སྒྲོལ་མ་རྣལ་འབྱོར་མའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ཡེ་ཤེས་འབར་བ།
སྒྲོལ་མ་རྣལ་འབྱོར་མའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ཡེ་ཤེས་འབར་བ་བཞུགས།
ཨོཾ་སྭཱ་སྟི། ན་མོ་གུ་ར་ཝེ། ཐུགས་རྗེ་ཆེན་པོས་འཇིགས་པ་ཀུན་ལས་སྐྱོབ། །གང་གིས་དྲན་པ་ཙམ་ལའང་དངོས་གྲུབ་མཆོག །སྩོལ་མཛད་འཕགས་མ་སྒྲོལ་མའི་ཞབས་པད་ལ། །ཕྱག་འཚལ་ནས་ནི་དེ་ཡི་སྒྲུབ་ཐབས་བཤད། །ཡིད་དུ་འོང་བའི་ས་ཕྱོགས་སུ། །བདེ་བའི་སྟན་ལ་འདུག་ནས་ནི། །སྐྱབས་འགྲོ་སེམས་བསྐྱེད་སྔོན་འགྲོ་བས། །མདུན་དུ་མཎྜལ་ལེགས་པར་བཅའ། །དང་པོར་མཎྜལ་མཆོད་པ། དུང་ཆོས་གཉིས་རྣམས་འདུས་བྱས་ཏེ། ཐུན་མོང་སྤྱིའི་མཎྜལ་གྱི་ཆོ་ག་བྱ་སྟེ། ཡོ་བྱད་སྤྱི་ལ་དམིགས་ནས། ཨོཾ་ཨཱཿབིགྷྣཱན་ཏ་ཀྲྀ་ཏ་ཧཱུཾ་ཧཱུཾ། ལན་བདུན། དུང་ཆོས་ལ་དམིགས་ནས། ཨོཾ་ཨཱཿབཛྲེ་ཏྐེ་ཧཱུཾ་སྭཱཧཱ། ལན་གསུམ། ཨོཾ་ཧྲཱིཿསྭཱཧཱ། ཁ་བཀྲུ། ཨོཾ་ཁཿསྭཱཧཱ། གདོང་བཀྲུ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་བ། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་ཨཱཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ་སྭཱཧཱ། ལུས་ཐམས་ཅད་བཀྲུའོ། །ཨོཾ་ཨཱཿཧཱུཾ། ཨོཾ་ཏིཥྛ་བཛྲ་ཨཱ་ས་ནི་ཧཱུཾ། གདན་ལ་རེག ཨོཾ་སརྦྦ་པཱ་པ་ན།
བ་ན་ཡེ་ཧཱུཾ་ཕཊ། སྣ་གཡོན་ནས་བུས། ཨོཾ་མ་ཎི་དྷ་རི་བཛྲཱི་ཎི་མཧཱ་པྲ་ཏི་སཱ་རེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ་རཀྵ་རཀྵ་མཱཾ། སརྦ་བིགྷྣ་བྷྱཿ ཨོཾ་ཨཱཿབཛྲོ་ད་ཀེ་ཧཱུཾ་སྭཱཧཱ། ལན་གསུམ་མཎྜལ་ཆུས་བྱུགས། ཨོཾ་བཛྲ་གོ་མ་ཡེ་སྭཱཧཱ། ལན་གསུམ་བྱུག་ཚུལ་བྱ། ན་མོ་བྷ་ག་བ་ཏེ་པུཥྤེ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ་ཨ་ར་ཧ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུཥྤེ་པུཥྤེ་མཧཱ་པུཥྤེ་སུ་པུཥྤེ་པུཥྤོདྦྷ་ཝེ་པུཥྤེ་སཾ་བྷ་ཝེ་པུཥྤེ་ཀིརྞྞེ་སྭཱཧཱ། མེ་ཏོག་ལ་རེག ཨོཾ་བཛྲ་སཏྭཱ་སརྦྦ་བིགྷྣཱ་ནུ་ཏ་སཱ་ར་ཡ་ཧཱུཾ་ཕཊ། མཎྜལ་ལག་པས་མནན། ཨོཾ་བཛྲ་རེ་ཁེ་སུ་རེ་ཁེ་ཧཱུཾ། མཐའ་སྐོར་རོ། །བ་ཡི་གཅི་བ་ཆུར་བཅས་སྦྱིན་པ་སྟེ། །ཡང་དག་བྱི་དོར་བྱས་པ་ཚུལ་ཁྲིམས་ཡིན། །སྲོག་ཆགས་ལེགས་པར་བསལ་བ་བཟོད་པ་དང༌། །བྱ་བ་ཉེ་བར་གནས་པ་བརྩོན་འགྲུས་སོ། །སེམས་རྩེ་གཅིག་དེའི་སྐད་ཅིག་བསམ་གཏན་ནོ། །རི་མོ་ལེགས་པར་འབར་བ་ཤེས་རབ་ཉིད། །ཐུབ་པའི་མཎྜལ་ལེགས་པར་བྱས་ན་ནི། །
ཕ་རོལ་ཕྱིན་དྲུག་དེ་རྣམས་ཐོབ་པར་འགྱུར། །འདིར་ནི་ལུས་ཀྱི་ལས་བྱས་ན། ཁ་དོག་གསེར་ལྟར་འགྱུར་བ་དང༌། །ནད་རྣམས་ཀུན་ལས་རྣམ་པར་གྲོལ། །ལྷ་དང་མི་ལས་ཆེར་ལྷག་ཅིང༌། །ཟླ་བ་འདྲ་བའི་གཟི་བརྗིད་འབར། །ནོར་དང་གསེར་ནི་ཕུན་སུམ་ཚོགས། །རྒྱལ་པོའི་རིགས་དང་སངས་རྒྱས་པ། །མཆོག་གི་ཁྱིམ་དུ་སྐྱེ་བ་ཉིད། །ཨོཾ་སུ་རེ་ཁེ་བཛྲ་ལེ་ཁ་ཨ་དྷྲི་ཏིཥྛནྟུ་སརྦ་ཏ་ཐཱ་ག་ཏ་ཨ་དྷི་ཏིཥྛནྟུ་སྭཱཧཱ། ཨོཾ་ཝཿསྭཱཧཱ། ཨོཾ་ཙནྡྲཱརྐྐ་བི་མ་ལེ་སྭཱཧཱ། ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་ས་ཏྭེ་ནོ་པ་ཏིཥྛ་ཌྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦྦ་ཀརྨྨ་སུ་ཙ་མེ། ཙིཏྟཾ་ཤྲཱི་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ བྷ་ག་བཱ་ན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲི་བྷ་བ་མཧཱ་ས་མ་ཡ་སཏྭ་ཨཿ བཛྲ་ལ་ཁེ་ཨདྷི་ཏིཥྛནྟུ། ཨོཾ་ཧཾ་སུ་མེ་རུ་མ་དྷྱམ་ན་མཿ དབུས་སུ་རིའི་རྒྱལ་པོ་རི་རབ། ཡཾ་བི་དེ་ཧ་དྭི་པ་ཡ་ན་མཿ ཤར་ལུས་འཕགས་པོ། རཾ་ཛམྦུ་དྭི་པ་ཡ་ན་མཿ ལྷོ་ཛམྦུ་གླིང༌། ལཱཾ་ཨ་པ་ར་གོ་ད་ནཱི་དཱི་པ་ཡ་ན་མཿ ནུབ་བ་གླང་སྤྱོད། ཝཾ་ཀུ་རུ་དྭི་བ་ཡ་ན་མཿ བྱང་སྒྲ་མི་སྙན། ཡ་ཨུ་པ་དྭི་པ་ཡ་ན་མཿ ཡཱ་ཨུ་པ་དྭི་པ་ཡ་ན་མཿ ཤར་དུ་ལུས་དང་ལུས་འཕགས། ར་ཨུ་པ་དྭི་པ་ཡ་ན་མཿ རཱ་ཨུ་པ་དྭི་པ་ཡ་ན་མཿ ལྷོར་རྔ་ཡབ་དང་རྔ་ཡབ་གཞན། ལ་ཨུ་པ༴ ལཱ་ཨུ་པ༴ ནུབ་ཏུ་གཡོ་ལྡན་དང་ལམ་མཆོག་འགྲོ། ཝ་ཨུ་པ༴ ཝཱ་ཨུ་པ༴ བྱང་དུ་སྒྲ་མི་སྙན་དང༌།
སྒྲ་མི་སྙན་གྱི་ཟླ། ཡཱ་གླང་པོ་རིན་པོ་ཆེ་ན་མཿ རཱ་ཁྱིམ་བདག་རིན་པོ་ཆེ་ན་མཿ ལཱ་རྟ་མཆོག་རིན་པོ་ཆེ་ན་མཿ ཝཱ་བུད་མེད་རིན་པོ་ཆེ་ན་མཿ ཡཿརལ་གྲི་རིན་པོ་ཆེ་ན་མཿ རཿནོར་བུ་རིན་པོ་ཆེ་ན་མཿ ལཿའཁོར་ལོ་རིན་པོ་ཆེ་ན་མཿ ཝཱཿགཏེར་ཆེན་རིན་པོ་ཆེ་ན་མཿ ཨོཾ་ཨཾ་ཟླ་བ། ཨོཾ་ཨ་ཉི་མ༌། ཨོཾ་ཨོཾ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཞིང་དང་འབྱོར་པ་མ་ཚང་བ་མེད་པ་ཀུན་ཏུ་བཟང་པོས་བྱས་པའི་མཆོད་པའི་སྤྲིན་རབ་འབྱམས་ཀྱི་ངོ་བོ་ཉིད་ན་མ རིན་ཆེན་སྣ་ཚོགས་རང་བཞིན་ཉིད། །རི་རབ་ལྕོག་བརྒྱད་ཉེ་བར་མཛེས། །གླིང་བཞི་གླིང་ཕྲན་ལྡན་པ་འདི། །འབུལ་གྱིས་ཡང་དག་བཞེས་སུ་གསོལ། །ཨོཾ་བཛྲ་ཨཱ་ཙརྱ་བུདྡྷ་བོ་དྷི་ས་ཏྭེ་བྷྱཿ བཛྲ་ཀྲོ་དྷ་རཱ་ཛེ་བྷྱཿ བཛྲ་ས་མཱ་ཛཿ བཛྲ་ཀ་མ་ལ་བྷྱཿ ཏིཥྛནྟུ་ཨཱ་ས་ནཾ། ཛཿཧཱུཾ་བཾ་ཧོཿ ཨོཾ་གུ་རུ་བཛྲ་དྷ་ར་ཧཱུཾ། ཨོཾ་ཨཱཿཨ་མོ་གྷ་སིདྡྷི་ཧཱུཾ། ཨོཾ་ཨཱཿཨཀྵོ་བྷྱཿཧཱུཾ། ཨོཾ་ཨཱཿརཏྣ་སམྦྷ་བ་ཧཱུཾ། ཨོཾ་ཨཱཿཨ་མྲྀ་ཏ་བྷ་བ་ཧཱུཾ། ཨོཾ་ཨཱཿབཻ་རོ་ཙ་ན་ཧཱུཾ། ཨོཾ་ཨཱ་ས་མ་ཡ་ཏཱ་ར་ཧཱུཾ། ཨོཾ་ཨཱཿབུདྡྷ་ལོ་ཙ་ན་ཧཱུཾ། ཨོཾ་ཨཱཿམཱ་མ་ཀི་ཧཱུཾ། ཨོཾ་ཨཱཿབཎྜ་རཱ་ཧཱུཾ། ཨོཾ་ཨཱཿབཛྲ་དྷ་ཏྭཱི་ཤྭ་རི་ཧཱུཾ། ཨོཾ་ཨཱཿཡ་མཱནྟ་ཀྲྀཏ་ཧཱུཾ་ཧཱུཾ། ཨོཾ་ཨཱཿཔྲ་ཛྙནྟ་ཀྲི་ཏ་ཧཱུཾ་ཧཱུཾ། ཨོཾ་ཨཱཿཔདྨནྟ་ཀྲི་ཏ་ཧཱུཾ་ཧཱུཾ། ཨོཾ་བ་གྷིནྟ་ཀྲྀཏ་ཧཱུཾ་ཧཱུཾ། ཨོཾ་ཨཱཿ ཧཱུཾ་ཁཾ་ཧྲཱིཿསྐཾ་སཾ་ཛཿཧཱུཾ་བཾ་ཧོཿཁཾ་རཾ་ཧཱུཾ།
ཨོཾ་བཛྲ་སཏྭ་ཧཱུཾ། ཨོཾ་ཨཱཿདཔལ་ལྡན་རྡོ་རྗེ་བླ་མ་དམ་པའི་ཞབས་ཀྱི་པདྨ་ཡང་དག་པའི་ཡེ་ཤེས་གསལ་བར་བྱེད་པ་དེ་ལ་ཕྱག་འཚལ་ལོ། །ཧཱུཾ་ཁྱོད་ལ་ཕྱག་འཚལ་ཁྱོད་ལ་ཕྱག་འཚལ་ལོ། ཁྱེད་ལ་ཕྱག་འཚལ་ཁྱེད་ལ་ཕྱག་འཚལ་འདུད། །བདག་ནི་གུས་པས་ཁྱེད་ལ་ཕྱག་འཚལ་གྱི། །བླ་མ་མགོན་པོས་བདག་ལ་ཐུགས་རྗེས་གཟུང༌། །བྱིས་པ་རྨོངས་པ་དག་གིས་ནི། །གང་ཡང་རང་བཞིན་སྡིག་པ་དང༌། །བཅས་པའི་ཁ་ན་མ་ཐོ་ཉིད། །སྡིག་པ་ཅུང་ཟད་གང་བསགས་པ། །མགོན་པོའི་སྤྱན་སྔར་གནས་བཅས་ཏེ། །ཐལ་སྦྱར་སྡུག་བསྔལ་འཇིགས་སེམས་ཀྱིས། །ཡང་དུ་ཡང་དུ་ཕྱག་བྱས་ནས། །ནོངས་པ་དེ་དག་བཤགས་པར་བགྱི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །བླ་མ་སངས་རྒྱས་ལ་ཕྱག་འཚལ། །སྐྱོབ་པའི་ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་རྗེ་ལ་ཕྱག་འཚལ་ལོ། །ཕྱག་འོས་སངས་རྒྱས་ཐམས་ཅད་དང༌། །རྒྱལ་བས་གསུངས་པའི་ཆོས་རྣམས་དང༌། །ཚུལ་ཁྲིམས་བཟང་ལྡན་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཇི་ལྟར་སྔོན་གྱི་འཕགས་པ་དགྲ་བཅོམ་པ་རྣམས་དང༌། ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་སངས་རྒྱས་ཀྱི་ཡེ་ཤེས་དང༌། སྤྱན་གྱིས་མཁྱེན་ཅིང་གཟིགས་པའི་དགེ་བའི་རྩ་བ་མཚན་ཉིད་དང༌། རང་བཞིན་གང་ཡིན་པའི་དགེ་བའི་རྩ་བ་ཐམས་ཅད་བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་དེ་བཞིན་དུ། བདག་གིས་ཀྱང་སྦྱིན་པ་དང་སྒོམ་པ་ལས་བྱུང་བའི་དགེ་བའི་རྩ་བ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ། །འདི་ལ་བདག་གིས་ཉི་མའི་སྣང་བ་དང༌། །མུན་པ་ཇི་ལྟ་དེ་བཞིན་ཉིད་དུ་ནི། །འཇིག་རྟེན་ཀུན་གྱི་སྡུག་བསྔལ་གཞིལ་བ་དང༌། །བདེ་བ་སྤེལ་བ་ཡང་ནི་དུས་མཉམ་གྱུར། །མཐོང་ཐོས་རྗེས་སུ་དྲན་དང་འོང་བ་དང༌། །རེག་དང་གཏམ་གྱི་སྦྱོར་བ་ཉེར་ཐོབ་པ། །རྣམ་པ་ཀུན་གྱི་འགྲོ་ལ་ཕན་བྱེད་དུ། །རྟག་པར་ཕན་དང་བདེ་བ་རྣམས་བགྱིའོ། །ཨོཾ་ཨཱཿབིགྷྣཱན་ཏ་ཀྲྀ་ཏ་ཧཱུཾ། ཨོཾ་ཨཱཿཧཱུཾ། ལན་མང་དུ་བརྗོད། ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜལ་ཨ་དྷི་པ་ཏི་བཛྲ་ཨཱ་ཙརྱ་གུ་རུ་ཙ་ར་ཎཱ་ཡ་བཛྲ་པུཥྤཾ་པྲ་ཏཱྀཙྪ་ན་མཿ ལན་བདུན། ཨོཾ་ཨཱཿཨ་མོ་གྷ་སིདྡྷི་ཧཱུཾ་བཛྲ་པུཥྤཾ་པྲ་ཏཱིཙྪ་ན་མཿ ལན་གསུམ། ཨོཾ་ཨཱཿཨཀྵོ་བྷྱཿཧཱུཾ་བཛྲ་པུཥྤཾ་པྲ་ཏཱིཙྪ་ན་མཿ ལན་གཅིག །དེ་བཞིན་ཏུ་རཏྣ་སཾ་བྷ་བ༴ ཨ་མྲྀ་ཏ་བྷ་བ། བཻ་རོ་ཙ་ན་ཧཱུཾ། ཨོཾ་ཨཱཿས་མ་ཡ་ཏཱ་ར་ཧཱུཏ྄། ཨོཾ་ཨཱཿབུདྡྷ་ལོ་ཙ་ན། མཱ་མ་ཀི །བཎྜ་རཱི༴ བཛྲ་དྷ་ཏྭི་ཤྭ་རི༴ ཡམཱནྟ་ཀྲྀཏ༴ པྲཛྙཱ་ནྟ་ཀྲྀཏ༴ པདྨཱནྟ་ཀྲྀཏ༴ བི་གྷ་ནན་ཏ་ཀྲྀཏ༴ རྣམས་ལའང་སྦྱར། ཨོཾ་ཨཱཿ ཧཱུཾ་ཁཾ་ཧྲཱིཿསྐ་སཾ་བཛྲ་པུཥྤཾ་པྲ་ཏཱིཙྪ་ན་མཿ ཨོཾ་ཨཱཿཛཿཧཱུཾ་བཾ་ཧོཿ ཁཾ་རཾ་བཛྲ་པུཥྤཾ་པྲ་ཏཱིཙྪ་ན་མཿ དེ་བཞིན་དུ། བཛྲ་པུཥྤེའི་གནས་སུ་བཛྲ་དྷུ་པཾ་དང༌། བཛྲ་དཱི་པཾ་དང་ བཛྲ་གནྡྷེ་དང༌།
བཛྲ་ནཻ་ཝི་ཏེ་དང༌། བཛྲ་ཨཀྵ་ཏ། བཛྲ་བ་ས་ན་རྣམས་ལ་ཡང་སྦྱར་རོ། །རོལ་མོའི་སྒྲ་སྣ་ཚོགས་དང་བཅས་ཏེ། གང་གི་བཀའ་དྲིན་འོད་ཀྱིས་གསལ་བྱས་བདག་ཉིད་ཀྱི་སོགས་དང༌། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །ཞེས་སོགས་དེ་ཉིད་ལྔ་པས་བསྟོད། རྒྱས་པར་ན། དཀྱིལ་འཁོར་སྤྱིའི་བསྟོད་པ་ལོགས་སུ་ཡོད་པ་ལྟར་ཡང་བྱ་མོད་ཀྱི། ཆོ་གའི་སྔོན་འགྲོ་སོགས་ཀྱི་སྐབས། དེ་ཙམ་གྱིས་ཆོག་གོ །བླ་མ་དང་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་ཐམས་ཅད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་དམ་པ་སྩལ་ཏུ་གསོལ། ཡི་གེ་བརྒྱ་པ་ཚར་གསུམ། གང་ཡང་བདག་བློ་རྨོངས་པ་ཡིས། །ལེགས་སྤྱད་འདི་ལ་ཉེས་བྱས་གང༌། །གང་ཕྱིར་ལུས་ཅན་སྐྱབས་གྱུར་པའི། །མགོན་ཁྱོད་དེ་ཀུན་བཟོད་མཛད་རིགས། །ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཚུལ་ཁྲིམས་ཙནྡན་གྱིས་ལུས་བྱུགས། །བསམ་གཏན་གྱི་ནི་གོས་དག་གྱོན། །བྱང་ཆུབ་ཡན་ལག་མེ་ཏོག་བཀྲམ། །ཇི་ལྟར་བདེ་བར་བཞུགས་སུ་གསོལ། །ཨོཾ་ཨཱཿཧཱུཾ་མུཿགཙྪ་གཙྪ་སྭ་བྷཱ་བ་ནཾ། གང་ཞིག་ཀུན་ཏུ་རྟོག་པ་བཅོམ་པ་ཆོས་ཀྱི་སྐུར་བརྗོད་དང༌། །དཔེ་མེད་བདེ་བའི་ཆ་ཡིས་མཛེས་པ་ལོངས་སྤྱོད་རྫོགས་པའི་སྐུ། །སྲིད་ན་ཕན་པ་མཛད་ཕྱིར་སྤྲུལ་པ་ཡི་ནི་སྐུ་གང་ཡིན། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་དེས་ནི་ཁྱེད་ལ་བདེ་ལེགས་མཛོད། །དེ་དག་ནི་བླ་མ་དང་སངས་རྒྱས་ཀྱི་མཎྜལ་ཏེ་སྔོན་དུ་བྱ་བའོ། །སྒྲུབ་མཆོད་སོགས་ཀྱི་སྐབས་འདི་ངེས་པར་མཛད། བསྙེན་པའི་རྒྱུན་གྱི་ཉམས་ལེན་ལ་མ་འགྲུབ་ཀྱང་མངོན་རྟོགས་ཀྱི་ཆོ་གའི་ཡན་ལག་ཆད་པར་མི་འགྱུར་རོ། །དེ་ནས་སྒྲུབ་ཐབས་དངོས་ལ་འཇུག་སྟེ། རང་
སྐད་ཅིག་གིས་བཅོམ་ལྡན་འདས་མ་སྒྲོལ་མར་གསལ་བའི་སྙིང་གར་ཟླ་བ་ལ་གནས་པའི་ཏཱཾ་ལས་འོད་ཟེར་འཕྲོས་པས། རང་གི་ལུས་ཀྱི་ནང་ཐམས་ཅད་གང༌། སྡིག་སྒྲིབ་ཐམས་ཅད་དགཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་མནྜལ་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་ས་གཞི་ཡངས་ཤིང་རྒྱ་ཆེ་བ་དབུས་སུ་པདྨ་དང་ཉི་མ་དང་ཟླ་བའི་གདན་བརྩེགས་པར་གྱུར། ཨོཾ་པདྨ་ཙནྜ་ཨརྐ་བི་མ་ལེ་སྭཱ་ཧཱ། རང་གི་སྙིང་གའི་འོད་ཀྱིས་སྒྲོལ་མ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས། དབུས་ནས་བརྩམས་ཏེ་ལྷ་རྣམས་ལ་གཡས་སྐོར་གྱིས་མཆོད་པ་ཕུལ་བར་བསམ་ནས། འོག་ནས་འབྱུང་བའི་མཚན་སྔགས་ཀྱི་མཐར། ཨརྒྷཾ་ནས། ཤཔྟའི་བར་སྦྱར་བས་མཆོད། ཨོཾ་ལས་བྱུང་བའི་མེ་ཏོག་འབུལ་བཞིན་དུ། ན་མོ་བྷ་ག་ཝ་ཏེ་པུཥྤེ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྷཱ་ཡ། ཏདྱ་ཐཱ། ཨོཾ་པུཥྤེ་པུཥྤེ་མཧཱ་པུཥྤེ་སུ་པུཥྤེ། པུཥྤ་ཨུདྦྷ་བེ་པུཥྤེ་ཨ་པ་ཀི་ར་ཎེ་སྭཱཧཱ། ཞེས་པ་བཟླ་བར་བྱའོ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །ཞེས་སེམས་བསྐྱེད་ལ། རྗེ་བཙུན་འཕགས་མ་སྒྲོལ་མས་བདག་ལ་དངོས་གྲུབ་མ་ལུས་པ་སྩལ་ཞིང་བྱིན་གྱིས་རླབས་ཏུ་གསོལ། ཞེས་གསོལ་བ་བཏབ་པས། རང་གི་སྤྱི་བོ་ནས་ཞུགས་ཏེ་ཐིམ། ཚད་མེད་བཞི་ཡུན་
རིང་དུ་བསྒོམ། སྙིང་གའི་འོད་ཀྱིས་སྣང་བ་ཐམས་ཅད་འོད་དུ་ཞུ་ནས་བདག་ཉིད་ལ་ཐིམ། བདག་ཉིད་ཀྱང་ཐུགས་ཀའི་ཏཱཾ་ལ་ཐིམ། སྣང་བ་ཙམ་གྱི་རྣམ་ཤེས་ནི། །སེམས་ཙམ་དུ་ནི་རྣམ་པར་བརྟག །ནམ་མཁའ་རྡོ་རྗེར་གནས་སེམས་འདི། །ཆོས་ཅན་མེད་ཅིང་ཆོས་ཉིད་མེད། །ས་བོན་དེ་ཉིད་ཀྱང་འོད་གསལ་གྱི་དབྱིངས་སུ་ཐིམ། ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས། རང་སེམས་སྒྲོལ་མ་སྐྱབས་སྦྱིན་དང་ཨུཏྤལ་འཛིན་པའི་ཕྱག་གཉིས་པའི་རྣམ་པས་ནམ་མཁར་བཞག་ལ་གནས་པར་གྱུར། རང་སེམས་ཀྱི་སྣང་བ་ལས་བྱུང་བའི་ཡཾ་རཾ་ཝཾ་ལཾ་སུཾ་རྣམས་ཡོངས་སུ་གྱུར་པ་ལས་འབྱུང་བཞི་རི་རབ་སྐད་ཅིག་གིས་གྲུབ་པ་ནི། འོག་ཏུ་རླུང་གི་དཀྱིལ་འཁོར་ནག་པོ་དབུས་སུ་ཟླ་གམ་གྱི་རྣམ་པ་བ་དན་གྱིས་མཚན་པ། དེའི ་སྟེང་དུ་མེའི་དཀྱིལ་འཁོར་དམར་པོ་དབུས་སུ་གྲུ་གསུམ་གྱི་རྣམ་པ་འབར་བས་མཚན་པ། དེའི་སྟེང་དུ་ཆུའི་དཀྱིལ་འཁོར་དཀར་པོ་དབུས་སུ་ཟླུམ་པོའི་རྣམ་པ་བུམ་པས་མཚན་པ། དེའི་སྟེང་དུ་སའི་དཀྱིལ་འཁོར་སེར་པོ་དབུས་སུ་གྲུ་བཞིའི་རྣམ་པ་རྡོ་རྗེས་མཚན་པ། ཐམས་ཅད་ཀྱང་དབྱིབས་ཟླུམ་པོ་རང་གི་ཁ་དོག་དང་མཚུངས་པའི་འོད་ཀྱི་འཕྲེང་བས་བསྐོར་བ། དེའི་སྟེང་དུ་རི་རབ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ་བང་རིམ་བཞི་དང་ལྡན་པ། གསེར་གྱི་རི་བདུན་དང་རོལ་པའི་མཚོ་བདུན་དང༌། རྒྱ་མཚོ་ཆེན་པོ་གླིང་བཅུ་གཉིས་དང་བཅས་པ་རྣམས་ཁོར་ཡུག་གི་རི་བོས་ཡོངས་སུ་བསྐོར་བ། རིགས་དྲུག་གི་སེམས་ཅན་རྣམས་ཀྱིས་ཉེ་བར་བརྟེན་པའོ། །རི་
རབ་ཀྱི་རྩེ་མོར་པད་ཉི་ལ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ། ཤར་དཀར། བྱང་སེར། ནུབ་དམར། ལྷོ་སྔོ། ལྟེ་བ་ལྗང་ཁུ་ཧཱུཾ་གིས་མཚན་པ། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། རྡོ་རྗེའི་ས་གཞི། ར་བ་དྲྭ་བ། གུར། བླ་རེ། མེ་རི་འབར་བའི་སྲུང་བའི་འཁོར་ལོར་གྱུར། སླར་ཡང་ཧཱུཾ་གི་འོད་ཀྱིས་བགེགས་བསྐྲད། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝ་ན་བིདྱ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ། ཁྲོ་བོ་བདུད་རྩི་འཁྱིལ་བ་སྐུ་མདོག་ནག་པོ་ལྟེ་བ་མན་ཆད་ཕུར་བུའི་རྣམ་པ་ཅན་ཕུར་བུ་དང་ཐོ་བ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་ནས། བགེགས་ལྷག་མ་རྣམས་ཀྱི་སྤྱི་བོར་ཕུར་བུས་བཏབ། རྐང་མཐིལ་གྱི་བར་དུ་ཕྱུང་སྟེ་བརླག་པར་བྱས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣན་བནྡྷཧཱུཾ་ཕཊ། དེ་དག་གི་རྣམ་པར་ཤེས་པ་ཡི་གེ་ཨའི་རྣམ་པས་གནས་པ་ལ། ཧཱུཾ་ཞེས་ལན་མང་དུ་བཟླས་པས། མ་རུངས་པའི་སེམས་ཐམས་ཅད་དང་བྲལ་བར་བྱས་ནས། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་ར་ཎི་མེ་སྭཱཧཱ། ཞེས་བཟླས་པས་དེའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང༌། བཅོམ་ལྡན་འདས་མི་འཁྲུགས་པའི་ཐུགས་རྒྱུད་བསྐུལ་བས། དེའི་ཐུགས་ཀའི་འོད་ཟེར་གྱིས་དྲངས་ཏེ། མངོན་པར་དགའ་བའི་ཞིང་དུ་སྐྱེས་པར་གྱུར། སྲུང་བའི་འཁོར་ལོའི་ནང་དུ། དངོས་
གྲུབ་འབྱུང་བའི་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བ་སྟེ། ཤིང་བརྒྱད་དང༌། ཕྱོགས་སྐྱོང་བ་བརྒྱད་དང༌། ཞིང་སྐྱོང་བརྒྱད་དང༌། ཆུ་བརྒྱད་དང༌། མེ་བརྒྱད་དང༌། རོ་དང་རོ་ལངས་དང༌། ཤ་ཟ་དང༌། སྲིན་པོ་དང༌། དཔའ་བོ་དང༌། རྣལ་འབྱོར་མ་དང༌། མ་མོ་དང༌། མཁའ་འགྲོ་མ་དང༌། ཤ་རུས་དང༌། བྱ་དང༌། གཅན་ཟན་དང༌། གྲུབ་པ་ཕོ་མོ་དང༌། མཆོད་རྫས་སྣ་ཚོགས་དང༌། དངོས་གྲུབ་ཀྱི་རྫས་དུ་མས་གང་བའོ། །སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་གནས་པའི་ཡི་གེ་བྷྲུཾ་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཅན་ཡོངས་སུ་གྱུར་པ་ལས། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞིས་བརྒྱན་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ནང་གི་ལྷ་སྣམ་ཤར་དཀར། བྱང་སེར། ནུབ་དམར། ལྷོ་སྔོ་བ། དེའི་ནང་དུ་ལས་ཀྱི་སྣམ་བུ་རིམ་པ་ལྔ་སྟེ། དང་པོ་ཞི་བའི་ལས་སྣམ་དཀར་པོ། དེའི་ཕྱི་རོལ་རྒྱས་པའི་ལས་སྣམ་སེར་པོ། དེའི་ཕྱི་རུ་སྣ་ཚོགས་པའི་ལས་སྣམ་ཕྱོགས་རེ་རེར་གཡས་སྐོར་གྱི་རིམ་པས། དཀར་སེར་ལྗང་དམར་སྔོ་བ། དེའི་ཕྱི་རོལ་དུ་དབང་གི་ལས་སྣམ་དམར་པོ། དེའི་ཕྱི་རུ་དྲག་པོའི་ལས་སྣམ་ནག་པོ་སྟེ། གཞལ་ཡས་ཁང་གི་ནང་གི་གནས་གཞན་རྣམས་སུ་མེ་ཏོག་སྣ་ཚོགས་ལ་མངོན་པར་བཀྲམ་ཞིང༌། དྲག་པོའི་ལས་སྣམ་ལ། མཚོན་ཆས་གཏུབས་པའི་མིའི་ཡན་ལག་མངོན་པར་བཀྲམ་པ།
དབུས་སྔོན་པོ་ཨུཏྤལ་དམར་པོ་སིལ་མར་གཏོང་བའི་གཞི་ལ། རྡོ་རྗེའི་མུ་ཁྱུད་ཟླུམ་པོའི་སྟེང་རྡོ་རྗེའི་གདུང་བཞིས་མིག་མང་རིས་སུ་བྲིས་ཤིང༌། ཀ་བ་བརྒྱད་དང་ལྡན་པ། ནང་ལེ་ཚེ་དགུར་གྱུར་པའི་དབུས་དང་སྒོ་བཞིར་སྣ་ཚོགས་པདྨའི་གདན་རྣམས་ཀྱི་སྟེང་དུ། དབུས་སུ་ཟླ་བ། སྒོ་བཞིར་ཉི་མ། དབུས་ཀྱི་གདན་གྱི་སྟེང་དུ་ཨོཾ་དཀར་པོ་ལས་བྱུང་བའི་ཟླ་བ་ཉ་གང་བ་ལ། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ རྣམས་ཀྱིས་མཚན་པའོ། །དེའི་སྟེང་དུ་ཨཱཿདམར་པོ་ལས་བྱུང་བའི་ཉི་མ་འོད་འབར་བ་ལ། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿརྣམས་ཀྱིས་མཚན་པའོ། །ནམ་མཁའི་ལྷ་མོ་ཟླ་བ་ལ་ཐིམ། ཟླ་བའི་དབུས་སུ་ཏཱཾ་ལྗང་སྔོན། དེ་ལས་ཨུཏྤལ་སྔོན་པོར་གྱུར། དེ་ཐམས་ཅད་ལས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་སྒྲོལ་མའི་རྣམ་པར་སྤྱན་དྲངས། ཏཱཾ་ལ་ཐིམ། ཐམས་ཅད་གཅིག་ཏུ་འདྲེས་པ་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་བཅོམ་ལྡན་འདས་མ་ཆེན་མོ་དམ་ཚིག་སྒྲོལ་མ་རྣམ་འབྱོར་མ་ཞལ་གཅིག་ཕྱག་བརྒྱད་མ། སྐུ་མདོག་སྔོ་ཞིང་ཡིད་ཙམ་ལྗང་བ། པདྨ་རཱ་ག་ལྟ་བུའི་འོད་ཟེར་དམར་པོ་འབར་བ། ཕྱག་གཡས་ཀྱི་དང་པོས་མཆོག་སྦྱིན། གཉིས་པ་ན་གྲི་
གུག །གསུམ་པ་ན་ཅང་ཏེའུ། བཞི་པ་ན་མདའ། གཡོན་གྱི་དང་པོས་རབ་ཏུ་རྒྱས་པའི་ཨུཏྤལ་སྔོན་པོའི་སྡོང་བུ་ཐུགས་ཀར་འཛིན་པ། གཉིས་པ་ན་ཀ་པཱ་ལ་ཁྲག་གིས་གང་བ། གསུམ་པ་ན་མདུང་རྩེ་གསུམ། བཞི་པ་ན་མེ་ཏོག་གི་གཞུ་འཛིན་པ། མཆན་ཁུང་གཡོན་དུ་རྡོ་རྗེ་ཁ་ཊཱཾ་ག་བསྒྲེང་པ། སྟག་གི་པགས་པའི་ཤམས་ཐབས་དང༌། རུས་པའི་ཕྱག་རྒྱས་སྐུ་ལ་བརྒྱན་ཅིང༌། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། མགོ་རློན་གྱི་འཕྲེང་བ་དང༌། ཨུཏྤལ་དམར་པོའི་དོ་ཤལ་འཕྱང་བ། དྲག་མོ་ཆེན་མོ། །སྤྱན་གསུམ་དང་ལྡན་ཞིང་མཆེ་བ་ཅུང་ཟད་གཙིགས་པ། ལོ་བཅུ་དྲུག་ལོན་པ་ལྟར་ལང་ཚོ་ལ་བབ་ཅིང༌། དབུ་སྐྲ་ནག་པོ་ཕྱེད་བཅིངས་ཤིང་ཕྱེད་གྲོལ་བ། ཞབས་གཡོན་བསྐུམ་གཡས་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་རོལ་སྟབས་ཀྱིས་བཞུགས་ཤིང༌། ཕྱི་རོལ་ཏུ་མེ་དཔུང་འབར་བའི་འཕྲེང་བ་འཁྲུགས་པའོ། །བཤད་རྒྱུད་ལས་ནི་ཞལ་ལྔ་པ། དབུ་སྐྲ་དམར་སེར་བརྫེས་པ། གཡས་བརྐྱང་གིས་བཞེངས་པར་བཤད་དོ། །རང་གི་ཐུགས་ཀ་ནས་སྭཱཧཱ་དང༌། ཨོཾ་ཡིག་དང༌། ཧོ་ཡིག་དང༌། ཕཊ་ཡིག་དང༌། ཏཱཾ་ལཾ། ཏཾ་མཾ། ཏཱཾ་པཾ། ཏཱཾ་ཧཱུཾ། ཛཿཧཱུཾ་བཾ་ཧོཿ ཞེས་པ་རྣམས་ཕྱིར་སྤྲོས་ཏེ་གདན་ལ་འཁོད་པ་ནི། ལེ་ཚེ་བརྒྱད་ལ། ཤར་དུ་སྭཱ་ཧཱ། ལས་ཞི་བའི་སྒྲོལ་མ་དཀར་མོ་ངང་པ་ལ་ཞོན་ཅིང་ཆུའི་དཀྱིལ་འཁོར་ལ་གནས་པ། གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱ་དང་གཡོན་ཨུཏྤལ་དཀར་པོ་འཛིན་པ་
ཞི་བའི་ཉམས་ཅན་ནོ། །བྱང་དུ་ཨོཾ་ལས་རྒྱས་པའི་སྒྲོལ་མ་སེར་མོ་གླང་པོ་ཆེ་ལ་བཞོན་ཅིང་སའི་དཀྱིལ་འཁོར་ལ་གནས་པ། གཡས་མཆོག་སྦྱིན་གྱི་མཐིལ་ན་བདུད་རྩིས་གང་བའི་བུམ་པ་དང་གཡོན་རིན་པོ་ཆེའི་སྙེ་མ་འཛིན་པ། ཅུང་ཟད་ཤ་ཉམས་རྒྱས་ཤིང་དགྱེས་པའི་ཉམས་ཅན་ནོ། །ནུབ་ཏུ་ཧོ་ལས་དབང་གི་སྒྲོལ་མ་དམར་མོ་རྟ་དམར་པོ་ལ་བཞོན་པ་མེའི་དཀྱིལ་འཁོར་ལ་གནས་པ། གཡས་རྡོ་རྗེ་ལྕགས་ཀྱུ་དང་གཡོན་ཨུཏྤལ་དམར་པོའི་ཞགས་པ་འཛིན་པ་ཆགས་པའི་ཉམས་ཅན་ནོ། །ལྷོར་ཕཊ་ལས་དྲག་པོའི་སྒྲོལ་མ་ནག་མོ་མ་ཧེ་སྔོན་པོ་ལ་བཞོན་ཅིང་རླུང་གི་དཀྱིལ་འཁོར་ལ་གནས་པ། གཡས་རལ་གྲི་དང༌། གཡོན་ཞགས་པ་ནག་པོ་འཛིན་པ་ཁྲོས་པའི་ཉམས་ཅན་ནོ། །ཤར་ལྷོར་ཏཱཾ་ལཾ་ལས་དེ་བཞིན་གཤེགས་པའི་སྒྲོལ་མ་དཀར་མོ། །ལྷོ་ནུབ་ཏུ་ཏཱཾ་མཱཾ་ལས་རིན་ཆེན་སྒྲོལ་མ་སེར་མོ། །ནུབ་བྱང་དུ་ཏཱཾ་པཱཾ་ལས་ཆོས་ཀྱི་སྒྲོལ་མ་དམར་མོ། །བྱང་ཤར་དུ་ཏཱཾ་ཧཱུཾ་ལས་རྡོ་རྗེའི་སྒྲོལ་མ་སྔོན་མོ། །དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་པ། གཡས་ཀྱི་དང་པོས་མཆོག་སྦྱིན། གཉིས་པས་ཌཱ་མ་རུ། གཡོན་གྱི་དང་པོས་རང་རང་གི་སྐུ་མདོག་དང་མཚུངས་པའི་ཨུཏྤལ། གཉིས་པས་མདུང་རྩེ་གསུམ་པ་བསྣམས་པ། ཁྱད་པར་གཞན་ནི་གཙོ་མོ་དང་མཚུངས་པའོ། །ཤར་སྒོར་ཛཿལས་ལྕགས་ཀྱུ་སྒྲོལ་མ་དཀར་
མོ་ལྕགས་ཀྱུ་འཛིན་པ། ལྷོ་སྒོར་ཧཱུཾ་ལས་ཞགས་པ་སྒྲོལ་མ་སེར་མོ་ཞགས་པ་འཛིན་པ། ནུབ་སྒོར་བཾ་ལས་ལྕགས་སྒྲོག་སྒྲོལ་མ་དམར་མོ་ལྕགས་སྒྲོག་འཛིན་པ། བྱང་སྒོར་ཧོཿལས་དྲིལ་བུ་སྒྲོལ་མ་ལྗང་ཁུ་དྲིལ་བུ་འཛིན་པ། ཐམས་ཅད་ཀྱང་ཁྲོ་མོའི་ཉམས་ཅན་སྦོམ་ཞིང་ཐུང་བ། ཕྱག་གཡོན་ཐུགས་ཀར་སྡིགས་འཛུབ་མཛད་པ། སྟག་ལྤགས་དང་མགོ་འཕྲེང་དང་སྦྲུལ་གྱིས་བརྒྱན་ཅིང༌། མེ་དཔུང་འབར་བའི་དབུས་ན་མི་རོའི་གདན་ལ་གཡོན་བརྐྱང་བས་གནས་པའོ། །ད་ནི་ཕོ་ཉ་མོ་རྣམས་སྤྲོ་བར་བྱ་སྟེ། ལས་བཞིའི་སྒྲོལ་མ་རྣམས་ཀྱི་ཐུགས་ཀ་ནས་གཡས་གཡོན་དུ་གཉིས་གཉིས་སྤྲོས་ཏེ་ལས་ཀྱི་སྣམ་བུ་དབུས་མའི་ཕྱོགས་བཞིའི་གཡས་གཡོན་དུ་འཁོད་པ་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྥ་ར་ཎ་ཧཱུཾ་ཕཊ། ལན་བརྒྱད་བརྗོད། མཾ་ཧཱ་ལཾ་ཁ་ཧྲཱིཿཛ་ཕཊ་ཕཊ། ཤར་གྱི་གཡས་ན་རྨོངས་བྱེད་མ། །ལུག་ལ་བཞོན་ཅིང་རྩེ་གསུམ་སྦྲུལ། །གཡོན་ན་དུག་ཀུན་གཞིལ་མཛད་པ། །མཁའ་ལྡིང་ལ་བཞོན་བུམ་པ་བསྣམས། །གཉིས་ཅར་མདོག་དཀར་ཅུང་ཟད་ཁྲོ། །བྱང་གི་གཡས་ན་རེངས་བྱེད་སེར། །རུས་སྦལ་ལ་བཞོན་ལྕགས་སྒྲོག་འཛིན། །གཡོན་ན་གནོན་བྱེད་ཁམས་སེར་ནི། །རི་རབ་ལ་བཞོན་རི་རབ་འཛིན། །གཉིས་ཀའང་སྟོབས་ལྡན་བླུན་པོའི་གཟུགས། །ནུབ་ཀྱི་གཡས་ན་འགུགས་བྱེད་མ། །ཧ་རི་ཎ་བཞོན་ལྕགས་ཀྱུ་དང༌། །ཞགས་པས་བསྒྲུབ་བྱ་འདྲེན་ཅིང་རྒྱུག །
གཡོན་ན་འདེབས་བྱེད་ཕུར་བུ་འཛིན། །རབ་གཡོ་རླུང་ལ་བཞོན་པའོ། །གཉིས་ཀའང་དམར་ཞིང་ཆགས་པའི་ཉམས། །ལྷོ་ཡི་གཡས་ན་སྐྲོད་བྱེད་མ། །དབྱུག་ཏོ་འཛིན་ཅིང་རྔ་མོང་བཞོན། །གཡོན་ན་འབྱེད་བྱེད་གྲི་ལྕགས་སྒྲོག །ཁྭ་དང་འུག་པའི་གདན་ལ་བཞུགས། །གཉིས་ཀའང་དུད་ཁ་ཤིན་ཏུ་ཁྲོས། །ཡང་འབྱེད་བྱེད་མ་སྲུབ་ཤིང་འཛིན་པ་མ་ཧེ་དང་རྟ་ལ་གནས་པ་བསྒོམ་པའང་ཡོད་དོ། །དེ་ནས་ཕྱག་བརྙན་རྣམས་སྤྲོ་བ་ནི། གཙོ་མོའི་ཐུགས་ཀ་ནས་ཧཱུཾ་ཞེས་སྤྲོས་ཏེ། །ནང་གི་གྲ་བཞིར་འཁོད་པ་ནི། །ཤར་ལྷོར་གཤིན་རྗེ་གཤེད་པོ་ནག །ཞལ་དྲུག་ཕྱག་དྲུག་ཞབས་ཀྱང་དྲུག །གཡས་རྣམས་ཐོ་བ་གཡོན་ཞགས་པ། །ཚངས་དང་ཁྱབ་འཇུག་ཞབས་ཀྱིས་མནན། །ལྷོ་ནུབ་མི་གཡོ་མི་གཡོ་བ། །ནག་པོ་རལ་གྲི་ཐོད་པ་འཛིན། །བརྒྱ་བྱིན་དབང་ལྡན་ཞབས་ཀྱིས་མནན། །ནུབ་བྱང་རྟ་མགྲིན་སྐུ་མདོག་དམར། །ཕྱག་བཞི་དབྱུག་ཏོ་པདྨ་དང༌། །འཁོར་ལོ་དང་ནི་ཞགས་པ་འཛིན། །དབུ་ཡི་སྟེང་དུ་རྟ་མགོ་ལྗང༌། །ཀླུ་དང་ཡི་དྭགས་རྒྱལ་པོ་མནན། །བྱང་ཤར་བདུད་རྩི་འཁྱིལ་བ་ནག།ཕྱག་བཞི་སྣ་ཚོགས་རྡོ་རྗེ་དང༌། །དྲིལ་བུ་ཐོ་བ་ཕུར་བུ་འཛིན། །ལོག་འདྲེན་འདོད་ལྷ་ཞབས་ཀྱིས་མནན། །ཐམས་ཅད་སྟོབས་ཆེན་ཕ་རོལ་གནོན། །སྦོམ་ཐུང་སྤྱན་གསུམ་སྟག་ལྤགས་དཀྲིས། །སྦྲུལ་གྱིས་བརྒྱན་ཅིང་སྐྲ་ཡང་བརྫེས། །
མེ་དཔུང་འབར་ཞིང་སྤྲུལ་པ་དང༌། །ཡང་སྤྲུལ་ཕོ་ཉའི་ཚོགས་ཀྱང་འགྱེད། །ལྷ་དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། གནས་རྣམས་སུ་ཟླ་བའི་གདན་ལ་མིག་ཏུ་ཨོཾ་ཏཱ་རེ་སྭཱཧཱ་དཀར་པོ། རྣ་བར་ཨོཾ་ཏུཏྟཱ་རེ་སྭཱཧཱ་སྔོན་པོ། ལྕེ་ལ་ཨོཾ་ཏུ་སྭཱཧཱ་དམར་པོ། སྙིང་གར་ཨོཾ་རེ་སྭཱཧཱ་སྔོན་པོ། སྤྱི་བོར་ཨོཾ་ཏཱ་རེ་ཎི་སྭཱཧཱ་ལྗང་ཁུ། མིག་ཏུ་ཀྵིཾ་དཀར་པོ་སའི་སྙིང་པོའི་ངོ་བོ། རྣ་བར་ཛྲིཾ་ནག་པོ་ཕྱག་ན་རྡོ་རྗེའི་ངོ་བོ། སྣར་ཁཾ་སེར་པོ་ནམ་མཁའི་སྙིང་པོའི་ངོ་བོ། ལྕེར་གཾ་དམར་པོ་འཇིག་རྟེན་དབང་ཕྱུག་གི་ངོ་བོ། དཔྲལ་བར་སྐཾ་ལྗང་གུ་སྒྲིབ་པ་རྣམས་སེལ་གྱི་ངོ་བོ། ལྟེ་བར་སཾ་སྔོན་པོ་ཀུན་ཏུ་བཟང་པོའི་ངོ་བོ། སྙིང་གའི་དབུས་སུ་དཔལ་དོན་ཡོད་གྲུབ་པ་རྡོ་རྗེ་རྟའི་རྒྱལ་པོ་རབ་ཏུ་ཁྲོས་པ་སྐུ་མདོག་སྔོ་སངས། སྔོ་དཀར་དམར་བའི་ཞལ་སྤྱན་གསུམ་པ། སྟེང་ཞལ་རྟ་གདོང་སྔོན་པོ། ཕྱག་གཡས་པས་སྣ་ཚོགས་རྡོ་རྗེས་མཚན་པའི་རལ་གྲི་དང༌། གཡོན་པས་སྣ་ཚོགས་རྡོ་རྗེས་མཚན་པའི་དྲིལ་བུ་འཛིན་པ། གཡས་ལྷག་མ་རྣམས་ཀྱིས་འབར་བའི་རྡོ་རྗེ། མདའ་དང༌། གཏུན་ཤིང་འཛིན་པ། གཡོན་ལྷག་མ་རྣམས་ཀྱིས་ཐོད་པ། གཞུ་དང༌། དགྲ་སྟ་བསྣམས་པ། སྟག་ལྤགས་དང༌། དར་དང༌། རུས་པ་དང་སྦྲུལ་གྱིས་བརྒྱན་པ། ཞབས་གཉིས་གཡོན་
བརྐྱང་བའི་རོལ་པའི་སྟབས་ཀྱིས། པདྨ་དང་ཉི་མའི་སྟེང་དུ་ལྷ་དང་ལྷ་མིན་ཐམས་ཅད་གནོན་པའི་ཚུལ་གྱིས་བཞུགས་པ། མེ་དཔུང་འབར་བའི་དབུས་ན་རོལ་པའོ། །དེའི་ཐུགས་ཀར་ཟླ་བ་ལ་གནས་པའི་ཨུཏྤལ། དེའི་སྟེང་དུ་ཏཱཾ་ཡིག་ལྗང་སྔོན་འོད་ཟེར་འཕྲོ་བ། དེ་ལས་འཕྲོས་པའི་འོད་ཟེར་ལྕགས་ཀྱུ་ལྟ་བུས་རྗེ་བཙུན་མ་སྒྲོལ་མའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཕཻཾ། ཞེས་བརྗོད་ཅིང་འབར་བའི་ཕྱག་རྒྱ་བཅའ། ཡེ་ཤེས་པ་རང་གི་སྨིན་མཚམས་ནས་ཞུགས་པར་བསམ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་གྷཎྜེ་ཧོཿ ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨ་ཡོ་ག་ཤུདྡྷོ྅ཧཾ། སླར་ཡང་སྙིང་གའི་འོད་ཟེར་གྱིས་དབང་གི་ལྷ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་མདུན་དུ་སྤྱན་དྲངས། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀ་ནས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང༌། སྤྱན་མ་དང༌། མཱ་མ་ཀི་དང༌། གོས་དཀར་མོ་དང༌། སྒྲོལ་མ་རྣམས་བྱུང་སྟེ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །རྡོ་རྗེ་གསང་བ་གསུམ་ལས་བྱུང༌། ཁམས་གསུམ་ཀུན་གྱིས་ཕྱག་
བྱས་པ། །གནས་ཀྱི་དབང་བསྐུར་སྦྱིན་པར་བྱ། །ཨོཾ་ལཾ་མཾ་པཾ་ཏཾ་ཧཱུཾ་ཧཱུཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་ཆུ་དབང་དང༌། ཨོཾ་བྷྲུཾ་ཨཾ་ཛྲིཾ་ཁཾ་ཧཱུཾ་ཧཱུཾ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་ཅོད་པན་དང༌། ཨོཾ་ཧཱུཾ་ཁཾ་ཧཱུཾ། བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་རྡོ་རྗེ་དང༌། ཨོཾ་ཧཱུཾ་ཧཱཾ་ཧཱུཾ་བཛྲ་ཨ་དྷི་པ་ཏཱི་སྟྭཾ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་དྲིལ་བུ་དང༌། ཨོཾ་ཛཿཧཱུཾ་བཾ་ཧོཿ བཛྲ་སཏྭཱ་སྟྭཾ་བཛྲ་ནཱ་མ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་མིང་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷ་ར་ཡ་མི། བཛྲ་སཏྭ་ཧི་ཧི་ཧི་ཧི་ཧཱུཾ། ཞེས་བརྟུལ་ཞུགས་དང༌། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །ཨཱཿསྲིད་པ་ངོ་བོ་ཉིད་ཀྱིས་བདག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་མཆོག །སྲིད་པ་དམ་པ་བྱེད་པར་འགྱུར། །ཡིད་ཀྱི་ལས་སུ་བརྟན་པའི་ཕྱིར། །ཕྱག་རྒྱའི་དམ་ཚིག་རབ་ཏུ་བརྗོད། །གང་གི་ལུས་ནི་ཐམས་ཅད་བརྟན། །དེས་ན་ཕྱག་རྒྱར་རབ་ཏུ་བསྒྲགས། །ཨོཾ་བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུཾ་སུ་ར་ཏ་སྟྭཾ་ཨ་ཧཾ། ཞེས་དེ་ཡན་ཆད་བུམ་དབང་དང༌། དཀྱིལ་འཁོར་གྱི་གཙོ་མོ་བཅོམ་ལྡན་འདས་མ་དང་དཔལ་དོན་ཡོད་གྲུབ་པ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཁར་བྱིན་པར་བསམ། ཨོཾ་ཨཿཧཱུཾ་ཞེས་བརྗོད་པས་གསང་དབང་དང༌། བདག་
ཉིད་ཡབ་ཏུ་གྱུར་པ་ལ་དབང་གི་ལྷ་མོ་དེ་རྣམས་གཅིག་ཏུ་འདུས་པ་དམ་ཚིག་སྒྲོལ་མར་གྱུར་ཏེ། དཀྱིལ་འཁོར་གྱི་གཙོ་བོས་བདག་ཉིད་ལ་ཕྱག་རྒྱར་གཏད། སྙོམས་པར་ཞུགས་པའི་བདེ་བར་བསམ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ར་ག་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཞེས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་སྟེ། དབང་དགུ་ཡང་དག་པར་བླང་བའོ། །དབང་གི་ལྷ་རྣམས་རིགས་ཀྱི་བདག་པོའི་རྣམ་པར་གྱུར་ཏེ། ལྷ་རྣམས་ཀྱི་ཅོད་པན་དུ་བཞུགས་པ་ནི། གཙོ་མོ་ལ་དོན་ཡོད་གྲུབ་པ། འཁོར་ཐམས་ཅད་ལ་གཙོ་མོ་ཉིད་ཀྱིས་དབུ་རྒྱན། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། མཚན་ཉི་ཤུ་རྩ་བརྒྱད་པའམ། མཚན་ངེས་པར་གྲགས་པས་བསྟོད་དེ། དེ་ནས་བཅོམ་ལྡན་འདས་མ་ཆེན་མོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་མཆོག་དམ་ཚིག་སྒྲོལ་མ་ཞེས་བྱ་བ། དེ་བཞིན་གཤེགས་པ་དང༌། རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨ་དང༌། ལས་ཀྱི་རིགས་ཐམས་ཅད་ཀྱི་བདག་པོ། རྒྱུ་བ་དང༌། མི་རྒྱུ་བའི་བྱེད་པ་པོ། བརྟན་པ་དང༌། གཡོ་བའི་རང་བཞིན། གསང་བ་ལས་ཆེས་ཤིན་ཏུ་གསང་བ། གསང་བ་ཆེན་པོའི་དབང་ཕྱུག་མས་བདག་ཉིད་ཀྱི་རྡོ་རྗེའི་མིང་འདི་རྣམས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ༌། །བཅོམ་ལྡན་འདས་མ་སྒྲོལ་མ། རྡོ་རྗེ་མ། དམ་ཚིག་སྒྲོལ་མ། རྡོ་རྗེ་རྣལ་
འབྱོར་མ་ཆེན་མོ། ཡེ་ཤེས་ལྔས་བརྒྱན་པ་མ། སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་མ། ཡེ་ཤེས་དཀྱིལ་འཁོར། ཟླ་བའི་བདེ་མ། ངོ་མཚར་བདེ་མ། སྐུ་དང་གསུང་དང་ཐུགས་ཀྱི་འདོད་མ། ཕུང་པོའི་བདག་མོ། སྐྱེ་མཆེད་ཀྱི་བདག་མོར་གྱུར་པ། རྡོ་རྗེ་ཅོད་པན་ལྔ་དང་ལྡན་པ། འབྱུང་བ་རྣམས་རབ་ཏུ་ཐོབ་པ། ཡུལ་དང་བྲལ་བའི་རང་བཞིན། རྒྱུད་ཀུན་གྱི་དབང་ཕྱུག་མ། ཡེ་ཤེས་རྣམ་པ་ལྔས་བྱང་ཆུབ་པ། རྡུལ་བྲལ་བ། དྲི་མ་མེད་པ། གསང་སྔགས་ཆེན་པོ། ཤིན་ཏུ་ཕྲ་བ། མཚན་དང་དཔེ་བྱད་རྣམས་ཀྱིས་སྤྲས་པ། དག་བྱེད་དག་བྱེད་ཆེན་མོ། ལས་ཐམས་ཅད་གྲུབ་པར་བྱེད་པ། འདོད་པ་ཐམས་ཅད་རབ་ཏུ་སྦྱིན་མ། ཡི་གེ་བཅུའི་སྒྲ་སྒྲོག་པ། སྒྲ་སྒྲོག་དགྱེས་མ། གདུང་མ། མྱུར་བ་མ། རྣམ་པར་གཤེགས་པ་ཡོངས་སུ་དག་པ། སྲ་ཞིང་བདེ་བ་ཡེ་ཤེས་སྙིང་པོ། བདེ་བ་ཆེན་མོའོ། །དེ་སྐད་ཀྱང་བཀའ་སྩལ་ཏོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སྟུ་ཏཱི་ར་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱཾ་གི་མཐར། ཡི་གེ་བཅུ་པས་གཡས་སྐོར་དུ་བསྐོར་བ། དེ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། རྗེ་བཙུན་མ་འཕགས་མ་སྒྲོལ་མའི་གོ་འཕང་ལ་བཀོད། སླར་འདུས་ཏེ་སྙིང་གའི་ས་བོན་སྔགས་འཕྲེང་དང་བཅས་པ་ལ་ཐིམ་པར་བསམ་ཞིང༌།
ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཞེས་པའམ། ཨོཾ་ཏཱ་རེ་ཏུ་རེ་ཏུཏྟཱ་རེ་ཧཱུཾ་ཕཊ། ཅེས་བཟླ་བ་ནི་སྐུའི་བཟླས་པའོ། །ཨོཾ་ཏཱ་རེ་སྭཱཧཱ། ཞེས་པ་ནི་གསུང་གི་བཟླས་པའོ། །ཨོཾ་ཨཱཿཏཱཾ་ཧཱུཾ་ཞེས་པ་ནི་ཐུགས་ཀྱི་བཟླས་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་ཝཱ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དུཥྟ། པྲ་དུཥྟ། མ་མ་ཀྲྀ་ཏེ། ཛཾ་བྷ་ཡ། སྟཾ་བྷ་ཡ། མོ་ཧ་ཡཾ། བནྡྷ་ཡ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། སརྦ་དུཥྟཾ་སྟཾ་བྷ་ནི་ཏཱ་རེ་སྭཱཧཱ། ཞེས་པ་ནི་ལས་ཀྱི་སྔགས་སོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུཾ་ཕཊ། ཨོཾ་ཏཱ་རེ་ཤཱནྟིངྐུ་རུ་སྭཱཧཱ། ཨོཾ་ཏཱ་རེ་པུཥྟིང་ཀུ་རུ་ཨོཾ། ཨོཾ་ཏཱ་རེ་ཝ་ཤ་མ་ནཱ་ཡ་ཧོཿ ཨོཾ་ཏཱ་རེ་ནི་ཝ་རཱ་ཡ་ཕཊ། ཨོཾ་ཏ་ཐཱ་ག་ཏ་ཏཱ་རེ་ལཾ་ཧཱུཾ། ཨོཾ་རཏྣ་ཏཱ་རེ་མཱཾ་ཧཱུཾ། ཨོཾ་པདྨ་ཏཱ་རེ་པཱཾ་ཧཱུཾ། ཨོཾ་བཛྲ་ཏཱ་རེ་ཧཱུཾ་ཧཱུཾ། ཨོཾ་ཨངྐུ་ཤ་ཏྭ་རེ་ཛཿཧཱུཾ། ཨོཾ་པ་ཤ་ཏཱ་རེ་ཧཱུཾ་ཧཱུཾ། ཨོཾ་ཤྭིཾ་ཁ་ལ་ཏཱ་རེ་བཾ་ཧཱུཾ། ཨོཾ་གཎྜེ་ཏཱ་རེ་ཧོཿཧཱུཾ། ཨོཾ་མོ་ཧཱ་ནཱི་ཏཱ་རེ་མཾ་ཧཱུཾ། ཨོཾ་པྲ་ཤ་མ་ནི་ཏཱ་རེ་སྭཱཧཱ་ཧཱུཾ། ཨོཾ་སྟཾ་བྷ་ནི་ཏཱ་རེ་ལཾ་ཧཱུཾ། ཨོཾ་ཛམྦྷ་ནི་ཏཱ་རེ་ཁཾ་ཧཱུཾ། ཨོཾ་ཨཱ་ཀརྵ་ནི་ཏཱ་རེ་ཧྲཿཧཱུཾ། ཨོཾ་ཀཱི་ལ་ཀ་ཏཱ་རེ་ཛཿཧཱུཾ། ཨོཾ་ཨུཏྱ་ཌཱ་ཀ་ཏཱ་རེ་ཕཊ་ཧཱུཾ། ཨོཾ་དྭེ་ཥ་ཀ་ཏཱ་རེ་ཕཊ་ཧཱུཾ། ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊ། ཨོཾ་ཀ་ནི་དྷུ་ནི་ཧཱུཾ་ཕཊ། ཨོཾ་ཧ་ཡ་གྲཱྀ་བ་ཧཱུཾ་ཕཊ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལེ་ཧཱུཾ་ཕཊ། ཅེས་པ་མཚན་སྔགས་ཀྱི་འཕྲེང་བར་གྲགས་པ་རྣམས་
དང༌། ཨོཾ་ཨཱཿཀྲོ་དྷྱེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཕཊ། ཨོཾ་ཨ་ཙ་ལ་ཀཱ་ན་ཙེཊྚ་ཙེཊྚ་མོཊྚ་མོཊྚ་རུཊྚ་རུཊྚ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་ཧཱུཾ་ཕཊ། ཨོཾ་པད་མཱནྟ་ཀྲཱྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱྀ་བ་ཧཱུཾ། ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ན་མ་ས་མནྟ་བུདྡྷེ་བྷྱོ་ན་མོ་མཧཱ་བཛྲེ་ཀྲོ་དྷ་ཡ། མཧཱ་རཾཥྟོཏྐ་ཀ་ཊ་བྷི་ཥ་ན་བྷཻ་ར་བཱ་ཡ། བཛྲ་སན་དོ་ཧ་དརྤཱ་ཡ་ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཕཊ། ཁྲོ་བོ་བཞིའི་རྩ་སྔགས་སུ་གྲགས་པ་རྣམས་ཀྱང་བཟླའོ། །དེ་ནས་རྗེས་ཀྱི་བྱ་བ་ནི། དང་པོ་རྗེས་སུ་བཟུང་བ་ནི། རང་གི་སྙིང་ག་ནས་སྒྲོལ་མ་ཕྱག་གཉིས་མ། མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་དང་ཨུཏྤལ་ཐོགས་པ་བརྒྱད་སྤྲོས་ཏེ། སེམས་ཅན་རྣམས་ཀྱི་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་བསྐྱབས་པར་བསམས་ལ། ཨོཾ་ཨོཾ་སྭཱཧཱ། ཨོཾ་ཏཱ་སྭཱཧཱ། ཨོཾ་རེ་སྭཱཧཱ། ཨོཾ་ཏུཏ་སྭཱཧཱ། ཨོཾ་ཏཱ་སྭཱཧཱ། ཨོཾ་རེ་སྭཱཧཱ། ཨོཾ་ཏུ་སྭཱཧཱ། ཨོཾ་རེ་སྭཱཧཱ། ཞེས་བཟླས་པར་བྱ་སྟེ། འཇིགས་པ་ལས་ཡོངས་སུ་སྐྱོབས་པར་བྱེད་པའི་སྔགས་སོ། །གཉིས་པ་ཚར་བཅད་པ་ནི། ཧཱུཾ་རིང་པོ་ལན་ཉི་ཤུ་རྩ་ལྔ་བརྗོད་པས། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཐུགས་རྗེ་ཆེན་པོས་བསྐུལ་ཏེ་ཤིན་ཏུ་ཆེས་ཁྲོས་ཤིང་འཁྲུགས་པར་བསམ། དེར་ཕོ་ཉ་ཕྱག་བརྙན་བཅུ་གཉིས་པོ་རྣམས་ལས། སྤྲུལ་པའི་ཁྲོ་བོ་ཁྲོ་མོ་མཐའ་ཡས་པ་སྤྲོས་ཏེ། མ་རུངས་པ་གདུག་པ་ཅན་ཐམས་ཅད་ཚར་བཅད། ན་མཿསནྟ་ཀཱ་ཡ་ཝཱཀྩིཏྟ་བཛྲ་ཎཱཾ། ཨོཾ་ཊཀྐི་ཧཱུཾ་ཛཿཞེས་ལན་གསུམ་བརྗོད་པས། ཕོ་ཉ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་དཔག་ཏུ་མེད་
པ་སྤྲོས་ཏེ། བགེགས་ཀྱི་གཙོ་བོ་བདུད་བཞི་ལ་སོགས་པ་དང༌། གནོད་བྱེད་མི་དང་མི་མ་ཡིན་ཐམས་ཅད་བཀུག།ཧཱུཾ་ཞེས་བརྗོད་པས་འབྲུབ་ཁུང་གྲུ་གསུམ་པ་ཟབ་ཅིང་ཡངས་པར་གྱུར། དེའི་ནང་དུ་གནོད་བྱེད་ཐམས་ཅད་ཀྱི་ཡན་ལག་ཞགས་པ་དང་ལྕགས་སྒྲོག་གིས་བསྡམས་ཏེ། ཕཊ་ཀྱི་སྒྲས་མགོན་སྐྱབས་དང་བྲལ་བར་བྱས། ན་མཿས་མནྟ་བུདྡྷེ་བྷྱོཿ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དུཥྟཾ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། སྥ་ར་ཎ་ཕཊ། ཅེས་ཐུགས་ཀ་ནས་ཕུར་བུའི་ལྷ་མོ་དཔག་ཏུ་མེད་པ་སྤྲོས། ཧཱུཾ་གི་སྔགས་ཀྱིས་བྱིན་གྱིས་རླབས་ལ། ན་མཿས་མནྟ་བུདྡྷེ་བྷྱོཿ ན་མོ་མཧཱ་བཛྲ་ཀྲོ་དྷ་ཡ། མཧཱ་དཾཥྟོ་ཏ་ཀ་ཊ་བྷི་ཥ་ཎ་བྷེ་ར་བཱ་ཡ། བཛྲ་སནྡོ་ཧ་དརྤཱ་ཡ། ཨོཾ་ཨ་མྲྀཏ་ཀུཎྜ་ལི་ཧཱུཾ་ཕཊ། སརྦ་དུཥྟཾ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། ཅེས་བདུད་རྩི་འཁྱིལ་བ་ལ་བཀའ་བསྒོས་པས། རང་དང་འདྲ་བའི་བདུད་རྩི་འཁྱིལ་བ་དཔག་ཏུ་མེད་པ་སྤྲོས། གནོད་བྱེད་མི་དང་མི་མ་ཡིན་ཐམས་ཅད་ཀྱི་དཔྲལ་བ་དང་མགྲིན་པ་དང༌། སྙིང་ག་དང་ལྟེ་བ་དང་གསང་བ་དང་ཚིགས་ཆེན་བཅུ་གཉིས་དང་དབང་པོ་ལྔ་ལ་སོགས་པ་རྣམས་སུ་ཕུར་བུས་བཏབ་ཅིང་ཐོ་བས་བརྡུངས་པར་བསམས་ལ། ཨོཾ་གྷ་གྷ། གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྟ་ན་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ། ས་མ་ཡ་དྷ་རཱ་ཨཱཛྙཱ་པ་ཡ་ཏི། སརྦ་བིགྷྣན། ཀཱ་ཡ་ཝ་ཀྩིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཅེས་ལན་གསུམ་བཟླས་ལ། ཨོཾ་
ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་དུཥྟཾ་བནྡྷ་ཧཱུཾ་ཕཊ། ཅེས་དྲག་ཏུ་བཟླ། ཨོཾ་སྟམྦྷ་ཡ་ལཾ། ཞེས་འབྲུབ་ཁུང་གི་ཁ་ལཾ་ལས་བྱུང་བའི་རི་རབ་ཀྱིས་བཅད་པས། བསྐལ་པའི་བར་དུ་གདུག་པའི་སེམས་ཅན་རྣམས་ཐར་པ་མེད་པར་བཅིངས་པར་བསམ། དེ་ནས་དཀྱིལ་འཁོར་གྱི་ལྷ་རྣམས་ལ། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད་ཅིང༌། ལྷ་དང་ལྷ་མིན་ཅོད་པན་སོགས་ཀྱིས་བསྟོད་ནས། ཐམས་ཅད་རང་གི་སྙིང་གར་ཐིམ་པར་གྱུར། བཛྲ་ས་མ་ཡ་ཧཱུཾ། ཞེས་བརྗོད། རྟེན་གྱི་དཀྱིལ་འཁོར་ཡང་རང་གི་ལུས་ལ་ཐིམ། རང་ཉིད་ཀྱང་ཐུགས་ཀའི་ཏཱཾ་ལ་ཐིམ། དེ་ཡང་ཆ་ལྔའི་རིམ་པས་ནཱ་ད་ལ་བསྡུས། དེ་ཡང་སྟོང་པ་ཉིད་དུ་ཐིམ་པར་གྱུར། ཨཱཿཞེས་བརྗོད་ཅིང་རང་བཞིན་མེད་པའི་ཚུལ་ལ་གནས་པར་གྱུར། གཞན་ཡང་གཟུངས་ཀྱི་སྒོ་ཅི་རིགས་པ་བསྒོམ་པར་བྱའོ། །དེ་ལས་ངེས་པར་ལྡང་བ་ན། བདག་ཉིད་བཅོམ་ལྡན་འདས་མའི་སྐུར་གྱུར། ཞེས་ལྷའི་སྐུར་བལྟས་ཏེ་ཐུན་མཚམས་ཀྱི་བྱ་བ་ལ་འཇུག་ཅིང༌། གལ་ཏེ་གཏོར་མ་འབུལ་བར་འདོད་ན། ཤ་ཁྲག་ཆང་དང་བྱི་ཀྱུ་ལ་སོགས་པའི་གཏོར་མ་བྱས་ལ། བསངས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་རཾ་ལས་མེ། ཨོཾ་ཨཱཿཧཱུཾ་ལས་མི་མགོའི་སྒྱེད་པུ་གསུམ། དེ་རྣམས་ཀྱི་སྟེང་དུ་ཨ་ལས་ཀ་པཱ་ལའི་ནང་དུ། དབུས་སུ་ཧཱུཾ་ལས་ཤ་ཆེན་དང་རྐང་མར། ཤར་དུ་ཨོཾ་ལས་བ་གླང་གི་ཤ་དང་དྲི་ཆེན། བྱང་དུ་ཧཱ་ལས་གླང་པོ་ཆེའི་ཤ་དང་དྲི་ཆུ། ནུབ་ཏུ་ཧྲཱིཿལས་རྟའི་ཤ་དང་ཁུ་བ། ལྷོར་ཨཾ་ལས་ཁྱིའི་ཤ་དང་རཀྟ།
དེ་རྣམས་ཀྱི་སྟེང་གི་དབུས་སུ་ཨོཾ་ཡིག དེའི་སྟེང་དུ་ཨཱཿལས་ཟླ་ཕྱེད། ཧཱུཾ་ལས་རྡོ་རྗེ་ཨོཾ་ཞེས་བརྗོད་པས་རྫས་རྣམས་ཞུ་སྟེ་བདུད་རྩི་དཀར་པོར་གྱུར། དྲི་མ་ཐམས་ཅད་ཕྱིར་ལུད་ཨཱཿཞེས་བརྗོད་པས་བདུད་རྩི་དམར་པོར་གྱུར། ཁ་དོག་དང་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་བྱས། ཧཱུཾ་ཞེས་བརྗོད་པས་བདུད་རྩི་ཁ་དོག་སྣ་ཚོགས་པ་ནམ་མཁའ་དང་མཉམ་པར་སྤེལ་ཞིང་སྤྲོས། ཨོཾ་ཡིག་ཟླ་ཕྱེད་རྡོ་རྗེ་དང་བཅས་པའི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཐམས་ཅད་བདུད་རྩིའི་རྣམ་པར་སྤྱན་དྲངས་ཏེ་བདུད་རྩི་ལ་ཐིམ། ཟླ་ཕྱེད་རྡོ་རྗེ་ཨོཾ་ཡིག་དང་བཅས་པ་ཡང་ཞུ་ཞིང་ཐིམ་པས་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཧ་ཧོ་ཧྲཱིཿསྭཱཧཱ་དེ་ནས། ཕཻཾ་གྱི་སྒྲས། བཅོམ་ལྡན་འདས་མ་སྒྲོལ་མའི་དཀྱིལ་འཁོར་འཁོར་དང་བཅས་པ་མདུན་དུ་བཛྲ་ས་མཱ་ཛཿ རྩ་སྔགས་ཀྱི་མཐར། ཨ་ཀཱ་རོ་བཏགས་པའམ། སརྦ་དུཥྟཾ་ས་མ་ཡ་མུ་དྲ་པྲ་བྷཉྫ་ཀ་མ་མ་ཤཱིནྟཾ་རཀྵ་ཙ་ཀུ་རུ་ཀུ་རུ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་བཏགས་པས་གཙོ་མོ་དང༌། ན་མཿས་མནྟ་བུདྡྷ་བོ་དྷི་སཏྭ་ནཱཾ་ཨ་པྲ་ཏི་ཧ་ཏ་ཤྭ་ས་ནཱཾ། ཧེ་ཧེ་བྷ་ག་བ་ཏེ་མཧཱ་སཏྭ་སརྦ་བུདྡྷ་ཨ་བ་ལོ་ཀི་ཏེ་མཱ་བི་ལམྦ་མཱ་བི་ལམྦ་ཨེ་དཾ་བ་ལིང་གྲྀ་ཧྞ་པཱ་ཡ་གྲྀ་ཧྞ་པཱ་ཡ་ཧཱུཾ་ཧཱུཾ་ཧཱུཾ་སརྦ་བི་སཉྩ་རེ་སྭཱཧཱ། ཞེས་ལན་བདུན་གྱིས་དཀྱིལ་འཁོར་པ་ཐམས་ཅད་ལ་ཕུལ་ལ། དུར་ཁྲོད་གནས་པ་རྣམས་ལ། ཨ་བྷི་དྷ་ནའམ། རྣལ་འབྱོར་མ་ཀུན་སྤྱོད་ལས་འབྱུང་བ་ལྟར་མཁའ་འགྲོ་སྤྱི་གཏོར་བྱའོ། །མཆོད་བསྟོད་གསོལ་བཏབ་
ཡན་ལག་བདུན་པ་སོགས་རྗེས་ཀྱི་བྱ་བ་དང་བཅས་པ་རྣམས་བྱའོ། །དེ་དག་ནི་རྣལ་འབྱོར་དང་པོ་འཁོར་དང་བཅས་པའོ། །གཉིས་པ་རྗེས་སུ་རྣལ་འབྱོར་ནི། དྲི་མས་སེམས་ཉིད་མངོན་བསྒོམ་པས། །རྣམ་ཤེས་ཡེ་ཤེས་དག་མི་འགྱུར། །ཐེག་པ་མཆོག་གི་བགྲོད་པའི་གནས། །ཡེ་ཤེས་དབང་མོ་ཉན་པར་འཚལ། །ཉོན་ཅིག་ཇི་བཞིན་རྡོ་རྗེ་ཉོན། །དངོས་པོ་བདེན་བརྫུན་རྣམ་དཔྱད་ན། །བརྫུན་པའི་རྡོ་རྗེ་ཡང་དག་མཐོང༌། །རང་བཞིན་དག་པའི་དེ་ཁོ་ན། །ཨཿཞེས་བྱ་བ་ནི་མ་སྐྱེས་པའི་གཟུངས་ཀྱི་སྒོའོ། ཧཱུཾ་ཞེས་བྱ་བ་ནི་ཡེ་ཤེས་དང་ལྡན་པའི་གཟུངས་ཀྱི་སྒོའོ། ཕཊ་ཅེས་བྱ་བ་ནི་དགས་པར་བྱེད་པའི་གཟུངས་ཡི་སྒོའོ། །ཏྲཱཾ་ཞེས་བྱ་བ་ནི་ཉི་མའི་འོད་ཀྱི་གཟུངས་ཀྱི་སྒོའོ། །ཨ་ཞེས་བྱ་བ་ནི་སྨྲ་བ་ཐམས་ཅད་ཀྱི་གཟུངས་ཀྱི་སྒོའོ། །ཧ་ཞེས་བྱ་བ་ནི་འཆི་བ་མེད་པའི་གཟུངས་ཀྱི་སྒོའོ། །ཧྲཱིཿཞེས་བྱ་བ་ནི་རྗེས་སུ་ཆགས་པའི་གཟུངས་ཀྱི་སྒོའོ། །ཨོཾ་ཞེས་བྱ་བ་ནི་ལུས་འཇིག་པར་བྱེད་པའི་གཟུངས་ཀྱི་སྒོའོ། ཁཾ་ཞེས་བྱ་བ་ནི་ནམ་མཁའ་ལྟ་བུའི་གཟུངས་ཀྱི་སྒོའོ། །ཨཾ་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་གཟུངས་ཀྱི་སྒོའོ། །ཀྵ་ཞེས་བྱ་བ་ནི་རབ་ཏུ་མི་གནས་པའི་གཟུངས་ཀྱི་སྒོའོ། །ཨཱཿཞེས་བྱ་བ་ནི་གཉིས་སུ་མེད་པའི་གཟུངས་ཀྱི་སྒོའོ། །ཡ་ཞེས་བྱ་བ་ནི་རྡོ་རྗེའི་རླུང་སྟེ་གཟུངས་ཀྱི་སྒོའོ། །ར་ཞེས་བྱ་བ་ནི་རྡོ་རྗེའི་མེ་སྟེ་གཟུངས་ཀྱི་སྒོའོ། །ཝ་ཞེས་བྱ་བ་ནི་རྡོ་རྗེའི་ཆུ་སྟེ་གཟུངས་ཀྱི་སྒོའོ། །ལ་ཞེས་
བྱ་བ་ནི་རྡོ་རྗེའི་ས་སྟེ་གཟུངས་ཀྱི་སྒོའོ། །ཏཾ་ཞེས་བྱ་བ་ནི་རྡོ་རྗེའི་སེམས་ཏེ་གཟུངས་ཀྱི་སྒོའོ། །ཨིཾ་ཞེས་བྱ་བ་ནི་རྡོ་རྗེའི་དབང་པོ་རྣམས་ཏེ་གཟུངས་ཀྱི་སྒོའོ། །བི་ཞེས་བྱ་བ་ནི་ནམ་མཁའི་ཁམས་སུ་བྱད་པ་སྟེ་གཟུངས་ཀྱི་སྒོའོ། །ཨཱཿཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་གཟུངས་ཀྱི་སྒོའོ། །རྣམ་ཤེས་ཡེ་ཤེས་རྣལ་འབྱོར་ཏེ། །དེ་དག་རྡོ་རྗེ་རབ་སྦྱོར་བས། །རྣལ་འབྱོར་ལ་ནི་རྣལ་འབྱོར་བསྒོམ། །རྗེས་ཀྱི་རྣལ་འབྱོར་ཞེས་བྱའོ། །ཞེས་གང་གསུངས་པ་དེའོ། །དེས་ན་ལྷའི་རྣལ་འབྱོར་བསྒོམ་པ་དེ་ཡང་གཟུངས་ཀྱི་སྒོ་ལ་སོགས་པ་སྣ་ཚོགས་པས་རྣམ་པར་དཔྱད་ནས། སྤྲོས་པ་མེད་པའི་རྣམ་པ་ཅན་གྱི་སྟོང་པ་ཉིད་ལ་འཇུག་པ་ནི་ལྷའི་རྣལ་འབྱོར་གྱི་རྗེས་སུ་བསྣན་ཅིང་བསྒོམ་པར་བྱ་བ་ཡིན་པས་རྗེས་སུ་རྣལ་འབྱོར་ཞེས་བྱའོ། །གསུམ་པ་ཤིན་ཏུ་རྣལ་འབྱོར་ནི། ཡང་གསུངས་པ། སྤྲེའུ་དང་གློག་ལྟར་མི་གནས་པ། །རབ་ཏུ་གཟུང་བར་དཀའ་བའི་སེམས། །འདོད་པའི་རྡོ་རྗེ་རྣམ་དཔྱད་པ། །ཡེ་ཤེས་དབང་མོ་ཉན་པར་འཚལ། །ཉོན་ཅིག་ཇི་བཞིན་རྡོ་རྗེ་ཉོན། །གསེར་ཁམས་རྡོ་ལ་རྣམ་གནས་པ། །མངོན་པར་ཞི་བ་ཡོད་མ་ཡིན། །སྲེག་དང་དབྱེ་བའི་ཐབས་ཀྱིས་ནི། །ཉི་མ་བཞིན་དུ་རྣམ་པར་གསལ། །ལྕགས་བཞིན་མེ་ལ་རྣམ་བཟོད་ན། །གཞན་དག་ཅི་ཕྱིར་མི་བཟོད་བྱེད། །འདི་ཡི་ཡེ་ཤེས་རྣམ་ཤེས་དག །ཆ་གཉིས་རྣམ་པར་རྟོག་མི་བྱ། །ཆ་གཉིས་ལས་ནི་སྡིག་པ་འབྱུང༌། །
སྡིག་པས་བསོད་ནམས་ཟད་པར་འགྱུར། །སྡུག་བསྔལ་སྡིག་པ་ཞེས་བརྗོད་དེ། །བླ་མེད་བདེ་བ་བསོད་ནམས་སོ། །བདེ་དང་སྡུག་བསྔལ་མཉམ་གྱུར་པ། །བསོད་ནམས་སྡིག་མེད་རྣམ་པར་ཐར། །སྡུག་བསྔལ་གྱིས་ནི་སེམས་གཡེངས་ཏེ། །དགེ་དང་སྡིག་པ་རྣམ་པར་འབྱེད། །བུ་མོའི་ལོངས་སྤྱོད་བདེ་བ་ཡིས། །རྣམ་པར་མི་རྟོག་གཉིས་མེད་འགྲུབ། །རི་བོ་ཉམས་ནི་དགའ་བ་དང༌། །ནགས་ཚལ་དབེན་པའི་ས་ཕྱོགས་སུ། །མིག་བཟང་བརྟན་པའི་བློ་ལྡན་གཟུང༌། །དང་པོར་འདུས་པ་བྱས་ནས་ནི། །རྡོ་རྗེ་ཆོ་གས་རབ་ཏུ་བསྒྲུབ། །དེ་བཞིན་གཤེགས་པའི་བཙུན་མོའི་མཆོག །དམ་ཚིག་ཆེན་མོར་བྱིན་གྱིས་རླབས། ཁྱོགས་དང་བརླ་ཞེས་བྱ་བ་དང༌། །དེ་བཞིན་ཤིན་ཏུ་བརྐྱང་བ་དང༌། ཁབ་དང་གྲུ་མོའི་མཚན་ཉིད་བྱ། །བུང་བ་ལྟ་བུར་ཨི་ཡི་སྒྲ། །ངེས་པར་བློ་དང་ལྡན་པས་བསྐུལ། །སྒེག་འཆོས་སྟབས་ཀྱིས་འཁྱུད་ནས་ནི། །མགོ་བོའི་སྐྲ་བཟུང་ལྐོག་མ་གཟིར། །མ་མཆུས་སྦྲང་རྩི་གཞིབ་པར་བྱ། །ཞེས་སོགས་ནས། འདར་དང་དྲན་པ་ཉམས་པ་དང༌། །སྐྲ་གྲོལ་གཅེར་བུ་གཤེར་བས་ཁྱབ། །མདོག་དམར་རབ་ཏུ་ཕྲ་བའི་མིག །ཡེ་ཤེས་ལྔ་ཡིས་རྣམ་པར་སྤྲུལ། །བུད་མེད་ཤེས་རབ་ཡེ་ཤེས་ཏེ། །དེ་ལས་ཡེ་ཤེས་ལྔ་ཐོབ་འགྱུར། །རྡོ་རྗེ་ཆུ་སྐྱེས་སྦྱོར་ལྡན་པ། །སྐུ་ཡི་རྡོ་རྗེ་བསྙེན་པར་བརྗོད། །རླུང་ནི་མཉམ་པར་གྱུར་པ་དང༌། །སཱིད་ཀྱི་སྒྲ་དང་སྐད་
འགྱུར་བ། །གསུང་ནི་ཉེ་བར་བསྒྲུབ་པའོ། །བསྐྱོད་པ་ལས་ནི་རབ་ཞུ་བ། །ནོར་བུར་བཅུ་དྲུག་ཆ་བབས་ཏེ། །ཡིད་ཀྱི་བདེ་བས་གཉིས་འགགས་པ། །ཐུགས་ཀྱི་དེ་ཉིད་སྒྲུབ་པར་བརྗོད། །གཞུ་ཡི་གཟུགས་ཅན་རབ་སྦྱོར་བས། །དུང་དང་ཀུན་ད་ལྟར་ཐིག་ལེ། །སྡོམ་བརྩོན་བདེ་བས་གཟུང་བར་བྱ། །རང་གིས་རིག་པའི་ཡེ་ཤེས་མཆོག །སྒྲུབ་པ་ཆེན་པོའི་དེ་ཉིད་དེ། །རྣམ་ཤེས་ཡེ་ཤེས་དག་པར་བྱེད། །འདི་ཡིས་རྡོ་རྗེའི་བདག་ཉིད་ཆེ། །སྐུ་གསུམ་མི་ཕྱེད་ལས་བྱུང་བ། །ཡེ་ཤེས་རྒྱ་མཚོ་འགྲུབ་པར་འགྱུར། །ཡེ་ཤེས་ཆེན་པོར་རབ་སྦྱོར་བས། །ཤིན་ཏུ་རྣལ་འབྱོར་མཁས་པས་བསྟོད། །ཅེས་པའི་བར་དུ་རྒྱ་ཆེར་གསུངས་ཏེ། ལྷ་སྐུ་སྣང་སྟོང་ཟབ་གསལ་གཉིས་སུ་མེད་པ་དེ་ཡང་བདེ་བ་ཆེན་པོའི་ངོ་བོར་འཆར་བ་ཞིག་ངེས་པར་དགོས་པའི་ཕྱིར། ཕྱག་རྒྱའི་རྣལ་འབྱོར་གྱི་སྒྲུབ་པ་ནི། སྔ་མ་གཉིས་ཀྱི་སྟེང་དུ་བདེ་བ་ཆེན་པོ་བསྣན་ཏེ་རྣལ་འབྱོར་དུ་བྱེད་པའམ། རྫོགས་པའི་རིམ་པའི་ཡེ་ཤེས་མཆོག་ལ་ཤིན་ཏུ་ཉེ་བའི་ཕྱིར། ཤིན་ཏུ་རྣལ་འབྱོར་ཞེས་བྱའོ། །བཞི་པ་རྣལ་འབྱོར་ཆེན་པོའི་སྒོམ་པའི་རིམ་པ་ནི། རྫོགས་པའི་རིམ་པ་གཙོ་བོར་གྱུར་པ་སྟེ། རྣལ་འབྱོར་ཕྱི་མ་གསུམ་པོ་འདིའི་རྣམ་པར་བཞག་པ་སོགས་གོ་དོན་ནི། སྒྲོལ་མ་འབྱུང་བའི་རྒྱུད་ཉིད་ལས་ཤེས་པར་བྱའོ། །དེ་ལྟར་རྣལ་འབྱོར་བཞིའི་རིམ་པ་ལ་བརྟེན་ཏེ། དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་མཆོག་བཅོམ་ལྡན་འདས་མ་སྒྲོལ་
མ་རྣལ་འབྱོར་མའི་གོ་འཕང་ཐོབ་པར་འགྱུར་རོ། །དེ་ལྟར་སྒྲུབ་ཐབས་བྲིས་པ་ལས། །བསོད་ནམས་རྒྱ་ཆེན་གང་ཐོབ་པ། །དེ་ཡིས་སློབ་དཔོན་མཆོག་དགྱེས་ཤིང༌། །འགྲོ་ཀུན་འཇིགས་ལས་སྒྲོལ་བར་ཤོག །སྔོན་ཆད་ཁ་བ་ཅན་ན་འདི་མེད་དེ། །འཕགས་ཡུལ་བླ་མའི་གསུང་བཞིན་བཀོད་པ་ནི། །བོད་ཡུལ་འགྲོ་ལ་ཆོས་སྦྱིན་དྲི་མེད་དེ། །ཐར་པ་འདོད་རྣམས་རྒྱ་ཆེར་དགའ་བར་མཛོད།། །།ཅེས་སྒྲོལ་མ་རྣལ་འབྱོར་མའི་སྒྲུབ་པའི་ཐབས་ཡེ་ཤེས་འབར་བ་ཞེས་བྱ་བ། མི་ཕྲོགས་པའི་མཁྱེན་བརྩེ་ནུས་གསུམ་གྱི་མངའ་བདག་དམ་པའི་དབང་ཕྱུག་དཔལ་སྟག་ལུང་ཐང་པ། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། རྗེ་བཙུན་དམ་པ་ཀུན་དགའ་བཀྲ་ཤིས་ཀྱི་ཞལ་སྔ་ནས་བཀའ་སྩལ་བ་སྤྱི་བོར་ནོད་དེ། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ཀུན་ལྡན་གྱི་ལོ་ཆུ་སྟོད་ཀྱི་ཟླ་བའི་ཚེས་ཉི་ཤུ་ལ་རྣམ་རྒྱལ་རབ་བརྟན་ཏུ་སྦྱར་བའོ། །སླར་ཡང་ངག་འདོན་བདེ་བར་བཅོས་ཤིང་ཆོ་གའི་ཡན་ལག་ཅུང་ཟད་ཁ་སྐོང་ཀྱང་བྱས་པའོ། །མངྒ་ལཾ། །བི་སྟ་རེ། །ཞུས་དག །གྱུལ་ལོ་བཀོད་པའི་ཞིང་། འཕགས་མ་བཞུགས་པའི་གནས། ང་ཚོ་ཕྱི་མའི་དུས། དེ་རུ་སྐྱེ་སྨོན་འདེབས།