང་བས་གསོ་བར་བྱ། རོལ་མོ་ལ་སྐད་མེད་པ་རྨིས་ན་བསྐྱེད་རྫོགས་མ་དག་པས་གསལ་ལ་དག་པར་གསལ་གདབ། དུ་བྲེད་དང་ཆོ་ངེས་བྱེད་པར་རྨིས་ན་སྲུང་མ་མ་མགུ་བས་སྐོང་བཤགས་དང་གཏོར་ཚོགས་བྱ། གཞན་གྱི་འདོད་པ་བྱུང་ན། གཞན་གྱིས་གཏོར་ཚོགས་ཀྱིས་མ་ཁེངས་པས་ཚོགས་གཏོར་རྒྱ་ཆེན་པོ་གཏང་། རང་
(༤༧༩)ཉིད་ཀུན་གྱི་གྲལ་གཤམ་ན་འདུག་པ་རྨིས་ན། འཇིག་རྟེན་གྱི་ལྷ་འདྲེ་མ་འཆུན་པས་དམིགས་པ་རྒྱ་བསྐྱེད། མི་གཙང་བའི་འདམ་རྫབ་ཀྱི་ཁྲོད་དུ་འདུག་པ་རྨིས་ན་གྲིབ་ཡོད་པས་ཁྲུས་དང་སྐོང་བཤགས་བྱ། གོས་ངན་པ་གོན་པ་རྨིས་ན་བསོད་ནམས་དམན་པས་ཚོགས་བསག། རི་ནས་ཐུར་དུ་འགྲོ་བ་རྨིས་ན་བར་ཆད་དང་སྐལ་བ་ངན་པས་དགེ་སྦྱོར་ལ་འབད་ཅིང་བརྩོན་འགྲུས་བསྐྱེད། ས་རུབ་ཅིང་ཉི་ཟླ་ནུབ་པ་དང་། རྒུད་པ་དང་། གོས་དམར་པོ་གོན་ནས་མཆོད་རྟེན་དམར་པོ་ལ་འཛེགས་པ་དང་། གཅེར་བུར་བོང་བུ་ལ་ཞོན་པ་དང་། ནུབ་ཏུ་བལྟས་ནས་ཉམས་མི་དགའ་བཞིན་དུ་ཉི་མ་ནུབ་ཁར་འགྲོ་བ་རྨིས་ན། འཆི་རྟགས་ཡིན་པས་འཆི་བསླུ་དང་ཚེ་སྒྲུབ་ལ་འབད་པར་བྱའོ། །འདི་དག་ནི་མདོ་ཙམ་སྟེ། མདོར་ན་རྨི་ལམ་གང་ཡང་སད་དུས་ཤེས་པ་མི་དགའ་ན་ངེས་པར་ཞན་ལ། ཤེས་པ་མི་བདེ་བ་མེད་ན་བག་ཆགས་སུ་ཤེས་པར་བྱའོ། །དེའང་སྲོད་ལ་སྔར་འདས་པ་དང་། བགེགས་ཀྱི་ཆོ་འཕྲུལ་གྱི་རྨི་ལམ་གཞི་ཆེ། གུང་ལ་བག་ཆགས་དང་ད་ལྟའི་སྣང་བ་ཤས་ཆེ། ཐོ་རང་ས་མ་འོངས་པ་དང་ལྷས་ལུང་སྟོན་པའི་ཕྱིར། མངོན་ཤེས་ཀྱི་རྣམ་པ་དང་ཆོས་མཐུན་པས་ཐོ་རངས་ལ་བརྟག་པ་ཡིན་ནོ། །ངན་པ་རྣམས་ལ་སོ་སོའི་
(༤༨༠)གཉེན་པོ་རྣམས་དང་། བདེན་མེད་ཀྱི་རྩལ་སྦྱང་བས་ཞི་བར་འགྱུར་རོ། །དེ་དག་ཐུན་མོང་གི་མཐོང་སྣང་བཟང་ངན་རྣམས་རྣལ་འབྱོར་པས་ཤེས་པར་བྱ་བའི་ཕྱིར་དུ་སྨོས་པ་སྟེ། ཁོང་དུ་ཆུད་པར་བྱའོ། །དོན་གཉིས་པ་འོད་གསལ་མཆོག་གི་མཐོང་སྣང་ལ་གཉིས་ལས། རང་རིག་པའི་མཐོང་སྣང་ལའང་བཟང་པོ་ནི། གནས་ལུགས་ཀྱི་དོན་ལ་སྦྱངས་པས་ན། སེམས་ཅན་ལ་སྙིང་རྗེ་ཆེན་པོ་འབད་མེད་དུ་སྐྱེ་བ་དང་། བླ་མ་ལ་གདུང་བ་མཆོག་ཏུ་སྐྱེ་བ་དང་། འདོད་ཡོན་ལ་དགོས་མེད་སྐྱེ་བ་དང་། ཆགས་སྡང་གི་འཛིན་པ་ཇེ་ཆུང་ལ་འགྲོ་བ་དང་། རང་སེམས་ལ་གཡོ་ཟོག་གི་རྣམ་པར་མི་འབྱུང་བ་དང་། སྙིང་ནས་འཆི་བ་མི་རྟག་པར་སྐྱེ་བ་དང་། བློ་སྣ་བཙན་ཐབས་སུ་ཐུང་ལ་སྐྱོ་ཤས་གཏིང་ནས་སྐྱེ་བ་དང་། འཇིག་རྟེན་གྱི་སྣང་བ་སྒྱུ་མར་མཐོང་བ་དང་། སྣང་སྲིད་སློབ་དཔོན་དུ་འཆར་བ་དང་། ཅི་བྱས་གཞན་ལ་ཕན་པ་དང་། ཀུན་གྱིས་མཐོང་ན་དགའ་བ་དང་། དད་མོས་རྒྱུན་ཆད་མེད་པ་དང་། ཉོན་མོངས་པ་ཆོས་ཉིད་དུ་འཆར་བ་དང་། ཆོས་མིན་གྱི་བསམ་པ་རྒྱུད་ལ་མི་འབྱུང་བ་དང་། བདེ་གསལ་མི་རྟོག་པ་རང་བབས་སུ་སྐྱེ་བ་དང་། གང་ཤར་རང་གྲོལ་དུ་མཐོང་བ་དང་། ཐེ་ཚོམ་གྱི་འཛིན་པ་མི་སྐྱེ་བ་དང་། བླ་མའི་
(༤༨༡)གདམས་ངག་ལ་ཡིད་ཆེས་སྐྱེ་བ་དང་། ཆོས་ཀྱི་ཚིག་དོན་སྔར་མི་ཤེས་པ་རྒྱུད་ལ་འཆར་བ་དང་། ཐམས་ཅད་བློ་བྲལ་དུ་ཤེས་པ་ལ་སོགས་པའོ། །ངན་པ་ནི་ཉམས་སུ་བླངས་པའི་ཚེ་ན། དེ་དག་ལས་ལྡོག་པ་རྒྱུད་ལ་འཆར་ཞིང་། ཁྱད་པར་དུ་གནས་དང་ཡུལ་དང་། གཉེན་བཤེས་ལ་ཆགས་སྡང་སྐྱེ་ཞིང་། རྫས་དང་ཡོ་བྱད་ལ་སོགས་གང་རུང་ལ། ཆགས་ཞན་ཇེ་ཆེར་གྱུར་པ་དང་། དུག་ལྔ་ཇེ་རགས་ལ་སོང་བས་མཐུན་མཇུག་དང་། ཆགས་སྡང་འབད་མེད་འབྱུང་བ་དང་། གཅིག་པུར་འདུག་ཀྱང་སེམས་ཉོན་མོངས་པས་གཡེངས་ཤིང་བྱ་བྱེད་འདུ་འཛི་ལ་དགའ་བ་དང་། བླ་མའི་གདམས་ངག་ལ་ཡིད་མི་ཆེས་པས་སྤྲོས་བཅས་ཀྱི་དགེ་སྦྱོར་ལ་གཙོ་བོར་འདོན་པ་དང་། བློ་སྣ་མང་ཞིང་རྣམ་རྟོག་ཇེ་རགས་ལ་འགྲོ་བ་དང་། དགག་སྒྲུབ་དང་འགྱུར་ལྡོག་མང་ཞིང་འགྲོགས་ཚད་ཆོས་མིན་ལ་འགོད་པ་དང་། ཁ་ལྟ་ཉམས་ལེན་འཛོལ་བས་སེམས་ལ་རྡུལ་ཙམ་ཡང་མ་ཕན་པ་ལ་སོགས་ཏེ། མདོར་ན་ཆོས་དང་མི་མཐུན་པ་ཀུན་ལ་རང་གནས་ཤིང་གཞན་ཡང་འགོད་པ་རྣམས་སོ། །དེ་དག་ལ་བླ་མ་དམ་པ་བཙལ་ནས་ཉོན་མོངས་པའི་གཉེན་པོར་གང་འགྱུར་བརྟེན་ནས། རང་
(༤༨༢)སེམས་འདུལ་བ་མཆོག་ཏུ་ཟབ་བོ། །གཉིས་པ་འོད་ལྔ་ཕྱིའི་མཐོང་སྣང་ནི། ལུས་ངག་ཡིད་གསུམ་གྱི་གནད་རྣམས་ལེགས་པར་གཅུན་ཏེ་བསྒོམས་པས་ཐིག་ལེ་སྟོང་པའི་སྒྲོན་མ་མཐེབ་མཛུབ་ཀྱི་རྩོལ་བ་དང་བྲལ་ཡང་། སྣང་དུས་ནང་དུ་གཟུང་འཛིན་གྱི་རྩ་གཉིས་འོད་དུ་སོང་བས་འཁོར་བའི་འཆིང་བ་ལས་གྲོལ་ཏེ། རྩོལ་སྒྲུབ་ལས་འདས་པའི་དོན་ཁོང་དུ་ཆུད་པའི་ལྟས་སོ། །དེ་དུས་ཤི་ཡང་སྐྱེ་བ་གཉིས་ནས་སངས་རྒྱའོ། །དེ་ནས་དབྱིངས་རྣམ་པར་དག་པའི་སྒྲོན་མ་སྨིན་མཚམས་ནས་བྲལ་ཏེ་འོད་ལྔའི་སྣང་བ་དུམ་བུ་ལ་ཁྲུ་གང་ཙམ་པ། ཁ་དོག་ལྔ་ལྡན་གྱི་ནང་འོད་ཟླུམ་མུ་ཁྱུད་རིས་མང་པོར་སྣང་དུས། ནང་དུ་ཡེ་ཤེས་ཀྱི་སྣང་བས་དུག་ལྔ་དང་སྒོ་ལྔའི་རྩ་འདབ་འོད་དུ་སོང་བས་འཁོར་འདས་རྒྱབ་གྱེས་ཏེ་ཕྱི་མ་མངལ་གྱི་གྲོང་ཁྱེར་དུ་མི་འཇུག་པའི་རྟགས་སོ། །དེ་དུས་ཤི་ཡང་སྤྲུལ་སྐུར་སྐྱེ་བས་འགྲོ་དྲུག་ཏུ་མི་སྐྱེའོ། །དེའང་མངོན་དགའ་ལ་སོགས་པར་རྫུས་ཏེ་སྐྱེ། ལོ་ལྔ་བརྒྱ་ན་སངས་རྒྱ་བའོ། །དེ་ནས་འོད་ལྔའི་སྣང་བ་གྱེན་ལ་འགྲེང་བ་དང་། རྩིབས་ཤར་དང་། མདུང་རྩེ་དང་། མདའ་ལྟ་བུ་དང་། རེ་ལྡེ་ཙམ་དུ་སྣང་དུས་ན། ནང་དུ་སྤྲུལ་པའི་ཞིང་གི་བག་ཆགས་འཛིན་པའི་རྩ་བདུན་ཅུ་རྩ་གཉིས་རེ་འོད་
(༤༨༣)དུ་སོང་བས་དབྱིངས་རིག་འདུས་ཏེ་བར་དོར་སངས་རྒྱ་བའོ། །དེའང་སྣང་བའི་འོད་གསལ་མདུན་ངོས་ཙམ་པར་གཞལ་ཡས་ཁང་པར་ཤར་བའི་གནད་ཀྱིས་སོ། །དེའང་དེ་དུས་ཤི་ན་བར་དོ་གསུམ་པ་ལྷུན་གྲུབ་ལ་གྲོལ་ལོ། །དབྱིངས་སྣང་ལ་རིན་པོ་ཆེའི་དྲ་བ་དྲ་ཕྱེད་དང་། མིག་མངས་རིས་དང་། མིག་ཚགས་ལྟ་བུ་དང་། ཟ་འོག་བེར་ཁྱིམ་དང་། མཆོད་རྟེན་དང་། ལྕགས་ཀྱུ་དང་། མདུང་རྩེ་དང་། མདའ་དང་། ཉ་མིག་གི་རྣམ་པ་ལྟ་བུ་ཤར་དུས་ནང་དུ་ལོངས་སྐུའི་ཆ་འཛིན་པའི་བག་ཆགས་ཀྱི་སྒྲིབ་པའི་རྩ་ལྔ་བརྒྱ་འོད་དུ་སོང་བས་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ལ་སངས་རྒྱས་ཏེ་སྲིད་པའི་བར་དོ་མེད་དོ། །དེའང་ཆོས་ཉིད་ལས་སྲིད་པའི་བར་དོ་རང་ལོག་སྟེ། དབྱིངས་ཀྱི་རྒྱན་རྫོགས་པའི་ཕྱིར་རོ། །དབྱིངས་སྣང་གིས་ལུང་པ་འགགས་པ་ནི། ནང་དུ་སྒྲིབ་བྱེད་གཉིས་སྣང་གི་རྩ་བཞི་བརྒྱ་འོད་དུ་སོང་སྟེ། རྣམ་རྟོག་ཡུལ་གྱི་ཞེན་པ་དང་བྲལ་བས་འདི་དུས་ཤི་ཡང་། ཟུང་འཇུག་གི་སྣང་བ་ལ་སངས་རྒྱས་པའི་རྟགས་སོ། །དབྱིངས་རིག་ཉིན་མཚན་མེད་པར་འདྲེས་ཏེ་སྣང་དུས། ནང་དུ་སྐུ་གསུམ་སྣང་ཚུལ་གྱི་རྟེན་འབྲེལ་བྱེད་པའི་རྩ་སུམ་སྟོང་འོད་དུ་སོང་བས་འོད་གསལ་གྱི་སྣང་བ་ལ་སངས་རྒྱའོ། །དེའང་འཁོར་
(༤༨༤)འདས་གཉིས་སུ་མེད་པར་གྲོལ་བའི་གནད་ཀྱིས་སོ། །དེ་དག་གི་ཚེ་ཐིག་ལེ་ཡང་སྲན་མའི་རྡོག་པོ་ཙམ་ལས་བསེ་ཕུབ་ཙམ་གྱི་བར་དུ་འཕེལ་ལོ། །དེའི་ཚེ་ལུས་ལ་གཉེར་མ་མེད་ཅིང་ཟས་སྐོམ་མི་དགོས་པ་དང་། རང་སྣང་ལས་འབྲལ་མི་ཕོད་པ་དང་། བར་སྣང་ལ་འགྲོ་བ་དང་། འཁྲུལ་པའི་གཏམ་མི་འབྱུང་བའོ། །དེ་ནས་ཐིག་ལེ་རེ་རེའི་ནང་དུ་རིགས་ལྔའི་སྐུ་རྐྱང་པ་རེ་ཤར་བ་དང་། ཡབ་ཡུམ་ཟུང་འབྲེལ་དུ་ཤར་དུས། ཕུང་པོ་འོད་གསལ་དུ་གྲོལ་དུས། འབྱུང་བཞིའི་གནོད་པ་མེད་པས་སྐྱེ་ཤི་ལས་འདས་ཏེ། ནང་རྩམ་ལུས་པ་འོད་དུ་སོང་ནས་རྡོས་བཅས་སུ་མི་སྣང་བར་ཆུའི་ཟླ་བ་ལྟ་བུར་སྣང་ངོ། །དེ་དུས་སྐུ་གསུམ་གྱི་ཞེན་པ་ཆོད་དེ། ལོངས་སྐུའི་ཞིང་ལ་ད་ལྟ་སྤྱོད་པའོ། །དེའང་ལོངས་སྐུའི་ཞིང་ལ་གཉིས་ཏེ། མཐར་ཐུག་སངས་རྒྱས་ཀྱི་ཞིང་དང་། གནས་སྐབས་རྣལ་འབྱོར་པའི་ཞིང་ངོ། །སངས་རྒྱས་ཀྱི་ཞིང་ནི་སངས་རྒྱས་ནས་ལོངས་སྐུར་བཞེངས་དུས་ནའོ། །རྣལ་འབྱོར་པ་ལ་གཉིས་ལས། ཚད་དུ་ཕྱིན་པ་མངོན་སུམ་གྱི་སྣང་བ་ནས། གོང་འཕེལ་གྱི་སྣང་བ་རྫོགས་པ་ཚུན་ཆད་དོ། །ཕྱིན་པ་ནི་རིག་པ་ཚད་ཕེབས་ཏེ། འདི་དག་ལ་ལོངས་སྐུའི་ཞིང་ཉུལ་བ་ཞེས་བྱ་སྟེ་གོང་ནས་གོང་དུ་འགྲོ་ཞིང་སངས་རྒྱས་ཀྱི་སར་
(༤༨༥)བརྟན་པ་ཐོབ་དགོས་པའི་ཕྱིར་རོ། །སངས་རྒྱས་ནས་ལོངས་སྐུའི་ཞིང་བརྟན་པ་ཞེས་བྱ་སྟེ། མི་འགྱུར་ཞིང་མཐར་ཐུག་པའི་ཕྱིར་རོ། །དེ་ནས་འོད་ཀྱི་ནད་ན་ལག་སོར་བཀྲམ་པ་ཙམ་ལས་མི་མངོན་བས་ན་ཕྱི་ནང་གི་འཁྲུལ་སྣང་ཟད་དེ། སེམས་ཅན་གྱི་དོན་དུ་འཕོ་བའི་སྐུར་པདྨ་ལྟ་བུར་འབྱུང་ཞིང་ཁ་ཅིག་གདོད་མའི་སར་གྲོལ་ནས་སྤྲུལ་པས་དོན་མཛད་པའོ། །དེའང་ཕྱི་སྣང་བའི་འོད་གསལ་ལས། ནང་རིག་པའི་འོད་གསལ་འབྱོངས་ཏེ། གསང་བ་ཆོས་ཉིད་ཀྱི་འོད་གསལ་དུ་གྲོལ་བར་བྱེད་པས་ན་ཆོས་ཚུལ་འདི་ནི་ཀུན་ལས་ཁྱད་པར་འཕགས་སོ། །ཨེ་མ་ཧོ། །ཡང་གསང་སྙིང་པོ་མཁའ་འགྲོ་སྙིང་ཏིག་ལས། །མཐོང་སྣང་སྣ་ཚོགས་གསེར་གྱི་དྲ་བ་ཅན། །གང་གིས་གོམས་ཤིང་བསྒྲུབས་ལས་མངོན་དུ་སྣང་། །འདི་ཡང་རང་རིག་གོམས་པའི་ཆོ་འཕྲུལ་ཙམ། །སྣང་སྲིད་སྣོད་བཅུད་དག་དང་མ་དག་ཀུན། །གྲིབ་མ་གཟུགས་ལ་ཤར་བ་ཆོས་ཉིད་ངང་། །འོད་གསལ་གདངས་ལས་སོ་སོར་སྣང་ན་ཡང་། །རང་བྱུང་ཡེ་ཤེས་གཟུགས་གཞན་འཕོ་འགྱུར་མེད། །དག་དང་མ་དག་གྲིབ་མ་ཇི་བཞིན་ཡང་། །གདོད་མའི་ངང་ལས་ཤར་དེར་མཐའ་ཡང་གྲོལ། །འཁོར་འདས་སྣང་རྟགས་ཤིན་ཏུ་དག་པའི་ཚེ། །གདོད་མའི་སར་
(༤༨༦)ཕྱིན་རྨི་ལམ་སད་པ་འདྲ། །བཟང་ངན་གཉིས་མེད་མཉམ་རྫོགས་བློ་བདེའོ། །གངས་རི་ཐོད་དཀར་རིན་ཆེན་སྙིང་པོའི་མགུལ། །ཨོ་རྒྱན་རྫོང་དུ་དྲི་མེད་འོད་ཟེར་གྱིས། །ཕྱི་རབས་དོན་དུ་སྣང་བར་བྱས་པ་ཡིན། །མཐོང་སྣང་རིན་ཆེན་གསེར་གྱི་དྲ་བ་རྫོགས་སོ།། །།དགེའོ།། །།
(༤༨༧)རིན་ཆེན་ཤོག་འདྲ། རྡོ་རྗེ་གཡུ་སྒྲོན་མའི་སྒྲུབ་ཐབས་ཟླ་བ་འདོད་འཇོ་བཞུགས་སོ། །རྡོ་རྗེ་གཡུ་སྒྲོན་མའི་སྒྲུབ་ཐབས་ཟླ་བ་འདོད་འཇོ་ཞེས་བྱ་བ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ། །ཡིད་བཞིན་རེ་བ་ཀུན་འགྲུབ་ཅིང་། །འདོད་དགུའི་བསམ་པ་རྫོགས་མཛད་པ། །ཡེ་ཤེས་མཚོ་རྒྱལ་ལ་བཏུད་དེ། །རྡོ་རྗེ་གཡུ་སྒྲོན་སྒྲུབ་ཐབས་བཤད། །འདི་ལ་ཕྱི་ནང་གསང་བ་གསུམ། །ཕྱི་ལྟར་སྨན་བཙུན་མཆེད་ལྔ་ལ། །ནང་ལྟར་ཡིད་འོངས་ལྷ་མོ་ལྔ། །གསང་བ་མཁའ་འགྲོ་ལྔ་ཡིན་པས། །སྐུ་གསུང་ཐུགས་ཡིན་འདི་ལྟར་བསྒྲུབ། །དང་པོ་ཕྱི་ལྟར་སྒྲུབ་པ་ནི། །ཡིད་དང་མཐུན་པའི་གངས་རིའམ། །ནགས་རི་སྤང་རི་སྐྱེད་མོས་ཚལ། །དབེན་ཞིང་ཉམས་དགའི་གནས་ཉིད་དུ། །མཎྜལ་པདྨ་འདབ་བཞིའི་སྟེང་། །སྨན་མོའི་གཟུགས་དང་མེ་ལོང་མདའ། །དར་སྣ་ལྔས་བརྒྱན་བཞག་པར་བྱ། །མཐའ་སྐོར་དཀར་གསུམ་མངར་གསུམ་དང་། །མེ་ཏོག་ལ་སོགས་མཆོད་པ་བཤམས། །དེ་ནས་རང་ཉིད་སྐད་ཅིག་གིས། །པདྨ་འབྱུང་གནས་བསྒོམ་བྱས་ལ། །མདུན་དུ་གངས་རི་སྐྱེད་མོས་ཚལ། །དབུས་ན་རིན་ཆེན་ཁང་བཟང་སྟེ། །དེ་ནང་རིན་ཆེན་ཁྲི་སྟེང་དུ། །རྡོ་རྗེ་གཡུ་སྒྲོན་དཀར་གསལ་ནི། །དར་
(༤༨༨)དཀར་ན་བཟའ་གསེར་གཡུས་བརྒྱན། །ཕྱག་གཡས་ཡིད་བཞིན་ནོར་བུ་སྟེ། །གཡོན་ན་དངུལ་དཀར་མེ་ལོང་འཛིན། །དར་ཐོད་མེ་ལོང་ཕྲེང་རྒྱན་ཅན། །འཛུམ་བཅས་ཕྱེད་ཀྲུང་འོད་ཟེར་འཕྲོ། །ཕྱོགས་བཞིར་མཆེད་བཞི་གཙོ་མོ་འདྲ། །ཀུན་ཀྱང་བཅུ་དྲུག་ན་ཚོད་ལ། །སྒེག་མཛེས་དགྱེས་པའི་ཚུལ་དུ་བསྒོམ། །སྙིང་གའི་འོད་ཟེར་རབ་འཕྲོས་པས། །གནམ་སྨན་གངས་རི་ལྷ་ཡི་གནས། །སྤྲིན་དཀར་དག་པའི་ཕོ་བྲང་ནས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསྟིམ། །དངོས་དང་ཡིད་ཀྱིས་མཆོད་བྱས་ལ། །སྔགས་འདི་མ་ཡེངས་བཟླས་པར་བྱ། །ཨཱོྃ་བཛྲ་པྲ་མོ་ཧ་ཧྲིང་ཧྲིང་སྭཱ་ཧཱ། བདག་ཉིད་པདྨའི་འོད་ཟེར་ནི། །ཕོག་པས་དེ་དག་སྐུ་གསུང་ཐུགས། །དགྱེས་པས་རིན་ཆེན་ཆར་འབེབས་ཤིང་། །འདོད་དགུའི་བསམ་པ་བསྒྲུབ་པར་བསམ། །རྗེས་ལ་དཀར་གསུམ་མངར་གསུམ་གྱི། །གཏོར་མ་འབྲུ་གསུམ་བྱིན་བརླབས་ལ། །ཨཱོྃ་ཛྲ་པྲ་མོ་ཧ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་ལྔའམ་བདུན་གྱིས་དབུལ། །བསྟོད་པ་འདི་ཡང་བརྗོད་པར་བྱ། །རྡོ་རྗེ་གཡུ་སྒྲོན་ཤིན་ཏུ་མཛེས་པའི་སྐུ། །དཀར་གསལ་གངས་རིའི་ངོས་ལ་ཉི་ཤར་འདྲ། །སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྩོལ་མཛད། །མཆེད་ལྔ་འཁོར་དང་བཅས་ལ་ཕྱག་
(༤༨༩)འཚལ་བསྟོད། །སྔོན་ཚེ་སློབ་དཔོན་པདྨའི་སྤྱན་སྔ་རུ། །ཇི་ལྟར་ཞལ་བཞེས་ཐུགས་དམ་དྲན་མཛོད་ལ། །རྣལ་འབྱོར་བདག་ལ་དགྱེས་པའི་ཞལ་བཟང་སྟོན། །བཅོལ་བའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །ཅེས་བརྗོད་དགྱེས་པས་དོན་འགྲུབ་བསམ། །ཐུན་མཚམས་སྤྱོད་ལམ་ཅི་བདེར་བྱ། །དེ་ལྟར་ཞག་བདུན་བསྒྲུབས་པ་ཡིས། །རྨི་ལམ་སྔར་བས་འགྱུར་ཞིང་དགའ། །བུད་མེད་འདུ་དང་ཟས་སྟེར་དང་། །ཕྱག་དང་བསྐོར་བ་བྱེད་པ་རྨི། །དངོས་གྲུབ་ཟས་ནོར་སྤྲིན་བཞིན་འདུ། །ཁྱད་པར་བུད་མེད་བཟང་མོ་དང་། །ཡུལ་མི་མང་པོ་འདུ་བ་ཡིན། །འདོད་དོན་ཐུན་མོང་དངོས་གྲུབ་ཐོབ། །དེ་ནི་ཕྱི་ལྟར་སྒྲུབ་པའོ། །ཨིྠྀ། རྒྱ་རྒྱ་རྒྱ།། །།གཉིས་པ་ནང་ལྟར་སྒྲུབ་པ་ནི། །གནས་དང་དཀྱིལ་འཁོར་སྔོན་བཞིན་ཏེ། །ཁྱད་པར་ཟ་འོག་ཁུག་མ་རུ། །ཤེལ་དང་བྱི་རུ་གཡུ་ཆུང་གཞུག། བླ་རྡོ་ལྷ་མོ་མཆེད་ལྔ་ནི། །དམར་མཛེས་མེ་ལོང་པདྨ་བསྣམས། །དར་ཟབ་རིན་ཆེན་སྣ་ཚོགས་བརྒྱན། །ཕྱེད་ཀྲུང་འཛུམ་བཅས་འོད་ཟེར་འཕྲོ། །ཚངས་པ་ལྷ་ཡི་འཇིག་རྟེན་ནས། །ཡེ་ཤེས་སྤྱན་དྲངས་གཉིས་མེད་བསྟིམ། །མཆོད་དང་བསྟོད་པས་མཉེས་བྱས་ལ། །བདག་ཉིད་ཉི་མ་འོད་ཟེར་
(༤༩༠)གྱི། །ཐུགས་ཀའི་འོད་ཀྱིས་བསྐུལ་བ་ཡིས། །འཇིག་རྟེན་སྐྱེ་བོ་ཟས་ནོར་བཅས། །སྐད་ཅིག་དབང་གིས་སྡུད་པར་བསམ། །ཨོཾཱ་ཧྲཱི་བཛྲ་པྲ་མོ་ཧ་ཧྲིང་ཧྲིང་སྡུས་སྡུས་ཨ་ཀར་ཤ་ཡ་ཁུག་ཛཿ། སྒོམ་དང་བཟླས་པའི་འོད་ཟེར་གྱིས། །སྟོང་གསུམ་འོད་དམར་གཅིག་གྱུར་ནས། །རང་ལ་ཐིམ་ཞིང་འདུས་པར་བསམ། །ལྷ་མོ་མཆེད་ལྔའི་འོད་ཟེར་ལས། །སྤྲུལ་པའི་ལྷ་མོ་དཔག་མེད་འཕྲོས། །ཐམས་ཅད་དབང་བསྡུས་བཀུག་པར་བསམ། །ཁྱད་པར་གང་དམིགས་བསྒྲུབ་བྱ་ནི། །སྐད་གཅིག་བཀུག་ནས་དབང་གྱུར་བསམ། །རྗེས་ལ་ཅི་འབྱོར་གཏོར་མས་མཆོད། །བསྟོད་པ་འདི་ཡང་བརྗོད་པར་བྱ། །ཚངས་པ་ལྷ་ཡི་འཇིག་རྟེན་ན། །ལྷ་མོ་མེ་ཏོག་མན་དྷཱ་ར། །དཔག་མེད་ལྷ་ཡི་བསྟོད་པ་ནི། །འཇིག་རྟེན་གསུམ་དབང་མཛད་པ་མོ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཇི་ལྟར་བདག་གིས་བསམ་པ་བཞིན། །འདོད་དགུའི་རེ་བ་འགྲུབ་པར་མཛོད། །ཅེས་བརྗོད་ཐུན་མཚམས་ཅི་བདེར་གནས། །རྨི་ལམ་སྐྱེ་པོ་དཔག་མེད་འདུ། །ཉི་ཟླའི་སྟེང་གནས་ལྷ་ཡུལ་འགྲོ། །བུད་མེད་འདུ་དང་གཏེར་འདོན་རྨི། །དངོས་སུ་གང་དམིགས་དབང་དུ་འདུ། །ཀུན་གྱི་ཡིད་འཕྲོག་སྐྱེ་བོ་འདུ། །དབང་གི་དངོས་
(༤༩༡)གྲུབ་རྒྱ་ཆེན་ཐོབ། །དེ་ནི་ནང་ལྟར་སྒྲུབ་པའོ། ཨིྀྠཿརྒྱ་རྒྱ་རྒྱ།། །།གསུམ་པ་གསང་བར་སྒྲུབ་པ་ནི། །དབེན་ཞིང་ཡིད་དང་རྗེས་མཐུན་པར། །མཎྜལ་འདབ་བཞི་དཀར་སེར་དམར། །ལྗང་དང་ལྟེ་བ་མཐིང་གའི་སྟེང་། །ཐོད་པ་བདུད་རྩིའི་བཀང་བའི་སྟེང་། །མེ་ལོང་ཆོས་འབྱུང་སུམ་བརྩེགས་ནང་། །ཧྲཱི་ཧ་རི་ནས་ལོ་ཀ་སརྦ་སིདྡྷིི་ཕ་ལ་ཁུག་ཛཿ། །ཞེས་པ་དང་ནི་ཕྱི་རོལ་ལ། །ཡུལ་དང་སྐྱེ་བོའི་སྤེལ་ཚིག་བྲི། །དེ་ཉིད་མཁའ་འགྲོ་ལྔར།། །བསྐྱེད་དེ། །ཧྲཱིཿལས་དབུས་སུ་ཌཱ་ཀི་མ། །དམར་ནག་སྤྱི་གཙུག་རིན་ཆེན་ཏོག། ཕག་ཞལ་མཆེ་གཙིགས་གཅེར་བུ་ལ། །གཡས་གཡོན་གྲི་གུག་ཐོད་ཁྲག་འཛིན། །གཡས་བསྐུམ་གཡོན་བརྐྱང་རུས་པས་བརྒྱན། །གྲུ་མོ་ཁ་ཊཱྃ་མཚན་པ་ལ། །ཕྱོགས་བཞིར་ཧ་རི་ནི་ས་ལས། །གཙོ་མོ་འདྲ་བའི་འཁོར་བསྐྱེད་དོ། །ཀུན་གྱི་སྙིང་ཁར་པད་ཟླ་དང་། །ཉི་སྟེང་ཧྲཱིཿམར་ཚེག་དྲག་ཅན། །ཧ་རི་ནི་སས་བསྐོར་བ་ལས། །འོད་ཟེར་འཕྲོ་བ་བསྒོམ་པར་བྱ། །རང་ཉིད་པདྨ་ཐོད་ཕྲེང་ནི། །མཐིང་ནག་འཇིགས་པའི་འོད་ཟེར་གྱིས། །འོག་མིན་ཡེ་ཤེས་བཀུག་ལ་བསྟིམ། །ཕྱི་ནང་གསང་བའི་མཆོད་པས་མཆོད། །སྔགས་འདི་མ་ཡེངས་བཟླས་པར་བྱ། །
(༤༩༢)ཨོཾཱ་ཧྲཱི་ཧ་རི་ནི་ས་ལོ་ཀ་སིདྡྷི་ཨ་ཀརྴ་ཡ་ཁུག་ཁུག་སྡུས་སྡུས་ཛ་ཛ་ཙིཏྟི་ཧྲིང་ཧྲིང་། །བདག་གི་སྙིང་གའི་འོད་ཟེར་གྱིས། །མཁའ་འགྲོ་ལ་ཕོག་བསྐུལ་མ་ཐག། མཁའ་འགྲོའི་འོད་ཟེར་རབ་འཕྲོས་པས། །འཇིག་རྟེན་སྐྱེ་བོའི་ཟས་ནོར་དང་། །གང་དམིགས་བསྒྲུབ་བྱ་བཀུག་པར་བསམ། །ཡང་ཅིག་འཕྲོས་པས་འོད་ཟེར་གྱིས། །འཛམ་གླིང་ཁྱོམ་ཁྱོམ་མེར་མེར་ལ། །རྒྱལ་པོ་ལ་སོགས་བཀུག་པར་བསམ། །ཡང་ཅིག་འཕྲོས་པའི་འོད་ཟེར་གྱིས། །ནམ་མཁའ་རྒྱ་མཚོ་རྔ་ལྤགས་ལ། །ཁོར་ཡུག་རྔ་ཆེན་གཅིག་གྱུར་པ། །ཉི་ཟླའི་རྔ་ཡོག་གིས་བརྡུངས་པས། །བདག་གི་གྲགས་པའི་རྔ་སྒྲ་ཡིས། །འཇིག་རྟེན་གསུམ་པོ་ཀུན་གྲགས་ནས། །གཡོ་ལྡེག་མེར་ཞིང་ཁྱོམ་པ་ཡིས། །བདག་གི་དབང་དུ་འདུས་པར་བསམ། །སྔགས་དང་ཏིང་འཛིན་མ་ཡེངས་པས། །ཞག་བདུན་བར་དུ་བསྒྲུབ་པར་བྱ། །རྨི་ལམ་ཁྲོམ་དུ་སྐྱེ་བོས་བསྟོད། །ཟས་ནོར་ཆར་འབབ་མཁའ་ལ་འགྲོ། །གཏེར་དང་རིན་ཆེན་རྙེད་པ་དང་། །དུར་འབུད་རྔ་ཆེན་བརྡུང་བ་རྨི། །དངོས་སུ་འགྲོ་ཀུན་དབང་དུ་འདུ། །ཆེ་བཙུན་ཐམས་ཅད་འདུ་བ་དང་། །ཟས་ནོར་གཏེར་ནི་རྡོལ་བ་བཞིན། །ཕྱོགས་རྣམས་ཀུན་ནས་འདུ་བ་ཡིན། །དེ་ལྟར་གྲུབ་པའི་རྟགས་
(༤༩༣)བྱུང་ནས། །མེ་ལོང་ཡི་གེ་བདུད་རྩིས་བཀྲུ། །ཐོད་པའི་བདུད་རྩིའི་འོད་ཟེར་གྱིས། །འཇིག་རྟེན་གསུམ་པོ་འོད་དུ་ཞུ། །ཐོད་པའི་ནང་ཐིམ་དམིགས་ནས་ནི། །བདག་ཉིད་བཏུང་བས་དངོས་གྲུབ་ཐོབ། །གསང་སྒྲུབ་ཡིད་བཞིན་ནོར་བུ་འདི། །སྒོམ་དང་བཟླས་པ་ཙམ་གྱིས་ནི། །ཐམས་ཅད་འདུ་ཞིང་ཟས་ནོར་འཕེལ། །ཅི་བསམ་འགྲུབ་དང་ཆོས་འཕེལ་ལོ། །དེ་ལྟར་བསྒྲུབས་པའི་དམ་ཚིག་ཏུ། །ཆགས་ཞེན་མ་བྱི་སྦྱིན་པར་གཏང་། །བླ་མ་ལ་གུས་དམ་ཚིག་བསྲུང་། །རིག་པ་ངར་བསྐྱེད་བརྟུལ་ཞུགས་བྱ། །གཏུམ་མོ་སྦར་ཞིང་བདེ་སྟོང་བསྒོམ། །དེས་ནི་མྱུར་དུ་འགྲུབ་པ་ཡིན། །ཨིྠྀཿརྒྱ་རྒྱ་རྒྱ།། །།ཡང་གསང་བླ་ན་མེད་པ་འདི། །རང་ཉིད་པདྨའི་ཐུགས་ཀ་རུ། །ཧྲཱི་དང་ཧ་རི་ནི་ས་ལས། །མཐིང་ནག་བདེ་ཆེན་ཕག་མོ་ནི། །ཕག་ཞལ་གཅིག་སྟེ་སྤྱན་གསུམ་བསྒྲད། །གྲི་གུག་ཐོད་པ་འཛིན། །གར་བྱེད་འོད་ཟེར་དཔག་མེད་འཕྲོ། །ཕྱོགས་བཞིར་དེ་འདྲའི་འཁོར་བཞི་བསམ། །ཀུན་གྱི་ཐུགས་ཀའི་ཉི་ཟླ་ལས། །ཧྲཱི་དང་ཧ་རི་ནི་ས་བསམ། །དེ་ལས་འོད་འཕྲོས་སྣོད་ཅུད་བསྡུས། །སླར་འདུས་སྙིང་གའི་ཧྲཱིཿལ་ཐིམ། །སྟེང་འོག་རླུང་ནི་ཁ་སྦྱར་ཏེ། །སྤྲོ་བསྡུའི་
(༤༩༤)དམིགས་པ་སྔར་བཞིན་ལས། །ཁྱད་པར་སྣ་བུག་གཡས་པ་ནས། །རླུང་ནི་ལྕགས་ཀྱུ་ཞགས་པ་ཡིས། །ཐམས་ཅད་འོད་ཞུ་ཚུར་འདུས་ནས། །སྣ་བུག་གཡོན་ནས་སྙིང་གར་ཐིམ། །ལུས་ཁེངས་བདེ་དང་སྟོང་པར་བསྒོམ། །རྗེས་ལ་ཆོས་ཀུན་རང་གི་སེམས། །སེམས་ཉིད་ཡེ་སྟོང་སྤྲོས་དང་བྲལ། །མ་སྐྱེས་ནམ་མཁའི་རང་བཞིན་དུ། །མི་བསྒོམ་མི་བསྐྱེད་རང་སར་བཞག། མཉམ་ཉིད་ཡེ་ཤེས་གདོད་མའི་ངང་། །རྩ་བ་བྲལ་བའི་རང་བཞིན་དུ། །ཡེ་ཤེས་རླུང་གིས་མཐར་ཕྱིན་ཏེ། །བདེ་ཆེན་ས་ལ་མྱ་ངན་འདའ། །འདི་ནི་རྫོགས་པའི་རིམ་པ་སྟེ། །མཆོག་གི་གོ་འཕང་མྱུར་དུ་ཐོབ། །སྔ་མ་གསུམ་ནི་བསྐྱེད་པ་སྟེ། །ཐུན་མོང་དངོས་གྲུབ་ཆར་བཞིན་འབབ། །དེ་ལྟར་བསྒོམ་ཤེས་རྣལ་འབྱོར་ལ། །འཇིག་རྟེན་འཇིག་རྟེན་འདས་པ་ཀུན། །ཇི་ལྟར་བསྐྱེད་རིམ་བསྒོམ་ཀྱང་འདྲ། །སྙིང་པོའི་རྫོགས་རིམ་ཁ་ལོ་པས། །ལེགས་བསྒྱུར་ཐར་པའི་གྲོང་དུ་འགྲོ། །གཞན་ཡང་འཁོར་འདས་མཉམ་པ་ཉིད། །ཇི་ལྟར་བསྒོམས་ཀྱང་བློ་ལས་འདས། །དེ་ལྟར་རྟོགས་ཏེ་འཁོར་བར་གྲོལ། །དེ་ཕྱིར་རྡོ་རྗེ་གཡུ་སྒྲོན་གྱི། །བསྐྱེད་དང་རྫོགས་པའི་རིམ་གཉིས་ཀྱི། །ཐར་ལམ་འབྲས་བུ་རབ་སྦྱིན་པས། །
(༤༩༥)སྐལ་ལྡན་རྣམས་དང་འཕྲད་པར་ཤོག། ཤིན་ཏུ་ཡང་ཟབ་མཁའ་འགྲོའི་གནད། །བདེ་ཆེན་དངོས་གྲུབ་གཉིས་སྩོལ་བ། །དེ་འདྲ་རྒྱལ་སྲས་པདྨའི་ལུགས། །གང་དེ་དྲི་མེད་འོད་ཟེར་གྱིས། །གཅིག་ཏུ་བསྡུས་པ་ཟབ་མོའི་དོན། །སྟོན་གསུམ་གངས་རི་ཐོད་དཀར་དུ། །ལེགས་སྦྱར་དགེ་བས་འགྲོ་བ་ཀུན། །རྒྱལ་བའི་གོ་འཕང་ཐོབ་པར་ཤོག། འདི་ནི་རྩ་གནས་འཁོར་ལོ་ལས། །ཡི་གེ་བསྡུ་བའི་སྦྱོར་བ་ཡིས། །སྐལ་བཟང་དོན་དུ་བསལ་བར་བྱས། །གནད་འདིས་མྱུར་དུ་འགྲུབ་པ་ཡིན། །དཔལ་རྡོ་རྗེ་གཡུ་སྒྲོན་མའི་སྒྲུབ་ཐབས་ཟླ་བ་འདོད་འཇོ་ཞེས་བྱ་བ། ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་ཀྱིས་བྱིན་གྱིས་བརླབས་པའི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས། སྟོན་གསུམ་མེ་ཏོག་དང་འབྲས་བུ་སྨིན་པའི་ཚེ། །གངས་རི་ཐོད་དཀར་གྱི་མགུལ་ཨོ་རྒྱན་རྫོང་གི་གནས་སུ་སྦྱར་བ་རྫོགས་སོ། །དགེའོ། ༅། །རིན་ཆེན་ཤོག་འདྲ། གཟའ་བདུད་གསང་སྒྲུབ་བཞུགས་སོ། གཟའ་བདུད་རཱ་ཧུ་ལའི་གསང་སྒྲུབ་དུག་གི་སྤུ་གྲི་ཞེས་བྱ་བ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ། །དྲག་གཏུམ་མི་བཟད་འབར་བའི་སྐུ། །ཆེ་མཆོག་ཧེ་རུ་ཀ་དཔལ་ལ། །བཏུད་དེ་ཟབ་ཆོས་རྒྱབ་
(༤༩༦)བརྟེན་དུ། །རེག་ཆོད་དུག་གི་སྤུ་གྲི་བྲི། །འདི་ལ་རྫས་དམིགས་སྔགས་གནད་གསུམ། །རྫས་ནི་ཕ་ཝང་ལོང་བུ་ཡི། །ངོས་བཞིར་ཏྲི་བཞིར་ཁྲག་གི་བྲིས། །གསེར་དངུལ་ཟངས་ལྕགས་གཟི་རྙིངས་དང་། །བདེ་གཤེགས་རིང་བསྲེལ་བཅས་པ་ནི། །འཁོར་ལོ་རྩིབ་བཞི་མུ་ཁྱུད་བཅས། །རྩིབས་ལ་ཧཱུྃ་བཞི་མུ་ཁྱུད་ལ། །ཨཱོྃ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ན་ཧཱུྃ་ཕཊ། ཆེ་གེ་མོས་གཟའ་རྒོད་བརྟོད་ལ་ནོན་པར་གྱུར་ཅིག་སྭཱ་ཧཱ། ཞེས་བྲིས་ལྟེ་བར་རང་མིང་དང་། །གྲུབ་པར་གྱུར་ཅིག་ཅེས་པ་བྲི། །དེ་ལྟའི་འཁོར་ལོ་དྲིལ་བྱས་ལ། །འཁོར་ལོ་དར་ནག་དྲིལ་ལ་བཅངས། །དེས་ནི་འཚེ་དོགས་མི་བྱེད་ཅིང་། །ལུས་དང་གྲིབ་མ་བཞིན་དུ་འགྲང་། །དེ་ནས་བྲག་ནག་འཇིགས་པའི་སར། །ཕུང་ཤུལ་ས་བླངས་འབྲུབ་ཁུང་བཅའ། །རོ་སོལ་བྱུགས་པར་ལིང་ག་ནི། །དགྲ་གཟུགས་དཔྲལ་བར་དེ་ཡི་རུས། །སྙིང་གར་མིང་བྲིས་གཡས་གཡོན་དུ་ཀ་ཏ་སྟྃ་བྷ་ཡ་མུ་ཁ་ཏྃ་ཡཱེ། །ཞེས་བྲིས་སྤྲ་ཚིལ་ དྲིལ་ལ་གཞུག། བཤོས་བུ ་དགུ་སྐོར་ནང་དུ་ཡང་། །ལིང་གར་ཁྲག་བྲིས་ལ་གཞུག། དེ་ཉིད་འབྲུབ་ཁུང་སྟེང་དུ་བཞག། དམར་གཏོར་ཁྲག་སྣས་བརྒྱན་པར་བྱ། །དེ་ལ་གཟའ་ཡི་གཟུགས་བྲིས་གཟུག། དེ་ནས་རང་ཉིད་སྐད་ཅིག་གིས། །ཡེ་ཤེས་
(༤༩༧)གཟའ་མཆོག་དུད་ཁ་ལ། །དབུ་དགུ་གཡས་གསུམ་དཀར་ལྗང་ལ། །གཡོན་གསུམ་དམར་ལྗང་དབུས་མ་གསུམ། །མཐིང་ནག་དུ་བའི་རྣམ་པ་ལ། །སྤྱི་གཙུག་སྒྲ་གཅན་བྱ་རོག་གདོང་། །ཕྱག་བཞི་གཡས་གཡོན་དང་པོ་ན། །ཆུ་སྲིན་ཞགས་པ་རལ་གྲི་བསྣམས། །འོག་མས་མདའ་གཞུ་རྒྱབ་ཏུ་འགེངས། །སྨད་སྦྲུལ་མིག་གིས་ལུས་ཁེངས་བསྒོམས། །ཐུགས་ཀའི་ཀྵ་ནག་འོད་འཕྲོས་པས། །ཕྱོགས་བཅུའི་སངས་རྒྱས་ཐུགས་ཀ་ནས། །ཡེ་ཤེས་གཟའ་མཆོག་སྤྱན་དྲངས་བསྟིམ། །མདུན་གྱི་བྲུབ་ཁུང་ནམ་མཁའ་ལ། །གཟའ་བདུད་ཆེན་པོ་འཇིགས་པའི་སྐུ། །ནམ་མཁའ་གང་བར་སྔར་བཞིན་བསྒོམ། །ཆུན་པར་དཀའ་ན་ཚོན་གང་བསྒོམ། །ཧྲཱི་ཤག་རུ་རྃ་ན་ག་ཙིཏྟ་ཏྲྃ། མ་མ་ཡོང་ཟ། འགྲམ་ཧ་ཧི། ཡོ་གི་ཤ་ལ་ཛ་ཛཿ། །ཟེར། དེ་ལྟར་འབོད་སྔགས་ཉེར་གཉིས་ཀྱིས། །རྒྱུ་ཕྱོགས་ཡེ་ཤེས་སྤྱན་དྲངས་བསྟིམ། །དམར་གཏོར་ལིང་ག་བཅས་པ་དེ། །དགྲ་བོར་བསམ་ལ་སྔགས་དེ་ལ། །བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། །ཞེས་པ་བཏགས་ལ་དབུལ་བར་བྱ། །དེ་ནས་སྔགས་རྒོད་ཉེར་གཉིས་པ། །ཞག་བདུན་བར་དུ་བཟླས་པར་བྱ། །དེ་ཚེ་བནྡྷེ་ཨ་ཙ་ར། །དངོས་སམ་རྨི་ལམ་ཉིད་དུ་འོང་། །ཐག་འཚེག་འོད་
(༤༩༨)འབྱུང་སྒོ་བརྡུང་སོགས། །ཆོ་འཕྲུལ་སྣ་ཚོགས་ཅི་བྱུང་ཡང་། །སེམས་ཡིན་སེམས་ཉིད་ནམ་མཁའ་འདྲ། །གདོད་ནས་སྐྱེ་མེད་དང་ལ་གཞག། འཇིགས་སྐྲག་མི་བྱ་སྒོམ་བཟླས་བྱ། །དེ་ནས་ཞག་ནི་བཅུ་བཞི་རུ། །དགྲ་བོ་ཡོད་ན་གསོད་སྔགས་བཟླས། །ཨཱོྃ་ཨ་ཀྲོ་ཏེ་ཀ་ཧྲཱི་ཤག་རུ་རྃ། མ་མ་ཡོང་ཟ། འགྲམ་ཧ་ཧི་ཀེ་ཤ་ལ་ཆེ་གེ་མོའི་སྙིང་ལ་རྦད་ཛ་ཛ། ཞེས་བཟླས་དགྲ་བོ་བསད་དང་གཟིར། །རྡུལ་ཕྲན་ཆ་ཤས་ཙམ་མེད་པར། །གཟའ་མཆོག་ཁྲོས་པས་ཟོས་པར་བསམ། །དེ་ལྟར་ཞག་གྲངས་ཉེར་གཅིག་ཏུ། །ལྟ་བ་མ་ཡེངས་སྒོམ་བཟླས་བརྩོན། །ཐང་ལྷོད་མེད་པར་བསྒྲིམ་སྟེ་བསྒྲུབ། །དེ་ཡིས་སུ་ཡིན་ཕ་རོལ་སྒྲོལ། །ཇི་ལྟར་འགོར་ཡང་ཟླ་བ་གཅིག། ངེས་པར་འགྲུབ་པར་གདོན་མི་ཟ། །དེ་ནས་ལས་སྦྱོར་བསྟན་པ་ནི། །དགུ་སྟོང་ཉི་མ་ནུབ་མཚམས་ལ། །རང་ཁ་ལྷོ་ནུབ་མཚམས་བལྟས་ལ། །སྐྱེར་པ་སེ་བ་གྲུ་གསུམ་དུ། །འབྲུབ་ཁུང་སྟེང་རྩིག་གཟའ་བསྐྱེད་ལ། །མེ་སྦར་ལིང་ག་སྦྱིན་བསྲེག་བྱ། །གཏོར་མ་དབུལ་ཞིང་གཏོར་ཟོར་འཕངས། །ཐལ་བ་རྒྱ་གྲམ་འོག་ཏུ་མནན། །གནས་དེ་རང་གི་གཞི་ཡིན་ན། །སྒྲུབ་པ་ཐོན་པའི་ཤུལ་དེ་རུ། །བོང་དུག་ཐར་ནུ་སྤྱང་ཚེར་དང་། །གུ་གུལ་ནག་པོས་འབྲུབ་ཁུང་བཀྲུ། །རྩི་
(༤༩༩)སྨན་སྣ་ཚོགས་བསྲེས་པའི་ས། །རིན་པོ་ཆེ་ཡི་བསྲེས་བྱུགས་ལ། །འབྲུབ་ཁྲུང་ནང་དུ་བཅུག་ལ་གཞག། དེ་ཡིས་དུག་ཕྱུང་བཀྲ་ཤིས་སོ། །གཞན་གནས་ལས་ཀྱི་རྗེས་བསྡུའོ། །ཡང་གཅིག་བརྟོད་ལ་གནོན་པ་ནི། །སྤྲུལ་དང་ར་རོག་ཤ་ཁྲག་དང་། །ཉ་ཤ་རི་ཚལ་པ་ཝང་རྡོ། །རྟ་ནག་ར་ནག་ཁྱི་ནག་གི། སྙིང་ཁྲག་དཀར་གསུམ་རྩི་སྨན་བཅས། །རྟ་ནག་ཐོད་པའི་ནང་དུ་གཞུག། རྟ་ཐོད་མཎྜལ་གྲ་རུ་གཞུག། དེས་ནི་བཏོད་ལ་ནོན་པར་འགྱུར། །ཡང་ཅིག་ཤི་ཡ་བསྟན་པ་ནི། །ཨཱོྃ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ན་ཧཱུྃ་ཕཊ། ན་ཏེ་པ་ཏི་ཁ་ཛ་ཀེ་བིང་རུ་རུ་གྱི་མི་ཤ་ཡ་ཨཱོྃ། མྱགས་ཐུམ་རིལ་ནད་ཡཱ། རང་སྲོག་ངང་གིས་གཅོད་པའི་ཚུལ། །ལས་རྣམས་འགྲུབ་པར་ཐེ་ཚོམ་མེད། །སྐབས་སུ་བཟླས་པས་མྱུར་དུ་འགྲུབ། །ཡང་ཅིག་ཞུད་ཁ་བླང་བ་ནི། །ཞུད་དེ་རྟགས་མེད་དམ་ཉམས་ན། །བསྐང་བཤགས་མཆོད་པ་དག་གིས་མཆོད། །འོ་མ་རྩི་སྨན་གུ་གུལ་དཀར། །ར་མཆིན་ཏིལ་ནག་ཕུད་ཀྱིས་མཆོད། །དེས་ནི་མྱུར་དུ་འགྲུབ་པ་ཡིན། །འཇིག་རྟེན་མཆོད་ཅིང་བསྟོད་པས་འགྲུབ། །དེ་ཕྱིར་བསྐང་གསོ་མཆོད་གཏོར་ནི། །དུས་གཉེན་བརྒྱད་དང་རྒྱུན་དུ་བྱ། །ཁྱད་པར་ཉི་ཤུ་དགུ་ལའོ། །དེས་ནི་ཐེ་ཚོམ་མེད་པར་འགྲུབ། །རྒྱལ་སྲས་
(༥༠༠)པདྨ་འབྱུང་གནས་ཀྱིས། །ཕྱོགས་བཞིའི་ཟབ་གཏེར་ཆེན་པོ་བཞི། །ཡང་ཟབ་གཟའ་ཡི་གསང་སྒྲུབ་སྦས། །དེ་དག་ཀུན་གྱི་ཡང་ཟབ་གནད། །ཆིག་དྲིལ་དུག་གི་སྤུ་གྲི་ནི། །དྲི་མེད་འོད་ཟེར་བདག་གིས་བཀོད། །ཕྱི་རབས་བསྟན་པ་སྲུང་བར་ཤོག། ཇི་ལྟར་བདག་གིས་སྒྲུབ་པ་ཡི། །གནད་རྣམས་བཅུད་ཀྱི་སྙིང་པོར་དྲིལ། །འདི་བས་ཟབ་པ་གཞན་མེད་པས། །གསང་ཞིང་སྦ་བས་བཅང་བར་བྱ། །སྙིང་དང་འདྲ་བའི་མན་ངག་འདིས། །བདག་གི་ཟབ་གཏེར་བསྲུང་བར་ཤོག། གཟའ་བདུད་རཱ་ཧུ་ལའི་གསང་སྒྲུབ། །དུག་གི་སྤུ་གྲི་ཞེས་བྱ་བ། །དཔལ་ཨོ་རྒྱན་གྱི་སློབ་དཔོན་པདྨས་བྱིན་གྱིས་བརླབས་པའི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས། སྟོན་གསུམ་གངས་རི་ཐོད་དཀར་དུ་བཀོད་པ་རྫོགས་སོ།། །།དགེའོ། ༅ །དྲང་སྲོང་གི་བསྟོད་པའོ། །དེ་ནས་དྲང་སྲོང་ཆེན་པོ་ལ་བསྟོད་པ་འདི་གསུངས་སོ། །ཧྲཱིཿཁྱབ་མཇུག་ཆེན་པོ་སྒྲ་གཅན་འཛིན། །འཇིགས་པའི་ལུས་ལ་འབར་བའི་ཀློང་། །འཇིག་རྟེན་ཁམས་ཀྱི་དྲག་རྩལ་ཅན། །སྤྲུལ་པ་ཆེན་པོ་མི་བསྲུན་པ། །གནམ་ལྕགས་ཐོག་གི་བདག་པོ་སྟེ། །སྐྱིན་ཐོང་སེར་བ་འབེབས་པའི་གཙོ། །དྲང་སྲོང་ཆེན་པོ་རྫུ་འཕྲུལ་ཅན། །རི་རབ་སྟེང་དུ་ལྷ་ཡི་གཙོ། །རྒྱ་མཚོའི་སྟེང་དུ་ཀླུ་ཡི་བདག། བར་སྣང་ཁམས་
(༥༠༡)སུ་བསྐྱོད་ཙ་ན། །ལྷ་སྲིན་སྡེ་བརྒྱད་རྣམས་དང་བསྡོངས། །ལུས་གཅིག་མགོ་དགུ་སྲིད་གསུམ་གཙོ། །མགོ་གཅིག་ལྷ་སྲིན་ཁྲོས་པའི་ཞལ། །ཉི་མ་ཟླ་བ་གྲིབ་མས་གནོན། །གཅིག་ནི་བཞད་ཅིང་དགོད་པའི་ཞལ། །དགྱེས་པས་བཀའ་ཡི་བྱ་ར་མཛད། །གཅིག་ནི་ཁྲོས་པ་སྲིན་པོའི་གདོང་། །གདུགས་པའི་དགྲ་འགོགས་ཟས་སུ་ཟ། །གཅིག་ནི་རྔམ་ཞིང་ཟ་བྱེད་གདོང་། །གནམ་ལྕགས་མི་ཡི་ཐོག་ཆེན་འབེབས། །གཅིག་ནི་འཇིགས་བྱེད་མ་རུངས་པ། །ཚ་གྲངས་འཐབས་པའི་སྐན་སྒྲ་སྒྲོགས། །གཅིག་ནི་འཁྲུགས་བྱེད་འཇིགས་པའི་ཞལ། །གཡོ་འགུལ་ཆེན་པོའི་སེར་བ་འབེབས། །གཅིག་ནི་གཏུམ་བྱེད་ཡེ་ཤེས་ཞལ། །མངོན་ཤེས་ནུས་མཐུ་ཐོགས་མེད་སྟོན། །གཅིག་ནི་ལས་རྣམས་རྫུ་འཕྲུལ་གདོང་། །སངས་རྒྱས་བསྟན་པ་སྲུང་བར་བྱེད། །གཅིག་ནི་ཞི་བ་ལྷ་ཡི་ཞལ། །སྒྲུབ་པ་པོ་ལ་དངོས་གྲུབ་སྟེར། །ཧྲཱིཿཁྱོད་ནི་ཆོས་སྐྱོང་ཆེན་པོ་སྟེ། །སྟེང་གི་ཕྱོགས་ན་བྱ་རོག་ཞལ། །དཀོན་མཆོག་དབུ་འཕང་བསྟོད་པར་བྱེད། །རྭ་ཡི་མདའ་གཞུ་བསྣམས་པ་ནི། །སྡང་བྱེད་དགྲ་བོ་སྒྲོལ་བའི་རྟགས། །ཆུ་སྲིན་ཞགས་པ་བསྣམས་པ་ནི། །ས་བདག་ཀླུ་གཉན་འདུལ་བའི་རྟགས། །སྐུ་ལ་མིག་གིས་གདབ་
(༥༠༢)ནི། །ཕྱོགས་བཅུར་བསྟན་པ་སྐྱོང་བའི་རྟགས། །ཁྱོད་ནི་བདུད་འདུལ་ཆེན་པོ་སྟེ། །དཔལ་ལྡན་མགོན་པོའི་ལས་མཁན་མཆོག། རེ་མ་ཏི་ཡི་ཕོ་ཉ་ཆེ། །ཨེ་ཀ་ཙ་ཏིའི་བཀའ་སྡོད་དེ། །ཧེ་རུ་ཀ་ཡི་སྤྲུལ་པ་ཉིད། །རྡོ་རྗེ་འཆང་གིས་དབང་བསྐུར་ནས། །དཀྱིལ་འཁོར་བཅུག་ཅིང་དམ་ལ་བཏགས། །སྲིང་མོ་གདོང་མོ་མཆེད་བཞིར་བཅས། །ཀིང་ཀང་རྔམ་པའི་ལས་བྱེད་མ། །ཆོ་འཕྲུལ་འགྱེད་ཅིང་བསྟན་པ་བསྲུངས། །བྷ་ལིང་གཏོར་མ་འདི་བཞེས་ལ། །བསྟན་པ་བཤིག་པའི་དགྲ་བོ་ལ། །ཐོག་སེར་དབབ་པའི་དུས་ལ་བབས། །བསྟན་པ་བསྲུང་བའི་ལས་མཛོད་ཅིག། བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་གསུངས་སོ། །འདི་ཁྲག་མཚོ་ཁོལ་མའི་རྒྱུད་ནས་དྲང་སྲོང་ཆེན་པོ་ལ་བསྟོད་པ་གསུངས་པ་རྫོགས་སོ།། །།གཟའ་སྒྲུབ་པའི་གནད་ཡིག། རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །འདི་སྒྲུབ་པའི་གནད་ཡིག་ནི། །གདམས་ངག་གནད་ཐེམས་ཤིན་ཏུ་གཅེས། །རྫས་གནད་དམིགས་གནད་སྔགས་གནད་དོ། །རྫས་ནི་བླ་རྡོ་མན་ངག་བཞིན། །དམིགས་པ་རང་ཉིད་རཱ་ཧུ་ལ། །འཇིགས་པའི་ཐུགས་ཀར་ཀྵ་ནག་ལས། །འོད་འཕྲོས་ཕྱོགས་བཅུའི་སངས་རྒྱས་ཀྱི། །ཐུགས་ཀ་ཉིད་ནས་ཡེ་ཤེས་ཀྱི། །གཟའ་བདུད་སྤྱན་དྲངས་བདག་ལ་
(༥༠༣)བསྟིམ། །མདུན་གྱི་ནམ་མཁར་འབྲུབ་ཁུང་དབུས། །གཟའ་བདུད་ཚོན་གང་གཞུང་བཞིན་བསྐྱེད། །འབོད་སྔགས་ཉེར་གཅིག་བཟླས་པ་ཡིས། །རྒྱུ་བའི་ཕྱོགས་ནས་གཟའ་བྱུང་ནས། །དེ་ཉིད་ལ་ནི་ཐིམ་པར་བསམ། །གཏོར་མ་དབུལ་ཞིང་ཐུན་རྫས་མཆོད། །བསྟོད་ནས་འབོད་སྔགས་ཞག་བདུན་བཟླས། །ཧྲཱི་ཤག་རུ་རྃ། ནཱ་ག་ཙིཏྟ་ཏྲཾ། མ་མ་ཡོ་ཟ། འགྲམ་ཧ་ཧི། ཡོ་གི་ཤ་ལ་ཛ་ཛཿདེ་ལྟར་བཟླས་པས་དངོས་སུ་འོངས། །གང་འདོད་བཅོལ་ལ་འཇིགས་མི་བྱ། །དེ་ནས་བསད་སྔགས་བཟླས་པ་ནི། །དམིགས་པ་སྔར་བཞིན་འབོད་སྔགས་བཟླས། །གཏོར་མཆོད་བསྟོད་རྗེས་འདི་བཟླས་སོ། །ཨཱོྃ་ཨ་ཀྲོ་ཏེ་ཀ་ཧྲཱི་ཤག་རུ་རྃ། མ་མ་ཡོང་ཟ། འགྲམ་ཧ་ཧི་ཀཱ་ལ་ཛ་ཛཿདེ་ལྟར་ཞག་བདུན་བར་དུ་བསྒྲུབ། །དེ་ནས་སྔར་བཞིན་གཏོར་མའི་རྗེས། །བསད་སྔགས་མིང་དང་སྤེལ་ལ་བསྒྲུབ། །དེ་ལྟར་ཞག་གྲངས་ཉི་ཤུ་གཅིག། སོང་རྗེས་ལིང་ག་བསྲེགས་པ་ཡི། །ཐལ་བ་མནན་ལ་གཏོར་ཟོར་འཕངས། །དེས་ནི་ཐེ་ཚོམ་མེད་པ་ཡིན། །ཤིན་ཏུ་གསང་ནས་བསྒྲུབ་པ་གཅེས། །ཀློང་ཆེན་རབ་འབྱམས་བདག་གིས་ནི། །གཏེར་ཁ་དུ་མའི་གནད་མཐོང་ཞིང་། །བླ་མའི་མན་ངག་བཅུད་དྲིལ་
(༥༠༤)ནས། །སྐལ་ལྡན་དོན་དུ་བྲིས་པ་ཡིན། །གནད་འདི་གཞན་ལ་མ་བསྟན་ཅིག། ཟབ། ཨྠྀིྀཿ རྒྱ་རྒྱ་རྒྱཿ། ༅། །ཤོག་འདྲའི་སྐོར། གནོད་སྦྱིན་དམར་ནག་གི་སྒྲུབ་པ་མེ་རླུང་འཁྱིལ་པ་བཞུགས་སོ། དངོས་གྲུབ་ཀུན་གྱི་རིན་ཆེན་གཏེར། །པདྨ་ཐོད་ཕྲེང་རྩལ་ལ་འདུད། །གནོད་སྦྱིན་དམར་ནག་སྒྲུབ་པ་ཡི། །རིམ་པ་མེ་རླུང་འཁྱིལ་པ་བཤད། །འདི་ལ་སྒྲུབ་པའི་རིམ་པ་མང་ཡང་། །བརྟེན་ན་བཀྲ་ཤིས་ལ། རྦད་ན་མཐུ་ཆེ་བ་དྲིལ་སྒྲུབ་གསང་བ་ཡང་གསང་ཡིན་པས། དེ་ལ་རྟེན་བཅའ་བ། སྒྲུབ་པ་བྱ་བ། ལས་ཕྲན་ཚེགས་བསྟན་པ་གསུམ་ལས། དང་པོ་ནི་རང་གི་སྒྲུབ་ཁང་དུ་སྟེགས་བུ་མདའ་གང་འབྲུབ་ཁུང་དང་བཅས་པའི་ཟུར་བཞིར། འོམ་བུའི་མདའ་བཞི་ལ་ཟ་འོག་དང་། བྱ་རྒོད་ཀྱི་སྒྲོ་ཅན། དར་སྣ་དང་རིན་པོ་ཆེ་སྣ་ཚོགས་པ་མགུལ་དུ་བཏག་པ་གཟུགས། །མཎྜལ་གྱི་སྟེང་གི་ནམ་མཁར་འཛིན་གཏོར་སྦོད་དང་ཟས་སྣ་དང་རིན་པོ་ཆེས་བརྒྱན་པའི་ནང་དུ། འཁོར་དང་འབྱོར་པ་སྤེལ་ཅིག། བགེགས་དང་བར་ཆད་སྲུངས་ཤིག། འགལ་བྱེད་ཆམ་ལ་ཐོབ་ཅིག། ཅེས་པ་གསེར་གྱིས་བྲིས་ཏེ་གཞུག། དེ་ལ་གནོད་སྦྱིན་གྱི་ཙ་ཀ་ལི་གཟུག། དེ་ཉིད་རྒྱན་དུ་མི་གཤེགས་པར་གཞག་གོ། འཕྲལ་གཏོར་ཅི་རིགས་པ་མཎྜལ་གྱི་ཟུར་དུ་བཤམ་
(༥༠༥)མོ། རྒྱུན་དུ་མི་འབྲལ་བ་བླ་རྡོའི་མན་ངག་ལ། དར་དམར་པོའམ་ཤོག་གུ་ལ་གནོད་སྦྱིན་གྱི་གཟུགས་བྲིས་པའི་ལྟོ་བར་མུ་ཁྱུད་རིམ་པ་བཞིར་བསྐོར་བའི་ཕྱི་མ་ལ། །མཐུ་སེར་གྱི་དངོས་གྲུབ་སྩོལ་ཅིག་བྲིས། དེའི་ནང་མ་ལ་མི་ནོར་ཟས་གསུམ་སིདྡྷི་ཕ་ལ་ཧོ་བྲི། དེའི་ནང་མ་ལ་འཁོར་ལོ་རྩིབས་བརྒྱད་ལ། ཨེ་ཧེ་རྨ་རུ་ཙེ་དགྲ་བགེགས་ཐམས་ཅད་ཤ་ཏྲཱུྃ་མཱ་ར་ཡ་ཕཊ་བྲི། ལྟེ་ལ་དྲག་པོའི་དངོས་གྲུབ་དང་། མི་ནོར་ཟས་གསུམ་གྱི་དངོས་གྲུབ་སྩོལ་ཅིག་བྲིས་པའི་དབུས་སུ་ཀྵ་དང་། ཧྲཱི་ཁ་སྤྲད་པ་མཚལ་གྱིས་གཟབ་མར་བྲི། དྲི་བཟང་དང་སྨན་སྣ་བྱུགས་ལ། རྡོ་ཕ་བང་།། །ལོང་བུའི་ངོས་དྲུག་གི་གསུམ་ལ་ཧྲཱི་གསུམ། གསུམ་ལ་ཀྵ་གསུམ་བྲིས་ཏེ། །རབ་གནས་བྱས་ནས་དྲིལ་ཏེ་ཟངས་ཁབ་དང་བཅས་པ་དར་དམར་པོས་དྲིལ་བ་ལ་ཚོན་སྐུད་སྣ་ལྔས་རེ་རེ་དཀྲིས་ཏེ། བྱ་ཕོ་མཚལ་ལུའི་སྙིང་ནང་དུ་བཅུག་པ་དེ་ཕྱིང་ཁུག་ཏུ་བཅུག་ལ་ལུས་ལ་བཅང་ངོ། །དེས་ནི་སྙིང་ཉེ་བཀྲ་ཤིས་ཟས་ནོར་དང་འཁོར་འདབ་འཕེལ། ཅི་བགོ་བ་ཉན། ལུས་དང་གྲིབ་མ་ལྟར་འོང་ངོ། །གཉིས་པ་སྒྲུབ་པ་ནི། སྔོན་འགྲོ་བདག་ཉིད་ལྷར་གསལ་བས། དངོས་གཞི་གནོད་སྦྱིན་བསྐྱེད་ཅིང་སྔགས་བཟླས་པ། རྗེས་བསྟོད་བསྐུལ་བྱ་བ་དང་
(༥༠༦)གསུམ་ལས། །དང་པོ་ནི་རང་ཉིད་པདྨ་དྲག་སྒྲུབ་གང་རུང་དུ་བསྒོམས་ནས་ཐུགས་སྔགས་ཅི་འགྲུབ་བཟླས་སོ། །དངོས་གཞི་ནི་མདུན་གྱི་བར་སྣང་ལ་གནོད་སྦྱིན་དམར་ནག་ཞལ་གཅིག་ཕྱག་བཞི་པ། ཟངས་ཀྱི་བྱ་ཁྱུང་དམར་པོ་བཅིབས་པ། ཕྱག་གཡས་ཀྱི་དང་པོ་རལ་གྲི། འོག་མ་གྲི་གུག། གཡོན་དང་པོ་དགྲ་སྙིང་དང་བདུད་ཞགས། འོག་མ་བྷནྡྷ་ཁྲག་གིས་བཀང་བ་འཛིན་པ། རལ་པ་དམར་སེར་གྱེན་དུ་བརྗེས་ཤིང་སྤྱན་གསུམ་པ། ཞལ་གདངས་པ་མཆེ་བ་གཙིགས་པ། ཐལ་ཆེན་དང་ཞག་གི་ཚོམ་བུ་ཅན། །མི་ལྤགས་ཀྱི་གཡང་གཞིས་སྟོད་གཡོགས་པ། སྟག་གི་ལྤགས་པས་སྨད་དཀྲིས་པ། མེའི་ཚྭ་ཚྭ་དང་ཐོག་སེར་འཕྲོ་བ། གདོང་མོ་བཞི་དང་ལྷ་སྲིན་སྡེ་བརྒྱད་དང་། ཤ་ཟ་སྟོང་གིས་བསྐོར་བར་བསམས་ལ། ཚིལ་ཆེན་གྱི་དུད་པ་བཏང་། ཐོད་རྔ་དང་རོལ་མོ་དཀྲོལ་ནས། ཧཱུྃ་བྷྱོ། སྔོན་གྱི་བསྐལ་པ་དང་པོ་ལ། །ཧེ་ཆེན་བརྡལ་བའི་དུར་ཁྲོད་དུ། །བསད་ཁྲག་རྦ་ཀློང་དཀྱིལ་འཁོར་ནས། །གནོད་སྦྱིན་ཕུང་བྱེད་མཐུ་རྩལ་ཅན། །ཆིབས་སུ་ཟངས་ཀྱི་བྱ་ཁྱུང་བཅིབས། །འཁོར་དུ་ཤ་ཟ་སྟོང་གིས་བསྐོར། །གནོད་སྦྱིན་ཆེན་པོ་སྐུ་བསྐྱོད་ཅིག། ཤན་པ་དམར་ནག་དམ་ལ་ཤོག། ཨེ་ཧེ་
(༥༠༧)རྨ་རུ་ཙེ་གྷུ་ན་ཧྲི་ཏྲི། གྷྲཾ་བྷྱོ་ཤ་རྃ་བྷྱོ། ཕུ་རུ་ཛ་གྷྲི་ག།ཧ་ལ་འགྲན་ཏ་ཡ་ཛཿཛ། ཞེས་པ་ཉི་ཤུ་རྩ་གཅིག་བརྗོད་པས། ལྷོ་ཕྱོགས་ཀྱི་དུར་ཁྲོད་ནས། རྟེན་བསྐྱེད་པ་དེ་ལ་ཐོགས་མེད་དུ་བྱོན་ནས་ཐིམ་པར་བསམ་ལ། སྔགས་དེའི་མཐར་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་བཏགས་པ་བདུན་གྱིས་གཏོར་མ་ཕུལ་ནས། སྲོག་གི་སྙིང་པོ་བཟླས་པ་ནི། ཨེ་ཧྃ་ཤྃ་ཏྲི་ཏྃ་རྩལ་ཏྲི་ར་གཾ་ས་མ་ཡ་ཛཿཛཿ། ནཱ་ག་རཱ་ཛ་ཀྲོ་ཏ་ནི། ཏྲི་ཁ་ཐུན་ཏྲི་ལ་ཐུན་ཨ་བྷི་ཤུ་ནཱ་ག་རཱ་ཛ་ཛཿཛཿ། །ཏྲི་ཁ་ཐུན་བྷྱོ། དགྲ་བགེགས་མཱ་ར་ཡ་རྦད། ཅེས་ཅི་འགྲུབ་བཟླས་རྗེས་བསྟོད་བསྐུལ་བྱ་བ་ནི། གཏོར་མ་སྔར་བཞིན་ཕུལ་ལ་རོལ་མོ་དབྱངས་དང་བཅས་པས་འདི་སྐད་དོ། །ཨེ་ཧེ་རྨ་རུ་ཙེ་བྷྱོ། །གླིང་བཞི་སྲིད་པའི་ཕོ་བྲང་ནས། །ཕུང་བྱེད་དམར་ནག་གཤེགས་སུ་གསོལ། །སློབ་དཔོན་པདྨའི་སྤྱན་སྔ་རུ། །བསྟན་པ་བསྲུང་བར་ཞལ་བཞེས་པའི། །གནོད་སྦྱིན་ཆེན་པོ་གཤེགས་སུ་གསོལ། །ཕྱག་དང་ཞབ་གཉིས་བསིལ་མཛད་ལ། །པདྨ་ཉི་ཟླའི་གདན་ལ་བཞུགས། །གནོད་སྦྱིན་འཁོར་དང་བཅས་པ་ལ། །དྭངས་པའི་ཡིད་ཀྱིས་ཕྱག་འཚལ་ཞིང་། །ཕྱི་ནང་གསང་བའི་མཆོད་པ་འབུལ། །འགལ་འཁྲུལ་ཉམས་ཆག།
(༥༠༨)ཐམས་ཅད་བཤགས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །དགྱེས་པའི་ཞལ་བཟང་དུས་འདིར་སྟོན། །བཅོལ་པ་འི་ལས་རྣམས་འགྲུབ་པར་མཛོད། །ཅེས་མཆོད་བསྟོད་བྱའོ། །དེ་ལྟར་ཞག་ཉི་ཤུ་རྩ་གཅིག་མཚམས་བཅད་དེ་བསྒྲུབས་པས། དངོས་སམ་རྨི་ལམ་དུ་རོལ་མོའི་སྒྲ་དང་། འོད་དང་སྐྱེ་བོ་མང་པོ་འདུ་བ་དང་། དཔོན་སྐྱ་དང་། ཞང་བློན་དང་། དགེ་བཤེས་དང་། བན་པོན་གྱི་ཚོགས་རྣམས་བདག་ལ་འདུ་བ་དང་། ནོར་དང་འབྲུའི་གཏེར་རྙེད་པ་ནི་འགྲུབ་པའི་རྟགས་སོ། །སྔོན་དུ་སྒྲུབ་པའི་ལས་འདི་ཁོ་ན་གལ་ཆེའོ། །ཕྱིས་ནས་གང་འདོད་པ་འགྲུབ་པ་ཡིན་པས་སྒྲུབ་པ་ལ་འབད་པར་བྱའོ། །གསུམ་པ་ལས་ཕྲན་ཚེགས་སྒྲུབ་པ་ལ། དགྲ་བསད་པ་དང་། ངག་མནན་པ་དང་། སེར་བ་དབབ་པ་དང་། ཆོ་འཕྲུལ་གཏོང་བ། སྲིའུ་གསོ་བ། ནོར་སྒྲུབ་པ་དང་དྲུག་ལས། དང་པོ་བསད་པ་ནི། བྲག་དམར་གྱི་ཕུག་པ་ལ་སོགས་པར། ས་སྟེགས་མདའ་གང་གྲུ་གསུམ་པ་རོ་སོལ་གྱིས་བྱུགས་པར། དགྲ་བོའི་ལིང་ག་བྲིས་ཏེ། ཛཿས་མཐའ་བསྐོར་ནས། དགུག་གཞུག་བྱ་སྟེ། ཁྱི་ཐོད་ལྕགས་ཀྱི་འཁོར་ཁུང་དུ་བསམས་པར་བཅུག་ནས། བདག་དང་གནོད་སྦྱིན་གྱི་སྒོམ་
(༥༠༩)བཟླས་སྔར་དང་འདྲ་བ་ལས། སྔགས་ནི། ཨེ་ཧེ་རྨ་རུ་ཙེ། གྷུ་ན་ཏྲཱི་ཏྲི། གྷྲྃ་བྷྱོ། ཤ་རྃ་བྷྱོ་ཕུ་རུ་ཛ་གྷྲིིག། ཧ་ལ་འགྲན་ཏ་ཡ། གྱིན་ཏ་རྦད་སོད། སུ་རུ་སྙིང་ཙེ། །ཨ་པ་ལྃ་ཆེ་གེ་མོ་མཱ་ར་ཡ་སོད། ར་རྒྱུག་སྲོག་ལ་རྒྱུག། ཤ་ལ་རྔམ། དབུགས་ལ་རྡུབས། ཁྲག་ལ་འཇིབས། ཙིག་ཙིག་སྲོག་ལ་ཡྃ་ཡྃ། །ཞེས་པ་ཟླས་ནས། བསྟོད་པའི་རྗེས་ལ། །གནོད་སྦྱིན་ཆེན་པོ་མ་རུངས་པ། །ཤ་ཟ་ཁྲག་འཐུང་སྟོང་གིས་བསྐོར། །ལྷ་སྲིན་སྡེ་བརྒྱད་དམགས་དཔུང་བཅས། །དགྲ་བོའི་སྟེང་དུ་ད་རྒྱུ་གཅིག། རྦད་ཀྱང་ཕྲིན་ལས་མི་བྱེད་ན། །དམ་ཚིག་ཉམས་པར་མི་འགྱུར་རམ། །ད་དུང་དགྲ་བོ་མི་གསོད་ན། །གནོད་སྦྱིན་ཁྱོད་ལ་ཅི་བྱུང་གི། ད་ལྟ་ཉིད་དུ་སོད་ལ་ཤོག། ཤ་ཟོ་ཁྲག་འཐུང་སྙིང་རྩ་ཕྱུང་། །བསད་རྟགས་དོན་སྙིང་ཁྱེར་ལ་ཤོག། ཅེས་རྦད་ལ། བསད་སྔགས་དེ་ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་ཉུང་ནག་དུག་སྣའི་ཐུན་དང་བསྡེབས་ལ། ལིང་ག་བྲབ་པས། རྡུལ་ཕྲན་དུ་སོང་བར་བསམ་མོ། །དེ་ལྟར་ཞག་བདུན་བསྒྲུབས་པས་རྨི་ལམ་དུ་དོན་སྙིང་འབྱིན་པ་དང་། ལིངས་བྱེད་པ་དང་། ཤིང་གཅོད་པ་ལ་སོགས་པ་རྨིས་དུས་གྲུབ་པས། ལིང་ག་མཚོན་གྱིས་གཏུ་པས་ལ་མེ་ནང་དུ་གནོད་
(༥༡༠)སྦྱིན་བསྐྱེད་པའི་ཞལ་དུ་ཕུལ་ནས་ཐལ་བ་ལམ་རྒྱ་གྲམ་གྱི་འོག་ཏུ་མནན་པས། ལས་ཟླ་བ་མི་འགྱངས་པར་འགྲུབ་བོ། །དེ་ལྟར་བྱས་ཀྱང་མ་གྲུབ་ན། གནད་ལ་དབབ་པ་ནི། གནོད་སྦྱིན་གྱི་གཟུགས་སྲོག་སྔགས་དང་བཅས་པ་བྲིས་ཏེ། དགུག་གཞུག་བྱས་ནས། ཏེ་ལོའམ། ཕག་ཐོད་དུ་བཅུག་ལ། རང་གི་མལ་འོག་དུ་དོང་གྲུ་གསུམ་བྲུས་པའི་ནང་རོ་སོལ་བྱུགས་རོ་ཐལ་བཏིང་ནས་ཐོད་པ་དེ་བཞག། ས་ཚོན་སྣ་ལྔས་སྟེང་གཡོགས། རྡོ་རྗེ་རྒྱ་གྲམ་བྲིས་པའི་གཡམ་པས་ཁ་བཅད་ལ། དོང་ལྕགས་ཁང་དུ་བསམ་པས་གནོད་སྦྱིན་བཀའ་ཉན་པར་བསམ་ཞིང་། རང་ཉིད་ལྷར་གསལ་བས་དྲག་སྔགས་བཟླས་པས། དགྲ་རྟགས་བྱུང་བ་དང་། ཐོད་པ་ཕྱུང་ལ་སྐུ་བཏོན་ཏེ་འོ་མས་བཀྲུས་ལ་བཟོད་པར་གསོལ་ཏེ། ལས་སྦྱར་བྱས་པས་འགྲུབ་བོ། དེས་ཀྱང་མ་གྲུབ་ན། སྔགས་ཀྱི་སྒྲོམ་བྱ་བ་ནི། ཨཱོྃ་ཀ་ཁ་ག་གྷ་ང་། ཧེ་བྷྱོ་རྨ་རུ་ཙེ་གྷུ་ན་ཧྲཱི་ཏྲི་ཙིཏྟ་ཧྲིང་ཧྲིང་ཛཿ། ཞེས་བཟླས་པས་རྟགས་བྱུང་བ་དང་། ཨེ་ཧེ་རྨ་རུ་ཙེ་གྷུ་ན་ཧྲཱི༚་ཏྲི། གྷྲྃ་བྷྱོ་ཤྃ་རྃ་བྷྱོ།ཕུ་རུ་ཛ་གྷྲིི་ག། ཧལ་པ་འགྲན་ཏ་ཡཱ། གྱིན་ཏ་རྦད་སོད། སུ་རུ་སཱིང་ཚེ། ཨ་པ་ལྃ་མ་ར་ཡ་སོད། སརྦ་ཤ་ཏྲཱུྃ་ཆེ་གེ་མོ་མཱ་ར་ཡ་རྦད། ཅེས་སྔར་གྱི་བསད་སྔགས་ཀྱིས་
(༥༡༡)བྲབ་ལ། སྲོག་གནོན་གྱི་ལས་བྱས་པས་མི་འགྲུབ་མི་སྲིད་དོ། །ངག་གནོན་ནི་དུག་ཤོག་ལ་དགྲའི་ལིང་ག་ལྕེ་ལྟོ་བར་དྲངས་པའི་དབུས་སུ་རྡོ་རྗེ་རྒྱ་གྲམ་བྲིས་པའི་རྭ་བཞི་ལ། ཨཱོྃ་ནན། ཨཱ་ནན། ཧཱུྃ་ནན། སྟྃྭ་བྷ་ཡ་ནན། ལྟེ་བར་ནྀྲ་བྲི། ལྕེའི་ཐ་མར་ཆེ་གེ་མོའི་ལུས་ངག་ཡིད་གསུམ་སྟྭྃ་བྷ་ཡ་ནན་བྲིས་ཏེ། དུག་ཁྲག་གིས་བྱུགས་ལ་དགུག་གཞུག་བྱས་ལ། སྐུད་པ་ཕྱིར་བཀལ་གྱི་ཚོན་སྐུད་ཀྱིས་དཀྲིས་ཏེ། ཁྱི་ཐོད་དམ་ལྐུགས་པའི་ཐོད་པར་བཅུག་ལ། དུག་སྣ་དང་། ཉུང་ནག་གི་ཐུན་གྱིས་བྲབ་ཅིང་། རྩ་སྔགས་ཀྱི་ཤམ་དུ། ཨཱོྃ་ལྃ་ནྀྲ་ཛཿ། དགྲ་པོ་ཆེ་གེ་མོའི་ལུས་ངག་ཡིད་གསུམ་སྟྭྃ་བྷ་ཡ་ནན། ཨ་ལྃ་ནྀྲ་ཛ་ཧཱུྃ་ལྃ་ནྀྲ་ཛཿ། ནཱ་ག་ཤ་ཡ་ཧཱུྃ་ཕཊ། ཅེས་བཟླས་ཏེ། ཉིན་མོ་ཐུན་གྱིས་བྲབ། མཚན་མོ་རང་གི་མལ་འོག་ཏུ་དོང་གྲུ་གསུམ་བྲུས་པར་བཅུག་ནས་རོ་གཡམ་གྱིས་ཁ་བཅད་ལ་ཞག་གསུམ་བསྒྲུབ་ནས། ལིང་ག་མ་ལ་འོག་ནས་ཕྱུང་སྟེ་ཚྭ་ཚྭ་ནག་པོའི་ཞབས་སུ་བཅུག་ནས་ལྷ་ཁང་རྙིང་པའི་ཐེམ་འོག་ཏུ་མནན་པས། དགྲའི་ནུས་པ་ཉམས། ངག་ལྐུགས་ཁོ་རང་གི་བྱད་ཁ་ཁོ་རང་ལ་ལོག་ནས་བརླག་པར་འགྱུར་རོ། །འདི་ནི་སྔགས་པ་ནང་འགྲས་ན་བྱའོ། །སེར་བ་དབབ་པ་
(༥༡༢)ནི། འབྲུབ་ཁུང་གྲུ་གསུམ་དུ། རོ་སོལ་དང་། ཐལ་ཆེན་བྱུགས་ལ། ར་དམར་སྐྱའམ་ཝ་ཐོད་དུ་མུ་ཟི་ནག་པོ། ལྕགས་ཕྱེ། དངུལ་རྡོ། ཉུང་ནག། སྡེ་སྣེ། སེར་སྲུང་གཞི་བདག་དང་། བཅས་པའི་མིང་བྲིས་པ་རྣམས་བཅུག་ལ། མུན་པར་མཚམས་བཅད་ནས་ཐུན་གྱིས་བྲབ་ཅིང་། ཨེ་བྷྱོ་རྨ་རུ་ཙེ། གྷུ་ན་ཧྲཱི་ཏྲི། ཕྲོཾ་གྷྲཾ་བྷྱོ་ཤྃ་རིལ་སུ་རུ་ཕྲྃ། གྷྲི་ག་ཧྲི་ག་གྷན་ཏ་ཕྲོཾ། གྱི་ན་ཏ་སུ་རུ། ཨ་པ་ལ་ཕྲོྃ། རྃ་རྃ་ཏྲི་ཐུན། ཕྲོྃ་ཉིག་ཧྲིལ་རྨ་ར་སྟག་ལིང་ཤར་ལྡིང་བྷྱོ། འུར་བ་ཕྲྃ་ཕྲྃ་སེར་འུར། དཀར་ཐོག་ལིང་། དཀར་བྲན་བཅུག། གལ་བུན་བུན་ལོངས། ཀཱ་ལ་ཀཱ་ལ། བྃ་ཧྲིལ་ཧྲིལ། ཤར་ཤར་ཕོབ་ཡ། ཞེས་བཟླས་ཤིང་རྟགས་མ་བྱུང་གི་བར་དུ་བསྒྲུབ། དེ་ནས། ཨཱོྃ་ཀ་ཁ་ག་གྷ་ང་། ཧེ་བྷྱོ། ཨེ་རྨ་རུ་ཙེ། གྷུ་ན་ཧྲཱི་ཏྲི། རཀྴ་བ་ཤ་ཁ་རག་དུན་ཏྲི། ཐ་ཏྲི་དུ་མཱ་ར་ཡ། རཀྴ་ཁ་འདར་ཨུ་ཐཱ་གཟིར་གཟིར་ཡ།ལོ་ཐོག་སྔོན་པོ་དྲོངས། པི་པི་ཤར་ཤར། ཁ་དྲག་རྩ་དམར་པོ་ལང་ལང་། སྤུར་ཡ། དམ་ཉམས་ཡུལ་དུ་རྃ་རྃ། རིལ་རིལ། ཕྲོམ་ཕྲོམ། ཀིང་ཀང་དྲག་ཏུ་ཕོབ་ལ། སྲིན་ཕོ་མོ་ལོང་། ཁྱུག་ཁྱུག། འུར་འུར་། ཧྲིལ་ཧྲིལ། ཤར་ཤར། བྷྱོ་བྷྱོ། ཕོབ་ཕོབ། ཅེས་བཟླས་པས། སྐམ་འབྲུག་གློག་དམར་སྒྲུབ་ཁང་དུ་འབྱུང་ཞིང་རྨི་ལམ་དུ་རྩས་མ་བརྔ་བ་
(༥༡༣)དང་། གནམ་ས་འཕོ་འགྱུར་བྱེད་པ་དང་། འཇའ་འོད་འཁྱིལ་པ་དང་། ཉི་ཟླ་ལྷུངས་པ་ལ་སོགས་པ་འོང་ངོ། །དེ་ནས་ཐུན་དོང་གི་ཐོད་པས་ནམ་མཁའ་མ་མཐོང་པར་བྱས་ལ། དགྲའི་འོང་ས་དང་རི་ཟུར་དང་། ཡུལ་ལྷའི་རྟེན་ཡོང་སར་ཐུན་རེ་སྦས་ནས། དུས་གཉན་ལ་སེར་ཐུན་འོང་བར་འཕངས། གཏོར་མ་བཏང་ནས། བྷྱོ་གནོད་སྦྱིན་ཆེན་པོ་དྲག་རྩལ་ཅན། །སྡེ་བརྒྱད་ཀུན་གྱི་དམག་དཔོན་མཛད། །སྲིན་མོ་གདོང་མོ་མཆེད་བཞིར་བཅས། །ཀིང་ཀང་རྔམ་པའི་ལས་མཛད་ཀུན། །དམ་ཉམས་ཡུལ་དུ་ཀིང་ཀང་ཕོབ། །གནོད་སྦྱིན་ཆེན་པོ་ཟོར་བའི་གདོང་། །དུས་ལ་བབས་པོ་ས་མ་ཡ། །དགྲ་བོའི་ལོ་ཐོག་དྲུངས་ནས་ཕྱུང་། །ཐོག་སེར་སྡང་བའི་དགྲ་ལ་ཕོབ། །འབྲུ་དང་སྔོ་རྣམས་བཅུད་བསྡུས་ལ། །རྣལ་འབྱོར་སྒྲུབ་མཆོག་བདག་ལ་སྩོལ། །ཅེས་རྦད་ཅིང་དུལ་མོ་བརྡབས་པས་དེའི་མོད་ལ་འབབ་ངེས་སོ། །ཆོ་འཕྲུལ་གཏོང་བ་ནི། གནོད་སྦྱིན་གྱི་གཟུགས་སྦྲ་ཚིལ་ལས་བྱས་པའི་མགོ་ལ་སྲིན་བྱའི་སྒྲོ་གཟུག། སྙིང་ཁར་དགྲའི་ལིང་ག་ལ། ཁྱིམ་དུ་ལྟས་ངན་སྣ་ཚོགས་དང་། སྨྱོ་འབོག་ཐོང་ཞིང་ཅེས་པ་བྲིས་ལ་གཞུག། དེ་ཝའི་ཐོད་པར་བཅུག་ལ། ཨེ་
(༥༡༤)བྷྱོ་མ་རུ་ཙེ། ར་རྒྱུག་ཤམ་རྒྱུག། འཕྲུལ་ཏིང་ལིང་ཀ་ནི། དྷ་མ་ཛུ་ཏྲི་སུ་ཏྲི་མུན་ཏྲི། ཏྲི་ལཱོ་ཀྱ། ཤ་མ་རུ་ཏྲི། ཤང་ཤང་བྷྱོ། །ལྟས་ངན་སྣ་ཚོགས་དགྲ་ལ་ཐོང་། །ཞེས་བཟླས་པ་ཞག་ལྔར་བསྒྲུབ་ནས། དགྲ་བོའི་གྲོང་མཐོང་བའི་རི་ཟུར་དུ་སྦས་ཏེ། ས་དམར་སྤར་གང་གཏོར་ལ། གྲོང་འདིར་མི་འདིའི་ཁྱིམ་དུ་སོང་ཞིག། ཅེས་ལམ་བསྟན་པས། འོད་དང་། མེ་སྟག་དང་། རྡོ་ཆར་དང་། སྨྱོ་འབོག་དང་། ཁང་པ་རྡིབས་པ་ལ་སོགས་པ་ཡོང་ངོ། །བབས་བྱེད་ན་ཐོད་པ་ནས་ལིང་ག་བཏོན་ནས་སྤོས་ཆུས་བཀྲུའོ། །སྲིའུ་གསོབ་ནི། མ་བུའི་མལ་གྱི་སྟེང་དུ་རྟེན་གཏོར་ལ། མདའ་འུག་སྒྲོ་མའི་མགུལ་དུ་གནོད་སྦྱིན་གྱི་སྐུ་དང་དར་ལེ་བརྒན་བཏགས་པ་བཙུགས་ནས་ཕུལ། བསྟོད་བསྐུལ་བྱས་ནས། བུ་ཆུང་འདི་སྲུངས་ཤིག་བྱ་ཞིང་གནོད་སྦྱིན་གྱི་སྐུ་བྲིས་ནས། རྩ་སྔགས་བྲིས་ཏེ་ དྲིལ་ནས་བུ ་ཆུང་ལ་བཏགས། རྫས་བསྲུངས་ལ། གྷ་རྩི། ཤིང་ཀུན། མུ་ཟི་ནག་པོ། ཟ་འོག། སྤྱང་བྲན།། བདུད་རྩི། སྟག་གི་སྡེར་མོ། བྱ་རོག་གི་མགོ། སྐྱེ་ཚེ། བྲག་དྲེག། རྒྱ་ཚིལ། ཐལ་ཆེན། ཤི་སྐྲ། སྒོག་སྐྱ། སླེ་ཏྲེས། བ་སྤྲུ། རྟ་བོན་པ། བྱི་ལའི་བྲུན་རྣམས་རྟ་ཚིལ་དང་།། །བསྲེས་ལ། ཕྱེ་མའི་ཐུམ་པོ་ལུས་ལ་
(༥༡༥)བཏགས། བུ་ཆུང་ཉོག་ན་དེ་རྣམས་ཀྱི་དུད་བས་ལུས་ལ་བདུག། དུས་བཟང་ལ་གཏོར་མ་བཏང་བས་སོས་ངེས་སོ། །ནོར་སྒྲུབ་པ་ནི། སྒྲུབ་ཁང་དུ་མཎྜལ་དམར་པོ་ཟླ་གམ་གྱི་སྟེང་དུ། གཏོར་མ་སྒྲུབ་ཐབས་བཞིན་བཤམས། ནམ་མཁའ་ལྡིང་བ་བྱ། དར་དམར་ལ་གནོད་སྦྱིན་གྱི་སྐུ་ཞལ་གཅིག་ཕྱག་གཉིས་ཕྱེད་སྐྱིལ་ཅན། གཡས་ལྕགས་ཀྱུ། གཡོན་ནེའུ་ལེ་འཛིན་པ། དར་ཟབ་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། པདྨ་དང་བུམ་པའི་སྟེང་ན་དམར་གསལ་ཁྲོ་འཛུམ་དུ་བཞུགས་པ། དེའི་རྒྱབ་ཏུ་རྩ་སྔགས་ལ་མི་ནོར་ཟས་གསུམ་གྱི་དངོས་གྲུབ་བདག་ལ་སྩོལ་ཅིག་བྲིས་པའི་ནང་དུ། རྡོ་ཕ་ཝང་ལོང་ བུ་ལ་གསེར་རམ་པདྨ་རཀྟས་ཏྲི་དྲུག་བྲིས་པ་ལ། རབ་གནས་བྱས་པ་དེ་ངར་ཟབ་ཀྱིས་དྲིལ ་ལ་ཐོད་པ་མཚན་ལྡན་འབྲུ་དང་རིན་པོ་ཆེས་བཀང་བ། དེའི་ནང་དུ་བཞག་པ་དེ་དཀྱིལ་འཁོར་གྱི་སྟེང་དུ་ཟངས་གཞོང་དུ་གཞུག་ལ་མཆོད་པས་མཐའ་བསྐོར་ཏེ། རང་ཉིད་པདྨའི་སྒོམ་བཟླས་བྱས་རྗེས། ཐོད་པ་རིན་པོ་ཆེའི་གཞལ་ཡས་ཁང་དུ་བསམ་པའི་ནང་དུ་གནོད་སྦྱིན་བྲིས་པ་ལྟར་བསྐྱེད་ལ་ཡེ་ཤེས་པ་བསྟིམ། གཏོར་མ་བཏང་། བསྟོད་པ་བྱས་ནས། རང་གི་སྙིང་གའི་ཧཱུྃ་ལས་
(༥༡༦)འོད་འཕྲོས། གནོད་སྦྱིན་གྱི་ཐུགས་ཀའི་ཧྲཱིཿལ་ཕོག་པས། འཇིག་རྟེན་གྱི་ཁམས་ཀྱི་མི་ནོར་ལོངས་སྤྱོད་ཐམས་ཅད་བསྡུས་པར་བསམ་ལ། ཨེ་ཧེ་བྷྱོ།། །རྩེ། རད་ན་སིདྡྷི་ཛ། གྷུ་ན་ཧྲི་ཏྲི། རང་ན་སིདྡྷི་ཧཱུྃ། གྷྲཾ་བྷྱོ། ཤཾ་རད་ན་སིདྡྷིི་ཛ་ཧཱུྃ། སུ་རུ་སིདྡྷི་ཛཿགྷྲིག་སིདྡྷི་ཧཱུྃ། གྷྲ་ན་ཏ་རད་ན་སིདྡྷི་ཛཿ། གྱིན་ཏ་ཨ་ཏྲི་ནིྲ་སིདྡྷི་ཛ་ཧཱུྃ། ཨ་པ་ལམ། པ་ཤ།། །རུ་སིདྡྷི་ཧཱུྃ་ཛཿ།ཞེས་བཟླས་པས། རིན་པོ་ཆེའི་ཆར་བབས་པ་དང་། ནོར་རྙེད་པ་དང་། ཁྲོམ་འདུ་བ་དང་། རྔ་བརྡུང་བ་དང་། དུང་འབུད་པ་དང་། འབྲུ་དང་ལོངས་སྤྱོད་སྡུད་པ་རྨིའོ། །དེ་ནས།། །ཨེ་བྷྱོ་རྨ་རུ་ཙེ་ཨ་ཏྲི་ནྀྲ་ཛཿ། །སིདྡྷི་ཕ་ལ་རད་ན་ཁ་ཏེ་ཧཱུྃ་ཛཿ། འགུལ་འགུལ་མ་མ་ཏྲིང་ཧྲིང་། མ་མ་ཁ་ཤི་བྃ། ཨ་ཀ་ར་ཤ་ཡ་ཛཿ། ཨ་ཀར་ཤ་ཡ་ཧྲིང་། མི་འགྲམ་ཚོགས། མི་སྙིང་སྒུལ།། །དྲཾ་སྲོག་ཙ་བྲིང་བྲིང་། ཐུྃ་རིལ། ཡེ༚་ཡེ༚། ཡིད་ཀྱི་དབང་པོ་ཁུག་ཛཿམི་ནོར་ཟས་གསུམ་བདག་གི་དབང་དུ་སྡུས་ཤིག། ཅེས་པ་ཞག་བདུན་བཟླས་པས། འཁོར་དང་འབྱོར་པ་ཕུན་སུམ་ཚོགས་པ་རྒྱས་པར་འགྱུར་རོ། །དེ་ནས་རྟེན་གྱི་བླ་རྡོ་དེ་ལུས་ལ་གདགས་སོ། །འདུ་བ་ཉུང་ན་བླ་རྡོ་བརྡར་ཅིང་། མེའི་ནང་དུ་གནོད་སྦྱིན་བསམས་ཏེ་སྦྱིན་སྲེག་བྱ། གཏོར་མ་བཏང་ནས། བྷྱོ་བྱང་ཕྱོགས་
(༥༡༧)གནོད་སྦྱིན་གཏེར་གྱི་བདག། ཞལ་གཅིག་ཕྱག་གཉིས་མཛེས་པའི་སྐུ། །ཆིབས་སུ་བྱ་རྒྱལ་ཁྱུང་ལ་བཅིབས། །སྐུ་མདོག་དམར་པོ་འོད་ཟེར་ཅན། །རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤྲས། །ཕྱག་གཡས་ལྕགས་ཀྱུས་ཟས་ནོར་འགུགས། །ཕྱག་གཡོན་ནེའུ་ལེས་ཟས་ནོར་སྟེར། འཁོར་དུ་གནོད་སྦྱིན་སྟོང་གིས་བསྐོར། །གཏེར་བདག་འཁོར་དང་བཅས་པ་ལ། །མཆོད་ཚོགས་བ་ལིང་གཏོར་མ་འབུལ། །ལྷ་འདྲེ་མི་གསུམ་དབང་དུ་སྡུས། །ཟས་ནོར་ལོངས་སྤྱོད་ཆར་དུ་ཕོབ། །ཅི་བསམ་འགྲུབ་པའི་དངོས་གྲུབ་ཞུ། །ཞེས་རོལ་མོ་དང་བཅས་པ་བྱས་པས་བསམ་པ་འགྲུབ་བོ། །དེ་ལྟར་གནོད་སྦྱིན་དམར་ནག་སྒྲུབ་པ་ཡི། རིམ་པ་གསལ་བར་བཤད་དེས་བསོད་ནམས་ཀྱིས། །མ་ལུས་རེ་བ་ཡིད་བཞིན་རྫོགས་པའི་དཔལ། །ཡོན་ཏན་འབྱོར་པ་མཐའ་ཡས་ཡོངས་གང་ཤོག། གནོད་སྦྱིན་དམར་ནག་གི་གསང་སྒྲུབ་མེ་རླུང་འཁྱིལ་པ་ཞེས་བྱ་བ། །རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས་བཀོད་པ་རྫོགས་སོ།། །།བཀྲ་ཤིས། །༅། །ཤོག་འདྲའི་སྐོར། ཤན་པ་སྲོག་སྒྲུབ་ནག་མོའི་གསང་སྒྲུབ་བཞུགས་སོ། །ཤན་པ་སྲོག་སྒྲུབ་ནག་མོའི་གསང་སྒྲུབ་
(༥༡༨)དུག་མདའ་ནག་མོ་ཞེས་བྱ་བ། འཇིག་པའི་མ་མོ་འབུམ་ལ་ཕྱག་འཚལ་ལོ། །ཤན་པ་སྨུག་ནག་མི་བསྲུན་མ། །སྐྲ་ཡི་ལན་བུས་ནམ་མཁའ་ཁྱབ། །སྒྲོལ་གིང་ཆེན་མོ་ལ་བཏུད་དེ། །དེ་ཡི་གསང་སྒྲུབ་བཤད་པར་བྱ། །བྲག་ནག་སྲིན་མོ་ཁྲོས་འདྲ་འམ། །ནགས་རོང་མོན་མོ་ཁྲོས་འདྲ་བར། །སྟེགས་བུ་ཁྲུ་གང་ལ་སོགས་པར། །རོ་སོལ།། །དུག་ཁྲག་ཆག་ཆག་གདབ། །དབུས་སུ་གྲུ་གསུམ་མུ་ཁྱུད་དམར། །ཕྱི་རིམ་རྩིབས་བཞི་མཐིང་ནག་སྟེ། །དེ་ཕྱིར་ཐོད་ཕྲེང་རྡོ་རྗེའི་ཕྲེང་། །སྒོ་དང་རྟ་བབས་ལྡན་པར་བྲི། །དེ་མཐར་མེ་རི་འབར་བའོ། །སྟེང་དུ་ཁམས་སའི་དགྲ་གཟུགས་ཀྱི། །སྙིང་གར་ལིང་ག་བཅུག་པའི་སྟེང་། །མ་མོའི་དཔལ་གཏོར་ཟུར་གསུམ་ལ། །དགྲ་ཡི་ལིང་ག་གཟུག་པར་བྱ།། །།དཔྲལ་པ་ར་རུས་ལ་སྙིང་གར་མིང་། །འདོམས་སུ་བླ་དྭགས་བྲིས་པ་ཡི། །ཐ་མ་བསད་པའི་སྔགས་ཀྱིས་བསྐོར། །གཞན་ཡང་བླ་མ་ཆོས་སྐྱོང་དང་། །ཡུལ་ལྷ་གཞི་བདག་།། །གཏོར་མ་བཤམ། །དེ་ནས་སྟོང་པའི་ངང་ཉིད་ལས། །གནམ་ས་མི་དམིགས་མུན་པས་འཁྲིགས། །འཇིགས་པའི་ལྕགས་ཁང་སྒོ་མེད་དུ། །མེ་ཡི་འོད་སྟོང་འབར་བའི་གནས། །དགྲ་བགེགས་མི་ཐར་བརྩོན་
(༥༡༩)དོང་བསམ། །རང་ཉིད་པདྨ་ཐོད་ཕྲེང་རྩལ། །འཇིགས་བྱེད་ཁྲོ་བོའི་དཀྱིལ་འཁོར་བསམ། །མདུན་གྱི་དཀྱིལ་འཁོར་འཇིགས་པ་རུ། །གསོད་བྱེད་ནག་མོ་ཆུ་གྲི་བསྣམས། །གློ་སྙིང་ཞལ་གསོལ་ཁྲག་འཛག་ཅིག། སྤྱན་གསུམ་རལ་པས་གནམ་ས་ཁྱབ། །མཆེ་གཙིགས་མཚོན་ཆའི་མེ་འོད་འཕྲོ། །སྲིད་པའི་རླུང་ཞོན་ནད་རིམས་གདོང་། །སྨ་ར་དམར་སེར་འབར་བར་བསྒོམ། །གཡས་ན་ཤ་ཟ་ལྕེ་སྤྱང་གདོང་། །རོ་ལ་ཞོན་ནས་དགྲ་སྙིང་ཟ། །གཡོན་ན་ནག་མོ་ཝ་གདོང་མ། །ཕྱག་གཉིས་ཞགས་པ་གྲི་གུག་ཐོགས། །མདུན་ན་ནག་མོ་འུག་གདོང་སྟེ། །རྒྱབ་ན་སྲིད་པའི་ཤ་ཟ་འབུམ། །མཚོན་ཆ་སྣ་ཚོགས་ཟོར་འཕེན་བསམ། །ཐུན་ནི་ཉུང་ནག་གྲི་ཁྲག་གིས། །ལིང་ག་བྲབ་པས་མ་མོ་ཡིས། །དགྲ་བོ་བསད་པར་བསམ་ནས་ནི། །སྔགས་འདི་མ་ཡེངས་བཟླས་ཤིང་བྲབ། ཨོཾཱ་ཁྱི་ཁ་ལེ་ནག་མོས་སོད། སྲོག་མ་ཏྲི་སོད། སྙིང་ཁ་ཁ་པྃ། ཡ་ཡ་སོོད། ཙ་ཝ་བི་རི་མུ་སོད། གྷ་ཡ་སོད།ི་ཡ་སོད། རཀྨོ་རྩིཏྟེ་རྦད། དེ་ལྟར་ཞག་བདུན་སོང་རྗེས་ལ། །རྟགས་ནི་དགྲ་ལ་སྣ་ཚོགས་འབྱུང་། །དེ་ནས་སྔགས་དེའི་མཇུག་དེ་ལ། །རག་མོ་རག་མོ་མ་གཟིར་ནན། །
(༥༢༠)ཁམས་ཁུག་དྲོངས་ཆེ་གེ་མོའི་ཙིཏྟ་ལ་རྦད་སོད་ཡ། དེ་བཟླས་རང་ལ་ཚིག་པ་ཟ། རྨུགས་དང་རྒྱག་སྙིང་འདོད་པ་དང་། །རྨི་ལམ་བུད་མེད་མཚན་མ་སྟོན། །དེ་ཚེ་འོག་མ་གཅིག་པུ་བཟླ། །དེ་ནས་གློ་སྙིང་མགོ་ཁྱེར་ནས། །ལན་གསུམ་བྱུང་དུས་གཏོར་ཟོར་འཕངས། །འབྲུབ་ཁུང་ཚེར་མའི་མེ་སྤར་ལ། །མ་མོ་འཁོར་བཅས་ཁ་གདངས་བསྐྱེད། །ལིང་ག་དགྲ་དངོས་བསམ་ལ་འབུལ། །དེ་ཡིས་ཐེ་ཚོམ་མེད་པར་འགྲུབ། །གལ་ཏེ་འགྱངས་ཤིང་རྟགས་མེད་ན། །འབོད་རྦད་མཐའ་ནས་ལྡོག་བྱས་ལ། །བསད་སྔགས་བཏག་ལ་བསྒྲུབ་པར་བྱ། །སོད་མོས་ནག་ལེ་ཁ་ཁྱི་ཨཱོྃ། སྲོག་མ་ཏྲི་སོད། སྙིང་ཁ་ཁ་བྷྃ། ཡ་ཡཱ་སོད། ཙ་བ་བི་རི་མུ་སོད། གྷ་ཡ་སོད།ི་ཡ་སོད། རག་མོ་ཙིཏྟ་རྦད་རྦད། ཙི་ི།། །མོ་རག། སརྦ་དུཥྚྃ་ཆེ་གེ་མོ་ཤ་ཏྲཱུྃ་མཱ་ར་ཡ་རྦད། དེ་ཡིས་ངེས་པར་འགྲུབ་པ་ཡིན། །དེས་ཀྱང་འགྲུབ་པར་མ་གྱུར་ན། །འབོད་རྦད་མགོ་གཤམ་ལྡོག་པ་ལ། །བསད་སྔགས་རྦད་སྔགས་བཏགས་ལ་བསྒྲུབ། །དེ་ཡིས་ཐེ་ཚོམ་མེད་པ་ཡིན། །གཞན་ཡང་འགྲུབ་པར་དཀའ་བ་ན། ཨུ་ནེ་ཨུ་ནེ་ཧཱུྃ་ཕཊ། དེ་ནི་སྔགས་ཀྱི་མགོར་བཏགས་ཤིང་། མྱགས་ཐུམ་
(༥༢༡)རིལ་རྦད། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། འདི་ནི་ཤམ་བུར་བཏགས་ལ་བཟླས། །དེ་ཡིས་གསོད་ཅིང་ཆོ་འཕྲུལ་འབྱུང་། །རྩ་བའི་སྒྲུབ་ཐབས་བསྟན་པའོ། །དེ་ཡི་གནད་ཡིག་ནི། རྫས་གནད་ན་ཆུང་ནལ་ཕྲུག་གམ། །ལུག་ནག་བྱ་ནག་སྙིང་ནང་དུ། །དུར་ཁྲོད་རས་ལ་འཁོར་ལོ་བྲི། །རྩིབས་བརྒྱད་མུ་ཁྱུད་གསུམ་པ་ལ། །རྩིབས་ལ་རྩ་སྔགས་བྲི་བར་བྱ། །མུ་ཁྱུད་མ་མོའི་སྤྱི་སྔགས་བྲི། །ལྟེ་བར་མ་བྷྱོ་གཟབ་ཏུ་བྲི། །རྒྱབ་ཏུ་རྟེན་འབྲེལ་སྙིང་པོ་བྲི། །རབ་གནས་བྱས་ལ་ལུས་ལ་འཆངས། །སྐབས་སུ་ཀླད་ལ་བསྐོར་ཞིང་བརྡབ། །དེ་ཡིས་བྲན་བཞིན་ལས་བྱེད་འགྱུར། །དུས་གནད་རྒྱུ་དུས་བརྟན་པ་ནི། །ཚེས་གཅིག་སྐྱ་རིངས་དང་པོ་ནས། །ཉི་ཤར་ཡན་ཆད་གཙོ་མོ་རྒྱུན། །འབྱུང་བ་ཤིང་གི་ཁམས་ཡིན་ནོ། །ཉི་མ་དྲོས་ནས་ཉིན་ཕྱེད་པར། །གཡས་ཀྱི་སྲོག་གཅོད་རྒྱུ་དུས་ཏེ། །འབྱུང་བ་མེ་ཡི་ཁམས་ཡིན་ནོ། །གྲིབ་ཆུང་ལྷགས་ནས་བྱ་གདང་བར། །གཡོན་གྱི་སྲོག་གཅོད་རྒྱུ་དུས་ཏེ། །འབྱུང་བ་ལྕགས་ཀྱི་ཁམས་ཡིན་ནོ། །ས་སྲོད་ནམ་ཕྱེད་ཚུན་ཆད་ལ། །མདུན་གྱི་སྲོག་གཅོད་རྒྱུ་དུས་ཏེ། །འབྱུང་བ་ཆུ་ཡི་ཁམས་ཡིན་ནོ། །ཉི་ཤར་ཕྱེད་ཡོལ་ས་
(༥༢༢)སྲོས་ནས། །ནམ་ཕྱེད་ཡོལ་དུས་རྣམས་སུ་ནི། །གཙོ་འཁོར་སྲུང་མར་བཅས་པ་རྒྱུ། །འབྱུང་བ་ས་ཡི་ཁམས་ཡིན་ནོ། །ཁམས་གཤེད་གནད་ཡིག་བསྟན་པ་ནི། །སྒྲུབ་དུས་འབྲུབ་ཁུང་ལིང་ག་ལ། །རང་ཉིད་ཚེ་གཅིག་གཙོ་མོའི་དུས། །ཤིང་ལས་གྲུབ་པའི་གཙོ་མོར་བསྐྱེད། །ལིང་ག་ཤིང་གི་ཕུར་པས་མནན། །དགྲ་བོ་དགུག་གཞུག་ལིང་ག་ས། །ཤར་ཕྱོགས་ཁ་བལྟས་རྩ་སྔགས་མཐར། །ཆེ་གེ་མོའི་སྲོག་ལས་མཱ་ར་ཡ་ཐུན་བྷྱོ། རག་མོ་ི་ཤ་ཀུ་རུ་ལུ་ཐུྃ་རྦུད། རག་མོ་ཁ་ལ་ཙ་ཐུན་བྷྱོ། རཀྟ་ཐུན་རྦད། ཙལ་ཙ་ལ་ཐུན་བྷྱོ། རྩ་ཙིཏྟ་རྦད། སྙིང་ལ་དུན། རག་མོ་ཁ་ལ་ཙ་ཐུན་བྷྱོ། ཏི་ཐ་བྃ་རིལ་ས་མ་ཡ་དུན་བྷྱོ། དགྲ་བོའི་སྲོག་ལ་མཱ་ར་ཡ་ཐུན་བྷྱོ། །ཞེས་བཟླས་ཤིང་གི་ཕུར་པ་གདབ། །གཡས་ཀྱི་མ་མོ་རྒྱུ་དུས་སུ། །རང་ཉིད་མེ་ལས་མ་མོའི་སྐུ། །ལིང་ག་ལྕགས་སུ་བསྐྱེད་བྱས་ཏེ། །དྲག་པོའི་མེ་འགལ་ཐུན་གྱིས་བྲབ། །ཐུན་སྔགས་རྃ་དུ་བསྒྱུར་ལ་བཟླས། །གཡོན་གྱི་མ་མོ་རྒྱུ་དུས་སུ། །རང་ཉིད་ལྕགས་ཀྱི་མ་མོར་བསྐྱེད། །ལིང་ག་ཤིང་ལས་གྲུབ་པར་བསྐྱེད། །མི་བསད་མཚོན་ལྕགས་དྲག་ཐུན་གདབ། །ཐུན་སྔགས་སུྃ་དུ་བསྒྱུར་ལ་བཟླས། །མདུན་གྱི་མ་མོ་རྒྱུ་དུས་སུ། །རང་ཉིད་ཆུ་ཡི་མ་མོར་བསྒོམ། །ལིང་ག་མེ་ལས་གྲུབ་པར་
(༥༢༣)བསྐྱེད། །དྲག་ཐུན་དུག་ཆུས་བྲབ་པར་བྱ། །ཐུན་སྔགས་བྃ་དུ་བསྒྱུར་ལ་བཟླས། །དུས་གཞན་རྣམས་སུ་གཞུང་བཞིན་བྱ། །རྒྱུ་བའི་ཕྱོགས་དང་བསྟུན་པ་རུ། །ཁ་ལྟ་ཐུན་ཟོར་མ་ཆད་གཅེས། །དགྲ་བོའི་ཁམས་དེ་རྒྱུས་ཡོད་ན། །རྒྱུན་དུ་དེ་ཡི་གཤེད་ཐུན་བྲབ། །རྒྱུ་དུས་ལུས་སྦྲིད་སྐྱི་ཟིང་འཇིགས། །ངེས་པའི་དུས་ཡིན་བསྟུན་པར་བྱ། །མ་མོའི་ངན་སྔགས་གཤོར་ལ་གཏད། །གནད་ཀྱི་ཡང་སྙིང་མཐར་ཐུག་ཡིན། །ཆོ་འཕྲུལ་གནད་ཡིག་བསྟན་པ་ནི། །མ་ཏྲཱྃ་སྙིང་ཁར་བྲུབ་ཁུང་བཅའ། །དབུས་སུ་གཏོར་མ་ལིང་ག་གཞག། ཤའམ་སྙིང་ངམ་རུས་པ་ལ། །ཕུངས་ཁྲག་སྦྱར་ལྕེ་སྤྱང་མགོ། །དམར་མོ་ལག་ན་ལྟས་ངན་ནི། །སྤྲེའུ་འུག་པ་ལ་སོགས་ཐོགས། །དེ་ཡི་སྙིང་ཁ་རཀྵ་ཡི་གེ། ཐ་མར་ལྟས་ངན་ཐོང་ཞིག་བྲི། །གཤིན་རྗེ་ཝ་གདོང་ནག་མོ་ཡི། །གཟུགས་བྱ་སྙིང་ཁར་ཡི་གེ་བྲི། །སྲོག་གཅོད་ཤ་ཟ་ནག་མོ་ནི། འུག་གདོང་ཡི་གེ་ཕྱག་མཚན་འདྲ། །མ་ཏྲྃ་མགོ་ཟུར་གནོད་སྦྱིན་མོ། །གཡས་ཟུར་གཤིན་རྗེ་གཡོན་ཟུར་དུ། །བདུད་མོའི་གཟུགས་གཞག་གཏོར་མའི་རྩེར། །ལྷ་མོའི་གཟུགས་བྲིས་གཟུག་པར་
(༥༢༤)བྱ། །རྩ་བའི་སྔགས་ལ་འདི་བཏགས་བཟླས། ཧེ་ཙ་དུན་པོ་བ་ཡ། དེ་བཟླས་རང་ལ་ཆོ་འཕྲུལ་འོངས། །དེ་ནས་མ་ཏྲྃ་ལྷ་དང་གཟུགས། །དགྲ་ཡོད་ཕྱོགས་སུ་ཁ་བསྒྱུར་ལ། །རྒྱབ་ནས་ཐུན་གྱིས་བྲབ་བྱ་ཞིང་། །གང་ལ་རྦད་སྔགས་བཏགས་བྱས་ནས། །འདི་ལ་འདི་བཏགས་བཟླས་པ་བྱ། །ཆེ་གེ་མོ་ཙ་ཧེ་ད་ང་ཕཊ་ཡ། ཞེས་བཟླས་བསྐུལ་ཞིང་སྔགས་ཀྱིས་གཟིར། །གལ་ཏེ་མཉན་ལྡོག་ལ་བཟླས། །དེས་ནི་དགྲ་ལ་ལྟས་ངན་ནི། །ཇི་ལྟར་རྦད་པ་དེ་ལྟར་འོངས། །སྔ་མའི་ལས་མཇུག་མནན་པ་ནི། །སྒྲུབ་པ་ཐོན་དུས་སྔར་བརྩམས་པའི། །ལིང་ག་སྦྱིན་སྲེག་གོང་བཞིན་བྱ། །ཐུན་གྱིས་ལིང་ག་འབྲུབ་ཁུང་གཞུག། དྲག་པོའི་ཐུན་བྲབ་གཡམ་པས་བཀབ། །ཀླུ་ཡི་ཐེབས་དུས་ལིང་ག་དང་། །དྲི་ཆེན་དྲོད་མ་ཡལ་བ་དང་། །དཀར་གསུམ་མངར་གསུམ་སྦལ་ནག་ཁྲག། རྫ་ཡི་གའུ་ཁ་སྦྱར་ནི། །དགྲ་བོའི་ཁམས་གཤེད་ཁ་དོག་ཅན། །དེ་ནང་རྫས་དང་སྡིག་པ་གཞུག། གའུའི་སྟེང་ལ་རྡོ་རྗེ་ནི། །རྒྱ་གྲམ་ལྟེ་བར་ཆེ་གེ་ནན། །ར་བཞིར་ཨཱྃ་ནན་ཨཱཿནན་དང་། །ཧཱུྃ་ནན་སྟྭྃྃབྷ་ནན་བྲིས་ལ། །ཕ་ཝང་བྲུན་དང་དམེ་ཕོའི་ཆུས། །བྱུགས་ལ་དགྲ་བོའི་ཁམས་དེ་བརྟགས། །
(༥༢༥)ཤིང་ཁམས་ཡིན་ན་ཀླུ་གནས་སར། །མནན་ཞིང་ས་ཚོན་སྣ་ལྔས་བསྐོར། །མེ་ཁམས་ཡིན་ན་ཆུ་མིག་རྩར། །ས་ཁམས་ཤིང་གཅིག་དྲུང་དུ་མནན། །ཆུ་ཁམས་ས་གཉན་སྦ་བར་བྱ། །དེ་ལྟར་མནན་པའི་འབྲས་བུ་ནི། །རབ་ལ་མནན་དུས་དེ་རུ་འཆི། །འབྲིང་ལ་ཟླ་བ་གཅིག་ཡིན་ཏེ། །ཐ་མ་ཟླ་བ་གསུམ་ན་ངེས། །ཕྱི་དུས་ཟླ་བ་བཞི་ངེས་ཡིན། །དེ་ཚེ་རྟགས་ནི་མ་བྱུང་ན། །ས་དེར་ལྷ་འདྲེ་མེད་པས་ན། །སྒྲུབ་པ་མི་དགོས་ཐུན་དྲུག་གོ། ལན་གསུམ་བསྐྱར་ལ་མནན་པ་བྱ། །དེ་ཡང་གཉན་ས་གསུམ་བཞིར་བྱ། །དེ་ཡིས་ཐེ་ཚོམ་མེད་པར་འགྲུབ། །དང་པོ་སྒྲུབ་པ་གཅིག་ཐེམས་ནས། །རྟག་ཏུ་སྒྲུབ་པ་བྱེད་མི་དགོས། །ཉིན་ཞག་ཕྲུགས་གཅིག་ཐུན་དྲུག་ནི། །བྱས་ནས་མནན་པ་གཅིག་པུས་འགྲུབ། །འདི་ལྟར་དང་པོ་སྒྲུབ་པ་དེ། །ལན་གཅིག་གྲུབ་ནས་ནམ་དགོས་དུས། །ཉིན་ཞག་གཅིག་གིས་ཐུན་དྲུག་འབད། །ལས་མཇུག་གནན་པས་འགྲུབ་པ་ཡིན། །དེ་ཡང་ཀླུ་གཉན་གནས་ས་ནི། །ངེས་པར་དགོས་པས་དེ་རུ་བྱེད། །དེ་ཡིས་མྱུར་དུ་འགྲུབ་པ་ཡིན། །སྒྲུབ་པར་བྱེད་པའི་དུས་སུ་ཡང་། །སྐབས་སུ་དམར་གཏོར་བཏང་བྱས་ལ། །འཇིགས་པའི་བསྐུལ་འདིས་བསྐུལ་
(༥༢༦)བར་བྱ། །བྷྱོ་མཁའ་འགྲོ་ནག་མོ་མི་བསྲུན་མ། །ཤ་ཟ་ཁྲག་མིག་སྲིན་མོའི་གདོང་། །འཇིགས་པའི་གཟུགས་ཅན་མཁའ་འགྲོའི་གཙོ། །སྐུ་མདོག་ནག་མོ་ཆར་སྤྲིན་མདོག། ཕྱག་ན་གསོད་པའི་མཚོན་ཆ་བསྣམས། །ཆིབས་སུ་སྲིད་པའི་རླུང་ལ་བཅིབས། །རལ་པ་མཚོན་ཆ་ཤ་ར་ར། །གཅེར་བུ་མི་ལྤགས་སྟོད་ལ་དཀྲིས། །མི་ཡི་གློ་སྙིང་ཞལ་དུ་ནི། །དམར་མོ་ཁྲག་འཛག་རྒྱུན་དུ་གསོལ། །ཞལ་ནས་ཁྲག་འཛག་ཀྱུ་རུ་རུ། །སྤྱན་གསུམ་ཁྲོ་གཉེར་མཆེ་བ་གཙིགས། །སྨ་ར་མཚོན་ཆ་མེ་ལྟར་འབར། །ཤངས་ནས་འཚུབས་མ་མཚོན་ཆར་འགྱེད། །བ་སྤུ་མཚོན་ཆ་མེ་ལྟར་འབར། །མི་མགོ་རློན་པའི་དོ་ཤལ་ཅན། །གསོད་བྱེད་མ་མོ་ཆེན་མོ་ལ། །དགྲ་བོའི་ཤ་ཁྲག་གཏོར་མ་འབུལ། །གཡས་ན་གསོད་བྱེད་ཤ་ཟ་མོ། །དམར་མོ་ཤ་ཟ་ཅེ་སྤྱང་གདོང་། །རོ་ལ་ཞོན་ནས་ཤ་ལ་ཟ། །རྐན་བརྡེབ་དགྲ་བོའི་མིག་འབྲས་འབྲུལ། །ལྕགས་སྡེར་མཚོན་ཆས་དགྲ་སྙིང་འབྱིན། །དམར་མོ་ཁྲག་འཛེག་ཞལ་དུ་གསོལ། །གཡོན་ན་ནག་མོ་ཝ་ཡི་གདོང་། །བ་སྤུ་མཚོན་ཆ་སྤུ་གྲིའི་སོ། །རེག་པ་ཙམ་གྱིས་མགོ་ལུས་བྲེགས། །ཕྱག་ན་ཞགས་པ་གྲི་གུག་ཐོགས། །ལུས་
(༥༢༧)ཆིངས་སྲོག་རྩ་དམར་པོ་ཆོད། །ཤ་ཟ་ཁྲག་འཐུང་ཀེང་རུས་མུར། །མདུན་ན་སྲོག་གཅོད་ཤ་ཟ་སྟོང་། །ནག་མོ་འུག་གདོང་གནམ་ལྕགས་སྡེར། །ཁྲག་གི་རལ་པ་མཚོན་ཆའི་སྡེར། །མཚོན་སྡེར་དགྲ་ཡི་སྙིང་ལ་འདེབས། །གནམ་ལྕགས་མཆུ་ཡིས་སྲོག་རྩ་གཅོད། །སྐད་ཅིག་སྟོང་གསུམ་ཉུལ་བྱེད་མ། །རྐན་རྡེབ།། །སྲིད་གསུམ་སྙིང་ཁྲག་འབྲུལ། །སྟོང་གསུམ་ཟ་ཞིང་སྲིད་གསུམ་འཐུང་། །ཤ་ཟ་ཁྲག་འཐུང་འབུམ་གྱིས་བསྐོར། །ཤ་ཟ་དཔོན་གཡོག་འཁོར་དང་བཅས། །འདིར་བྱོན་ནག་མོ་ལས་མཁན་མ། །དགྲ་བོའི་ཤ་ཁྲག་གཏོར་མ་འབུལ། །དགྲ་བོ་སྒྲོལ་བའི་དུས་ལ་བབས། །རྒྱལ་བའི་བཀའ་ལས་མ་འདའ་བར། །དམ་ཉམས་ཤ་ཟོ་ཁྲག་ལ་འཐུང་། །བཅོལ་པའི་ཕྲིན་ལས་མྱུར་དུ་བསྒྲུབས། །ཞེས་པས་བསྟོད་ཅིང་བསྐུལ་བར་བྱ། སྐབས་སུ་མོ་རྒྱུད་གནད་འབེབས་བཟླས། ཁ་ཐྃ་མུ་ཁ་ཐྃ། མ་རག་ཤ་ཁུ། མ་རིལ་མ་རིལ་མ་མོ་བྷྱོ། །འདིས་ནི་མོ་རྒྱུད་ལས་ལ་ཁོལ། །ཞག་རེ་བརྒྱ་རྩ་བཟླས་པས་འགྲུབ། །ཀུན་གྱི་ཟབ་དོན་གནད་དྲིལ་ནས། །དུག་མདའ་ནག་མོར་གཏན་ལ་ཕབས། །ཨེ་མ་སྙིང་ཏིག་གསང་བའི་བཀའ། །ཡང་ཟབ་བསྲུང་
(༥༢༨)བའི་དོན་བྱེད་དུ། །ཤན་པ་ནག་མོའི་སྒྲུབ་ཐབས་འདི། །སྟོན་གསུམ་གངས་རི་ཐོད་དཀར་དུ། །དྲི་མེད་འོད་ཟེར་བདག་གིས་བཀོད། །དགེ་བས་བསྟན་པ་འཕེལ་བར་ཤོག། ཤན་པ་སྲོག་སྒྲུབ་ནག་མོའི་སྒྲུབ་ཐབས་དུག་མདའ་ནག་མོ་ཞེས་བྱ་བ། པདྨ་ལས་འབྲེལ་རྩལ་གྱིས་གངས་རི་ཐོད་དཀར་གྱི་མགུལ་ཨོ་རྒྱན་རྫོང་དུ་བཀོད་པ་རྫོགས་སོ།། །།བྷ་ཝནྟུ། །
(༥༢༩)མཁའ་འགྲོ་ཡང་ཏིག་གི་ཐེམ་བྱང་དཔག་བསམ་ལྗོན་ཤིང་བཞུགས་པ་ལགས་སོ། ༈། ཐེམ་བྱང་དཔག་བསམ་ལྗོན་ཤིང་ཞེས་བྱ་བ། །དཔལ་དོན་ཡོད་གྲུབ་པ་ལ་ཕྱག་འཚལ་ལོ། །ཟབ་ཅིང་རྒྱ་ཆེ་སྐུ་ལྔ་ལྷུན་གྱིས་གྲུབ། །ཡོན་ཏན་ཕྲིན་ལས་འདོད་གཏེར་རོལ་པ་ཅན། །རང་བྱུང་ཆེན་པོ་པདྨ་འབྱུང་གནས་ལ། །བདག་གཞན་དུས་རྣམས་ཀུན་ཏུ་ཕྱག་འཚལ་ལོ། །དེ་ཡི་ཡུམ་ཆེན་མཁར་ཆེན་མཚོ་རྒྱལ་ནི། །རྡོ་རྗེ་ཕག་མོ་སངས་རྒྱས་ཀུན་གྱི་དངོས། །མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་བཅས་ལ། །དུས་རྣམས་ཀུན་ཏུ་གུས་པས་ཕྱག་འཚལ་ལོ། །ཟབ་ཅིང་རྒྱ་ཆེ་དཀར་ཤོག་སྡོང་པོ་ལ། །གདམས་ཁྲིད་སྙིང་པོ་ཤོག་འདྲའི་ཡལ་འདབ་རྒྱས། །ཡང་ཟབ་ཤོག་སེར་མེ་ཏོག་འབྲས་བུ་ཅན། །མཁའ་འགྲོ་ཡང་ཏིག་དངོས་གྲུབ་ལྗོན་ཤིང་སྤྲོ། །དེ་ལ་དབང་གི་མ་བུའི་གྲངས་བསྟན་པ། །སྔོན་འགྲོ་ཡིད་ཆེས་ཁུངས་བཙུན་ཤེས་བྱའི་ཕྱིར། །གཏེར་འབྱུང་ལོ་རྒྱུས་རིན་ཆེན་སྒྲོན་མེ་དང་། །ཉམས་ཆག་སྡིག་སྒྲིབ་དམ་ཚིག་
(༥༣༠)སྐོང་དང་ནི། །དངོས་གྲུབ་ཀུན་འབྱུང་མཁའ་འགྲོའི་བརྡ་དབང་དང་། །དངོས་གཞི་དབང་བཞི་བྱིན་རླབས་བླ་མའི་དབང་། །རྒྱུད་ལ་སྨིན་གྲོལ་ནུས་པ་འཇུག་ཕྱིར་ཏེ། །རིག་པའི་རྩལ་དབང་སྣང་སྲིད་ཆོས་སྐུར་འཆར། །མཁའ་འགྲོའི་དོན་དབང་དངོས་གྲུབ་ཆུ་བོ་འགྲུབ། །རྡོ་རྗེ་སློབ་དཔོན་གཞན་ཕན་ཕྲིན་ལས་མཆོག། བསྟན་པའི་སྲོག་ཤིང་གཟུག་ཕྱིར་གཞན་བཀའ་དང་། །གཏད་རྒྱའི་བྱིན་རླབས་གཅིག་ནས་གཅིག་ཏུ་བརྒྱུད། །བཀའ་བསྒོས་མ་སྲིང་དམ་ཅན་ལས་ལ་ཁོལ། །དེ་ཡི་ཆ་ལག་ལེགས་པར་བསྟན་པའང་། །རང་ཉིད་དབང་དང་གདམས་པ་དག་བྱའི་ཕྱིར། །བདག་འཇུག་པདྨ་ཀློང་ཡངས་བཟང་པོ་དང་། །ལག་ལེན་བསྟན་ཕྱིར་ཚོགས་མཆོད་རྒྱ་མཚོའི་སྤྲིན། །བསོད་ནམས་ཡེ་ཤེས་ཚོགས་ཆེན་གཉིས་རྫོགས་ལྡན། །དེ་ལྟར་མ་དགུ་བུ་ནི་རྣམ་པ་དྲུག། རྩ་བའི་སྡེ་ཚན་རྣམ་པ་བཞིར་བསྡུས་པས། །རིན་ཆེན་དབང་གི་ཕྲེང་བ་ལེགས་པར་ཚང་། །དེ་དག་རྣམས་ནི་ཟབ་ཅིང་རྒྱ་ཆེ་བས། །རིན་ཆེན་དཀར་ཤོག་
(༥༣༡)ངོས་ལ་ལེགས་པར་མནན། །བཀའ་ཡི་རྒྱས་བཏབ་ཕྱི་རབས་དོན་དུ་བསྟན། །སྨིན་ཅིང་གྲོལ་བར་བྱེད་པ་བསྐྱེད་རྫོགས་ཏེ། །དེ་ཡི་གདམས་ངག་མ་བུའི་གྲངས་བསྟན་པ། །གསང་སྔགས་ཟབ་མོ་བྱིན་རླབས་བླ་མའི་ལམ། །དེ་ཕྱིར་གསོལ་འདེབས་དྲི་མེད་ཟླ་རྒྱས་དང་། །བདུད་རྩིའི་ཆུ་རྒྱུན་།།།པ་གཉིས་སུ་བསྟན། །ལམ་ལ་འཇུག་པའང་རིམ་པས་བསླབ་པའི་ཕྱིར། །ཁྲིད་དུ་བསྡེབས་ཏེ་ཉམས་སུ་བླང་བ་ནི། །དང་པོའི་བབས་ཚུལ་ཅིག་ཆ།། །འཇུག་པའི་ཕྱིར། །ནོར་བུའི་ལུགས་ཏེ་ཕྲེང་བ་རྩར་བརྒྱུས་འདྲ། །སྐལ་ལྡན་སྐྱེས་བུ་ཁྲིད་ཚར་གཅིག་ཐོབ་པས། །མཁའ་སྤྱོད་གྲོལ་ཕྱིར་ཉི་ཟླ་གཟའ་སྐར་ལུགས། །དེ་དག་རིམ་པ་མི་འགྱུར་གཟེར་གདབ་ཕྱིར། །ཟབ་མོ་རབ་འབྱེད་དོན་གྱི་ཆིངས་སུ་བསྟན། །ཇི་ལྟར་ཁྲིད་ཚུལ་རབ་ཏུ་རྒྱས་པ་ནི། །རིན་ཆེན་གསེར་ཕྲེང་སྐལ་ལྡན་སྙིང་པོའི་བཅུད། །དབང་ཁྲིད་སྔོན་དུ་ཚོགས་ཆེན་རྫོགས་བྱའི་ཕྱིར། །རིག་པ་ཁྱད་པར་ཅན་གྱི་ཚོགས་བསགས་
(༥༣༢)དང་། །དེ་ལྟར་མ་གསུམ་བུ་ནི་རྣམ་པ་བཞིས། །རིམ་བགྲོད་ཁྲིད་ཀྱི་ཡི་གེ་ཚང་བར་བསྟན། །འདི་དག་ཡང་ཟབ་གནད་དེ་དཀོན་པས་ན། །རིན་ཆེན་ཤོག་འདྲའི་ངོས་ལ་ལེགས་པར་བཏབ། །དབང་ཁྲིད་དག་གི་རྒྱབ་ཆོས་བསྟན་པ་ནི། །སྟོང་པ་ཁྲེགས་ཆོད་ཆོས་སྐུ་ལམ་ཁྱེར་དང་། །སྣང་བ་ཐོད་རྒལ་གཟུགས་སྐུ་ལམ་དུ་བྱེད། །དེ་དག་ཆ་རྐྱེན་ཟབ་དོན་སྣ་ཚོགས་གསུམ། །སོ་སོར་ཕྱེ་ནས་གོ་རིམ་ངེས་པའི་དོན། །དུམ་དང་མ་བུའི་གྲངས་སུ་བསྟན་པ་ལགས། །ཁྲེགས་ཆོད་རྒྱབ་ཡིག་ནམ་མཁའ་སྐོར་གསུམ་ལས། །ནམ་མཁའ་རབ་འབྱམས་ལྟ་བ་བྱ་རྩོལ་མེད། །ནམ་མཁའ་ཀློང་ཡངས་སྒོམ་པ་བློ་ལས་འདས། །ནམ་མཁའ་དྲི་མེད་སྤྱོད་པ་བླང་དོར་མེད། །གདོད་མའི་ངང་དུ་གཉིས་མེད་ལ་བཟླའོ། །ཐོད་རྒལ་རྒྱབ་ཡིག་འོད་གསལ་གནད་བཞི་ལ། །གསེར་གྱི་སྒྲོམ་བུས་གནད་རྣམས་མདོར་དྲིལ་ཞིང་། །རིན་ཆེན་མཛོད་ཀྱིས་དབྱེ་བ་རྒྱས་པར་བཤད། །རྒྱ་མཚོ་སྤྲིན་གྱིས་ཤིན་ཏུ་རྒྱ་ཆེ་བ། །རྣམ་
(༥༣༣)གྲངས་མ་ལུས་ཡོངས་སུ་རྫོགས་པར་བསྟན། །དེ་ཡི་བོགས་འབྱིན་གནད་བསྡུས་གཅེས་པའི་འགག། གསང་སྤྱོད་རྡོ་རྗེ་ལམ་བསྟན་སྟོང་དང་འདྲ། །དེ་ལྟར་ས་བཅད་བསྡུས་དོན་ཉི་མའི་འོད་ཟེར་ཡང་ཡོད། མ་དང་བུ་གཉིས་སྡེ་ཚན་བདུན། །རིན་ཆེན་ཤོག་སྐྱར་བཀོད་ནས་སྣང་བར་བྱས། །དེ་དག་ཀུན་གྱི་སྙིང་པོའི་བཅུད་ཕྱུང་བ། །ཟབ་མོའི་ཡང་ཟབ་མཁའ་འགྲོ་སྙིང་གི་སྙིང་། །སྙིང་ལ་བབས་པས་སྙིང་གི་ཁྲག་ལྟ་བུ། །ཤིན་ཏུ་ཡང་ཟབ་བསྟན་པར་ཕངས་ན་ཡང་། །མཁའ་འགྲོའི་བཀས་གནང་སྐལ་ལྡན་སྙིང་གི་བུ། །ཕྱི་རབས་འགའ་ཙམ་འབྱུང་ཞེས་ལུང་བསྟན་པས། །དེ་ཡི་དོན་ཕྱིར།། །བུའི་གྲངས་བསྟན་པ། །ཤིན་ཏུ་སྤྲོས་པ་མེད་པའི་གང་ཟག་རྣམས། །སྨིན་བྱེད་དབང་དང་གྲོལ་བྱེད་ཁྲིད་བསྟན་པ། །ངེས་དོན་སྙིང་པོ་རབ་གསང་།། །ཡི་གེ་དང་། །རྒྱལ་སྲས་བླ་མའི་དངོས་གྲུབ་ཐོབ་བྱེད་པ། །བྱིན་རླབས་ཐུགས་སྒྲུབ་ཤིན་ཏུ་ཟབ་མོ་དང་། །ཚེ་གཅིག་རིག་འཛིན་ལམ་
(༥༣༤)ལ་གནས་བྱེད་པ། །རིག་འཛིན་མཆོག་སྒྲུབ་རབ་ཏུ་གསང་བ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་མྱུར་བསྒྲུབ་པ། །མཁའ་འགྲོའི་བསྐྱེད་རིམ་ཡིད་བཞིན་ནོར་བུ་དང་། །རླུང་ལས་འོད་གསལ་སྐད་ཅིག་འགྲུབ་བྱེད་པ། །རླུང་སྦྱོར་ཡེ་ཤེས་དྲྭ་བ་དམ་པ་དང་། །ཁམས་ཀྱིས་འཆི་མེད་འོད་གསལ་རབ་རྫོགས་རིམ། རླུང་དྲུག་རྡོ་རྗེའི་ཆིངས་ཡང་ཡོད། འགྲུབ་ཕྱིར། །ཟབ་ལམ་བདེ་ཆེན་རྒྱ་མཚོ་ཞེས་བྱ་དང་། །གསང་བ་ཟབ་མོའི་རྫོགས་རིམ་མངོན་བྱུང་བ། །ཡེ་ཤེས་འོད་གསལ་འཁོར་ལོའི་རིམ་པ་དང་། །གདོད་མའི་དབྱིངས་ཀྱི་རང་བཞིན་བསྟན་པ་ནི། །གཞི་སྣང་ངོ་སྤྲོད་རབ་ཏུ་གསང་བ་དང་། །མངོན་སུམ་སྙིང་པོའི་བཅུད་ཕྱུང་དྲིལ་བ་ནི། །འོད་གསལ་སྦུབས་འཇུག་སྙིང་གི་མན་ངག་དང་། །སྣང་རིག་ཡེ་ཤེས་མངོན་དུ་འབྱིན་བྱེད་པ། །སྒྲོན་མ་བཞི་སྐོར་མིག་ལྟར་གསལ་བ་དང་། །གང་ཡང་ལམ་གྱུར་འོད་གསལ་མདོར་གཅིག་པ། །འཁྲུལ་སྣང་གཞི་གྲོལ་རབ་ཏུ་གཅེས་པ་དང་། །བག་ཆགས་ཉོན་མོངས་མྱུར་དུ་
(༥༣༥)འགོག་བྱེད་པ། །རྨི་ལམ་འོད་གསལ་སྦུབས་འཇུག་གདམས་པ་དང་། །སེམས་ཉིད་གསང་བའི་རང་བཞིན་མངོན་ཕྱུང་བ། །གདོད་མའི་དབྱིངས་སྣ་ངོ་སྤྲོད་གསང་བ་དང་། །གང་དང་མི་འདྲ་གནད་རྣམས་མཐར་ཐུག་པ། །ཟབ་དོན་གནད་ཀྱི་ལྡེ་མིག་གསང་བ་དང་། །མངོན་སུམ་དོན་ལ་ཡིད་ཆེས་མ་ནོར་ལམ། །འོད་གསལ་པྲ་ཁྲིད་རིན་ཆེན་གསལ་བ་དང་། །ཉིན་མཚན་བར་དོའི་གཅེས་པ་ཀུན་དྲིལ་བ། །གསང་ལམ་ངོ་སྤྲོད་སྙིང་པོའི་མཐར་ཐུག་དང་། །ནོར་དང་འཕྱུགས་མེད་གནད་རྣམས་དྲིལ་བའི་འགག། ཟབ་དོན་སྙིང་པོ་མན་ངག་གསང་བ་དང་། །དཔེ་དོན་རྟགས་ཀྱི་ངོ་སྤྲོད་གསལ་བའི་ལམ། །ཀུན་འདུས་རིན་ཆེན་གསང་བའི་ངོ་སྤྲོད་དང་། །ཤིན་ཏུ་ཡང་ཟབ་སྙིང་པོའི་བཅུད་དྲིལ་བ། །བར་དོ་སྦུབས་འཇུག་མན་ངག་སྙིང་པོ་དང་། །ཉམས་ལེན་གནད་ཀྱི་གདམས།། །མཐར་ཐུག་པ། །བར་དོ་གནད་ཀྱི་སྒྲོན་མེ་ཞེས་བྱ་དང་། གནད་གསུམ་སྒྲོན་མེ་ཡང་ཡོད། ཟབ་གཏེར་བབས་ལུགས་ངོ་མཚར་ཡིད་ཆེས་དོན། །
(༥༣༦)མཐོང་སྣང་རིན་ཆེན་འོད་ཀྱི་དྲྭ་བས་བསྟན། །ཕྱི་རབས་དོན་དུ་ཟབ་མོའི་སྙིང་གཏམ་ཚུལ། །ཞལ་ཆེམས་དྲི་མེད་འོད་ཀྱིས་ལེགས་པར་གདམས། །དེ་ལྟར་མ་བཅུ་བུ་ནི་བཅུ་བཞི་ཡིས། །མཁའ་འགྲོའི་གདམས་པ་ཤོག་སེར་སྙིང་པོ་ཚང་། །གནད་ཀྱི་།། །ཞལ་ཆེམས་གནད་ཀྱི་མེ་ལོང་དང་མཐར་ཐུག་གཅིག་མ་ཡང་ཡོད། །ཡང་གནད་མཆོག་ཏུ་གསང་བའི་གནད། །ཆེས་གསང་རྨད་དུ་བྱུང་བའི་སྙིང་པོ་འདི། །གང་དང་མི་འདྲ་ཀུན་གྱིས་མི་རྟོགས་པ། །བླ་མ་མཁའ་འགྲོའི་ཐུགས་བཅུད་སྙིང་པོ་འདི། །བདག་གི་སྙིང་སྟེ་རབ་ཏུ་ཕངས་པས་ན། །རིན་ཆེན་ཤོག་སེར་ངོས་ལ་བཀོད་པ་ནི། །བླ་མའི་བཀའ་རྒྱ་མཁའ་འགྲོའི་གཏད་རྒྱ་དང་། །བཀའ་སྲུང་དམ་རྒྱ་བདེན་པའི་སྨོན་ལམ་རྒྱ། །ཟབ་མོའི་གནད་རྒྱ་རྒྱ་ལྔས་རྒྱས་བཏབ་ནས། །སྙིང་དང་འདྲ་བའི་བུ་མཆོག་སྐལ་ཆེ་བ། །བླ་མ་ལ་གུས་ཤེས་རབ་སྙིང་བརྩེར་ལྡན། །སྒྲུབ་ལ་བརྩོན་ཞིང་དམ་ཚིག་གཙང་བ་དང་། །ཚེ་འདི་བློས་བཏང་མཁའ་འགྲོའི་མཚན་རྟགས་ཅན། །རང་དང་འདྲ་བ་
(༥༣༧)གཅིག་ནས་གཅིག་བརྒྱུད་བྱ། །མང་པོར་མི་སྤེལ་དེས་ཀྱང་གཅིག་ལ་བརྒྱུད། །དེ་ཡང་ལོ་གསུམ་བར་དུ་བརྟགས་ནས་སྦྱིན། །བླ་མ་མཁའ་འགྲོས་ལུང་བསྟན་མ་བྱུང་ན། །རྫོགས་པར་མི་སྦྱིན་སྙིང་ལ་ས་མཱ་ཡ། །གནད་རེས་ཀྱང་ནི་ཚེ་གཅིག་གྲོལ་བའི་ཆོས། །རིན་ཆེན་ཤོག་སེར་ཁོ་བོའི་སྙིང་གི་སྙིང་། །ཕྱི་རབས་སྐལ་ལྡན་དམ་པས་གཅེས་པར་ཟུང་། །འདི་འདྲའི་གདམས་པ་ཡང་གསང་སྙིང་པོའི་དོན། །ལོ་གསུམ་ཉམས་བླངས་འོད་ལུས་འགྲུབ་བདེ་པ། །འཛམ་བུའི་གླིང་ན་དཀོན་པའི་རིན་པོ་ཆེ། །མཁའ་འགྲོའི་གསང་ཚིག་དམ་པ་ཡིན་པས་ན། །གཅིག་པུར་ཉམས་ལོངས་སྒྲུབ་པ་མཐའ་རུ་སྐྱོལ། །རང་འཚེངས་གཞན་འཚེངས་ཐམས་ཅད་རྫོགས་སངས་རྒྱས། །དེ་ཕྱིར་སྙིང་བས་གཅེས་པར་འདི་ཟུང་ལ། །ཡང་མཛོད་དམར་པོའི་ནང་དུ་རྒྱས་ཐོབ་ཅིག རིགས་ལྔའི་གསང་སྒྲུབ་པདྨ་སྟོང་ལྡན་ལ། །ཕྱི་ནང་གསང་བ་ཡང་གསང་རྣམ་བཞིས་ཚང་། །དེ་ཡིས་གཙོ་བོར་རང་བཞིན་སྤྲུལ་སྐུ་འགྲུབ། །
(༥༣༨)རིགས་ལྔའི་བཅུད་ལེན་བདུད་རྩིའི་ཐིགས་པ་ལ། །སྙིང་པོ་ལྔ་དང་གཅེས་པའི་གནད་ལྔ་སྟེ། །ཡང་ཟབ་ཆིག་དྲིལ་ལེགས་པར་བསྟན་པ་ནི། །ས་ཡི་བཅུད་ལེན་བདུད་རྩི་ཡང་ཞུན་དང་། །ཆུ་ཡི་བཅུད་ལེན་བདེ་ཆེན་རྒྱ་མཚོ་དང་། །མེ་ཡི་བཅུད་ལེན་བདེ་དྲོད་རང་འབར་དང་། །རླུང་གི་བཅུད་ལེན་དཔག་བསམ་ལྗོན་ཤེང་དང་། །ནམ་མཁའི་བཅུད་ལེན་ཡེ་ཤེས་གསང་འཁོར་ཏེ། །མཆོག་དང་ཐུན་མོང་དངོས་གྲུབ་མྱུར་དུ་འགྲུབ། །གེགས་སེལ་ནད་འདོན་བདུད་རྩི་སྤྲིན་ཕུང་ལ། །འཁོར་ལོ་ལྔ་ཡིས་ཕྱི་ནང་བར་ཆད་སེལ། །འཆི་བ་བརྟགས་བསླུ་ཉི་ཟླ་གཟའ་བྲལ་ལ། །དུམ་བུ་གཉིས་ཀྱིས་རྣལ་འབྱོར་དོན་ཆེན་འགྲུབ། །བཏགས་གྲོལ་མན་ངག་རིན་ཆེན་སྙིང་པོ་ཡིས། །དེ་ཉིད་དོན་ཤེས་རང་གཞན་ཕན་པ་འགྲུབ། །བཅུ་དྲུག་ཕྲན་བུ་མ་བཞི་སྡེ་ཚན་ལྔར། །རིན་ཆེན་ཤོག་འདྲའི་ངོས་ལ་བཀོད་པ་ཡིན། །དེ་དག་རྣམས་ཀྱི་ཆ་རྐྱེན་ཡན་ལག་ཏུ། །རྒྱུད་གཞན་དག་ལ་ལྟོས་པ་མེད་པའི་ཕྱིར། །གཞན་དོན་ཕྲིན་ལས་སྒྲུབ་པའི་རིམ་པ་ཡང་། །སྲེག་སྦྱོང་ཆོ་ག་འོད་ཀྱི་སྙེ་མ་
(༥༣༩)ཡིས། །ཚེ་འདས་སྐུ་གདུང་ཇི་ལྟར་བཞུ་བ་བསྟན། །གཞན་ཕན་འོད་ཀྱི་འཁོར་ལོ་བཟང་པོ་ཡིས། །བར་དོའི་འགྲོ་བ་རྣམས་ལ་ཕན་གདགས་བཤད། །དེ་ཡི་གནད་ཡིག་ཕྱག་རྒྱ་བཞི་མཆོད་ཀྱིས། །ལག་ལེན་གནད་ཡིག་མ་ཚང་ཁ་སྐོང་བསྟན། །མཆོད་རྟེན་རབ་གནས་རིན་ཆེན་དྲྭ་བ་ཡིས། །ཚྭ་ཚྭའི་སྒོ་ནས་ཚོགས་བསག་སྒྲིབ་སྦྱོང་བསྟན། །རབ་གནས་ཆོ་ག་ཡེ་ཤེས་དྲི་མེད་ཀྱིས། །སྐུ་གསུང་ཐུགས་རྟེན་རབ་ཏུ་གནས་པ་བཤད། །མཐོང་སྣང་གསེར་གྱི་དྲྭ་བ་མིག་ལྟ་བུས། །ཉམས་རྟོགས་གནད་དང་ཆོས་ཀྱི་བབས་ཚུལ་ལ། །ངོ་མཚར་ཡིད་ཆེས་རྨད་བྱུང་བསྐྱེད་པ་བསྟན། །དེ་ལྟར་མ་གསུམ་བུ་གསུམ་སྡེ་ཚན་དྲུག། རིན་ཆེན་དཀར་ཤོག་བཟང་པོའི་ངོས་ལ་མནན། །ཕྱི་རབས་སྐལ་ལྡན་དམ་པའི་རིགས་ཅན་རྣམས། །རང་གཞན་དོན་དུ་སྤྱོད་ཅིག་ས་མ་ཡ། །དེ་ལྟར་ཟབ་ཆོས་སྙིང་པོའི་བསྟན་པ་འདི། །མི་ནུབ་བསྲུང་ཕྱིར་དྲག་སྔགས་མཚོན་ཆ་ཡང་། །བཀའ་སྲུང་སྒྲུབ་སྡེ་སོ་སོའི་རྒྱུད་གཞུང་ལས། །ཡང་
(༥༤༠)ཟབ་གནད་རྣམས་བཏུས་ཏེ་བསྟན་པ་ནི། །སློབ་དཔོན་གསང་ཡུམ་རྡོ་རྗེ་གཡུ་སྒྲོན་མས། །རྣལ་འབྱོར་བསམ་པ་ཡིད་བཞིན་བསྒྲུབ་པས་ན། །དེ་ཡི་སྒྲུབ་ཐབས་ཟླ་བ་འདོད་འཇོ་ལ། །ཕྱི་ནང་གསང་གསུམ་མཆོག་ཏུ་ཟབ་པའི་གནད། །ཡིད་བཞིན་ནོར་བུའི་རྒྱལ་པོ་འདྲ་བ་བཤད། །འཇིག་རྟེན་ཁམས་ན་རྫུ་འཕྲུལ་མཐུ་རྩལ་ཅན། །ཀུན་གྱི་མཆོག་གྱུར་དྲང་སྲོང་ཆེན་པོ་སྟེ། །སྙིང་ཉེ་བཀྲ་ཤིས་དངོས་སུ་མཐུ་རྩལ་འབྱུང་། །དེ་ཕྱིར་དེ་འདྲ་ཀུན་ལས་འཕགས་པས་ན། །སློབ་དཔོན་ཆེན་པོའི་བཀའ་བསྲུང་གཙོ་བོ་ཡིན། །དེ་ཡི་གསང་སྒྲུབ་དུག་གི་སྤུ་གྲི་བསྟན། །ཁྱད་པར་གཟའ་བདུད་ཁྱབ་འཇུག་མིག་དམར་ནི། །སྔོན་བྱུང་སློབ་དཔོན་མཆེད་ཡིན་དྲག་རྩལ་ཅན། །སྣང་སྲིད་སིལ་བུར་གཏོར་བའི་མཐུ་མངའ་བ། །ཆོས་འདིའི་བཀའ་སྲུང་གཉེན་པོ་གསང་བ་སྟེ། །དེ་ཡི་སྒྲུབ་ཐབས་མེ་རླུང་འཁྱིལ་བ་བསྟན། །ཀུན་དང་མི་འདྲ་གསང་བའི་མ་མོ་ནི། །ཀུན་ཏུ་བཟང་མོའི་ཐུགས་ཀྱི་སྤྲུལ་པ་སྟེ། །ཨེ་ཀ་ཙ་ཏི་ཁྲོས་པའི་རྣམ་འཕྲུལ་མཆོག། སྲོག་
(༥༤༡)།སྒྲུབ་ནག་མོ་ཤན་པ་མི་བསྲུན་མ། །ཆོས་འདིས་ཕྱིར་ན་ལུས་དང་གྲིབ་མ་བཞིན། །འབྲལ་བ་མེད་པ་རྒྱུན་དུ་བསྲུངས་པས་ན། །ཀུན་བཟང་མཁའ་འགྲོ་མ་མོ་ཉིད་སྤྲུལ་ནས། །ཟབ་ཆོས་སྐྱོང་མཛད་གཏེར་སྲུང་མངའ་གསོལ་བ། །སློབ་དཔོན་ཆེན་པོས་བཀའ་བསྒོས་བཞག་པའི་ཕྱིར། །མཆོག་ཏུ་གཉན་ཞིང་སྒྲུབ་པ་པོ་ལ་བརྩེ། །དེ་ཕྱིར་དེ་ཡི་སྒྲུབ་ཐབས་གསང་བ་ནི། །འདུག་མདའ་ནག་པོ་ཞེས་བྱ་རབ་ཏུ་བཀོད། །འདི་དག་རྣམས་ནི་འཇིགས་པའི་གནམ་ལྕགས་འདྲ། །དམ་ཚིག་ལྡན་ལ་སྒྲུབ་ཐག་ཤིན་ཏུ་ཉེ། །ཆོས་འདིའི་ཡི་གེ་གང་ཡོད་འདི་གནས་པས། །མ་སྒྲུབས་ཀྱང་ནི་རྟག་ཏུ་སྲུང་སྐྱོབ་བྱེད། །དེ་ཕྱིར་མཆོད་གཏོར་རྒྱུན་དུ་བྱ་བ་གཅེས། །ཁྱད་པར་དུས་གཉན་བསྐང་གསོ་མཆོད་པར་བྱ། །ཚེ་དང་ནོར་ཕྱུག་སྙན་གྲགས་སྐྱེ་བོ་འདུ། །གེགས་རྣམས་མེད་ཅིང་བསམ་པ་ཡིད་བཞིན་འགྲུབ། །ཕྲན་གསུམ་བུ་སྟེ་མ་བཞི་སྡེ་ཚན་བཞི། །རིན་ཆེན་ཤོག་འདྲའི་ངོས་ལ་ལེགས་པར་བཀོད། །དེ་ལྟར་ཡང་ཟབ་ཆོས་
(༥༤༢)ཀྱི་རྣམ་གྲངས་ཀུན། །ཡོངས་སུ་ དྲིལ་བའི་ཆིངས་ཀྱི་གལ་མདོ་ལ། །རིན་ཆེན་དཀར་ཤོག་མ་བུ ་བཅུ་དགུ་ཡང་། །རྩ་བའི་སྡེ་ཆེན་བཅུ་བདུན་དག་ཏུ་བསྡུས། །རིན་ཆེན་ཤོག་འདྲ་མ་བུ་སུམ་ཅུ་ཡང་། །རྩ་བའི་སྡེ་ཚན་བཅུ་དྲུག་དག་ཏུ་བསྡུས། །རིན་ཆེན་ཤོག་སེར་མ་བཅུ་བུ་བཅུ་གསུམ། །སོ་སོར་དབྱེ་ན་ཉི་ཤུ་རྩ་གསུམ་མོ། །ཐེམ་བྱང་གཉིས་དང་བསྡོམ་པས་བདུན་ཅུ་གསུམ། །མཁའ་འགྲོ་ཡང་ཏིག་གསང་བའི་དེམས་སུ་བསྟན། །ཕྱི་རབས་སྙིང་གི་བུ་གཅིག་མ་གཏོགས་པ། །གཞན་ལ་ཡི་བསྟན་མཁའ་འགྲོའི་བཀའ་རྒྱ་ཡོད། །ཨེ་མ་ཧོ། །རང་བྱུང་སྤྲུལ་སྐུ་པདྨ་འབྱུང་གནས་ཀྱིས། །བོད་ཡུལ་དབུས་སུ་ཟབ་གཏེར་སྤས་པ་ལ། །ལྷོ་རུ་བསྐྱེད་རྫོགས་འདྲིལ་བ་སྡོང་པོའི་སྐོར། །ནུབ་ཏུ་གསལ་བ་མེ་ཏོག་ཁ་བྱེ་འདྲ། །བྱང་དུ་རྒྱས་པ་ཡལ་འདབ་ཆེན་པོ་ལ། །ཤར་དུ་ལེགས་སྨིན་འབྲས་བུ་བཅུད་དུ་དྲིལ། །དབུས་སུ་ཟུག་པ་རྩ་བའི་སྐོར་ལྔ་ལས། །འདི་ནི་མཐར་ཐུག་འབྲས་བུའི་གཏེར་ཁ་སྟེ། །དགོངས་གཏེར་སྙིང་པོ་སྙིང་ཏིག་མངོན་
(༥༤༣)༄༅། །སུམ་ལམ། །ཚེ་གཅིག་འབྲས་བུ་འོང་ལུས་འགྲུབ་པར་བྱེད། །དེ་ཕྱིར་འདི་འདྲའི་ཟབ་གཏེར་གཞན་ན་མེད། །དེང་སང་ཚེ་ལོ་ལྔ་བཅུ་ཁ་རལ་དུས། །སྔ་མའི་ཚེ་ལ་དངས་ལུང་བྲག་ངོས་ནས། །ཆུ་མོ་གླང་ལོར་ཤོག་སེར་སྒོ་ཕྱི་སྟེ། །རྗོད་བྱེད་ཚིག་གི་ཆ་ཙམ་དབང་བར་བྱས། །དེང་སོང་ཐོང་རྒལ་ལོངས་སྐུའི་ཞིང་ཉལ་དུས། །ཤིང་མོ་ཡོས་ལ་མཆིམས་ཕུར་དགོངས་གཏེར་བབས། །བརྗོད་བྱའི་དོན་རྣམས་མ་ལུས་སྙིང་ལ་ཤར། །བླ་མ་མཁའ་འགྲོས་དངོས་སུ་བྱིན་པ་རླབས་པས། །ཚིག་འདོན་འདྲེས་མེད་གསང་བའི་ཡི་གེ་རྣམས། །རྒྱལ་སྲས་བླ་མ་ཉིད་དང་མཚུངས་པས་ན། །ཡི་གེ་འདི་རྣམས་གཅེས་པས་སྙིང་ལ་ཕུར། །དགེ་བ་འདི་ཡིས་མ་ལུས་འགྲོ་བ་ཀུན། །ཚེ་གཅིག་འོད་ལུས་དམ་པ་རབ་གྲུབ་ནས། །ཕྱམ་གཅིག་རང་བཞིན་གདོད་མའི་སར་གྲོལ་ཏེ། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །མཁཱ་འགྲོ་ཡང་ཏིག་གི་ཐེམ་བྱང་དཔག་བསམ་ལྗོན་ཤིང་བཞེས་བྱ་བ། །རང་བྱང་པདྨས་དངོས་སུ་བྱིན་གྱིས་
(༥༤༤)བརླབས་པའི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས། །གངས་རི་ཐོད་དཀར་གྱི་མགུལ་དུ་བཀོད་པ་རྫོགས་སོ། །ཐེམ་བྱང་གཉིས་ལས། འདི་ནི་མཐར་ཐུག་གི་བུ་ལ་སྦྱིན་པའོ། །དེའང་སྣོད་ཕལ་པ་ལ་དང་པོ་ཡོད་པ་བཞིན་ཤོགས་སེར་རྣམས་ལས་སྡེ་ཚན་བདུན་མ་གཏོགས་པ། ཐམས་ཅད་ཡོངས་སུ་རྫོགས་པར་མི་སྦྱིན་རེ་བཀཱ་རྒྱ་ཡོད། །རབ་མཆོག་སྙིང་གི་བུ་གཅིག་ལ་འདི་ན་ཡོད་པ་ཐམས་ཅད། །ཐེམ་བྱང་འདི་རྫོགས་པར་སྦྱིན། ཡི་གེ་འདིའི་ནང་ན་ཡོང་པའི་ཆོས་སྐོར་རྣམས་ལ་འདྲ་མིན་དང་བཅོས་བསླད་བྱེད་པ་བྱུང་ན། །དམ་ཚིག་གི་ཆད་པས་དམྱལ་བར་ལྟུང་ཞིང། །བཀའ་བསྲུངས་ཀྱིས་སྲོག་དང་ཕྲོལ་ཅིག །ཛཱ་རཱ་ཧུ་ལ། གནོད་སྦྱིན་དམར་ནག །རྡོ་རྗེ་གཡུ་སྒྲོན། སྲོག་སྒྲུབ་ནག་མོ་རྣམས་ལ་གཏད་པས། ཐུབ་པར་སུངས་ཤིགས་མ་ཡ།། །།བཀྲ་ཤིས། དགེའོ།།
(༥༤༡)སྒྲུབ་ནག་མོ་ཤན་པ་མི་བསྲུན་མ། །ཆོས་འདིས་ཕྱིར་ན་ལུས་དང་གྲིབ་མ་བཞིན། །འབྲལ་བ་མེད་པ་རྒྱུན་དུ་བསྲུངས་པས་ན། །ཀུན་བཟང་མཁའ་འགྲོ་མ་མོ་ཉིད་སྤྲུལ་ནས། །ཟབ་ཆོས་སྐྱོང་མཛད་གཏེར་སྲུང་མངའ་གསོལ་བ། །སློབ་དཔོན་ཆེན་པོས་བཀའ་བསྒོས་བཞག་པའི་ཕྱིར། །མཆོག་ཏུ་གཉན་ཞིང་སྒྲུབ་པ་པོ་ལ་བརྩེ། །དེ་ཕྱིར་དེ་ཡི་སྒྲུབ་ཐབས་གསང་བ་ནི། །དུག་མདའ་ནག་པོ་ཞེས་བྱ་རབ་ཏུ་བཀོད། །འདི་དག་རྣམས་ནི་འཇིགས་པའི་གནམ་ལྕགས་འདྲ། །དམ་ཚིག་ལྡན་ལ་སྒྲུབ་ཐག་ཤིན་ཏུ་ཉེ། །ཆོས་འདིའི་ཡི་གེ་གང་ཡོད་འདི་གནས་པས། །མ་བསྒྲུབས་ཀྱང་ནི་རྟག་ཏུ་སྲུང་སྐྱོབ་བྱེད། །དེ་ཕྱིར་མཆོད་གཏོར་རྒྱུན་དུ་བྱ་བ་གཅེས། །ཁྱད་པར་དུས་གཉན་བསྐང་གསོ་མཆོད་པར་བྱ། །ཚེ་དང་ནོར་ཕྱུག་སྙན་གྲགས་སྐྱེ་བོ་འདུ། །གེགས་རྣམས་མེད་ཅིང་བསམ་པ་ཡིད་བཞིན་འགྲུབ། །ཕྲན་གསུམ་བུ་སྟེ་མ་བཞི་སྡེ་ཚན་བཞི། །རིན་ཆེན་ཤོག་འདྲའི་ངོས་ལ་ལེགས་པར་བཀོད། །དེ་ལྟར་ཡང་ཟབ་ཆོས་
(༥༤༢)ཀྱི་རྣམ་གྲངས་ཀུན། །ཡོངས་སུ་ དྲིལ་བའི་ཆིངས་ཀྱི་གལ་མདོ་ལ། །རིན་ཆེན་དཀར་ཤོག་མ་བུ ་བཅུ་དགུ་ཡང་། །རྩ་བའི་སྡེ་ཆེན་བཅུ་བདུན་དག་ཏུ་བསྡུས། །རིན་ཆེན་ཤོག་འདྲ་མ་བུ་སུམ་ཅུ་ཡང་། །རྩ་བའི་སྡེ་ཚན་བཅུ་དྲུག་དག་ཏུ་བསྡུས། །རིན་ཆེན་ཤོག་སེར་མ་བཅུ་བུ་བཅུ་གསུམ། །སོ་སོར་དབྱེ་ན་ཉི་ཤུ་རྩ་གསུམ་མོ། །ཐེམ་བྱང་གཉིས་དང་བསྡོམ་པས་བདུན་ཅུ་གསུམ། །མཁའ་འགྲོ་ཡང་ཏིག་གསང་བའི་དེབས་སུ་བསྟན། །ཕྱི་རབས་སྙིང་གི་བུ་གཅིག་མ་གཏོགས་པ། །གཞན་ལ་ཡི་།།།བསྟན་མཁའ་འགྲོའི་བཀའ་རྒྱ་ཡོད། །ཨེ་མ་ཧོ། །རང་བྱུང་སྤྲུལ་སྐུ་པདྨ་འབྱུང་གནས་ཀྱིས། །བོད་ཡུལ་དབུས་སུ་ཟབ་གཏེར་སྦས་པ་ལ། །ལྷོ་རུ་བསྐྱེད་རྫོགས་འདྲིལ་བ་སྡོང་པོའི་སྐོར། །ནུབ་ཏུ་གསལ་བ་མེ་ཏོག་ཁ་བྱེ་འདྲ། །བྱང་དུ་རྒྱས་པ་ཡལ་འདབ་ཆེན་པོ་ལ། །ཤར་དུ་ལེགས་སྨིན་འབྲས་བུ་བཅུད་དུ་དྲིལ། །དབུས་སུ་ཟུག་པ་རྩ་བའི་སྐོར་ལྔ་ལས། །འདི་ནི་མཐར་ཐུག་འབྲས་བུའི་གཏེར་ཁ་སྟེ། །དགོངས་གཏེར་སྙིང་པོ་སྙིང་ཏིག་མངོན་
(༥༤༣)སུམ་ལམ། །ཚེ་གཅིག་འབྲས་བུ་འོང་ལུས་འགྲུབ་པར་བྱེད། །དེ་ཕྱིར་འདི་འདྲའི་ཟབ་གཏེར་གཞན་ན་མེད། །དེང་སང་ཚེ་ལོ་ལྔ་བཅུ་ཁ་རལ་དུས། །སྔ་མའི་ཚེ་ལ་དངས་ལུང་བྲག་ངོས་ནས། །ཆུ་མོ་གླང་ལོར་ཤོག་སེར་སྒོ་ཕྱེ་སྟེ། །རྗོད་བྱེད་ཚིག་གི་ཆ་ཙམ་དབང་བར་བྱས། །དེང་སོང་ཐོད་རྒལ་ལོངས་སྐུའི་ཞིང་ཉུལ་དུས། །ཤིང་མོ་ཡོས་ལ་མཆིམས་ཕུར་དགོངས་གཏེར་བབས། །བརྗོད་བྱའི་དོན་རྣམས་མ་ལུས་སྙིང་ལ་ཤར། །བླ་མ་མཁའ་འགྲོས་དངོས་སུ་བྱིན་བརླབས་པས། །ཚིག་དོན་འདྲེས་མེད་གསང་བའི་ཡི་གེ་རྣམས། །རྒྱལ་སྲས་བླ་མ་ཉིད་དང་མཚུངས་པས་ན། །ཡི་གེ་འདི་རྣམས་གཅེས་པས་སྙིང་ལ་ཕུར། །དགེ་བ་འདི་ཡིས་མ་ལུས་འགྲོ་བ་ཀུན། །ཚེ་གཅིག་འོད་ལུས་དམ་པ་རབ་འགྲུབ་ནས། །ཕྱམ་གཅིག་རང་བཞིན་གདོད་མའི་སར་གྲོལ་ཏེ། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །མཁའ་འགྲོ་ཡང་ཏིག་གི་ཐེམ་བྱང་དཔག་བསམ་ལྗོན་ཤིང་ཞེས་བྱ་བ། རང་བྱང་པདྨས་དངོས་སུ་བྱིན་གྱིས་
(༥༤༤)བརླབས་པའི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས། གངས་རི་ཐོད་དཀར་གྱི་མགུལ་དུ་བཀོད་པ་རྫོགས་སོ། །ཐེམ་བྱང་གཉིས་ལས། །འདི་ནི་མཐར་ཐུག་གི་བུ་ལ་སྦྱིན་པའོ། །དེའང་སྣོད་ཕལ་པ་ལ་དང་པོ་ན་ཡོད་པ་བཞིན་ཤོག་སེར་རྣམས་ལས་སྡེ་ཚན་བདུན་མ་གཏོགས་པ། ཐམས་ཅད་ཡོངས་སུ་རྫོགས་པར་མི་སྦྱིན་ཏེ་བཀའ་རྒྱ་ཡོད། །རབ་མཆོག་སྙིང་གི་བུ་གཅིག་ལ་འདི་ན་ཡོད་པ་ཐམས་ཅད། ཐེམ་བྱང་འདི་རྫོགས་པར་སྦྱིན། ཡི་གེ་འདིའི་ནང་ན་ཡོད་པའི་ཆོས་སྐོར་རྣམས་ལ་འདྲ་མིན་དང་བཅོས་བསླད་བྱེད་པ་བྱུང་ན། དམ་ཚིག་གི་ཆད་པས་དམྱལ་བར་ལྟུང་ཞིང་། བཀའ་བསྲུངས་ཀྱིས་སྲོག་དང་ཕྲོལ་ཅིག །གཟའ་རཱ་ཧུ་ལ། གནོད་སྦྱིན་དམར་ནག །རྡོ་རྗེ་གཡུ་སྒྲོན། སྲོག་སྒྲུབ་ནག་མོ་རྣམས་ལ་གཏད་པས། ཐུབ་པར་སྲུང་ཤིག་ས་མ་ཡ།། །།བཀྲ་ཤིས། དགེའོ། །དགེའོ། །དགེའོ།། །།