Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།

14 occurrences of འབྲས་མི་
[Clear Hits]


 
རྡོ་རྗེ་རྣལ་འབྱོར་མ་སྒྲུབ་ཅིང་མཆོད་པའི་ཆོ་ག་ངག་འདོན།
  
  
  
 
  
  
  
 
 
  
  
  
 
  
  
 
  
  
  
  
  
 
  
  
 
  
  
 
  
 
  


14 occurrences of འབྲས་མི་
[Clear Hits]

 
no previousརྡོ་རྗེ་རྣལ་འབྱོར་མ་སྒྲུབ་ཅིང་མཆོད་པའི་ཆོ་ག་ངག་འདོན།next

རྡོ་རྗེ་རྣལ་འབྱོར་མ་སྒྲུབ་ཅིང་མཆོད་པའི་ཆོ་ག་ངག་འདོན།


TNT12_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་རྣལ་འབྱོར་མ་སྒྲུབ་ཅིང་མཆོད་པའི་ཆོ་ག་ངག་འདོན་བཞུགས།


TNT12_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དཔལ་ལྡན་རྡོ་རྗེ་ཟླ་བར་རབ་ཆགས་ཀུན་རྟོག་རབ་སྤངས་ཕྱོགས་ཀྱི་གོས་ཅན་མ། །བདེན་གཉིས་ཟུང་འཇུག་མཆོག་ཏུ་སྦྱོར་བས་ཁྲོ་ཞིང་འདོད་ཆགས་ཉམས་བརྒྱའི་རོས་སྒེག་མ། །བདེ་ཆེན་མྱོས་བྱེད་བཟློས་གར་བསྒྱུར་མཁས་ཧེ་རུ་ཀ་དཔལ་དགྱེས་པའི་ནཱ་ཌ་ཀ །བདེ་གཤེགས་ཀུན་ཡུམ་རྣལ་འབྱོར་མ་དཔལ་བཏུད་ནས་དཔལ་མོ་དེ་ཡི་སྒྲུབ་ཐབས་བཤད། །འདི་ཡི་བསྙེན་པ་ཙམ་ལ་ཡང༌། །མན་ངག་གཞན་ལས་རྟོགས་བྱའི་ཕྱིར། །སློབ་མ་རྗེས་འཛིན་དང་འབྲེལ་བའི། །ལག་ལེན་མདོ་ཙམ་བྲི་བར་བྱ། །གནས་དུས་བཟང་པོར་མཎྜལ་ཆོས་འབྱུང་ཉིས་བརྩེགས་རྡུལ་ཚོན་གྱིས་བྲིས་ལ། དེར་མཉྫི་ལ་ཀ་པཱ་ལ་ཆང་ལ་བདུད་རྩི་སྦྱར་བས་བཀང༌། མེ་ལོང་ལ་སིནྡྷཱུ་ར་བཀྲམ། གསེར་གྱི་ཐུར་མས་ཆོས་འབྱུང་སོགས་རང་གི་སྙིང་ཁའི་སྔགས་འཁོར་ལྟར་འབྲི། སྟེང་ནས་དར་དམར་པོས་བཀབ། ནང་གི་གཏོར་མ་གཉིས་དང༌། དཀྱིལ་འཁོར་གྱི་མཆོད་པ་རྣམས་གཡོན་བསྐོར་ཏུ་བཤམས། ཚོགས་ཀྱི་ཡོ་བྱད་དང༌། སྔོན་འགྲོ་གཏོར་མ་དང༌། རོལ་མོ་དང༌། རྡོར་དྲིལ། ཌཱ་མ་རུ། ནང་མཆོད། གོས་ཟུང་སོགས་སྒྲུབ་མཆོད་ཀྱི་ཡོ་བྱད་དང༌།


TNT12_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པ། དུང་ཆོས། གཟུངས་ཐག་ཆུ་གཉིས་ཉེར་སྤྱོད་ལྔ་སྟེ་བུམ་སྒྲུབ་ལ་དགོས་པ་དང༌། མིག་དར། མེ་ཏོག །ཏིང་ལོ། མཎྜལ། འབྲུ་ནས་སོགས་སློབ་མ་ལ་དགོས་པ་རྣམས་ཚང་བར་བྱས་ལ། སྔོན་འགྲོ་གཏོར་མ་ནི། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྣ་པཱ་ཡ། གྲྀཧྣ་པཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝཱན་བཛྲ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ། ཨོཾ་སྭ་བྷ་ཝ་ཤུདྡྷོཿ སརྦ་དྷརྨཱཿ སྭ་བྷ་ཝ་ཤུདྡྷོ྅ཧཾ། ཨོཾ་ཨཱཿ ཧཱུཾ་ཧ་ཧོཿཧྲིཿ ཕཻཾ་བཛྲ་ཨ་རལླི་ཧོ། ཛཿཧཱུཾ་བཾ་ཧོཿབཛྲ་ཌཱ་ཀི་ནི་ས་མ་ཡ་སྟྭཾ། དྲྀ་ཤྱ་ཧོ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ། རཀྵ་ས། བྷཱུ་ཏ་པྲེ་ཏ་པི་ཤ་ཙ། ཨུནྨ་ད། ཨ་པསྨཱ་ར། ཌཱ་ཀ །ཌཱ་ཀི་ནྱཱ་ད་ཡ། ཨི་དཾ་བ་ལིཾ་གྲྀ་ཧྞནྟུ་ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མྨེ། པྲ་ཡཙྪནྟུ། ཡ་ཐཻ་བཾ། ཡ་ཐཻ་ཥྟཾ། བྷུཉྫ་ཐ། པི་ཝ་ཐ། ཛི་གྷྲ་ཐ། མ་ཏི་ཀྲ་མ་ཐ། མ་མ་སརྦ་ཀརྟ་ཡཾ། སཏྶུ་ཁཾ། བི་ཤུདྡྷ། ས་ཧ་ཡི་ཀ་བྷ་ཝནྟུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཌཱ་ཀི་ནི་ཨརྒྷཾ། པ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་


TNT12_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

བི་དྱཻ། ཤཔྟ་ཨཱཿཧཱུཾ། སངས་རྒྱས་མཁའ་འགྲོ། རྡོ་རྗེ་མཁའ་འགྲོ། རིན་ཆེན་མཁའ་འགྲོ། པདྨ་མཁའ་འགྲོ། སྣ་ཚོགས་མཁའ་འགྲོ། ཕོ་ཉ་གནས་ལས་སྐྱེས་པ། རིགས་ལས་སྐྱེས་པ། སྔགས་ལས་སྐྱེས་པ། ལས་ལས་སྐྱེས་པའི་མཁའ་འགྲོ་མ་རྣམས་དང༌། གནས་གསུམ་གྱི་རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །ཨོཾ་ཨཱཿཧཱུཾ། ལྷ་ཡི་ཚོགས་རྣམས་མ་ལུས་དང༌། །ཀླུ་ཡི་ཚོགས་རྣམས་མ་ལུས་དང༌། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང༌། །སྲིན་པོའི་ཚོགས་རྣམས་མ་ལུས་དང༌། །འབྱུང་པོའི་ཚོགས་རྣམས་མ་ལུས་དང༌། །ཡི་དྭགས་ཚོགས་རྣམས་མ་ལུས་དང༌། །ཤ་ཟའི་ཚོགས་རྣམས་མ་ལུས་དང༌། །སྨྱོ་བྱེད་ཚོགས་རྣམས་མ་ལུས་དང༌། །བརྗེད་བྱེད་ཚོགས་རྣམས་མ་ལུས་དང༌། །མཁའ་འགྲོའི་ཚོགས་རྣམས་མ་ལུས་དང༌། །མ་མོའི་ཚོགས་རྣམས་མ་ལུས་དང༌། །མ་ལུས་པ་ནི་ཐམས་ཅད་དག འདིར་གཤེགས་བདག་ལ་དགོངས་སུ་གསོལ། །བསྟན་པ་བསྲུང་དང་འགྲོ་བའི་དོན་མཛད་ཕྱིར། །ཐུགས་དམ་བཅས་ཤིང་ཞལ་གྱིས་འཆེས་པ་རྣམས། །དཔལ་ཆེན་བཀའ་སྡོད་ཡིད་ལྟར་མགྱོགས་པ་ཡི། །འཇིགས་པའི་གཟུགས་ཅན་དྲག་གཏུམ་ མི་བཟད་པ། །གདུག་པ་འདུལ་མཛད་ནག་པོའི་ཕྱོགས་རྣམས་འཇོམས། །རྣལ་འབྱོར་ལས་ལ་འབྲས next hit་བུ་སྟེར་


TNT12_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་ཅིང༌། །མཐུ་སྟོབས་བྱིན་རླབས་བསམ་གྱིས་མི་ཁྱབ་པའི། །གནོད་སྤྱིན་ཚོགས་བསོག་བརྒྱད་ལ་ཕྱག་འཚལ་བསྟོད། །སྡེ་བརྒྱད་བཙུན་མོ་སྲས་དང་གཡོག་བཅས་པས། །དངོས་གྲུབ་ཀུན་གྱི་བཀའ་དྲིན་བདག་ལ་སྩོལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་པ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །སྲུང་མས་རྟག་ཏུ་གྲོགས་མཛོད་ཅིག །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་དང་ཆོས་འཕེལ་དང༌། །དགེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཐུགས་ཀྱི་དགོངས་པ་ཁྱད་པར་ཅན་གོང་ནས་གོང་དུ་ཡོངས་སུ་རྫོགས་པའི་ཕྱིར་དང༌། འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར། རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པ་དང༌། བདག་ཉིད་འཇུག་ཅིང་དབང་བླང་བར་འཚལ་ན། དཀར་པོའི་ཕྱོགས་ལ་མངོན་པར་དགའ་བའི་ཕྱོགས་སྐྱོང་རྣམས་ཀྱིས་ཇི་


TNT12_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་མ་ཕྱིན་གྱི་བར་དུ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་བར་ཆད་བསྲུང་བའི་འཕྲིན་ལས་མཛོད་ཅིག །གང་དག་ནག་ཕྱོགས་ལ་མངོན་པར་དགའ་བའི་འབྱུང་པོ་གདུག་པ་ཅན་གསང་སྤྱོད་ལྟ་བར་མི་དབང་པོ་རྣམས་གཏོར་མའི་ལྷག་མ་འདིས་ཚིམ་པར་གྱིས་ལ་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཞིག །སུམ་བྷ་དྲག་ཏུ་བཟླས་ལ་རོལ་མོའི་སྒྲ་དང་བཅས་ཏེ་གཏོར་མ་ཕྱི་རོལ་དུ་དོར། དེ་ནས་བསྲུང་བ་ནི། རང་སྐད་ཅིག་གིས་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་གནས་རྣམས་སུ། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཨོཾ་བཾ། ཧཾ་ཡོཾ། ཧྲིཾ་མོཾ། ཧྲེཾ་ཧྲིཾ། ཧཱུཾ་ཧཱུཾ། ཕཊ་ཕཊ། ཅེས་བདག་དང་རྣལ་འབྱོར་བསྲུང་བ་དང༌། ཨོཾ་སུམྦྷ་ནས། བཛྲ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ། ཅེས་ལན་གཉིས་བརྗོད། སེ་གོལ་ཕྱོགས་བཅུར་བརྡབ་པ། ཚམས་རྔམ་ལག་ལེན་བཞིན་བྱས་ལ་བསྲུང་འཁོར་དུ་གྱུར་པ་མོས་པར་ནི་གནས་བསྲུང་བའོ། ། ནང་མཆོད་སུམྦྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་དང༌། རཾ་ལས་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་ལས་ཐོད་པ་དཀར་པོ་དུམ་བུ་གསུམ་པ་དཔྲལ་བ་རང་ལ་བསྟན་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔ་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོཿཧྲཱིཿ འདིར་ལག་པ་བྱིན་རླབས་སྔོན་དུ་འགྲོ་བའི་ཕྱི་རོལ་མཆོད་པ་སྤྲོ་ན་བྱས་ཀྱང་ལེགས་མོད། ཆོ་གའི་རིམ་པ་ལ་མི་དགོས་སོ། །དེ་ནས་གནས་དང་ཡོ་བྱད་


TNT12_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་བརླབ་པ་ནི། གོང་བཞིན་བསངས་སྦྱངས། སྟོང་པའི་ངང་ལས། གནས་ཁང་ལྷ་རྫས་ལས་གྲུབ་པའི་གཞལ་མེད་ཁང་དྭངས་ཤིང་ཐོགས་པ་མེད་པའི་དབུས་སུ། ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཨཱཿཧཱུཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ་ཞལ་ཟས་རོལ་མོ་རྣམས་རྒྱུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་ལས་གྱུར་པ་ངོ་བོ་བཟང་ཞིང་རྒྱ་ཆེ་བ་ཡུལ་ནམ་མཁའི་མཐས་ཁྱབ་པ། དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་བླ་མ་དང་དཀྱིལ་འཁོར་ལོའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག །ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། པཱ་དྱཾ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུཾ། ཨོཾ་བཛྲ་གནྡྷེ་ཨཱ་ཧཱུཾ། ཨོཾ་བཛྲ་ནཻ་ཝི་དྱེ་ཨཱཿཧཱུཾ། ཨོཾ་བཛྲ་ཤཔྟ་ཨཱཿཧཱུཾ། ཨོཾ་བཛྲ་སྥ་ར་ཁཾ། ཨོཾ་བཛྲ་གྷནྚེ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཊ་པྲ་ཙ་ལི་ཏེ་པྲཛྙཱ་པཱ་ར་མི་ཏ། ནཱ་ད་སཾ་བྷ་ཝ། བཛྲ་དྷརྨ་ཧྲིཿ་ད་ཡ། སནྟོ་ཥ་ཎི་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་ཨ་ཁཾ་སྭཱཧཱ། དེ་ནས་སྤྲོ་ན་ཞུ་འབུལ་བྱ། སྐྱབས་འགྲོ་ནི། དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །


TNT12_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །དེ་ནས་བདུད་རྩི་མྱངས་ལ། ཨོཾ་ཨཱཿཧཱུཾ་ཞེས་བརྗོད། ཚད་མེད་ནི། སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ནས་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་བྱ། དེའི་ཆེད་དུ་རྡོ་རྗེ་རྣལ་འབྱོར་མ་བསྒོམ་པར་བགྱིའོ། །ལན་གསུམ་བྱ། རང་གི་སྤྱི་བོར་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཡུམ་ལ་འཁྱུད་པ། རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པ། དེའི་པང་ན་ཡུམ་རྡོ་རྗེ་བསྙེམས་མ་སྐུ་མདོག་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། ཕྱག་རྒྱ་ལྔས་བརྒྱན་པ། ཡབ་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོརགྱི་སྟེང་དུ་ཧཱུཾ་དཀར་པོ། དེ་ལས་འོད་ཟེར་འཕྲོས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་པོ་ཡེ་ཤེས་ཀྱི་བདུད་རྩིར་སྤྱན་དྲངས། ཧཱུཾ་ལ་ཐིམ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ །ས་མ་ཡ་མ་ནུ་པཱ་ལ་ཡ། ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ་ཌི་ཌྷོ་མེ་བྷ་ཝ། སུ་ཏྭོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་


TNT12_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡཾ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿབྷ་ག་ཝཱ་ན། བཛྲ་ཧེ་རུ་ཀ་མཱ་མེ་མུཉྩ་ཧེ་རུ་ཀོ་བྷ་ཝ་མཧཱ་ས་མ་ཡ་ས་ཏྭ་ཨཿཧཱུཾ་ཕཊ། བདག་ནི་མི་ཤེས་རྨོངས་པ་སྟེ། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱོབས་མཛད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། དེ་ནས་བླ་མ་བསྒོམ་པ་ནི། རང་གི་མདུན་གྱི་ནམ་མཁའ་རིན་པོ་ཆེའི་ཁྲིའི་སྟེང་དུ། རྩ་བའི་བླ་མ་རྡོ་རྗེ་ཆོས་ཀྱི་རྣམ་པ་ཅན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཌ་མ་རུ་དང་ཁ་ཊྭཱཾ་ག་དང་ཐོད་པ་བསྣམས་པ། རུས་པའི་རྒྱན་དྲུག་གིས་བརྒྱན་པ། རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པ། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་རྡོ་རྗེ་འཆང༌། །ཀུན་གྱི་བྱེད་པོ་བླ་མ་ཡིན༌། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་དང་རྡོ་རྗེ་རྣལ་འབྱོར་མ་གཉིས་སུ་མེད་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། བླ་མ་འོད་དུ་ཞུ་


TNT12_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རང་ལ་ཐིམ། དེ་ནས་བདག་ཉིད་ལྷར་བསྐྱེད་པ་ནི། རང་གི་སྙིང་ཁར་ཨེ་ཨེ་ཡོངས་སུ་གྱུར་པ་ལས། ཆོས་འབྱུང་གྲུ་གསུམ་ཉིས་བརྩེགས་ཀྱི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བཾ་ཡིག་དམར་པོ། དེའི་མཐར་གཡོན་བསྐོར་དུ། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞཱ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱཧཱ། ཞེས་པས་བསྐོར་བ་ལས་འོད་འཕྲོས་པས། རང་གི་ལུས་ཐམས་ཅད་གང་བས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བསྲེག་སྦྱངས། ལུས་ཀྱི་གོང་བུར་གྱུར་པའི་སྐད་ཅིག་ལས། རང་ཉིད་རྡོ་རྗེ་རྣལ་འབྱོར་མ་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་ཞབས་གཡས་བརྐྱང་བས་དུས་མཚན་མ་དམར་མོ་དང༌། གཡོན་བསྐུམ་པས་འཇིགས་བྱེད་ནག་པོ་མནན་པ། སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། ཕྱག་གཡས་པས་རྡོ་རྗེས་མཚན་པའི་གྲི་གུག་གམ་རྡོ་རྗེ་ལ་ཌཱ་མ་རུ་དཔྱངས་པ་ཐུར་དུ་སྡིགས་པ། གཡོན་པས་ཐོད་པ་ཁྲག་གིས་གང་བ་སྟེང་གི་ཕྱོགས་སུ་བཟུང་ནས་གདོང་གྱེན་དུ་ཕྱོགས་པས་གསོལ་བ། མཆན་ཁུང་ངམ་ཕྲག་པ་གཡོན་པར་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག་ལ་དྲིལ་བུ་གཡེར་ཁ་དང་འཕན་ལྕེ་གསུམ་པ་རྣམས་འཕྱང་བཞིན་དུ་བསྣམས་པ། ཁྲོ་ཆགས་འདྲེས་པ། བདེ་བ་རྒྱས་པའི་ཉམས་ཅན་བཞད་ཅིང་མཆེ་བ་གཙིགས་པ། སྒེག་ཅིང་མཛེས་ལ་ནུ་འབུར་རྒྱས་ཤིང་སྐེད་སྐབས་ཕྲ་


TNT12_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

བ། ཀླུ་ཤིང་གི་མེ་ཏོག་སྣ་ལྔས་བརྒྱན་པའི་དབུ་སྐྲ་ནག་པོ་སིལ་བུར་གྲོལ་བ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། གཅེར་བུ་རུས་པའི་རྒྱན་ལྔས་བརྒྱན་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་གནས་རྣམས་སུ། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ལྟེ་བར་ཨོཾ་བཾ་དམར་མོ་རྡོ་རྗེ་ཕག་མོ། སྙིང་ཁར་ཧཾ་ཡོཾ་སྔོན་མོ་གཤིན་རྗེ་མ། ཁར་ཧྲིཾ་མོཾ་དཀར་མོ་རྨོངས་བྱེད་མ། དཔྲལ་བར་ཧྲེཾ་ཧྲིཾ་སེར་མོ་བསྐྱོད་བྱེད་མ། སྤྱི་གཙུག་ཏུ་ཧཱུཾ་ཧཱུཾ་ལྗང་ཁུ་སྐྲག་བྱེད་མ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་དུད་ཁ་ཙཎྜི་ཀའི་རང་བཞིན་ནོ། །དེ་ནས་དཔའ་བོ་དཔའ་མོས་བྱིན་གྱིས་བརླབ་པ་ནི། འབར་བའི་ཕྱག་རྒྱ་བསྐོར་ལ། ཕཻཾ། རང་གི་སྙིང་ཁའི་བཾ་ལས་འོད་འཕྲོས་པས། འོག་མིན་ནས་རྡོ་རྗེ་རྣལ་འབྱོར་མ་ལ་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་རྣལ་འབྱོར་མའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་ཐིམ། ཨོཾ་ཡོ་ག་ཤུདྡྷཿསརྦ་དྡྷརྨཱཿསརྦ་དྷརྨཱཿཡོ་ག་ཤུདྡྷོ྅་ཧཾ། དེ་ནས་འགྲོ་བ་དག་པ་ནི། སྙིང་ཁའི་ས་བོན་སྔགས་འཕྲེང་དང་བཅས་པ་ལས་འོད་འཕྲོས། བ་སྤུའི་བུ་ག་ནས་བྱུང༌། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར། ཡང་འོད་འཕྲོས། དེ་རྣམས་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་རྣལ་འབྱོར་མ་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མར་གྱུར་པ་མཉེས་པ་བྱས། འོད་


TNT12_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་ཚུར་འདུས་རང་ལ་ཐིམ་པར་བསམ། དེ་ནས་དང་པོར་ངག་བཟླས་དང༌། ཕྱི་ནས་ཡིད་བཟླས་བྱ་སྟེ། སྙིང་ཁའི་སྔགས་འཁོར་རམ་གསང་བའམ་ལྟེ་བར་བསྒོམས་ནས་བཟླས་པ་བྱའོ། །མཐར་བསམ་མི་ཁྱབ་ནི། སྙིང་ཁའི་སྔགས་འཕྲེང་ལས་འོད་འཕྲོས། ཁམས་གསུམ་འོད་ཀྱི་རྣམ་པར་གྱུར། ཚུར་འདུས་གཟུགས་མེད་ཁམས་པ་ཐམས་ཅད་རང་ལུས་ཀྱི་སྟོད་ཀྱི་ཆ་ལ་ཐིམ། གཟུགས་ཁམས་པ་ཐམས་ཅད་བར་གྱི་ཆ་ལ་ཐིམ། འདོད་ཁམས་པ་ཐམས་ཅད་སྨད་ཀྱི་ཆ་ལ་ཐིམ། རང་ཡང་སྙིང་ཁའི་ཟླ་བ་ལ། དེ་སྔགས་འཕྲེང་ལ། དེ་ཡང་བཾ་ལ། དེ་ཡང་ཐིག་ལེ་ལ། དེ་ཡང་ནཱ་དར་གྱུར། ནཱ་ད་ཡང་མི་དམིགས་པར་གྱུར། དེ་ལ་བློ་བཞག་སླར་ཡང་རང་ཉིད་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར། ཅེས་བརྗོད་སྤྲོ་ན་མཆོད་བསྟོད་ཅུང་ཟད་བྱས་ལ། མཐར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་བདག་མཁའ་སྤྱོད་དག་པའི་གནས་སུ་འཁྲིད་པ་དང༌། མཐར་ཐུག་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་གསོལ་བ་བཏབ་སྟེ་བདག་བསྐྱེད་དོ། །དེ་ནས་མདུན་བསྐྱེད་བསངས་སྦྱངས། མདུན་བསྐྱེད་ཀྱི་དཀྱིལ་འཁོར་མི་དམིགས་ཏེ་སྟོང་པའི་ངང་ལས་ཆོས་འབྱུང་ཉིས་བརྩེགས་ཀྱི་དབུས་སུ་ཀཾ་ལས་ཐོད་པ་དཀར་བོ་དུམ་བུ་གསུམ་པ་དཔྲལ་བ་རང་ལ་བསྟན་པ་ཡངས་ཤིང་རྒྱ་ཆེ་བ་ནང་བདུད་རྩི་ལྔས་ཡོངས་སུ་གང་བའི་སྤྲིས་མ་སྣ་ཚོགས་རྡོ་རྗེའི་ཚུལ་དུ་གནས་པའི་ལྟེ་བའི་ཧཱུཾ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་


TNT12_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

པས་རྡོ་རྗེའི་ས་གཞི། རྭ་བ་དྲྭ་བ་གུར་བླ་རེ་ཡེ་ཤེས་ཀྱི་མེ་འབར་བའི་བསྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་དབུས་སུ། ཨེ་ཨེ་ཡོངས་སུ་གྱུར་པ་ལས་ཆོས་འབྱུང་གྲུ་གསུམ་ཉིས་བརྩེགས་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བ་མདུན་རྒྱབ་སྤངས་པའི་གྲྭ་བཞིར་དགའ་བ་འཁྱིལ་བ་བཞི་གཡོན་དུ་འཁོར་བ། དེའི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཾ་ཡིག་དམར་པོ། དེའི་མཐར་གཡོན་བསྐོར་དུ་ཨོཾ་ཨོཾ་ཨོཾ་ནས་སྭཱཧཱ། ཞེས་པས་བསྐོར་བ་ལས་ས་གསུམ་ཁྱབ་པའི་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་རྣལ་འབྱོར་མ། ཞེས་པ་ནས། ཙཎྜི་ཀའི་རང་བཞིན་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་ཁར་ཧཱུཾ། ཕཻཾ་ནས། ཡོ་ག་ཤུདྡྷ྄ོ྅ཧཾ་གི་བར་སྔར་བཞིན་བྱེད། ཐུགས་ཀའི་བཾ་ཡིག་ཟླ་བ་སྔགས་འཕྲེང་དང་བཅས་པ་ལས་ས་གསུམ་ཁྱབ་པའི་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། རྡོ་རྗེ་རྣལ་འབྱོར་མའི་གོ་འཕང་ལ་བཀོད། སླར་འདུས་སྙིང་ཁའི་ཆོས་ཀྱི་ཡི་གེ་ལ་ཐིམ། དེ་ནས་བཟླས་པ་བྱེད། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་པ་ཐམས་ཅད་གཤེགས་གསོལ་གྱི་ཆོ་ག་མ་བྱས་ཀྱི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་


TNT12_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། ཅེས་གསོལ་བ་བཏབ། རང་གི་སྙིང་ཁའི་ས་བོན་ལས་འོད་ཟེར་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་བསམ་གྱིས་མི་ཁྱབ་པ་བཛྲ་ས་མཱ་ཛཿ ཞེས་མགྲོན་སྤྱན་དྲངས། བསངས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཨཱཿཧཱུཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་བཟང་ཞིང་རྒྱ་ཆེ་ལ་དྭངས་ཤིང་ཐོགས་པ་མེད་པ། ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་ཏྱེ། ཤཔྟ་ཨཱཿཧཱུཾ། ཞེས་མཆོད་པ་བྱིན་གྱིས་བརླབས། དེ་ནས་མཆོད་པ་འབུལ་བ་ནི། དྭངས་ཤིང་དྲི་མེད་ཡིད་འོང་བའི། །སྔགས་ཀྱི་ཡོན་ཆབ་མཆོག་འདི་དག །མཆོག་ཏུ་གུས་པས་ཁྱེད་ལ་འབུལ། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་བཛྲ་ཡོ་གཱི་ནི་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དྭངས་ཤིང་དྲི་མེད་ཡིད་འོང་བའི། །སྔགས་ཀྱི་ཞབས་བསིལ་མཆོག་འདི་དག །མཆོག་ཏུ་གུས་པས་ཁྱེད་ལ་འབུལ། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་ནས། བཛྲ་པཱདྱཾ་པྲ་ཏཱིཙྪ་སྭཱཧཱ། ཨོཾ་ལྷ་ཡི་མེ་ཏོག་ཤིན་ཏུ་དམར། །དྲི་ཞིམ་ཤིན་ཏུ་མཛེས་པ་ཡི། །མེ་ཏོག་དེ་རིང་བཞེས་ནས་སུ། །འདི་ལ་བྱིན་


TNT12_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བརླབ་ཏུ་གསོལ། །ཨོཾ་ནས། བཛྲ་པུཥྤེ་པྲ་ཏཱིཙྪ་ཨཱཿཧཱུཾ་སྭཱཧཱ། ཨོཾ་ཙན་དན་ག་བུར་དང་བཅས་པའི། །དྲི་ཞིམ་སྤོས་མེ་དགེ་བ་ཡི། །མཐུ་དང་ལྡན་པ་བྱ་བ་འདི། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ་ནས། དྷཱུ་པཾ༴ ཨོཾ་མར་མེ་འོད་ཟེར་འབར་བ་འདི། །ངན་འགྲོའི་མུན་པ་འཇོམས་པར་བྱེད། །ཨ་ཡིག་མིག་འབྱེད་བཀྲ་ཤིས་པའི། །མར་མེ་ཁྱེད་ཀྱིས་བཞེས་སུ་གསོལ། །ཨོཾ་ནས། དཱི་པཾ༴ ཨོཾ་སྣ་ཚོགས་ལྷ་ཡི་དྲི་ཞིམ་པ། །སྣ་ཚོགས་ག་བུར་རྣམ་བརྒྱན་པ། །སྣ་ཚོགས་ཡི་གེ་ཧཱུཾ་ལས་བྱུང༌། །དྲི་འདི་འབུལ་གྱིས་བཞེས་སུ་གསོལ། །གན་དྷཾ༴ །ཨོཾ་ཁ་དོག་དྲི་དང་རོ་ལྡན་པའི། །བཟའ་བ་མཆོག་དང་ཡང་དག་ལྡན། །ཐམས་ཅད་སྦྱར་བའི་བཤོས་འདི་དག །འབུལ་གྱིས་ཡང་དག་བཞེས་སུ་གསོལ། །ཨོཾ་ནས། ནཻ་ཝི་དྱ༴ ཨོཾ་པ་ཊ་ཧ་དང་ཅང་ཏེའུ་སོགས། །དུང་དང་རྔ་སོགས་སྒྲ་དབྱངས་དང༌། །ཡིད་འཕྲོག་སིལ་སྙན་སྣ་ཚོགས་རྣམས། །འབུལ་གྱིས་ཡང་དག་བཞེས་སུ་གསོལ། །ཨོཾ་ནས། བཛྲ་ཤཔྟ༴ གོས་ཟུང་བསངས་སྦྱངས། སྟོང་པའི་ངང་ལས། ཧཱུཾ་ལས་བྱུང་བའི་གོས་སྲབ་པ་འཇམ་པ་ཡང་དྭངས་ཤིང་ཐོགས་པ་མེད་པ་ལྷ་རེ་རེ་ལ་ཡང་ཟུང་དུ་སྦྱར་བ་དང་ལྡན་པར་གྱུར། སྲབ་འཇམ་ཡང་པ་ལྷ་ཡི་གོས། །མི་བསྐྱོད་རྡོ་རྗེའི་སྐུ་ལ་གསོལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་ནས། ཝསྟྲ་སྱ༴ ཨོཾ་ཝཱི་ན་བཛྲ་ཎི་ཧཱུཾ་ཨཱཿ རྡོ་རྗེ་ལྷ་མོ་པི་ཝཾ་མ། །


TNT12_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་མཁའི་མདོག་མཚུངས་པི་ཝཾ་ལག །པི་ཝཾ་སྒྲ་དང་དབྱངས་ལྡན་པ། །ནམ་མཁའ་ཁྱབ་པས་མཆོད་པར་བགྱི། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་གཱི་ནི་ས་པ་རི་ཝཱ་ར་ཝཱི་ནི་བཛྲི་ཎི་པུ་ཛི་ཏེ་ཨཱ་ཧཱུཾ། ཨོཾ་ཝཾ་སེ་བཛྲི་ཎི་ཧཱུཾ་ཨཱཿ རྡོ་རྗེ་ལྷ་མོ་གླིང་བུ་མ། །གསེར་གྱི་མདོག་ཅན་གླིང་བུའི་ལག །གླིང་བུའི་སྒྲ་དང་དབྱངས་ལྡན་པ། །ནམ་མཁའ་ཁྱབ་པས༴ །ཝཾ་སེ༴ །ཨོཾ་མྲྀ་ཏི་གི་བཛྲི་ཎི་ཧཱུཾ་ཨཱཿ རྡོ་རྗེ་ལྷ་མོ་རྔ་ཟླུམ་མ། །བན་དྷུའི་མདོག་ཅན་རྔ་ཟླུམ་ལག །རྔ་ཟླུམ་སྒྲ་དང་དབྱངས་ལྡན་པ། །ནམ་མཁའ་ཁྱབ༴ །མྲྀ་ཏི་གི༴ །ཨོཾ་མུརྫི༴ །རྡོ་རྗེ་ལྷ་མོ་རྫ་རྔ་མ། །མར་གད་མདོག་མཚུངས་རྫའི་རྔའི་ལག །རྫ་རྔའི་སྒྲ་དང་༴ །ནམ་མཁའ༴ །མུརྫི༴ །ཨོཾ་ཧསྱ༴ རྡོ་རྗེ་ལྷ་མོ་བཞད་པ་མོ། །ཀེ་ཤུའི་མདོག་མཚུངས་བཞད་པའི་ཞལ། །འཛུམ་པའི་བཞིན་དང་དབྱངས༴ ནམ་མཁའ་ཁྱབ༴ །ཧ་སྱེ༴ ཨོཾ་ལཱ་སྱ༴ རྡོ་རྗེ་ལྷ་མོ་སྒེག་པ་མོ། །དབང་སྔོན་མདོག་མཚུངས་སྒེག་པའི་ཚུལ། །བསྙེམས་པའི་ལུས་དང་གླུར་ལྡན་པ། །ནམ་མཁའ༴ །ལཱ་སྱ༴ །ཨོཾ་གཱིརྟི༴ །རྡོ་རྗེ་ལྷ་མོ་གླུ་དབྱངས་མ། །འཆར་ཀའི་མདོག་མཚུངས་གླུ་ལེན་མ། །གླུ་དང་རོལ་མོའི་སྒྲ་ལྡན་པ། །ནམ་མཁའ༴ །གཱིརྟི༴ །ཨོཾ་ནིརྟི༴ །རྡོ་རྗེ་ལྷ་མོ་གར་མཁན་མ། །མར་གད་མདོག་མཚུངས་གར་མཛད་མ། །ལག་པ་གར་བྱེད་རྐང་སྟབས་སྒྱུར། །


TNT12_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ༴ །ནིརྟི༴ ཨོཾ་པུཥྤེ༴ རྡོ་རྗེ་ལྷ་མོ་མེ་ཏོག་མ། །གུར་ཀུམ་མདོག་མཚུངས་མེ་ཏོག་ལག །མེ་ཏོག་ཆར་དང་རོལ་མོར་བཅས། །ནམ་མཁའ༴ །པུཥྤེ༴ ཨོཾ་དྷཱུ་པེ༴ རྡོ་རྗེ་ལྷ་མོ་བདུག་སྤོས་མ། །དུ་བའི་མདོག་མཚུངས་བདུག་སྤོས་ལག །བདུག་པའི་སྤྲིན་དང་རོལ་མོར་བཅས། །ནམ་མཁའ༴ །དྷུ་པེ༴ ཨོཾ་དཱི་པེ༴ །རྡོ་རྗེ་ལྷ་མོ་མར་མེ་མ། །གློག་འོད་མདོག་མཚུངས་མར་མེའི་ལག །མར་མེའི་འོད་དང་རོལ་མོར་བཅས། །ནམ་མཁའ་ཁྱབ༴ །དཱི་པེ༴ །ཨོཾ་གན་དྷེ༴ །རྡོ་རྗེ་ལྷ་མོ་དྲི་ཆབ་མ། །པྲི་ཡང་མདོག་མཚུངས་དུང་ཆོས་ལག །དྲི་ཡི་ཆར་དང་རོལ་མོར་བཅས། །ནམ་མཁ༴ །གན་དྷེ༴ ཨོཾ་རཱུ་པ༴ རྡོ་རྗེ་ལྷ་མོ་གཟུགས་མཛེས་མ། །སྟོན་ཟླའི་མདོག་མཚུངས་མེ་ལོང་ལག །ཡིད་འོང་གཟུགས་དང་རྒྱན་ལྡན་པ། །ནམ་མཁ༴ །རཱུ་པ༴ ཨོཾ་ར་ས༴ རྡོ་རྗེ་ལྷ་མོ་ཞལ་ཟས་མ། །ཛ་བའི་མདོག་མཚུངས་ཞལ་ཟས་ལག །ཞལ་ཟས་བདུད་རྩིའི་ཆར་འབེབས་མ། །མ་མཁའ༴ །ར་ས༴ ཨོཾ་སྤརྴ༴ རྡོ་རྗེ་ལྷ་མོ་ན་བཟའ་མ། །མར་གད་མདོག་མཚུངས་ན་བཟའི་ལག །གོས་དང་རེག་དང་འཁྱུད་པར་ལྡན། །ནམ་མཁའ༴ །སྤརྴ༴ ཨོཾ་དྷརྨ་དྷཱ་ཏུ་བཛྲཱི་ཎི་ཧཱུཾ་ཨཱཿ རྡོ་རྗེ་ལྷ་མོ་ཆོས་དབྱིངས་མ། །ཀུནྡྷའི་མདོག་མཚུངས་ཆོས་འབྱུང་ལག །ཟག་པ་མེད་པའི་བདེ་སྟེར་མ། །ནམ་


TNT12_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ཁྱབ་པས་མཆོད་པར་བགྱི། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་གཱི་ནི་ས་པ་རི་ཝཱ་ར་དྷརྨ་དྷཱ་ཏུ་བཛྲི་ཎི་པཱུ་ཛི་ཏེ་ཨཿཧཱུཾ། བདེ་བར་གཤེགས་པ་ཐམས་ཅད་ལ། །འཁོར་ལོ་རིན་ཆེན་འདི་ཕུལ་བས། །སྲིད་པའི་འཁོར་ལོ་རྒྱུན་ཆད་ནས། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་གཱི་ན་ས་པ་རི་ཝཱ་ར་ཙཀྲ་རཏྣ་པུ་ཛི་ཏེ་ཨཱཿཧཱུཾ། རྒྱལ་བ་སྲས་བཅས་ཐམས་ཅད་ལ། །ནོར་བུ་རིན་ཆེན་འདི་ཕུལ་བས། །དབུལ་ཞིང་འཕོངས་པ་རྒྱུན་ཆད་ནས། །འབྱོར་པ་ཕུན་སུམ་ཚོགས་པར་ཤོག །ཨོཾ་ནས་མ་ཎི་རཏྣ་པུ་ཛི་ཏེ༴ །བཙུན་མོ༴ །མ་རིག་མུན་པ་རྒྱུན་ཆད་ནས། །ཤེས་རབ་དབྱིངས་ཀྱི་དོན་རྟོགས་ཏེ། །ཐབས་དང་ཤེས་རབ་འབྲེལ་བར་ཤོག །ཝ་སྟི། །བློན་པོ་རིན་ཆེན་འདི་ཕུལ་བས། །ཕྱི་ནང་གསང་གསུམ་ཐེག་གསུམ་ལྡན། །བསམ་ཡས་བསྟན་པ་རབ་འཛིན་ཅིང༌། །ཡོན་ཏན་ཐམས་ཅད་ལྡན་པར་ཤོག །མཧཱ་ཏ། གླང་པོ་རིན་ཆེན་འདི་ཕུལ་བས། །ལྟ་ངན་རྣམས་ནི་རབ་བསལ་ཞིང། །བླ་མེད་ཐེག་པ་རབ་བཞོན་ནས། །ཐམས་ཅད་མཁྱེན་གྲོང་བགྲོད་པར་ཤོག །ཧ་སྟི་རཏྣ། རྟ་མཆོག་རིན་ཆེན་འདི་ཕུལ་བས། །སྲིད་པའི་གཟེབ་ལས་ངེས་གྲོལ་ནས། །རྫུ་འཕྲུལ་མཆོག་གི་ཤུགས་ཐོབ་སྟེ། །སངས་རྒྱས་ཞིང་ཀུན་བགྲོད་པར་ཤོག །ཏུ་རཾ་ག་ཨ་ཤྭ་རཏྣ། དམག་དཔོན་རིན་ཆེན་འདི་ཕུལ་བས། །ཉོན་མོངས་དགྲ་ལས་རྒྱལ་གྱུར་ནས། །ཕས་ཀྱི་རྒོལ་བ་ཚར་བཅད་དེ། །


TNT12_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེངས་བྲལ་མཆོག་ནི་ཐོབ་པར་ཤོག །ཁཊྒ་རཏྣ༴ ཁ་དོག་དབྱིབས་ལེགས་ཡིད་འོངས་རྒྱན་འཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་རྣམས། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་གཱི་ན་ས་པ་རི་ཝཱ་ར་རཱུ་པ་ཀཱ་མ་གུ་ཎ་པུ་ཛི་ཏེ་ཨཱཿཧཱུཾ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་དང༌། །ཡོན་ཏན་ཚིག་མཆོག་སྒྲ་དབྱངས་ཅི་མཆིས་རྣམས། །མོས་བློས་དཀྱིལ་འཁོར༴ །བཞེས་ཤིག༴ །ཤཔྟ་ཀཱ་མ་གུ་ཎ། ཕྱོགས་དུས་ཀུན་ན་ཙན་དན་སྤྲུལ་སྙིང་དང༌། །ཨ་ཀར་ལ་སོགས་དབང་པོ་ཚིམ་བྱེད་རྣམས། །མོས་བློས་དཀྱིལ༴ །བཞེས་ཤིག་བླ༴ །གནྡྷེ། ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་བརྟས་བྱེད་རོ་མཆོག་ཅི་མཆིས་རྣམས། །མོས་བློས༴ །བཞེས་ཤིག༴ །ར་ས༴ །ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་དབང་པོ་ཚིམ་བྱེད་རྣམས། །མོས་བློས༴། བཞེས་ཤིག༴ །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་གཱི་ནི་ས་པ་རི་ཝཱ་ར་སྤརྴ་ཀཱ་མ་གུ་ན་པུ་ཛི་ཏེ་ཨཱཿཧཱུཾ། ཨོཾ་ཨཱཿཧཱུཾ་ཧ་ཧོཿཧྲཱིཿ ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོ། མཁྱེན་པའི་ཡེ་ཤེས་བརྩེ་བའི་ཐུགས་རྗེ། མཛད་པའི་འཕྲིན་


TNT12_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བསམ་གྱིས་མི་ཁྱབ་པ་མངའ་བ་དྲིན་ཅན་རྩ་བའི་བླ་མ་འདི་ཞེས་བྱ་བའི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །ཨོཾ་ཨཱཿཧཱུཾ། ཁྱབ་བདག་གར་གྱི་དབང་ཕྱུག་བཅོམ་ལྡན་འདས། །རྡོ་རྗེ་ཕག་མོ་བདེ་ཆེན་བསྐྱེད་པའི་ཡུམ། །བདེ་སྟོང་ཉམས་ཀྱིས་མྱོས་པའི་དྲིལ་བུ་པ། །རྣམ་དག་བདུད་རྩིའི་མཉེས་མཆོད་དམ་པ་འབུལ། །ཨོཾ་ཨཱཿཧཱུཾ། ཆང་འཚོང་མཁའ་འགྲོའི་ཡབ་གྱུར་ཌེཾ་གི་པ། །བར་མའི་སློབ་དཔོན་མཆོག་གྲགས་རྣམ་རྒྱལ་ཞབས། །བརྟུལ་ཞུགས་རིག་པའི་རྣལ་འབྱོར་ཏི་ལོ་པ། །རྣམ་དག༴ །པཎ་གྲུབ་མཁའ་སྤྱོད་གཤེགས་པའི་ནཱ་རོ་པ། །དེ་སྲས་ཐུ་བོ་ཕམ་ཐིང་སྐུ་མཆེད་གཉིས། །སྐད་གཉིད་སྨྲ་མཁས་ལོ་ཙཱ་རྣམ་གཉིས་ལ། །རྣམ་དག༴ །ཁམས་གསུམ་འགྲོ་བའི་བླ་མ་ས་སྐྱ་པ། །རིག་འཛིན་མཁའ་སྤྱོད་དབང་པོ་བསོད་ནམས་རྩེ། །རྣལ་འབྱོར་དབང་ཕྱུག་གྲགས་པ་རྒྱལ་མཚན་ལ། །རྣམ་དག༴ །དྲི་མེད་མངོན་པར་སངས་རྒྱས་ས་པཎ་ཆེན། །འཛམ་གླིང་བསྟན་པའི་མངའ་བདག་འཕགས་པའི་མཚན། །ཆོས་བརྒྱད་འཆིང་བ་ལས་གྲོལ་ཞང་པ་ལ། །རྣམ་དག༴ །རྩེ་གཅིག་སྒྲུབ་པ་མཐར་ཕྱིན་བྲག་ཕུག་པ། །འགྲོ་བའི་བླ་མ་བསོད་ནམས་རྒྱལ་མཚན་དཔལ། །གདམས་པའི་གཏེར་མཛོད་དཔལ་ལྡན་ཚུལ་ཁྲིམས་ལ། །རྣམ་དག༴ །ཆོས་ཀྱི་རྗེ་བོ་ཡེ་ཤེས་རྒྱལ་མཚན་དཔལ། །སྡོམ་བརྩོན་རྡོ་རྗེ་འཛིན་མཆོག་ངོར་ཆེན་པ། །


TNT12_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག་ལ། །རྣམ་དག༴ །རྗེ་བཙུན་སྦས་པའི་སངས་རྒྱས་བླ་མའི་མཆོག །འཇམ་མགོན་གྲུབ་པའི་དཔའ་བོ་དམ་པའི་རྗེ། །རྩ་བ་བརྒྱུད་པའི་བླ་མ་ཐམས་ཅད་ལ། །རྣམ་དག༴ །ཨོཾ་ཨཱཿཧཱུཾ། ཡང་ན་ངོར་ཆེན་པའི་རྗེས་ལ། འཇམ་དཔལ་དགྱེས་པའི་བཤེས་གཉེན་ཤཱཀྱའི་མཚན། །རྣམ་དག༴ །གཞོན་ནུ་ཆོས་གྲུབ་བྱིན་རླབས་ཡིད་བཞིན་གཏེར། །འཇམ་མགོན་གྲུབ་པའི་དཔའ་བོ་གྲོལ་མཆོག་ཞབས། །རྣམ་དག་ཡེ་ཤེས་ཐུགས་མངའ་རྡོ་རིངས་དབོན། །རྣམ་དག༴ །ཡང་ན་ཆོས་རྗེ་བླ་མ་བསོད་ནམས་རྒྱལ་མཚན་གྱི་རྗེས་སུ། ནུས་པ་མཐར་ཕྱིན་མཁན་པོ་སངས་རྒྱས་སྐྱབས། །བློ་ལྡན་མཁས་པའི་རྒྱལ་མཚན་ཚུལ་ཁྲིམས་དང༌། །དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་སྐམ་དགོན་པ། །འཇམ་དཔལ་དགྱེས་པའི་སོགས་གོང་བཞིན། དེ་བཞིན་དུ་ཆོས་རྗེ་བླ་མ་ས་སྐྱ་བུ་སྟོན། ཐེག་ཆེན་ཆོས་རྗེ་སྤྱང་ལུང་པ་གཞོན་ནུ་བློ་གྲོས། ཡོན་ཏན་རྒྱལ་མཚན་པ། གཞོན་ནུ་ཆོས་གྲུབ་མན་སྔར་བཞིན། གཞན་ཡང་བརྒྱུད་པའི་ཁྱད་པར་སྣ་ཚོགས་ཡོད་པས་ཇི་ལྟར་འདོད་པར་སྦྱར་རོ། །སྐྱབས་གསུམ་ཀུན་འདུས་དོན་དམ་དགའ་བཞིའི་དངོས། །བརྟན་གཡོའི་སྙིང་པོ་གཅིག་གྱུར་གསལ་མཛད་པ། །བརྒྱུད་པ་ཀུན་འདུས་རྩ་བའི་བླ་མ་ལ། །རྣམ་དག༴ །གཞན་ཡང་རྩ་བའི་བླ་མ་བརྒྱུད་པའི་བླ་མ། དབང་བསྐུར། རྒྱུད་བཤད། མན་ངག་ནོས། ཆོས་ཀྱི་འབྲེལ་བའི་བླ་མ་དམ་པ་


TNT12_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །ཨོཾ་ཨཱཿཧཱུཾ། ཨོཾ་གསུམ་མ་ཚར་གཅིག་བརྗོད། ཕྱོགས་བཅུ་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། །ཡུམ་གྱུར་སྒྱུ་འཕྲུལ་ཆེན་མོ་བཅོམ་ལྡན་མ། །མཁའ་སྤྱོད་གཙོ་མོ་རྡོ་རྗེ་ཕག་མོ་ལ། །རྣམ་བདག༴ །བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དེ་རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཡི་དམ་ལྷ་ཚོགས་རྣམས་ཀྱི༴ ཨོཾ་གྲཱི་རཱ་ཛ་གྲཱི་རཱ་ཛ་ཀུ་མ་ཀུ་མ་ཁུམ་ཐིས་སྭཱཧཱ། དཔའ་བོ་དུར་ཁྲོད་ཀྱི་བདག་པོ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་འཁོར་དང་བཅས་པ་ཐམས་ཅད་ཀྱི༴ གཞན་ཡང་ཆོས་འཁོར་བསྲུང་ཞིང་བསྟན་པ་སྐྱོང་བར་ཞལ་གྱིས་བཞེས་པའི་ཆོས་སྐྱོང་བསྲུང་མ་རྣམས་ཀྱི༴ གནས་དང་ཉེ་བའི་གནས། ཞིང་དང་ཉེ་བའི་ཞིང༌། ཚན་དྷོ་དང་ཉེ་བའི་ཚན་དྷོ། འདུ་བ་དང་ཉེ་བའི་འདུ་བ། འཐུང་གཅོད་དང་ཉེ་བའི་འཐུང་གཅོད། དུར་ཁྲོད་དང་ཉེ་བའི་དུར་ཁྲོད། ཡུལ་ཉི་ཤུ་རྩ་བཞི། གནས་སུམ་ཅུ་རྩ་གཉིས། དུར་ཁྲོད་ཆེན་པོ་བརྒྱད་ན་བཞུགས་པའི་དཔའ་བོ་དང་རྣལ་འབྱོར་མ་སྤྲུལ་པའི་སྐུ་འགྲོ་བ་སེམས་ཅན་གྱི་དོན་མཛད་པ་རྣམས་ཀྱི༴ ཞིང་སྐྱོང་བཞི་བཅུ་ཞེ་བརྒྱད། ཕོ་ཉ་གནས་ལས་སྐྱེས་པ། རིགས་ལས་སྐྱེས་པ། སྔགས་ལས་སྐྱེས་པ། ལས་ལས་སྐྱེས་པའི་མཁའ་འགྲོ་མ་རྣམས་ཀྱི༴ གཞན་


TNT12_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གནོད་སྦྱིན། སྲིན་པོ། འབྱུང་པོ། ཡི་དྭགས། ཤ་ཟ། སྨྱོ་བྱེད། བརྗེད་བྱེད། མ་མོ། ཞིང་སྐྱོང༌། ཕོ་ཉ། འཕྲོག་མ། གྲུབ་པ་རྣམས་ཀྱི༴ །གཞན་ཡང་བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་འཁོར་དང་བཅས་པ་དང༌། གནས་བདག །གཞི་བདག །གྲོང་བདག །གཉུག་མར་གནས་པ་རྣམས་ཀྱི༴ འགྲོ་བ་རིགས་དྲུག་ལམ་རྒྱུད་ལྔ། སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཟག་པ་མེད་པའི་བདེ་བས་རྒྱུད་ཚིམ་ནས། མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་སྭཱ་ད་ན་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བདུད་རྩི་མྱངས། ཨོཾ་ཨོཾ་ཨོཾ་སརྦ་སོགས་ལན་ལྔ་ཙམ་བྱེད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ན་མོ་ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་རྣམ་པར་དག་པའི་བྱིན་རླབས་དང༌། གསང་སྔགས་དང་ཕྱག་རྒྱའི་མཐུ་དང་བདག་གི་མོས་པ་དང་ཏིང་ངེ་འཛིན་དང༌། སྨོན་ལམ་གྱི་དབང་གིས་འཇིག་རྟེན་གྱི་ཁམས་ན་བདག་པོས་ཡོངས་སུ་མ་བཟུང་བའི་མཆོད་པའི་བྱེ་བྲག་ཇི་སྙེད་ཡོད་པ་དང༌། གཞན་ཡང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུ་བསམ་གྱིས་མི་ཁྱབ་པ་ཞིག་བླ་མ་དང༌། དཀྱིལ་འཁོར་གྱི་འཁོར་ལོའི་སངས་རྒྱས་དང་བྱང་ཆུབ་


TNT12_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཐམས་ཅད་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག །ཨོཾ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་བརྟ་ཡ། ཨཱ་བརྟ་ཡ་ཧོ། ན་མཿས་མནྟ་བུདྡྷ་ནཱཾ། ཨབྷི་སྨ་ར་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ། དྷརྨ་དྷཱ་ཏུ་ཨ་ཀ་ཤ་ས་མནྟ་མཾ། སརྦ་ཏ་ཐཱ་ག་ཏ་ཨ་པ་རི་ཤོདྷ་ལེ་མཎྜ་ལེ། མ་མ་པྲ་ནི་དྷི་པཱུ་ཎྱེ་ཛྙ་ན་བ་ལེ་ནཾ། སརྦ་ཏ་ཐཱ་ག་ཏ་བ་ལེ་ན་སཔྟ་སཱ་སྠ་ན་བ་ལེན་ཙ་ཡེ་སྭཱཧཱ། དེ་ནས་བསྟོད་པ་ནི། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོ་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང༌། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་ལོ། །ཨོཾ་ན་མོ་བྷ་ག་ཝ་ཏེ་བཛྲ་ཝཱ་རཱ་ཧཱི་ཝཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་ཨཱརྱ་ཨ་པ་ར་ཛི་ཏེ་ཏྲཻ་ལོ་ཀྱ་མ་ཏེ་མཧཱ་བི་དྱེ་ཤྭ་རི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མཿསརྦ་བྷུ་ཏ་བྷ་ཡ་ཝ་ཧེ་མཧཱ་བཛྲེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བཛྲ་ཨཱ་ས་ནེ་ཨ་ཛི་ཏེ་ཨ་པ་ར་ཛི་ཏེ་བ་ཤྱཾ་ཀ་རི་ནི་ཏྲ་བྷྲ་མ་ནཱི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མཿཤོ་ཥ་ཎི་རོ་ཥ་ཎི་ཀྲོ་དྷ་ཀ་ར་ལི་ནེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མསྟྲ་ས་ནི་མཱ་ར་ཎི་པྲ་བྷེ་ད་ནི་ཨ་པ་ར་ཛ་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བི་ཛ་ཡེ་ཛམྦྷ་ནི་སྟམྦྷ་ནི་མོ་ཧ་ནི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བཛྲ་ཝཱ་རཱ་ཧཱི་མཧཱ་ཡོ་གི་ནི་ཀཱ་མེ་ཤྭ་རི་ཁ་གེ་ཧཱུཾ་ཧཱུཾ་ཕཊ། རྒྱལ་བ་རྒྱ་མཚོའི་ཡུམ་གྱུར་བཅོམ་ལྡན་མ། །ཆོས་དབྱིངས་ཤེས་རབ་ཕ་རོལ་ཕྱིན་མའི་དངོས། །ཟག་མེད་


TNT12_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་སྟོང་ལྷན་ཅིག་སྐྱེས་མའི་སྐུ། །རྡོ་རྗེ་བཙུན་མོའི་ཞབས་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཕག་མོ་སྣ་ཚོགས་བདེ་མ་དང༌། །བདག་མེད་ཡེ་ཤེས་དབང་ཕྱུག་སྣ་ཚོགས་ཡུམ། །རྡོ་རྗེ་སྒྲོལ་མ་རོ་ལངས་མ་ལ་སོགས། །སྣ་ཚོགས་མཚན་འཆང་ཁྱོད་ལ་ཕྱག༴ །ཨེ་ཡིག་དཔལ་ལྡན་པདྨ་བྷ་ག་དང༌། །གསང་བ་ཆོས་འབྱུང་ཆོས་དབྱིངས་ནམ་མཁའི་ཁམས། །སེང་གེའི་ཁྲི་སོགས་བརྡ་ཐབས་དུ་མས་མཚོན། །ཤེས་རབ་ལྷ་མོའི་གཙོ་ལ༴ །ཆོས་དབྱིངས་རང་བཞིན་མཚན་དང་དཔེ་བྱད་རྫོགས། །དོན་དམ་འཁོར་འདས་སྲིད་པ་གསུམ་གྱི་གཟུགས། །མཐའ་ཡས་སྤྲུལ་པའི་སྣང་བ་ཕྱོགས་བརྒྱར་འབར། །སྐུ་ཡི་དབང་ཕྱུག་མ་ལ༴ །ཟབ་མོ་གསང་སྔགས་ཆོས་དབྱིངས་སྒྲ་བརྒྱ་པ། །ངེས་ཚིག་མིང་དོན་རྒྱ་མཚོའི་འཇུག་པ་ཅན། །མཐའ་དག་མགོན་གྱི་གསུང་དབྱངས་རྡོ་རྗེ་མ། །གཞོམ་མེད་ལྷ་མོ་ཁྱོད་ལ༴ །རང་བཞིན་སྤྲོས་བྲལ་མི་འགྱུར་ཆོས་དབྱིངས་ངང༌། །མ་ལུས་ཤེས་བྱའི་གནས་ཚུལ་ཀུན་གསལ་བ། །ཀུན་མཁྱེན་ཡེ་ཤེས་ལྷུན་གྲུབ་རྣམ་མི་རྟོག །མཁའ་སྤྱོད་ཐུགས་ཀྱི་རྡོ་རྗེར༴ །གང་གི་རྣམ་འཕྲུལ་ཡིད་བཞིན་བསྒྱུར་མཛད་པས། །དཔག་ཡས་འགྲོ་བའི་དོན་སྒྲུབ་མཐུ་དཔལ་ཅན། །འཕྲུལ་ལྡན་དབང་ཕྱུག་མངའ་བདག་རྣལ་འབྱོར་


TNT12_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

མ། །སྒྱུ་འཕྲུལ་བདེ་བའི་གཏེར་ལ༴ །རྡོ་རྗེ་ལྷ་མོ་ཁྱོད་ཐུགས་ཡེ་ཤེས་དང༌། །སྐུ་དང་འཕྲིན་ལས་དབྱིངས་དང་ནམ་མཁའ་སྟེ། །འདི་དག་བརྟན་གཡོ་ཀུན་ལ་ལྷན་ཅིག་ཁྱབ། །ཀུན་ཁྱབ་ཀུན་འགྲོའི་གཙོ་མོར༴ །ཀུན་གཞི་རྣམ་དག་མི་གནས་མྱ་ངན་འདས། །སྣ་ཚོགས་གནས་དང་མཆོད་པའི་བཀོད་པར་བཅས། །ཞིང་ཁམས་འབྱོར་པ་ཕུན་ཚོགས་རྒྱ་མཚོ་ལ། །དབང་ཕྱུག་འཁོར་ལོས་སྒྱུར་མར༴ །ཇི་ལྟར་བཞེད་པའི་དོན་ཀུན་འབད་མེད་པར། །སྨོན་ལམ་དབང་བསྒྱུར་གང་ལ་གང་འདུལ་བའི། །འཕྲིན་ལས་རྒྱུན་མི་འཆད་པར་དོན་མཛད་མ། །འདོད་པ་ཀུན་སྩོལ་ཁྱོད་ལ༴ །སྟོབས་སོགས་ཡོན་ཏན་གཞལ་དུ་མེད་པ་ཡིས། །རབ་གང་རྟག་ཏུ་ཕན་བདེ་སྤྲོ་བ་དང༌། །སྲིད་ཞིའི་དགེ་ལེགས་ཐམས་ཅད་འབབ་པའི་གནས། །ཆུ་གཏེར་དང་མཚུངས་ཁྱོད་ལ་ཕྱག་འཚལ་ལོ། །གྲངས་མེད་བརྗོད་ལས་འདས་པ་མཁའ་འགྲོའི་གཙོ། །བྱེ་བ་ཕྲག་བརྒྱས་ལྷག་བཅས་ཁྲག་ཁྲིག་ཟུང༌། །རྣལ་འབྱོར་མ་དཔལ་ཁྱོད་ཀྱི་ཕོ་ཉར་སྤྲུལ། །མཁའ་འགྲོ་ཀུན་གྱི་བདག་མོར༴ །སུམ་ཅུ་རྩ་བདུན་འཁོར་ལོས་སྒྱུར་མའི་སྐུ། །མྱོས་བྱེད་རི་བོ་མདའ་དང་ཡོན་ཏན་གྲངས། །ཟུང་འཇུག་ལྷན་


TNT12_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་ངོ་བོར་སྡོམ་མཁས་མ། །རྗེ་བཙུན་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོ་འབུལ། །ཉེས་བྱས་ཐམས་ཅད་སྙིང་ནས་སོ་སོར་བཤགས། །ཡི་རངས་ཆོས་ཀྱི་འཁོར་ལོ་བསྐོར་བ་བསྐུལ། །རྟག་ཏུ་བཞུགས་གསོལ་དགེ་བ་བྱང་ཆུབ་བསྔོ། །དཀྱིལ་འཁོར་གཙོ་མོ་དཔའ་བོ་དཔའ་མོ་དང༌། །སངས་རྒྱས་སྲས་བཅས་དབང་གི་ལྷ་མོ་ལ། །ཇི་སྲིད་བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བླ་མེད་ཐེག་པར་བདག་གིས་སེམས་བསྐྱེད་དོ། །དབང་བཞི་མནོས་ཤིང་དམ་ཚིག་ལམ་ལ་གནས། །བྱིན་རླབས་རྒྱུད་སྦྱངས་རིམ་པ་གཉིས་ལ་སློབ། །ངོ་མཚར་སྤྱོད་པ་གསུམ་གྱི་རོལ་བ་སོགས། །མཐའ་དག་ལམ་རྣམས་བདག་གིས་བསྟེན་པར་བགྱི། །ཏིང་འཛིན་བརྟན་ཅིང་འཕྲིན་ལས་ཐོགས་མེད་འགྲུབ། །ཕོ་ཉ་གསུམ་འདུས་གྲུབ་པ་བརྒྱས་སོགས་ཐོབ། །འགྲོ་བའི་དོན་སྤྱོད་མཐུ་དང་ལྡན་པ་ཡི། །ཚེ་འདིར་ཧེ་རུ་ཀ་དཔལ་ཐོབ་པར་ཤོག །དེ་ནས་གཏོར་མ་བསངས་སྦྱངས། སྟོང་པའི་ངང་ལས་གཏོར་མ་རྣམས་ཀྱི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར། རཾ་ལས་མེའི་དཀྱིལ་འཁོར་གྱི་སྟེང་དུ། ཨ་ལས་ཐོད་པ་དཀར་པོ་དུམ་བུ་གསུམ་པ་དཔྲལ་བ་རང་ལ་བསྟན་པ། ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ན་གཽ་ཧ་ད་ཀུ་ལས་ཤ་ལྔ། མུ་བི་མ་ཤུ་ར་ལས་


TNT12_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་ལྔ་རྣམས་ཧཱུཾ་བྲུཾ་ཁཾ་ཛྲིཾ་ཨཾ་ཡེ་ཤེས་ལྔའི་ངོ་བོས་མཚན་པ་རླུང་གཡོས། མེ་སྦར། ཞུ་ཞིང་ཁོལ། རང་གི་སྙིང་ཁའི་འོད་ཀྱིས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ཏེ་བསྟིམ་པས། གཏོར་མ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོཿ་ཧྲཱིཿ ཨོཾ་གསུམ་མའི་མཐར། ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ནཾ། ཨཱདྱ་ནུཏྤནྣ་ཏྭཱ་ཏ། ཨོཾ་ཨཱཿཧཱུཾ་ཕཊ་སྭཱཧཱ། ལན་ལྔས་དབུལ། བཛྲ་ཡོ་གཱི་ནི་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། ཨོཾ་གསུམ་མ་ཚར་གཅིག་བརྗོད་ནས། རྡོ་རྗེ་རྣལ་འབྱོར་མའི་ཞལ་དུ་མཆོད་པར་འབུལ་ལོ། །ཨོཾ་ཨཱཿཧཱུཾ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །ཞེས་པ་ནས། དེ་སྙེད་རྣམས་ལ་ཕྱག་འཚལ་ལོ། །ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང༌། །དེས་གསུང་ཚིག་ཀྱང་ཚད་མའི་མཆོག་ཡིན་ཏེ། །བདེན་པ་དེ་ཡིས་ལྷ་མོ་དེ་དག་གིས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །འཇིག་རྟེན་འདས་པའི་གཏོར་ཆོག་གོ །ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿཕཻཾ་བཛྲ་ཨ་རལླི་ཧོ། ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག་གི་བར་གྱི་མཁའ་འགྲོ་སྤྱི་གཏོར་བྱ་སྟེ། འཇིག་རྟེན་པའི་གཏོར་ཆོག་གོ །བུམ་པའི་མཆོད་པ་གོང་ལྟར་བྱིན་གྱིས་བརླབས། བུམ་པ་བསངས་སྦྱངས། སྟོང་པའི་ངང་ལས། པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བྷྲུཾ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་བཅིངས་དང༌། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་ཐམས་ཅད་ཀྱིས་ཡོངས་སུ་གང་བའི་དབུས་སུ། ཨེ་


TNT12_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་ཡོངས་སུ་གྱུར་པ་ལས། ཞེས་པ་ནས། ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨ་ཡོ་ག་ཤུདྡྷོ྅ཧཾ། ཞེས་པའི་བར་མདུན་བསྐྱེད་བཞིན་བྱེད། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་གཱི་ནི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཞེས་པ་ནས། ཤཔྟའི་བར་བརྗོད། ཨོཾ་བཛྲ་གཎྜེ་ར་ཎི་ཏ་ནས། ཨ་ཁཾ་སྭཱཧཱ། ཞེས་པས་མཆོད། ཨོཾ་གསུམ་མའི་རྗེས་སུ། རྡོ་རྗེ་རྣལ་འབྱོར་མའི་ཞལ་དུ་མཆོད་པ་འབུལ་ལོ། །ཨོཾ་ཨཱཿཧཱུཾ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །ནས། དེ་སྙེད་རྣམས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། རང་གི་སྙིང་ཁ་ནས་སྔགས་ཀྱི་འཕྲེང་བ་གཟུངས་ཐག་ལ་བཞོན་ནས་སོང་བས། བུམ་ནང་གི་རྗེ་བཙུན་མའི་ཐུགས་རྒྱུད་བསྐུལ། དེའི་བ་སྤུའི་བུ་ག་ནས་བདུད་རྩིའི་ཆུ་རྒྱུན་བྱུང་བས། བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བར་གྱུར། དེ་ནས་བཟླས་པ་བྱེད། ཨོཾ་སུམྦྷ་སོགས་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་པའང་བཟླས། མཆོད་བསྟོད་རྣམས་གོང་བཞིན་བྱའོ། །མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །དུང་ཆོས་ཀྱི་ཆུ་བུམ་པར་བླུག །ཨོཾ་ཨཱཿཧཱུཾ། མཆོད་ཡོན་ཕུལ་བའི་རྐྱེན་གྱིས་བུམ་ནང་གི་རྗེ་བཙུན་མ་འོད་དུ་ཞུ་ནས། བུམ་པའི་ཆུ་ནུས་པ་ཀུན་དང་ལྡན་པར་གྱུར། དུང་ཆོས་ཀྱི་ཆུ་བླངས་ལ། ཇི་ལྟར་བལྟམས་པ་ཙམ་གྱི་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་


TNT12_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་ཁྲུས་བྱས་ལ། སློབ་མ་ལ་བྱ་བ་ལྟར་བདག་འཇུག་རྫོགས་པར་བླངས། ཁྱེད་རང་གི་ཞེས་པ་དང༌། ཁྱེད་ཀྱི་ཞེས་པ་དང༌། ཁྱེད་རང་རྣམས་ཞེས་པ་རྣམས་བདག་གི་ཞེས་པ་དང༌། བདག་ཉིད་ཅེས་འདོན་པ་སྤོ། དེ་ནས་སློབ་མ་རྣམས་ལ་ཆབ་བཏང་མེ་ཏོག་བསྐྱེད་བསྡུ་བྱ། སློབ་དཔོན་གྱིས་ཆོས་བཤད། མཎྜལ་འབུལ་བར་བསྐུལ། སློབ་མས་ཀྱང་ཚོམ་བུ་གཡོན་བསྐོར་དུ་བཀོད་ལ། ཨོཾ་བཛྲ་བྷུ་མི་ཨཱཿཧཱུཾ་གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞིའི་སྟེང་དུ། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུཾ། ཕྱི་ལྕགས་རི་མུ་ཁྱུད་ཀྱི་བསྐོར་བ། ཧཱུཾ་དབུས་སུ་རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། བྱང་སྒྲ་མི་སྙན། ནུབ་བ་ལང་སྤྱོད། ལྷོ་འཛམ་བུ་གླིང༌། ཉི་མ། ཟླ་བ། དབུས་སུ་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་གང་ཡང་མ་ཚང་བ་མེད་པ་འདི་ཉིད། བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོ་གཉིས་སུ་མ་མཆིས་པ་ལ་འཇུག་པའི་ཆོས་འཁོར་བཅས་ཞུ་བའི་ཡོན་དུ་འབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། ཅེས་མཎྜལ་ཕུལ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །ནས། འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་


TNT12_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

བདག་སྐྱབས་མཆི། །དཔལ་ལྡན་རྡོ་རྗེ་རྣལ་འབྱོར་མས། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ལན་གསུམ་གྱིས་གསོལ་བ་གདབ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་སྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་དག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་གྲུབ་པར་ཤོག །ཅེས་རྒྱུན་བཤགས་ལན་གསུམ་བརྗོད། སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ཡི། །དུས་འདི་ནས་ནི་བཟུང་ནས་སུ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངཻས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་བསྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་བཟུང་བར་


TNT12_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བཟུང་བར་བགྱི། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ཡང་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བ། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང༌། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་མཆོག །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང༌། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་སྒྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་ལན་གསུམ་གྱིས་སྡོམ་པ་བཟུང༌། སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །འཁོར་ལོ་གསུམ་གྱི་བདག་ཉིད་


TNT12_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །ཀུན་ལ་བདག་ནི་སྐྱབས་སུ་མཆི། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །དཔལ་ལྡན་ཁྲག་འཐུང་སོགས་དཔའ་བོ། །རྣལ་འབྱོར་མ་དང་སྣང་མཛད་སོགས། །བྱང་ཆུབ་སེམས་དཔའ་དཔག་མེད་པ། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་ནི་དུས་འདི་ནས་བཟུང་སྟེ། །ཇི་སྲིད་གཉིས་མེད་ལ་གནས་པར། །དེ་ཡི་ཚངས་སྤྱོད་གཉིས་མེད་པ། །ཉི་ཤུ་རྩ་གཉིས་ལེགས་པར་བསྲུང༌། །ཞེས་ལན་གསུམ་གྱིས་ཐུན་མོང་མ་ཡིན་པའི་སྡོམ་པ་བཟུང༌། ཨོཾ་ཙཀྵུཿབནྡྷ་ཝ་ར་ཨ་མ་ན་ཡེ་ཧཱུཾ། ཞེས་མིག་དར་བཏང༌། ཨཱ་ཁཾ་ཝཱི་ར་ཧཱུཾ་གིས་མེ་ཏོག་གཏད། བུམ་ཆུས་སློབ་མ་ལ་གཏོར་ལ་སུཾ་བྷས་བསངས། ཨོཾ་ཨཱཿཧཱུཾ་བདུད་རྩི་སྦྱིན། བུ་ཁྱོད་སུ་ཡིན་གང་ལ་དགའ་ཞེས་དྲི། སྐལ་བཟང་བདག་བདེ་བ་ཆེན་པོ་ལའོ། །ཞེས་རྗེས་བཟློས་བྱ། དེ་ཡིས་བུ་ལ་ཅི་ཞིག་བྱ། ཞེས་དྲི། སངས་རྒྱས་མཆོག་གི་དམ་ཚིག་གོ །ཞེས་རྗེས་བཟློས་བྱ། སློབ་མའི་སྙིང་ཁར་ཟླ་བ་ལ་རྡོ་རྗེ་དཀར་པོ་བསྒོམ་དུ་བཅུག་ནས། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ད་ཡཱ་མི། ཞེས་རྗེས་བཟློས་བྱར་བཅུག །རྡོ་རྗེ་སྙིང་ཁར་གཏུགས་པས་བརྟན་པར་བྱས་པར་བསྒོམས་ཤིག་བྱས་ལ། སློབ་


TNT12_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

མའི་སྙིང་ཁར་རྡོ་རྗེ་གཏུགས་ལ། སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿསིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། རྡོ་རྗེ་སྤྱི་བོར་བཞག་ལ། དེང་ཁྱོད་རྡོ་རྗེ་རྣལ་འབྱོར་མའི་རིགས་སུ་ཞུགས་ཀྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་དམ་པ་འདི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་སྟེ། མ་དད་པ་རྣམས་ལ་ཡང་མ་ཡིན་ནོ། །ཞེས་གསང་བར་གདམས། ཛཿཧཱུཾ་བཾ་ཧོཿ ཞེས་པས་ཡོལ་བའི་ནང་དུ་བཅུག །ཡེ་ཤེས་དབབ་པ་ཞུ་བའི་ཡོན་དུ་མཎྜལ་འབུལ། ཡེ་ཤེས་དབབ་པའི་དོན་དུ་མོས་པ་འདི་བཞིན་མཛོད་བྱས་ལ། མདུན་བསྐྱེད་བཅོམ་ལྡན་འདས་མའི་ཐུགས་ཀའི་བཾ་ཡིག་ལས་འོད་བྱུང༌། ཁྱེད་རང་གི་ལྟེ་བར་ཐིམ། འོད་འདུས་པ་ལས་ཆོས་འབྱུང་ཉིས་བརྩེགས་བཾ་ཡིག་ཟླ་བ་སྔགས་འཕྲེང་དང་བཅས་པ་ལས་འོད་འཕྲོས། ཁྱེད་རང་གི་ལུས་ཐམས་ཅད་གང༌། འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བསྲེགས་སྦྱངས། ལུས་འོད་ཀྱི་གོང་བུར་གྱུར་པའི་སྐད་ཅིག་ལས་རང་ཉིད་རྡོ་རྗེ་རྣལ་འབྱོར་མ་སྣ་ཚོགས་པདྨ་ཉི་མ་འཇིགས་བྱེད་དུས་མཚན་གྱི་གདན་ལ་གཡས་བརྐྱང་བས་བཞུགས་པ། སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། གྲི་གུག་དང་ཐོད་པ་ཁ་ཊཱཾ་ག་བསྣམས་པ། རུས་པ་དང༌། མི་མགོའི་འཕྲེང་བས་བརྒྱན་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་གནས་རྣམས་སུ། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་


TNT12_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཾ་ཧཾ་ཡོཾ་ཧྲིཾ་མོཾ་ཧྲེཾ་ཧྲིཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། རྣམས་གསལ་བཏབ་ལ་རྗེས་བཟློས་མཛོད། བླ་མ་དང་རྡོ་རྗེ་རྣལ་འབྱོར་མ་གཉིས་སུ་མ་མཆིས་པས་བདག་ལ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པའི་དངོས་གྲུབ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩལ་ཞིང་བརྟན་པར་མཛད་དུ་གསོལ། ལན་གསུམ། དེ་ནས་ཏིང་ལོ་སློབ་མའི་ཁར་སྦྱིན་ལ། མདུན་བསྐྱེད་བཅོམ་ལྡན་འདས་མའི་ཐུགས་ཀའི་བཾ་ཡིག་ལས་ངོ་བོ་རྡོ་རྗེ་རྣལ་འབྱོར་མ། རྣམ་པ་མུན་སེལ་གྱི་ཏིང་ལོ་འོད་གསལ་བ་བྱུང༌། ཁྱེད་རང་གི་ཁ་སྒོ་ནས་ཞུགས། དབུ་མའི་ལམ་ནས་རྒྱུད། ལྟེ་བའི་བཾ་ཡིག་དང་རོ་གཅིག་ཏུ་འདྲེས་པ་ལས། ནང་གི་རྣལ་འབྱོར་མ་མཚོན་གང་བར་འགྱུར། དེས་བདེ་བ་ཆེན་པོའི་གར་མཛད། ཆོས་འབྱུང་གི་གྲྭ་བཞིར་དགའ་བ་འཁྱིལ་བ་བཞི་གཡོན་དུ་འཁོར། སྨིན་མཚམས་དང་གསང་སྒོར་ཡང་དགའ་བ་འཁྱིལ་བ་གཡོན་དུ་འཁོར། ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མའི་རྣམ་པར་བྱོན་ནས། ཁྱེད་རང་ལ་ཐིམ་པས་རང་གི་ལུས་ངག་ཡིད་གསུམ་རྡོ་རྗེ་རྣལ་འབྱོར་མའི་སྐུ་གསུང་ཐུགས་ཀྱི་ངོ་བོ་དམ་པར་བྱིན་གྱིས་བརླབས། རོལ་ཆེན་བྱ། ཨོཾ་གསུམ་མ་བརྗོད། ཨོཾ་བཛྲ་ཨཱ་བེ་ཤ་ཨཿ ཡེ་ཤེས་ཕབ་པའི་རྒྱུན་དེ་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་པས་བརྟན་པར་མོས་མཛོད། ཏིཥྛ་བཛྲ་ལན་གཉིས། མདུན་


TNT12_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་རྡོ་རྗེ་རྣལ་འབྱཽར་མའི་སྐུ་ལ་མེ་ཏོག་ཕུལ་བར་མོས་ལ། མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་བཟློས་གྱིས་བྱས་ལ། ཨོཾ་པྲ་ཏཱིཙྪ་བཛྲ་ཧོཿ སླར་ཡང་མེ་ཏོག་དེ་ཉིད་རང་གི་སྤྱི་བོར་བཅིང་པར་མོས་ཤིག་བྱས་ལ། ཨོཾ་པྲ་ཏི་གྲིཧྞ་ཏྭཾ་ཨི་མཾ་སཏྭ་མཧཱ་བ་ལ། རྣལ་འབྱོར་མ་དཔལ་དང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་བ་ཡང༌། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཏྲ་ལཾ་ཧྲི་ཏྲཾ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་པ་ཐམས་ཅད་མངོན་སུམ་བཞིན་དུ་གསལ་བར་གྱུར། དབང་གི་དངོས་གཞི་ཞུ་བའི་ཡོན་དུ་མཎྜལ་ཕུལ། རྣལ་འབྱོར་མ་དཔལ་དབང་བསྐུར་བ། །འགྲོ་བ་སྐྱོབ་པའི་གཟི་བརྗིད་ཅན། །ཇི་ལྟར་ཡོན་ཏན་འབྱུང་གནས་སྩལ། །དེ་བཞིན་བདག་ལ་དེང་སྩོལ་ཅིག །ཅེས་ལན་གསུམ་རྗེས་བཟློས་ཀྱི་གསོལ་བ་བཏབ། རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། ཁྱེད་རང་རྣམས་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་སྟེང་དུ། གདུགས་དཀར་པོ་མཐའ་བསྐོར་དུ་མཆོད་པའི་སྤྲིན་གྱི་ཕུང་པོས་ས་དང་བར་སྣང་ཐམས་ཅད་གང་བར་གྱུར། མདུན་བསྐྱེད་བཅོམ་ལྡན་འདས་མའི་ཐུགས་ཀ་ནས་དབང་གི་ལྷ་སྤྲུལ་ཏེ། དབང་བསྐུར་བའི་ལས་མཛད་པར་མོས་ཤིག་བྱས་ལ། བུམ་པ་བཟུང༌། མེ་ཏོག་འཐོར་ཞིང༌། ཧེ་རུ་ཀ་དཔལ་འབར་བའི་སྐུ་མངའ་བ། །ཧ་ཧའི་གད་མོས་ས་གསུམ་གཡོ་བར་མཛད། ཧཱུཾ་ཧཱུཾ་ཕཊ་ཀྱིས་བདུད་ཀྱི་ཀླད་པ་འགེམས། །བདེ་མཆོག་


TNT12_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོའི་བཀྲ་ཤིས་དེང་འདིར་སྩོལ། །ཨེ་ཝཾ་མཉམ་པར་སྦྱར་བ་བདེ་བའི་སྐུ། །ཨཱ་ལི་ཀཱ་ལི་རོལ་བའི་གསུང་མངའ་ཞིང༌། །ཨཾགི་ངོ་བོ་སོན་པའི་ཐུགས་མངའ་བའི། །ཤེས་རབ་ཕག་མོའི་བཀྲ་ཤིས་དེང་འདིར་སྩོལ། །ཅེས་ཤིས་པ་བརྗོད། དབང་ལྷ་ལ་གསོལ་བ་འདེབས་པ་འདིའི་རྗེས་བཟློས་མཛོད་བྱས་ལ། དེ་བཞིན་གཤེགས་པ་ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། དེ་ནས་དབང་གི་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱི་ནས། དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཨོཾ་ཙཀྲ་ཝཱི་ར་སྟྭཾ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་ཆུ་དབང་བསྐུར། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནི་ཡེ། བཛྲ་ཝརྞ་ནཱི་ཡེ། མཧཱ་མུ་ཀུ་ཊ་ཧོ། ཨོཾ་བཛྲི་བྷ་ཝ་ཨ་ཥིཉྩ་ཧཱུཾ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས། རང་གི་སྤྱི་བོའི་གཙུག་ཏུ་རྣམ་པར་སྣང་མཛད། དཔྲལ་བར་མི་བསྐྱོད་པ། རྣ་བ་གཡས་པར་རིན་ཆེན་འབྱུང་ལྡན། ལྟག་པར་འོད་དཔག་མེད། རྣ་བར་གཡོན་པར་དོན་ཡོད་གྲུབ་པ་རྣམས་ཀྱིས་དབུ་རྒྱན། དེ་ནས་བརྟན་བཞུགས་སུ་གསོལ་བའི་མོས་པ་གྱིས་བྱས་ལ། རོལ་ཆེན་དང་བཅས་སློབ་མ་ལ་མེ་ཏོག་གཏོར་ལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། ཞེས་བརྗོད། དེ་ནས་བཟླས་ལུང་ནི། མདུན་བསྐྱེད་བཅོམ་ལྡན་འདས་མའི་ཐུགས་ཁའི་བཾ་ཡིག་ལས་སྔགས་


TNT12_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་འཕྲེང་བ་བྱུང༌། ཁྱེད་རང་གི་ཁ་སྒོ་ནས་ཞུགས། སྙིང་ཁའི་གཟུངས་སྔགས་ལ་ཐིམ་པས་སྔགས་ནུས་པ་མཐུ་དང་ལྡན་པར་བྱིན་གྱིས་བརླབ་པར་མོས་ལ་འདིའི་རྗེས་བཟློས་མཛོད་བྱས་ལ། ཨོཾ་གསུམ་མ་ལན་གསུམ་བརྗོད། དམ་བཅའ་བའི་ལུང་འདིའི་རྗེས་བཟློས་མཛོད་བྱས་ལ། བླ་མ་དང༌། རྡོ་རྗེ་རྣལ་འབྱོར་མ་གཉིས་སུ་མ་མཆིས་པ་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙྀང་པོ་ལ་མཆིས་ཀྱི་བར་དུ་རྡོ་རྗེ་རྣལ་འབྱོར་མ་ཡི་དམ་གྱི་ལྷར་བཟུང་ནས། དེའི་གཟུངས་སྔགས་ཉིན་རེ་ལ་ཅི་ནུས་བཟླ་བར་དམ་འཆའ་ལགས་སོ། །སློབ་དཔོན་ལ་མེ་ཏོག་གཏོར་ལ་འདིའི་རྗེས་བཟློས་མཛོད། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །མེ་ཏོག་དེ་ཉིད་སླར་ཡང་ཁྱེད་རང་རྣམ་པའི་སྤྱི་བོར་གཏོར་བས་སྔགས་འཕྲེང་གི་རྣམ་པས་སྙིང་ཁར་ཐིམ་སྟེ། རྒྱུད་བྱིན་གྱིས་བརླབས་པར་མོས་མཛོད་བྱས་ལ། མེ་ཏོག་སློབ་མའི་སྤྱི་བོ་དང་སྙིང་ཁར་གཏོར་ཏེ། སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རིག་པ་འཛིན་པ་ཁྱེད་ཀྱི་རྒྱུད་ལ་རྡོ་རྗེ་རྣལ་འབྱོར་མའི་གསུང་རིག་སྔགས་ཀྱི་བྱིན་རླབས་དང༌། ནུས་མཐུ་མ་ལུས་པ་ཡོངས་སུ་འཇུག་པར་གྱུར་ཅིག །ཅེས་བརྗོད་དོ། །དེས་བུམ་དབང་ཐོབ་པས་བསྐྱེད་རིམ་སྒོམ་པ་ལ་དབང་བར་བྱས་སོ། །མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་ཐམས་


TNT12_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་སྤྱན་དྲངས། ཞལ་དུ་ཞུགས་བྱང་ཆུབ་ཀྱི་སེམས་སུ་ཞུ། གསང་བ་ནས་ཐོན། ཀ་པཱ་ལའི་བདུད་རྩི་དང་འདྲེས། དེ་ཉིད་ལྕེ་ཐོག་ཏུ་བཞག་པར་མོས་ཤིག །ཅེས་ཨོཾ་གསུམ་མའི་མཐར་འབྲུ་གསུམ་བརྗོད་ཅིང༌། དཀྱིལ་འཁོར་གྱི་ནང་མཆོད་ནས་བླངས་ལ་སློབ་མ་ལ་སྦྱིན། དེས་གསང་དབང་ཐོབ་པས། ལམ་རང་ལུས་ལ་བརྟེན་ནས་རྩ་དབུ་མ་ཁ་དབྱེ་བའི་ཐབས་སྒོམ་པ་ལ་དབང་ངོ༌། །དེ་ནས་སིནྡྷུ་རའི་དཀྱིལ་འཁོར་ལས་སིནྡྷཱུ་ར་སློབ་དཔོན་གྱི་འཐེབ་སྲིན་གཡོན་པས་བླངས་ལ། སློབ་མའི་དཔྲལ་བ། མགྲིན་པ། སྙིང་ཁ། ལྟེ་བ་རྣམས་སུ་བྱུགས། འབྲུ་གསུམ་བརྗོད། དེ་ལྟར་གནས་བཞི་བྱིན་གྱིས་བརླབས་པའི་རྐྱེན་གྱིས་ལྟེ་བའི་གཏུམ་མོ་འབར། སྤྱི་བོའི་ཧཾ་ཡིག་ཞུ་བས། དགའ་བ་བཞིའི་ཡེ་ཤེས་སྐྱེས་པར་མོས་ལ། སྔགས་དང་ཕྱག་རྒྱ་འདིའི་རྗེས་བཟློས་གྱིས། ཞེས་བརྗོད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ར་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པ་དང་འཁྱུད་རྒྱ་བྱར་བཅུག །དེས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ་པས་ཕོ་ཉའི་ལམ་སྒོམ་པ་ལ་དབང་བ་ཡིན་ནོ། །དེ་ལྟ་བུའི་ཞུ་བདེ་དེ་ཉིད་དཔེར་བྱས་ཏེ། དོན་རང་སེམས་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པའི་དོན་སྒོམ་པ་ནི་བཞི་པའི་ཡེ་ཤེས་ཏེ། དངོས་པོ་མེད་པའི་ཆོས་ཉིད་ཆོས། །ནམ་མཁའ་ལྟ་བུར་དྲི་མ་མེད། །སྟོང་ཉིད་ཡེ་ཤེས་རྡོ་རྗེ་ཡི། །སྟོང་པ་ཉིད་ནི་རྣམ་པར་སྒོམ། །ཞེས་པ་ཡིན་པས་སྤྲོས་བྲལ་བདེ་སྟོང་ལ་ཅུང་ཟད་མཉམ་པར་ཞོག་མཛོད། དེ་ནི་དབང་བཞི་པ་སྟེ། ལམ་དེ་ཁོ་ན་ཉིད་དངོས་སུ་སྒོམ་པ་


TNT12_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དབང་ངོ༌། །དེ་ནས་རྗེས་ནི་སློབ་མས། གཙོ་བོས་ཇི་ལྟར་བཀའ་སྩལ་བ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་ལན་གསུམ་དང༌། ཨོཾ་བཛྲ་བྷུ་མི་ཨཱཿཧཱུཾ་ནས། བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོ་གཉིས་སུ་མ་མཆིས་པ་ལ་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་ཐོབ་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཅེས་མཎྜལ་འབུལ། དེང་ནས་བརྩམས་ཏེ་བདག་བྲན་དུ། ཁྱེད་ལ་བདག་ནི་འབུལ་ལགས་ཀྱི། ཁྱེད་ཀྱིས་སློབ་མར་བཟུང་བ་དང༌། །ཆ་ཤས་ཀྱིས་ཀྱང་སྤྱད་དུ་གསོལ། །ཅེས་ཡོན་འབུལ་ལོ། །ཚོགས་འཁོར་གྱི་བྱ་བ་ནི། བདག་འཇུག་གི་སྔ་ཕྱི་གཉིས་དང༌། སྐབས་འདི་གསུམ་གང་ལ་བྱས་ཀྱང་རུང་བ་ལས། དང་པོ་གཉིས་ལྟར་གཙོ་ཆེ་ནའང༌། དེང་སང་ཕྱི་མ་ལྟར་མཛད་དོ། །ལྷག་གཏོར་དང༌། འཇིག་རྟེན་པའི་གཏོར་མ་དུས་གཅིག་ལ་གཏོང༌། དེ་ནས་རྗེས་ཆོག་ནི་མཆོད་པ་རྣམས་ཁ་གསོས་ལ་བསངས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ༌། ཞེས་པ་ནས། དེ་སྙེད་རྣམས་ལ་ཕྱག་འཚལ་ལོ། །ཞེས་པའི་བར་བུམ་བསྐྱེད་ལྟར་མཆོད་བསྟོད་རྣམས་བྱེད། བཅོམ་ལྡན་འདས་མས་བདག་གི་སྡིག་པ་དང༌། སྒྲིབ་པ་དང༌། དམ་ཚིག་ཉམས་ཆགས་ཐམས་ཅད་རྩ་བ་ནས་བྱང་ཞིང་དག་པར་མཛད་དུ་གསོལ། ཚེ་དང༌། བསོད་ནམས་དང༌། འབྱོར་པ་དང༌། དབང་ཕྱུག་ཕུན་སུམ་ཚོགས་པར་བྱིན་གྱིས་བརླབ་ཏུ་གསོལ།


TNT12_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་དང༌། འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་ཚེ་འདི་ཉིད་ལ་སྩལ་དུ་གསོལ། གལ་ཏེ་ཚེ་འདིར་འགྲུབ་པའི་སྐལ་བ་མེད་ན། འཆི་ཚེ་མཁའ་སྤྱོད་ཀྱི་གནས་སུ་འཁྲིད་པ་དང༌། མཐར་ཐུག་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་འདོད་དོན་ཞུ། དེ་ནས་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་པ་ནི། དུས་གསུམ་རྒྱལ་བའི་གཉིས་མེད་ཡེ་ཤེས་སྐུ། །འགྲོ་ལ་བརྩེ་བས་རྗེས་ཆགས་ལྷ་མོའི་སྐུར། །སྟོན་མཛད་རྡོ་རྗེ་ཕག་མོ་རྣལ་འབྱོར་མ། །དཔའ་བོ་དཔའ་མོའི་ཚོགས་བཅས་དགོངས་སུ་གསོལ། །བདག་ཅག་འཁྲུལ་བས་སྔོན་བསགས་སྡིག་ཀུན་དང༌། །སྡོམ་པ་གསུམ་དང་འགལ་བ་གང་བགྱིས་པ། །རྡོ་རྗེ་བཙུན་མོའི་དྲུང་དུ་མཐོལ་ལོ་བཤགས། །འགྱོད་ཅིང་སླན་ཆད་སྡོམ་པར་བགྱིད་ལགས་སོ། །རིགས་ལྔའི་དམ་ཚིག་ཚུལ་བཞིན་མ་བསྒྲུབས་དང༌། །རྩ་བའི་ལྟུང་བ་བཅུ་བཞིས་གོས་པ་དང༌། །སྦོམ་པོ་བརྒྱད་སོགས་ཉེས་པ་གང་ལགས་པ། །དྲི་བྲལ་ལྷ་མོའི་སྤྱན་སྔར་མཐོལ་ལོ་བཤགས། །ཐུན་བཞིའི་བསྟན་འཛིན་ཆག་གམ་ནོར་བ་དང༌། །བཟླས་པའི་བྱ་བ་འཁྲུལ་དང་ཆོ་ག་ཉམས། །གུས་པ་ལྷོད་དང་རྣམ་གཡེངས་དབང་གྱུར་དང༌། །ཉོན་མོངས་དྲག་པོའི་དབང་གྱུར་མཐོལ༴ །རྒྱུན་དང་ཁྱད་པར་གཟའ་བའི་དམ་ཚིག་ལ། །ངན་པར་རྟོག་དང་བརྙས་དང་འགོམ་


TNT12_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། །ཚེས་བཅུའི་མཆོད་དང་འཁོར་ལོའི་མཆོད་པ་སོགས། །ངན་ཅིང་དུས་སུ་མ་མཐོང་༴ །ཕྱག་རྒྱ་གཞོན་པ་མཚོན་ཆ་མཚན་མ་དང༌། །ལྷག་མ་འགོམ་དང་དམ་ཅན་ལྷ་ཚོགས་བརྙས། །སྔགས་དང་ལྷ་དང་རྒྱུད་ཚིག་དྲི་མེད་ལ། །ཀྱལ་ཀ་བྱས་སོགས་ནོངས་པ༴ །ཤེས་རབ་རིགས་ལ་སྨད་དང་བརྡེག་པ་དང༌། །བསྐོར་དང་ཕྱག་འཚལ་ལ་སོགས་མ་འགྲུབ་དང༌། མ་དད་ཉོན་མོངས་རང་དགར་ཆགས་པ་དང༌། །རང་གཞན་བདེ་ཆེན་རྒྱུ་ཉམས༴ །རྡོ་རྗེ་རྣམ་པ་གསུམ་གྱི་དམ་ཚིག་དང༌། །ཐུན་མོང་མ་ཡིན་དམ་ཚིག་བརྒྱད་པོ་དང༌། །དགོངས་ཏེ་གསུངས་པའི་དམ་ཚིག་རྣམ་བཞི་དང༌། །འགལ་བར་གྱུར་པ་ཐམས་ཅད༴ །སྣོད་མ་ཡིན་ལ་གསང་བ་བསྒྲགས་པ་དང༌། །དབང་བསྐུར་བྱིན་རླབས་རིགས་སྔགས་སྦྱིན་པ་དང༌། །འོས་མིན་འཕྲིན་ལས་གསོལ་དང་གནས་མིན་པར། །སྔགས་རྒྱུད་སྦྱོར་བ་བྱས་སོགས་མཐོལ་ལོ་བཤགས། །བཤགས་དང་བཤགས་བྱ་བཤགས་པར་བྱེད་པོ་བྲལ། །འཛིན་པ་དག་ཕྱིར་དག་ཚངས་ཕུལ་བས་ཀྱང༌། །སྒྲིབ་གཉིས་རང་བཞིན་གདོད་ནས་རྣམ་དག་པའི། །གནས་ལུགས་རྟོགས་ནས་སངས་རྒྱས་ཐོབ་པར་ཤོག །ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ཞེས་སོགས་ཧེ་རུ་ཀའི་ཡི་གེ་བརྒྱ་པ་ལན་གསུམ་བརྗོད་ལ། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་


TNT12_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །བདག་ཅག་ལས་དང་པོ་པའི་རྟེན་གྱི་གང་ཟག་ཏུ་གྱུར་པས་སེམས་སྒྲིབ་པ་དང་ལྡན་པ་དང༌། ཡོ་བྱད་མ་ཚང་བ་དང༌། ཏིང་ངེ་འཛིན་མི་གསལ་བ་དང༌། སྔགས་མ་དག་དང༌། ཆོ་ག་ལྷག་པ་དང་ཆད་པ་ཐམས་ཅད་ལྷག་ཆད་ཁ་བསྐང་ཞིང༌། བདག་ཅག་གི་ལམ་དང་དངོས་གྲུབ་ཀྱི་བར་ཆད་དུ་མི་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་བཟོད་པར་གསོལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུ་རྡོ་རྗེ་རྣལ་འབྱོར་མའི་རྟེན་སྐུ་འདི་ཉིད་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་ཐམས་ཅད་འབྱུང་བ་བཞིའི་གནོད་པ་མ་བྱུང་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་དང་སེམས་ཅན་ཐམས་ཅད་ཀྱི་མགོན་དང་སྐྱབས་དང༌། དཔུང་གཉེན་དམ་པ་མཛད་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། ཞེས་བརྟན་བཞུགས་བྱ། ཁྱོད་ཀྱི་སེམས་ཅན་དོན་ཀུན་མཛད། །སོགས་སིན་དྷུ་རའི་ཡེ་ཤེས་པ་གཤེགས། རང་ཉིད་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་གནས་རྣམས་སུ། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཨོཾ་བཾ། ཧཾ་ཡོཾ། ཧྲིཾ་མོཾ།


TNT12_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲེཾ་ཧྲིཾ། ཧཱུཾ་ཧཱུཾ་ཕཊ་ཕཊ། སུམྦྷ་ལན་གཉིས་ཀྱི། ཚམས་རྔམ་སྔགས་ཀྱི་བསྲུང་བ་བྱེད་དོ། །དེ་ནས་སྤྱོད་ལམ་གྱི་རྣལ་འབྱོར་ནི། བདག་དང་སྣང་བའི་དངོས་པོ་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མའི་སྐུའི་རང་བཞིན་ཨོཾ་གསུམ་མ་ཚར་གཅིག་བརྗོད་ནས། བརྗོད་པ་དང་གྲག་པའི་སྒྲ་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མའི་གསུང་གི་རང་བཞིན། དྲན་རིག་རྣམ་པར་རྟོག་པ་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མའི་ཐུགས་ཡེ་ཤེས་ཆེན་པོའི་ཆོ་འཕྲུལ་དུ་རྣམ་པར་དག་པ་ཡིན་ནོ། །དེ་ནས་སྨོན་ལམ་ནི། བདག་གི་དུས་གསུམ་དགེ་བ་ཅི་སྤྱད་པས། །ནམ་མཁའི་མཐའ་ཀླས་གྱུར་བའི་སེམས་ཅན་རྣམས། །བླ་མེད་རྡོ་རྗེ་ཐེག་པའི་སྣོད་གྱུར་ཏེ། །ཀུན་ཀྱང་རྡོ་རྗེ་འཛིན་པ་ཉིད་གྱུར་ཅིག །སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །བློ་ལྡན་རིགས་བཟང་ང་རྒྱལ་མེད་པ་དང༌། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་བརྟན། །རྡོ་རྗེ་ཕག་མོ་དམ་ཚིག་ལ་གནས་ཤོག །རྡོ་རྗེ་དྲིལ་བུ་ལ་སོགས་རྟག་ཏུ་འཆང༌། །ཟབ་ཅིང་རྒྱ་ཆེའི་ཆོས་དོན་རྟོགས་པ་དང༌། །གོ་ཀུ་ཤུ་ཀྲ་ལ་སོགས་རྟག་བཟའ་ཞིང༌། །མཐར་ཐུག་བདེ་ཆེན་སྒྲུབ་པའི་སྐལ་ལྡན་ཤོག །བདེ་གཤེགས་སྤྱན་སྔར་གནས་གསུམ་མཁའ་འགྲོ་ཡི། །དམ་བཅས་བསྲུང་ཞིང་དངོས་གྲུབ་མཆོག་སྩོལ་བར། །ཐུགས་དམ་བཅས་ཤིང་རྟག་བསྲུང་དངོས་གྲུབ་ནི། །རྣམ་གསུམ་ཚེ་འདི་ཉིད་ལ་ཐོབ་པར་ཤོག །ལྷ་མོ་ཚད་མ་ནས། རྒྱུར་གྱུར་ཅིག །ཅེས་སྨོན་ལམ་བཏབ། དེ་ནས་རྩ་བརྒྱུད་


TNT12_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བླ་མ་ལ་གསོལ་བ་འདེབས་པ་ནི། ཆོས་ཀུན་གདོད་ནས་རྣམ་དག་ངོ་བོ་ཉིད། །དང་པོའི་སངས་རྒྱས་བདེ་ཆེན་ལྷན་ཅིག་སྐྱེས། །དུས་གསུམ་རྒྱལ་བ་ཀུན་གྱི་སྤྱི་ཡི་གཟུགས། །རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས། །སངས་རྒྱས་ཀུན་དངོས་ཁྱབ་བདག་རྡོ་རྗེ་འཆང༌། །གདུལ་དཀའ་འདུལ་མཛད་དཔལ་ལྡན་ཧེ་རུ་ཀ །ཤེས་རབ་རང་བཞིན་རྡོ་རྗེ་རྣལ་འབྱོར་མ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རིམ་ལྔའི་ལམ་ལས་མཆོག་བརྙེས་དྲིལ་བུ་པ། །རིག་པའི་བརྟུལ་ཞུགས་ལེགས་སྤྱོད་ཌེཾ་གི་པ། །མུ་སྟེགས་འདུལ་མཛད་བར་མའི་སློབ་དཔོན་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །འཁོར་འདས་རོ་མཉམ་རྣལ་འབྱོར་ཏིལླི་པ། །དྲེགས་ལྡན་ཆེ་དགུའི་གཙུག་རྒྱན་ནཱ་རོ་པ། །གྲགས་པ་ནམ་མཁའི་མཐར་སོན་ཨ་དེས་པ། །གསོལ་བ༴ །བློ་ལྡན་དམ་པ་ཀློག་སྐྱ་ཤེས་རབ་བརྩེགས། །སློབ་དཔོན་མཆོག་གིས་རྗེས་བཟུང་སྒྲ་བསྒྱུར་མལ། །མཐུ་སྟོབས་མགོན་པོས་བྱིན་རླབས་ས་སྐྱ་པ། །གསོལ་བ༴ །གསང་སྔགས་རྒྱུད་སྡེའི་མཐར་སོན་རྗེ་བཙུན་མཆེད། །གནས་ལྔ་རིག་པའི་མཐར་ཐུག་ཀུན་དགའི་མཚོན། །དམ་ཆོས་འཁོར་ལོས་སྒྱུར་བ་འཕགས་པའི་ཞབས། །གསོལ་བ༴ །མཐའ་ཡས་གདམས་པའི་མངའ་བདག་དཀོན་མཆོག་དཔལ། །རིམ་གཉིས་ཏིང་འཛིན་བསྟན་པའི་བྲག་ཕུག་པ། །བསོད་


TNT12_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་རྒྱལ་མཚན་འགྲོ་བའི་འདྲེན་པ་མཆོག །གསོལ་བ༴། ཆོས་བཞིན་ལྷུར་མཛད་དཔལ་ལྡན་ཚུལ་ཁྲིམས་དང༌། །ཡེ་ཤེས་རྒྱལ་མཚན་ཡོན་ཏན་མང་པོས་བརྒྱན། །འགྲོ་ཀུན་དགའ་བའི་འཕྲིན་ལས་བཟང་པོ་ཅན། །གསོལ་བ༴ །ཟབ་དོན་རྒྱ་མཚོའི་མངའ་བདག་ཤཱཀྱའི་མཚན། །ཐུགས་རྗེའི་དབང་ཕྱུག་གཞོན་ནུ་ཆོས་གྲུབ་ཞབས། །གཉིས་འཛིན་འཁྲུལ་བ་སྤངས་པའི་གྲོལ་མཆོག་རྗེ། །གསོལ་བ༴ །ཡང་ཆོས་རྗེ་བླ་མའི་རྗེས་སུ། ཆོས་བཞིན་སྤྱོད་མཛད་མཆོད་རྟེན་དཀར་པོ་བ། །སངས་རྒྱས་བསྟན་པའི་རྒྱལ་མཚན་ཚུལ་ཁྲིམས་འཛིན། །བློ་གྲོས་ཆོས་སྐྱོང་རྡོ་རྗེ་འཛིན་པའི་གཙོ། །གསོལ་བ༴ །ཟབ་དོན་རྒྱ་མཚོའི་སོགས་གོང་བཞིན། མཁྱེན་བརྩེའི་རང་བཞིན་ཀུན་དགའ་རྒྱལ་མཚན་ཞབས། །ཆོས་ཀུན་བདག་པོ་རྩ་བའི་བླ་མ་སྟེ། །རྩ་བ་བརྒྱུད་པའི་བླ་མ་ཐམས་ཅད་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཐུབ་པའི་བསྟན་ལ་རྣམ་དག་བསླབ་པ་གསུམ། །ལེགས་མནོས་རྩེ་གཅིག་སྒྲུབ་ལ་བརྩོན་པ་དང༌། །བྱང་ཆུབ་སེམས་བསྐྱེད་ཕ་རོལ་ཕྱིན་དྲུག་སོགས། །ཐེག་མཆོག་ལམ་ལ་འཇུག་པར་བྱིན་གྱིས་རློབས། ཁྱད་པར་གསང་བའི་ཐེག་པ་བླ་མེད་དུ། །དབང་བཞིས་སྨིན་བྱས་རྣམ་དག་དམ་ཚིག་བསྲུང༌། །རྡོ་


TNT12_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་སློབ་དཔོན་མཆོག་དང་ལྷག་པའི་ལྷས། །ཡང་དག་ཡེ་ཤེས་འཕོ་བར༴ །དག་སྣང་ལྷ་ཡི་འཁོར་ལོ་འཇུག་པའི་སྒོ། །ཀུན་རྫོབ་སྣང་ཞེན་སྦྱོང་བའི་ཐབས་ཀྱི་མཆོག །ཟབ་མོ་སྙིང་པོའི་དཀྱིལ་འཁོར་བསྒོམས་པ་ལས། །རབ་འབྱམས་དངོས་གྲུབ་འགྲུབ་པར༴ །སྣ་ཚོགས་སྒྱུ་མའི་འཁྲུལ་འཁོར་བགྲང་ཡས་རྣམས། །དོན་དམ་ལྷན་ཅིག་སྐྱེས་པར་ངེས་བསྡོམས་པ། །བདེ་ཆེན་ཙཎྜ་ལི་དང་མཉམ་སྦྱོར་པའི། །རྫོགས་རིམ་ཡེ་ཤེས་རྟོགས་པར༴ །ལམ་འདི་སྒྲུབ་ལ་བར་ཆད་ཀུན་ཞི་ཞིང༌། །མཐའ་དག་ཉེར་འཚོ་ཕུན་ཚོགས་ཀུན་སྒྲུབ་ནས། །རྡོ་རྗེ་ཕོ་ཉ་གནས་གསུམ་མཁའ་འགྲོ་ཡིས། །ལམ་གྱི་གྲོགས་མཆོག་སྒྲུབ་པར་བྱིན༴ །འཁོར་ལོ་རྣམ་བཞིའི་བགྲོད་པ་རྣམ་དག་ནས། །བཅུ་གཉིས་ས་ཡི་རིམ་པས་ལེགས་བགྲོད་པའི། །སྐུ་བཞི་ཡེ་ཤེས་ལྔ་ལྡན་རྡོ་རྗེ་འཆང༌། །ཚེ་འདི་ཉིད་ལ་འགྲུབ་པར་བྱིན་གྱིས་རློབས། །དེ་ནས་བཀྲ་ཤིས་ནི། བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས་ལས་ལེགས་བྱུང་པའི། །ཧེ་རུ་ཀ་དཔལ་འཇིགས་བྱེད་རྒྱལ་པོ་འབར་བའི་སྐུ། །ཤེས་རབ་ཕག་མོའི་པདྨོར་རྡོ་རྗེ་རོལ་པར་མཛད། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ཆོས་ཀྱི་འབྱུང་གནས་ཉམས་དགའ་བར། །སྣ་ཚོགས་ཆུ་སྐྱེས་ཉིན་བྱེད་གདན་ལ་བདེ་བར་བཞུགས། །རྒྱལ་བ་


TNT12_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལུས་བསྐྱེད་པའི་ཡུམ་མཆོག་རྣལ་འབྱོར་མ། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་གསང་ཆེན་ཟབ་མོའི་དོན་སྟོན་པའི། །མཁའ་འགྲོ་གྲངས་མེད་གསུང་གི་སྙིང་པོ་སུམ་ཅུ་གཉིས། །ས་གསུམ་ཁྱབ་པའི་འོད་ཟེར་བྱེ་བའི་འཕྲོ་འདུ་ཅན། །བདེན་པ༴ །བཀྲ་ཤིས་གང་ཞིག་འགྱུར་མེད་ལྷུན་གྱིས་གྲུབ་པའི་དབྱིངས། ཁམས་གསུམ་ཀུན་ལ་བདེ་བ་ཆེན་པོས་ཁྱབ་པའི་ཐུགས། །ཚད་མེད་ཡོན་ཏན་འཕྲིན་ལས་ཚོགས་ཀྱི་ཉེར་འབར་མ། །བདེན་པ་དེས་ཀྱང་༴ །བཀྲ་ཤིས་གང་ཞིག་ཞིང་སྐྱོང་མ་མོའི་ཚོགས་རྣམས་ཀྱིས། །བདུད་དང་བགེགས་འཇོམས་ཞི་རྒྱས་དབང་གི་ལས་མཛད་ཅིང༌། །བསྲུང་བའི་འཁོར་ལོ་རྒྱ་ཆེན་རྟག་ཏུ་བརྟན་གྱུར་པ། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །དུས་རྒྱུན་གྱི་རྣལ་འབྱོར་ལ་གོང་དུ་བསྟན་པ་རྣམས་དང༌། ཉལ་བ་དང༌། ལྡང་བ་སྟེ། རྣལ་འབྱོར་བཅུ་གཅིག་གིས་ཆོག་གོ །རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ནི། །ཀུན་གྱི་རྩ་བར་རབ་གྲགས་པ། །ལྷན་ཅིག་སྐྱེས་དགའ་ཐོབ་པའི་ཐབས། །སྙིང་པོའི་ཡི་གེ་བླ་ན་མེད། །རྨད་བྱུང་སྡེབ་ལེགས་འོད་བརྒྱའི་རོ་མོ་བཀྲ། །མཆོག་དང་ཐུན་མོང་སྦྲང་རྩིའི་བཅུད་ཀྱི་གནས། །རིམ་གཉིས་གེ་སར་སྙིང་པོ་བཞད་པའི་དཔལ། །མཆོད་ཆོག་འདབ་བརྒྱའི་དགའ་སྟོན་ཅི་ཡང་ཤར། །དེ་ལས་དགེ་བའི་ཆུ་ཀླུང་བརྒྱ། །མཐའ་དག་འགྲོ་ལ་ཉེར་འཚོའི་གཞི། །ལྷན་ཅིག་སྐྱེས་སྐུ་རྒྱ་མཚོ་ཡི། །ཀློང་དུ་བདེ་བར་


TNT12_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

སོན་གྱུར་ཅིག །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྒྲུབ་ཅིང་མཆོད་པའི་ཆོ་ག་ངག་འདོན་འདི་ཡང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྨྲས་པའོ།། །།མངྒ་ལཾ།། །།ཨོཾ་སྭཱ་སྟི། དཔལ་ལྡན་ཀུན་ཁྱབ་ཟུང་འཇུག་ཡེ་ཤེས་ནི། །བརྟན་གཡོ་ཀུན་གྱི་སྲོག་ཏུ་རྟག་བཞུགས་ཀྱང༌། །མ་རྟོགས་འགྲོ་བ་རྣམས་ཀྱི་སྒྲིབ་བསལ་ཕྱིར། །རྡོ་རྗེ་འཛིན་པས་ཆོས་ཚུལ་མཐའ་ཡས་གསུངས། །སྡོམ་པའི་རྒྱུད་རྒྱལ་དངོས་གྲུབ་རླབས་འཕྲེང་འཁྲིགས། །ཟབ་དོན་ནོར་བུའི་ཕུང་པོས་གང་བ་ལས། །རྨད་བྱུང་ཆོ་གའི་སྦྱོར་བ་འདིར་འོངས་པ། །ཆུ་གཏེར་བསྲུབས་ལ་ཟླ་བ་གསར་པ་བཞིན། །གང་ལས་དུས་གསུམ་སངས་རྒྱས་སྲས་བཅས་རྣམས། །བསྐྱེད་མཛད་ཤེས་རབ་ཕ་རོལ་ཕྱིན་མ་ནི། །རྡོ་རྗེ་བཙུན་མོ་འཁོར་ལོའི་དབང་ཕྱུག་མའི། །སྒྲུབ་ཐབས་མཆོད་ཆོག་རྣམ་པར་དག་པ་འདི། །སྐལ་ལྡན་འགྲོ་ལ་དར་ཞིང་རྒྱས་པའི་ཕྱིར། །བགྲང་ཡས་གླེགས་བམ་སྣང་བརྙན་འབད་མེད་དུ། །སྤེལ་བར་བྱ་ཕྱིར་ལྷག་བསམ་དག་པ་ཡིས། །པར་གྱི་འཕྲུལ་འཁོར་མི་ཟད་ཆོས་སྦྱིན་བསྒྲུབས། །པར་ཡིག་མཁས་པ་ཨུ་རྒྱན་རྡོ་རྗེ་དང༌། །འདུ་བྱེད་ཕུལ་ཕྱིན་བཀྲ་ཤིས་འབྲུག་རྒྱལ་དང༌། །བསྟན་འཛིན་ཇོ་བོ་བསམ་འགྲུབ་རྣམས་ཡིན་ཏེ། །གང་འདིའི་མཐུན་རྐྱེན་མ་ལུས་སྦྱོར་བ་པོ། །དད་པའི་ནོར་དང་བློ་གྲོས་རྩལ་ལྡན་པའི། །ལྷས་བསྲུང་ཐོག་རྒོད་རྡོ་རྗེ་ཞེས་བྱ་བས། །གཅིག་ཏུ་རྣམ་པར་དཀར་བའི་ལྷག་བསམ་གྱིས། །བསྟན་དང་འགྲོ་ལ་ཕན་ཕྱིར་འབད་པས་བསྒྲུབས། །འདི་ལས་རྒྱ་ཆེན་དགེ་བ་གང་འགྲུབ་པ། །སྲིད་ཞིའི་ལེགས་བྱས་ཀུན་དང་ལྷན་ཅིག་ཏུ། །ཡོངས་སུ་ཞུགས་ལས་མཐའ་དག་འགྲོ་བ་ཀུན། །བླ་མེད་རྒྱལ་པའི་ས་ལ་འཁོད་པར་ཤོག །


TNT12_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདིར་འབད་རྩོལ་འབྲཻལ་པ་ཅན་ཀུན་དང༌། །དགེ་བ་སྒྲུབ་པོ་རང་ཉིད་སྔོན་འགྲོ་བའི། །སྐྱེ་བོ་སྲིད་གསུམ་ལམ་ལ་གནས་པ་ཀུན། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར་དུ་ཡང༌། །ཚེ་རིང་ནད་མེད་ལོངས་སྤྱོད་རྒྱས་པ་དང༌། །བདུད་ཀྱི་ལས་དང་མི་མཐུན་ཕྱོགས་ཀུན་ཞི། །བསམ་དོན་དགེ་བ་ཐམས་ཅད་འགྲུབ་པ་དང༌། །དམ་པའི་ཆོས་ཀྱི་དགའ་སྟོན་འགྱེད་པར་ཤོག །བཀྲ་ཤིས་དཔལ་འབར་འཛམ་གླིང་བརྒྱན་དུ་ཤོག། །།དགེའོ།། །།


no previousརྡོ་རྗེ་རྣལ་འབྱོར་མ་སྒྲུབ་ཅིང་མཆོད་པའི་ཆོ་ག་ངག་འདོན།next