Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།

4 occurrences of གཡོན་རུ་
[Clear Hits]


  
  
  
  
  
  
  
  
  
  
 
གཤིན་པོ་འདྲེར་འོང་བ་མི་འོང་བའི་ཤོག་དྲིལ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 
  
  
  


4 occurrences of གཡོན་རུ་
[Clear Hits]

 
previousགཤིན་པོ་འདྲེར་འོང་བ་མི་འོང་བའི་ཤོག་དྲིལ།next

གཤིན་པོ་འདྲེར་འོང་བ་མི་འོང་བའི་ཤོག་དྲིལ།


RTZ042_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་པོ་འདྲེར་འོང་བ་མི་འོང་བའི་ཤོག་དྲིལ་བཞུགས་སོ། །ན་མོ་གུ་རུ། གཤིན་པོ་འདྲེ་རུ་ཡོང་བ་མི་འོང་བའི་ཐབས་ནི། སཱཙྪ་དཀར་པོ་གཅིག་བཏབ་སྟེ། སྐྱབས་འགྲོ་སེམས་བསྐྱེད་བྱས་ལ། མདུན་དུ་ཏྲཱཾ་ལས་རིན་པོ་ཆེའི་མཆོད་སྡོང་གཅིག་བསམ། དེའི་རྩེར་སྐད་ཅིག་གིས་གུ་ རུ་པདྨ་ཆུ་དར་སྔོན་པོ་དང་ཤ་ཡི་ཡིབ་ཞུ་མནབས་པ། ཕྱག་གཡས་གཡོན next hit་གཉིས་ཐོད་པ་ལྕང་ལོ་གཉིས་ཁ་སྤྲད་པའི་བར་དུ་སྡིག་ཅན་འཐག་པར་བསམ། དེ་ལ་མཆོད་པ་ལྔ་དབུལ། གཏོར་མ་དམར་པོ་བྱིན་གྱིས་བརླབས་ཏེ་བསྔོས་ལ། བསྟོད་པ་བྱ། དེ་ནས་སྔགས་བཟླ་བ་ནི། ཨོཾ་གུ་རུ་པདྨ་སིདྡྷི་ཧཱུྃ་ཞེས་བརྒྱ་རྩ་བཟླ། དེ་ནས་གཤིན་པོའི་ལིང་ག་ལ་མིང་རུས་བྲིས་ལ། དགུག་གཞུག་བྱས་ལ་སཱཙྪའི་ནང་དུ་གཞུག །དེ་ནས་བདག་བྱིན་རླབས་ལ་སཱཙྪ་གདབ་པ་ནི། སྔགས་བཟླས་ཤིང་གུ་རུ་ཀྲོང་ཀྲོང་བསམ། རབ་གནས་བྱ། སྒྲུབ་པ་བཀའ་བརྒྱད་ཀྱི་སྲུང་མ་ལ་གཏོར་མ་དབུལ། བཀྲ་ཤིས་བྱ། སྨོན་ལམ་གདབ། བསོད་ནམས་ཤིན་ཏུ་ཆེའོ། །རྟ་པོད་ལས་སོ།། །།


previousགཤིན་པོ་འདྲེར་འོང་བ་མི་འོང་བའི་ཤོག་དྲིལ།next