Nitartha Digital Library
Tibetan
 
previousཆོས་རྗེ་མི་ཕམ་མགོན་པོས་དྲི་བ་སྔ་ཕྱི་ཐ་དད་མཛད་པའི་དྲི་ལན་ཐོར་བུའི་སྐོར་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ།next

ཆོས་རྗེ་མི་ཕམ་མགོན་པོས་དྲི་བ་སྔ་ཕྱི་ཐ་དད་མཛད་པའི་དྲི་ལན་ཐོར་བུའི་སྐོར་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ།


TR005_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྗེ་མི་ཕམ་མགོན་པོས་དྲི་བ་སྔ་ཕྱི་ཐ་དད་མཛད་པའི་དྲི་ལན་ཐོར་བུའི་སྐོར་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་བཞུགས་སོ། །


TR005_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། ཤེས་བྱའི་ཆོས་རྣམས་ལ་གཟིིགས་པའི་སྤྱན་ཡངས་པའི་རྣམ་འདྲེན་མི་ཕམ་མགོན་པོས། ཆོས་ཀྱི་དྲི་བ་སྔ་ཕྱི་དུ་མར་མཛད་པའི་ནང་ཚན་ལས་རག་བསྡུས་ཡི་གེར་འཁོད་པའི་ནང་ནས། རེ་ཤིག་ཅིག་ཏུ་གསང་སྔགས་ཀྱི་བསྙེན་སྒྲུབ་གྲངས་ཚད་ཀྱི་དོན་སྐོར་ཞིབ་རྒྱས་ཕེབས་པའི་སྐབས་དོན་གྱི་ལན་དུ་ཕུལ་བ་ནི་


TR005_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིར་གསང་སྔགས་གསར་རྙིང་གི་རྒྱུད་དང་སྒྲུབ་ཐབས་ཕལ་མོ་ཆེར། ཡི་དམ་གང་ཡིན་དེ་ཉིད་ཀྱི་གཙོ་བོའི་བསྙེན་པ་འབུམ་ཕྲག་གཅིག་བཟླ་བའི་ཚེ་ན། འཁོར་གྱི་ལྷ་རེ་རེ་ལ་ཁྲི་ཁྲག་རེ་བཟླ་བར་གསུངས་པ་ནི་སྤྱིར་བཏང་དང་། དམིགས་བསལ་དུ་ནི། བསྐལ་པ་རྫོགས་ལྡན་གྱི་དུས་ན་གང་ཟག་རྣམས་བསོད་ནམས་ཆེ་ཞིང་སྒྲིབ་


TR005_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཤས་ཆུང་བས་བསྙེན་གྲངས་འདི་ཀས་འགྲུབ་པར་གསུངས་མོད་ཀྱི། བསྐལ་པ་མར་འགྲིབ་རྣམས་ལ་རིམ་པས་བསོད་ནམས་ཆུང་ཞིང་སྒྲིབ་ཤས་ཆེ་བའི་དབང་གིས། བསྙེན་ཚད་ཀྱི་གྲངས་གོང་དུ་སྤར་དགོས་ཚུལ་ནི། སྡོམ་འབྱུང་གི་རྒྱུད་དུ། རྫོགས་ལྡན་ལ་ནི་བཟླ་བྱ་གཅིག །ཉེས་འགྱུར་གསུམ་ལྡན་ལ་ནི་བཟླ། གསུམ་འགྱུར་གཉིས་ལྡན་ལ་རབ་བརྗོད། །རྩོད་ལྡན་བཟླས་པ་བཞི་འགྱུར་རོ། །ཞེས་པ་ལྟར་དང་། དེ་ལ་ཡང་སྔགས་ཀྱི་འབྲུ་མང་བའི་རིགས་


TR005_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན་ཡིག་བརྒྱ་ལྟ་བུ་ལ་ནི་སྔགས་དེ་ཉིད་ལན་གྲངས་འབུམ་དུ་བཟླས་པ་ལྟ་བུས་འགྲུབ་ཀྱང་། སྔགས་འབྲུ་ཉུང་བའི་རིགས་ལྷ་རང་རང་གི་རྩ་སྔགས་སམ་ཉེ་སྙིང་ལྟ་བུ་ལ་ནི་འབྲུ་འབུམ་དུ་བཟླ་དགོས་པར་གསུངས་པ་ནི། སངས་རྒྱས་ཐོད་པའི་རྒྱུད་འཕྲེལ་དུ། རྫོགས་ལྡན་དུས་སུ་ཡི་གེ་འབུམ་བཟླས་ཏེ། གསུམ་ལྡན་དུས་སུ་སྔགས་པས་འབུམ་ཕྲག་གཉིས། །གཉིས་ལྡན་དུས་ན་འབུམ་ཕྲག་གསུམ་ཉིད་དང་། །བྱེ་བ་ཕྲག་གསུམ་འབུམ་


TR005_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་རྩོད་དུས་སྦྱར། །ཞེས་སོགས་གསུངས་པ་དང་།། ༈ །ཁྱད་པར་རྙིང་ལུགས་རྣམས་ལས་ནི། །གྲངས་ཀྱི་ཚད། དུས་ཀྱི་ཚད་རྟགས་ཀྱི་ཚད་དང་གསུམ་དུ་གསུངས་ཏེ། རྒྱུད་པད་སྡོང་བརྩེགས་པར། འབྲུ་འབུམ་གྲངས་ཀྱི་བསྙེན་པ་སྟེ། །དུས་ཀྱི་ཚད་ནི་ལོ་གསུམ་ལ། །ཚད་ནི་རྟགས་རྫོགས་བར་དུ་བཟླས། །དེ་ལ་ངེས་མེད་ཤེས་པར་བྱ། །ཞེས་འགྲུབ་པའི་རྟགས་འབྱུང་མྱུར་ཁྱད་ནི་སྒྲིབ་པ་སྲབ་འཐུག་དང་ལས་འཕྲོ་བཟང་ངན་ཁྱད་ཀྱིས་ངེས་མེད་དུ་གསུངས་ལ། གཞན་ཡང་། །ཏིང་འཛིན་རྩེ་གཅིག་ཏུ་བྱེད་མི་བྱེད་ཀྱི་ཁྱད་པར་ཡང་། །གཤིན་རྗེ་གཤེད་ཀྱི་རྒྱུད་ལས། ཏིང་འཛིན་བསམ་གཏན་དག་དང་མི་ལྡན་ན། །གསང་སྔགས་བཟླས་ཀྱང་འགྲུབ་པར་མི་འགྱུར་ཏེ། །གསོ་དཔྱད་བཀླག་པས་ནད་ལ་མི་ཕན་ལྟར། དེ་བས་ཏིང་འཛིན་བསམ་གཏན་


TR005_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

འབད་པ་བཅེས། །ཅེས་གསུངས་མོད་ཅིང་།། ༈ །།སྨྲ་བ་བཅད་མ་བཅད་ཀྱི་ཁྱད་པར་ཡང་། སྨྲ་བཅད་མ་བྱས་པར་ལོ་བདུན་དུ་བཟླས་པ་བྱས་པ་ལས། སྨྲ་བཅད་དང་ལྡན་པས་ཞག་བདུན་བཟླས་པ་བྱས་པ་ཉིད་ཕན་ཡོན་དང་ནུས་པ་ཆེ་བར་གསུངས་སོ།། ༈ །།བཟླ་བྱའི་ངོ་བོ་ཉིད་ལ་དབྱེ་ན། སྤྱི་ཁྱབ་དུ་ནི། གསང་སྔགས། རིགས་སྔགས། གཟུངས་སྔགས་སོགས་ཀྱི་བཟླ་ཚུལ་ཐ་དད་དང་། གསང་སྔགས་ཉིད་ལའང་། ལུས་བཟླས། ངག་བཟླས། ཡིད་བཟླས་རྣམས་དང་།། ༈ །།ཁྱད་པར་བ་ནི། སྤྲོ་བསྡུའི་བཟླས་པ། རྡོ་རྗེའི་བཟླས་པ། འགོག་པའི་བཟླས་པ་སོགས་ཀྱི་བྱེ་བྲག་དང་། གཞན་ཡང་རྙིང་མའི་གཞུང་ལ་ལར་དབང་བཞིའི་དགོངས་པ་དང་མཐུན་པར། ཕྱི་རྩོལ་བཅས་ཚིག་འབྲུའི་སྔགས་དང་། ནང་ལྷུན་གྲུབ་


TR005_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

རང་བྱུང་གི་སྔགས་དང་། གསང་བ་སྐྱེ་མེད་རྡོ་རྗེའི་སྔགས་དང་། དེ་ཁོ་ན་ཉིད་སྤྲོས་བྲལ་བརྗོད་མེད་ཀྱི་སྔགས་སོགས་རྣམས་དབྱེ་ན་མཐའ་ཡས་མོད་ཀྱི། སྐབས་འདིའི་བརྗོད་དོན་གྱི་སྙིང་པོར། །ཡི་དམ་ལྷའི་བཟླས་གྲངས་ཀྱི་འབུམ་ཕྲག་མན་དང་། དུང་ཕྱུར་ཡན་ལ་ནི། ཐམས་ཅད་དགོངས་བཞེད་མཐུན་ཀྱང་། བྱེ་བ་དང་ས་ཡ་གཉིས་སྔ་རྟིང་འདྲེན་ལུགས་མི་མཐུན་པའི་ཚུལ་ལ་དྲི་བ་གནང་བ་ཤིན་ཏུ་ཐུགས་བདེན་པར་མཆིས་ཏེ། འདི་ལ་ཡང་སྤྱི་དང་ཁྱད་པར་གཉིས་ཀྱི། སྤྱིར་ནི། རྒྱལ་བའི་བཀའ་ཉིད་དཔང་པོར་བཞག་དགོས་ཚེ། རྒྱ་ཆེར་རོལ་པ་དང་ཕལ་ཆེན་སྡོང་པོ་བཀོད་པ་སོགས་གསུངས་པའི་གྲངས་ཀྱི་གནས་རྣམས་སྔོན་གྱི་ལོ་པཎ་དག་གིས་བྱེ་བྲག་རྟོགས་བྱེད་རྒྱས་འབྲིང་སོགས་སུ་བཀོད་པར་མཛད་པ་ལས་ནི། འབུམ་ཕྲག་བཅུ་ལ་ནི་ས་ཡ་ཞེས་བྱའོ། །


TR005_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཡ་བཅུ་ལ་ནི་བྱེ་བ་ཞེས་བྱའོ། །བྱེ་བ་བཅུ་ལ་ནི་དུང་ཕྱུར་ཞེས་བྱའོ། །ཞེས་གསུངས་པ་དང་། །སྐར་རྩིས་ཀྱི་གཞུང་དག་ཏུའང་། །གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང་། །ས་ཡ་བྱེ་བ་དུང་ཕྱུར་ཏེ། །ཅེས་བགྲང་འདུག་པས་ན། སྤྱི་མཐུན་དུ་ནི་ས་ཡ་སྔོན་མ་བྱེད་པ་འདི་ཉིད་མང་བ་ལགས། ཡང་། བདག་སོགས་ནི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་གསུང་ལ་ནོར་འཁྲུལ་གཏན་ནས་མི་འབྱུང་བར་ཐག་ཆོད་ཀྱི་དཔང་པོར་བྱེད་པ་ཡིན་ཚེ། སློབ་དཔོན་གྱིས་བཀའ་བརྒྱད་རང་བྱུང་རང་ཤར་གྱི་སྔགས་ཀྱི་ཞལ་གདམས་སུ་འདི་ལྟར་གསུངས་ཏེ། དབུས་ཀྱི་གཙོ་མཆོག་སྙིང་པོ་ནི། །ས་ཡ་གཅིག་དང་དྲུག་འབུམ་བཟླ། །འབུམ་ཕྲག་བརྒྱད་དང་དྲུག་ཡིན་ནོ། །དཔལ་ཆེན་བརྒྱད་ལ་བྱེ་བ་རེ། །འབུམ་ཕྲག་བཅུ་རེའི་གྲངས་


TR005_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །འཁོར་གྱི་སྔགས་ལ་འབུམ་དུ་བཟླས། །ཞེས་སོགས་གསུངས་པ་འདིས་མཚོན་ཏེ་རྙིང་ལུགས་ཀྱི་བསྙེན་གྲངས་ཀུན་ལ་ནི། བྱེ་བ་སྔོན་ལ་བྱེད་པ་འདི་ཁོ་ནར་གསུངས་སྣང་བས། བདག་ནི་དེ་ལྟར་བྱེད་པ་ལགས།། ༈ །།ཡང་། བསྙེན་སྒྲུབ་ཀྱི་ཁ་སྐོངས་སུ་བསྙེན་ཚད་གང་བཟླས་ཀྱི་བཅུ་ཆའི་གྲངས་མཉམ་གྱི་སྦྱིན་སྲེག་བྱ་བར་གསུངས་པའི་སྐབས་དོན་ལས་བརྩམས་ཏེ། སྦྱིན་སྲེག་གི་སྐོར་གྱི་དྲི་བ་གནང་བའི་འགག་དོན་མདོར་བསྡུས་འབུལ་རྒྱུར། དེ་ཡང་། དཔུང་བཟང་གི་རྒྱུད་ལས། གསང་སྔགས་མ་བཟླས་མི་འགྲུབ་ཅིང་། སྦྱིན་སྲེག་མ་བྱས་འབྲས་མི་འབྱིན། བཟླས་བཟོད་འབུམ་ཕྲག་གཅིག་ལ་ནི། སྦྱིན་སྲེག་ཁྲི་ཚོར་བྱ་བ་ཡིན། ཞེས་པ་འདི་དང་མཚུངས་པར་རྒྱུད་སྡེ་གཞན་ནས་ཀྱང་གསུངས་པ་ལྟར།


TR005_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་པ་ཁ་སྐོངས་གི་སྦྱིན་སྲེག་ཅེས་མཛད་པའི་ཕྱག་སྲོལ་ནི་གསར་མ་ལ་ལྷག་པར་དུ་གྲགས་ཤིང་དར་མོད་ལ། རྙིང་མ་ལ་ནི། དབང་སྒྲུབ་ཆེན་མོའི་དུས་རྣམས་སུ། སྔོན་འགྲོ་ལ་ས་ཆོག་དང་བར་ཆད་བསལ་ཕྱིར་ཞི་བའི་སྦྱིན་སྲེག སྒྲུབ་པ་དངོས་གཞིའི་འཇུག་ཏུ་དངོས་གྲུབ་ཞུ་ཕྱིར་རྒྱས་པའི་སྦྱིན་སྲེག དབང་བསྐུར་གྱི་སྐབས་སུ་ལྷ་དབང་དུ་བྱ་ཕྱིར་དབང་གི་སྦྱིན་སྲེག་མཐར་ཆོས་སྲུང་ལས་ལ་འགྱེད་ཕྱིར་དྲག་པོའི་སྦྱིན་སྲེག་བྱ་བའི་ཚུལ་དང་། གཞན་ཡང་། རྟེན་ལ་རབ་གནས་ཀྱི་སྐབས་སུ་ནི། ཐོག་མར་རྟེན་སྦྱང་བའི་སྐབས་སུ་ཞི་བ། དམ་ཚིག་ས་བསྐྱེད་ཅིང་བསྒྲུབ་པའི་ཚེ་རྒྱས་པ། ཡེ་ཤེས་པ་བསྟིམ་ཞིང་དབང་བསྐུར་རྒྱས་གདབ་ཀྱི་སྐབས་སུ་དབང་། ཆོས་སྐྱོངས་


TR005_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

གཉེར་གཏད་ཀྱི་ཚེ་དྲག་པོའི་སྦྱིན་བསྲེག་བྱ་ཚུལ་སོགས་ནི་གསར་རྙིང་དགོངས་པ་མཐུན་ནོ།། ༈ །།གོང་དུ་སྨོས་པའི་བསྙེན་པ་ཁ་སྐོངས་སུ་གྲགས་པ་དེ་ཡང་། འགའ་ཞིག་སྔགས་ཀྱི་གྲངས་ཚད་མ་ཚང་བར་སྦྱིན་སྲེག་སྔགས་གྲངས་ལ་བརྩི་མཁན་ཡོད་པར་ཐོས་ཀྱང་། དེ་ནི་མི་རུང་སྟེ། སྦྱིན་སྲེག་སྔགས་གྲངས་སུ་ནམ་ཡང་མི་ཐེ་མོད་ཀྱི། ཁ་སྐོང་ཞེས་བྱ་བའི་དོན་ནི། བསྙེན་སྒྲུབ་ཀྱི་སྐབས་སུ་སྔགས་ལ་ལྷག་ཆད་ནོར་འཁྲུལ་དང་། ཏིང་ངེ་འཛིན་ལ་ཐང་ལྷོད་དང་། གཏོར་མཆོད་སོགས་ཀྱིས་ཐུགས་དམ་མ་ཁེངས་པ་སོགས་འགལ་འཁྲུལ་ཉམས་ཆགས་ཀྱི་རིགས་ཐམས་ཅད་བསྐངས་ཞིང་གསོ་བའི་ཕྱིར་སྦྱིན་སྲེག་བྱ་བར་གསུངས་པ་ཡིན་ལ། རྙིང་ལུགས་ལ་ནི། ཁྱད་པར་དུ་བསྙེན་སྒྲུབ་ཀྱི་མཐར་འཕྲིས་ཁ་བསྒྱུར་ཞིང་


TR005_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

རྣོ་ལ་ངར་འདོགས་པའམ། མདའ་ལ་མདེའུ་བསྐྱོན་པ་ལྟར་ལས་གང་ཡིན་དམིགས་སུ་ཆུད་ནས་མྱུར་དུ་འགྲུབ་པའི་སླད་དུ་སྦྱིན་སྲེག་བྱ་བར་བཤད་དོ།། ༈ །།འོན་ཏེ་ཚུལ་འདི་ལྟ་བུ་ཁོ་ན་གཅིག་པུ་ལ་སྦྱིན་སྲེག་ཏུ་ངེས་པ་ནི་མ་ཡིན་ཏེ། སྤྲོས་བཅས་ཆོ་ག་དང་རྫས་སོགས་ལ་བརྟེན་པའི་ལས་རིམ་འདི་དག་ནི་ཕྱིའི་སྦྱིན་སྲེག་ཡིན་ལ། ཕུང་ཁམས་རྒྱལ་བའི་དཀྱིལ་འཁོར་ལ་བཟའ་བཏུང་བདུད་རྩིའི་སྲེག་རྫས་རྣམས་ཐབས་ཤེས་ལག་པའི་དགང་བླུག་གི་སྦྱོར་བས་གཏུམ་མོ་རང་བྱུང་གི་མེ་ཐབ་དུ་སྲེད་ཞེན་འཛིན་མེད་དུ་འབུལ་བ་ནི་ནང་གི་སྦྱིན་སྲེག་དང་། ཆོས་འབྱུང་ལྟེ་བའི་མེ་ཐབ་ལས་ཨ་ཐུང་རང་འབར་གྱི་མེ་ལྷ་བདེ་ཆེན་ཧཾ་ཡིག་གི་སྲེག་རྫས་ཀྱིས་མཆོད་པ་ནི་གསང་བའི་སྦྱིན་སྲེག་


TR005_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཁྱབ་གདལ་སྟོང་དབྱིངས་ཀྱི་ཐབ་ཁུང་དུ་རང་རིག་ཡེ་ཤེས་ཀྱི་མེ་ཆེན་འབར་བས་མཚན་འཛིན་འཁྲུལ་རྟོག་གི་བག་ཆགས་བསྲེག་པ་དེ་ནི་དེ་ཁོ་ན་ཉིད་ཡང་དག་དོན་གྱི་སྦྱིན་སྲེག་སྟེ། དེ་སོགས་སྦྱིན་སྲེག་གི་རིམ་པ་ཇི་སྙེད་ཅིག་གསུངས་ཕྱིར། ཀུན་རྫོབ་རྩོལ་བཅས་ཀྱི་སྦྱིན་སྲེག་གཅིག་བུ་ལ་ནི་མ་ལྟོས་མོད་ཀྱི།། ༈ །།འདི་སྐབས་ཀྱི་བརྗོད་བྱ་དངོས་དོན་ལ། ཉིད་ཀྱི་ཕེབས་སྒོར། ཕག་མོའི་སྦྱིན་སྲེག་ལ་ཆོས་འབྱུང་གི་དཀྱིལ་འཁོར་དུ་འཇིག་རྟེན་གྱི་མེ་ལྷ་བསྐྱོད་པའི་ཕྱག་བཞེས་མཛད་པ་འདིའི་དགོས་དོན་དང་། ཡང་། མཁའ་སྤྱོད་པའི་ཞལ་སློབ་ལྷ་རིན་ཆེན་དབང་རྒྱལ་གྱིས་མཛད་པའི་ཟིན་བྲིས་སོགས་སུ་ནི་འཇིག་རྟེན་མེ་ལྷ་མི་བསྐྱེད་པ་ཡང་སྣང་བའི་ཁྱད་དོན་སོགས་འདྲི་བར་མཛད་པའི་དོན་གྱི་ཆ་ལ། །ལྷ་པས་ ལྷ་གཟིགས་རིན་ཆེན་རྒྱལ་མཚན་ཡང་ཟེར།


TR005_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པའི་ཕག་མོའི་སྲེག་གཞུང་དེ་ཉིད་མཇལ་མ་མྱོང་ཡང་། སྤྱིར་སྦྱིན་སྲེག་གི་རྒྱུད་རྒྱས་བསྡུས་མང་ཞིག་རྒྱུད་འབུམ་གྱི་ཁྲོད་ན་བཞུགས་པ་རྣམས་དང་། དེ་དག་གི་དགོངས་དོན་རྒྱ་བོད་མཁས་གྲུབ་རྣམས་ཀྱིས་མཛད་པའི་སྲེག་གཞུང་རྒྱས་པ་ཐམས་ཅད་ལ་མེ་ལྷ་སྐྱེད་ཆོག་ཡོད་པ་འབའ་ཤིག་འབྱུང་ཞིང་། དེ་ཡང་ཐོག་མར་ཡི་དམ་གང་ཡིན་པའི་བདག་བསྐྱེད་ཀྱི་ལས་རིམ་ཐམས་ཅད་གྲུབ་པར་བྱས་རྗེས། ཐབ་ཏུ་མེ་སྤར་ནས་བསངས་སྦྱང་ཞིང་མེ་ཐབ་སྐྱེད་ནས་མེ་ལྷ་དམ་ཚིག་པ་སྐྱེད་པ་ལ་མཆོད་པ་དང་སྲེག་རྫས་ཕུལ་ཞིང་བསྟོད། སླར་མེ་ལྷ་ཡེ་ཤེས་པ་སྤྱན་དྲངས་བསྟིམ་ཞིང་དབང་བསྐུར་རྒྱས་གདབ་མཆོད་པ་དང་སྲེག་རྫས་འབུལ། བསྟོད་ཅིང་འདོད་གསོལ་འཕྲིན་ལས་གཞོལ་ལ། དེ་ནས་མེ་ལྷ་དེ་ཉིད་མེ་འབར་


TR005_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་གཉིས་སུ་མེད་པར་གྱུར་པའི་མེའི་དབུས་དེར་ཡི་དམ་དེ་ཉིད་ཀྱི་གཞལ་ཡས་དང་ལྷ་ཚོགས་བསྐྱེད་པའི་ལུགས་གཅིག །མེ་ལྷ་མདུན་གྱི་ནམ་མཁར་དཔང་པོའི་ཚུལ་དུ་བཞུགས་སུ་གསོལ་བའི་ལུགས་གཅིག །མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེ་བར་གྱུར་བའི་ནང་དུ་དཀྱིལ་འཁོར་ལྷ་ཚོགས་བསྐྱེད་པའི་ལུགས་གཅིག མེ་ལྷ་ཕྱག་ཚང་བའམ་ལག་བདེ་བའི་ཚུལ་གྱི་དཀྱིལ་འཁོར་པ་ལ་མཆོད་པ་བསྟབ་མཁན་དུ་བྱེད་པའི་ལུགས་གཅིག་དང་བཅས་པའི་ཕྱག་བཞེས་མི་འདྲ་བ་སྣ་ཚོགས་མཆིས་ལ། དེས་ན། ཉིད་ཀྱིས་ཡེ་ཤེས་ལྷ་ལ་སྦྱིན་སྲེག་འབུལ་བ་ལ་འཇིག་རྟེན་མེ་ལྷ་སྔོན་དུ་ཅིས་ཀྱང་བསྐྱེད་དགོས་པ་འདི་གང་ཡིན་གསུངས་པ་ལ། འདིའི་དགོས་ཆེད་ནི། དཔེར་ན་མི་གང་ཞིག་གིས་རྒྱལ་པོ་ཆེན་པོའམ་བླ་མ་ལྟ་བུ་ཡུལ་གཉན་པོ་ཞིག་སྤྱན་


TR005_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་ནས་ཞབས་གཏོགས་དང་ཞུ་འབུལ་སོགས་བྱ་བར་འདོད་ཀྱང་རང་གི་ཁྱིམ་དང་ཡོ་བྱད་སོགས་ངན་པའི་དབང་གིས་སྤྱན་དྲངས་བར་རྔོ་བ་ཐོགས་པའི་ཚེ་ན། ཁྱིམ་གཞན་འབྱོར་བ་དང་བཀོད་པས་ཁྱད་པར་དུ་འཕགས་པ་གཅིག་ཏུ་ཡོང་ནས། དེའི་བདག་པོ་རྣམས་ཚིག་དང་ཟས་སྐོམ་སོགས་ཀྱིས་ཚིམས་པར་བྱས་ཏེ། ཁྱིམ་དེར་མཆོད་གསོལ་གྱི་བཀོད་པ་རྒྱ་ཆེར་བཤམས་པར་མགྲོན་དེ་དག་སྤྱན་དྲངས་ཤིང་མཆོད་པ་དང་། རང་གི་ཞུ་དོན་ཐམས་ཅད་ལེགས་པར་སྒྲུབ་པའི་གྲོགས་དན་རྣམས་ཁྱིམ་གྱི་བདག་པོ་དེ་དག་གིས་བྱས་པས། བདག་གིས་དོན་ཡང་བདེ་བླག་ཏུ་འགྲུབ་ཅིང་བདག་གིས་ཀྱང་ཁྱིམ་གྱི་བདག་པོ་རྣམས་བཏང་རག་གིས་ཚིམས་པར་བྱེད་པའི་དཔེ་དེ་བཞིན་དུ། ཕྱི་ནང་


TR005_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་བཅུད་ཀྱི་བྱེད་ལས་ཐམས་ཅད་ནི་འབྱུང་བ་ཆེན་པོ་རྣམས་ལས་རག་ལས་ཤིང་། ཁྱད་པར་དུ་མེའི་ནུས་སྟོབས་ནི་ལྷག་པར་ཆེ་ཞིང་མྱུར་ལ། དེའི་བདག་པོ་ནི་མེ་ལྷ་ཡིན་ཕྱིར་དེ་ཉིད་ལ་གྲོགས་དན་དུ་བཅོལ་ན་གང་འདོད་ཀྱི་དོན་འབྲས་ཐོགས་མེད་དུ་འགྲུབ་པར་བཤད་དེ། རྒྱུད་ལས། གང་གི་རྣལ་འབྱོར་གདེང་ལྡན་པས། །ལྷ་མཆོག་པ་ཡི་བྱེ་བྲག་དང་། །དེ་ལས་གཞན་པ་རྩོལ་བ་ན། །སྦྱིན་སྲེག་ཆོ་ག་དོན་དུ་གཉེར། །འདི་ནི་ཀུན་ལ་གཅེས་པ་སྟེ། །དེ་འབྲས་སྟོབས་ཆེན་ཁ་ལོ་བསྒྱུར། །ཞེས་དང་། མེས་ནི་འདོད་དོན་དངོས་གྲུབ་སྟེར། །རང་འོད་ལྷས་ནི་གྲོལ་བར་བརྩོན། འདི་ལྟར་སྦྱིན་སྲེག་གང་བྱེད་མཆོད། །སྐལ་བཟང་དངོས་གྲུབ་རབ་ཏུ་སྟེར། ཞེས་པ་ལྟར་ལགས། ཡང་། ལ་ལར་འཇིག་རྟེན་གྱི་མེ་ལྷ་མི་སྐྱེད་པར་ཐོག་མ་ཉིད་ནས་དཀྱིལ་འཁོར་


TR005_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ལ་སྦྱིན་སྲེག་འབུལ་བ་ནི་སྤྲོས་པ་ཉེར་བསྡུའི་དབང་དུ་མཛད་པ་ཡིན་ཏེ། གང་ཟག་སྤྲོས་པ་ལ་མི་དགའ་བའི་རིགས་ལ་ལྷག་པར་བསྔགས་ཤིང་། དེ་ལྟ་བུས་མི་རུང་བའམ་མ་ཚང་བ་ནི་གཏན་ནས་མ་ལགས་ཏེ། གོང་དུ་སྨོས་པའི་དཔེ་ལྟར་ན། རང་གི་ཁྱིམ་དུ་རྒྱལ་པོ་སོགས་མགྲོན་ཆེན་སྤྱན་དྲངས་པའི་གནས་དང་ཡོ་བྱད་ཚུལ་བཞིན་འཛོམ་ན་གཞན་ལ་གཡར་བ་སོགས་ཀྱི་སྤྲོས་པ་མི་དགོས་པ་ལྟ་བུ་སྟེ། ཚུལ་འདི་ལ་ནི། སྒྲུབ་པ་པོས་རང་གི་བཟའ་བཏུང་གཡོ་སྐོལ་གང་བྱེད་ཀྱི་ཞར་ལ་མེ་ཐབ་ཏུ་ལྷ་ཚོགས་སྐད་ཅིག་དྲན་རྫོགས་སུ་བསྐྱེད་ནས་བཟའ་བཏུང་དེ་དག་གི་ཕུད་ཀྱིས་མཆོད་ཅིང་འདོད་དོན་གསོལ་བས་ཀྱང་ཚོགས་ཆེན་རྫོགས་པར་འགྱུར་བའི་སྦྱིན་སྲེག་རྒྱུན་ཁྱེར་མ་འདི་ལྟ་བུ་ཡང་


TR005_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་རྒྱུད་ཚད་ལྡན་མང་པོའི་ཕྱག་བཞེས་ལགས་མོད་ཀྱི། འདི་ལྟར་གྱི་སྐབས་སུ་ནི་འཇིག་རྟེན་མེ་ལྷ་བསྐྱེད་པ་སོགས་ཀྱི་སྤྲོས་པ་མི་འཚལ་ལོ། གཞན་ཡང་། ཉིད་ཀྱིས། སྤྲོས་བཅས་ཀྱི་སྦྱིན་སྲེག་རྒྱས་པ་རྣམས་ལ་མཆོད་རྫས་དང་སྲེག་རྫས་ཀྱི་གྲངས་ཚད་དག་གི་ཕེབས་སྒོའི་ལན་དུ་འབུལ་བ་ནི། སྤྱིར་རྒྱུད་དང་མན་ངག་སོ་སོའི་སྐབས་དོན་མི་འདྲ་བའི་དབང་གིས། ལ་ལར་དཀྱིལ་འཁོར་གྱི་ལྷ་རེ་རེ་ལ་ཡཾ་ཤིང་ཁོ་ནའང་སྟོང་ཕྲག་རེ་རེ་སོགས་འབུལ་ཚུལ་དང་། དེ་དག་གི་སྐབས་རྣམས་སུ་ནི་མེ་ཐབ་ཀྱི་རྒྱ་ཁྱོན་ཉིད་ཀྱི་ཚད་ལའང་ཁྲུ་བཞི་པ་ནས་བཅུ་གཉིས་བར་དུ་བྱ་བར་གསུངས་པ་སོགས་མཆིས་མོད་ཀྱང་དེ་ཙམ་ནི་བྱེད་མཁན་ཡང་དཀོན་ལ། དིང་སང་གི་ཕྱག་བཞེས་ཕལ་མོ་ཆེར་ནི། མཆོད་རྫས་རྣམས་ནི་ཇི་ཙམ་མང་བར་འབྱོར་ན་ལེགས་མོད་ཀྱི། མ་འབྱོར་ཀྱང་ཚར་རེ་རེའི་


TR005_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག་ཅིང་། སྲེག་རྫས་ནི་མེ་ལྷ་དང་དཀྱིལ་འཁོར་པ་ལ་ཐ་དད་དུ་འབུལ་ཕྱིར་ཚར་གཉིས་སུ་བཤམས་པ་ལས། མར་དང་འབྲུ་དང་དུརྦ་ཀུ་ཤ་སོགས་ནི་ཇི་ཙམ་འོས་པ་བཤམས་ནས་འབུལ་བའི་ཚེས་གྲངས་སུ་བཅད་པ་ཉིད་ཀྱིས་འགྲུབ་ལ། ཡམ་ཤིང་དང་གཏོར་མ་སོགས་ནི་བརྒྱ་ཕྲག་གམ་ཉེར་གཅིག་སོགས་ལས་མི་ཉུང་བར་བཤམས་དགོས་ཏེ། མེ་ལྷ་ལ་བདུན་ནམ་ཉེར་གཅིག་འབུལ་ན། དཀྱིལ་འཁོར་པ་ལ་ཉེར་གཅིག་གམ་བརྒྱ་རྩ་སོགས་འབུལ་ཞིང་། མཐར་བཏང་རག་གི་སྐབས་སུ་ཡང་མེ་ལྷར་བདུན་སོགས་དང་། དཀྱིལ་འཁོར་པར་ཉེར་གཅིག་སོགས་དགོས་པའི་ཕྱིར་རོ། །མདོར་ན་དེ་ལྟ་བུའི་ཆོ་ག་ཚར་གཅིག་གི་ནང་དུ་སྲེག་རྫས་རྣམས་སྔགས་དང་བཅས་པ་ལན་བརྒྱ་རྩ་རེ་ཕུལ་བ་དེས་སྦྱིན་སྲེག་བརྒྱ་རྩའི་གོ་ཆོད་པར་ནི་ལུགས་ཕལ་ཆེར་བཞེད་པ་མཐུན་པས་


TR005_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་བུ་མེ་ཐབ་གཅིག་གི་སྟེང་དུ་བུད་ཤིང་བསབ་ཅིང་། མཆོད་རྫས་སྲེག་རྫས་སོགས་ཀྱང་ཁ་གསོས་ནས་ཆོ་ག་ཚར་བཅུ་བྱས་ནས་སྦྱིན་སྲེག་སྟོང་རྩར་འགྱུར་བ་སོགས་ཇི་ཙམ་འདོད་པ་གོང་དུ་སྤར་རུང་ཞིང་། ཡང་། ཆོག་ཁོངས་གཅིག་པུ་དེས་སྦྱིན་སྲེག་ཚར་གཅིག་ཏུ་བརྩིས་ཏེ། སླར་ཚར་རེ་རེ་ལ་མེ་ཐབ་དང་མཆོད་རྫས་ཐམས་ཅད་གཞི་ནས་གསར་དུ་བྱས་པས་ཞག་དང་ཟླ་བ་སོགས་སྦྲེལ་ཏེ་བརྒྱ་ཚར་རམ་སྟོང་དང་ཁྲི་འབུམ་སོགས་འགྲུབ་ན་ལེགས་མོད་ཀྱང་དེ་ལྟར་བྱེད་མཁན་ཆེར་མ་ཐོས་ཤིང་། ཕལ་ཆེར་གོང་དུ་སྨོས་བ་བཞིན། ཆོག་ཁོངས་གཅིག་ལ་སྔགས་དང་སྲེག་རྫས་སྦྲོང་བའི་གྲངས་ཀྱིས་བརྒྱ་སྟོང་སོགས་ཀྱི་གོ་ཆོད་པ་སྟེ། དཔེར་ན་ཆུ་གཏོར་ཚར་གཅིག་གི་ཁོངས་སུ་རིལ་བུ་དང་སམ་བྷཱ་ར་བརྒྱ་རྩ་ཡོད་པ་ལ་གཏོར་མ་བརྒྱ་རྩ་ཞེས་གྲགས་པ་དང་། ཚོགས་


TR005_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་གྲངས་ཚང་བར་བཤམས་ནས་ཆོ་ག་དང་བྱིན་རླབས་ཚར་གཅིག་བྱས་པ་ལ་ཚོགས་བརྒྱར་གྲགས་པ་བཞིན་ནོ། །དེས་ན་བསྙེན་པ་ཁ་སྐོང་གི་སྦྱིན་སྲེག་ཁྲི་ཕྲག་སོགས་བྱ་ཐབས་ཀྱང་དེས་མཚོན་ནས། ཡམ་ཤིང་དང་གཏོར་མ་དང་སྔགས་རྣམས་ཁྲི་ཕྲག་ཚང་བར་བྱ་བ་དང་། སྲེག་རྫས་གཞན་རྣམས་ཀྱང་ཕུལ་བའི་གྲངས་དེ་ལྟར་བྱ་བ་མ་གཏོགས། ཆོ་ག་ཡོངས་རྫོགས་ཚར་ཁྲི་ཕྲག་སོགས་ནི་འགྲུབ་པར་མི་ནུས་སོ།། ༈ །།གཞན་ཡང་། རྙིང་ལུགས་ཀྱི་ཕྱག་བཞེས་ལ་ལར། སྦྱིན་སྲེག་ལས་བཞི་ཡོངས་རྫོགས་བརྒྱ་ཚར་བྱ་ཚུལ་འདི་ལྟར་ཡང་ཡོད་དེ། དབང་ངམ་སྒྲུབ་པའི་དཀྱིལ་འཁོར་གྱི་ཕྱོགས་བཞིའམ། གནས་གཞན་དུ་ཡང་རུང་བར། ཤར་དུ་ཞི་བའི་མེ་ཐབ་ཆེ་བ་གཅིག་ལ་ཐབ་ཆུང་ཉི་ཤུ་རྩ་བཞིས་ཟླུམ་


TR005_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

པོར་བསྐོར་བ་དང་། བྱང་དུ་རྒྱས་པའི་ཐབ་ཆུང་ཉེར་བཞིས་ཁྲུ་བཞིར་བསྐོར་བ་དང་། ནུབ་ཏུ་དབང་གི་ཐབ་ལ་ཐབ་ཆུང་ཉེར་བཞིས་ཟླ་གམ་དང་། ལྷོར་དྲག་པོའི་ཐབ་ལ་ཉེར་བཞིས་གྲུ་གསུམ་དུ་བསྐོར་ཞིང་། དབུས་སུ་རྡོ་རྗེ་སློབ་དཔོན་བཞུགས་པའི་གདན་གཤམ། མཆོད་རྫས་དང་སྲེག་རྫས་རྣམས་ཀྱང་ལས་བཞི་ཐུན་མོང་ལ་དགོས་པ་རྣམས་ལྷན་ཅིག་དང་། སོ་སོའི་ཁྱད་པར་བ་རྣམས། ཐ་དད་དུ་ཚང་ལ་མ་འདྲེས་པར་བཤམས་ལ། ཆོ་ག་ཡང་སྐྱབས་སེམས་ཡན་ལག་བདུན་སོགས་སྤྱི་འགྲོའི་ལས་རིམ་ཐམས་ཅད་ཚར་གཅིག་གིས་བཞི་ཀའི་གོ་ཆོད་པ་དང་། མི་འདྲ་བའི་ཁྱད་པར་རྣམས་ནི་ལས་བཞི་སོ་སོ་ལྟར་རིམ་ཅན་དུ་བྱ་བ་དང་། སྲེག་རྫས་སོགས་འབུལ་ཚུལ་ཡང་དེ་དང་མཚུངས་པར་མེ་ཐབ་རང་རང་ལ་རྫས་སྔགས་འདོད་གསོལ་རྣམས་སོ་སོར་བྱ་ཞིང་། མཐར། མཇུག་ཆོག་བསྔོ་


TR005_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ཤིས་བརྗོད་སོགས་ཀྱི་ལས་རིམ་རྣམས་ཐུན་མོང་དུ་བྱས་པས། ཆོ་ག་ཚར་གཅིག་ལ་སྦྱིན་སྲེག་བརྒྱ་རྩ་འཕྲིན་ལས་བཞི་ཚང་བར་འགྱུར་བའི་ཕྱག་བཞེས་ཡོད་པ་འདི་ཉིད་ལ། གསར་མའི་མཁས་པ་འགའ་ཞིག་གིས་དགག་པ་མཛད་པར་གྲགས་ཀྱང་། ཚུལ་འདི་མི་རུང་བ་དེ་ལྟ་ན། གསང་སྔགས་ཀྱི་དཀྱིལ་འཁོར་ཆེན་པོ་གཅིག་གི་སྟེང་ནས་དབང་བཞི་རིམ་ཅན་དུ་བསྐུར་ཐབས་ཀྱང་མེད་པར་འགྱུར་བ་དང་། བསྐང་གསོ་ཚར་གཅིག་གི་ཁོངས་སུ་ཆོས་སྐྱོངས་ཐ་དད་པ་ལ་གཏོར་མཆོད་འབུལ་དུ་ཡང་མི་རུང་བར་ཐལ་བ་སོགས་ཀྱི་སྐྱོན་དུ་འགྱུར་བ་དང་། དཔེ་གཞན་ཡང་། གཙུག་ལག་ཁང་ལྟ་བུ་རབ་ཏུ་གནས་པའི་ཚེ། ཆོ་ག་སྦྱོར་དངོས་རྗེས་གསུམ་ཚང་བ་གཅིག་གི་ཁོང་ནས་རྟེན་ཐ་དད་སོ་སོའི་བསྐྱེད་བསྟིམ་ཇི་སྙེད་པ་ཐམས་ཅད་


TR005_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པ་མ་གཏོགས། རྟེན་ཐ་དད་རེ་རེ་ལ་ཆོ་ག་ཚར་རེ་རེ་མི་དགོས་པ་ཞིན་སྟེ། གསང་སྔགས་ནི་ཐབས་ཟབ་པ་མྱུར་བ་གང་བ་རྒྱ་ཆེ་བ་སོགས་ཁྱད་ཆོས་ཀྱི་ནུས་པར་གདའ་ལགས།། ༈ །།འཕྲོས་དོན་གཞན་ཡང་། སྦྱིན་སྲེག་ལས་བཞིའི་སྐབས་འདིར། བཀའ་རྒྱུད་ཀྱི་ཕྱག་བཞེས་ལ་ལར། ཞི་བ་ལ་ཀུན་རིགས། རྒྱས་པ་ལ་བདེ་མཆོག །དབང་ལ་ཕག་མོ། དྲག་པོ་ལ་མགོན་པོ་ལ་སོགས་དཀྱིལ་འཁོར་ཐ་དད་པ་བསྐྱེད་པའི་ཕྱག་བཞེས་ཀྱང་མཛད་མོད་ཀྱི། རྙིང་མའི་བཀའ་བརྒྱད་དགོངས་འདུས་ཞི་ཁྲོ་ཡང་ཕུར་སྒྱུ་འཕྲུལ་སོགས་ཀྱི་དཀྱིལ་འཁོར་གང་ལ་ཡང་དེ་དང་དེའི་ལྷ་ཚོགས་དེ་དག་སྦྱིན་སྲེག་ལས་བཞི་པོ་གང་བྱེད་དང་མཐུན་པའི་སྐུ་མདོག་ཕྱག་མཚན་ཆ་ལུགས་བསྒྱུར་བ་མ་གཏོགས། ལས་བཞི་སོ་སོ་ལ་དཀྱིལ་ཆོག་ཐ་དད་བྱེད་པར་མ་གསུངས་ཀྱང་། གསར་རྙིང་


TR005_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀ་དོན་གྱི་དགོངས་པ་ལ་ཁྱད་མ་མཆིས་ཏེ། ཇི་སྐད་དུ། ལྷ་རྣམས་ཐམས་ཅད་ཞི་བའམ། ཡང་ན་ཁྲོ་བོར་བསྒོམ་བྱ་སྟེ། སངས་རྒྱས་གར་མཁན་བསམ་མི་ཁྱབ། །ཅེས་སོ། ངོ་བོ་ལ་དབྱེར་མེད་ཀྱང་གནས་སྐབས་གང་འདུལ་གྱི་རོལ་པ་སྣ་ཚོགས་སྟོན་པའི་ཕྱིར་རོ། །ཡང་གོང་ལྟར། ཉིད་ཀྱི་ཕེབས་རྒོར། ཕག་མོའི་ཆོས་འབྱུང་དཀྱིལ་འཁོར་གྱི་སྟེང་དུ་འཇིག་རྟེན་མེ་ལྷ་བསྐྱེད་པ་འདི་ལ་ཐེ་ཚོམ་བྱུང་གསུངས་པ། དེ་ཡང་ཆོས་འབྱུང་སོགས་དཀྱིལ་འཁོར་བྲིས་པ་དེ་དག་ནི་དཀྱིལ་ཆོག་གང་བྱེད་དེ་ཀའི་ལས་ཀྱི་དཀྱིལ་འཁོར་ཡིན་མོད་ཀྱི། མེ་ལྷ་གོང་དུ་བརྗོད་པ་བཞིན། མེ་དང་དབྱེར་མེད་དུ་བསྐྱེད་པའམ། དཔང་པོའི་ཚུལ་དུའམ། ལྟེ་བར་དཀྱིལ་འཁོར་དེ་དག་བསྐྱེད་པ་མ་གཏོགས། དཀྱིལ་འཁོར་དེའི་དབུས་སུ་མེ་ལྷ་


TR005_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་རྒྱུ་མ་ཡིན་ཚེ། འགལ་བ་མེད་ཅིང་ཐེ་ཚོམ་གྱི་གནས་མི་འཚལ་ལགས།། ༈ །།ཡང་ཉིད་ཀྱིས། སྦྱིན་སྲེག་སོགས་མེའི་མཆོད་སྦྱིན་ལ་མེ་ལྷ་ངེས་པར་བསྐྱེད་དགོས་ན། འབྱུང་བ་གཞན་རྣམས་ལ་ཡང་མཚུངས་པར། སཱ་ཚ་ལྟ་བུའི་སྐབས་སུ་དང་པོར་ས་བདག་ཐེ་སེ་སོགས་བསྐྱེད་དགོས་པར་མི་འགྱུར་རམ། གསུངས་པའི་དྲི་བ་འདི་ཡང་ཉམས་མཚར་ཞིང་བློ་གསལ་དག་ལ་དོགས་གཅོད་ཆེན་པོའི་རྒྱུར་འགྱུར་བ་ཞིག་སྣང་བས། ལན་དུ་ཕུལ་བ་ནི། སྤྱིར་ཁམས་གསུམ་སྣོད་བཅུད་ཀྱི་ཆགས་གནས་འཇིགས་སྟོངས་ཐམས་ཅད་འབྱུང་བ་བཞིའི་ལྔའི་ནུས་སྟོབས་ཁོ་ན་ཡིན་ཕྱིར་དང་། བྱེ་བྲག་ཏུ་ཡང་འཁོར་འདས་གཉིས་ཀའི་བྱེད་ལས་ཕལ་ཆེར་ཡང་འབྱུང་བ་འདི་དག་ལ་བརྟེན་པ་ཤས་ཆེ་བས་ན། རྒྱལ་བ་ཐབས་མཁས་ཐུགས་རྗེ་ཆེ་བས་


TR005_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲིན་ལས་ཀྱི་སྒོ་རབ་འབྱམས་མཐའ་ཡས་པ་དུ་མས་བསྟན་པ་སྟེ། འབྱུང་བ་ས་ལ་བརྟེན་ནས་གཙུག་ལག་དཀྱིལ་འཁོར་རྟེན་གསུམ་བཞེངས་པ་སོགས་བྱེད་པའི་ཐོག་མར་སའི་བདག་པོ་རྣམས་བསྐྱེད་ཅིང་མཆོད་ནས་བཀའ་བསྒོ་བྱ་བ་དང་། འབྱུང་བ་ཆུ་ལ་བརྟེན་ནས་ཆར་དབབ་པ་སོགས་ལ་ཆུ་བདག་བསྐྱེད་མཆོད་དང་། འབྱུང་བ་མེ་ལ་བརྟེན་པའི་སྦྱིན་སྲེག་ལ་མེ་ལྷ་བསྐྱེད་པ་དང་། འབྱུང་བ་རླུང་ལ་བརྟེན་ནས་འཁོར་ལོ་བསྐོར་བ་སོགས་ལ་རླུང་ལྷ་སྐྱེད་ཆོག་སོགས་ནི་ཤིན་ཏུ་ཡང་དགོས་ཕྱིར་ཕྱག་ལེན་དུ་ཐམས་ཅད་ཀྱིས་མཛད་བཞིན་པ་དང་། ཁྱད་པར་དུ། སའི་ཆོ་གའི་སྐབས་སུ་ས་བདག་ཐེ་སེ་བསྐྱེད་པར་ནི་མ་གསུངས་ཏེ། ཐེ་སེ་སོགས་ལོ་དང་ཟླ་བའི་ས་བདག་རྣམས་ནི་རྒྱ་ནག་གཙུག་ལག་གི་གཞུང་ལྟར་ཡིན་


TR005_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

མོད་ཀྱི། འདིར་གསུང་རབ་སྤྱི་གཞུང་ནས་ནི་ཕྱོགས་བཅུའི་འཇིག་རྟེན་སྐྱོངས་བ་རྣམས་གཙོ་ཡང་ཆེ་ལ་སྟོན་པའི་བསྟན་པ་སྐྱོངས་བར་དམ་བཅས་པ་ཡིན་ཕྱིར། དེས་ན་ས་ཆོག་གི་སྐབས་རྣམས་སུ་སའི་ལྷ་མོ་བསྐྱེད་ཅིང་མཆོད་བསྟོད་དང་བཀའ་སྒོ་དམ་བཞག་བྱ་བའི་ལས་རིམ་རྒྱས་བསྡུས་སྣ་ཚོགས་པ་འབྱུང་མོད་ལ། དེ་དག་སྐབས་ཚོར། སྐྱོབ་པ་ཤཱཀྱ་སེང་གེ་ཡི། །སྤྱོད་པ་ཚུལ་དང་ཁྱད་པར་ལས། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཞེས་སོགས་ཀྱིས། སྔོན་ཤཱཀྱའི་དབང་པོ་མངོན་པར་འཚང་རྒྱ་བ་ལ་བདུད་ཀྱི་ཐོ་འཚམས་ཤིང་རྩོད་པའི་ཚེ། ཐུབ་པས་ཕྱག་ཡས་ས་ལ་བརྡབ་པ་ཙམ་གྱིས་སའི་ལྷ་མོ་མཐོན་ཏེ་དཔང་པོར་བྱས་ནས་བདུད་ཕམ་ཞིང་སངས་རྒྱས་པའི་ཚུལ་གྱི་རྗེས་སུ་འབྲང་སྟེ། སའི་ལྷ་མོ་ལྷག་གནས་ཀྱི་


TR005_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་ག་ནི་གསར་རྙིང་གི་དཀྱིལ་ཆོག་ཀུན་ལ་མཆིས་པ་དང་། དེ་སྐབས་ས་ལྷའི་འཁོར་དུ་ཐེ་སེ་སོགས་ལོ་ཟླ་ཞག་དུས་ཀྱི་ས་བདག་ཐམས་ཅད་ཚང་བ་ལ་མཆོད་སྦྱིན་དང་བཀའ་སྒོ་བྱ་ཚུལ་སོགས་ཞིབ་པར་ཞར་ལ་འབྱུང་བ་ལགས།། ༈ །།སཱ་ཚའི་སྐབས་སུ་ནི་ས་དེ་ཉིད་ལ་རྒྱུ་བྱིན་རླབས་ཀྱི་ལས་རིམ་མ་གཏོགས་ས་བདག་བསྐྱེད་མོད་ཀྱི་འོན་ཏེ་སཱ་ཚའི་རྒྱུ་ནི་ས་གཅིག་པུར་མ་ཟད། ཆུ་མེ་རླུང་། ནམ་མཁའ་དང་བཅས་པ་ལ་འདེབས་པའི་ཐབས་ཀྱི་རིམ་པ་ཞིབ་རྒྱས་སུ་སྐུ་གདུང་འབར་བ་མཆོད་རྟེན་གྱི་རྒྱུད་དང་། སཱ་ཚའི་ལས་གཞུང་རྣམས་ལས་འབྱུང་བ་བཞིན་ནོ། །དེས་ན་གོང་དུ་སྨོས་པ་བཞིན། འབྱུང་བ་གང་དང་གང་གི་ལས་བསྒྲུབ་པ་ན་དེ་ཉིད་ཀྱི་བདག་པོ་རྣམས་ལ་མཆོད་གསོལ་དང་


TR005_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲིན་ལས་གྲོགས་དན་བཅོལ་བའི་ལས་རིམ་དེ་བཞིན་འབྱུང་ཕྱིར། སྦྱིན་སྲེག་ལ་མེ་ལྷ་བསྐྱེད་པའི་དགོས་པ་དང་རྒྱུ་མཚན་ནི་དེ་ལྟར་གདའ་ལགས། ཡང་། གསང་སྔགས་ནང་པ་ལྟར་ན་འབྱུང་བ་ཆེན་པོ་ལྔ་ནི་དབྱིངས་ཀྱི་ཡུམ་ཆེན་ལྔར་གདོད་ནས་ལྷུན་གྱིས་གྲུབ་པ་སྟེ། བསྲ་ཞིང་འདེགས་པའི་དོན་བྱེད་ནུས་པའི་འབྱུང་བ་སར་སྣང་བ་མཐའ་དག་ནི་ཡུམ་ཆེན་མོ་སངས་རྒྱས་སྤྱན་མའི་རང་བཞིན་དང་། རླན་ཅིང་བཤེར་བའི་ཆུ་ཐམས་ཅད་མ་མཱ་ཀིའི་རང་བཞིན། ཚ་ཞིང་བསྲེག་པའི་མེ་ཐམས་ཅད་དགོས་དཀར་མོ། ཡང་ཞིང་གཡོ་བའི་རླུང་ཐམས་ཅད་དམ་ཚིག་སྒྲོལ་མ། སྟོང་ཞིང་གོ་འབྱེད་པའི་ནམ་མཁའ་ཐམས་ཅད་དབྱིངས་ཀྱི་དབང་ཕྱུག་མའི་རང་བཞིན་དུ་ཡེ་ནས་ཡིན་ལ་ཡིན་པར་རྟོགས་པའི་ངེས་ཤེས་དང་ལྡན་པས། འབྱུང་བ་རྣམས་ལ་མ་དག་མཚན་འཛིན་གྱི་ལོག་རྟོག་སྤོང་བ་ཡང་


TR005_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་གི་རྩ་བ་ཡིན་པར་གསུངས་ཤིང་། ཕྱིའི་འབྱུང་བ་ལྔ་ལྟར་ནང་ལུས་ཀྱི་ཤ་ཁྲག་དྲོད་དབུགས་སེམས་དང་ལྔ་པོ་ཡང་དེ་བཞིན་དུ་ཤེས་པར་བྱ་བ་ཉིད་དོ།། ༈ །།དོན་དམ་པ་མཐར་ཐུག་གི་ངོར་ནི་འབྱུང་ལྔ། ཁམས་ལྔ། དུག་ལྔ། ཡེ་ཤེས་ལྔ། ཕུང་པོ་ལྔ། རིགས་ལྔ། སྐུ་ལྔ་སོགས་མདོར་ན་འཁོར་བ་དང་མྱང་འདས་ཀྱི་བསྡུས་པའི་ཆོས་སོ་ཅོག་མ་ལུས་པ་སེམས་ཉིད་ཀུན་ཏུ་བཟང་པོའི་རིག་རྩལ་འབའ་ཤིག་ལས་གཞན་པ་ནི་རྡུལ་ཙམ་མ་མཆིས་ཤིང་། བསྐྱེད་དང་བསྡུ་བ་སོགས་ཀྱི་སྤྲོས་མཚན་ལས་འདས་པ་ཉིད་ནི་ཡང་དག་པའི་གནས་ལུགས་སམ་བབ་ཚུལ་ལམ་ཡིན་ལུགས་ཇི་བཞིན་པ་སྟེ། ཆོས་ཐམས་ཅད་ཀྱི་མདོ་དོན་བླ་ན་མེད་པ་ལགས་སོ། །ཡང་། སྦྱིན་སྲེག་དང་རབ་ཏུ་གནས་


TR005_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

པ་སོགས་ཀྱི་སྐབས་རྣམས་སུ་གསུངས་པའི་ཙཱ་རུའི་བཟའ་བ་ཞེས་པའི་ངོ་བོ་དང་ངེས་ཚིག་སོགས་ཀྱི་དྲི་བ་གནང་བའི་ལན་དོན་ཕུལ་བ་ནི།། ༈ །།འདིའི་ངོ་བོ་ནི་དགའ་སྟོན་གྱི་ལོངས་སྤྱོད་ལྟ་བུ་ཡིན་ལ། མིང་གི་ངེས་ཚིག་ནི། ཙཱ་རུ་ཞེས་པ་སྤྱད་བྱའམ་བཟའ་བྱ་ཞེས་པ་སྟེ་བཟའ་རྒྱུ་ལ་འཇུག་པ་དང་། དབྱེ་ན། ཚོགས་འཁོར་གྱི་བྱེ་བྲག་དུ་གཏོགས་པ་དང་། མི་གཏོགས་པ་གཉིས་ཡོད་དེ། ཚོགས་འཁོར་དུ་མ་གཏོགས་པའི་ཚུལ་བརྗོད་ན། དེ་ཡང་། ཚོགས་འཁོར་གྱི་ཚུལ་རྣམ་གྲངས་དབྱེ་ལུགས་བཞེད་པ་ཐ་དད་དེ། དཔལ་ནཱ་རོ་པའི་བཞེད་ཀྱི་དབྱེ་བ་དགུ་རུ་གསུངས་ཏེ། དེ་ལ། ཚོགས་ཀྱི་གཙོ་བོ་གསུམ་ལྡན་རྡོ་རྗེ་འཛིན་པ་མཚན་ཉིད་ཚང་ཞིང་། ཚོགས་ཀྱི་འདུས་པའང་རྣལ་འབྱོར་ཕོ་མོ་ཐབས་ཤེས་ཆ་མཉམ་དཀྱིལ་འཁོར་ལྷ་གྲངས་དང་མཚུངས་པ། ལག་


TR005_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་གྱི་ཚུལ་ཡང་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཐམས་ཅད་གཉིས་མེད་ཡེ་ཤེས་ཆེན་པོར་འབུལ་ཤེས་པ་དང་བཅས་པའི་མཚན་ཉིད་ཐམས་ཅད་དང་ལྡན་ན་ཚོགས་ཀྱི་འཁོར་ལོ་ཞེས་བརྗོད་པ་དང་། ༡ གཞན་རྣམས་གོང་ལྟར་འཛོམ་ཡང་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་ནི་མི་ལྡན་ན་ཚོགས་ཀྱི་འཁོར་ལོའི་མིང་མི་ཐོབ་པས་ཚོགས་ཀྱི་མཆོད་པ་ཅེས་བྱ་བ་དང་། ༢ མདུན་སྐྱེད་ཀྱི་དཀྱིལ་འཁོར་ལ་ཚོགས་མཆོད་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱིས་མཆོད་ཅིང་བདག་ཉིད་ཚོགས་ལ་མི་སྤྱོད་པ་ནི་མཎྜལ་གྱི་མཆོད་པ་ཅེས་བྱ་བ་དང་། ༣ ནུས་ལྡན་གྱི་རྣལ་འབྱོར་ཕོ་འབའ་ཞིག་ཚོགས་ནས་བྱེད་ན་དཔའ་བོའི་སྟོན་མོ་ཞེས་བྱ་བ་དང་། ༤ རྣལ་འབྱོར་མོ་འབའ་ཤིག་གིས་བྱེད་ན་དཔའ་མོའི་སྟོན་མོ་དང་། ༥ རྣལ་འབྱོར་ཕོ་མོ་དམ་ལྡན་དུ་མ་གྲངས་


TR005_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

དང་གོ་རིམ་ངེས་མེད་དུ་འཚོགས་ནས་ལྷའི་རྣལ་འབྱོར་དང་ཆོ་གའི་བྱེ་བྲག་ཀྱང་སྣ་ཚོགས་པ་རང་རང་གི་ལུགས་བཞིན་བྱེད་པ་ལ་དགའ་སྟོན་ཆེན་པོ་ཅེས་བརྗོད་པ་དང་། ༦ ཚོགས་ཀྱི་ཆོ་གས་བྱིན་རླབས་ཚུལ་བཞིན་གྲུབ་པའི་བཟའ་བཏུང་དེ་དག་གནས་གཞན་དུ་ཁྱེར་ནས་ལྷའི་ཏིང་ངེ་འཛིན་དང་ཟས་ཀྱི་རྣལ་འབྱོར་ཚུལ་ལྡན་དུ་ལོངས་སྤྱོད་པ་ལ་ཙཱ་རུའི་སྟོན་མེ་ཞེས་བྱ་བ་དང་། ༧ གྲོང་པའི་ཆོས་ཀྱི་མ་གོས་པའི་བུ་མོ་གཞོན་ནུ་མ་དཀྱིལ་ཆོག་གང་བྱེད་ཀྱི་ལྷ་གྲངས་དང་མཉམ་པ་ལ་བཟའ་བཏུང་འདོད་ཡོན་གྱིས་མཆོད་པ་ནི་གཞོན་ནུ་མའི་མཆོད་པ་དང་། ༨ མཁའ་སྤྱོད་དང་ས་སྤྱོད་དང་ས་སྟེང་ན་སྤྱོད་པ་མ་སོགས་ཕྱི་ནང་གི་ཡུལ་ཉེར་བཞི་སོགས་ཀྱི་རྣལ་འབྱོར་མ་རྣམས་མཆོད་པའི་ཚུལ་ཕྱག་རྡོར་སྟོད་འགྲེལ་སོགས་ལས་གསུངས་པ་ཇི་ལྟ་བར་བསྒྲུབ་པ་ནི་རིག་ལྡན་མའི་


TR005_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་སྟེ། ༩ དེ་ལྟར་ཚོགས་འཁོར་གྱི་དབྱེ་ཚུལ་དགུའོ། ཡང་། དཔལ་ཆེན་བིར་ཝ་པའི་བཞེད་ཀྱི་རྣམ་གྲངས་བདུན་དུ་གསུངས་སྟེ། རྣལ་འབྱོར་ཕོ་མོ་ཐབས་ཤེས་ཆ་མཉམ་དུ་འཚོགས་ནས་གཞུང་བཞིན་སྤྱོད་པ་ནི་ཚོགས་ཀྱི་འཁོར་ལོ། ༡ ཡབ་འབའ་ཤིག་འདུས་པ་ནི་དཔའ་བོའི་སྟོན་མོ། ༢ ཡུམ་འབའ་ཤིག་ནི་དཔའ་མོའི་སྟོན་མོ་ནམ། ༣ དབང་བསྐུར་རབ་གནས་སྦྱིན་སྲེག་སོགས་ཀྱི་དུས་སུ་བྱེད་པ་ནི་ཙཱ་རུའི་སྟོན་མོ། ༤ རྣལ་འབྱོར་རྣམས་རང་རང་སོ་སོའི་ལྷའི་རྣལ་འབྱོར་ཐ་དད་དུ་བསྒྲུབ་པ་ནི་འཛའ་བ་འདུ་བའི་སྟོན་མོ། ༥ འཇིག་རྟེན་གྱི་ཁམས་སུ་ནད་མུག་འཁྲུག་རྩོད་འབྱུང་པོ་དང་འབྱུང་བའི་འཚེ་བ་སོགས་ཞི་བའི་སླད་དུ་སངས་རྒྱས་ཀྱི་ཐུགས་རྗེ་བསྐུལ་ཕྱིར་དཀྱིལ་འཁོར་གང་བྱེད་ཀྱི་ལྷ་ཚོགས་རྣམས་གར་མཁན་ནམ་ལས་བྱེད་ཕྱག་ཚང་བ་ལྟ་བུར་


TR005_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པས་སེམས་ཅན་གྱི་ཉེར་འཚེ་བསེལ་བ་ནི་སངས་རྒྱས་གར་གྱི་མཆོད་པ། ༦ འཇིག་རྟེན་ལས་འདས་པའི་མཁའ་འགྲོ་རྣམས་དཀྱིལ་འཁོར་དུ་མཆོད་ཅིང་། འཇིག་རྟེན་མི་མོའི་ཚུལ་གྱི་གཞོན་ནུ་མ་ལྷ་གྲངས་དང་མཉམ་པ་རྣམས་དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་ཏུ་མཆོད་པ་ནི་རིགས་ལྡན་མའི་མཆོད་པ་སྟེ། ༧ དེ་ལྟར་ཚོགས་ཀྱི་དབྱེ་བ་བདུན་དུ་བཞེད་དོ།། ༈ །།མདོར་ན་དེ་ལྟ་བུའི་སྐབས་རྣམས་སུ་ཚོགས་ཀྱི་ཡོ་བྱད་ཀྱང་རྒྱ་གར་དུ་ནི་གསེར་སྲང་བཅོ་བརྒྱད་ཀྱི་དངོས་པོ་ཡན་ཆད་མ་གཏོགས་དེ་ལས་དམན་པའི་ཡོ་བྱད་ལ་ཚོགས་འཁོར་མི་རུང་བར་བཤད་ཕྱིར་འབྱོར་བ་གྱ་ནོམ་པ་དང་ཚོགས་ཀྱི་གཙོ་བོ་དང་འདུས་པའི་རྣལ་འབྱོར་ལས་ཀྱི་རྡོ་རྗེ་རྣམས་ཀྱང་མཚན་ཉིད་ཚང་ཞིང་དམ་ཚིག་ལ་དྲི་མ་མེད་དང་། དུས་དང་གནས་དང་ཆོ་གའི་ཕྱག་བཞེས་རྣམས་ཀྱང་རྒྱུད་སྡེ་ གསེར་ཞོ་བརྒྱ་དང་བཞི་བཅུ་ཞེ་བཞི་


TR005_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོ་ལས་ཇི་ལྟར་གསུངས་པ་བཞིན་མ་གཏོགས། ཅུང་ཟད་ཙམ་གྱི་ནོར་འཁྲུལ་ལྷག་ཆད་གཟུ་ལུམ་རས་ཆོད་དུ་གྱུར་ནའང་རྩ་བའི་ལྟུང་བ་ཕོག་ཅིང་ལྷ་དང་མཁའ་འགྲོ་མི་མཉེས་པའི་བཀའ་ཆད་འཕྲལ་དུ་འབྱུང་ཞིང་། བྱུང་ཚུལ་གྱི་ལོ་རྒྱུས་ཀྱང་མང་ལ། དེས་ན་འདི་དག་གི་ཚུལ་རྒྱས་པར་ནི་རྒྱུད་འགྲེལ་ཆེན་པོ་རྣམས་དང་ཚོགས་ཀྱི་རྣམ་བཤད་དག་ལས་འབྱུང་མོད་ཀྱི། དིང་སང་བོད་འདིར་བསྟན་པའི་གཟུགས་བརྙན་དང་། གསང་སྔགས་འཆལ་བར་གྱུར་བའི་དབང་གིས་ཚུལ་འདི་དག་བཤད་པའི་དགོས་པ་ཡང་དག་ལ་མཆིས་ཤིང་། དེ་བས་ན་འདི་སྐབས་ཀྱི་བརྗོད་བྱའི་དངོས་དོན་སྙིང་པོར། ཙཱ་རུ་ཚོགས་འཁོར་གྱི་རྣམ་གྲངས་སུ་གཏོགས་པའི་འཆད་ཚུལ་ནི་གོང་གི་ལུགས་གཉིས་པོ་དེ་ལྟར་ལགས་པ་དང་།


TR005_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། ཙཱ་རུ་ཚོགས་འཁོར་ལ་མི་ཐེ་བའི་ལུགས་ལྟར་ན། གསང་སྔགས་འོག་མ་བྱ་སྤྱོད་རྣལ་འབྱོར་སོགས་ཀྱི་སྒོ་ནས་རབ་ཏུ་གནས་པའི་ཚེ་ན་ནི། འདི་ལ་ཙཱ་རུའི་སྟོན་མོ་ཞེས་པ་ལས། ཚོགས་འཁོར་གྱི་མིང་ཡང་མི་བརྗོད་དེ། རྒྱུད་སྡེ་དེ་དག་ཏུ་ཚོགས་འཁོར་མ་གསུངས་ཤིང་ཚོགས་འཁོར་ནི་བླ་མེད་ཁོ་ནའི་ཁྱད་ཆོས་ཡིན་པའི་ཕྱིར་རོ། །ཡོ་བྱད་ཀྱང་། རྒྱུད་སྡེ་འོག་མའི་ཙཱ་རུའི་སྐབས་འདིར་དཀར་གསུམ་མངར་གསུམ་གཙོ་བོར་གྱུར་པའི་ཟས་སྣ་བཟང་པོ་ གཙང next hit་མ་ཅི་འབྱོར་མ་གཏོགས་ཤ་ཆང་སྒོག་གཙོང་སོགས་མི་བཤམས་པ་དང་། བྱིན་རླབས་ཀྱང་འབྲུ་གསུམ་དང་ནམ་མཁའ་མཛོད་སྔགས་སོགས་ཀྱིས་བྱིན་གྱིས་རླབས་པ་མ་གཏོགས། བླ་མེད་ལུགས་ཀྱི་ཚོགས་བྱིན་རླབས་མི་བྱ་བར་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། རྒྱུད་སྡེ་འོག་མའི་སྐབས་འདིར་ཤ་ཆང་སོགས་ལྟ་


TR005_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་སྨོས་ཏེ། སྒོག་ཙོང་གི་རིགས་བཅུ་གསུམ་སོགས་དེ་དག་ལ་ཡང་རྒྱ་གར་གྱི་བྲམ་ཟེ་རྣམས་ནི་ཀེའུ་དང་ཀུན་དོང་ཞེས་དྲི་ཙམ་ལའང་རྒྱང་རིང་ནས་འཛེམ་པར་བྱེད་པ་དང་། རབ་ཏུ་བྱུང་བ་རྣམས་ལ་ཡང་བཅོམ་ལྡན་འདས་ཀྱི་འདུལ་བ་ནས་བཀག་ཅིང་། གལ་ཏེ་དགེ་སློང་གང་ཞིག་ནད་ཀྱིས་ཉེན་པ་ལ་སྨན་པས་གཙོང་ཀེའུའམ་སྒོག་པ་ཀུན་དོང་སོགས་བཟའ་བར་གདམས་པ་ན། མཁན་སློབ་དང་དགེ་འདུན་ལ་གནང་བ་ཞུས་ནས་ས་ཕྱོགས་དབེན་པར་སོང་ཏེ་ཇི་སྲིད་ན་དེ་མ་སོས་ཀྱི་བར་དུ་ཟ་ཞིང་། ནམ་སོས་ཀྱང་ཞག་བདུན་སོགས་དེ་དག་གི་དྲི་མ་ལེགས་པར་མ་སངས་ཀྱི་བར་དུ་གཙུག་ལག་ཁང་དང་དགེ་འདུན་གྱི་ནང་དུ་འཇུག་པར་མི་བྱའོ། །དྲི་མ་ལེགས་པར་སངས་ཚེ་ཁ་ལག་དང་ཡོ་བྱད་རྣམས་བཀྲུས་ནས་དལ་བུས་དགེ་འདུན་གྱི་ནང་དུ་འཇུག་གོ། །ཞེས་གསུངས་སོ། །དེ་བཞིན་


TR005_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱ་སྤྱོད་རྣལ་འབྱོར་གྱི་ལྷ་ལ་མཆོད་པའི་རྫས་རྣམས་ཀྱང་ཤ་ཆང་སྒོག་གཙོང་སོགས་ཀྱི་དྲི་དང་མ་འདྲེས་པར་བྱ་བར་གསུངས་པའོ།། ༈ །།སྔགས་བླ་མེད་ཀྱི་སྐབས་སུ་ནི་དེ་དག་ལས་ཆེས་རྩོགས་པར་གྲགས་པའི་བདུད་རྩི་ལྔ་དང་ཤ་ལྔ་ལ་སོགས་ཀྱང་ཁྱད་པར་དུ་འཕགས་པའི་རྫས་ཀྱི་གཙོ་བོར་སྒྲུབ་དགོས་པ་དང་། དེ་དག་སྤྱོད་པའི་གང་ཟག་ཀྱང་previous hit གཙང next hit་དམེ་དང་བཟང་ངན་སོགས་ཐ་མལ་གྱི་འཛིན་རྟོགས་ལས་གྲོལ་ནས་ཆོས་དབྱིངས་མཉམ་པ་ཉིད་ལ་བློ་ངེས་པའི་སྒོ་ནས་ཚོགས་ཀྱི་འཁོར་ལོ་སྒྲུབ་དགོས་པའི་ཕྱིར་དང་།། ༈ །།ལོངས་སྤྱད་པའི་ཚུལ་ཡང་མི་འདྲ་སྟེ། ཙཱ་རུའི་བཟའ་བ་ནི་རབ་གནས་ཀྱི་དགའ་སྟོན་ལ་གང་འདུས་ཀྱི་སྐྱེ་བོ་མཐའ་དག་ལ་ཚིམ་པར་འགྱེད་དགོས་ཤིང་། ཚོགས་ཀྱི་བཟའ་བཏུང་ནི་འཁོར་ལོའི་འདུ་བར་གང་ཚོགས་པའི་རྣལ་འབྱོར་


TR005_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་མོ་དེ་དག་གི་བཟའ་བའི་རྣལ་འབྱོར་གྱི་སྒོ་ནས་དེ་འཕྲལ་དུ་རོལ་ཞིང་ལྷག་མ་གང་བྱུང་ལྷག་གཏོར་ལ་གཏོང་བ་མ་གཏོགས། དམ་མེད་དང་སྐྱེ་བོ་ཕལ་པ་ལ་ཏིལ་འབྲུ་ཙམ་ཡང་སྤྱོད་པར་མི་དབང་བའི་ཕྱིར་རོ། །དེ་ལྟར་ཡིན་མོད་ཀྱི། དིང་སང་བོད་ཡུལ་འདིར་ནི་གསང་སྔགས་ཀྱི་དབང་ལ་ཁྲོམ་དབང་བྱེད་ཅིང་། དེ་དག་དང་ལྷན་ཅིག་ཚོགས་འཁོར་བྱེད་པ་དང་། སྔགས་ཀྱི་ཆོག་ཞུང་ཕྲ་མོ་རེའི་སྔགས་འདོན་ཙམ་ཞིག་ཤེས་ཚད་ཀྱིས། ཟན་བཤོས་མར་བྱུག་རེ་དང་ཤ་ཆང་ཅུང་ཟད་རེ་ལ་ཚོགས་འཁོར་བྱེད་པར་རློམ་པ་དང་། སོ་ཐར་གྱི་དགེ་སྦྱོང་ཤ་ཆང་སྤོང་མ་ནུས་པ་ཐམས་ཅད་ཀྱི་ཚོགས་འཁོར་ལ་སྙད་བཏགས་ནས་ཅི་དགར་ཟ་འཐུང་བྱེད་པའི་ལུགས་སྲོལ་འདི་འདྲ་དར་བ་ལ། བསྟན་པའི་བདག་པོ་མཁས་གྲུབ་ཆེན་


TR005_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཀུན་ཚུལ་འདི་བཏང་སྙོམས་སུ་འཇོག་བར་མཛད་ན། མི་རྒན་བདག་འདྲ་གཅིག་པུས་ཇི་ཙམ་བཤད་རུང་གཞན་དག་རྣམ་བའི་བ་སྤུ་འགུལ་བ་ཙམ་ཡང་མི་ནུས་ལ། གལ་ཏེ་འགའ་ཞིག་གིས་ནི་འདི་སྙམ་དུ། ཅི་ཁྱོད་གཞན་མི་ཟེར་བ་མང་པོ་ཁྱོད་ཀྱིས་ཟེར་བ་འདི་ཅི་ཞིག་སྙམ་པའི་ཁོང་ཁྲོ་དང་ལོག་ལྟ་སྐྱེ་བའི་རྒྱུར་ཟད་མོད།། ༈ །།ཆོས་ནས་ཇི་སྐད་གསུངས་པ་བཞིན་བྱེད་པའི་དབང་དུ་བགྱི་ན་ནི། སྔགས་བླ་མེད་ཁོ་ནའི་ལུགས་ཀྱི་རབ་གནས། སྦྱིན་སྲེག༴ དབང་བསྐུར་སོགས་ཀྱི་སྐབས་སུ་ཙཱ་རུའི་བཟའ་བཏུང་གི་རིགས་སུ་གྱུར་ཚད་ཇི་ཙམ་འབྱོར་པ་དང་། གཞན་ཡང་གཟུགས་སྒྲ་དྲི་རོ་རེག་བྱར་གྱུར་པའི་འདོད་ཡོན་མཐའ་དག་རི་ལྟར་སྤུངས་ནས། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་འདོད་ཡོན་ཕུན་ཚོགས་སུ་བྱིན་གྱིས་རླབས་སྟེ་འབུལ་ཞིང་། རྣལ་འབྱོར་ཕོ་མོ་


TR005_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་ཀྱང་དབང་བཞི་སོ་སོའི་བཟའ་བའི་དམ་ཚིག་གི་སྐབས་ལྟར་རོལ་བར་བྱ་ལ། ཡང་། མདོ་ལུགས་སམ་གསང་སྔགས་འོག་མའི་སྐབས་ཀྱི་ཙཱ་རུ་ནི་གོང་དུ་སྨོས་པ་བཞིན་གྱི་བཤམ་ཚུལ་ཡང་previous hit གཙང next hit་མའི་ཡོ་བྱད་འབའ་ཤིག་དང་། སྤྱོད་ཚུལ་ཡང་ལྷ་ལ་ཕུལ་བའི་ཕམ་ཕབས་དངོས་གྲུབ་ཀྱི་ཚུལ་དུ་མོས་པས་སྤྱད་ཅིང་། གཞན་དག་ལ་ཡང་ཁྱབ་གང་ཆེར་སྦྱིན་པ་དང་། ཚུལ་འདི་ལ་ནི། འབྲས་དང་སྦྲང་རྩི་འོ་མ་རྣམས་རྒྱས་པའི་སྦྱིན་སྲེག་གི་མེ་རོ་ལ་བསྐོལ་བའི་འོ་ཐུག་དེས་ཙཱ་རུའི་བཟའ་བ་རྣམས་ཀྱི་གཙོ་བོར་བྱ་བར་བཤད་དེ། དེའི་དགོས་པ་ནི། བཅོམ་ལྡན་འདས་ཉིད་ལོ་དྲུག་བཀའ་བ་སྤྱད་པའི་མཐར། བསྐལ་བཟང་གི་སངས་རྒྱས་ཐམས་ཅད་ལ་འཚང་རྒྱ་ཁར་བསོད་སྙོམས་འབུལ་བར་སྨོན་ལམ་བཏབས་པའི་བུ་མོ་


TR005_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་མ་དང་དགའ་སྟོབས་མ་གཉིས་ཀྱི་མ་ཧེ་ལྔ་བརྒྱའི་འོ་མ་ཉིད་རྒྱུད་དུ་བྱས་ཏེ་འབྲས་སཱ་ལི་སྦྲང་རྩི་དང་སྦྱར་བའི་འོ་ཐུག་གསེར་གྱི་སྣོད་བཀང་སྟེ་ཕུལ་བའི་སྤྲིས་མ་ལ་བཀྲ་ཤིས་པའི་རྟགས་ཀྱི་རི་མོ་ཤར་བ་གསོལ་བས་སྐུ་གསེར་གྱི་གཏན་པ་འཕྱིས་པའི་མདངས་ལྟར་གྱུར་ཅིང་བྱང་ཆུབ་ཀྱི་སྙིང་པོར་གཤེགས་ནས་མངོན་པར་སངས་རྒྱ་བར་མཛད་ཚུལ་དེ་ཉིད་ཀྱི་རྗེས་སུ་འབྲང་བའི་ལེགས་ཚོགས་ཀྱི་རྟེན་འབྲེལ་བསྒྲིག་པ་ཡིན་པར་གསུངས་སོ། །མདོར་ན་ཙཱ་རུའི་བཟའ་བའི་ཁྱད་དོན་ནི་དེ་ལྟར་གང་གདའ་ལགས། ཡང་ཉིད་ཀྱིས། གཤིན་པོ་རྗེས་འཛིན་གྱི་ཆོ་ག་ལ། མིང་ཡང་ལྷོ་སྒོ་ཆོ་གར་གྲགས་ཤིང་དཀྱིལ་འཁོར་གྱི་ལྷོ་སྒོ་ཁོ་ནར་བྱེད་པའི་རྒྱུ་མཚན་གྱི་དྲི་བ་གནང་བའི་ཆ་ལ་ནི།། ༈ །།སྤྱིར་རྒྱལ་བའི་ཐུགས་རྗེ་ལ་ཕྱོགས་རིས་མེད་ཅིང་ཡེ་ཤེས་


TR005_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དཀྱིལ་འཁོར་རྒྱ་ཆད་ཕྱོགས་ལྷུང་མེད་ཕྱིར། ལྷོ་སྒོ་ལས་གཞན་པའི་སྒོར་ཚེ་འདས་འདྲེན་མི་ནུས་པ་ནི་ག་ལ་མཆིས་ཀྱང་། འདིའི་དོན་ནི་རྒྱལ་བས་འཇིག་རྟེན་དང་སྒོ་བསྟུན་ནས་གསུངས་པར་གདའ་སྟེ། དེ་ཡང་འཕགས་པའི་ཡུལ་གྱི་གྲོང་ཁྱེར་ཆེན་པོ་ཀུན་ལ་ཕྱོགས་བཞི་ཀར་སྒོ་ཆེན་དང་བརྒྱ་སྲང་སོ་སོར་ཡོད་ཀྱང་། ལྷོ་སྒོ་ནི་གཤིན་པོའི་བྱ་བྱེད་དང་རོ་བསྐྱེལ་བ་སོགས་མ་གཏོགས་རྒྱུ་འགྲུལ་གཞན་མི་བྱེད་ལ། དེའི་རྒྱུན་ཀྱང་། ལྷོ་ཕྱོགས་གཤིན་རྗེ་གནས་པའི་དབང་གིས་གཤིན་དོན་ལས་གཞན་པའི་ལས་གང་ཡང་མི་ཤེས་པར་བརྩི་བའི་ཡུལ་ལུགས་ཡོད་པས། དེ་དང་རྗེས་སུ་བསྟུན་ནས་ཚེ་འདས་ཀྱི་སྦྱང་བ་སོགས་དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་མཛད་ལ། དཀྱིལ་འཁོར་དག་སྦྱོར་གྱི་སྐབས་འགའ་རེར་སྒོ་བཞི་


TR005_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མེད་བཞི་དང་སྦྱོར་བས་ལྷོ་ཕྱོགས་ནི་སྙིང་རྗེ་ཆེན་པོའི་སྒོ་ཡིན་ཕྱིར་ཚེ་འདས་སྙིང་རྗེས་དྲང་བའི་མཚོན་བྱེད་ཀྱང་ཡིན་པ་དང་། གཞན་ཡང་རྙིང་མའི་དཀྱིལ་འཁོར་མང་པོར་ཡང་ལྷོའི་སྒོ་བ་ནི་ཁྲོ་བོ་གཤིན་རྗེའི་གཤེད་པོ་བཞུགས་པ་ཤས་ཆེར་འབྱུང་བ་དེ་ཡང་གོང་མ་དང་མཐུན་པའི་དོན་དུ་སྣང་བས། དེས་ན་ལྷོ་སྒོ་ཆོ་གའི་དགོས་ཆེད་གཏན་ཚིགས་ནི་དེ་ཙམ་དུ་ཟད། མཐར་ཚེ་འདས་ལ་དབང་བསྐུར་སོགས་ཀྱི་དུས་སུ་ནི་དཀྱིལ་འཁོར་གྱི་ཤར་སྒོར་དབང་བསྟེགས་པདྨ་བརྒྱད་ཀྱི་ཁར་ཚེ་འདས་བཞག་སྟེ། རིམ་གྱིས་དཀྱིལ་འཁོར་དུ་བཅུག་ཚུལ་སོགས་འབྱུང་བ་ཉིད་དོ།། ༈ །།གཞན་ཡང་། སྦྱིན་སྲེག་རྣམས་སུ་ཡང་རྒྱས་པའི་སྲེག་ཐབ་ནི་དངོས་གྲུབ་འབྱུང་ཕྱིར་བྱང་ཕྱོགས་ནོར་བདག་གི་ཕྱོགས་སུ་བྱ་ལ། དྲག་པོའི་མེ་ཐབ་ནི་གདུག་པ་ཅན་རྣམས་སྒྲོལ་ཕྱིར་ལྷོ་ཕྱོགས་


TR005_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

གཤེན་རྗེའི་གནས་སུ་བྱ་བར་གསུངས་པ་སོགས་དང་གུང་མཐུན་པར་སྣང་ངོ་། ཡང་། བདག་གིས་བྱས་པའི་བར་དོའི་སྤྱི་དོན་དུ། སྐྱེ་འགྲོ་ཕལ་པ་རྣམས་ལ་བར་དོ་དང་པོའི་གཞིའི་འོད་གསལ་འཆར་བའི་ཡུན་ཚད་ཀྱི་འཕྲོས་ལས་བརྩམས་ཏེ།། ༈ །།ཉིད་ཀྱིས། མདོ་སྡེ་སྟག་སྣའི་ལུང་འདྲེན་དང་བཅས་ནས་བྱ་རྫོགས་ཀྱི་སྐད་ཅིག་གི་དྲི་བ་གནང་བ་ལ། སྤྱིར། མངོན་པའི་སྡེ་སྣོད་ལས་གསུངས་པའི། གཟུགས་མཐའ། མིང་མཐའ། དུས་མཐའ་དང་གསུམ་གྱི་ནང་ཚན་དུས་མཐའི་སྐད་ཅིག་ལའང་ཕྲ་རག་གཉིས་ལས། སེ་གོལ་གཅིག་གི་ཡུན་ཚད་དེ་ཉིད་ཆ་དྲུག་ཅུ་རྩ་བཞིར་བགོས་པའི་ཆ་གཅིག་ལ། ཕྲ་བའི་སྐད་ཅིག་ཅེས་བྱ་ཞིང་། ཕྲ་བའི་སྐད་ཅིག་དེ་བརྒྱ་ཉི་ཤུར་བསྡོམས་པའི་ཡུན་ལ་ནི། རག་པའི་སྐད་ཅིག་ཟེར་དེ་དྲུག་ཅུ་ལ་ཐང་


TR005_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག །དེ་སུམ་ཅུ་ལ་ཡུད་ཙམ། ཡུད་ཙམ་སུམ་ཅུས་ཉིན་ཞག་གཅིག་ཏུ་གསུངས་མོད་ཀྱི། འདི་སྐབས་ཀྱི་བྱ་བ་རྫོགས་པའི་སྐད་ཅིག་ལ་བརྩི་ལུགས་མི་འདྲ་བ་དུ་མ་ཞིག་སྣང་བ་ལས། སྟག་སྣ་ལས་གསུངས་པ་དེ་ཉིད་ནི་འཇིག་རྟེན་ཕལ་གྱིས་གོ་བར་སླ་བ་ལྟ་བུ་ལ་དགོངས་པར་སྣང་ཞིང་། དེ་དང་རིགས་མཐུན་པར། སྐྱེས་བུ་སྟོབས་ལྡན་ཞིག་གིས་མདའ་གཞུ་མེར་གྱི་བཀང་སྟེ་ཤར་གྱི་འཕེན་པའི་ཡུན་ཚད་ལ་དཔེར་མཛད་པ་དང་། མི་ཞིག་གི་ཟན་ཁམ་གཅིག་བལྡད་པའི་ཡུན་ལ་ཆ་འཇོག་པ་དང་། ཡི་གེ་དྲུག་མ་ཚར་གསུམ་མམ་ལྔའི་ཡུན་ལ་བརྩི་བ་སོགས་མི་མཐུན་པ་མང་པོ་གདའ་ནའང་སྒྲུབ་རྒྱུད་རིན་པོ་ཆེའི་ཕྱག་བཞེས་ཁོ་ན་ལ་དཔང་པོར་འཇོག་ན། སྐྱེས་བུ་ནད་མེད་དར་ལ་བབས་ཅིང་རླུང་རང་སོར་


TR005_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་དབུགས་འབྱུང་འཇུག་གནས་གསུམ་བསྡོམས་པའི་ཁུག་པ་གཅིག་པུ་དེའི་ཡུན་ལ་བརྩི་བ་དང་། ཡང་ན།། ༈ །།ཡང་ན། ཆོས་སྤྱི་གཞུང་གི་ལུགས་ཀྱིས། གང་ཟག་རྣམས་འཆི་བའི་དུས་སུ་ཞག་ཕྱེད་དང་བཞིའི་བར་དུ་རྣམ་ཤེས་བརྒྱལ་བའི་ཚུལ་གྱིས་ཕུང་པོ་ལ་གནས་པར་འདོད་ཅིང་། ཕྱེད་དང་བཞི་པོ་འདས་འཚམས་དེར་ཁྲུས་ཆོག་དབང་བསྐུར་སོགས་ངེས་པར་བྱེད་པའི་ལུགས་འདི་ངེས་རྟགས་ཡིན་མིན་གྱི་དྲི་བ་ཞིབ་རྒྱས་གནང་བའི་ལན་དུ་ཅི་ཞུ་ན།། ༈ །།གཞུང་སྤྱི་ཙམ་དུ་དེ་ལྟར་གྲགས་ཅིང་། དིང་སང་ཕལ་ཆེར་ཕུང་པོ་ཞག་ཕྱེད་དང་བཞིའི་རིགས་ལ་ངེས་པར་འཇོག་པའི་སྲོལ་དུ་མོད་ཀྱང་། དེ་ལྟ་བུའི་ཚད་ཅན་ཞིག་ཐམས་ཅད་རང་ལ་ཡོང་བ་གཏན་ནས་མ་ལགས་ཏེ། གང་ཟག་མཆོག་རབ་རྣམས་ནི་ ལག་པའི་ཐལ་མོས་སྐྱིལ་ཀྲུང་ལ་མགྱོགས་བུལ་རན་པར་ལན་གཅིག་བསྐོར་ནས་སེ་གོལ་གཅིག་བརྡབས་པའི་བར་གྱི་ཡུན་ཚད་དེ་ལ་བྱ་རྫོགས་ཀྱི་སྐད་ཅིག་ཏུ་བཞེད་པ་ལགས།


TR005_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

དབུགས་ཆད་པ་དང་གྲོལ་བ་དུས་མཉམ་ཡར་གྱི་ཟང་ཐལ་དང་། ཡང་རྩ་བའི་དམ་ཚིག་ཉམས་པ་སོགས་སྡིག་པ་ཚན་པོ་ཆེ་རྣམས་ནི་ཕྱི་དབུགས་མ་ཆད་གོང་ནས་གཤེད་མ་དང་དམྱལ་བའི་སྣང་བ་འཆར་ཞིང་མར་གྱི་ཟང་ཐལ་བ་དེ་དག་ལ་ནི་སྨོས་ཅི་དགོས་ཀྱི། གཞན་ཕལ་པ་སྤྱི་ལ་ནི། འབྱུང་བ་ཐིམ་རིམ་རྣམས་རྫོགས་ནས་རླུང་ཁམས་སེམས་གསུམ་སྙིང་ཁར་འཛོམ་ཞིང་དབུ་མར་ཆུད་པའི་ནུས་པས་རང་བཞིན་ལྷན་སྐྱེས་ཀྱི་འོད་གསལ་འཆར་བ་དེ་ནི་བྱ་རྫོགས་ཀྱི་སྐད་ཅིག་ཙམ་ལས་ལྷག་པ་ནི་ནམ་ཀྱང་མི་གནས། དེ་ལ་ནི་ཉམས་ལེན་མེད་པའི་ཡོད་ཀྱང་གོམས་ཤུགས་ཞན་པས་གྲོལ་བར་མ་ནུས་ཚེ། དེ་འཕྲལ་དུ་ལུས་ཀྱི་ཁྲག་སོགས་རྩར་འདུས་པའི་ཐིགས་པ་སྙིང་ལ་ཕོག་པའི་རྐྱེན་གྱིས་རྣམ་ཤེས་ནག་འཐོམ་


TR005_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་མེད་དུ་ཡུད་ཙམ་རྒྱལ་ཞིང་། ཡུན་རིང་ཚད་ལ་ཞག་གཅིག་ཙམ་དུ་བརྒྱལ་ནས། དེ་ལས་སད་པ་དང་། རྫོགས་ཆེན་ལྟར་ན་སྒྲ་འོད་ཟེར་གསུམ་སོགས་ཆོས་ཉིད་ཀྱི་བར་དོ་རྣམས་བསམ་གཏན་གྱི་ཞག་ལྔར་འཆར་བར་གསུངས་ཀྱང་། ད་ལྟ་བསམ་གཏན་མེད་ན་དེ་དུས་བསམ་གཏན་གྱི་ཞག་ཀྱང་ག་ལ་འོང་ཞིང་སྐད་ཅིག་ཙམ་ལས་མི་འཆར་ཚེ་གྲོལ་བར་ཅི་ལ་ནུས། དེ་ཀའི་མདོ་ལ་སྲིད་པ་བར་དོ་འཆར་བ་སྟེ། མདོར་ན་རྣམ་པར་ཤེས་པ་བརྒྱལ་བའི་ཡུན་ཞག་གཅིག་ལས་རིང་བ་ནི་སུ་ལའང་མི་འབྱུང་ཞིང་། བརྒྱལ་སངས་པ་དང་ལུས་སེམས་བྲལ་བ་དུས་མཉམ་པས་ན་ཕུང་པོ་ཞག་ཕྱེད་བཞི་བར་དུ་བཞག་དགོས་པ་མི་འབྱུང་བ་དང་། རྣམ་ཤེས་འཐོན་རྗེས་ནི་རང་གི་རོ་ལ་ཡང་ཡིད་དུ་མི་འོང་ཞིང་འཇིགས་པའི་སྣང་བ་


TR005_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་བ་དག་ཀྱང་འབྱུང་བར་བཤད་དོ། །འོན་ཀྱང་གང་ཟག་འགའ་ཞིག་ཐུགས་དམ་ལ་བཞུགས་པའམ། ལ་ལ་ཞིག་རྣམ་ཤེས་བརྒྱལ་ཏེ་སྡོད་པའི་ཡུན་ཅུང་ཟད་རིང་བའང་ཡོད་སྲིད་ན། དེའི་བར་ལ་ནི་ཕུང་པོ་ལ་ཐུག་རག་འགུལ་སོགས་མེད་པ་དང་། སྒྲ་སྐད་དྲག་པོ་སོགས་མི་བྱ་བ་ནི་ནན་ལྟར་གལ་ཆེ་བ་དང་། མདོར་ན་རྣམ་ཤེས་ཐོན་མ་ཐོན་གྱི་ཚད་ནི་ཁམས་དཀར་དམར་སྟེང་འོག་གིས་སྒོར་ཐོན་མ་ཐོན་ལ་བརྟག་པར་གསུངས་ཤིང་། དེ་བཞིན་དུ། རོ་ལ་མདངས་ཡལ་བ་དྲོད་ཆད་པ། གཤིན་དྲི་མནམ་པ་སོགས། རྣམ་ཤེས་ཐོན་པའི་རྟགས་མང་དུ་འབྱུང་བ་དག་ཀྱང་མྱོང་བ་ཅན་གྱིས་གསལ་མོད་ཅིང་། རྣམ་ཤེས་མ་ཐོན་རིང་འཕོ་བ་དང་གསལ་འདེབས། རྣམ་ཤེས་ནམ་ཐོན་ཚེ་ཁྲུས་ཆོག་དབང་བསྐུར་སོགས་ཀྱི་སྐབས་ཐོབ་སྦྱོར་


TR005_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

བ་མ་གཏོགས། ཞག་ཕྱེད་དང་བཞི་ཁོ་ནའི་ངེས་རྟགས་ཞིག་ཐམས་ཅད་ལ་དགོས་པ་ནི་མ་ལགས་སོ།། ༈ །།གཞན་ཡང་འདི་སྐབས་འཕྲོས་ཞོར་དུ། ཚེ་འདས་ཀྱི་བདུན་ཚིག་ཀྱང་ཞག་མཚམས་འཛིན་ཚུལ་མི་མཐུན་པ་སྣ་ཚོགས་གདའ་བས། དེའི་ངོས་འཛིན་ལུགས་ཀྱང་འདི་ལྟ་སྟེ། སྤྱིར་ཡང་ཉིན་ཞག་ཕྲུག་རེ་ལ་ཆུ་ཚོད་དྲུག་ཅུ་ངེས་པར་ཚང་དགོས་མོད་ཀྱི། དིང་སང་ལ་ལ་ནི། དཔེར་ན་ཚེ་འདས་དེ་ཉིད་ཚེས་གཅིག་ལྟ་བུའི་ནུབ་མོ་ཤི་བ་ཡིན་ནའང་། ཚེས་གཉིས་ཀྱི་ཞོག་པ་ནས་ཞག་གཅིག་སོང་བརྩི་བའི་སྲོལ་འདུག་པ། དེ་ལ་ནི་ཆུ་ཚོད་དྲུག་ཅུ་ཚང་ཐབས་མི་འབྱུང་ཞིང་། བདུན་ཚིག་ཀུན་དྲིལ་གྱི་ཞག་ཞེ་དགུ་ཡང་འགྲོ་ཐབས་མི་འབྱུང་བས། དེས་ན། ཚེས་གཅིག་ལྟ་བུའི་ཉིན་མཚན་སྔ་


TR005_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ཇི་ཙམ་ལ་ཤི་བ་དེའི་སང་ཉིན་སྔ་ཕྱི་དེ་ཀའི་ཐོག་ཏུ་ནམ་སླེབ་ཚེ་ཞག་གཅིག་སོང་བར་བརྩི་དགོས་ཤིང་། དེའི་ཕྱིར་ཚེས་གཅིག་གི་ཉིན་གུང་ལ་ཤི་བ་ཡིན་ན། ཚེས་གཉིས་ཀྱི་ཉིན་གུང་ལ་སླེབ་ཚེ་ཞག་གཅིག་ཚང་། གསུམ་གྱི་ཉིན་གུང་ནས་ཞག་གཉིས། དེ་བཞིན་དུ་རིམ་པར་རྩིས་པའི་ཚེས་བརྒྱད་ཀྱི་ཉིན་གུང་ལ་བདུན་ཚིག་དང་པོ་ཡིན་ཕྱིར། དེ་སྐབས་སུ་གཤིན་པོ་དེ་ལ་འཆི་བའི་སྡུག་བསྔལ་གྱི་ཚོར་བ་དང་འཇིགས་སྐྲག་ཚད་མེད་འབྱུང་བས། དེ་ལས་སྐྱབས་ཕྱིར་དགེ་བའི་རིགས་ཅི་ཙམ་བྱེད་པ་ཐམས་ཅད་དེའི་ཉིན་གུང་ཡན་ལ་གྲུབ་པར་བྱ་དགོས་པ་དང་། སླར་དེའི་སང་གི་ཉིན་གུང་ལ་སླེབ་ཚེ་བདུན་ཚིགས་གཉིས་པའི་ཞག་གཅིག་འདས་པར་བརྩི་བ་སྟེ། དེས་མཚོན་ནས། ཚེས་གྲངས་གང་ལ་ཤི་བའི་སྔ་ཕྱི་དེ་ཀའི་སང་ཉིན་ཞག་


TR005_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བརྩི་ཚུལ་རིགས་འགྲེ་དགོས་པ་ལགས་ཤིང་། བདུན་ཚིག་སོ་སོར་དགེ་བ་གང་བྱེད་ཐམས་ཅད་དུས་ཚོད་དེའི་སྔོན་དུ་གྲུབ་དགོས་ཚུལ་ཡང་གོང་བཞིན་ནོ།། ༈ །།གཞན་ཡང་། ཉིད་ཀྱི་ཕེབས་སྒོར། གསུངས་རབས་རྣམས་ལ་སངས་རྒྱ་བ་དང་ཚང་རྒྱ་བ་སོ་སོར་འདུག་པ་འདི་གཉིས་འདས་མ་འོངས་ཀྱི་ཁྱད་པར་གྱི་སྒྲ་ཡིན་ནམ་གསུངས་པ་ལ། འདིའི་ངེས་ཚིག་ནི། སྤྱིར་སམ་སྐྲྀ་ཏའི་སྐད་ལ་བུདྡྷ་ཞེས་པ་བོད་སྐད་དུ་བསྒྱུར་ཚུལ་ལ། སྒྲ་ཐད་ཀར་བསྒྱུར་ན། ཁོང་དུ་ཆུད་པ་ལ་འཇུག་པར་བཤད་ཅིང་། རྣམ་གྲངས་ལྟར་བསྒྱུར་ན་ནི། སངས་པ་དང་རྒྱས་པ་གཉིས་ཀ་ལ་སོ་སོར་འཇུག་པ་ཡིན་ཀྱང་། ལོ་པཎ་རྣམས་ཀྱི་གཅིག་ཏུ་བསྡོམས་ཏེ། མ་རིག་སངས་པ་དང་། ཡེ་ཤེས་རྒྱས་པའི་དོན་གྱི་ཕྱིར་སངས་རྒྱས་ཞེས་སུ་


TR005_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་བ་ཡིན་པ་དང་། དེ་ཙམ་ལ་ནི་འདས་མ་འོང་གི་བྱེ་བྲག་མེད་ནའང་། སྐབས་འདོན་བྱེད་ཕྱིར་དུ། སུམ་རྟག་གི་ལུགས་ལ་ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། ཞེས་པ་ལྟར། ས་ཡིག་ནི་འཇུག་པའི་ཡི་གེ་བཅུ་ལས་ཕོ་ཡིག་གི་སྡེ་ཚན་དང་། དྲག་ཞན་བར་མ་གསུམ་ལས་ཀྱང་སྒྲ་དྲག་པོའི་ཡི་གེ་ཡིན་ཕྱིར། དེས་ན། སངས་རྒྱས་ཞེས། འདས་པ་ལ་འཇུག་པ་ཤས་ཆེ་བ་སྟེ། དཔེར་ན། ཚེ་ལོ་བརྒྱ་པའི་དུས་དེར་དེ་བཞིན་གཤེགས་པ་ཤཱཀྱའི་དབང་པོ་སངས་རྒྱས་པར་གྱུར་ཏོ། །ཅེས་པ་ལྟ་བུའོ། །ཡང་། མ་ནིང་གཉིས་ཀ་ད་ལྟར་ཆེད། ཅེས་པས། མ་ནིང་གི་ཡི་གེ་ཚ་ལ་སོགས་པ་ནི་ད་ལྟར་བ་ལ་འཇུག་པ་དང་། མོ་ནི་བདག་དང་མ་འོངས་ཕྱིར། ཞེས་པས། འ་ནི་མོའི་ཡི་གེ་ཡིན་ཕྱིར་མ་འོངས་པ་ལ་འཇུག་སྟེ། དཔེར་ན་


TR005_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་མའི་ཚེ་ཡར་འཕེལ་གྱི་བརྒྱད་ཁྲི་པ་ལ་དེ་བཞིན་གཤེགས་པ་བྱམས་པ་འཚང་རྒྱ་བར་གྱུར་རོ་ཞེས་པ་ལྟ་བུ་སྟེ། སངས་དང་འཚང་གི་ཁྱད་དང་། རྒྱས་དང་རྒྱའི་ཁྱད་ཀྱིས་འདས་མ་འོངས་ཕྱེ་བ་ལགས། ཡང་། མངོན་པར་རྫོགས་པའི་སངས་རྒྱས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་གཉིས་ལ་ཁྱད་པར་ཡོད་མེད་དྲི་བ་གནང་བ་འདི་ལ། སྤྱི་ཙམ་དུ་ནི་ཐུན་མོང་གི་སྒྲར་འགྱུར་བས་ཁྱད་པར་མ་མཆིས་པའི་དབང་དུ་བྱེད་མོད།། ༈ །།བྱེ་བྲག་ཕྱེ་བའི་དབང་དུ་བགྱིས་ན་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཉིད་ལ་དཔེར་མཚོན་ན། ཐོག་དམན་པ་རྣམས་ནི། རྒྱལ་བུ་དོན་གྲུབ་གང་ཟག་རང་རྒྱུད་པ་ཞིག་རབ་ཏུ་བྱུང་ཞིང་ལོ་དྲུག་དཀའ་བ་སྤྱད་པའི་མཐར་རྡོ་རྗེའི་གདན་ལ་སངས་རྒྱས་པར་འདོད་པ་ཙམ་དུ་


TR005_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་མོད་ཀྱང་། ཐེག་ཆེན་པའི་ལུགས་ནི། སྔོན་བསྐལ་པ་དཔག་མེད་ཀྱི་གོང་ནས་དེ་བཞིན་གཤེགས་པ་དབང་པོའི་ཏོག་ལ་སོགས་པར་སངས་རྒྱས་པ་དེ་ཉིད་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ཀྱང་། སླར་ཞིང་འདིའི་ཐུན་མོང་གི་གདུལ་བྱ་འདུལ་ཕྱིར་ཤཱཀྱའི་རིགས་སུ་འཁྲུངས་ཤིང་མཛད་པ་སྣ་ཚོགས་བསྟན་ནས་སངས་རྒྱ་བའི་ཚུལ་མཛད་པ་འདི་ཉིད་མངོན་པར་རྫོགས་པར་སངས་རྒྱས་ཡིན་པར་འདོད་པ་དང་། དེ་ལ་ཡང་། སྔགས་ལྟར་ན་ཐོག་མ་མེད་པའི་སྔོན་རོལ་ནས་ཆོས་སྐུར་སངས་རྒྱས་ཞིང་། འོག་མིན་དུ་ལོངས་སྐུའི་གྱིས་ཆོས་འཁོར་རྒྱུན་ཆད་མེད་པར་བསྐོར་བའི་ངེས་པ་ལྔ་ལྡན་ནམ་ཁ་སྦྱོར་ཡན་ལག་བདུན་ལྡན་དེ་ཉིད་དོན་དམ་པའི་སངས་རྒྱས་སམ། ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ལ། མི་འཇེད་ཞིང་འདིར་ཐུན་མོང་གདུལ་བྱའི་སྣང་ངོར་སངས་རྒྱས་པ་ཉིད་ནི་མངོན་


TR005_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྫོགས་པའི་སངས་རྒྱས་སམ། སྤྲུལ་པའི་སངས་རྒྱས་ཡིན་པ་དང་། ཡང་། གཞུང་ལ་ལར་ཆུ་ཀླུང་ནེ་རཉྫ་རར་དཀའ་བ་སྤྱོད་ཚེ། སྐུའི་སྣང་བརྙན་དེར་བཞགས་ནས་ཐུགས་འོག་མིན་དུ་དྲུག་པ་རྡོ་རྗེ་འཆང་ཆེན་པོ་ལས་བདེ་བ་ཆེན་པོ་དོན་ཀྱི་དབང་ནོས་ཏེ་ཡང་དག་རྫོགས་པར་སངས་རྒྱས་ནས། སླར་དཀའ་སྤྱད་ཀྱི་ཚུལ་ལས་བཞེངས་ཏེ་བྱང་ཆུབ་ཀྱི་སྙིང་པོར་མངོན་པར་སངས་རྒྱ་ཚུལ་བསྟན་པ་སོགས་མདོ་རྒྱུད་མཐའ་དག་ནས་རྒྱ་ཆེར་གསུངས་ནའང་། དོན་དམ་པར་ནི། སངས་རྒྱས་ཐམས་ཅད་ཆོས་ཀྱི་སྐུ་གདོད་མའི་མགོན་པོ་མཉམ་པ་ཉིད་ཐིག་ལེ་ཆེན་པོར་ཡེ་སངས་རྒྱས་པ་ཉིད་ཡང་དག་པའི་སངས་རྒྱས་ཡིན་ལ། ཞིང་ཁམས་སྣ་ཚོགས་པར་སངས་རྒྱས་ཀྱི་མཚན་དང་མཛད་པའི་སྒྱུ་འཕྲུལ་སྣ་ཚོགས་པ་འདི་དག་ནི་མངོན་རྫོགས་ཀྱི་སངས་རྒྱས་


TR005_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འགྱུར་བ་སྟེ། དེ་དང་མཚུངས་པར་ཉམས་ལེན་མངོན་གྱུར་གྱི་རྣལ་འབྱོར་རྣམས་འཇའ་ལུས་རྡོ་རྗེའི་སྐུ་ཐོབ་པའམ། ཡང་ན་འཆི་བ་འོད་གསལ་ཆོས་ཀྱི་སྐུར་གྲོལ་བ་ནི་ཡང་དག་རྫོགས་པའི་སངས་རྒྱས་ཡིན་ཞིང་། སླར་སེམས་ཅན་གྱི་དོན་དུ་མཆོག་གི་སྤྲུལ་པ། སྐུའི་མཛད་པ་སྟོན་པ་ན་མངོན་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཚུལ་གོང་བཞིན་སྟེ། མདོར་ན་ཚུལ་འདི་དག་གི་དབྱེ་བསྡུ་ཇི་ལྟ་བར་ནི་ཤིན་ཏུ་རྒྱ་ཆེ་བའི་ཕྱིར་བདག་འདྲ་སྤྱོད་ཡུལ་དུ་མ་གྱུར་ལ། གཞུང་འགྲེལ་ཆེན་པོ་རྣམས་སུ་ཞིབ་པར་འབྱུང་ཕྱིར་འདིར་བརྗོད་དགོས་པར་ཡང་མ་གྱུར་མོད་ཀྱི། རང་ཉིད་ཀྱིས་ཇི་ལྟར་གོ་ཚུལ་མདོ་ཙམ་ཕུལ་བ་ལགས།། ༈ །།དམ་པའི་ཆོས་འདུལ་བ་ནས་གསུངས་པའི་ཆོས་གོས་རྣམ་གསུམ་ལ་སོགས་པའི་སྐབས་དོན་གྱི་གླེང་མོ་གནང་བའི་ལན་རག་བསྡུས་གོང་དུ་


TR005_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་ཆུན་འཕྱང་གི་སྐབས་སུ་ཕུལ་བ་ལྟར་ལས། སླར་ཡང་དེ་དག་གི་རྒྱུའི་དབྱེ་བ་དང་རུང་མི་རུང་གི་སྐབས་དོན་ཞིབ་ཆའི་བསྐྱར་ཆགས་མཛད་པའི་ལན་དུ་ཕུལ་བ་ནི། དེ་ཡང་ཆོས་གོས་རྣམས་ཀྱི་རྒྱུ་ནི། འདུལ་བ་མེ་ཏོག་འཕྲེང་རྒྱུད་ལས། བལ་གོས་ཤ་ན་ཉི་འོག་དང་། །རས་གོས་དང་ནི་ཟར་མ་དང་། །ཀོ་ཏམ་པ་དང་རཱུ་ཀུ་ལ། །ཆོས་གོས་རྒྱུ་ནི་རྣམ་པ་བདུན། ཞེས་པ་ལྟར། འདུལ་བའི་ལས་ཆོག་ཉིད་ལས་ཀྱང་དེ་ཁོ་ན་བཞིན་གསུངས་མོད་ཀྱི། འདི་སྐབས་སུ། ཉིད་ཀྱིས། བལ་གོས་མ་གཏོགས་པའི་རྒྱུ་གཞན་དེ་དག་བོད་ཡུལ་ན་ཡོད་མེད་དང་། རས་གོས་ཀྱང་མོན་རས་ལ་རུང་མི་རུང་དང་། འཕྲོས་སུ། སྔོན་བཅོམ་ལྡན་འདས་ཉིད་བྲན་མོ་གྲུབ་མ་ཞེས་བྱ་བའི་རོ་ལ་དཀྲིས་པའི་གོས་རས་དུར་ཁྲོད་ནས་བླངས་


TR005_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་བཀྲུས་ཤིང་ཁ་བསྒྱུར་ནས་ཕྱག་དར་ཁྲོད་པའི་སྣམ་སྦྱར་མཛད་ཚུལ་ལོ་རྒྱུས་ལྟར་ན། གསོ་རས་ཀྱང་རྒྱུར་རུང་བར་འགྱུར་ཚེ། གསོ་རས་དངོས་དང་རས་གཞན་མཚུངས་མི་མཚུངས་དང་། ཡང་། སྔར་དུས་ཀྱི་ཆོས་གོས་རྙིང་པ་འགའ་ཞིག་གཙུག་བལ་ལས་གྲུབ་པ་ཡིན་ཞེས་ཡ་མཚན་ཆེར་ཆེར་བྱེད་པ་སྣང་བས། གཙུག་བལ་དེ་གང་འདྲ་ཞིག་ལ་ཟེར་བ་ཡིན་པ་དང་། ཡང་། མི་རུང་བའི་རྒྱུའི་སྡེ་ཚན་ལ་རྔ་ཐེར་ཞེས་པ་གང་ཡིན་པ་སོགས་འདྲི་བར་མཛད་པའི་ཆ་ལ། དེ་ཡང་། སྤྱིར་བོད་འདིར་བལ་གོས་ལས་གཞན་པའི་རྒྱུ་དེ་དག་མ་མཆིས་མོད་ཀྱང་། རྒྱ་གར་དང་བལ་པོ་སོགས་ནས་བྱུང་བའི་རས་ཀྱི་རིགས་རྣམས་དང་། མོན་རས་ལའང་ལོས་རུང་ཞིང་། ལུང་ནས་གསུངས་པའི་རས་ཀྱི་མིང་དེ་རྣམས་ཕལ་ཆེར་རྒྱ་གར་གྱི་


TR005_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་བྱེ་བྲག་ཐ་དད་པའི་མིང་རྣམས་དེ་དག་གིས་རས་ལ་བཏགས་པར་སྣང་བས། དེས་ན། ཉི་འོག་ཞེས་པ་ནི་ཤར་ཕྱོགས་ལ་འཇུག་ཚེ། ཤར་རྒྱ་ནག་ནས་འབྱུང་བའི་རས་རྣམས་ཀྱང་རུང་བ་དང་། གསོ་རས་ཞེས་པ་ནི། འོ་སྐོལ་བོད་འདིར་ཐག་པ་སོགས་བྱེད་པའི་གསོ་མ་འདི་ཉིད་རྒྱ་བལ་སོགས་སུ་ནི་བཀལ་ཐགས་གང་ཡང་རུང་བའི་རྒྱུ་འདི་ལས་འཇམ་པ་ཞིག་ཡོད་པར་སྣང་ལ། རྒྱ་ནག་ཏུ་ཡང་གོས་ཆེན་གྱི་རྒྱུར་བསྲེ་བའི་སྲོལ་དང་། འཇང་ཡུལ་དུའང་གསོ་མ་འདི་ཉིད་མེ་ཐལ་གྱི་སྐྱོ་མའི་ཁྲོད་དུ་བཙོས་ཤིང་བརྡུངས་ནས་དཀར་འབེལ་གྱི་སོང་བ་དེ་ལ་བཀལ་འཐགས་བྱས་ནས་གསོ་སྐུད་དང་གསོ་རས་སོགས་འབྱུང་བའི་འདི་དག་ཀྱང་ཆོས་གོས་ཀྱི་རྒྱུར་རུང་བ་ཉིད་དོ། །ཡང་། མི་རུང་བའི་རྒྱུའི་ཁྲོད་ཀྱི་རྔ་ཐེར་ཞེས་པ་


TR005_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་རྔ་མོང་གི་སྤུ་ལས་བཟོས་པའི་ཐེར་མ་དེ་འདྲ་མི་རུང་བར་བཤད་ལ།། ༈ །།གཙུག་བལ་དུ་གྲགས་པ་དེ་ནི། ཡིག་ཆའི་ལོ་རྒྱུས་ཁུངས་མ་བཞིན་དུ་ཆེར་མ་མཐོང་ཡང་དིང་སང་ངག་སྒྲོས་རྣམས་ལས་ནི། བྱང་ཕྱོགས་ཀྱི་ཡུལ་གྲུ་ཞིག་ཏུ་ལས་དབང་གི་ས་ལས་སྐྱེས་པའི་ལུག་ཞིག་འབྱུང་བ་དེའི་རུས་པའི་ཝ་གདོང་ཕལ་སྐད་དུ་འགྲངས་སམ་ལྟོག་ཏུ་འབོད་པ་འདི་ཉིད། ས་ལ་བཏབ་པ་ལས་སྐྱེས་པའི་ལུག་གུ་ཉིན་རེའི་ཚེ་ལས་མི་ཐུབ་ཅིང་། ལྟེ་བ་ས་ལ་འབྲེལ་བ་དེ་ཤི་བའི་རུས་པ་འགྲངས་སམ། ལྟོག་དེ་ས་ལ་གར་གཙུག་སར་སྔར་བཞིན་ལུག་གུ་སྐྱེ་བ་དེ་ལ་གཙུག་ལུག་ཅེས་གྲགས་པ་སྟེ། དེ་འདྲའི་བལ་ལ་གཙུག་བལ་དུ་འབོད་པར་ཐོས་སོ། །སྤྱིར། ཆོས་གོས་རྣམ་གསུམ་བལ་གོས་ལ་བཟོ་བའི་ཚེ་ཡང་། ཐེར་


TR005_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

མ་མ་གཏོགས་སྤུ་ཅན་གྱི་རིགས་ནི་ལར་ནས་མ་གནང་སྟེ། སྤུ་ཅན་རྣམ་པར་སྤངས་ནས་ནི། །བརྟུལ་ཞུགས་ཅན་གྱིས་ནང་ཤུན་བྱ། །ཞེས། ཆོས་གོས་ཀྱི་ནང་དུ་རྔུལ་གཟན་འབྲལ་མེད་བྱ་བར་གསུངས་པ་དང་། གཞན་ཡང་། དགེ་སྦྱོང་གི་གོས་ཀྱི་རྒྱུར་མི་རུང་བའི་སྡེ་ཚན་ལ། དཔག་བསམ་གྱི་ཤིང་ལས་བྱུང་བའི་གོས་དང་། ཁ་དོག་ཁྲ་བོའི་རིགས་དང་། སླེབ་མོ་ལྟ་བུ་ དབྱིབས་མུ་སྟེགས་བྱེད་དང་ཁྱིམ་པའི་གོས་འདྲ་བ་དག་དང་། ཕུ་དུང་སོགས་དང་། ཁ་ཚར་རམ་ཕུད་ཚར་ཅན་ཞེས་རས་ལ་སོགས་པའི་མཐའི་ཕྲུམ་ཕྲུམ་ལྟ་བུ་ཡོད་པ་ནི་མི་རུང་བར་གསུངས་སོ།། ༈ །།འདིའི་ཞར་ལ། ཉིད་ཀྱིས། སྦྱང་ཡོན་བཅུ་གཉིས་ཀྱི་ནང་ཚན་འཕྱིང་པ་བ་ཞེས་པའི་འཕྱིང་པ་དེ་ཉིད་ད་ལྟའི་འབྲོག་པ་སོགས་ཀྱིས་བཅགས་པའི་བལ་འཕྱིང་འདི་དང་གཅིག་མི་གཅིག་དྲི་


TR005_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཛད་པའི་འཕྱིང་པ་འདི་མ་ཡིན་ཏེ། ད་ལྟའི་བལ་འཕྱིང་འདི་ལ་ནི་གསུང་རབ་སྐད་དུ་ལ་བ་ཞེས་བྱ་སྟེ། བཀའ་བཞི་བརྒྱུད་པའི་ལོ་རྒྱུས་སུ། གྲུབ་ཐོབ་ལ་བ་པ་ཞེས་ལོ་བཅུ་གཉིས་གཉིད་འོད་གསལ་ཐུན་གཅིག་གིས་འདའ་བར་མཛད་པ་དེ་ལ། ཨིནྡྲ་བུདྷིའི་བཙུན་མོ་ལྔ་བརྒྱའི་ཐ་ཆུང་གཅིག་མ་གཏོགས་ཐམས་ཅད་མུ་སྟེགས་ཀྱི་མཁའ་འགྲོ་མར་ཡོད་པ་རྣམས་ཀྱིས་སློབ་དཔོན་དེ་ལ་བར་ཆད་བྱེད་པར་བརྩམས་ཚེ། སློབ་དཔོན་གྱིས་ཁོང་ཐམས་ཅད་ལུག་ཏུ་བྱིན་གྱིས་རླབས་ཏེ་བལ་བྲེག་ནས་ལ་བར་བཅགས་པ། སྐུ་ལ་གསོལ་བས་ལ་བ་པར་མཚན་དུ་ཐོགས་པའི་ལོ་རྒྱུས་སོགས་འབྱུང་མོད་ཀྱི།། ༈ །།འདུལ་བའི་སྦྱང་ཡོན་བཅུ་གཉིས་ཀྱི་འཕྱིང་པ་དེ་ནི། གོས་སྤུ་ཅན་སོགས་དྲོ་འཇམ་ལ་ཞེན་པ་སྤོང་བའི་ཕྱིར། སྤུ་བཤད་བརྡབ་སོགས་མ་བྱས་པར་འཆགས་སུ་བཅགས་


TR005_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཐེར་མ་སྤུ་མེད་དེ་ལ་འཕྱིང་པའི་མིང་དུ་མཛད་པར་གདའ་ལགས། ཡང་། ཁ་དོག་གི་སྐབས་སུ། སྤང་བྱའི་ཚོས་ཆེན་བརྒྱད་ཀྱི་ནང་ཚན་ལས། ལེ་བརྒན་རྩི། རྨ་ཤིང་རྩི། མཐིང་ཤུན་དང་གསུམ་པོ་གང་ལ་འཇུག་པ་དང་། རུང་བའི་ཚོན་གསུམ་པོའི་རྒྱུ་སོགས་དྲི་བ་མཛད་པ་ལས། དེ་ཡང་། ལེ་བརྒན་རྩི་ཞེས་པ་འདི་ལ་གསོ་རིག་གི་གཞུང་ལ་ལར་གུར་གུམ་གྱི་མིང་གི་རྣམ་གྲངས་ཡིན་པར་བཤད་ཀྱང་། འདུལ་བའི་སྐབས་འདིར་ནི་འདི་གཉིས་ཐ་དད་དུ་བགྲངས་པའི་ཕྱིར་དང་། སྤྱིར་ཡང་གུར་ཀུམ་གྱི་མདོག་ནི་དམར་སེར་དང་། ལེ་བརྒན་ནི་དམར་ཆེན་ཡིན་ཚེ་མི་གཅིག་མོད་ཀྱི། འོན་ཀྱང་བོད་འདིར་ཡོད་པ་ཞིག་ནི་མིན་རུང་། རྒྱ་གར་རྒྱ་ནག་རྣམས་སུ་གོས་དར་དམར་པོ་འཚོད་པའི་རྒྱུའི་མེ་ཏོག་ཞིག་ཡིན་པར་


TR005_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་ལ། དེ་བཞིན་དུ། རྨ་ཤིང་ཞེས་པ་ཡང་། གསོ་བའི་ཡིག་ཆ་དག་ཏུ། དིང་སང་ཕལ་སྐད་ལ་ཅོ་ག་མགོ་སྨན་ཞེས་ཟེར་བ་དེ་ཉིད་བོད་འདི་ས་ངན་པའི་གཤིས་ཀྱི་འདི་ཙམ་ལས་མ་ཡིན་པ་མ་གཏོགས། རྒྱ་གར་དུ་ནི་འདིའི་མེ་ཏོག་ཤིན་ཏུ་ཆེ་བ་ཡོད་ལ། ཁུ་བ་ཡང་བེཌཱུརྱའི་མདོག་ལྟ་བུ་དར་སོགས་ཀྱི་ཆོས་ཉན་པར་ཡོད་པར་བཤད་པ་དང་། མཐིང་ཤུན་ཞེས་པ་ནི་ད་ལྟ་ཚོན་ལ་འགྲོ་བའི་མཐིང་བཟང་ཉིད་ཡིན་ཏེ། མདོར་ན་འདི་གསུམ་དང་། རྒྱ་སྐྱེག །མཚལ ལི་ཁྲི་དང་སིནྔྷུ་ར་གཅིག་པ་དང་། གུར་ཀུམ། བཙོད་དང་བརྒྱད་པོ་འདི་ཁ་དོག་ཧ་ཅང་ལེགས་ཆེས་པས། ཚོས་ཆེན་བརྒྱད་ཅེས་སྤང་བྱར་གསུངས་ལ། ཡང་། རུང་བའི་ཚོན་གསུམ་གྱི་ནང་ནས་སྔོན་པོ་ནི་བོད་དུ་རབ་བྱུང་གིས་གྱོན་པའི་ ལི་ཁྲིའི་རྒྱ་གར་སྐད་ལ་སིནྔྷུ་ར་ཟེར་བའོ།


TR005_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

སྲོལ་མེད་ཚེ་བརྗོད་དགོས་པར་མ་གྱུར་མོད་ཀྱི། གལ་ཏེ་དགོས་པར་གྱུར་ནའང་། མཐིང་སོགས་ནི་མ་གནང་ཚེ་རམ་ཚོས་ལྟ་བུ་ལས་འོས་ཀྱང་མ་མཆིས་པ་དང་། དམར་པོ་ནི་བཙག་ཁ་ཁོ་ན་ཡིན་ཕྱིར། རྒྱ་གར་གྱི་དྷོ་ཚོས་མ་ཞེས་པ་ཞིག་ཡོང་སྣང་བ་ཁ་དོག་དམར་པོ་དང་བཤིབས་ཚེ་སེར་ཉམས་ཆེ་ཞིང་སེར་པོ་དང་བཤིབས་ན་དམར་ཁ་ཡོད་པ། རང་མདོག་དངོས་ནི་བཙག་ཤིན་ཏུ་དངས་པའི་མདོག་ཅན་ཞིག་འདུག་པ་འདི་ལྟ་བུར་དགོས་རྒྱུར་གདའ་ཞིང་། འོ་སྐོལ་བོད་འདིར་བཙོད་ལ་འཛེམ་པའི་སྲོལ་མེད་པའི་ཁར། ཧ་ཅང་ཚོས་པར་བཙོས་ནས་རྨུག་པོར་གྱུར་པ་དེ་ལ་ལེགས་པར་འདོད་ཅིང་བླ་མ་དང་མཁན་སློབ་སོགས་ཀྱིས་གྱོན་པར་བྱེད་མོད་ཀྱི། འདུལ་བའི་གཞུང་ལ་བརྙས་པ་ཆེན་པོར་གྱུར་བ་ནི་ལྟ་


TR005_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་སྨོས།། ༈ །།ངུར་སྨྲིག་རྩི་ནི་ཆུ་རྩའམ། སྨན་གཞུང་དུ་ཆུ་མ་རྩི་དང་ཟབ་རླག་ཅན་དུ་གྲགས་པ་འདི་ཉིད་ཁོ་ན་སྟེ། མདོར་ན། རྒྱ་གར་དུ་ནི་རུང་བའི་ཚོན་གསུམ་པོ་འདི་ལ་འཇིག་རྟེན་པ་རྣམས་ཁ་དོག་ངན་པར་བརྩི་ཞིང་འདོར་བས། དེ་ཁོ་ན་རབ་བྱུང་རྣམས་ལ་རྒྱགས་པ་དང་དྲེག་པ་སྤོང་ཕྱིར་སྟོན་པས་ཆེད་དུ་གནང་བར་མཛད་མོད་ཀྱང་། དིང་སང་ནི་རྒྱགས་པ་དང་དྲེགས་པ་ཁོ་ན་ནན་གྱིས་སྒྲུབ་པ་འདི་འདྲའི་སྐབས་སུ་འདུལ་བའི་གཞུང་གིས་ཅི་ཞིག་བྱ་སྟེ་ཚིག་གི་ལམ་ཙམ་དུ་ཟད་དོ།། ༈ །།དེ་ལྟ་མོད་ཀྱི་སྐུ་ཉིད་ཀྱིས་དྲིས་པའི་ལན་དུ་སྣམ་སྦྱར་དང་བླ་གོས་ཀྱི་ཆེ་ཆུང་གི་ཚད་ནི་སྔར་མེ་ཏོག་ཆུན་འཕྱང་དུ་ཕུལ་བ་ལྟར་དང་། སྣམ་ཕྲན་གྱི་གྲངས་རྒྱས་འབྲིང་བསྡུས་གསུམ་པོ་དེ་ལ་གླེགས་བུ་ཡང་འདུལ་བའི་གཞུང་སྤྱི་དང་ལས་ཆོག་སོགས་ལས་ཕྱེད་དང་


TR005_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པར་མདོར་བསྟན་ཞིང་། ནང་བསེས་ཀྱི་ཞིབ་ཆར་ནི། མདོ་རྩ་བ་ལས། དང་པོ་གསུམ་ལ་ནི་དེ་དག་གི་གླེགས་བུ་ཕྱེད་དང་གསུམ་པ་ཉིད་དོ། །གཉིས་པ་ལ་ནི་གླེགས་བུ་ཕྱེད་དང་བཞི་པ་ཉིད་དོ། །གསུམ་པ་ལ་ནི་གླེགས་བུ་ཕྱེད་དང་ལྔ་པ་ཉིད་དོ། །ཅེས་གསུངས་པ་ལྟར་དང་། གཞན་ཡང་། མེ་ཏོག་འཕྲེང་རྒྱུད་ལས། གདིང་བ་ལ་ནི་དྲི་མི་དགོས། སྣམ་སྦྱར་ངེས་པར་དྲས་ཏེ་བཅངས། ཞེས་གདིང་བ་མ་གཏོགས་གཞན་སྣམ་སྦྱར་སོགས་ནི་ངེས་པར་དྲས་དྲུབ་ཏུ་བྱ་བར་གསུངས་ལ།། ༈ །ཁྱད་པར་དུ་ཉིད་ཀྱི་ཕེབས་སྒོ་ལྟར། དིང་སང་གི་གདིང་བ་ཆེན་པོ་བཞི་ལྟེབས་སུ་བྱ་རྒྱུ་འདི་དག་ནི་རང་བཟོ་འབའ་ཤིག་ཏུ་ཟད་དེ། གདིང་བའི་ཚད་དངོས་ནི། རྣམ་ཕྲན་དགུ་པ་དང་། བཅུ་གཅིག་པ་དང་། བཅུ་གསུམ་པ་དང་། བཅོ་ལྔ་པ། བཅུ་བདུན་པ། བཅུ་དགུ་པ། ཉེར་གཅིག་པ། ཉེར་གསུམ་པ། ཉེར་ལྔ་པ།


TR005_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ཐར་གྱི་མདོ་ཉིད་ལས། དགེ་སློང་དག །གདིང་བ་བྱེད་དུ་གཞུག་ན་ཚད་བཞིན་དུ་བྱེད་དུ་ཆུག་ཅིག །དེ་ལ་གདིང་བའི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་དོ། །ཞེང་མཐོ་ཕྱེད་དང་དོ་འོ། མི་ཆོག་ན་སྲིད་དུ་མཐོ་གང་གིས་བསྲིངས་ཤིག །དེ་ལས་ལྷག་པར་བྱེད་དུ་བཅུག་ནས་བཅངས་ན་ལྟུང་བྱེད་དོ། །ཅེས་དང་། མདོ་རྩ་བ་ལས་ཀྱང་། འདིའི་ཚད་ནི་སྲིད་དུ་ཁྲུ་གསུམ་མོ། མི་ཆོག་ན་ཁྲུ་ཕྱེད་དང་དོ་མན་ཆད་བཀྱེད་དོ། །འདིའི་ཞེང་དུ་ནི་ཁྲུ་དོ་དང་སོར་དྲུག་གོ། །གསུམ་ཆའི་དང་པོར་གླེགས་བུ་བྱའོ། །ཞེས་གསུངས་པས་ན། ཆེ་ཆུང་གི་ཚད་དེ་ལྟ་བུ་ལ། མཐའ་འཇགས་ནི་ཆོས་གོས་གསུམ་གྱི་འཇགས་ཀྱི་ཚད་དང་མཐུན་ཞིང་། འདི་ལ་སྣམ་ཕྲན་མི་དགོས་ཚེ་གླེགས་བུའི་དིང་སང་ཟམ་པར་ཕལ་པའི་ཁྲུ་གསུམ་ཡིན་ནོ། ཁྲུ་དང་པོར་དྲུག ཁྲུ་ཕྱེད་དང་དོ་


TR005_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པ་འདི་ཉིད་དཀྱུས་རིགས་གི་འཕྲོད་དུ་གླན་པ་སྟེ། དེ་ཡང་ད་ལྟ་ནི་དཀྱིལ་དུ་གློན་མཁན་མང་ཡང་། གཞུང་ལས། སུམ་ཆའི་དང་པོར་གླེགས་བུ་བྱའོ་ཞེས་གསུངས་པ་ལྟར་དཀྱུས་ཀྱི་སུམ་ཆ་ཙམ་དུ་གླེགས་བུ་ཆེ་ཆུང་སོར་བཞི་ཙམ་གྱི་ཚད་དུ་བྱའོ། ལར་ཡང་གདིང་བའི་སྐབས་འདིར། མདོ་རྩ་བ་ལས། དགེ་སློང་གི་གདིང་བ་གསར་པ་བྱེད་ན་གསར་པ་ཁ་དོག་མི་སྡུག་པར་བྱ་བའི་ཕྱིར། གདིང་བ་རྙིང་པ་བདེ་བར་གཤེགས་པའི་མཐོ་གང་འཁོར་བས་གླན་པར་བྱའོ། །གལ་ཏེ་དགེ་སློང་གི་གདིང་བ་གསར་པ་ཁ་དོག་མི་སྡུག་པར་བྱ་བའི་ཕྱིར་གདིང་བ་རྙིང་པ་བདེ་བར་གཤེགས་པའི་མཐོ་གང་། འཁོར་བས་མི་གློན་པར་གདིང་བ་གསར་པ་སྤྱོད་ན་སྤང་བའི་ལྟུང་བྱེད་དོ། །ཅེས་གསུངས་མོད་ཀྱང་། དེ་འདྲ་ཕྱག་ལེན་


TR005_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འདེབས་མཁན་ནི་དིང་སང་མཐོང་ཐོས་ཀྱང་མ་བྱུང་ལ། ཁ་དོག་མི་སྡུག་པར་བྱེད་མཁན་དང་ལྟ་ཞོག་ཁ་དོག་ལྷག་པར་ལྟ་ན་སྡུག་པ་བྱེད་མཁན་ཤ་སྟག་གདའ་མོད་ལགས།། ༈ །།གཞན་ཡང་འཕྲོས་དོན་ལ། སྣམ་སྦྱར་གྱོན་པར་བྱ་བའི་དུས་ཀྱི་ཁྱད་པར་ནི། མེ་ཏོག་འཕྲེང་རྒྱུད་དུ། སྣམ་སྦྱར་དགེ་འདུན་འདུས་པ་དང་། །ཟས་དང་མཆོད་རྟེན་ཕྱག་བྱ་དང་། །གྲོགས་སོགས་འཇུག་ཚེ་བགོ་བྱ་ཡི། །ཞེས་པས། དེ་ལྟ་བུའི་སྐབས་རྣམས་སུ་མ་གཏོགས་ནམ་ཡིན་གོན་པར་མ་གསུངས་ཏེ། གཏོར་བུ་ཞེས་བྱ་བ་སྣམ་སྦྱར་གྱི་ཤུབས་དེར་བཅུག་སྟེ་སྒྲིབ་པ་མི་གསོག་པའི་སར་འཇོག་དགོས་ཚེ་དེ་བཀལ་བའི་གདང་སོགས་བྱ་ཚུལ་ཀྱང་མདོ་རྩ་བ་ལས་གསུངས་ལ།། ༈ །།བླ་གོས་ནི་ཁྲུས་དང་བཤང་བཅི་འདོར་བའི་དུས་དང་སྐྲ་བྲེག་པ་སོགས་མ་གཏོགས་རྒྱུན་པར་འབྲལ་


TR005_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དུ་བགོ་དགོས་པ་དང་། མཐང་གོས་ཀྱང་དེ་བཞིན་དུ་ཉིན་མཚན་ཀུན་ཏུ་བགོ་བར་གསུངས་སྟེ། འཕགས་ཡུལ་གྱི་རབ་བྱུང་རྣམས་ནུབ་མོ་གོས་ཚག་མི་ཤིག་ཏེ། ཇོ་བོ་རྗེའི་གསུང་ལས། ཁྱེད་བོད་ཀྱི་བཙུན་པ་རྣམས་མཚན་མོ་གཅེར་བུར་བུ་ཆུང་ཉལ་བ་བཞིན་བྱེད་པར་སྣང་། རྒྱ་གར་དུ་འདི་འདྲ་མི་བྱེད། ཅེས་གསུངས་སོ། །དེས་ན་ད་ལྟའི་ཤམ་ཐབས་ཕལ་པ་འདི་ནི་ཉིན་མོ་མཐང་གོས་ཀྱི་ནང་དུ་གྱོན་རྒྱུ་སྟེ། མཐང་གོས་ལ་རྔུལ་གྱི་དྲི་མས་ཆུས་ཟོས་སུ་མི་འགྱུར་ཕྱིར་ཡིན་པས། ཆེ་ཆུང་གི་ཚད་ཀྱང་མཐང་གོས་ཉིད་དང་མཚུངས་པར་བྱ་བར་གསུངས་ལ།། ༈ །།ཤམ་ཐབས་ཀྱི་གཟན་ཞེས་མཚན་མོ་མཐང་གོས་ཀྱི་ནང་དུ་གྱོན་རྒྱུར་གསུངས་པ་ནི་དིང་སང་གི་སྨད་གཡོགས་འདི་ཉིད་


TR005_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

དོ།། ༈ །།རྔུལ་གཟན་ནི་ཉིན་མོ་བླ་གོས་ཀྱི་ནང་དུ་གྱོན་རྒྱུ་དང་། དེའི་གཟན་ནི་མཚན་མོ་བླ་གོས་ཀྱི་ནང་དུ་གྱོན་པར་གསུངས་ཕྱིར་ཆེ་ཆུང་བླ་གོས་ཉིད་དང་ཚད་མཉམ་པ་དང་། ཡང་། རྔུལ་གཟན་ཆུང་ངུ་ཞེས་བྱ་བ་ནི། འཕྲེང་རྒྱུད་ལས། རྔུལ་གྱིས་འཇིགས་པའི་སྣམ་སྦྱར་ལ། །རྔུལ་གཟན་སྦྱར་བས་སྤྱད་བྱ་སྟེ། །ཞེང་དུ་ཁྲུ་གང་སྲིད་དུ་ཁྲུ། །ཕྱེད་དང་དེ་ལས་ལྷག་མི་བྱ། །ཞེས། རྔུལ་ཚན་ཆེ་བའི་མི་རིགས་དག་མས་མཆན་ཁུང་གི་རྔུལ་གྱིས་སྣམ་སྦྱར་ཆུད་ཟོས་སུ་མི་འགྱུར་ཕྱིར་གནང་བའོ།། ༈ །།གདོང་འཕྱིས་ནི་ཁྲུ་གང་གྲུ་བཞི་པ་སྟེ་གདོང་པའི་རྔུལ་འཕྱི་བར་བྱ་རྒྱུ་དང་།། ༈ །།རྣག་གཟན་ཞེས། དགེ་སློང་གང་ཞིག་ལུས་ལ་ཤུ་བ་རྣག་ཁྲག་གི་ནད་ཅན་དག་ཆོས་གོས་རྣམས་མི་རུང་བར་འགྱུར་བ་ལས་


TR005_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱབ་ཕྱིར་དང་།། ༈ །།གཡན་པ་དགབ་པ་ནི། ཆུ་སེར་དང་གཉན་ནད་བསྡོངས་གཡན་པའི་ནད་ཅེས་བྱ་བ་དེ་ལྟ་བུ་ཡོད་པའི་རིགས་ཅན་རྣམས་ཀྱི་ཤ་ལ་སྦྱར་བའི་གོས་སུ་གནང་བ་སྟེ། འདིའི་ཚད་ནི་ནད་ཀྱི་ཡུལ་དང་བསྟུན་པའོ། སྲིད་དུ་ཁྲུ་དྲུག །ཞེང་ལ་ཁྲུ་གསུམ་པར་བྱ་བ་དང་།། ༈ །།སྐྲ་བཟེད་ཅེས། སྐྲ་བྲེག་པའི་སྐབས་སུ་སྟོད་གཅེར་བུ་ལས་བསྐྱབ་ཕྱིར། སྲིད་དུ་ཁྲུ་གསུམ། ཞེང་ལ་ཁྲུ་ཕྱེད་དོ་བ་དང་།། ༈ །།རས་ཆེན་ནི། དབྱར་གྱི་ཆར་སྐྱོབས་ཏེ། སྲིད་ཁྲུ་དགུ། ཞེགས་ཁྲུ་གསུམ་པར་གསུངས་པ་དེ་རྣམས་ལ་འཁོ་བའི་ཡོ་བྱད་བཅུ་གསུམ་ཞེས་བརྗོད་པའོ།། ༈ །།ལྷུང་བཟེད་ནི། རྒྱུར་རུང་བ་ལྕགས་དང་རྫ་གཉིས་མ་གཏོགས། ཤིང་སོགས་གཞན་ལ་མི་རུང་ཞིང་། ཆེ་ཆུང་གི་ཚད་རབ་འབྲིང་ཐ་གསུམ་གྱི་ཆེ་ཚད་ནི། ཡུལ་མ་


TR005_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ག་དྷའི་བྲེའུ་ཆུང་དོའི་འབྲས་བཙོས་པའི་ཆན་ཚོད་མ་དང་བཅས་པ་བླུགས་པའི་ཁ་མཚམས་མཐེབ་གང་གིས་མ་ཁེངས་པ་དང་། ལྟུང་བཟེད་ཆུང་ཚད་ནི། མ་ག་དྷའི་བྲེའུ་ཆུང་གང་གིས་འབྲས་ཆན་ཚོད་མར་བཅས་པ་བླུགས་པས་མཐེབ་གང་གིས་མ་ཁེངས་པ་ཡིན་ལ། ལྟུང་བཟེད་འབྲིང་ཚད་ནི། དེ་གཉིས་ཀྱི་བར་ཚད་ཡིན། བྲེའུ་ཆུང་ཕྱེད་དང་དོའི་ཆན་དང་ཚོད་མས་འཐེབ་གང་མ་ཁེངས་པ་ཉིད་དོ། །མ་ག་དྷའི་བྲེའུ་ཆུང་གང་ལ་བོད་ཀྱི་ཕུལ་དོ་དང་ཁྱོར་བ་གང་ཡོད་པར་གསུངས་སོ། །མཁར་སིལ་ནི་རྒྱུ་སྟོད་སྨད་གཉིས་ལྕགས་དང་སྐེད་པ་ཤིང་ལས་བྱས་པ། རྭ་གཉིས་པ་དང་བཞི་པ་གང་རུང་སྟེ། ཚད་ནི་རྭ་ལ་མཐོ་གང་སོར་བཞི། དེ་མན་ཆད་ནི་ལུས་ཚད་དང་ དེའི་སྤགས་མའི་ཚུལ་གྱི་ ཁྱེར་བ་བདུན་ལ་ཕུལ་གང་ཡིན་ནོ། རྩེ་མོའི་མཆོད་རྟེན་ལ་


TR005_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པ་བྱ་ཞིང་།། ༈ །།མཚོན་བྱེད་ནི། ངན་སོང་གསུམ་གྱི་སྡུག་བསྔལ་དྲན་ཞིང་བསླབ་པ་གསུམ་རྒྱུད་ལ་བསྟེན་པ་མཚོན་ཕྱིར་སྟོད་སྨད་རིམ་པ་གསུམ་དང་། བསླབ་གསུམ་ཟུང་དུ་འབྲེལ་ཕྱིར་སྦྲེལ་ཐག་ཅན། འཕགས་ལམ་ཡན་ལག་བརྒྱད་མཚོན་པས་ཡུ་བ་བརྒྱད་གཞོགས་སུ་བྱས་པ། རྒྱ་མདུད་ནི་ངན་འགྲོའི་སྐྱེ་སྒོ་འགེགས་པའི་བརྡ་དང་། འཁོར་ལོ་གསུམ་དང་ལྕགས་ཀྱུ་ནི་ཆོས་འཁོར་རིམ་པ་གསུམ་དང་སེམས་ཅན་ཐར་ལམ་དུ་འདྲེན་བྱེད། རྭ་གཉིས་པ་ནི་བདེན་པ་གཉིས། བཞི་པ་བདེན་བཞི་མཚོན་ལ། སིལ་སྙན་གྲོལ་བའི་ཨ་ལོང་བཅུ་གཉིས་ནི་གསུང་རབ་ཡན་ལག་བཅུ་གཉིས། སྟེང་གི་མཆོད་རྟེན་ནི་སྤྲུལ་པ་སྐུ་དང་། ནང་མ་ནི་ལོངས་སྐུ། བར་སྟོང་ཆོས་སྐུ་མཚོན་པ་སྟེ། དེ་ལྟ་བུའི་མཚན་ཉིད་དང་ལྡན་པ་འཆང་བར་གསུངས་སོ། །


TR005_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། རབ་ཏུ་བྱུང་བ་ནི་གཞན་ལ་གནོད་པ་སྤོང་བ་ཉིད་ཁྱད་པར་དུ་གལ་ཆེ་བས་ན། ཆུའི་སྲོག་ཆགས་ལ་མི་གནོད་པའི་སླད་དུ་ཆུ་འཚགས་བཅང་བ་ནི་ལྷག་པར་གལ་ཆེ་བར་གསུངས་ཤིང་། ཆུ་འཚགས་མེད་ན་སྲོག་ཆགས་མང་པོར་འཆི་བར་མངོན་སུམ་ཚད་མས་གྲུབ་མོད་ཀྱི། དིང་སང་ནི་དེ་ལྟར་འཐོགས་མཁན་དཀོན་པར་གདའོ། །གཞན་ཡང་། རབ་ཏུ་བྱུང་བ་རྣམས་ལ་ཐེག་དམན་གྱི་འདུལ་བའི་གཞུང་རྣམས་སུ། རྣམ་གསུམ་དག་པའི་ཤ་ནི་བཟར་རུང་བར་བཞེད་དེ། རྣམ་གསུམ་གང་ཞེ་ན། ཤ་ཟ་བའི་ཆེད་ཁོ་ནར་བསྔོས་ཏེ་བསད་པ་མཐོང་བ་དང་། ཐོས་པ་དང་། དེ་ལྟར་ཡིན་དུ་དོགས་པ་དང་གསུམ་གྱི་སྐྱོན་མེད་ངེས་པའི་ཤི་ཤ་བཟར་རུང་བར་བཤད་པ་དང་། དེ་ལྟར་ཡིན་ཀྱང་ནང་བསེས་ཀྱི་ཞིབ་ཆར་ནི། མིའི་ཤ་དང་། གླང་ཆེན་དང་། རྟ་བོང་། སྤྲེའུ། ཁྱི་དང་


TR005_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

གཅན་གཟན་གྱི་ཤ་སོགས་མདོར་ན་སྐྱེ་བ་ཡ་རབ་རྣམས་ཀྱི་མི་ཟ་བའི་རིགས་ཐམས་ཅད་དང་། གཅན་གཟན་གྱི་གོད་ཟ་འཕྲོར་མ་དང་བཅས་པ་ནི་བཟར་མི་རུང་བར་གསུངས་མོད་ཀྱི། ཐེག་ཆེན་གྱི་འདུལ་བའི་སྡེ་སྣོད་རྣམས་ལས་ནི་ཤའི་རིགས་མཐའ་དག་ནམ་དུ་ཡང་དགེ་སྦྱོང་གིས་ཟ་བར་མ་གནང་སྟེ། ལང་ཀར་གཤེགས་པའི་མདོ་ལས། བློ་གྲོས་ཆེན་པོ། ངས་ཤའི་ཟས་ནི་སུ་ལའང་མ་གནང་མི་གནང་གནང་བར་མི་འགྱུར་རོ། །རབ་ཏུ་བྱུང་བ་རྣམས་ལ་ཤ་ཟའི་ཟས་ནི་མི་རུང་བར་ངས་བཤད་དོ། །ཡང་འཁྲུལ་དང་ནི་གཉེན་བཤེས་དང་། །ཁུ་ཆུ་ཁྲག་ལས་བྱུང་བའི་ཕྱིར། །འབྱུང་པོ་རྣམས་ཀྱང་ངང་འགྱུར་ན། །རྣལ་འབྱོར་ཅན་གྱི་ཤ་མི་ཟ། །ཤ་རྣམས་དང་ནི་སྒོག་གཙོང་དང་། ཆང་དག་རྣམ་པ་སྣ་ཚོགས་དང་། །ཀེའུ་སྒོག་


TR005_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱ་དེ་བཞིན་སྟེ། །རྣལ་འབྱོར་ཅན་གྱི་རྟགས་རུ་ཡང་། །ཞེས་པ་དང་། གཞན་ཡང་། །གླང་པོའི་རྩལ་དང་སྤྲིན་ཆེན་དང་། །མྱ་ངན་འདས་དང་སོར་འཕྲེང་ཅན། །ལང་ཀར་གཤེགས་པའི་མདོ་ལས་ཀྱང་། །ངས་ནི་ཤ་དག་རྣམ་པར་སྨད། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ཉན་ཐོས་ཐམས་ཅད་སྨད་པ་ལ། །ངོ་མི་ཚ་བར་ཟ་བ་ནི། །རྟག་ཏུ་སྨྱོན་པར་སྐྱེ་བར་འགྱུར། །ཞེས་སོགས་དང་། མྱང་འདས་ཀྱི་མདོར། རིགས་ཀྱི་བུ་དེང་ཕྱིན་ཆད་དུ་ངའི་ཉན་ཐོས་རྣམས་ཤ་ཟར་མི་རུང་ངོ་། །གང་གི་ཐུབ་པའི་ཚིག་འདས་ཏེ། །བསམ་པ་ངན་པས་ཤ་བཟའ་བཞིན། །ཤཱཀྱའི་བསྟན་ལ་བརྟུལ་ཞུགས་བླངས། །ཤིན་ཏུ་མི་ཟད་དམྱལ་བར་ནི། །སྡིག་པའི་ལས་ཅན་དེ་དག་འགྲོ། །ཞེས་སོགས་རྒྱ་ཆེར་གསུངས་ནའང་། དིང་སང་ནི་རབ་བྱུང་རྣམས་ཤ་ཟ་བ་ལས་ཀྱང་བསྔོས་ཤ་འབའ་ཤིག་དང་དུ་ལེན་པར་བྱེད་པ་འདི་ལྟ་བུ་


TR005_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནི་བདག་འདྲས་ཅི་ཞིག་སྨྲ། ཡང་། ཇི་སྐད་དུ། ཕུང་ཁྲོལ་ཀུན་གྱི་རྩ་བ་ཡི། །ཆང་གི་བཏུང་བ་རྟག་ཏུ་སྤང་། །ཞེས་གསུངས་པ་ལྟར། བསྙེན་གནས་ཡན་ཆོད་ཀྱི་སྡོམ་པའི་རྣམ་གྲངས་ཐམས་ཅད་ལ་ཆང་གི་བཏུང་བའི་རིགས་གྱུར་མཐའ་དག་བཀག་ཚུལ་ནི། སྡོམ་པ་ལེན་ཆོག་རྣམས་སུ་ཇི་སྐད་དུ། འབྲུའི་ཆང་དང་། ཞེས་པ་ཆང་དངོས་ཉིད་དང་། བཙོས་པའི་ཆང་དང་ཞེས། སྦྲང་ཆང་། བུར་ཆང་། རྒུན་ཆང་། ཨ་རག །ཟན་ཆང་སོགས་དང་། མྱོས་པར་འགྱུར་བ་བག་མེད་པའི་གནས་དང་། ཞེས། ཕབ་བཏབ་པ་ལས་བྱུང་བའི་ནུས་པས་མྱོས་ཐུབ་པའི་བཟའ་བཏུང་མཐའ་དག་མི་རུང་བར་གསུངས་པ་སྟེ། མདོ་ལས་དགྲ་བཅོམ་པ་ལེགས་འོང་གི་གླིང་བཞིར། གང་ཞིག་ཆང་གི་བཏུང་བ་རྩྭའི་རྩེ་མོ་གང་ཡན་ཆད་འཐུང་བར་བྱེད་ ནས་འབྲས། གྲོ་སོགས་ཀྱི་ དིང་སང་གི་ཐ་མར་ཁ་སོགས་


TR005_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ནི་ངའི་ཉན་ཐོས་མ་ཡིན་ལ། །ང་ནི་དེའི་སྟོན་པ་མ་ཡིན་ནོ། །ཞེས་པའི་བཀའ་ཡི་འགག་བསྡུས་ནའང་ཉམ་ང་སྤུ་ཙམ་མེད་པར་ཆང་མི་སྤོང་བ་དང་། གལ་ཏེ་སྤོང་བར་ཁས་འཆེས་བ་དག་ཀྱང་ཞེ་ནས་བློས་མི་ཐོངས་པས། ལྕགས་པོའམ། བསྐོལ་མ་སོགས་སུ་མིང་བཏགས་ཅིང་རང་གི་རང་ཉིད་བསླུ་ཐབས་མི་དྲན་དགུ་དྲན་མང་པོས་སྡོམ་པ་འཇིག་པར་བྱེད་པ་ཞིག་འོ་སྐོལ་བོད་ཡུལ་འདིར་དར་མོད་ལ།། ༈ །།འོན་ཏེ་གསང་སྔགས་ཀྱི་དམ་རྫས་དང་ཚོགས་འཁོར་གྱི་མིང་འདོགས་ན་ནི་དེ་ཉིད་ཀྱི་ཁྱད་ཆོས་རིམ་གཉིས་ཀྱི་ཏིང་ངེ་འཛིན་དང་ལྡན་པ་ཞིག་མེད་དུ་མི་རུང་ཚེ་དེ་ལྟ་བུ་ཡང་དཀོན་པས་ན། མདོ་སྔགས་གཉིས་ཀ་མ་ཡིན་པ་དེ་ནི་སངས་རྒྱས་ཀྱི་བསྟན་པའི་ནང་དུ་ཅི་ཞིག་གིས་ཆུད་པར་འགྱུར་ཏེ། ཡ་ང་བའི་ལས་ཁོ་ནར་ཟད་དོ། །


TR005_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

༈ །།ལར་ཡང་། ཚོགས་ཀྱི་འཁོར་ལོ་གཞུང་དང་མཐུན་པ་དངོས་ཤིག་བྱེད་པའི་དབང་དུ་བགྱི་ན། ཚོགས་ཀྱི་གཙོ་བོ་དང་དེར་འདུ་བར་འོས་པའི་རྣལ་འབྱོར་ཕོ་མོ་ལྷའི་གྲངས་དང་མཉམ་པའམ་ཇི་ཙམ་ཚོགས་པ་དེ་དག་ཐམས་ཅད་ཏིང་ངེ་འཛིན་གྱི་ནུས་ལྡན་ཤ་སྟག་མ་གཏོགས་གང་ཟག་ཐ་མལ་པའི་རིགས་མི་ཚུད་ཅིང་། ཚོགས་ཀྱི་ཡོ་བྱད་རྒྱ་གར་དུ་ནི་གསེར་སྲང་བཅོ་བརྒྱད་ཀྱི་དངོས་པོ་ཡན་ཆད་མ་གཏོགས་དེ་མན་གྱི་དངོས་པོ་དམན་པས་ཚོགས་འཁོར་མི་རུང་བར་བྱེད་ལ། གནས་ཀྱང་རབ་ཏུ་ཡུལ་ཉེར་བཞི་སོགས་དཔའ་བོ་མཁའ་འགྲོ་འདུ་བའི་ས་དང་། དེ་ལྟར་མ་འཛོམ་ཡང་སྐྱེ་བོས་དབེན་པའི་དགོན་པ་དང་། དུར་ཁྲོད་ལ་སོགས་པར་ཚོགས་ཀྱི་ཁང་པ་ཆེན་པོ་སྒོ་རིམ་པ་གསུམ་དང་ལྡན་པར་བྱ་དགོས་ཚུལ་དང་། དུས་བཟང་པོ་ཡར་


TR005_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

མར་གྱི་ཚེས་བཅུ་ལ་སོགས་པ་དེའི་མཚན་ཐོག་ཐག་ཏུ་དཀྱིལ་འཁོར་གང་བྱེད་དེ་ཉིད་ཀྱི་ཆོ་ག་དང་བསྙེན་སྒྲུབ་ཚོགས་ལས་རྡོ་རྗེའི་གླུ་གར་གྱི་མཐར་ཐུག་པ་དང་། ལྷག་མའི་ཆོ་ག་ཡན་གྲུབ་པར་བྱས་ནས། ནམ་ལངས་པ་ན་ལས་ཀྱི་རྗེས་མི་མངོན་པར་བྱ་དགོས་པ་དང་། ཚོགས་ཀྱི་བཟའ་བཏུང་སོགས་རང་རང་གི་སྐལ་བ་ཇི་ཙམ་ཐོབ་པ་ཐམས་ཅད་ཀྱང་དེ་ཉིད་དུ་ཟས་ཀྱི་རྣལ་འབྱོར་དང་ལྡན་པས་ལོངས་སྤྱོད་ཚར་བར་བྱ་བ་མ་གཏོགས། གསོག་འཇོག་དང་ལྷག་མ་གཞན་དུ་འཁྱེར་བ་སོགས་མི་རུང་བ་དང་། ཚོགས་ཀྱི་གྲལ་དུ་བཟི་བ་དང་ཀུ་ཅོ་རྩོད་པ་སོགས་དང་། བཟའ་བཏུང་བཟང་ངན་གྱི་སྤང་བླངས་ཞེན་འཛིན་previous hit གཙང next hit་དམེའི་རྟོགས་པ་སོགས་ཐ་མལ་པའི་སྤྱོད་པ་ཅུང་ཟད་ཙམ་དང་འདྲེས་ནའང་མཁའ་འགྲོ་དང་ཞིང་སྐྱོང་གི་ཚོགས་ཀྱི་བཀའ་ཆད་འབྱུང་ཚུལ་སོགས་རྒྱུད་འགྲེལ་དང་


TR005_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་གཞུང་ཆེན་མོ་དག་ལས་རྒྱས་པར་གསུངས་བ་དེ་དག་ཇི་ལྟ་བ་ནི་དིང་སང་འོ་སྐོལ་རྣམས་ཀྱི་སྤྱོད་ཡུལ་དུ་མ་གྱུར་མོད་ལ། ད་ལྟའི་ཆོ་ག་དང་དབང་བསྐུར་སོགས་ཀྱི་སྐབས་སུ་བརྡ་མཚོན་ཙམ་བྱེད་པ་འདི་དག་ནི་ཚོགས་ཀྱི་མཆོད་པ་ཞེས་བྱ་བ་ལས་ཚོགས་འཁོར་དངོས་ཀྱི་མིང་མི་ཐོབ་ཏེ། དཀྱིལ་འཁོར་གྱི་ལྷ་ལ་མཆོད་ཅིང་སྒྲུབ་པ་པོ་རྣམས་ཀྱང་དངོས་གྲུབ་ཀྱི་རྫས་ཙམ་དུ་རོལ་བ་ཡིན་ཕྱིར། རྒྱུན་དུ་སྤྱོད་པའི་ཟས་ཀྱི་རྣལ་འབྱོར་དག་དང་ཆ་མཚུངས་མོད་ཀྱི། དེའི་ཚོགས་ཆང་སོགས་ཀྱང་དམ་ཚིག་གི་རྫས་སུ་མྱང་བ་ཙམ་མ་གཏོགས་བག་མེད་དུ་བཏུང་ཆོག་པར་ནི་གང་ནས་ཀྱང་མ་གསུངས་སོ།། ༈ །།གཞན་ཡང་གསང་སྔགས་པས་ཆང་གི་བཏུང་བའི་རྣལ་འབྱོར་ཇི་ལྟར་བྱ་ཚུལ་ནི། བརྟག་གཉིས་ཀྱི་རྒྱུད་ལས་


TR005_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པའི་ཐོད་པ་ཆ་གཅིག་པ། །བཏུང་བ་བཟང་པོས་ཡོང་བཀང་སྟེ། །ཞེས་མང་ཉུང་གི་ཚད་དང་། བྱིན་རླབས་བྱ་ཚུལ་ཡང་། སྡོམ་འབྱུང་ལས་གསུངས་པ་ནི། །ཨོཾ་ཨཱཿཧཱུྃ་ཞེས་བྱ་སྔགས་ཀྱིས། །རྟགས་ཏུ་བྱིན་གྱིས་རློབས་པར་བྱ། །ཧ་ཧོ་ཧྲཱིཿཞེས་བྱ་སྔགས་ཀྱིས། །སྦྱང་བ་དང་ནི་རྟོགས་པ་སྟེ། །ཡི་གེ་ཧས་ནི་ཁ་དོག་འཕྲོག །ཧོ་ཡིས་དྲི་ནི་གཞོམ་པར་བྱེད། །ཡི་གེ་ཧྲཱིཿཡི་ནུས་པ་བཅོམ། །བདུད་རྩིའི་རྣམ་པས་བསྟེན་པར་བྱ། །ཞེས་གསུངས་པ་དང་།། ༈ །།ཡང་། བྱིན་རླབས་མ་བྱས་པར་འཐུང་བའི་ཉེས་པ་ནི། རྒྱུད་དེ་ཉིད་ལས། ཧ་གསུམ་ལ་སོགས་དང་བྲལ་བར། །ཅི་སྟེ་དམ་ཚིག་ཅན་གྱི་འཐུང་། །དེ་ནི་དུག་འགྱུར་ཐེ་ཚོམ་མེད། །སྔགས་ཀྱི་དངོས་གྲུབ་མི་འབྱུང་ངོ་། །ཞེས་དང་། །སུ་ཞིག་ཆང་གི་མྱོས་གྱུར་པ། །དེ་ལ་གེགས་ དུམ་བུ་གཅིག་པ་


TR005_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མང་པོ་འབྱུང་། །སྔགས་པ་ཆང་གིས་མྱོས་འགྱུར་གང་། །ངུ་འབོད་གནས་སུ་འཚོད་པར་འགྱུར། །ཞེས་སོགས་གསུངས་སྟེ། དེ་བས་ན་ཐོད་པའི་བདུད་རྩི་ལ་ལག་མཆོད་སོགས་བྱིན་རླབས་ཚུལ་བཞིན་བྱས་པ་དངོས་གྲུབ་དང་དམ་ཚིག་གི་རྫས་སུ་བསྟེན་ཚུལ་ཙམ་མ་གཏོགས་པ། ཆང་ཕལ་པ་བག་མེད་དུ་ནི་དགེ་སྦྱོང་མིན་ཀྱང་སྔགས་པས་ཀྱང་བཏུང་དུ་རུང་བར་ནི་བཀའ་གསར་རྙིང་གང་ནས་ཀྱང་མ་གསུངས་ཤིང་། ལར་ཡང་། གསང་སྔགས་པ་ཡིན་ཕྱིན་ཆད་ཆང་ཙམ་དུ་མ་ཟད་བཟའ་བཏུང་སོགས་ཉེ་བར་དཔྱད་མཐའ་དག་ལ་འདུ་ཤེས་གསུམ་དང་མི་ལྡན་པར་ཐ་མལ་དུ་ལོངས་སྤྱད་ན་རྩ་ལྟུང་དུ་འགྱུར་ཕྱིར། དེས་ན་བདག་ཉིད་ལྷར་འདུ་ཤེས་པ། ལོངས་སྤྱད་བྱའི་དངོས་པོ་རྣམས་བདུད་རྩིར་


TR005_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་ཤེས་པ། ལོངས་སྤྱོད་པ་ནི་མཆོད་པར་འདུ་ཤེས་པ་དང་གསུམ་པོ་ནི་དུས་རྟགས་ཏུ་མེད་ཐབས་མ་མཆིས་སོ།། ༈ །།གང་ཞིག་སྒྲུབ་པ་པོ་དེ་ཉིད་སྐྱེད་རྫོགས་ཀྱི་ནུས་པ་མངོན་དུ་གྱུར་ཏེ། བོག་འདོན་དུ་ཀུན་བཟང་གི་སྤྱོད་པ་དང་། གསང་སྤྱོད་རིགས་སྤྱོད་སོགས་མཐར་ཕྱིན་ནས་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་དུས་ལ་བབས་པའི་སྐབས་སུ་ནི། དུག་ལས་རྒྱལ་བ་སོགས་རྐྱེན་གང་གིས་ཀྱང་བརྫི་བར་མི་ནུས་པ་དེ་ལྟ་བུ་དག་ལ་ནི། ཆང་གིས་ཀྱང་མྱོས་པ་སོགས་སྐྱོན་གྱི་གནས་སྐབས་ཀུན་ལས་གྲོལ་བའི་ཕྱིར། དཔེར་ན། ཏིལླི་པས་ཆང་འཚོང་ལྔ་བརྒྱའི་ཆང་ཐམས་ཅད་དུས་གཅིག་ཏུ་གསོལ་བའི་ལོ་རྒྱུས་དང་། བིར་ཝ་པ་དང་སློབ་དཔོན་པདྨ་གཉིས་ཀའི་རྣམ་ཐར་ལས་ཀྱང་། ཆང་འཚོང་ལྔ་བརྒྱའི་ཆང་ཐམས་ཅད་ཉོས་ཏེ་བཞེས་ནས། ཆང་རིན་ལ་ཉི་མ་སྟེལ་བར་


TR005_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

བཅུག་པས་ཞག་བདུན་གྱི་བར་དུ་ཉི་མ་བརྩོན་དུ་བཟུང་ཚུལ་དེ་ལྟ་བུ་ནུས་པའི་རྣལ་འབྱོར་རྣམས་མ་གཏོགས། གཞན་གསང་སྔགས་པས་ཀྱང་ཆང་བཏུང་དུ་མི་རུང་ན་འདུལ་བ་འཛིན་པས་ནི་ག་ལ་རུང་སྟེ། དེས་ན་དིང་སང་འོ་སྐོལ་བོད་ཡུལ་གྱི་ཆོས་པ་རྣམས་སྤྱོད་ཚུལ་འདི་འདྲས་གོ་ཆོད་པ་ནི་ཅི་ཞིག་ཡིན་སྙམ་དུ་རང་ཉིད་འབའ་ཞིག་ཡིད་མི་བདེ་བའི་སྡུག་གྱོང་མ་གཏོགས་པ་གཞན་ནི་མཆོག་དམན་སུ་ཡང་ཡ་ང་བག་ཚ་མཛད་མཁན་མ་མཆིས་མོད་ཅེས། འཕྲོས་དོན་དུ་གསོལ་བ་ལགས།། ༈ །།ཡང་ཉིད་ཀྱིས། གྲུབ་མཐའི་ཁྱད་པར་ལ་བརྟེན་པའི་ཞྭ་ཁ་དོག་སོགས་ཐ་དད་པའི་རྒྱུ་མཚན་གྱི་འཕྲོས་པ་གནང་བའི་སྐབས་དོན་ཕུལ་བ་ནི།། ༈ །།སྤྱིར་ཐུབ་དབང་ཉིད་ཞལ་བཞུགས་པའི་


TR005_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སུ་ནི་ཞྭའི་གསུང་སྒྲོས་སོགས་ཀྱང་ཆེར་མི་འབྱུང་ལ། ལར་ཡང་སྤྲུལ་པ་སྐུའི་ཆ་བྱད་ཐམས་ཅད་ལ་དབུ་རེག་ཞབས་རྗེན་ཁོ་ནས་ཁྱད་ཆོས་སུ་གྱུར་མོད་ཀྱི། སླད་དུ་འདུལ་བའི་བསྟན་བཅོས་མདོ་རྩ་སོགས་ལས་ཞྭའི་ཚིག་སྒྲོས་ཙམ་འདུག་རུང་དབྱིབས་ཁ་དོག་གི་གསལ་ཁ་མི་སྣང་ཚེ། པཎིྜ་ཏ་སྤྱི་མཐུན་གྱི་པཎ་ཞུ་དེ་ཉིད་ཡིན་པར་སེམས་ཤིང་། རྒྱན་དྲུག་མཆོག་གཉིས་སོགས་འཕགས་ཡུལ་གྱི་བསྟན་འཛིན་ཆེན་པོ་ཐམས་ཅད་ཀྱང་པཎ་ཞུ་གསོལ་བ་ཤས་ཆེར་གདའ་བ་དང་། ཁ་དོག་ཀྱང་རབ་བྱུང་ལ་རུང་བའི་ཚོན་གསུམ་ལས་གཞན་ནི་མ་གནང་ཚེ་དམར་སེར་གཉིས་དང་། དམར་པོ་ཉིད་ཀྱང་བཙོས་ཚོད་ནི་མི་རུང་བའི་ཚོས་ཆེན་དུ་གསུངས་ཕྱིར། བཙག་ཁ་ལས་འོས་མ་མཆིས་ཏེ་ངུར་སྨྲིག་ཉིད་དུ་གྲུབ་


TR005_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

མོད།། ༈ །།རྙིང་ལུགས་ལ་ནི། གུ་རུ་རིན་པོ་ཆེ་ཉིད་ཀུན་དགའ་བོ་ལ་རབ་བྱུང་མཛད་པའི་ཚུལ་བསྟན་ཚེ་དབུ་སྐྲ་བསིལ་བས་དབུའི་གཙུག་ཏོར་གསལ་བར་བྱུང་བ་ལ་སྐྱེ་བོ་ཕལ་གྱི་བློར་མི་ཤོང་བའི་སྒྲིབ་པ་གསོག་པ་སྤོང་ཕྱིར་གཙུག་ཏོར་ལ་ངུར་སྨྲིག་གི་ཚལ་བུས་དཀྲིས་པ་ལ་གཙུག་ཤ་རིན་ཆེན་གཙུག་ཏོར་དུ་གྲགས་སོ། ཅེས། གུ་རུའི་རྣམ་ཐར་འགའ་ཞིག་ཏུ་འབྱུང་བ་དང་། གུ་རུ་ཉིད་སྤྱིར་སྤྲུལ་པའི་རྣམ་འགྱུར་མ་ངེས་ཤིང་ཁྱད་པར་སྔགས་ཆས་གཙོ་བོར་མཛད་པ་རྣམས་ལ་ནི་མཐའ་གཅིག་ཏུ་ངེས་པ་མ་མཆིས་ནའང་། པདྨ་སམྦྷའི་ཆ་བྱད་མཛད་པའི་སྐུ་ཚབ་ཆོས་དབང་གི་གཏེར་མའི་དཀར་ཆགས་སུ། དབུ་ཞྭ་གསེར་གྱི་ཕྱེ་མས་བྱུགས། །བསྟན་པ་གསེར་དང་འདྲ་བའི་རྟགས། །


TR005_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས། དབུ་ཞྭ་གསེར་མདོག་ཏུ་སྣང་བ་དང་། དེ་བཞིན། སྔར་གྱི་བལ་རིས་རྙིང་པའི་པདྨ་སམྦྷ་ཝ། བོ་དྷི་སྭ་ཏྭ། གཞན་ཡང་། ལོ་པཎ་གྱི་སྐུ་ཕལ་ཆེར་ལ་ཡང་དབུ་ཞྭ་སེར་པོའི་ངུར་སྨྲིག་ཤས་ཆེ་བ་དང་། ཇོ་བོ་རྗེའི་སྐུ་ཡང་རྙིང་པ་མ་འཆུགས་པ་ཐམས་ཅད་ལ་ངེས་པར་དབུ་ཞྭ་སེར་པོར་འབྱུང་ཕྱིར། དེའི་ཤུགས་ཀྱིས་བཀའ་གདམས་ཀྱི་དགེ་བའི་བཤེས་གཉེན་ཐམས་ཅད་དབུ་ཞྭ་སེར་པོ་མཛད་ཅིང་། ཁྱད་པར་དགེ་བའི་བཤེས་གཉེན་ཆེན་པོ་པུ་ཏོ་བ་དེ་ཉིད་ནི་འདུལ་བའི་བཞེད་གཞུང་ཇི་ལྟ་བར། སྐུ་ཤམ་སོགས་ན་བཟའ་མཐའ་དག་ཆུ་རྩ་འབའ་ཞིག་གི་མདོག་ལས་གཞན་མི་མཛད་པར་གྲགས་སོ།། ༈ །།གཞན་ཡང་། སྔོན་གླང་དར་གྱི་བོད་ཡུལ་དབུས་ཀྱི་བསྟན་པ་བསྣུབས་རྗེས། དབུས་previous hit གཙང next hit་གི་མི་བཅུའམ་དྲུག་ཏུ་གྲགས་པ་དེ་རྣམས་མདོ་ཁམས་སུ་བྱོན་


TR005_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྡོམ་པ་དང་སློབ་གཉེར་སོགས་མཐར་ཕྱིན་གྲུབ་པས་ཡར་ལ་ཕེབས་ཚུལ་གྱི་ལོ་རྒྱུས་དག་ཏུ་བླ་ཆེན་དགོངས་པ་རབ་གསལ་གྱི་མཁན་བུ་གྲུམ་ཡེ་ཤེས་རྒྱལ་མཚན་ཞེས་རྗེ་ཀརྨ་པ་ན་རིམ་གྱི་སྐྱེ་རྒྱུད་སྔ་མར་གྱུར་བ་དེས། དབུས་previous hit གཙང next hit་མི་བཅུའི་གཙོ་བོར་གྱུར་བ་ཀླུ་མེས་ལ། དབུ་ཞྭ་བོན་པོའི་འབོས་ཞུ་ལ་ས་གསེར་གྱིས་མདོག་བསྒྱུར་བ་བཞེས་འཕྲོ་ཞིག་གནང་སྟེ། འདི་གྱོན་ལ་ང་མ་བརྗེད་པར་གྱིས་ཤིག་དང་། དབུས་previous hit གཙང next hit་དུ་སངས་རྒྱས་ཀྱི་བསྟན་པ་ཚུགས་པར་འགྱུར་རོ། །ཞེས་ལུང་བསྟན་པ་བཞིན་བྱུང་ཞིང་། འདུལ་གྲ་བ་ཕལ་ཆེར་ཀྱང་ཞྭ་དེ་ལས་དགྱེས་པའི་ལོ་རྒྱུས་སོགས་འབྱུང་ཕྱིར། དེས་ན་ཤཱཀྱའི་བསྟན་པ་འདིར་ཞྭའི་ཁ་དོག་སེར་པོ་ལ་སྐྱོན་མེད་ཅིང་


TR005_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཁུངས་ཆེ་བ་ཡིན་པར་གདའ་ནའང་། ཕྱིས་སུ་རྗེ་གཙོང་ཁ་པ་ཆེན་པོ་བྱོན་པ་ནས་བཟུངས་ཏེ། གྲུབ་མཐའི་རྩོད་གཞི་འགའི་རྐྱེན་ལ་བརྟེན་པའི་ཞྭའི་ཁ་དོག་ལའང་ཕྱོགས་འཛིན་གྱི་སྲོལ་འདི་ལྟ་བུ་བྱུང་མོད་ལ། རྗེ་གཙོང་ཁ་པ་ནི་ཆོས་རྒྱུད་རྩ་བ་རང་བཀའ་གདམས་པ་ཡིན་ཚེ་དབུ་ཞྭ་སེར་པོར་མཛད་པའི་རྒྱུ་མཚན་ནི་དེ་ཡིན་པར་གདའ་ཡང་། བསྟན་པའི་ཆགས་སྒོ་འགའ་ཞིག་གི་རྐྱེན་གྱིས། གྲུབ་མཐའ་གཞན་མ་ཕལ་ཆེར་ཞྭ་སེར་པོར་མི་མཛད་པ་དང་། དེའི་མཐུས་སྐུ་འདྲ་ལ་ཡང་མཁན་སློབ་གཉིས་དང་ཇོ་བོ་རྗེ་སོགས་ལོ་པཎ་གྱི་རིགས་ཐམས་ཅད་ལ་དབུ་ཞྭ་དམར་པོར་བཟོ་བ་དར་མོད། འོན་ཀྱང་། པཎ་ཆེན་ཤཱཀྱ་ཤྲཱི་གྱི་དབུ་ཞྭ་གངས་ཞུར་གྲགས་པ་དེ་ཡང་སེར་པོ་ཁོ་ན་ཡིན་ལ། དིང་སང་ཡང་། གྲ་དང་རྩེད་ཐང་སོགས་སུ་བཟོས་པའི་ཞྭ་སེར་


TR005_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

རམ་གྲྭ་ཞྭར་གྲགས་པ་འདི་ནི་ཆོས་རྒྱུད་ཕལ་ཆེར་གྱི་དགེ་འདུན་རྣམས་ཀྱིས་བཞེས་ཤིང་། previous hit གཙང next hit་ཞྭར་གྲགས་པའི་སེར་པོ་དེ་ཡང་དར་ཆ་ཆེ་བར་སྣང་མོད་ཀྱི། ལར་ཡང་། བསྐལ་དུས་ཀྱི་དབང་གིས་གང་ཟག་རྣམས་ཆོས་ཀྱི་སེམས་རྒྱུད་མ་འཐུལ་བའི་སྐྱོན་གྱིས་ཞྭའི་ཁ་དོག་ཙམ་ལའང་ཀུན་སློང་དང་བརྩོད་གཞིར་བྱེད་པ་འདི་འདྲ་ནི་བྱིས་པའི་རྣམ་ཐར་དུ་ཟད་དོ།། ༈ །།གསང་སྔགས་རྙིང་མ་རྣམས་ལ་ནི་སློབ་དཔོན་རིན་པོ་ཆེ་ཉིད་ཀྱིས་གཏེར་ཆོས་སྔ་ཕྱི་མང་པོར། ཞྭའི་ཁ་དོག་རྒྱུ་དང་བཟོ་དབྱིབས་ཀྱི་ཆག་ཚད་དག་སྦྱོར་སྐྱོན་ཡོན་དགོས་ཆེད་སོགས་ཀྱི་གདམས་པ་ཞིབ་རྒྱས་སུ་སྩལ་བ་ཡོད་ནའང་། རྙིང་མ་བར་རློམ་པའི་གང་ཟག་ཕལ་ཆེར་རང་གཞུང་ནས་གསུངས་པའི་ཞྭ་དེ་མི་ལེགས་མི་མཛེས་པར་མཐོང་ནས་འདོར་


TR005_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། གཞན་ལུགས་ཀྱི་ཞྭ་དང་གོས་ཆས་ལ་འགྲན་རྒྱུ་ཞིག་རྙེད་ན་མ་རྙེད་བྱེད་པར་སྣང་ལ། གུ་རུའི་གསུང་རྣམས་སུ་ནི། ཞྭ་ལ་རིགས་གསུམ་སྟེ། ཕྱི་སྣང་སྲིད་ཟིལ་གྱིས་གནོན་པའི་པཎ་ཞུ། ནང་བྱིན་རླབས་ཡེ་ཤེས་འབེབས་པའི་འདབས་ལྡན་རིགས་ལྔ། གསང་བ་རྒྱུན་ཁྱེར་རིགས་བདག་མཚོན་ཕྱིར་ཅུག་ཞྭ་དང་གསུམ་དུ་གསུངས་པ་དང་། གོས་ཀྱང་། ཕྱི་ཐུན་མོང་ཐེག་པ་སྡེ་སྣོད་གསུམ་དང་མཐུན་པ་ཆོས་གོས་རྣམ་པ་གསུམ། ནང་ཁྱད་པར་ཐེག་པ་གསང་སྔགས་ཕྱི་བ་དང་མཐུན་པ་previous hit གཙང next hit་མའི་གོས་གསུམ། གསང་བ་ཟབ་མོ་བླ་མེད་ཐེག་པ་དང་མཐུན་པ་བྱིན་རླབས་ཀྱི་གོས་བརྒྱད་རྣམས་གསུངས་ཏེ། དེ་ལ་ཕྱི་འདུལ་བའི་ཆོས་གོས་གསུམ་ནི་སྤྱི་ལྟར་ཡིན་ལ། ནང་གི་previous hit གཙང next hit་མའི་གོས་གསུམ་ནི་དགེ་བསྙེན་དཀར་


TR005_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆ་ལུགས་སྟེ། སྟོད་གོས་སྨད་གོས་སྐེ་རག་དང་གསུམ། གསང་བའི་སྔགས་ཆས་བརྒྱད་ནི། སྐུའི་སྟོད་གཡོགས་ སྟོད་འགག་ གསུང་གི་ཆོས་གོས་མེ་ལོང་མ་ ཐུགས་ཀྱི་སྐ་ནན་ རྟགས་རྒྱ་ཡང་ཟེར། ཡོན་ཏན་གྱི་སྐེད་འཆིང་ སྐེ་རག་ འཕྲིན་ལས་གར་གྱི་ཕུང་དུང་ ལུང་མ་ ཕྱི་ལྟར་དབང་གི་བེར་ དིང་སང་གི་འདི་ཉིད་ ནང་ལྟར་ལྷའི་སྨད་ཤམ་ ད་ལྟའི་སྨད་ཤམ་ཉིད་ཡིན་ཀྱང་ སྡུད་དང་གཡས་གཡོན་ཐམས་ཅད་ནས་བཞི་བཞི་བཅུ་དྲུག་དགོས་པའི་དག་སྦྱོར་ཡོད་དོ། གསང་བར་རཏྣའི་གསང་། རྒྱ་གར་གྲུབ་ཐོབ་རྣམས་ཀྱི་ཨང་རག་དེའོ། ཁེབས་དང་བརྒྱད་ཀྱི་ཁ་དོག་དབྱིབས་ཚད་སོགས་ཞིབ་པར་བསྟན་ཞིང་། གསུམ་ལྡན་རྡོ་རྗེ་འཛིན་པ་རྣམས་རྟགས་དང་ཆ་ལུགས་དེ་ལྟ་བུ་བྱ་བར་གསུངས་ནའང་། ཆོས་རྒྱུད་གཞན་རྣམས་ཀྱིས་ནི་རྙིང་མའི་ཆོས་ལ་ཚད་མར་མི་འཛིན་ཚེ་སྨོས་ཅི་འཚལ་ལ། རྙིང་


TR005_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་པ་རྣམས་ནི་རང་གི་ཆོས་ལ་རང་ཉིད་ཀྱི་ཆ་རྒྱུས་མེད་པ་མང་བས་ན། དིང་སང་འདི་དག་གི་སྒྲ་ཡང་མ་གྲགས་མོད།། ༈ །།གཞན་ཡང་། ཨུ་རྒྱན་རིན་པོ་ཆེ་ཉིད་ཀྱི་སྐུ་བཞེངས་པ་དག་གི་དབུ་ཞྭའི་དབྱིབས་ཀྱང་ལྷ་བཟོ་བ་རང་རང་སོ་སོའི་ཡིད་ལ་གང་འདྲན་དང་། ལ་ལ་ནི་སྨན་ཐང་མཁྱེན་རྩེ་སོ་སོའི་ལག་རྒྱུན་ཡིན་པ་སྐད་ཀྱི། མི་འདྲ་བ་སྣ་ཚོགས་ཤིག་བཟོས་ཡོང་གི་འདུག་ནའང་། གུ་རུ་རིན་པོ་ཆེ་ཉིད་ཀྱི་དབུ་ཞྭ་ནི་རིགས་གསུམ་གཉིས་སུ་འདུས་ཏེ། དྷ་ན་ཀོ་ཥའི་མཚོ་གླིང་དུ་མཁའ་འགྲོའི་ཚོགས་དཔོན་དུ་མངའ་གསོལ་བའི་དུས་སུ་དཔའ་བོ་མཁའ་འགྲོ་རྣམས་ཀྱི་ཕུལ་བའི་དབུ་ཞྭ་པདྨ་ཁ་འབུས་མར་གྲགས་པ་དེ་ཤེའུའི་མཉེན་ཞུར་ཡང་གྲགས་སྟེ། སྙན་གྱི་ཐད་ནས་འདབས་མ་ཡར་སླེབ་པའི་ཚུལ་ཅན་མདུན་གྱི་པད་འདབ་ གཏེར་གཞུང་འགའ་ཞིག་ཏུ་ནི་ཤེའུའི་མཉེན་


TR005_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ་ནི་འདི་ཉིད་ཡིན་ལ། པདྨ་ཁ་འབུས་ནི་ཕྱོགས་བཞི་གར་པད་འདབ་ཆེ་ཆུང་འདྲ་བ་རེས་བསྐོར་བར་གསུངས་སོ། མེད་པ་འདི་ཉིད་ལུགས་གཅིག་ཡིན་ཏེ། བོད་ཡུལ་དུ་བྱོན་པའི་སྐབས་སུ་ཡང་དབུ་ཞྭ་འདི་ཁོ་ན་སྟེ། ཉིད་འཇའ་ལུས་རྡོ་རྗེའི་སྐུ་ལ་གྲང་དྲོའི་འཛིན་པ་དང་བྲལ་ཡང་གདུལ་བྱའི་སྣང་ངོར་བོད་ཡུལ་ས་གྲང་བ་དང་བསྟུན་པའི་ཚུལ་གྱི་དབུ་ཞྭ་འདི་ཡི་ཕྱི་ཟབ་ཆེན་ལ་ནང་ཤེའུའི་ལྤགས་པ་ལས་བཟོས་པ་གསོལ་བས་ཤེའུའི་གཉེན་ཞུ་ཞེས་གྲགས་པ་སྟེ། མཆིང་ཕུ་བྲེ་གུ་གེའུར་གོངས་འདུས་གསུངས་ཚེ་ཡང་འདི་ཉིད་བཞེད་པས་ད་ལྟ་ཡང་དགོངས་འདུས་ཅུག་ཞར་གྲགས་སོ། །ཡང་། ཟ་ཧོར་རྒྱལ་པོས་གསོན་བསྲེག་བྱས་པའི་བཤགས་པ་ལ་ཕུལ་བའི་དབུ་ཞྭ་པདྨ་མཐོང་གྲོལ་ལམ། འདབ་ལྡན་རིགས་ལྔར་གྲགས་པ་སྟེ། གཡས་གཡོན་གཉིས་སུ་པད་


TR005_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་ཕྱེད་ཚལ་རེ་ཁྱུང་རུའི་རྣམ་པ་ཅན། རྒྱབ་མདུན་གཉིས་ཀར་པད་འདབ་རེ་རེ་ཡོད་པ་འདི་ལ་དིང་སང་ཕལ་པ་ཀུན་ཨུ་རྒྱན་པད་ཞྭ་ཞེས་ཟེར་མོད། དེས་ན་དབུ་ཞྭ་འདི་གཉིས་གང་རུང་དགོས་ཚུལ་གུ་རུ་ཉིད་ཀྱི་སྒྲུབ་ཐབས་དང་མངོན་རྟོགས་རྣམས་སུ་ཐ་དད་ཡོངས་འདུག་པ་ལྟར་རང་སྐབས་ཀྱི་གཞུང་དང་མཐུན་པ་དགོས་པར་སྣང་ཡང་། བློ་བཟོད་དང་རིག་དཔྱོད་འབའ་ཞིག་དར་བ། འདི་འདྲ་ནི་བྱིན་རླབས་དང་རྟེན་འབྲེལ་གྱི་གནད་ལ་གནོད་པར་གོའོ། །དེ་ལྟར་སྐུ་ཉིད་ཀྱི་འདུལ་བ་དང་བསྟན་པ་སྤྱིའི་ཞྭའི་དྲི་བ་མཛད་པའི་ལན་ལ་འདི་དག་བརྗོད་དགོས་མོད་ཀྱང་། རྙིང་མ་བ་དང་ཕྱི་རབས་ཀྱི་གང་ཟག་ལ་ལ་ཙམ་ཞིག་ལ་ཕན་དུ་རེ་བས་སྐབས་འདིར་འཕྲོས་དོན་དུ་བགྱིས་པ་ལགས། ཡང་ཉིད་ཀྱིས་སྐབས་དོན་ཐོར་བུའི་ཕེབས་སྒོར། རྒྱུ་


TR005_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་གོ་མ་གོའི་ཁྱད་ཀྱིས་སྡིག་པའི་རྣམ་སྨིན་ལྕི་ཡང་གི་ཁྱད་པར་ཡོད་མེད་ཀྱི་དྲི་བ་གནང་བའི་ཆ་ལ་ནི།། ༈ །།སྤྱིར་དུད་འགྲོའི་རིགས་ཁྲ་དང་སྤྱང་གུ་ལྟ་བུ་སོགས་ལ་ནི་དགེ་སྡིག་གི་བག་ཆགས་མེད་པར་ལྟ་ཅི་སྨོས་ཀྱི། མིའི་འགྲོ་བ་རྣམས་ནི་དལ་འབྱོར་ཚང་བའི་ལུས་ཤིག་ཡིན་ཕྱིན་ཆད་ལ། རྒྱུ་འབྲས་ཀྱི་གནས་ཕྲ་ཞིབ་རྣམས་མ་ཤེས་ཀྱང་རག་པའི་དབང་དུ་སྲོག་གཅོད་པ་སོགས་ལ་སྡིག་པ་ཡིན་པར་མི་ཤེས་མཁན་ནི་བྱིས་པ་བསམ་མེད་ཙམ་མ་གཏོགས་མི་འབྱུང་མོད་ཀྱང་། རྒྱུ་འབྲས་ཤེས་བཞིན་ཁྱད་དུ་གསོད་མཁན་རང་མང་བ་དང་། ཁྱད་དུ་གསད་པ་དེས་རྣམ་སྨིན་ཡང་ལྷག་པར་ཆེ་ཞིང་སྡིག་པ་བྱེད་པ་པོ་ཉིད་དང་། བྱེད་དུ་བཅུག་མཁན་དང་། བྱས་པ་ལ་ཡིད་རངས་དང་གསུམ་ནི་རྣམ་


TR005_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་ཁྱད་མེད་དུ་གསུངས་པ་དང་། དཔེར་ན་བསྔོས་ཤ་ལྟ་བུ་ལ་གསོད་པ་པོ་དང་ཟ་བ་པོ་གཉིས་སྡིག་པ་ཁྱད་མེད་ཡིན་པར་མདོ་ལས་གསུངས་མོད་ལ། སྤྱིར་ཡང་སྡིག་པ་སུ་གང་གི་བྱས་ནའང་། རྣམ་སྨིན་གྱི་འབྲས་བུ། རྒྱུ་མཐུན་གྱི་འབྲས་བུ། དབང་གི་འབྲས་བུ་དང་བཅས་པ་མཐའ་དག་མྱོང་དགོས་པར་ནི་འདྲ་མོད་ཀྱི། ཁྱད་པར་སྡོམ་ལྡན་ལྟ་བུས་བྱས་པའི་སྡིག་པ་ནི་ལྷག་པར་ལྕི་བ་སྟེ། རང་བཞིན་གྱི་མི་དགེ་བ་དང་། བཅོས་པའི་མི་དགེ་བ་གཉིས་ཀའི་ཉེས་ལྟུང་ཚང་བའི་ཕྱིར་དང་། སྡོམ་པ་གསུམ་པོ་ཡང་རིམ་པས་གོང་མ་ཉིད་བསྲུང་བའི་ཕན་ཡོན་དང་ཉམས་པའི་ཉེས་དམིགས་གཉིས་ཀ་ཆེ་རུ་འགྱུར་བ་དེ་ལྟར་ལགས་མོད་ཀྱི། སྐབས་དོན་དངོས་ལ། མི་ལུས་ཙམ་པོའམ་གཅན་ སྤོང་བར་ཁས་བླངས་དམ་བཅས་པ་བྱས་ནས་ཉམས་པ་ སོ་ཐར་བྱང་སེམས། སྔགས་སྡོམ་


TR005_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

གཟན་གྱི་རིགས་སོགས་དགེ་སྡིག་མི་གོ་བ་བདག་གིས་སྲོག་གཅོད་སོགས་བྱས་པ་དེ་ནི། སྤྱི་ཙམ་དུ་གཏི་མུག་དབང་གིས་བྱས་པ་ཡིན་ཕྱིར་རྣམ་སྨིན་ཅུང་ཟད་ཆུང་བར་བཤད་དེ། དུག་གསུམ་གྱི་ཀུན་ནས་བླངས་པའི་ནང་ནས་ཞེ་སྡང་གིས་བྱས་པ་ཉེས་པ་ཆེ། འདོད་ཆགས་ཀྱི་འབྲིང་། གཏི་མུག་གི་ཆུང་བར་བཤད་ལ། འོན་ཀྱང་རྒྱུ་འབྲས་མི་ཤེས་མཁན་དེ་དག་གིས་བྱས་པ་དེ་ལའང་གསུམ་དུ་འགྱུར་ཏེ། འཐབས་རྩོད་འཛིངས་པ་སོགས་ཀྱིས་བསད་པ་ནི་ཞེ་སྡང་གིས་ཡིན་ཕྱིར་ཉེས་པ་ཆེ་བ་དང་། ཤ་ཟ་བའི་ཆེད་དུ་བསད་པ་ལྟ་བུ་ནི་འདོད་ཆགས་ཀྱི་སྟེ་འབྲིང་དང་། རྩེད་མོ་ལྟ་བུའི་ཕྱིར་བསད་པ་སོགས་ནི་གཏི་མུག་གི་སྟེ་ཆུང་བ་རུ་འགྱུར་བ་ཉིད་དོ། །གཞན་ཡང་། སྲོག་གཅོད་གཅིག་པུར་མ་


TR005_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་མི་དགེ་བ་ཐམས་ཅད་ལ། བསམ་པ་དང་། སྦྱོར་བ་དང་། མཐར་ཐུག་གསུམ་ག་ཚང་མ་ཚང་གི་གནད་ཀྱིས་ཉེས་པ་ཆེ་ཆུང་གི་ཁྱད་ཡོད་ཚུལ་ཡང་ཀུན་ལ་མཚུངས་ཕྱིར། དེ་དག་མ་ཚང་བ་དཔེར་ན་རྐང་ཞོར་ལག་ཞོར་སྲོག་ཆགས་ཤི་བ་སོགས་ལ་ཅུང་ཞིག་རྣམ་སྨིན་ཆུང་བར་འགྱུར་བ་སྟེ། མདོར་ན། དེ་ཙམ་གྱི་ཁྱད་མ་གཏོགས་གཞན་ནི་མི་དགེ་བ་བྱས་པ་ལ་རྣམ་སྨིན་མི་འབྱུང་བ་ཞིག་སུ་ལའང་མི་སྲིད་དོ། །དཔེར་ན་བཙན་དུག་ངོ་མི་ཤེས་མཁན་གྱི་ཟོས་པ་དང་། ཤེས་མཁན་གྱིས་ཟོས་པ་གཉིས་དུག་ནད་ལ་ཁྱད་མེད་འབྱུང་བ་ལྟར་ལགས། ཡང་། རྣམ་པར་སྨིན་པ་འབྱུང་ཚུལ་གྱི་སྐབས་འདི་ལ། འཕེན་བྱེད་ཀྱི་ལས་ཀྱི་དབང་དང་ཡུལ་དང་དུས་ཀྱི་ཁྱད་དང་། འགྱོད་པ་སྐྱེས་མ་སྐྱེས་ གསོད་སེམས་མེད་ཀྱང་ འགྱོད་སེམས་དེ་བཤགས་པའི་རྩ་བ་ཡིན་ཕྱིར་ ཀྱི་ནུས་པ་སོགས་


TR005_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མཐུ་ལས་རྣམ་སྨིན་ལྕི་ཡང་སྣ་ཚོགས་པར་འགྱུར་ཚུལ་གསུང་རབ་དག་ལས་རྒྱ་ཆེར་འབྱུང་མོད་ལ། དེ་བཞིན་དུ། དགེ་སྡིག་གི་འབྲས་བུ་སྨིན་མྱུར་མ་མྱུར་ཡང་། ལས་ཀྱི་རྐྱེན་ཚང་མ་ཚང་དང་རྩལ་རྫོགས་མ་རྫོགས། དུས་ལ་བབས་མ་བབས་སོགས་ཀྱི་དབྱེ་བའི་གནད་མ་ཤེས་ན། འགའ་ཞིག་ཚེ་འདིར་ལས་བཟང་པོ་ཤ་སྟག་བྱས་པའི་མཐར་ཉམ་ཐག་པར་གྱུར་བ་དག་ནི་ལས་ཀྱི་ལྷག་མ་རྣམས་མྱུར་དུ་ཟད་པའི་རྟགས་ཡིན་ལ། སྡིག་པོ་ཆེ་ལས་ངན་ཁོ་ན་བྱེད་པ་འགའ་ཞིག་བདེ་ཞིང་བསམ་པ་འགྲུབ་འགྲུབ་འདྲ་བར་འདུག་པ་དག་ནི་བསོད་ནམས་ཀྱི་ལྷག་མ་གང་ཡོད་མྱུར་དུ་རྫོགས་འདོད་པའི་རྟགས་ཡིན་ཏེ། འདི་ལྟ་བུའི་ཚུལ་མ་གོ་བ་དག་རྒྱུ་འབྲས་ལ་བདེན་པ་མི་འདུག་ཅེས་སྐུར་པ་འདེབས་སྲིད་དེ་


TR005_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་སྨིན་པའི་རྒྱུ་ཚོགས་ཚང་མ་ཚང་དང་། དུས་ལ་བབས་མ་བབས་ལ་རག་པ་མ་གཏོགས། །རྒྱུ་འབྲས་མི་བདེན་པ་མ་ཡིན་ནོ། ཇི་སྐད་དུ། མདོ་སྡེ་ལས་བརྒྱ་པར། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་དང་། མཛོད་འགྲེལ་དུ། ལས་ནི་འཁོར་བར་ལྕི་གང་དང་། །ཉེ་བ་གང་དང་གོམ་གང་དང་། །སྔོན་ལས་གང་བྱས་དེ་ལས་ནི། །སྔ་མ་སྔ་མ་རྣམ་སྨིན་མྱུར། །ཞེས་གསུངས་སོ།། ༈ །།འདི་སྐབས་འཕྲོས་ཞུས་ཤིག་སྙན་དུ་གསོལ་ན། སྔོན་མཁན་སློབ་ཆོས་གསུམ་ཞལ་བཞུགས་སྐབས་སུ། སྡིག་བློན་ཏ་ར་ཀླུ་གོང་དབང་ཆེ་ཞིང་། བསྟན་པ་དང་ཆོས་ལ་བར་ཆད་དུ་མ་ཞིག་བྱས་པ་དེ་ཤི་བའི་ཚེ། བན་བོན་སོ་སོས་མཚན་བྱང་བཟུང་བ་ལས། བོན་པོས་


TR005_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་བོའི་སྲེག་གཤེད་དེ་མཚན་བྱང་ལ་བཀུག་པས། སྔོན་གྱི་བྱེད་ལུགས་ཐམས་ཅད་བཤད་བྱུང་བ་ལ་རྒྱལ་བློན་རྣམས་ཡིད་ཆེས་བྱས་པའི་ཚེ། སློབ་དཔོན་པདྨའི་ཞལ་ནས། དེ་ཁོ་མ་ཡིན་ཏེ། ཁོའི་གཤིན་འདྲེ་ཡིན། ཁོ་རང་ད་ལྟ་འཕན་ཡུལ་གྱི་ཐང་ཞིག་ཏུ་སྦུར་གོག་ཏུ་སྐྱེས་ནས་ཡོད་གསུངས་པས། རྒྱལ་བློན་རྣམས་ཡིད་མ་ཆེས་ནས་སྟོན་པར་ཞུས་ཏེ། ཡོན་མཆོད་རྣམས་འཕན་ཡུལ་གྱི་ས་ཕྱོགས་དེར་བྱོན་ནས། ལྕི་བ་ཞིག་ལ་སློབ་དཔོན་གྱིས་འདིའི་འོག་ཏུ་ཡོད་པས་མིང་ནས་བོས་དང་གསུངས་པ་ལྟར། སྦུར་ཚང་ལ་ཁ་གཏད་ནས། བློན་པོ་ཆེན་པོ་ཞེས་བོས་པས། སྦུར་བ་དེ་ཐོན་ནས་རྒྱལ་པོའི་སྐུ་ལ་འཛེག་ཏུ་བྱུང་བས་ཐམས་ཅད་ཡིད་ཆེས། སླར་འདི་ནས་གར་སྐྱེ་ཞུས་པས། སློབ་དཔོན་གྱི་ཞལ་


TR005_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ཁོ་སྡིག་པ་ཤིན་ཏུ་ཆེ་བས་མནར་མེད་དུ་སྐྱེ་རྒྱུ་ཡིན་ཀྱང་ད་དུང་ཁ་མ་གང་བས། སྦུར་བ་འདི་ཤི་ནས་བྱང་ཐང་དུ་སྤྱང་གུ་གདུག་པ་ཅན་ཞིག་ཏུ་གྱུར་ཏེ་སེམས་ཅན་ཁྲི་ཁྲག་ཙམ་བསད་པས་དེས་ཁོའི་རྐྱེན་ཚང་ཏེ་མནར་མེད་དུ་སྐྱེ་བར་འགྱུར་རོ། །ཞེས་གསུངས་པའི་དཔེ་དེ་ལྟ་བུར་དགེ་སྡིག་གང་ཡང་རྩལ་རྫོགས་པའམ་རྐྱེན་ཚང་བར་ནམ་གྱུར་ཚེ་འབྲས་བུ་སྨིན་པར་འགྱུར་ཚུལ་འདི་ཡང་རྒྱུ་འབྲས་ཀྱི་གནད་ཆེ་ཤོས་ཅིག་ལགས་པས། དེས་ན་སྡིག་པ་ཕྲ་ཞིང་ཕྲ་བ་ལ་ཡང་འཛེམ་བག་དང་། དགེ་བ་ཕྲ་མོ་ཚུན་ཆད་བསག་ཅི་ཐུབ་བྱས་པས། རིང་པོར་མི་ཐོགས་པར་དགེ་བའི་རྐྱེན་ཚང་བས་འབྲས་བུ་རླབས་པོ་ཆེ་ལགས།། ༈ །།གཏན་པ་མེད་པའི་མཆོད་སྦྱིན་ཞེས་པ་གང་ལ་འཇུག་པའི་དྲི་བ་གནང་བའི་ལན་ལ་


TR005_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་དོན་གཉིས་ལས། དཔེའི་དབང་དུ་བགྱིས་ན། ཇི་ལྟར་ཁྱིམ་གྱི་སྒོ་བཅད་དེ་གཡག་ཤིང་ལ་སོགས་བཅུག་ནས་གཞན་འོངས་པ་མེད་པར་བྱེད་པ་དེ་ལ། སྒོ་གཏན་བཅུག་པ་ཅེས་ཟེར་བ་ཡིན་མོད་ཀྱི། རྒྱ་གར་དུ་རྒྱལ་པོ་སོགས་ཀྱིས་སྦྱིན་པ་རླབས་པོ་ཆེ་རྒྱུན་མི་འཆད་པས་སྐྱེ་དགུ་ཚིམ་པར་བྱེད་ཅིང་། སློང་བའི་སྐྱེ་བོ་ནམ་དང་ནམ་བྱུང་ཡང་སྒོ་མི་གཅོད་པར་བྱེད་པ་དེ་ལྟ་བུ་ལ་གཏན་པ་མེད་པའི་མཆོད་སྦྱིན་ཞེས་ཟེར་ཏེ། ཇི་སྐད་དུ། གཏོང་མ་གེམས་པར་ཁྱེད་ཀྱིས་ནི། །འཕོངས་ཞིང་སློང་བའི་སྐྱེ་བོ་ལ། །ཉིན་དང་དེ་བཞིན་མཚན་ཀུན་ཏུ། སྒོ་གཏན་མེད་པར་ཉིད་དུ་བྱས། །ཞེས་པ་སྟེ། དཔེ་དེ་དང་མཚུངས་པར་འདིར་ཡང་གཏན་པ་མེད་པའི་མཆོད་སྦྱིན་ཞེས་པའི་དོན་ནི་


TR005_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིར་གསང་སྔགས་ཀྱི་ཆོ་ག་དང་དབང་ལ་སོགས་པ་རྣམས་ཀྱི་སྐབས་སུ་ནི། དེ་དག་གི་སྣོད་ལྡན་གང་ཡིན་རྣམས་མ་གཏོགས། སྣོད་དང་སྐལ་བར་མི་རུང་བའི་རིགས་ཀྱི་གདོན་བགེགས་ལ་སོགས་ཕྱིར་བསྐྲད་ཅིང་སྲུང་བའི་འཁོར་ལོ་བསྒོམ་པ་སོགས་བྱེད་དགོས་མོད་ཀྱང་།། ༈ །།ཆུ་གཏོར་ལ་སོགས་ཀྱི་སྐབས་སུ་ནི་དེ་ལྟར་མི་བྱེད་ཅིང་སྲུང་འཁོར་སོགས་མི་སྒོམས་པར། མཐོ་སྲིད་རྩེ་ནས་དམའ་དམྱལ་ཁམས་ཡན་གྱི་སྐྱེ་འགྲོ་མཆོག་དམན་བར་མཐའ་དག་མགྲོན་བཞིར་བསྡུས་ནས་སྤྱན་དྲངས་ཤིང་མཆོད་སྦྱིན་བགྱི་བ་མ་གཏོགས། སྣོད་དུ་རུང་མི་རུང་དང་བཟང་ངན་དགྲ་གཉེན་ཕན་གནོད་སོགས་ཀྱི་དབྱེ་བ་འབྱེད་པའི་སྐབས་མ་ཡིན་ཚེ། འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །ཅེས་གསུངས་པའི་མགྲོན་དེ་དག་ཐམས་ཅད་ལ་མཆོད་


TR005_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་གྱི་ལོངས་སྤྱོད་གང་ལ་གང་འདོད་དུ། རྒྱ་ནམ་མཁའི་ཁམས་དང་མཉམ་ཞིང་རྒྱུན་འཁོར་བ་མ་སྟོང་གི་བར་དུ་རིས་མེད་དུ་གཏོང་བ་དེ་ལྟ་བུ་ལ་གཏན་པ་མེད་པའི་མཆོད་སྦྱིན་ཞེས་བྱ་བ་ལགས།། ༈ །།ཡང་འདུལ་བའི་ཡོ་བྱད་ཁྱད་པར་བའི་བྱེ་བྲག སྲ་རྐྱང་ཞེས་པ་གང་ཡིན་པའི་དྲི་བ་གནང་བའི་ཆར། རྗེ་བྱམས་པ་གླིང་པ་ཆེན་པོས་དག་ཡིག་སྨྲ་བརྒྱན་སྲ་རྐྱང་ཞེས་པའི་མཆན་ཡིག་ཏུ། སྲ་རྐྱང་འདིང་བ་ཞེས་པ་ཆོས་གོས་ཤིག་སྟན་ལ་བཏིང་ནས་སྒྲུབ་པའི་ལས་ཤིག་བྱས་པས་ལྟུང་བ་མང་པོ་བག་ཡངས་སུ་འགྱུར་བ་ཡོད། ཅེས་གསུངས་པ་འདུག་ཅིང་། མདོ་རྩ་བ་ཉིད་ལས་ནི། ས་ལ་ཆོས་གོས་འདིང་བར་མི་བྱའོ། །དེའི་དོན་དུ་གཏན་ལ་བྱའོ། །ཤིང་ལས་བྱས་པའམ་


TR005_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

སྨྱུག་མ་ལས་བྱས་པ་གྲུ་བཞི་པ། བརྟོད་པའི་ཕྱིར་ཐིག་གུ་གཞུག་པའི་བུ་ག་བཏོད་པ་ནི་དེ་ཞེས་བྱའོ། །ཞེས་གསུངས་ཤིང་འདིར་དེ་ཞེས་བྱའོ་ཞེས་པའི་ཚིག་སྡུད་འདི་ནི། སྲ་རྐྱང་ཞེས་བྱའོ། །ཞེས་པའི་བརྡ་ཡིན་པར་སྣང་ཞིང་། མདོར་ན་སྲ་རྐྱང་འདིའི་དགོས་ཆེད་ནི། ཆོས་གོས་རྣམ་གསུམ་དྲས་དྲུབ་སུ་བྱ་བའི་སྐབས་ཀྱི་འོག་ཏུ་འདིང་རྒྱུ་དང་། དྲ་བའི་གཏན་པ་ཡིན་པར་བཤད་ཅིང་། དེ་ཡང་གཏན་པ་དེ་ཉིད་ཀྱི་རྒྱུ་ནི་གོང་དུ་སྨོས་པ་ལྟར། སྨྱུག་མའམ་ཤིང་ལས་བྱ་བར་གསུངས་པ་དང་། དེ་ལས་གཞན་འདི་རྒྱུ་དངོས་ནི་འདི་ལྟར་གསུངས་སྟེ། དབྱར་རྙེད་ཀྱི་གོས་ཀྱི་ སྲ་རྐྱང་དངོས་འདི་བོད་དུ་གཞན་ནམ་ཡང་མ་དར་ལ། སྔོན་དགེ་བའི་བཤེས་གཉེན། ཀོ་ཁྱིམ་པ་ཆེན་པོས་སྲ་རྐྱང་གི་ཕྱག་བཞེས་མཛད་པས། རྟེན་འབྲེལ་གྱི་མཚན་མ་མི་ཤིས་པ་བྱུང་བ་ལ་བསྟེན་ནས་ཕྱིས་སུས་ཀྱང་མ་མཛད་པར་གྲགས་སོ།


TR005_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་ལས་བྱུང་ཞིང་། དགེ་འདུན་སྤྱི་དབང་བའི་རུང་བ་ཚད་ལྡན་ཏེ། དེ་ཡང་སྤུ་ཅན་ཤད་བརྡབ་བྱས་པ་མ་ཡིན་པ། ཁ་ཡན་པོར་འཕྱང་བ་མ་ཡིན་པ། སྲིན་གྱིས་ཟོས་པ་མ་ཡིན་པ། མཐའ་དང་དཀྱིལ་ནས་ཟག་པ་མ་ཡིན་པ། རུང་བའི་མཚོན་གྱི་ཁ་བསྒྱུར་བ། བདག་པོ་སྔ་མས་ལོངས་མ་སྤྱད་པ། སྲབ་ཐུག་ཅན་དང་། ལྷན་རིགས་དང་། ལྷན་ཅན་དང་། ཆ་ག་ཅན་དང་། མཐའ་ཟགས་སྐུད་པས་དཀྲིས་པའི་ཟུང་ཅན་དང་། རྔ་ཐེར་སོགས་དང་། བདག་པོ་སྔ་མས་བྲལ་ལྟུང་སོགས་བྱུང་ནས་སྤངས་པའམ། བདག་པོ་སྔ་མ་དང་བྲལ་ཞིང་ཕྱི་མ་དང་ཕྲད་པའི་ཕྱག་དར་ཁྲོད་པ་མ་ཡིན་པ། བྲལ་ཕྲད་མ་ཡིན་པ་རྣམས་སོ། །ཞེས་གསུངས་པ་དེ་ལྟ་བུའི་མཚན་ཉིད་དང་ལྡན་པ་དགོས་


TR005_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་དང་། སྲ་རྐྱང་འདིང་བའི་དུས་ཀྱང་། སྨིན་དྲུག་ནས་ནི་ཁྲ་ཡི་བར། །སྲ་རྐྱང་འདིང་བ་རྗེས་སུ་གནང་། །ཞེས། སྨིན་དྲུག་གི་ཡར་ངོའི་ཚེས་གཅིག་ནས། དབོའི་བར་ལས་གཞན་འདིང་མི་རུང་བ་དང་། འདིང་བ་བྱ་བའི་སྐབས་སུ་ཡང་། སྲ་རྐྱང་དེ་ཉིད་མེ་ཏོག་དང་བཅས་པ་འཐོགས་ཏེ་མཁན་སློབ་དང་དགེ་སློང་རྒན་རིམ་བཞིན་རེ་རེའི་དྲུང་དུ་འདུ་བཞིན་པས་ཆོས་གོས་བྱིན་རླབས་ཀྱི་ཚིག་ལ་ཁ་བསྒྱུར་ཏེ། སྲ་རྐྱང་འདིང་ངོ་། །ཞེས་ཞུས་ཤིང་། དེ་རྣམས་རེ་རེ་ཀྱང་ལེགས་པར་འདིང་ངོ། །ཞེས་གནང་བ་སྦྱིན་པར་བཤད་ལ། མི་འདིང་བའི་དུས་རྣམས་སུའང་རྡུལ་སོགས་སྤྲུགས་ཅིང་ཆུད་མི་འཛའ་བར་བྱ་བ་དང་། དེ་གྱོན་ནས་མི་previous hit གཙང next hit་བའི་སྐྱབས་སུ་འཇུག་པ་ལ་སོགས་མ་གུས་པ་བྱར་མི་རུང་བ་དང་། བསྲུང་བ་པོ་མེད་པར་སྐྱ་རེང་འཆར་དུ་མི་འཇུག་པ་དང་། དེ་འཁྱེར་ནས་མཚམས་ཀྱི་ཕྱི་རོལ་


TR005_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མི་འགྲོ་བ་སོགས། སྲ་རྐྱང་ལེགས་པར་གཅེས་སྤྲས་ཀྱིས་བརྐྱངས་ཚུལ་རྣམས་དང་། གདིང་བར་བྱེད་པའི་གང་ཟག་ནི། དབྱར་གནས་བྱེད་པའི་དགེ་སློང་སྡོམ་ལྡན་མ་གཏོགས་གཞན་གྱིས་མ་ཡིན་ནོ། །སྲ་རྐྱང་བཏིང་བའི་ཕན་ཡོན་ནམ་དགོས་ཆེད་དངོས་ནི། རང་དོན་དུ། འཆང་འབྲལ་འཇོག་གསུམ། ཡང་ཡང་ཟ་བ། འདུས་ཤིང་ཟ་བ། མ་སྨྲས་པ་གྲོང་དུ་འགྲོ་བ། གོས་སློང་བ། རྙེད་པ་ཐུན་མོང་དུ་གྱུར་བ་བྱིན་གྱིས་མ་རླབས་པའི་གོས་དུ་མ་འཆང་བ། སྣམ་སྦྱར་མེད་པར་ལྗོངས་རྒྱུ་བ་ལ་སོགས་པའི་ལྟུང་བ་མི་འབྱུང་བའི་ཕྱིར་དང་། གཞན་དོན་དུ། སྦྱིན་པ་པོའི་དངོས་པོ་བསོད་ནམས་སྤེལ་བའི་ཕྱིར་རོ། །ཞེས་གསུངས་ཚེ། གོང་དུ་རྨོས་པའི། བྱམས་གླིང་པས་གསུངས་པ། དེ་དག་གི་དོན་ཡང་འདི་རྣམས་ཡིན་པར་སྣང་ཞིང་། མདོར་ན། སྲ་རྐྱང་


TR005_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྒྲ་དོན་ནི་དེ་ལྟར་བུར་གདའ་ལགས།། ༈ །།ཚུལ་ཤིང་བྲིམས་པའི་དོན་གང་ཡིན་འདྲི་བར་མཛད་པ་དེའི་དགོས་དོན་གྱི་གཙོ་བོ་ནི། དབྱར་གནས་སམ་དེ་ལས་གཞན་པའི་ཚེ་ཡང་དགེ་འདུན་གྱི་ཞལ་གྲངས་འདྲེན་དགོས་པའི་སྐབས་སུ། རཱ་ལུག་བགྲང་བ་ལྟར་ངོ་གྲངས་མཛུབ་ཚུགས་སུ་བྱས་ན་དཀོན་མཆོག་ལ་བརྙས་པར་འགྲོ་བ་དང་། དེ་བཞིན་དུ་མིང་རེ་རེ་ནས་རྗེན་ཕྱུང་གི་བགྲང་བ་སོགས་ཀྱང་མི་རུང་ཚེ། ཞལ་ཏ་པའམ་དགེ་བསྐོས་ཀྱིས་ཚུལ་ཤིང་བཀྱེས་ནས་སླར་བསྡུས་པ་དེ་ཉིད་གྲངས་བགྲང་དགོས་པར་གསུངས་ཤིང་། ཁྱད་པར་དབྱར་གནས་ཀྱི་ཚེ། གང་དུ་བྱ་བའི་གཙུག་ལག་ཁང་དེར་ཐོག་མར་གནས་ཀྱི་བྱི་དོར་དང་གདན་ཁྲི་བཤམས་བཀོད་སོགས་ཀྱི་མཐར། གསོལ་བ་བཞིའི་ལས་ཀྱིས་ཞུ་བ་ཞུ་ལན་སོགས་བྱས་ལ་དབྱར་གནས་ལ་ཆུད་མི་ཆུད་ཀྱི་དབྱེ་བསལ་བྱས་


TR005_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབྱར་གནས་མཛད་པོ་ཇི་ཙམ་བྱུང་བ་དེ་དག་ལས་ཐོག་མར་སྟོན་པའི་ཚུལ་ཤིང་གཅིག་བླངས་ནས། དེ་ནས་རིམ་བཞིན་དུ་ཚུལ་ཤིང་ལེན་ཞིང་། དགེ་ཚུལ་རྣམས་ཀྱི་ཚུལ་ཤིང་ནི་རང་རང་གི་མཁན་སློབ་རྣམས་ཀྱིས་བླངས་བ་ལས། ཁོ་རང་རྣམས་ཀྱིས་མི་ལེན་ཏེ། དགེ་སློང་དང་ཁྱད་འབྱེད་པའི་ཕྱིར་ཡིན་ནོ། །མཐར་གཙུག་ལག་དེ་ཉིད་དུ་གཉུག་མར་གནས་པའམ། ཕལ་སྐད་ལྟར་ན། རྒྱུན་པར་སྡོད་མཁན་གྱི་དགེ་སློང་ཡོད་ན་དེ་དག་གི་ཚུལ་ཤིང་ཡང་གནས་བརྟན་གྱིས་བླངས་ཏེ། གྲངས་ངེས་སུ་གྱུར་ཚེ་དགེ་བསྐོས་ཀྱི་དགེ་འདུན་རྣམས་ལ། དབྱར་འདི་ལ་གནས་འདི་ཞེས་བྱ་བར་དགེ་འདུན་གྱི་གྲངས་འདི་ལྟ་བུས་ཚུལ་ཤིང་བླངས་སོ། །ཅེས་ཞུ་ཤིང་། དབྱར་གནས་དེར་མི་བྱེད་པའི་དགེ་སློང་དག་གིས་ནི་ཚུལ་ཤིང་མི་ལེན་


TR005_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བ་ཡིན་ནོ། །གཞན་ཡང་དགེ་འདུན་གྱི་གྲངས་ངེས་དགོས་པའི་དུས་ཐམས་ཅད་ལ་ཚུལ་ཤིང་བྲིམས་པ་ཡིན་ཏེ། དཔེར་ན། སྔོན་མ་གྷ་དྷ་བཟང་མོས་གྲོང་ཁྱེར་དུ་བུ་རམ་ཤིང་འཕེལ་དུ་སྟོན་པ་སྤྱན་དྲངས་པའི་སྐབས་སུ། སྟོན་པས་ཀུན་དགའ་བོ་ལ་བཀའ་སྩལ་ཏེ། ད་ནང་འོ་སྐོལ་རྣམས་འདི་ནས་དཔག་ཚད་ལྔ་བཅུ་འདས་པའི་ལྷོ་ཕྱོགས་སུ་ཁྱིམ་བདག་ཁྱབ་མཁན་འདུལ་བའི་སླད་དུ་འགྲོ་དགོས་པས། དགེ་སློང་རྫུ་འཕྲུལ་ཐོབ་པ་རྣམས་ལ་ཚུལ་ཤིང་བྲིམས་ཤིག །རྫུ་འཕྲུལ་མ་ཐོབ་པའི་དགེ་སློང་རྣམས་ནི་མགོན་མེད་ཟས་སྦྱིན་གྱི་གྲོང་དུ་བསོད་སྙོམས་ལེན་པར་དེངས་ཤིག །ཅེས་བཀའ་སྩལ་བ་བཞིན་དུ་ཀུན་དགའ་བོས་ཚུལ་ཤིང་བཀྱེས་པའི་ཚེ། སྦྱངས་པའི་ཡོན་ཏན་གྱི་མཐར་སོན་ཞིང་རྫུ་འཕྲུལ་མ་ཐོབ་པའི་དགེ་སློང་ཞིག་གིས་ཀྱང་


TR005_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་བླངས་པ་ལ། ཀུན་དགས་སྨྲས་པ། ཚེ་དང་ལྡན་པ་ཁྱེད་ཚུལ་ཤིང་མ་ལེན་ཅིག །དེང་དཔག་ཚད་ལྔ་བཅུར་རྫུ་འཕྲུལ་གྱིས་སྐད་ཅིག་ལ་བགྲོད་དགོས་པས། ཁྱེད་ཀྱི་ཡུལ་དུ་མ་གྱུར་ཏོ། །སྨྲས་པས། ཁོ་ན་རེ་ཅུང་ཟད་བཞུགས་ཤིག་དང་། བདག་གི་སྤང་བར་བྱ་བ་རྣམས་ནི་སྤངས། ཤེས་པར་བྱ་བ་ཐམས་ཅད་རྟོགས་ཟིན་གྱི། ད་ལྟ་ཉིད་དུ་རྫུ་འཕྲུལ་ཐོབ་པར་བྱའོ། །ཞེས། བསམ་གཏན་ལ་ཐུན་གཅིག་མཉམ་པར་བཞག་མ་ཐག །རྫུ་འཕྲུལ་གྲུབ་སྟེ་དགྲ་བཅོམ་པའི་འབྲས་བུ་མངོན་དུ་གྱུར་ཏོ། །དེ་ནས་དགེ་འདུན་རྣམས་ལས་ཐོག་མར་འཕགས་པ་ཀུན་ཤེས་ཀཽ་ཌི་ནྱ་ནི་རྟ་ཅང་ཤེས་སྤྲིན་གྱི་ཤུགས་ཅན་ལྔ་བརྒྱས་དྲངས་པའི་ཤིང་རྟ་ལ་བཞུགས་པའི་བསྟན་ནས་ནམ་མཁའ་ལ་བྱོན་ནོ། །ཞེས་སོགས་དགྲ་བཅོམ་རེ་རེ་བཞིན་ཡ་མཚན་


TR005_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྫུ་འཕྲུལ་མི་འདྲ་བ་བསམ་གྱིས་མི་ཁྱབ་པའི་བཀོད་པ་ཐ་དད་ཀྱིས། ནམ་མཁའི་ལམ་ལས་གྲོང་ཁྱེར་བུ་རམ་ཤིང་འཕེལ་དུ་བྱོན་ནས། ཁྱིམ་བདག་ཕྱྭ་མཁན་གྱིས་ཐོག་དྲངས་པའི་ཡུལ་ཁམས་དེ་ཐམས་ཅད་བདེན་པ་ལ་བཀོད་ཅིང་། བཟང་མོ་ཡང་སྔོན་ནས་རྒྱལ་བའི་བསྟན་པ་ལ་བྱ་བ་བྱས་པའི་ཚུལ་གྱིས་ལོ་རྒྱུས་གསུངས་ནས་བསྔགས་འོས་སུ་མཛད་ཚུལ་ལྟར་རོ། །མདོར་ན། ཚུལ་ཤིང་གི་དགོས་ཆེད་ནི་འདི་ལྟ་བུ་གདའ་ལགས། ཆོས་གོས་སྣམ་སྦྱར་ལ་མུ་ཏིག་འཚེམ་བུ་འདི་ལྟ་བུ་ངེས་པར་དགོས་པ་ཡིན་མིན་གྱི་ཕེབས་སྒོའི་ཆར། འདི་ནི་འདུལ་བའི་དགོངས་པ་མ་ཡིན་པར་བཤད་ཅིང་། བོད་དུ་འདི་བཞིན་དར་བ་ནི་རྒྱ་ནག་གི་རྒྱལ་པོས་རྗེ་ན་རིམ་སོགས་ལ་མུ་ཏིག་གི་སྣམ་སྦྱར་ཕུལ་བ་ལ་དཔེར་བྱས་ནས་དར་བ་ཡིན་པར་ཐོས་ལ། རིགས་པས་དཔག་ནའང་འདི་ལྟ་བུ་


TR005_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པར་མི་སེམས་ཏེ། རྒྱན་དང་མཆོར་མཛེས་ཀྱི་རྒྱུར་འགྲོ་བར་སྣང་བའི་ཕྱིར་རོ། །འདུལ་བའི་ལས་ཆོག་རྣམས་ལས་ཀྱང་། སྣམ་སྦྱར་སོགས་དངོས་སུ་གྲུབ་པ་མེད་ན་དེ་དག་གི་རྒྱུ་བྱིན་རླབས་བྱ་ཚུལ་གྱི་ཚིག་ཏུ་ཡང་འདི་ལྟར་གསུངས་ཏེ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་སྣམ་སྦྱར་དུ་བྱིན་གྱིས་རླབ་བོ། །འཚལ་ལ་བར་ཆད་མ་བྱུང་ན། སྣམ་ཕྲན་དགུ་པ་ལ་སོགས་པར་བགྱིས་ཏེ། གླེགས་བུ་ཕྱེད་དང་གསུམ་པ་ལ་སོགས་པར་བགྱིའོ། །བར་ཆད་མ་བྱུང་ན་དཀྲུའོ། །བརྐྱང་ངོ་། །དྲའོ། །བསྡེབ་སོ། །གཟུང་གདབ་བོ། །དྲུབ་པོ། ཁ་བསྒྱུར་རོ། །ཞེས་གསུངས་པ་ལྟར་ན། དྲུབ་ཚར་ནས་ཚོས་ཁ་བསྒྱུར་བར་གསུངས་ཚེ། དེ་ལྟར་ན་མུ་ མི་འཁྲུག་པའི་ཕྱིར་ཧབ་སྐུད་སོགས་ཀྱི་ རྒྱུའི་དྲི་མ་རྣམས་ ཚད་གཞལ་བའི་ཕྱིར་ རྣམ་ཕྲན་གླེགས་བུ་སོགས་སོ་སོར་ དེ་དག་མ་བུ་རྣམས་ འཚེམ་བུས་ ཚོས་ཁ་


TR005_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཏིག་འཚེམ་བུ་བྱས་ཀྱང་ཁ་དོག་སོགས་མི་རུང་བར་འགྱུར་བས་ཀྱང་མུ་ཏིག་འཚེམ་བུ་མི་དགོས་པར་གོའོ།། ༈ །།ཡང་འཕྲོས་དོན་གཅིག་ཏུ། ཤེར་སྙིང་ལས་སྔོན་ལྷ་དབང་པོས་ཤེར་ཕྱིན་གྱི་དོན་བསྒོམ་བགྱིས་པའི་མཐུས། བདུད་བཟློག་ཚུལ་གསུངས་པ་དེ་དང་། ལུང་གཞན་དག་ལས། ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང་། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །ཞེས་པ་འདི་གཉིས་འགལ་འདུ་ལྟ་བུ་དང་། མདོར་ན། ལྷ་རྣམས་ལ་ཟབ་མོ་སྟོང་པ་ཉིད་རྟོགས་པའི་སྐལ་བ་ཡོད་མེད་ཀྱི་དྲི་བ་ཕེབས་པའི་ཆ་ལ། ལྷ་རྣམས་ལ་ངེས་དོན་གྱི་སྐལ་བ་ཡོད་པ་ནི་ཤིན་ཏུ་མང་སྟེ། ཚངས་པ་བརྒྱ་བྱིན་སོགས་ནི་བསྐལ་བཟང་གིས་སངས་རྒྱས་ཐམས་ཅད་ལ་ཆོས་འཁོར་བསྐུལ་བ་པོར་སྨོན་ལམ་བཏབ་པའི་བྱང་སེམས་ཡིན་མོད་ལ། དེར་མ་ཟད་


TR005_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

འོ་སྐོལ་གྱི་སྟོན་པ་ཝཱ་ར་ཎཱ་སེར་བཀའ་དང་པོ་བདེན་བཞི་གསུངས་ཚེ། ལྔ་སྡེ་བཟང་པོས་ཆོས་མིག་རྡུལ་བྲལ་ཐོབ་ཅིང་། ལྷ་བརྒྱད་ཁྲི་པོས་བདེན་པ་མཐོང་ཚུལ་གསུངས་པས་ན། བདེན་པ་མཐོང་བ་ཞེས་པ་ནི་སེམས་ངོ་མཐོང་བའི་མིང་ཡིན་པའི་ཕྱིར་དང་། གཞན་ཡང་། བཅོམ་ལྡན་འདས་ལ་ལྷའི་རིགས་ཀྱི་ངེས་དོན་ཞུས་པའི་མདོ་ཡང་ཤིན་ཏུ་མང་སྟེ། དཔེར་ན། ལྷའི་བུ་བློ་གྲོས་རབ་བརྟན་གྱི་ཞུས་པའི་མདོ་ལས། ལྷའི་བུ། ཡང་དག་པ་ཅེས་བྱ་བ་ནི་ནམ་མཁའོ། ནམ་མཁའ་ནི་འགྲིབ་པའམ་འཕེལ་བའམ། འབྱུང་བའི་འཇིགས་པས་འཇིགས་པར་མི་འགྱུར་བ་དེའི་ཕྱིར་ནམ་མཁའ་ཡང་དག་པའོ། །ཡང་དག་པ་ནི་སྟོང་པའོ། །ཡང་དག་པ་ནི་དེ་བཞིན་ཉིད་དོ། །ཡང་དག་པ་ནི་ཆོས་ཀྱི་དབྱིངས་སོ། །ཅེས་སོགས་དང་། འཕགས་པ་


TR005_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་ཀྱི་མདོར། ལྷའི་བུ། ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བར་ཅིས་མངོན་ཞེ་ན། ལྷའི་བུ། ཆོས་ཐམས་ཅད་སེམས་ཙམ་ཏེ། སེམས་ནི་གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ་སྟེ། སེམས་དེ་ནི་སེམས་ཀྱི་ཆོས་ཀྱིས་བཙལ་ཡང་མི་རྙེད་དོ། །གང་ཚེ་ཡོངས་སུ་འཚོལ་བའི་སེམས་དང་འཚོལ་བ་པོ་ཡང་མི་དམིགས་སོ། །དེ་མ་དམིགས་པས་ཆོས་ཐམས་ཅད་མི་དམིགས་པར་བལྟ་བར་བྱའོ། །ཞེས་སོགས། མདོ་སྡེ་རྣམས་ཀྱི་ཁྲོད་ནས་ལྷ་ལ་སྟོང་ཉིད་གསུངས་པ་ནི་མཐའ་ཡས་ལ། སྔགས་ལུགས་སུ་ཡང་། previous hit གཙང next hit་རིས་ཀྱི་འོག་མིན་ནི་རྒྱུད་སྡེ་གསུངས་པའི་གནས་ཀྱི་གཙོ་བོ་ཡིན་པར་གསར་རྙིང་ཐམས་ཅད་མཐུན་ལ། ཁྱད་པར་རྙིང་ལུགས་ཀྱི་རྒྱུད་ལུང་མང་པོར་ནི། ཀུན་བཟང་རྡོ་རྗེ་འཆང་ཉིད་གསང་བའི་བདག་པོར་སྤྲུལ་ནས་རྒྱུད་སྡེ་རབ་འབྱམས་གསུངས་པའི་འཁོར་དུ། ལྷ་གྲགས་ལྡན་ཕྱོགས་


TR005_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོངས། གནོད་སྦྱིན་སྐར་མདའ་གདོང་། ཀླུ་རྒྱལ་འཇོག་པོ། །སྲིན་པོ་ལང་ཀ་མགྲིན་བཅུ་བློ་གྲོས་ཐབས་ལྡན། དགེ་བསྙེན་ལི་ཙཱ་ཝི་དྲི་མེད་གྲགས་པ་དང་ལྔ་པོ་སྔོན་སྟོན་པ་ཉིད་ཀྱིས་ཀྱང་སྨིན་པར་མཛད་ཅིང་། སླད་མར། གསང་བདག་གི་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་ལ་བཀོད་དེ། དེ་དག་རང་རང་སོ་སོའི་རིས་མཐུན་གྱི་གདུལ་བྱ་ལྷའི་རིགས་འཛིན་ཚོམ་བུ་འབུམ་དང་། དེ་བཞིན་དུ་ཀླུ། གནོད་སྦྱིན། སྲིན་པོ། མིའི་རིགས་འཛིན་ཚོམ་བུ་འབུམ་སོགས་གྲོལ་བར་མཛད་པའི་ལོ་རྒྱུས་མཆིས་པ་དང་། འཕྲོས་དོན་གཞན་ཡང་། གསང་སྔགས་རྙིང་མའི་ལུགས་ལ། ཤཱཀྱའི་དབང་པོས་མི་རྣམས་ཀྱི་དོན་མཛད་པ་ལྟར། ལྷ་རྣམས་ལ་དབང་པོ་བརྒྱ་བྱིན། ལྷ་མིན་རྣམས་ལ་ཐག་བཟང་རིས། བྱོལ་སོང་རྣམས་ལ་སེང་གེའི་རྒྱལ་པོ་རབ་བརྟན། ཡི་དྭགས་


TR005_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་ཁ་འབར་དེ་ཝ། དམྱལ་བ་ལ་གཤིན་རྗེ་ཆོས་རྒྱལ་རྣམས་སུ་བསྟན་པ་འགྲོ་དོན་མཛད་པ་ལ་བཅོམ་ལྡན་ཐུབ་པ་དྲུག་ཞེས་བརྗོད་པ་འདི་ལ། འབྲི་གུང་དཔལ་འཛིན་གྱིས་རྙིང་མ་དགག་པའི་རྩོད་ཡིག་ཏུ། འོ་ན་ཐུབ་པ་གཞན་ལྔ་པོས། མཛད་པ་བཅུ་གཉིས་གང་དུ་བསྟན། །ཞེས་སོགས་ཟེར་བ་ནི་ཆོས་ཀྱི་གོ་རྒྱ་མ་ཁྲོལ་བའི་གཏམ་དུ་ཟད་དེ། མིའི་གདུལ་བྱ་ཐུན་མོང་བའི་ངོར་ཤཱཀྱ་ཐུབ་ཀྱིས་མཛད་པ་བཅུ་གཉིས་ཀྱི་ཚུལ་བསྟན་པ་མ་གཏོགས། སངས་རྒྱས་ཐམས་ཅད་མཛད་པ་མཐུན་པའི་ངེས་པ་མེད་དེ། རྒྱལ་བ་བྱམས་པས་བཀའ་བ་སྤྱོད་པའི་མཛད་པ་མི་སྟོན་པར། ཁྱིམ་ནས་མངོན་པར་བྱུང་མ་ཐག་ཏུ་འཚང་རྒྱ་བར་བསྟན་པར་འགྱུར་བ་ལྟ་བུ་དང་། གང་ཞིག་མཛད་པ་བཅུ་གཉིས་བསྟན་ཡང་དེས་མི་འཐུལ་བའི་གདུལ་བྱའང་མང་མོད་དེ། ཤཱཀྱ་ཐུབ་ཉིད་ཀྱིས་


TR005_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། བྱ་གསོད་པའི་རྔོན་པ་སྭ་ཏ་ཞེས་པ་སྐུ་དངོས་ཀྱི་འདུལ་བར་མ་གྱུར་བ་ལ། ཁོ་རང་འདྲ་བའི་རྔོན་པར་སྤྲུལ་ཏེ་ཐབས་ཀྱིས་བཏུལ་བའི་ལོ་རྒྱུས་བཞིན། ཐུབ་པ་གཞན་ལྔ་པོ་འདི་དག་ཀྱང་འགྲོ་བ་ཐ་དད་པ་དེ་རྣམས། རང་རང་དང་རིགས་མཐུན་པའི་གཙོ་བོར་སྤྲུལ་ནས་གང་འདུལ་གྱི་མཛད་འཕྲིན་སྟོན་པ་མ་གཏོགས། ཐམས་ཅད་ལ་མཛད་པ་བཅུ་གཉིས་ཁོ་ནས་འདུལ་བ་མ་ཡིན་པ་དང་། འོན་ཀྱང་ད་ལྟ་དཀྱིལ་འཁོར་གྱི་ལྷར་བཞུགས་པའི་ཚེ་ནི། ཐུབ་པ་དྲུག་ཀ་སྤྲུལ་པ་སྐུའི་ཆ་བྱད་མཐུན་པ་ལས་སྐུ་མདོག་དང་ཕྱག་མཚན་ཐ་དད་པར་བསྟན་པ་ནི་ཐུན་མོང་མིའི་གདུལ་བྱ་དང་བ་འདྲེན་བྱེད་ཀྱི་ཆེད་དུ་ཐབས་ལ་མཁས་པའི་མཛད་པའོ། །ཞེས། འཕྲོས་དོན་དུ་གསོལ་བ་ལགས་ཤིང་།། ༈ །།སྐབས་དོན་དངོས་ལ། གོང་གི་འཕྲོ་ལྟར་ལྷ་


TR005_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་ཟབ་མོ་སྟོང་ཉིད་རྟོགས་པའི་སྐལ་བ་ཡོད་མེད་ཀྱི། གོང་དུ་སྨོས་པའི་ལུང་དེའི་དགོངས་པ་ནི་དལ་འབྱོར་རྙེད་དཀའ་བཤད་པའི་སྐབས་དོན་ཡིན་ཚེ། ཇི་སྐད་དུ། བདེར་གཤེགས་ལམ་སྟོན་འགྲོ་བའི་འདྲེན་པར་འཆས་གྱུར་བ། སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པའི། ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ཅེས་སོགས་གསུངས་པའི་ཚིག་འདི་དག་ནི། སློབ་དཔོན་ཙནྡྲ་གོ་མིས་རང་གིས་སློབ་མ་རྒྱལ་པོའི་བུ་ཞིག་ཆོས་ལས་ཕྱིར་ལོག་སྟེ་སྡིག་པ་སྤྱོད་པ་ལ་དེ་ལས་བཟློག་པའི་སླད་དུ་སྤྲིང་ཡིག་ཏུ་མཛད་པའི་བསྟན་བཅོས་སློབ་སྤྲིང་ཞེས་གྲགས་པ། ཇོ་བོའི་ཆོས་ཆུང་བརྒྱད་ཅུའི་ནང་དུ་བཞུགས་པ་དེའི་ཚིག་ཡིན་པ་དང་། ཚེས་གཅིག་གི་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པའི་རྟེན་ནི་དལ་འབྱོར་


TR005_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མི་ལུས་ཁོ་ན་མ་གཏོགས། འགྲོ་བ་གཞན་གྱིས་དེ་ལྟ་བུ་ཐོབ་པར་མི་ནུས་པའི་གཏན་ཚིག་ཏུ་མཛད་པར་གདའ་ཞིང་། དེ་དང་མཚུངས་པར། སྤྱོད་འཇུག་བསྔོ་བའི་ལེ་འུར་ཡང་། ལྷ་ལས་ལྷག་པའི་ལུས་ཐོབ་ནས། ཞེས། འཁོར་ལོ་བསྒྱུར་བ་དང་སངས་རྒྱས་གཉིས་ཀ་མི་ལུས་རིན་པོ་ཆེ་ལས་གཞན་པའི་རྟེན་ལ་མི་འབྱུང་ཕྱིར། ལྷ་ལས་ལྷག་པ་ཅེས་པའི་མཐའ་ཚིག་ཏུ་མཛད་པར་མདའ་ལགས། ཡང་རེ་ཤིག་གི་ཚེ་ཉིད་ཀྱི་ཕེབས་སྒོར། ཐེག་པ་གསུམ་པོ་ལ་བསྙེན་རྫོགས་སོ་སོར་ཡོད་དམ་མེད། ཅེས་གསུངས་པའི་ཆར། སྤྱིར་བསྙེན་རྫོགས་ཀྱི་སྐད་དོད་དུ། ཨུ་པ་སམྶནྣ་ཞེས་བྱ་སྟེ། བོད་སྐད་དུ་ཨུ་པ་ནི་ཉེ་བ། སམྶནྣ་ནི་རྫོགས་པ་ཅེས་བྱ་བ་ཡིན་པས། བླ་ན་མེད་པ་རྫོགས་པའི་བྱང་ཆུབ་ལ་ཉེ་བར་བསྙེན་དོན་གྱི་


TR005_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

མིང་དང་ངེས་ཚིག་ཡིན་པར་གསུངས་ཕྱིར། སངས་རྒྱས་ཀྱི་བསྟན་པའི་རིམ་པ་གང་ལ་སྦྱར་ཡང་དོན་གྱིས་ནི་འབྱོར་མོད་ཀྱང་། གནས་སྐབས་ཡོངས་གྲགས་སུ་ནི་ཉན་ཐོས་རང་རྒྱལ་གྱི་སོ་ཐར་སྡེ་སྣོད་ལ་མ་གཏོགས། ཐེག་ཆེན་བྱང་སེམས་ཀྱི་སྡོམ་པ་སོགས་ལ་བསྙེན་རྫོགས་ཀྱི་ཐ་སྙད་ནི་མི་འབྱུང་མོད། །ཡང་། གང་ཟག་གི་དབང་དུ་བགྱིས་ན་ནི། ཉན་རང་རྣམས་ཐེག་དམན་གྱི་བསྙེན་རྫོགས་ཡིན་ཕྱིར་བསམ་པ་རྒྱ་ཆུང་བས། མི་དང་མི་མིན་གྱི་གནོད་པ་ལས་སྐྱབས་ཕྱིར་རམ། ངན་འགྲོའི་སྡུག་བསྔལ་ལ་འཇིགས་པའི་བསམ་པས་ཚུལ་ཁྲིམས་བསྲུང་བ་ནི་འཇིགས་སྐྱབས་ཀྱི་ཚུལ་ཁྲིམས་དང་། ལྷ་མིའི་བདེ་འབྲས་ཐོབ་ཕྱིར་བསྲུང་བ་ལེགས་སྨོན་གྱི་ཚུལ་ཁྲིམས་དེ། འདི་དག་གིས་ནི་བླ་མེད་བྱང་ཆུབ་ཐོབ་པའི་རྒྱུར་མི་འགྱུར་ཕྱིར། མ་དག་པའི་ཚུལ་ཁྲིམས་སམ། ལོགས་པའི་ཚུལ་ཁྲིམས་ཀྱི་གྲངས་སུ་


TR005_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་ཏེ། སྔོན་འཕགས་པ་ཅུང་དགའ་བོའི་ལོ་རྒྱུས་ལྟ་བུ་ཡིན་ལ། དིང་སང་ཡང་རྙེད་གྲགས་བསྐུར་བསྟི་འདོད་ཕྱིར་རམ། ལྟོ་ཕྱིར་དང་གྲལ་ཕྱིར་བསྙེན་རྫོགས་བྱེད་པ་དག་ནི་བསྙེན་པར་རྫོགས་པ་ཚད་ལྡན་དུ་ག་ལ་འགྱུར་ཏེ། བསྙེན་རྫོགས་ཀྱི་ཟོལ་དང་དགེ་སློང་གི་གཟུགས་བརྙན་ཙམ་དུ་ཟད་མོད། ཡང་རང་ཉིད་གཅིག་པུ་བླ་མེད་བྱང་ཆུབ་ཐོབ་འདོད་ཀྱི་བསམ་པས་བསྙེན་པར་རྫོགས་པ་ཡང་ངེས་འབྱུང་གི་ཚུལ་ཁྲིམས་དངོས་ཡིན་ནའང་གཞན་དོན་གྱི་བསམ་པ་རྒྱ་ཆེན་དང་མི་ལྡན་པས་ན་ཐེག་དམན་གྱི་བསྙེན་རྫོགས་སུ་འགྱུར་རོ། །གང་ཞིག་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་བླ་མེད་བྱང་ཆུབ་ཀྱི་གོ་འཕངས་ལ་འགོད་ཕྱིར་སྡོམ་པའི་ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་བསྲུང་བ་དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའམ། ཐེག་ཆེན་བྱང་སེམས་


TR005_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བསྙེན་རྫོགས་སུ་ཡང་དོན་གྱིས་འགྱུར་ལ། རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཡོངས་སུ་འགྱུར་བ་དང་། འདིས་ནི་བྱང་སྡོམ་དང་སྔགས་སྡོམ་ཀུན་གྱི་རྟེན་གཞི་ཉིད་དུ་འགྱུར་བ་སྟེ། མདོར་ན་ཐེག་པ་གསུམ་གྱི་བསྙེན་རྫོགས་ཀྱི་ཁྱད་དོན་ནི་དེ་ལྟ་བུ་ལགས། ཡང་བསྙེན་རྫོགས་ལ། ཡེ་ཤེས་ཁོང་ཆུད་ཀྱི་དང་། ཚུར་ཤོག་གི་དང་། ད་ལྟར་གྱི་ཆོ་ག་དང་གསུམ་དུ་བཤད་པའི་དབྱེ་དོན་ཇི་ལྟར་ཡིན་གསུངས་པ་ནི།། ༈ །།འདི་སྐབས་ལ་དེ་གསུམ་པོར་མ་ཟད་རྣམ་གྲངས་བཅུ་ཡོད་དེ། གང་ཞེ་ན། སངས་རྒྱས་རྣམས་དང་རང་རྒྱལ་རྣམས་ནི་མཁན་སློབ་སོགས་གཞན་ལ་མ་བལྟོས་པར་བྱང་ཆུབ་སྔོན་དུ་མཛད་པས་ན། རང་བྱུང་གི་བསྙེན་རྫོགས་ཅེས་བྱ་བ་དང་། ༡ ལྔ་སྡེ་བཟང་པོ་ནི་སྔོན་ནས་སྨོན་ལམ་གྱི་སྟོབས་དང་སྟོན་པའི་བྱིན་རླབས་ཀྱི་མཐུས་སྐད་ཅིག་ཙམ་ལ་མཐོང་ལམ་མངོན་དུ་གྱུར་པས་ན། ཡེ་ཤེས་ཁོང་ཆུད་དམ་


TR005_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་ཞུགས་ཀྱི་བསྙེན་རྫོགས་དང་། ༢ གྲགས་པ་སོགས་ཉེ་བའི་ལྔ་སྡེ་རྣམས་ལ་སྟོན་པས་ཚུར་ཤོག །ཁྱོད་ཀྱིས་ཚངས་པར་སྤྱད་པ་ལེགས་པར་སྤྱོད་ཅིག །ཅེས་གསུངས་པ་ཙམ་གྱི་སྡོམ་ལྡན་དུ་གྱུར་ཕྱིར། ཚུར་ཤོག་གི་བསྙེན་རྫོགས་དང་། ༣ འོད་སྲུངས་ཆེན་པོས་ཁྱོད་ནི་ཁོ་བོའི་སྟོན་པ་ཡིན་ལ། ཁོ་བོ་ནི་ཁྱོད་ཀྱི་ཉན་ཐོས་སོ། །ཅེས་པ་ཙམ་གྱི་སྡོམ་པ་རྒྱུད་ལ་སྐྱེས་པའི་ཕྱིར། ཁས་བླངས་ཀྱི་བསྙེན་རྫོགས་དང་། ༤ འཆར་དགའ་སོགས་བཟང་སྡེ་དྲུག་ཅུའི་ཚོགས་རྣམས་ནི་སྐྱབས་སུ་འགྲོ་བས་ཐོབ་པའི་བསྙེན་རྫོགས་དང་། ༥ སྐྱེ་དགུའི་བདག་མོ་སོགས་ལྔ་བརྒྱས་ལྕི་བའི་ཆོས་བརྒྱད་ཁས་བླངས་པའི་སྙེན་རྫོགས་དང་། ༦ འདིའི་ལྕི་ཆོས་བརྒྱད་གང་ཞེ་ན། དགེ་སློང་ཕའི་དགེ་འདུན་ལས་བསྙེན་རྫོགས་ལེན་པ། ཟླ་བ་ཕྱེད་ཕྱེད་བཞིན་དེའི་གདམ་ངག་ཞུ་བ། དགེ་སློང་ཕའི་དགེ་འདུན་ལ་དབྱར་


TR005_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཁས་ལེན་པ། ཕ་མ་གཉིས་ཀའི་དགེ་འདུན་ལས་དགག་དབྱེ་བྱེད་པ། ལྕི་ཆོས་ལས་འདས་ན་གཉིས་ཀའི་དགེ་འདུན་མགུ་བར་སྤྱོད་པ། དགེ་སློང་ལ་ཚུ་འཆལ་མི་གླེང་བ་ཅོ་འདྲི་སོགས་མ་གུས་པ་མི་བྱེད་པ། དགེ་སློང་གསར་བུ་ཚུན་ཆོད་ལ་གུས་ཕྱག་འཚལ་བ་དང་བརྒྱད་ཁས་ལེན་པའོ། །ཁྱིམ་བདག་ལེགས་བྱིན་ལ་དྲི་བ་མཛད་པས་བརྙེས་པའི་བསྙེན་རྫོགས་དང་། ༧ མཉན་ཡོད་ཀྱི་གྲོང་ན་དད་ལྡན་མཆོད་སྦྱིན་མ་བསྙེན་པར་རྫོགས་འདོད་ཀྱང་། ཕ་མས་སྟོན་པའི་དྲུང་དུ་མ་བཏང་བས་སྡུག་བསྔལ་བར་གྱུར་བ་ལ་ཐུགས་རྗེས་གཟིགས་ནས་དགེ་སློང་མ་ཨུརྤ་ལའི་མདོག་ལ་འཕྲིན་བརྒྱུད་པའི་སྒོ་ནས་བསྙེན་པར་རྫོགས་པ་སྟེ། ༨ དེ་ལྟར་བརྒྱད་པོ་དེ་ལ་སྔོན་ཆོག་བརྒྱད་དུ་གྲགས་པ་ནི། སྔོན་གྱི་གང་ཟག་དེ་དག་བསོད་ནམས་སྨིན་པ་ཤས་ཆེ་ཞིང་སྒྲིབ་པ་ཤས་ཆུང་བའི་མཐུ་དང་སྟོན་པ་ཉིད་ཀྱི་ཐུགས་རྗེའི་མཐུས་སྡོམ་པ་འབོག་པའི་


TR005_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་ག་ལ་མ་ལྟོས་པར་བསྙེན་རྫོགས་ཐོབ་པ་དེ་ལ་སྔོན་ཆོག་ཅེས་གྲགས་ལ། སླད་ཀྱི་གང་ཟག་ཕལ་མོ་ཆེ་ནི་སྨིན་པ་ཤས་ཆུང་ལ་སྒྲིབ་པ་ཤས་ཆེ་ཉོན་མོངས་པ་ཆེས་རག་པ་ལ་དགོངས་ནས། མཁན་སློབ་དགེ་འདུན་དང་བཅས་པའི་འདུས་པའི་དབུས་སུ་བསྙེན་པར་རྫོགས་དགོས་ཏེ། དགོས་པ་ནི་སྡོམ་པ་སྲུང་བའི་དཔང་པོའི་རྒྱུས་ཡོད་ལྟ་བུའི་ཚུལ་ཡིན་པ་དང་། དེ་དག་གི་གྲངས་ཀྱང་འཛོམ་ན་ནི་དགེ་སློང་གི་དགེ་འདུན་བརྒྱ་སྟོང་ཁྲི་འབུམ་ཇི་ཙམ་མང་བ་དང་། མཐར་ཡང་ཡུལ་དབུས་སུ་ནི་དགེ་འདུན་བཅུའི་གྲངས་ཚང་བ་དང་ཐ་ཁོབས་རྣམས་སུ་གཞན་མ་འཛོམ་ཀྱང་ལྔའི་གྲངས་ཚང་བའི་དབུས་སུ་ད་ལྟར་གྱི་ཆོ་གའི་སྒོ་ནས་བསྙེན་པར་རྫོགས་དགོས་ཤིང་། ད་ལྟར་གྱི་ཆོ་ག་ལ་མངོན་གྱུར་བཅུ་ཚང་


TR005_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

བ་དགོས་པའི་ཚུལ་ནི། འདུལ་བ་གཞུང་དམ་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་དང་། །མཁན་པོ་སློབ་དཔོན་བསྙེན་རྫོགས་དང་། །ཡོ་བྱད་ཡོངས་སུ་དག་པ་དང་། །གསོལ་དང་ལས་ནི་མངོན་སུམ་མོ། །ཞེས་བཅུ་པོ་ཚང་བའི་སྒོ་ནས་བསྙེན་རྫོགས་ཀྱི་དངོས་པོར་བསྒྲུབ་ཚུལ་འདི་ནི་སྟོན་པ་ཉིད་ཀྱི་སྐུ་ཚེའི་སྨད་ནས་རིམ་གྱིས་དར་བ་ལགས།། ༈ །།བསླབ་པ་ཚིག་རྫོགས་ཅེས་བྱ་བའི་དགོས་དོན་གང་ཡིན་གསུངས་བ། འདི་ལ་དུས་དང་གང་ཟག་གཉིས་ལས། དུས་ཀྱི་དབང་དུ་ན། རབ་ཏུ་བྱུང་བའི་སྡོམ་པ་ཞུ་བ་པོ་དེ་ཉིད་ན་སོ་གཞོན་ནུ་ལ་ཆོས་སྒོར་ཞུགས་པ་ལྟ་བུའི་ཚེ་ན། ལོ་བདུན་མན་ཆད་ནི་བསམ་པ་མ་ཞུགས་པས། སྡོམ་པ་བསྲུང་བྱའི་གོ་རྟོགས་འཇགས་པ་ཡང་དཀའ་བས་ན། བདུན་ཡན་ཆད་ལ། དགེ་བསྙེན་དུ་སྒྲུབ་ཅིང་། བཅོ་ལྔ་ནས་


TR005_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་ཚུལ་དང་། ཉི་ཤུ་ལོན་ཚེ་བསྙེན་རྫོགས་སུ་བྱེད་པ་ནི་ན་ཚོད་ཀྱི་དུས་དང་བསྟུན་པའི་སྡོམ་པ་རིམ་ནོད་དུ་འགྱུར་བ་ཡིན་མོད་ཀྱི། ཡང་། རྗེ་སྒམ་པོ་པས་བསླབ་པ་ཆིག་རྫོགས་སུ་མཛད་པ་ལྟར། ལོ་ཡང་ཉི་ཤུ་ཡན་ལ་སླེབ་ཅིང་སྤང་བླང་གི་གནས་ལ་གོ་རྟོགས་འཇགས་པ་ཞིག་ཡིན་ན་ཉིན་གཅིག་ལ་དགེ་བསྙེན་དགེ་ཚུལ་དགེ་སློང་གི་བསླབ་པ་གསུམ་ག་ལེན་པ་ན་ནི་སྟན་ཐོག་གཅིག་ཏུ་བསླབ་པ་ཆིག་རྫོགས་སུ་འགྱུར་བ་ཡིན་ནོ།། ༈ །།གང་ཟག་གི་དབང་དུ་ན་ཕྱག་བཞེས་ཀྱི་སྲོལ་ཐ་དད་ཡོད་དེ། ཇོ་གདན་ཚོགས་པ་ནས་བཀའ་རྒྱུད་རིན་པོ་ཆེ་ལ་བརྒྱུད་པའི་ཕྱག་བཞེས་ལྟར་ན། བསྙེན་པ་རྫོགས་པ་ཞུ་མཁན་བརྒྱ་སྟོང་སོགས་ཇི་ཙམ་མང་བ་ཡོད་པའི་ཚེ་ནའང་ཕན་ཚུན་མ་རེག་པར་འདུག་པ་ལ། ལས་སློབ་ཀྱིས་སོ་སོའི་


TR005_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཚམས་རས་ཡུག་གམ་ཐག་པ་ལྟ་བུས་བཅད་ནས། སྡོམ་པ་འབོག་ཆོག་ཚར་གཅིག་པུ་དེས་སློབ་མ་དེ་ཐམས་ཅད་དུས་གཅིག་ལ་བསླབ་པ་ཆིག་རྫོགས་སུ་འགྱུར་བར་བཞེད་པས། བསྙེན་རྫོགས་ཐག་དྲས་མར་གྲགས་པའི་ཕྱག་བཞེས་མཛད་ལ། ཡང་ས་དགེ་ལྡན་སོགས་ཕལ་ཆེར་གྱི་ཕྱག་སྲོལ་ལ་ནི། སློབ་མ་རེ་རེ་བཞིན་སྡོམ་པའི་ལས་ཆོག་ཚར་རེ་རེ་རྫོགས་པར་མ་བྱས་ན་མི་རུང་ཞིང་། རེ་རེ་ལ་ཆོ་ག་ཚར་རེ་རེ་ཡོངས་རྫོགས་སུ་བྱས་པ་དེ་ལ་བསླབ་པ་ཆིག་རྫོགས་ཅེས་བྱ་བ་ཡིན་པར་བཞེད་དོ། ཡང་ངག་སྒྲོས་ཤིག་ལ། མཐའ་འདུལ་ཡང་འདུལ་གྱི་བསྙེན་རྫོགས་ཅེས་པའི་རྒྱུན་ཡོད་པར་ཐོས་པས་ཇི་ལྟར་ཡིན་གསུང་བ། དེ་ལྟ་བུ་ཡོད་པ་ནི་བདག་གིས་མ་ཐོས་ལ། སྤྱིར་བོད་ཡུལ་འདིར་བསྟན་པ་སྔ་དར་གྱི་དུས་སུ་མཁན་པོ་ཞི་བ་


TR005_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

འཚོ་ནས་སད་མི་མི་བདུན་གྱིས་ཐོག་དྲངས་རབ་ཏུ་བྱུང་བའི་སྡེ་རྒྱ་ཆེར་བྱུང་བ་ཐམས་ཅད་ནི་གླང་དར་གྱི་བསྟན་པ་མིང་མེད་དུ་བཏང་བའི་དབང་གི་རྒྱུན་ཆད་ལ། དེ་དག་གི་ཁྲོད་ནས་མཁས་པ་གཡོ་སྨར་previous hit གཙང next hit་གསུམ་པོ་མདོ་ཁམས་སུ་ཐར་བའི་བཀའ་དྲིན་ལས། བླ་ཆེན་དགོངས་པ་རབ་གསལ་ནས་བརྒྱུད་དེ་དབུས་previous hit གཙང next hit་གི་མི་བཅུའམ་དྲུག་ཏུ་དྲག་པ་ལས་འཕེལ་བ་ལས་སྨད་འདུལ་དུ་གྲགས་པ་དང་། མངའ་རིས་སྟོད་དུ་ལྷ་བླ་མ་ཁུ་དབོན་གྱིས་པཎ་ཆེན་དྷརྨཱ་པཱ་ལ་སྤྱན་དྲངས་ཤིང་སློབ་མ་པཱ་ལ་རྣམ་གསུམ་སོགས་ལས་རིམ་པར་བརྒྱུད་པ་སྟོད་འདུལ་དང་། ཕྱིས་སུ་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བྱོན་ནས་སློབ་མ་བྱང་རྡོར་གཉིས་ལས་བརྒྱུད་དེ་ཚོགས་སྡེ་བཞི་ནས་ཆོས་རྒྱུད་ཕལ་ཆེར་ལ་འཕེལ་བ་པཎ་ཆེན་སྡོམ་


TR005_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་དང་གསུམ་པོ་འདི་ཡོངས་གྲགས་དང་། དེ་དག་ལས་སྟོད་འདུལ་ནི་དིང་སང་རྒྱུན་ཆད་པ་ལྟར་གྱུར་ལ། སྨད་འདུལ་ཡང་མདོ་ཁམས་ཉིད་དུ་ཀ་ཐོག་སོགས་ལ་ནི་ད་ལྟའི་བར་དུ་རྒྱུན་མ་ཆད་མོད་ཀྱང་། བོད་ཡུལ་དབུས་འདིར་ནི་པཎ་ཆེན་སྡོམ་རྒྱུན་ཁོ་ན་དར་ཆ་ཆེ་བའི་ཚུལ་འདི་བཞིན་འཕྲོས་ཞུས་ལགས་ཤིང་། གོང་གི་མཐའ་འདུལ་ཡང་འདུལ་གྱི་བསྙེན་རྫོགས་ཅེས་པའི་སྒྲོས་དེ་གཞན་འོང་དོན་མ་མཆིས་ཏེ། སྔོན་དབུས་previous hit གཙང next hit་མི་བཅུ་བྱོན་པའི་མཇུག་ཏུ། འ་ཞ་ཡེ་ཤེས་གཡུ་དྲུང་ཞེས་པས་མདོ་ཁམས་སུ་སྡོམ་པ་ཞུར་ཕྱིན་ནས། བླ་ཆེན་དགོངས་པ་རབ་གསལ་གྱི་སློབ་མ་ཀྲེ་བོ་མཆོག་གི་བླ་མ་ཞེས་པ་ལ་སྡོམ་པ་ཞུས་པས། ཁོང་གི་ཞལ་ནས། ངས་ཆུ་གཏོར་ཞིག་བཏང་ནས་དེ་རྗེས་ཁྱོད་ལ་སྡོམ་པ་


TR005_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་ནོ་ཞེས་ཞལ་གྱིས་བཞེད་ཏེ་ཆུ་གཏོར་མཛད་འཕྲོ་ལ་སྐུ་གཤེགས་པས། འ་ཞས་ཞལ་བཞེས་གནང་བ་དེ་ཀས་སྡོམ་པ་ཐོབ་པར་བཟུང་ནས་ཡར་ལོག་སྟེ། སྡོམ་རྒྱུན་ཆུ་གཏོར་མར་གྲགས་པའི་སློབ་རྒྱུད་འཕེལ་བ་དང་། ཡང་། འབྲེ་སྟོན་གཞོན་ནུ་ཚུལ་ཁྲིམས་ཀྱི་ཁམས་སུ་ཕྱིན་ནས་མཁན་པོ་ཡ་ཟི་བོན་སྟོན་ལ་སྡོམ་པ་གནང་བར་ཞུས་པས། དེ་ལྟར་བས་ཞེས་ཞལ་བཞེས་མཛད་འཕྲོར་སྐུ་ཐིམ་པས། འབྲེ་སྟེན་གྱི་དེ་ཀ་ལ་སྡོམ་པ་ཐོབ་པར་བསམ་ཏེ་སློབ་མ་བསྐྱངས་པས། དོར་བས་ཀྱི་སྡོམ་རྒྱུན་དུ་གྲགས་པ་བྱུང་བ་སྟེ། དེ་ལྟར་འ་འབྲེ་གཉིས་ཀྱི་སྡོམ་རྒྱུན་དེ་གཞན་མ་རྣམས་དང་མི་གཅིག་པས་དེ་འདྲ་ཞིག་ལ་བརྟེན་ནས་ངག་སྒྲོས་དེ་བྱུང་བ་ཡིན་ནམ་བསམ་པ་བླུན་ཚོད་ལགས།


TR005_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་ཉིད་ཀྱིས། དུས་གསུམ་གྱི་རྒྱལ་བ་སྲས་བཅས་མཐའ་དག་གིས་ཐུགས་བསྐྱེད་སྨོན་ལམ་མགྲིན་གཅིག་པར་འཁོར་བའི་རྒྱ་མཚོ་སྟོང་པའི་ཆེད་ཁོ་ན་མཛད་བཞིན་དུ་འཁོར་བ་སྟོངས་དུས་མ་མཆིས་པའི་རྒྱུ་མཚན་གང་ཡིན་པ་དང་། དེ་ལའང་དགེ་བའི་མཐུས་འཁོར་བ་སྟོངས་ཞིང་མི་དགེ་བས་འཁོར་བ་འཕེལ་བར་འགྱུར་བའི་རྒྱུ་མཚན་ལ་དཔག་ན། བསྐལ་པ་རྙིགས་མའི་འགྲོ་བ་རྣམས་ཀྱི་བྱེད་སྤྱོད་ཀྱི་མཐུ་ལས་འཁོར་བ་སྟོངས་པ་ལྟ་ཞོག་ཁ་བྲི་བ་ཙམ་ཡང་འོང་དོན་མེད་པ་འདི་ལྟ་ན་རྒྱལ་བ་རྣམས་ཀྱི་སྨོན་ལམ་ཐུགས་རྗེའི་ནུས་པ་ཡང་ཇི་ལྟར་ཡིན་པ་སོགས་ཀྱི་དྲི་བ་གནང་བའི་ཆ་ལ། དེ་ཡང་རྒྱལ་བ་རྣམས་ཀྱི་སྨོན་ལམ་དང་ཐུགས་རྗེའི་ནུས་སྟོབས་ནི་བསམ་གྱིས་མི་ཁྱབ་བརྗོད་ཀྱི་མི་ལང་མོད་ཅིང་། མཛད་པའི་འཕྲིན་ལས་ལས་


TR005_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བདག་གཞན་ཐ་དད་དུ་འཛིན་པའི་རྟོག་པའམ་བྱ་བྱེད་སྩོལ་རྟོག་གི་བློ་མི་མངའ་ཡང་། རྩོལ་མེད་ཐུགས་རྗེའི་ཤུགས་ཀྱིས་གཞན་ཕན་ནི་མི་འབྱུང་བའི་དུས་སྐད་ཅིག་ཙམ་ཡང་མ་མཆིས་ལ། གདུག་ཡུལ་ཀྱང་ཕྱོགས་དང་རིགས་སུ་ཆད་པ་ནི་སྐྲ་རྩེ་བརྒྱར་བཤགས་པའི་ཁྱོན་ཙམ་དུའང་མ་ལུས་ཤིང་། ནམ་མཁས་གར་ཁྱབ་ཐུགས་རྗེའི་ཕྲིན་ལས་ཀྱི་ཁྱབ་པ་ནི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་མི་ཟད་རྒྱན་འཁོར་གྱི་མཚན་ཉིད་ལགས་ནའང་། སེམས་ཅན་གྱི་ཁམས་ཀྱང་མཐའ་དང་གཏིང་མེད་ཅིང་ཟད་པའི་སྐབས་མེད་པ་ཉིད་དང་། སེམས་ཅན་གྱི་གར་ཁྱབ་ལས་དང་ཉོན་མོངས་པས་ཁྱབ་ལ། ལས་ཉོན་གྱི་གར་ཁྱབ་སྡུག་བསྔལ་གྱི་ཁྱབ་ཀྱང་། སྡུག་བསྔལ་ལ་སྡུག་བསྔལ་དུ་མ་ཤེས་པས་བདེ་བར་འཁྲུལ་ཏེ། བྱིས་པ་བཙན་དུག་གི་རོ་མངར་བ་ལ་ཆགས་ནས་རྐུ་ཞིང་ཟ་བར་


TR005_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་དེ་ལྟ་བུ་སྟེ། སྡུག་བསྔལ་གྱི་རྒྱུ་མི་སྤོང་བར་ནན་གྱིས་མི་དགེ་བ་ལ་འབད་པའི་མཐུས། འབྲས་བུ་འཁོར་བ་ངན་སོང་གི་སྡུག་བསྔལ་མི་འབྱུང་ཐབས་མེད་དང་། དེ་དག་གི་བླངས་དོར་སྟོན་པའི་གདམས་པ་ཆོས་ཀྱི་སྒོ་ཇི་ཙམ་ཞིག་གསུངས་ཀྱང་སྐལ་མེད་ཀྱེ་བོ་དག་རྣ་བའི་བ་སྤུ་འགུལ་བ་ཙམ་ཡང་མི་ནུས་པར་ད་དུང་འཁོར་བར་འཁྱམས་ཐབས་འབའ་ཤིག་ལ་རེས་སམ་པ་འདི་ནི། རྒྱལ་བ་རྣམས་ཐུགས་རྗེ་ཆུང་བའི་འགྲོ་དོན་མི་མཛད་པ་མ་ཡིན་ཏེ། སེམས་ཅན་རྣམས་མ་རིག་འཁྲུལ་པའི་བག་ཆགས་ཚན་ཆེས་པས་ལན་པ་ཉིད་དེ། མངོན་རྟོགས་རྒྱན་ལས། ལྷའི་རྒྱལ་པོས་ཆར་ཕབ་ཀྱང་། །ས་བོན་མི་རུངས་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང་། །སྐལ་པ་མེད་པས་བཟང་མི་མྱོང་། །ཞེས་གསུངས་པས། ཉི་མའི་འོད་ལ་ཕྱོགས་རིས་མེད་ཀྱང་བྱང་ལྟའི་


TR005_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཕུག་པ་ལ་ཉི་མ་མི་འབྱུང་བ་དེ་ནི་ཉི་མའི་སྐྱོན་མ་ཡིན་ཏེ། བྲག་ཕུག་ཉིད་ཁ་ལྟ་ཕྱོགས་ཉེས་པའི་སྐྱོན་ཡིན་པ་ལྟ་བུའོ། །དེ་བས་ན་རྒྱལ་བ་རྣམས་ནི་མཁྱེན་པ་གཉིས་དང་ལྡན་པས་གདུལ་བྱའི་ཁམས་མཐའ་དག་མི་མཁྱེན་པ་མི་སྲིད། མཁྱེན་བཞིན་དུ་འགྲོ་བའི་དོན་མི་མཛད་པ་མི་སྲིད། མཛད་པ་དེ་ཡང་དོན་མེད་ཆུད་ཟོས་སུ་འགྱུར་མི་སྲིད་པ་ཡིན་ཏེ། གདུལ་བྱའི་སེམས་ཅན་དེ་དག་གི་སྐལ་པ་ཇི་ལྟ་བ་དེ་དང་མཐུན་པའི་དོན་རླབས་པོ་ཆེ་རྟག་ཏུ་མཛད་པ་ཡིན་མོད་ཀྱང་། འཁོར་བ་སྟོངས་པར་མི་འགྱུར་བ་ནི་འཁོར་བའི་རྒྱ་མཚོ་ལ་མཐའ་མེད་པའི་ཕྱིར་ཏེ། དཔེར་ན། སྔོན་འཕགས་པ་སྤྱན་རས་གཟིགས་ཀྱིས་འོད་དཔག་མེད་སོགས་སངས་རྒྱས་བརྒྱད་ཁྲི་བཞི་སྟོང་གི་སྤྱན་སྔར་སེམས་བསྐྱེད་ཅིང་དམ་བཅས་ཏེ། འཁོར་བ་མ་སྟོངས་


TR005_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བར་དུ་སེམས་ཅན་གྱི་དོན་བྱེད་པ་ལ་ངལ་བའམ་སྐྱོ་དུབ་ཀྱི་དབང་དུ་གཏོང་ན་བདག་གིས་མགོ་ཚལ་པ་བཅུ་དང་ལུས་དུམ་བུ་སྟོངས་འགས་པར་གྱུར་ཅིག ཅེས་དམ་བཅས་ནས། འཁོར་བ་དོང་ནས་ལན་གསུམ་སྤྲུག་ཀྱང་སེམས་ཅན་ཉུང་དུ་མ་སོང་བས་ཐུགས་མུག་སྟེ། སྤྱན་ཆབ་ཤོར་ཞིང་ཞི་བདེའི་བློ་ཅུང་ཞིག་སྐྱེས་པ་ན། དབུ་དང་། སྐུ་ལུས་ཚལ་པ་དེ་སྙེད་དུ་འཐོར་བ་འོད་དཔག་མེད་ཀྱི་བཅུ་གཅིག་ཞལ་ཕྱག་སྟོང་སྤྱན་སྟོང་དུ་བྱིན་གྱིས་བརླབས་པ་ལྟ་བུ་སྟེ། དེ་ཡང་སྤྱན་རས་གཟིགས་ཐུགས་རྗེ་ཆུང་བ་མ་ཡིན་མོད་ཀྱང་། འཁོར་བའི་སེམས་ཅན་མཐའ་མེད་པས་ལན་པ་ལགས། ཡང་། འོ་ན་འཁོར་བའི་ཁམས་ལ་ཟད་མཐའ་མེད་ན་སངས་རྒྱས་རྣམས་བྱོན་ཞིང་འཕྲིན་ལས་མཛད་པ་ཡང་དོན་ཆུང་ངམ་སྙམ་ན། དེ་ནི་མི་ཆུང་སྟེ། སྐལ་དམན་གྱི་འགྲོ་བ་ཚན་ཆེས་པས་ད་དུང་ལུས་པ་མ་


TR005_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས། ལས་ངན་ཟད་ཅིང་གདུལ་ཡུལ་དུ་གྱུར་པ་རྣམས་ནི་ཇི་ལྟར་སངས་རྒྱས་གཅིག་གི་འོད་ཟེར་སྤྲོ་སྡུའི་ཆོ་འཕྲུལ་རེ་རེས་ཀྱང་རིས་དྲུག་གི་འགྲོ་བ་མཐའ་ཡས་པ་བྱང་ཆུབ་ཆེན་པོ་ལ་སྐད་ཅིག་སྐད་ཅིག་གིས་འགོད་པར་མཛད་ན། ཕྲིན་ལས་གཞན་ལྟ་སྨོས་ཀྱང་ཅི་དགོས་ལ། དེ་ལྟ་བུ་ཕྱོགས་བཅུའི་ཞིང་གི་རྒྱལ་བ་སྲས་བཅས་ཀུན་གྱི་དུས་གསུམ་རྒྱུན་ཆད་མེད་པར་མཛད་པ་ཡིན་ཕྱིར། འཁོར་བ་ལས་ཐར་ནས་བྱང་ཆུབ་ཐོབ་པའི་རིགས་ཀྱང་ཉིན་གཅིག་གམ་ཆུ་ཚོད་གཅིག་ཙམ་གྱི་རིང་ལའང་ཅི་ཙམ་ཡོད་པར་བྱེད་དེ་རང་ཅག་སོ་སྐྱེའི་བློས་ཇི་ལྟར་གཞལ་བར་ནུས། དེ་མ་ཟད་སྔོན་གྱི་གྲུབ་ཐོབ་རེ་རེས་ཀྱང་རྫུ་འཕྲུལ་གྱི་མཐུས་ཉིན་གཅིག་ལ་འགྲོ་བ་གསུམ་སྟོང་སོགས་མཁའ་སྤྱོད་དུ་དྲངས་ཚུལ་དང་། གསོལ་འདེབས་


TR005_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་བདུན་མ་ནས་འབྱུང་བ་ལྟར་རིག་འཛིན་རེ་རེས་ཀྱང་འཁོར་ཚོམ་བུ་འབུམ་དང་བཅས་པ་མངོན་སངས་རྒྱས་ཚུལ་བསམ་གྱིས་མི་ཁྱབ་ཚེ། རྒྱལ་བའི་ཕྲིན་ལས་ནི་ཚད་མ་མཆིས་སོ།། ༈ །།འོ་ན་དེ་ལྟ་བུ་ལས་སྒྲིབ་སྲབ་པ་དང་སྐལ་བ་དང་ལས་འཕྲོ་ལྷན་པ་རྣམས་ལ་ཐུགས་རྗེ་འཇུག་ཅིང་གྲོལ་བ་ཡིན་ན། སྒྲིབ་པ་འཐུག་ཅིང་སྐལ་མེད་རྣམས་ལ་ནམ་ཡང་ཐུགས་རྗེ་མི་འཇུག་ཅིང་ཐར་པའི་དུས་མེད་དམ། ཞེ་ན་དེ་ཡང་མ་ཡིན་ཏེ། རྒྱལ་བས་ཐུགས་རྗེ་གཟིགས་ཚུལ་ལ་ཁྱད་མེད་ཀྱང་སྐལ་མེད་རྣམས་སྒོ་ང་ལ་ལྕགས་ཀྱུས་མི་ཟིན་པ་ལྟར་ཐུགས་རྗེས་འཛིན་དཀའ་ན་ཡང་སངས་རྒྱས་ཀྱི་མཁྱེན་བརྩེ་ལ་ཆགས་ཐོགས་མེད་ཕྱིར་རིམ་གྱིས་ཐར་པའི་ས་བོན་ཐེབས་པའི་ཐབས་དང་རྟེན་འབྲེལ་གྱི་སྒོ་དུ་མས་འཁོར་བ་མཐའ་ཅན་དུ་མཛད་པ་ཡིན་ཏེ། དཔེར་ན། གང་དག་བསྟན་


TR005_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་ལ་རབ་ཏུ་བྱུང་ཞིང་བསླབ་པ་བླངས་ནས་སླར་དེ་ལས་ཉམས་པར་གྱུར་པའི་ཕམ་ལྟུང་ཅན་རྣམས་ཀྱང་རེ་ཤིག་ལ་དམྱལ་བའི་སྡུག་བསྔལ་བཟོད་པར་དཀའ་བ་ཉམས་སུ་མྱོང་བར་འགྱུར་ནའང་། མཐར་སངས་རྒྱས་སྟོང་གི་བསྟན་པའི་མཇུག་ཏུ་དེ་བཞིན་གཤེགས་པ་མོས་པའི་བསྟན་པ་ལ་རབ་བྱུང་དང་དགྲ་བཅོམ་གྱི་འབྲས་བུ་ཐོབ་པར་གསུངས་པ་ལྟར་ལགས་པ་དང་། གཞན་ཡང་། རྒྱལ་བ་སྲས་བཅས་སྐྱེས་བུ་དམ་པ་རྣམས་ལ་བཟང་འབྲེལ་ཐོགས་པ་ལྟ་ཅི་སྨོས་ཏེ། ངན་འབྲེལ་གྱིས་ཀྱང་ཐར་པའི་ས་བོན་དུ་འགྱུར་བའི་ཐུགས་རྗེ་ནུས་པ་མངའ་བ་སྟེ། སྤྱོད་འཇུག་ལས། གང་ལ་གནོད་པ་བྱས་ཀྱང་བདེར་འབྲེལ་བ། །བདེ་བའི་འབྱུང་གནས་དེ་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར། སྟོན་པ་ཉིད་བྱང་ཆུབ་སྤྱད་པ་སྤྱོད་ཚེ་དྲང་སྲོང་བཟོད་པར་སྨྲ་བའི་སྐྱེ་བ་བཞེས་སྐབས། ཉེས་པ་མེད་བཞིན་


TR005_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མགོ་དང་ཡན་ལག་ཐམས་ཅད་རྒྱལ་པོ་ཚངས་བྱིན་གྱིས་བཅད་ཀྱང་ཁྲོ་བ་མེད་པར་སྙིང་རྗེས་སྨོན་ལམ་བཏབ་ཏེ། ད་ལྟ་ཁྱོད་ཀྱིས་བདག་གིས་རྣམ་སྨིན་གྱི་ལུས་དུམ་བུར་བཅད་པ་ལ་རྟེན་ནས། མ་འོངས་པའི་དུས་ན་ཁྱོད་ཀྱི་ཉོན་མོངས་པའི་འཆིང་བ་མཐའ་དག་བདག་གིས་གཅོད་པའི་གདུལ་བྱའི་ཐོག་མར་གྱུར་ཅིག་ཅེས་པའི་སྨོན་ལམ་གྱི་མཐུ་ལས་ཚངས་བྱིན་དེ་ཉིད་ཚེ་དང་ལྡན་པ་ཀུན་ཤེས་ཀཽ་ཌི་ཎྱར་གྱུར་ཏེ་སྟོན་པའི་འཁོར་དགྲ་བཅོམ་ཐམས་ཅད་ཀྱི་ཐོག་མར་གྱུར་ཚུལ་ལྟ་བུ་སྟེ། མདོར་ན་རྒྱལ་བའི་ཐུགས་རྗེ་ནི་དེ་ལྟ་བུར་འབྱུང་བ་ལགས། ངེས་པའི་དོན་དུ་ནི། འཁོར་བ་དང་མྱང་འདས་སངས་རྒྱས་དང་སེམས་ཅན། མཐོ་རིས་དང་ངན་སོང་། སྣོད་དང་བཅུད་ཀྱི་འཇིག་རྟེན་ལ་སོགས་མཐའ་དག་སེམས་ཀྱི་རང་སྣང་མ་གཏོགས་གཞན་གང་ཡང་མ་ཡིན་པར། གསང་བ་སྙིང་པོའི་རྒྱུད་ལས། ཨེ་མའོ་


TR005_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

བདེར་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱི་སྤྲུལ། །སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། །གནས་དང་སྡུག་བསྔལ་ལ་སོགས་པ། །བདག་དང་བདག་གིར་སོ་སོར་འཛིན། །སུས་ཀྱང་མ་བཅིངས་བཅིང་མེད་དེ། །བཅིང་བར་བྱ་བ་ཡོད་མ་ཡིན། །རྣམ་རྟོགས་བདག་ཏུ་འཛིན་པ་ཡིས། །ནན་གྱིས་མཁའ་ལ་མདུད་པ་པོར། །བཅིང་མེད་རྣམ་པར་གྲོལ་མེད་པ། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །བསྟན་ཕྱིར་སྤྲོས་པ་སྣ་ཚོགས་མཛད། །ཅེས་གསུངས་པ་ལྟར་ཡིན་མོད་ཅིང་། ཀུན་རྫོབ་ལྟར་གྱིས་འཇིག་རྟེན་གྱི་ཁམས་ཆགས། གནས། འཇིག སྟོངས་པ་ལ་སོགས་པའི་ཚུལ་དུ་སྣང་བ་དང་སྐལ་པ་འཕེལ་འགྲིབ་བདེ་སྡུག་སོགས་སུ་འཕོ་འགྱུར་བྱེད་པར་སྣང་བ་ཐམས་ཅད་འགྲོ་བ་སྤྱི་མཐུན་གྱི་སེམས་སྣང་ཁོ་ན་ཡིན་ཕྱིར། སེམས་ཅན་རྣམས་ཀྱི་དགེ་


TR005_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་གོང་འཕེལ་གྱི་མཐུ་ལས། ཚེ། གཟུགས། བསོད་ནམས། ལོངས་སྤྱོད་ཐམས་ཅད་ཡར་ལ་འཕེལ་བ་དང་། མི་དགེ་སྤྱད་པའི་མཐུ་འབྲས་ཀྱིས། དེ་ཐམས་ཅད་མར་ལ་འགྲིབ་ཅིང་ནད་ཚོན་མུ་གེའི་བསྐལ་པས་ཉམས་ཉེས་པར་འགྱུར་བ་སོགས་ནི་རྒྱུ་འབྲས་རྟེན་འབྲེལ་གྱི་རང་གཟུགས་ཉིད་དེ། དེའི་ཕྱིར་ད་ལྟ་ཡང་ཡུལ་ཁམས་རེ་རེའམ་གྲོང་ཁྱེར་རེ་རེ་ཙམ་གྱིས་ཀྱང་ཁྲིམས་སུ་བཅས་ཏེ་རི་རྒྱ་ཀླུངས་རྒྱ་སོགས་བསྡམ་ཞིང་། སྡིག་སྤང་དགེ་བ་བསྒྲུབ་ན་ཡུལ་དེའི་སྐྱེ་འགྲོ་ལ་བདེ་སྐྱིད་འབྱུང་བ་ནི་རྒྱུ་འབྲས་རྟེན་འབྲེལ་གྱི་ཆོས་ཉིད་དོ། །འབྲི་གུང་སྐྱོབས་པའི་གསུངས་ལས། བདུད་ཀྱི་འཕེལ་འགྲིབ་ད་ལྟའང་བྱ་རུང་ཡོད། ཅེས་དང་། ལེགས་པའི་ཕྱོགས་ལ་རྟེན་འབྲེལ་ཟབ་མོ་སྒྲིགས། ཕུན་སུམ་ཚོགས་པ་རང་གིས་བྱས་པས་ཆོག །ཅེས་པ་ལྟར་ཡིན་ནའང་། དིང་སང་གི་སྐྱ་སེར་མཐའ་དག་


TR005_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་བྱེད་སྤྱོད་ངན་པ་མི་རུང་སྣ་དགུ་རྒྱུན་དུ་བྱེད་ཅིང་། དུས་ངན་པ་འདི་འདྲ་བ་ཞེས་ཟེར་ནས་སྐད་ངན་འདོན་ཀྱང་ལན་རྩ་རང་ལ་ཐུག་པ་ཡིན་མོད། གཞན་ཡང་དཔེར་ན། ཚེ་རིང་བར་འདོད་ན་སྲོག་གཅོད་སྤོང་ཞིང་ཚེ་ཐར་སྲོག་བསླུ་སོགས་ཀྱི་རྒྱུ་བསྒྲུབ་པའི་འབྲས་བུ་ཚེ་རིང་བར་འགྱུར་མོད་ཀྱང་། ད་ལྟ་ནི་ཚེ་ལ་ཕན་པའི་རིམ་འགྲོར་སེམས་ཅན་སྲོག་གླུད་གཏོང་བ་དང་། སྐུ་རིམ་བྱེད་ཟེར་ནས་སྲོག་གཅོད་མང་པོ་བྱས་པས་མཆོད་སྦྱིན་དང་དགེ་རྩ་སྒྲུབ་པར་རློམས་པ་འདི་དག་གི་སྙིང་ལ་ཅི་ཞིག་ཞུགས་སམ་མི་ཤེས་སོ། །གང་ཞིག་ཡུལ་ཁམས་ཤིན་ཏུ་སྡིག་སྤོང་དགེ་ལ་བརྩོན་ཞིང་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་སྐྱེས་བུ་གཅིག་ཙམ་ཞིག་བཞུགས་ན་ཡང་དེའི་ལྷག་བསམ་གྱི་མཐུ་


TR005_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་ལས་ཡུལ་དེར་གནོད་འཚེ་ཐམས་ཅད་ཞི་ཞིང་བདེ་ལེགས་འབྱུང་བའི་ཚུལ་ནི་རྒྱལ་པོ་བྱམས་པའི་སྟོབས་ཀྱི་སྐྱེས་རབ་ལྟ་བུ་ལགས་ན། ཡུལ་དེར་གནས་པ་ཐམས་ཅད་སྡིག་སྤངས་དགེ་བ་སྒྲུབ་ན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེང་སང་གི་སྐྱེ་འགྲོའི་བསོད་ནམས་ཀྱིས་དེ་ལྟ་བུ་འགྲུབ་པ་དཀའ་བར་གདའ་ལགས། ཅེས་འཕྲོས་དོན་དུ་གསོལ་ནས།། ༈ །།གོང་གི་དངོས་ལན་འབུལ་རྒྱུར། འཁོར་བ་སྟོངས་པར་སྨོན་ལམ་བཏབ་པའི་འབྲས་བུ་གང་ཟག་སྒོས་ཚན་དུ་འཁོར་བ་ལས་གྲོལ་བ་ནི་མཐའ་ཡས་པ་བྱུང་དང་འབྱུང་འགྱུར་ལགས་མོད་ཀྱི། དེ་དག་རང་རང་གི་མ་རིག་ལས་ཉོན་འཁྲུལ་རྟོག་གི་འཛིན་པ་ཟད་པའི་རང་ངོ་ལ་འཁོར་བ་སྡུག་བསྔལ་གྱི་ཡུལ་དང་ཡུལ་ཅན་གཏན་སྟོངས་སུ་གྱུར་མོད་ཀྱང་། སེམས་ཅན་སྤྱི་མཚན་གྱི་ངོར་ནི་འཁོར་བ་སྟོངས་པར་འགྱུར་བར་མ་


TR005_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཏེ། སྔོན་སྟོན་པ་ཉིད་ལ་འཁོར་བ་ལ་ཐོག་མཐའ་ཡོད་དམ་ཞུས་པ་ན་ཅང་མི་གསུང་བའི་ཚུལ་གྱིས་འཁོར་བ་ལ་མཐའ་མེད་པར་བསྟན་ཏོ་ཅེས་མདོ་ལས་གསུངས་སོ། །ཡང་ཉིད་ཀྱིས། སྔོན་དགྲ་བཅོམ་པ་ཉེར་སྦས་ཀྱིས་ཤཱཀྱའི་བསྟན་པ་སྐྱོངས་སྐབས། བདུད་སྡིག་ཅན་གྱི་དགེ་འདུན་རྣམས་ལ་བར་ཆད་རྩོམ་པ་ན། འཕགས་པས་ཁྱི་རོ་རུལ་པ་མེ་ཏོག་གི་ཕྲེང་བར་སྤྲུལ་ནས་བདུད་ཀྱི་མགུལ་དུ་བཏགས་སྟེ། ཕྱིན་ཆད་བར་ཆད་རྩོམ་པའི་བསམ་པ་ནི་སྐྱེས་ན་མེ་ཏོག་འཕྲེང་བ་དེ་ཁྱི་རོ་ཉིད་དུ་འགྱུར་བར་བྱིན་གྱིས་བརླབས་པས་དེ་ཕྱིན་ཆད་བར་གཅོད་བརྩམས་མ་ནུས་པར་བཤད་ན། ད་ལྟ་ཆོས་པ་རྣམས་ལ་བདུད་ཀྱི་བར་ཆད་མང་བ་འདི་ཇི་ལྟར་ཡིན་གྱི་དྲི་བ་གནང་བ་ལ་དེའི་


TR005_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ནི་འདུལ་ལུང་སོགས་ནས་གསུངས་པ་ལྟར། དེ་དུས་ཀྱི་དགེ་འདུན་རྣམས་ལ་བདུད་ཀྱི་རྒྱལ་པོ་དགའ་རབ་དབང་ཕྱུག་གིས་རེས་འགའ་མེ་ཏོག་དང་རིན་ཆེན་སྣ་ཚོགས་ཀྱི་ཆར་ཕབས་ཏེ་དགེ་སློང་རྣམས་བསམ་གཏན་ལས་གཡེང་བར་བྱེད། རེས་འགའ་ནི། ལྷའི་བུ་མོ་མང་པོས་གླུ་གར་དང་རྩེ་འཇོ་སྣ་ཚོགས་བྱས་པས་ལོག་སྲེད་འཕེལ་བར་བྱེད་པ་ལ། འཕགས་པ་ཉེར་སྦས་ཀྱིས་མེ་ཏོག་དང་རིན་ཆེན་གྱི་ཆར་དེ་དག་སེལ་བ་དང་སྦུར་མ་སོགས་སུ་བྱ་ཤིང་། ལྷའི་བུ་མོ་དེ་དག་གིས་ལུས་ནང་ཐམས་ཅད་མི་previous hit གཙང next hit་ལྗན་ལྗིན་གྱིས་གང་བ་ཕྱི་རོལ་ནས་སྒྲིབས་མེད་དུ་མཐོང་བར་བྱིན་གྱིས་བརླབས་ཏེ་དགེ་འདུན་རྣམས་ཞེན་པ་མི་སྐྱེ་བར་མཛད་པས། སླར་བདུད་ཀྱིས་འཕགས་པ་ཉིད་ལ་བར་ཆད་བྱ་བར་འདོད་དེ། མཆོད་པའི་ཟོལ་གྱི་


TR005_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་འཕྲེང་བ་ཞིག་འཕགས་པའི་དབུ་ལ་བཅིངས་པ་ལས། འཕགས་པས་དེ་ཁྱི་རོ་རུལ་པར་སྤྲུལ་ནས་བདུད་ཀྱི་མགུལ་དུ་བཏགས་པས། བདུད་ཤིན་དུ་སྐྱུག་བྲོ་ཞིང་སྡུག་བསྔལ་གྱིས་ནོན་ཏེ། རང་གི་སྟོབས་དང་རྫུ་འཕྲུལ་གྱི་མཐུས་དེ་འདོར་བར་མ་ནུས་པས་ཚངས་དང་བརྒྱ་བྱིན་ཁྱབ་འཇུག་དབང་ཕྱུག་སོགས་ལ་འདོར་བར་ཞུས་པས། སུས་ཀྱང་འདོར་མ་ནུས་པ་སླར་འཕགས་པ་ཉིད་ལ་ཞུས་པ་ན། འཕགས་པས་ཀྱང་ཇི་སྲིད་བར་ཆད་བྱ་བའི་བསམ་པ་མ་སྐྱེས་ན་དེ་ཉིད་མེ་ཏོག་མནྡ་རའི་འཕྲེང་བ་དྲི་བཟང་ཞིང་ཡིད་དུ་འོང་བ་དང་། ནམ་བར་ཆད་རྩོམས་པའི་བསམ་པ་བྱུང་མ་ཐག་ཁྱི་རོ་དྲི་ངད་ང་བ་ཉིད་དུ་འགྱུར་བར་བྱིན་གྱིས་བརླབས་པས། དེ་ཕྱིན་ཆོད་ནས་བར་ཆད་མ་ནུས་པ་དེ་ནི་


TR005_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དུས་ཀྱི་སྐབས་ཁོ་ནར་ཡིན་པ་མ་གཏོགས་བསྐལ་པ་གཏན་དུ་མ་ཡིན་ཏེ། ནམ་གཞག་གཏན་དུ་བར་ཆད་མི་འབྱུང་བར་ནི་སངས་རྒྱས་ཉིད་ཀྱིས་ཀྱང་མཛད་ཚུལ་ལ་བསྟན་ན། དགྲ་བཅོམ་པ་ཙམ་གྱིས་མཛད་ག་ལ་ནུས་ཤིང་། སྤྱིར་སངས་རྒྱས་ཀྱི་བསྟན་པ་ལ་བར་དུ་གཅོད་པའི་བདུད་འབྱུང་བའི་རྒྱུ་ནི་ཐུབ་པ་ཉིད་ཀྱིས་བདུད་དང་མུ་སྟེགས་ལོག་འདྲེན་གྱི་སྡེ་ཚོགས་བཏུལ་བའི་སྐབས་སུ་ཁོང་རྣམས་ཀྱིས་སྨོན་ལམ་ལོག་པ་བཏབ་སྟེ། ད་ལྟ་བདག་ཅག་རྣམས་ཀྱིས་ཁྱེད་ཐུབ་པར་མ་གྱུར་པས། མ་འོངས་ལྔ་བརྒྱ་མཐའ་མའི་ཚེ་བདག་ཅག་རྣམས་ཀྱིས་ཁྱོད་ཀྱི་བསྟན་ལ་ཞུགས་མཁན་དུ་བྱས་ནས་བསྟན་པ་བསྣུབས་པར་ཤོག་ཅིག་ཅེས་སྨོན་ལམ་བཏབ་པའི་མཐུ་ལས། ད་ལྟ་ཆོས་པའི་གཟུགས་ཀྱིས་ཆོས་ཀྱི་བསྟན་པ་བཤིགས་པ་མང་པོ་འབྱུང་བའི་རྒྱུ་མཚན་ནི་དེ་ལྟར་


TR005_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་དང་། དེ་ལྟར་བྱུང་ཚུལ་སྔོན་ཐུབ་པ་ཉིད་ཀྱི་ཀྱང་ལུང་བསྟན་ཏེ། འདི་ལྟ་སྟེ། མ་འོངས་སྙིགས་མའི་དུས་སུ་ངའི་བསྟན་པ་འདི་ཉིད་སེང་གེའི་ཁོག་པ་འབུས་གཡེང་བ་ལྟ་བུར་གྱུར་ཏེ། དཔེར་ན་གཅན་གཟན་རྒྱལ་པོ། སེང་གེའི་རོ་ལ་སྲོག་ཆགས་གཞན་གང་གིས་ཀྱང་བཤིག་ཅིང་ཟ་བར་མི་ནུས་ཀྱང་། ཁོག་པ་ཉིད་ནང་ནས་རུལ་མྱག་འབུས་གཡེང་སྟེ་ཞིག་པར་འགྱུར་རོ། དཔེ་དེ་བཞིན་དུ་དེ་བཞིན་གཤེགས་པ་དང་དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། དེའི་བསྟན་ལ་གཞན་གྱིས་བར་དུ་གཅོད་ཅིང་གཞིག་པར་ནུས་པ་མ་ཡིན་ཀྱང་། བསྟན་པ་འཛིན་པའི་ཆ་བྱད་ཅན་གྱིས་བསྟན་པ་རྨེག་མེད་དུ་འཇིག་པར་འགྱུར་རོ། དེ་ཅི་ཞིག་སྙམ་ན། ངའི་བཀའ་ཚུལ་བཞིན་མི་སྤྱོད་པའི་ཉེས་སྐྱོན་ལས་སོ། །


TR005_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོགས་མདོ་སྡེ་མང་པོར་གསུངས་པ་ཉིད་དུས་ལ་བབས་པ་ལགས།། ༈ །།ཁྱད་པར་དུ་དམ་པའི་ཆོས་ཚུལ་བཞིན་བྱེད་པ་དག་ལ། བདུད་ཀྱི་བར་ཆད་ཀྱང་སྡང་བར་འབྱུང་ལ། ཆོས་ལ་མི་བརྩོན་པ་ལ་བར་ཆད་འོང་དོན་མེད་དེ། འཇམ་དཔལ་རྣམ་རོལ་གྱི་མདོ་ལས། ལྷའི་བུས་སྨྲས་པ། འཇམ་དཔལ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བདུད་ནི་གངས་ལས་བྱུང་བ་རིགས་པར་བྱ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་ནི་བརྩོན་འགྲུས་ལས་འབྱུང་བ་རིག་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། མི་བརྩོན་ན་བདུད་ཀྱིས་ཅི་བྱ་སྟེ། དེ་ཉིད་བདུད་ཡིན་པའི་ཕྱིར་རོ། །ཞེས་གསུངས་ཤིང་།། ༈ །།བདུད་ཀྱི་རྣམ་གྲངས་ལ་དབྱེ་ན་བསམ་གྱིས་མི་ཁྱབ་ཀྱང་མདོར་བསྡུ་ན་སྤྱི་དང་བྱེ་བྲག་གཉིས་སུ་འདུ་སྟེ། དེ་ལས་སྤྱིའི་བདུད་བཞི་ནི། འཁོར་བའི་ས་བོན་བྱེད་པ་བདག་འཛིན་ མདོ་སྡེ་གདམ་ངག་འབོག་པའི་རྒྱལ་པོ་སོགས་


TR005_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་པོའི་བདུད། དུག་ལྔ་རང་གར་སྤྱོད་པ་འཇོལ་ཉོག་ཉོན་མོངས་ཀྱི་བདུད། ཐོས་བསམ་བསྒོམ་པ་མཐར་མི་ཕྱིན་པར་བྱེད་པ་ལོང་མེད་འཆི་བདག་གི་བདུད། བློ་ཁ་ཕྱིན་ལོག་ཏུ་བསྒྱུར་བ་བསླུ་བྱེད་ལྟ་བུའི་བདུད་དང་བཞི་ཡོད་པའི་ལྷའི་བུའི་བདུད་དེ་ཉིད་ཀྱི་ནང་ཚན་དུ། བདུད་ཀྱི་རྒྱལ་པོ་དགའ་རབ་དབང་ཕྱུག་གིས་ནི་བར་ཆད་ཐམས་ཅད་ཀྱི་རྩ་བའི་བྱེད་པོ་དང་། དེའི་བཙུན་མོ་པདྨའི་འཕྲེང་བ་ཅན་གྱིས་དུག་ལྔའི་མེ་ཏོག་གི་མདའ་ལྔ་འཕངས་ཏེ་ཆོས་པ་རྣམས་ཀྱི་རྒྱུད་མ་རུང་ཞིང་གཉེན་པོས་མི་ཟིན་པར་བྱེད། བློན་པོ་ཟློག་བྱེད། གཡེང་བྱེད། ཆགས་བྱེད། འཁྲུག་བྱེད་དང་བཞི་ཡོད་པའི་ཟློག་བྱེད་ཀྱི་ནི་ལྟ་བ་དང་གྲུབ་མཐའ་རྣམས་ལ་བར་དུ་གཅོད་དེ། སྒྲུབ་གྲ་རྣམས་བཤད་གྲར་བསྒྱུར། ཐེག་པ་གོང་མ་རྣམས་འོག་མར་གྱུར་ འོག་མ་རྣམས་ཐ་མལ་པར་གྱུར། ཐ་མལ་པ་རྣམས་ལོག་པར་


TR005_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་ཞིང་བྱང་ཆུབ་ཀྱི་ལམ་ལས་ཕྱིར་ཟློག་པར་བྱེད་དོ། །གཡེང་བྱེད་ཀྱིས་ནི་འཇིག་རྟེན་གྱི་བྱ་བ་སྣ་ཚོགས་པར་སྤྲུལ་བས་ཆོས་པ་ཐམས་ཅད་གཡེང་ལ་སྦྱོར། ཆགས་བྱེད་ཀྱིས་ནི་འདོད་ཡོན་ཟས་ནོར་ལོངས་སྤྱོད་བསོད་ནམས་འདུ་འཛི་སོགས་སུ་སྤྲུལ་ནས་ཆོས་པ་རྣམས་ཀྱི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་སོགས་ཉམས་པར་བྱེད། འཁྲུག་བྱེད་ཀྱིས་ནི་ལྟ་བ་དང་གྲུབ་མཐའ་ཆོས་ལུགས་སོགས་ཐ་དད་ལ་ཕྱོགས་ཞེན་ཆགས་སྡང་ཀུན་སློང་དྲག་པོས་བརྩོད། འཐབ་འཁྲུག །འཛིངས། གསོད་པ་ལ་སོགས་ཀྱིས་རང་གཞན་འཕྲལ་ཡུན་ཐམས་ཅད་ཕུང་ལ་སྦྱོར་བར་བྱེད་ཅིང་། དེ་དག་གི་ཕྱི་འཁོར་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས་ཀྱིས་གནས་སྐབས་ཀྱི་འགལ་རྐྱེན་དང་བར་ཆད་སྣ་ཚོགས་ཀྱི་སྒོ་ནས་དམ་ཆོས་སྒྲུབ་པ་ལ་བདུད་དུ་བྱེད་པའོ། །བྱེ་བྲག་གི་བདུད་ལ་ཡང་བཞི་སྟེ། སྤྱོད་པ་ཆོས་སྤྱོད་ལ་བར་དུ་གཅོད་


TR005_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདུད། སྒོམ་སྒྲུབ་ཏིང་འཛིན་ལ་བར་དུ་གཅོད་པའི་བདུད། ཉམས་རྟོགས་གོང་འཕེལ་ལ་བར་གཅོད་པའི་བདུད། ལྟ་བ་མཐའ་གྲོལ་བར་དུ་གཅོད་པའི་བདུད་དང་བཞི་པོ་དེ་དག་རེ་རེ་ལའང་ནང་ཚན་དྲུག་དྲུག་ཡོད་དེ། དང་པོ་སྤྱོད་པའི་བདུད་དྲུག་ནི། མི་དགེ་ངང་གི་འཕེལ་བ་སྡིག་གྲོགས་སློབ་དཔོན་གྱི་བདུད། འདོད་ཡོན་ཞེན་པ་ལ་སྦྱོར་བ་ཟས་ནོར་ལོངས་སྤྱོད་ཀྱི་བདུད། ང་རྒྱལ་ཕྱོགས་རིས་ལ་སྦྱོར་བ་ཞེན་ཆགས་དགོན་གནས་ཀྱི་བདུད། འཁྲུལ་སྣང་རྣམ་གཡེང་ལ་སྦྱོར་བ་བསླབ་ཤེས་ཡོན་ཏན་གྱི་བདུད། ཅི་བྱས་གོལ་སར་ལྷུང་བ་འདྲ་མིན་ནོར་འཁྲུལ་གྱི་བདུད། འཁོར་འདས་སོ་མཚམས་མི་ཕྱེད་པ་གཉིས་འཛིན་ཐེ་ཚོམ་གྱི་བདུད་དོ།། ༈ །།གཉིས་པ་བསྒོམ་པའི་བདུད་དྲུག་ནི། ཆོས་སྐུའི་རང་ཞལ་ལ་སྒྲིབ་པ་སེམས་འཛིན་ཞི་གནས་ལ་ཆགས་པའི་བདུད། ཡུལ་


TR005_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་ལ་འཕྲོ་རྒོད་ཡེངས་པ་རྣམ་རྟོགས་འཁྲུལ་པའི་བདུད། ཏིང་འཛིན་ལ་བོག་མེད་པ་བཏང་སྙོམས་ལུང་མ་བསྟན་གྱི་བདུད། མི་གཡོ་བའི་དོན་ལས་གོལ་བ་འོག་འབྱམས་རྐུན་བུའི་བདུད། ནུས་མཐུ་ཡུལ་ལ་ཤོར་བ་བྱིན་རླབས་རྙེད་འཚོལ་གྱི་བདུད། ཁམས་གསུམ་གྱི་བསམ་གཏན་ལས་མ་འཕགས་པ་མཐར་འཛིན་གོལ་བའི་བདུད་དོ། །གསུམ་པ་ཉམས་ཀྱི་བདུད་དྲུག་ནི། ང་རྒྱལ་རློམ་པས་བསྐྱེད་པ་འདྲ་མིན་ལུང་བསྟན་གྱི་བདུད། དགེ་སྦྱོར་གྱིས་རང་བརྒྱུད་བཅིངས་པ་ཉམས་མྱོང་མངོན་ཞེན་གྱི་བདུད། ཞེ་འདོད་ཕུགས་སུ་ཚུད་པ་སླུ་བྱེད་ཚུལ་ཆོས་ཀྱི་བདུད། ཕྲག་དོག་འགྲན་སེམས་ཞུགས་པ་ལུང་མེད་སྒྲོ་སྐུར་གྱི་བདུད། གསང་དོན་ཁ་ལ་གཡེལ་བ་དམ་མེད་འཆལ་པའི་བདུད། འཕེལ་མེད་ཨ་འཐས་ལ་ཞེན་པ་གནོད་མེད་སྡུག་འཚིར་གྱི་བདུད་དོ། །བཞི་པ་ལྟ་བའི་བདུད་དྲུག་ནི། དགོངས་པ་ལ་བར་དུ་གཅོད་པ་སྙིང་རྗེ་དགྲར་ལངས་ཀྱི་བདུད། སེམས་བསྐྱེས་ལ་བར་དུ་གཅོད་པ་སྟོང་པ་དགྲར་ལངས་ཀྱི་བདུད། ལོག་རྟོགས་འཁུ་འཕྲིག་སློང་བ་སྐྲག་བྱེད་གཟུགས་སྣང་གི་བདུད། རྟགས་ཆད་ཀྱི་གཡང་ལ་བསྐྱུར་བ་གྲུབ་མཐའ་མཐར་འཛིན་གྱི་བདུད་


TR005_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

གདེངས་མེད་ཁ་ལ་འབྱམས་པ་གོ་དྲེད་ཚིག་ཁྱེར་གྱི་བདུད། རང་རྒྱུད་དོན་ལ་མ་འབྱོར་བ་ཡིད་སྨོན་རེ་དོགས་ཀྱི་བདུད་དང་དྲུག་སྟེ། དེ་ལྟར་བདུད་ཀྱི་རྣམ་གྲངས་ལ་བསམ་གྱིས་མི་ཁྱབ་ཅིང་གྲངས་ཀྱིས་མི་ལང་བ་ཐམས་ཅད་ཀྱི་རྩ་བ་ནི་ངར་འཛིན་འགོང་པོ་གཅིག་བུ་ལ་འདུས་ཕྱིར། འདི་ཉིད་རྩད་ནས་བཅད། དྲུངས་ནས་ཕྱུངས། རྡུལ་དུ་བརླགས། དབྱིངས་སུ་ཞི་བའི་ཐབས་ལ་འབད་ན། བདུད་ཀྱི་རིགས་ཕྱི་ནང་གསང་བ་གང་ནས་ཀྱང་འབྱུང་བའི་ཁུངས་མེད་པ་ཉིད་དོ། །དེ་ལྟར་ཡང་། ནམ་མཁའ་མཛོད་ཀྱི་མདོ་ལས། དཔེར་ན་བུ་ག་གར་ཡོད་ནས་རླུང་འཇུག་པ་དེ་བཞིན་དུ། རྣལ་འབྱོར་པའི་སེམས་ལ་གང་དང་གང་ན་སྐྱོན་ཡོད་པ་དེ་དང་དེ་ནས་བདུད་འཇུག་ཅིང་གླགས་རྙེད་པ་ཡིན་ནོ། །དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་ལ་ཉོན་མོང་པ་ལ་སོགས་ཀྱི་སྐྱོན་མེད་


TR005_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །སེམས་ལ་སྐྱོན་མེད་པ་ནི་འདི་ཡིན་ཏེ་འདི་ལྟར་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཡོངས་སུ་རྟོགས་པར་བྱའོ། །ཞེས་གསུངས་པ་བཞིན་ནོ། སེམས་ཉིད་ཀྱི་རང་ངོ་རྗེན་པར་མཐོང་ཞིང་སྣང་སྲིད་འཁོར་འདས་ཐམས་ཅད་རང་སེམས་སུ་ཐག་ཆོད་གདེངས་ཐོབ་ན། བདུད་ཀྱི་བར་ཆད་ཅེས་པའི་མིང་ཡང་མི་གྲགས་པ་ལགས། ཡང་རེ་ཤིག་གི་དུས་ན། ཉིད་ཀྱི་ཕེབས་སྒོར། དྲུག་པ་རྡོ་རྗེ་འཆང་ཞེས་མཚན་དུ་བརྗོད་པའི་ངེས་ཚིག་དང་། དྲུག་པའི་སྒྲ་བཤད་གང་ཡིན་གསུང་བ་དང་། འདི་ཉིད་ཀྱི་ངོ་བོ་ཆོས་ཀྱི་སྐུ་སྤྲོས་མཚན་ལས་འདས་པའི་གནས་ལུགས་བདེར་གཤེགས་སྙིང་པོ་ཉིད་ཡིན་ན། སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ཀྱི་རྣམ་པ་ཅན་དུ་ཡོད་པ་འདི་ཇི་ལྟར་ཡིན་གྱི་དྲི་བ་གནང་བ་ལ། ཚུལ་འདི་ལ་ལན་གྱིས་རིམ་པ་དཔྱིས་ཕྱིན་པ་ཞིག་བརྗོད་ན་ནི་མདོ་རྒྱུད་


TR005_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཞུང་འབྲེལ་ཆེན་པོ་དག་གི་ཁོག་ཕུབ་ཏེ་རྒྱས་བཤད་དགོས་པའི་དོན་སྐོར་དུ་འདུག་རུང་། དེ་ལྟ་བུ་ནི་རྨོངས་པ་བདག་གིས་སྨྲ་བའི་ནུས་སྤོབ་མ་མཆིས་ཚེ། གནས་སྐབས་ཀྱི་ལན་དོན་འགག་བསྡུས་ཤིག་འབུལ་བའི་དབང་དུ་བགྱི་ན། དེ་ཡང་འཁོར་བ་དང་མྱང་འདས་གང་དུའང་མ་ཕྱེ་བའི་སྔོན་རོལ་ནས་ཆོས་ཐམས་ཅད་ཀྱི་གནས་ལུགས་ཡེ་ཇི་བཞིན་པའི་དབྱིངས་སུ་རང་བྱུང་རང་རིག་གི་སྟོན་པ་དཔལ་ཀུན་ཏུ་བཟང་པོ་ཉིད་འཁོར་འདས་མཉམ་པ་ཉིད་རང་ཤར་རང་གྲོལ་དུ་མངོན་པར་བྱང་ཆུབ་པ་ནས། ཡེ་ཐོག་དང་པོའི་སངས་རྒྱས་སམ། གདོད་མའི་མགོན་པོའམ། འཁོར་འདས་ཀུན་གྱི་སྤྱི་མེས་ཞེས་བྱ་ཞིང་། བློ་བུར་དུ་ཚོགས་བསགས་སྒྲིབ་སྦྱངས་པ་ལམ་རིམ་བགྲོད་བྱས་པའི་སངས་རྒྱས་མ་ཡིན་པར་ཡེ་གདོད་མ་ནས་འཁྲུལ་མ་མྱོང་བའི་ཆོས་སྐུ་དངོས་


TR005_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

མིན་ཕྱིར། རྒྱལ་བ་ཐམས་ཅད་ཀྱི་འབྱུང་གནས་སམ། སྤྲུལ་གཞི་འམ། བྱེད་པ་པོ་ལྟ་བུ་སྟེ། ཕྱོགས་བཅུ་དུས་བཞིའི་ཞིང་དང་སྟོན་འཁོར་མཛད་འཕྲིན་གདུལ་ཡུལ་སོགས་མདོར་ན་འཁོར་འདས་ཀྱི་ཆོས་སོ་ཅོག་མ་ལུས་པ་འདི་ཉིད་ཀྱི་ཁོངས་སུ་མ་འདུས་པ་ནི་རྡུལ་ཕྲ་རབ་ཙམ་ཡང་མེད་ལ། ཆོས་ཀྱི་དབྱིངས་ནམ་མཁའི་མཐའ་ཀླས་པའི་ཞིང་རབ་འབྱམས་ཚད་བཟུང་མེད་པར་སྐུ་དང་ཞིང་ཁམས་འདུ་འབྲལ་མེད་ཅིང་དུས་བཞི་འཕོ་འགྱུར་མེད་པར་བཞུགས་པ་དེ་ལ་འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་ཁམས་ཞེས་བྱ་སྟེ། སྣང་སྲིད་འཁོར་འདས་ཐམས་ཅད་འདིའི་ནང་དུ་མ་ཆུད་པའི་གཏན་མ་མཆིས་སོ། །དེའི་དབང་གིས། བདེར་གཤེགས་སྙིང་པོ་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་དང་། སྲིད་གསུམ་ཐམས་ཅད་སངས་རྒྱས་ཤིང་། །ཡེ་ནས་རྒྱལ་བའི་སྐུ་གསུང་ཐུགས། །ཅེས་སོགས་དང་། ཆོས་ཀྱི་དབྱིངས་ལ་བཟང་ངན་མེད་པ་ལ། །


TR005_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ངན་གཉིས་སུ་འཛིན་པ་ཡོངས་རེ་འཁྲུལ། །ཞེས་དང་། ཆོས་སྐུ་ཀུན་ལ་ཁྱབ་པ་ཀུན་ཏུ་བཟང་པོ་ཡིན། །ཞེས་པ་ལ་སོགས་ཏེ། མདོར་ན་སྣང་སྲིད་དག་པ་རབ་འབྱམས་ཟེར་བའི་རྒྱུ་མཚན་ཐམས་ཅད་འདིར་གོ་དགོས་པ་ལགས། དེའི་ངང་ནས་གདོད་མའི་གཞི་ལས་གཞི་སྣང་དུ་ཤར་བའི་འགྲོ་བ་རང་གི་རང་ངོ་མ་ཤེས་ཤིང་རང་སྣང་ལ་གཞན་དུ་བཟུང་བས་འཁྲུལ་པ་ལུ་གུ་རྒྱུད་དུ་འཕེལ་ནས་འཁོར་བའི་མཚན་ཉིད་མེད་བཞིན་སྣང་བའི་ཆོ་འཕྲུལ་རྨི་ལམ་གྱི་ཡུལ་སྣང་ལྟ་བུ་ལ་སྤྱོད་པའི་ཁམས་གསུམ་གྱི་འགྲོ་བ་རྣམས་ལ་དམིགས་མེད་ཐུགས་རྗེ་ཆེན་པོའི་རླབས་གཡོས་ནས་རང་སྣང་ལྷུན་གྲུབ་སྟུག་པོ་བཀོད་པ་ཚངས་པ་རྔ་སྒྲའི་ཞིང་ཁམས་ཞེས་བྱ་བ་སྤྲུལ་སྟེ། ཆོས་ཀྱི་སྐུ་ཀུན་ཏུ་བཟང་པོ་ཉིད་ཡེ་ཤེས་ལྔ་ལྡན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔ་གང་ཆེན་མཚོ་དང་། རིགས་


TR005_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་པ་རྡོ་རྗེ་འཆང་ཆེན་པོའི་སྐུ་དང་ཞིང་ཁམས་ཀྱང་གྲངས་དང་ཚད་མེད་པ་ནམ་མཁའ་གར་ཁྱབ་ཏུ་སྤྲུལ་ཞིང་། དེ་དག་རེ་རེའི་བ་སྤུའི་ཁུང་བུ་གཅིག་གི་ཁྱོན་ལ་ཡང་གདུལ་བྱའི་ཞིང་དང་འདུལ་བྱེད་ཀྱི་སྟོན་པ་བསམ་གྱིས་མི་ཁྱབ་པ་དེ་དག་རེ་རེས་ཀྱང་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་མི་ཟད་རྒྱན་འཁོར་གྱིས་འགྲོ་བའི་དོན་ནམ་མཁའ་ཇི་སྲིད་གནས་ཀྱི་བར་དུ་མཛད་ཚུལ་ནི་རང་ཅག་སོ་སོ་སྐྱེ་བོའི་བློས་ཅི་ཞིག་གཞལ་ཏེ་བསམ་བརྗོད་ཀྱི་ཡུལ་ལས་འདས་སོ། །ལོངས་སྤྱོད་རྫོགས་སྐུ་དེ་དག་གི་རང་རྩལ་ལས་འགྲོ་འདུལ་མཆོག་གི་སྤྲུལ་པ་སྐུའི་ཞིང་ཁམས་ཚངས་ཆེན་གྱི་བཀོད་པ་རྣམ་པར་སྤྲུལ་ཞིང་། དེའི་སྟོན་པ་ནི་ཐུན་མོང་ཐུན་མིན་གྱི་གདུལ་བྱའི་སྐལ་པ་ཇི་སྙེད་དུ་བསྟན་པར་མཛད་ལ། ཁྱད་པར་གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་པའི་ཞིང་འདི་ཉིད་ཀྱི་རྣམ་སྣང་གང་ཆེན་མཚོའི་ཕྱག་མཚན་ལྷུང་བཟེད་


TR005_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ནང་གི་སྤོས་ཆུའི་རྒྱ་མཚོ་ལས་བྱུང་བའི་པདྨ་ཉི་ཤུ་རྩ་ལྔ་བརྩེགས་པའི་བཅུ་གསུམ་པ་མི་འཇེད་ཀྱི་ཞིང་འདི་ཅིག་པུར་ཡང་འདས་མ་འོང་གི་བསྐལ་པ་རྒྱ་མཚོ་མཐའ་ཡས་པར་འགྲོ་བའི་དོན་རྒྱུན་ཆད་མེད་པར་མཛོད། ད་ལྟའི་བསྐལ་པ་བཟང་པོའི་མིང་ཅན་འདི་ཉིད་ལའང་ཐུན་མོང་ལྟར་ན་སངས་རྒྱས་སྟོང་དང་། ཐུན་མོང་མ་ཡིན་པ་ལྟར་ན་གྲགས་ཆེན་གྱི་སྟོན་པ་བཅུ་གཉིས་སོགས་དང་། གཞན་ཡང་ཆོས་ཀྱི་རྣམ་གྲངས་སོ་སོའི་དཀྱིལ་འཁོར་གྱི་གཙོ་བོར་སྤྲུལ་པའི་སྐུའི་བཀོད་པ་རྒྱན་ཅན་རྒྱན་མེད་ཞི་བ་ཁྲོ་བོ་ཞི་མ་ཁྲོ་ལ་སོགས་པའི་རྣམ་འགྱུར་སྣ་ཚོགས་དང་། ཡང་། དེ་དག་མཐོང་བའི་སྐལ་མེད་རྣམས་ལ་ནི་རང་རང་གི་སྐལ་བ་དང་མཚམས་པའི་བཟོ་དང་སྐྱེ་དང་བྱང་ཆུབ་ཆེན་པོ་ནས། འབྱུང་བ་ལྔ་དང་བརྟན་གཡོས་


TR005_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པའི་རྣམ་པར་འཕྲུལ་པ་མཐའ་ཡས་པས་འགྲོ་བ་འདུལ་བར་མཛད་པ་མཐའ་དག་ནི་དཔལ་ཀུན་ཏུ་བཟང་པོའི་ཐུགས་རྗེའི་རྣམ་རོལ་ཁོ་ན་ཉིད་ལས་མ་འདས་སོ། །དེ་ནས་ཁྱད་པར་གྱི་སྐབས་དོན་འབུལ་རྒྱུར། དེ་ལྟར་སྟོན་པ་རྡོ་རྗེ་འཆང་དང་རིགས་ལྔའི་སངས་རྒྱས་སུ་བསྟན་པ་དེ་ཐམས་ཅད་ངེས་པའི་དོན་དུ་ནི་ཆོས་སྐུ་ཀུན་བཟང་ཉིད་ལས་ཐ་དད་པ་ནམ་ཡང་མ་ཡིན་ནའང་། གནས་སྐབས་ས་ལམ་རིམ་བགྲོད་ཀྱི་གང་ཟག་རྣམས་དྲངས་བའི་སླད་དུ། སོ་སྐྱེ་ཐ་མལ་པས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་རིམ་གྱི་མངོན་པར་བྱང་ཆུབ་བརྙེས་པའི་ཚུལ་བསྟན་པར་མཛད་ཚུལ་ནི། རྒྱལ་བ་རིགས་ལྔ་སོ་སོའི་སྐྱེ་རྒྱུད་སོགས་ནི་པདྨ་བཀའི་ཐང་ཡིག་གི་ལེའུ་བཞི་པར་གསུངས་པ་བཞིན་དང་། རྡོ་རྗེ་འཆང་ཉིད་ཀྱང་སྔོན་བསྐལ་པ་དཔག་མེད་ཀྱི་གོང་རོལ་ཏུ་ཞིང་ཁམས་རང་བཞིན་


TR005_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་བཀོད་པ་ཅེས་བྱ་བར་སངས་རྒྱས་མེ་ཏོག་མཛེས་པ་ཆེན་པོའི་དྲུང་དུ་གསེར་གྱི་རྡོ་རྗེ་ཕུལ་ནས་དང་པོར་བྱང་ཆུབ་ཏུ་ཐུགས་བསྐྱེད། དེ་ནས་སྐྱེ་བ་གཉིས་ན་བྱང་ཕྱོགས་རླུང་གིས་གཡོ་བ་བཀོད་པ་ཅེས་བྱ་བར་ཁྱིམ་བདག་ལེགས་སྦྱིན་གྱི་སྲས་ནོར་བུའི་འཕྲེང་བར་གྱུར་ཚེ་སངས་རྒྱས་འཁོར་ལོ་ལེགས་སྤྱོད་ཀྱི་སྤྱན་སྔར་ཆོས་ཀྱི་རྣམ་གྲངས་རྒྱ་ཆེར་ཐོས། དེ་ནས་ཕྱི་མའི་ཚེ་བདེ་བས་མྱོས་པའི་གླིང་ཞེས་བྱ་བར་ཁྱིམ་བདག་གློག་གི་འོད་ཀྱི་བུ་བྲམ་ཟེའི་ཁྱིའུ་ལེགས་བྱིན་དུ་གྱུར་ཏེ། དེ་བཞིན་གཤེགས་པ་དགེ་བའི་བློ་གྲོས་ལ་ལོ་ལྔར་ཆོས་མཉན་ནས་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པས་ལོ་བདུན་ཅུ་རྩ་ལྔ་ན་རིན་པོ་ཆེའི་ཕུང་པོ་རྣམ་པར་བཀོད་པའི་རི་བོར་མངོན་པར་རྫོགས་པ་སངས་རྒྱས་


TR005_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚུལ་བསྟན་པར་མཛད་དེ། བསྐལ་ཆེན་གཅིག་གི་བར་དུ་ཆོས་སྐུའི་དགོངས་པ་ལས་གཡོ་བ་མེད་པར་བཞུགས་ནས། སླར་ཡང་གདུལ་བྱའི་དོན་དུ་ལྷུན་གྲུབ་ལོངས་སྤྱོད་རྫོགས་སྐུའི་བདག་ཉིད་དྲུག་པ་རྡོ་རྗེ་འཆང་ཆེན་པོ་མཚན་དཔེ་ཕྱི་ནང་གསང་གསུམ་གྱི་རྒྱན་པར་བྱོན་ཞིང་། ཐབས་ཤེས་དབྱེར་མེད་ཀྱི་རྟགས་སུ་རྡོ་རྗེ་དང་དྲིལ་བུའི་ཕྱག་རྒྱ་ཅན་དུ་སྣང་བ་ནི་སྔོན་ཚེ་སེམས་བསྐྱེད་ཀྱི་རྟེན་དུ་རྡོ་རྗེ་ཕུལ་བའི་རྟེན་འབྲེལ་གྱི་རྟགས་སུ་ཤར་བ་སྟེ། རང་སྣང་ལྷུན་གྲུབ་སྟུག་པོ་བཀོད་པའི་ཞིང་ཁམས་རྒྱ་ཆད་ཕྱོགས་ལྷུངས་མེད་པར་ཉིད་ལས་གཞན་དུ་མ་ཡིན་པའི་རྒྱལ་བ་རབ་འབྱམས་ཀྱི་འཁོར་ལ་བླ་མེད་ཐེག་པ་མཆོག་གི་བསྟན་པའི་སྙིང་པོ་རྒྱུད་སྡེ་རྒྱ་མཚོའི་ཆོས་འཁོར་ཚིག་གི་བརྗོད་རྩོལ་མ་ཡིན་པར་དོན་གྱི་དགོངས་པའི་ཏིང་ངེ་འཛིན་རང་གསལ་ལ་གཙོ་


TR005_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཐ་མི་དད་པས་མཉམ་རོལ་ཆེན་པོར་མཛད་པ་ནི་སྔོན་དང་ད་ལྟ་དང་ཕྱི་མའི་མུ་མཐར་ཐུག་གི་བར་དུ་རྒྱུན་ཆད་མེད་པར་བཞུགས་པ་སྟེ། དེ་ལྟར་འདི་ནི་དྲང་དོན་ཐབས་མཁས་ཐུགས་རྗེ་མཛད་པ་བསྟན་ཚུལ་ཡིན་པས། ད་ལྟ་རྡོ་རྗེ་འཆང་གི་སྐུ་གཟུགས་བཞེངས་པ་རྣམས་ཀྱང་ཚུལ་འདིའི་ཆ་བྱད་ཀྱི་སྐུ་བརྙན་ལགས། སྐབས་འདིར་འཕྲོས་ཞུས་གོང་གི་མཚན་དཔེ་ཕྱི་ནང་གསང་གསུམ་ལ་ཞེས་པ་འདི་ཐེག་པ་ཐུན་མོངས་པ་མ་གྲགས་ཕྱིར་ཅི་ཟེར་རམ་སྙམ་དུ་དགོངས་སྲིད་པས། འདིའི་དོན་ནི། །དེ་ཡང་ཕྱིའི་མཚན་དཔེ་རྣམས་སངས་རྒྱས་སྤྲུལ་པ་སྐུ། སྤྱིའི་ཡོན་ཏན་ཏེ། ཇི་སྐད་དུ། ཕྱག་ཞབས་འཁོར་ལོས་མཚན་དང་རུས་སྦལ་ཞབས། དེ་སོགས་མཚན་བཟང་པོ་སོ་གཉིས་དང་། ཐུབ་པའི་


TR005_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

སེན་མོ་ཟངས་མདོག་དང་། ཞེས་པ་ལ་སོགས་དཔེ་བྱད་བརྒྱད་ཅུ་རྣམས་ནི་ཡོངས་གྲགས་ལྟར་སྟེ། འཁོར་ལོ་བསྒྱུར་བའི་རྒྱལ་པོ་རྣམས་ལའང་ཡོད་ཕྱིར་འོ་སྐོལ་གྱི་སྟོན་པའི་མཆེད་པོ་ཅུང་དགའ་བོ་སོགས་ལའང་མཛོད་སྤུ་དང་གཙུག་ཏོར་མ་གཏོགས་མཚན་དཔེ་ཕལ་ཆེར་ཡོད་པར་གྲགས་ལ། འགྲོ་བ་ཕལ་པ་ལ་ཡང་དེ་དག་གི་ཆ་ཤས་ལ་ལ་ཙམ་ཡོད་པ་ཡང་འབྱུང་བས་ན། ཐུན་མོང་གི་མཚན་དཔེ་ཞེས་བྱ་མོད་ཀྱི། ལོངས་སྐུའི་ཁྱད་པར་གྱི་མཚན་དཔེ་ནི་ཕྱིའི་དེ་རྣམས་ཀྱི་སྟེང་དུ། ནགས་གི་ནི། འབྲས་བུ་དཔེ་བྲལ་གྱི་སེམས་དཔའ་བཅུ་དྲུག་ཡབ་ཡུམ་རྣམས་ཡིན་ཏེ། ཡབ་བཅུ་དྲུག་ཡུམ་བཅུ་དྲུག་རྣམ་སྣང་བསྡོམས་པ་ནི་ནང་གི་མཚན་བཟང་སོ་གཉིས། དེ་དག་གི་དབུ་རྒྱན་གྱི་ལྷ་རྒྱལ་བ་རིགས་ལྔ་ལྔ་ཡོད་པ་རྣམས་བསྡོམས་པ་ནི་ནང་གི་དཔེ་བྱད་བརྒྱད་ཅུ་ཡིན་


TR005_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

པས། དེ་ལྟར་ཡབ་ཡུམ་ལྷ་ཚོགས་དེ་ཐམས་ཅད་ལོངས་སྐུ་ཉིད་ཀྱི་རང་སྣང་གི་འཁོར་གྱི་ཚུལ་དུ་ཉི་མ་དང་འོད་ཟེར་བཞིན་དུ་འབྲལ་མེད་པར་བཞུགས་པ་ལ་ནང་གི་མཚན་དཔེར་བཤད་དོ། །གསང་བའི་ནི། དགའ་བ་བཞི་པོ་རེ་རེ་ལ་དགའ་བའི་དགའ་བ་སོགས་ཕྱེས་པའི་བཅུ་དྲུག་དང་། དེ་ཉིད་ཀྱང་ཐབས་ཀྱི་དགའ་བ་བཅུ་དྲུག་དང་ཤེས་རབ་ཀྱི་དགའ་བ་བཅུ་དྲུག་བསྡོམས་པ་ནི་གསང་བའི་མཚན་བཟང་པོ་གཉིས། དེ་རེ་རེ་ལ་ཡེ་ཤེས་རྣམ་པ་ལྔ་ལྔའི་ལོངས་སྤྱོད་དང་ལྡན་པའི་ཕྱིར་ན་གསང་བའི་དཔེ་བྱད་བརྒྱད་ཅུ་ཡིན་ཏེ། དེས་ན་ཕྱི་ནང་གསང་གསུམ་གྱི་མཚན་དཔེ་ཚང་བ་ནི་ལོངས་སྤྱོད་རྫོགས་སྐུའི་ཁྱད་ཆོས་ལགས། ངེས་ཚིག་གི་དབང་དུ་བགྱི་ན། དྲུག་པ་ཅེས་པའི་ཐ་སྙད་འདོགས་པའི་རྒྱུ་མཚན་ནི་


TR005_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལྔ་ལ་རྡོ་རྗེའི་རིགས། རིན་པོ་ཆེའི་རིགས། པདྨའི་རིགས། ལས་ཀྱི་རིགས། དེ་བཞིན་གཤེགས་པའི་རིགས་དང་ལྔའི་ཁར། ཀུན་འདུས་ཀྱི་རིགས་དང་དྲུག ཡེ་ཤེས་ལ་ཆོས་དབྱིངས། མེ་ལོང་། མཉམ་ཉིད། སོར་རྟོག བྱ་གྲུབ་ཡེ་ཤེས་དང་ལྔའི་སྟེང་དུ། །མི་གནས་པའི་ཡེ་ཤེས་དང་དྲུག སྐུ་ནི་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་སྐུ། མངོན་པར་བྱང་ཆུབ་ཀྱི་སྐུ་དང་ལྔའི་ཁར། ཀུན་ཁྱབ་ཀྱི་སྐུ་འམ། ཁྱབ་བདག་གི་སྐུ་ཞེས་བྱ་བ་དང་དྲུག་གི་ངེས་པ་དང་སྦྱར་བས་ན་དྲུག་པ་ཅེས་བྱ་བའོ། །རྡོ་རྗེ་ཞེས་པ་ལ་དཔེ་དོན་རྟགས་སུམ་ལས། དཔེ་རྡོ་རྗེ་ནི་ཕ་ལམ་སྟེ། ཚུར་རྩིས་ཀྱང་མི་ཆོད་མི་ཤིག་ཅིང་ཕར་གང་ལ་ཡང་ཐོགས་པ་མེད་པ་ནི། ཐུགས་རྗེའི་ནུས་པ་དེ་ལྟ་བུ་མཚོན་ལ། དོན་རྡོ་རྗེ་ནི་ཆོས་ཉིད་འགྱུར་བ་མེད་པ་དང་། རྟགས་ཀྱི་རྡོ་རྗེ་ནི་རྩེ་གཅིག་པ་གསུམ་པ་ལྔ་པ་དགུ་པ་


TR005_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ནས་བརྒྱ་སྟོང་གི་བར་གྱི་མཚན་ཉིད་ལྡན་པའི་ཕྱག་མཚན་ཏེ། དེ་ལྟ་བུ་དཔེ་དོན་རྟགས་སུམ་གྱི་ཡོན་ཏན་མངའ་བའམ། དེའི་དོན་དང་མི་འབྲལ་བའི་ཕྱིར། འཆང་བའམ་འཛིན་པའི་སྐད་དོད་རྡ་ར་ཞེས་འབྱུང་བས་ན། བཛྲ་དྷ་ར། རྡོ་རྗེ་འཆང་ཞེས་མཚན་དུ་བརྗོད་པའོ། །མདོར་ན་དེ་ལྟར་རིགས་ཐམས་ཅད་ཀྱི་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ལ་མཚན་གྱི་རྣམ་གྲངས་སུ། ཆོས་ཀྱི་སྐུའི་གནས་སྐབས་སུ་ནི་ཀུན་ཏུ་བཟང་པོ་ཅེས་བྱ་ལ། མཚན་དཔེ་གཟུགས་སྐུའི་སྣང་བ་བསྟན་ཚེ་རྡོ་རྗེ་འཆང་ངམ་རིགས་ལྔའི་སངས་རྒྱས་དང་། འགྲོ་འདུལ་སྤྲུལ་པ་སྐུར་བསྟན་པའི་དུས་ན་ནི་ཤཱཀྱའི་དབང་པོ་སོགས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། གསང་སྔགས་རྒྱུད་སྡེའི་དཀྱིལ་འཁོར་དུ་སྤྲུལ་བའི་སྐབས་སུ་ནི། འཁོར་ལོ་བསྡོམ་པ། དགྱེས་པ་རྡོ་རྗེ་གསང་བ་འདུས་པ། དུས་ཀྱི་འཁོར་ལོ་སོགས་


TR005_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་དང་རྣམ་འགྱུར་མཐའ་ཡས་པར་བསྟན་མོད། ཞུ་བ་པོའི་སྡུད་པ་པོའི་རྣམ་པར་དགོས་ཆེད་ཀྱི་དབང་གིས་སྤྲུལ་པར་མཛད་པའི་ཚེ་ནི། རྡོ་རྗེ་སེམས་དཔའ། རྡོ་རྗེ་སྙིང་པོ། རྡོ་རྗེ་ཆོས། ལག་ན་རྡོ་རྗེ་ལ་སོགས་པ་མཚན་གྱི་རྣམ་གྲངས་དུ་མར་སྤྲུལ་པ་དང་། གཞན་ཡང་གདུལ་བྱའི་ཁམས་དབང་བསམ་པ་བློ་རྒྱུད་སྐལ་སྣོད་སྣ་ཚོགས་པ་སོ་སོ་ལ་གང་འདུལ་གྱི་གཟུགས་དང་མཚན་དང་འདུལ་ཐབས་ཀྱི་བཀོད་པ་བསམ་གྱིས་མི་ཁྱབ་པ་སྟོན་པར་མཛད་པ་ཡིན་ཕྱིར། འོ་སྐོལ་བག་ཆག་ཐུག་པོའི་སྒྲིབ་གཡོག་ཅན་དག་ལ་ནི། ཀུན་བཟང་ངམ་རྡོར་འཆང་། ཤཱཀྱ་ཐུབ་ཅེས་པ་ལ་སོགས་དེ་དག་གང་ཞིག་ཡིན་སྙམ་ན། རང་ཉིད་ལ་བྱང་ཆུབ་ཀྱི་ལམ་སྟོན་པའི་བླ་མ་དེ་ཉིད་ཁོ་ན་ཡིན་པར་ཤེས་དགོས་པ་དང་། དེ་ཉིད་ཀྱང་མཚོན་བྱེད་དཔེའི་བླ་མའམ། རྐྱེན་གྱི་བླ་མ་ཡིན་མོད་ཀྱི། རྒྱུའམ་ངོ་བོ་


TR005_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་ནི་ད་ལྟའི་ཐ་མལ་གྱི་ཤེས་རིག་རྗེན་པ་བཟང་ངན་གྱི་བཅོས་སླད་མ་ཕོག་པ་འདི་ཉིད་མཚོན་བྱ་དོན་གྱི་བླ་མ་ཀུན་བཟང་རྡོ་རྗེ་འཆང་དངོས་གཞི་ཡིན་པ་དང་། ཡིན་ཀྱང་རང་ངོ་མ་ཤེས་པས་འཁྲུལ་བའི་གཞི་མེད་བཞིན་པར་འཁྲུལ་པའི་རྫུན་སྣང་ལ་སྤྱོད་པ་འདིས་གོ་ཆོད་པ་མ་གཏོགས། ཆོས་ཀྱི་སྐུ་དང་ཡེ་ནས་སྐད་ཅིག་ཀྱང་འབྲལ་མ་མྱོང་བ་ཡིན་ནོ། །ཚུལ་འདི་ལ་དགོངས་ནས་རྒྱལ་བ་ཡང་དགོན་པས། གསང་སྔགས་རང་གཞུང་རྡོ་རྗེའི་ཚིག་བདུན་ལས་ཀྱང་། ཆོས་ཐམས་ཅད་སྐུ་གསུང་ཐུགས་རྡོ་རྗེ་བདག་ཉིད་དུ་དབྱེར་མེད་ཅིང་འགྱུར་བ་མེད་པས་ན་རྡོ་རྗེ། དེ་ཇི་ལྟ་བར་རྟོགས་ཤིང་མངོན་དུ་གྱུར་པས་གཞི་ལམ་གྱི་ཉེས་སྒྲིབ་ཟད་དེ་ཡེ་ཤེས་ཆེན་པོའི་དངོས་གཞི་ལས་མི་འདའ་ཞིང་མི་འབྲལ་བ་ནི་འཛིན་པའམ་འཆང་


TR005_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྟེ། རྡོ་རྗེ་འཛིན་པའི་གོ་འཕང་ཞེས་བྱའོ། །ཞེས་གསུངས་པ་ལྟར་རོ། །དེའི་ཞིང་ཁམས་ཀྱང་དྲང་དོན་གྱི་སྐབས་སུ་ནི། འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ཞེས་བྱ་བ་previous hit གཙང next hit་རིས་ཀྱི་འོག་མིན་ནས་སྟེང་དུ་དཔག་ཚད་གྲངས་མེད་འདས་པའི་གོང་དུ་ཚུལ་གྱི་བཀོད་པ་དང་ཡོན་ཏན་སོགས་རྒྱ་ཆེར་གསུངས་མེད་ཀྱང་། ངེས་པའི་དོན་དུ་ནི་རང་རིག་པའི་ཡེ་ཤེས་རང་ངོ་ཤེས་པའི་ངོ་བོ་ནི་ཆོས་སྐུ་ཀུན་བཟང་རྡོ་རྗེ་འཆང་ཡིན་ལ། དེའི་རང་སྣང་ཡེ་ཤེས་ཀྱི་སྤྱོད་ཡུལ་ཐམས་ཅད་འོག་མིན་ཆོས་དབྱིངས་ཀྱི་ཕོ་བྲང་ཡིན་པས། དེའི་གནད་ཀྱིས་ད་ལྟ་ལམ་ཉམས་ལེན་གྱི་རིགས་ཐམས་ཅད་ལ་ཡང་འདིའི་གནད་དོན་ལ་གོམས་སུ་འཇུག་པ་ཡིན་ཏེ། དེ་ཡང་བསྐྱེད་རིམ་བསྒོམ་ན་ནི་སྣོད་གཞལ་ཡས་ཁང་དང་བཅུད་ལྷ་རུ་མོས་པ་དང་། ཞིང་སྦྱོང་བསྒོམ་ན་ཡང་རང་ཉིད་ཁང་ཁྱིམ་གནས་ཡུལ་ནས་


TR005_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་སྟེ་འཇིག་རྟེན་ཐམས་ཅད་དག་པའི་ཞིང་ཁམས་སུ་བསྒོམ་པ། རྨི་ལམ་སྦྱོང་ན་མགྲིན་པའི་རྩ་འཁོར་དང་། ཡིག་འབྲུ་རྣམས་ཞིང་ཁམས་སུ་བསྒོམ་ཚུལ་དང་། འོད་གསལ་སྦྱོང་ན་ཡང་སྙིང་གར་དེ་ནི་དང་། བར་དོ་སྦྱོང་ན་མཐོང་སྣང་གི་འཁྲུལ་ཡུལ་གང་བྱུང་ཐམས་ཅད་ཞིང་ཁམས་དག་སྣང་འབའ་ཞིག་ཏུ་བསྒོམ་ཐབས་སོགས། མདོར་ན་མ་དག་འཁྲུལ་པའི་ལས་སྣང་འདི་དག་པ་ཡེ་ཤེས་ཀྱི་སྣང་བར་བསྒྱུར་ཐབས་ཁོ་ན་ཡིན་ནོ། དེ་དག་ཀྱང་མ་ཡིན་པ་ལ་ཡིན་པར་བསྒོམས་པའི་ལོག་ཤེས་ནི་མ་ཡིན་ཏེ། ཡིན་པ་ལ་ཡིན་པར་མ་ཤེས་པའི་ལོག་འཁྲུལ་གྱི་བག་ཆགས་འདི་སྦྱོང་ཐབས་ལགས། སྤྱིར་ཡང་། འོ་སྐོལ་མི་འཇེད་ཀྱི་ཞིང་འདི་ནི་སྤྲུལ་པ་སྐུའི་ཞིང་ཁམས་ཚངས་ཆེན་གྱི་ནང་ཚན་ཡིན་པ་དང་། ཚངས་ཆེན་སྤྲུལ་སྐུའི་


TR005_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཐམས་ཅད་ནི་ལོངས་སྐུའི་ཞིང་ཚངས་པ་རྔ་སྒྲའི་ནང་ཚན་ཁོལ་བུ་ཡིན་ལ། ལོངས་སྐུའི་ཞིང་ཁམས་དེ་མཐའ་དག་ནི་ཆོས་ཀྱི་སྐུའི་ཞིང་ཁམས་འོད་གསལ་རྡོ་རྗེ་སྙིང་པོའི་ནང་ཚན་གྱི་བྱེ་བྲག་པ་ཡིན་པ་སྟེ། ཆོས་སྐུའི་ཞིང་དེའི་ཁོངས་སུ་མ་ཆུད་པ་ནི་བརྟན་གཡོ་འཁོར་འདས་གང་ཡང་ཡོད་པ་མ་ཡིན་པ་དང་། དེ་ལྟར་སྣོད་བཅུད་ཐམས་ཅད་ཀུན་ཏུ་བཟང་པོའི་རོལ་པར་མ་གྱུར་པ་ནི་རྡུལ་ཙམ་མ་མཆིས་པས་ན། སེམས་ཅན་ཐམས་ཅད་སངས་རྒྱས་ཉིད། །འོན་ཀྱང་བློ་བུར་དྲི་མས་སྒྲིབས། །ཅེས་སོགས་ཀྱི་ལུང་དང་། འཆད་པ་པོ་ང་ཆོས་ཀྱང་ང་། །སོགས་དང་། འཇིག་རྟེན་འཇིག་རྟེན་འདས་པ་ང་། །ཞེས་སོགས་ཀྱི་ལུང་དོན་ཐམས་ཅད་འདིར་འབབ་བོ།། ༈ །།འོན་ཏེ། དེ་ལྟར་ཡིན་ཀྱང་གནས་སྐབས་སུ་འགྲོ་བ་སོ་སོའི་བག་ཆགས་བཟང་ངན་གྱི་སྣང་བ་དབང་བ་བཙན་ཕྱིར། ཞིང་ཁམས་ལ་ལ་ན་བདེ་


TR005_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་སྐྱིད་པར་སྣང་བ་དང་། ཚེ་ལོ་ཡར་འཕེལ་དང་། འཁོར་ལོ་བསྒྱུར་རྒྱལ་དང་སངས་རྒྱས་བྱོན་པ་དང་། མཐོ་རིས་དང་ཐར་པའི་གོ་འཕངས་ལ་སྤྱོད་པར་སྣང་བ་དང་། ཞིང་ཁམས་ལ་ལར་རྒྱལ་བ་མྱ་ངན་ལས་འདའ་བ་དང་། བསྟན་པ་ནུབ་པ་དང་། རྒྱལ་པོ་དང་དགེ་སྦྱོང་ཆོས་བཞིན་མི་སྤྱོད་པ་དང་། བསྐལ་པ་མར་འགྲིབ་དང་། ནད་མུག་མཚོན་གྱི་བསྐལ་པས། སྐྱེ་འགྲོ་རྣམས་མྱ་ངན་དང་སྡུག་བསྔལ་གྱི་ཉམས་ཉེས་པར་གྱུར་བ་སོགས་སྣ་ཚོགས་པར་སྣང་ཞིང་། དེ་ཐམས་ཅད་ཀྱང་སོ་སོའི་རང་སྣང་ཡིན་པའི་གནད་ཀྱིས་ཞིང་ཁམས་གཅིག་ལ་ཡང་མཐོང་ལུགས་མི་འདྲ་བ་ཡོད་དེ། དཔེར་ན། མདོ་ལས་བྱང་ཆུབ་སེམས་དཔའ་ཚངས་པ་རལ་པ་ཅན་གྱིས་ཤཱ་རིའི་བུ་ལ། གནས་བརྟན་ཁྱོད་ཀྱིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞིང་འདིའི་མཚན་ཉིད་ཇི་ལྟ་བུར་མཐོང་ཞེས་


TR005_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

དྲིས་པས། ཤཱ་རིའི་བུས་བདག་གིས་ནི་ཤཱཀྱའི་ཞིང་ངམ་གྲོག་དང་གཅོང་རོང་དང་གཡང་ས་དང་ཚེར་མས་གང་ཞིང་མི་བདེ་བའི་རང་བཞིན་དུ་མཐོང་ངོ་། །ཞེས་སྨྲས་པས། དེ་ན་རེ། དེ་ལྟ་བུར་མཐོང་བ་དེ་ནི་མ་བཟང་སྟེ། གནས་བརྟན་ཁྱོད་ཀྱི་རྒྱུད་ལ་མཚན་འཛིན་གྱི་ངམ་གྲོག་དང་། མ་རིག་པའི་གཅོང་རོང་དང་། བདག་ཏུ་ལྟ་བའི་གཡང་ས་དང་། ཉོན་མོངས་པའི་ཚེར་མ་སོགས་ཀྱིས་གང་བའི་མཐུ་ཡིན་གྱི། བདག་གིས་ནི་ཞིང་འདི་རིན་ཆེན་སྣ་ཚོགས་ལས་གྲུབ་ཅིང་ཁོད་སྙོམས་ལག་མཐིལ་ལྟར་འཇམ་པ་ལ་སོགས་ཡོན་ཏན་གྱི་བཀོད་པ་ཚད་མེད་པས་བརྒྱན་པར་མཐོང་ལགས་སོ། །ཞེས་སོགས་སྨྲས་པའི་ལོ་རྒྱུས་ལྟ་བུ་སྟེ། མདོར་ན་ཆོས་ཉིད་ཀུན་ཏུ་བཟང་པོའི་ཐུགས་ཡེ་ཤེས་མཉམ་པ་ཆེན་པོས་སྲིད་ཞི་འཁོར་འདས་མཐའ་དག་ལ་ཁྱབ་ནི་ཁྱབ། ཁྱབ་ཀྱང་སེམས་ཅན་རྣམས་རང་གིས་རང་


TR005_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབས་པ་ལྟ་བུས་རང་ངོ་མ་ཤེས་པར་ཁམས་གསུམ་འཁོར་བ་མཐའ་མེད་ཀྱི་འཁྲུལ་འཁོར་ལ་སྤྱོད། སྤྱོད་ཀྱང་ཆོས་སྐུ་གཞི་གནས་ཀྱི་ཡེ་ཤེས་ལ་འཕོ་འགྱུར་བྲི་གང་དུ་གྱུར་བ་ནི་ནམ་ཡང་མ་མཆིས་ཏེ། གང་ཞིག་དམྱལ་བ་མནར་མེད་པའི་སྡུག་བསྔལ་ཉམས་སུ་མྱོང་བདོ་བའི་ཤེས་ངོར་ཡང་བདེར་གཤེགས་སྙིང་པོའི་ཡེ་ཤེས་གྲྭ་མ་ཉམས་པར་ལམ་མེ་ཡོད་ཀྱང་། གནས་སྐབས་སུ་མི་དགེ་བ་སྤྱད་པའི་རྒྱུ་འབྲས་རྟེན་འབྲེལ་གྱི་རང་གཟུགས་སྡུག་བསྔལ་གྱི་ཚེར་སྣང་ཤར་བ་ཙམ་ཡིན་གྱིས། དོན་དུ་ཆོས་ཀྱི་སྐུ་ལས་གཞན་དུ་གཡོས་པ་ནི་སྤུ་ཙམ་མ་དམིགས་སོ། །དེས་ན་རང་ཉིད་མ་རིག་པའི་སྒྲིབ་གཡོགས་འཐུག་པོའི་དུས་སུ་ནི་མ་དག་འཁོར་བའི་ལས་སྣང་འབའ་ཤིག་ལས་གཞན་མི་སྣང་ལ། གདམ་ངག་ཉམས་ལེན་གྱི་མཐུ་སོགས་ལས་རིམ་གྱི་


TR005_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་པ་ཇེ་སྲབ་ཏུ་གྱུར་པ་ན་ཡེ་ཤེས་ཀྱི་སྣང་བ་ཡང་ཇེ་གསལ་དང་། མཐར། སྒྲིབ་བྱེད་གཏན་ཟད་དུ་གྱུར་ཚེ་སྐུ་དང་ཡེ་ཤེས་དང་། ཞིང་ཁམས་ཀྱི་ཡོན་ཏན་ཐམས་ཅད་རང་ལ་རྫོགས་པ་དེ་ལ་སངས་རྒྱས་པ་ཅེས་པ་ཐ་སྙད་དུ་བརྗོད་པ་ཙམ་ལས། ཞིང་ཁམས་ཡིན་ཞེས་པའི་ཡུལ་ཐག་རིང་གཞན་ཞིག་ཏུ་འགྲོ་དགོས་པ་ལྟ་བུ་ནི་མ་ཡིན་ནོ། །འདི་དག་གི་སྐབས་སུ་གསང་སྔགས་གསར་མའི་ལུགས་ལ་ཆོས་སྐུ་རྡོ་རྗེ་འཆང་ཞེས་པ་ཁོ་ན་འབྱུང་ན། འདིར་ལོངས་སྐུའི་ཚུལ་དུ་བཤད་པ་མི་འཐད་དམ་སྙམ་ན། སྤྱིར་ནི་སྐུ་གསུམ་ངོ་བོ་ལ་ཐ་དད་མ་མཆིས་པ་དང་། ཁྱད་པར་འདི་སྐབས་རྣམས་སུ་ངོ་བོ་ཀུན་ཏུ་བཟང་པོ་སྲིད་ཞི་འཁོར་འདས་ཀུན་ལ་ཁྱབ་པ་དེ་ཉིད་གསང་མཆོག་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཕྱིར། རང་གདངས་འགག་མེད་ལོངས་སྤྱོད་རྫོགས་པ་མཚན་དཔེའི་


TR005_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

སྐུར་བསྟན་ནས་ཡེ་ཤེས་རང་སྣང་གི་འཁོར་དང་ཞིང་ཁམས་སོགས་ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་དཀྱིལ་འཁོར་དུ་རང་ཤར་བ་ཉིད་ངོ་བོ་ཆོས་སྐུ་ལས་གཞན་དུ་མ་གཡོས་ཕྱིར། གསར་རྙིང་གཉིས་ཀྱི་དགོངས་བཞེད་འགའ་བ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ཡེ་ཐོག་དང་པོར་དཔལ་ཀུན་ཏུ་བཟང་པོ་གཞི་ཐོག་ཏུ་བྱང་ཆུབ་ནས། རྩོལ་མེད་ཨ་ཏིའི་ཐེག་པ་རྒྱུད་སྡེ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ལ་སོགས་པ་རྣམས་ནི་རང་མདངས་རིག་པའི་འཁོར་ཡེ་ཤེས་རྒྱ་མཚོའི་ཚོགས་ལ་བརྗོད་བྲལ་དགོངས་པའི་བྱིན་རླབས་ཀྱིས་བསྟན་པ་ལས། སླད་དུ་དཔལ་རྡོ་རྗེ་སེམས་དཔའ་ཉིད་ཀྱི་སྤྲུལ་པ་དགའ་རབ་རྡོ་རྗེ་སོགས་རིགས་འཛིན་གྱི་ཚོགས་ལ་བསྟན་ནས་མི་ཡུལ་དུ་རིམ་གྱིས་དར་ཚུལ་སོགས་ནི་རྙིང་མའི་རྒྱུད་ཀྱི་བྱུང་ཁུངས་ཡིན་ལ་


TR005_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

སླར་ཀུན་བཟང་ཉིད་རྡོ་རྗེ་འཆང་དུ་བཞེངས་ཏེ་ས་བཅུའི་བྱང་སེམས་དང་། ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་ལ་སོགས་དག་པའི་འཁོར་ཚོགས་རྒྱ་མཚོ་ལ་རྒྱུད་སྡེ་རབ་འབྱམས་ཀྱི་ཆོས་འཁོར་དུས་གསུམ་རྒྱུན་ཆད་མེད་པར་བསྐོར་བ་དག་ཡེ་ཤེས་མཁའ་འགྲོ་རྣམས་ཀྱིས་མི་ཡུལ་དུ་གྲུབ་པའི་རིགས་འཛིན་རྣམས་ལ་སོ་སོར་བརྒྱུད་པ་ནི་གསར་མའི་རྒྱུད་ཀྱི་བྱུང་ཁུངས་ཏེ། དེས་ན་གསང་སྔགས་གསར་རྙིང་ཞེས་པའི་ཐ་སྙད་དུ་གྲགས་པའི་རྩ་བ་ཡང་འདིར་འདུ་ཤེས་པར་བྱ་ཞིང་། བྱེ་བྲག་ཏུ་ནི་རྒྱུད་སྡེ་སོ་སོ་ལ་རང་རང་གི་གླེང་གཞི་ལས་འབྱུང་བ་བཞིན་སྟོན་འཁོར་སྤྲུལ་ཚུལ་མི་འདྲ་བ་ནི་མཐའ་ཡས་པར་བྱུང་བ་དག་གང་འདུལ་ཐུགས་རྗེའི་རོལ་གར་ལགས། དེ་ལྟར་སྐུ་ཉིད་ཀྱིས་དྲུག་པ་རྡོ་རྗེ་འཆང་གི་མཚན་དོན་དྲིས་པ་གཅིག་པུ་ལ་འདི་ཙམ་གྱི་ཁ་ཐག་རིང་བ་བཤད་


TR005_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ག་ལ་དགོས་ཀྱང་། ཕྱི་རབས་ཀྱི་གང་ཟག་རྒྱུད་གཞུང་ཆེ་བའི་རིགས་ལ་ལྟ་རྟོགས་མི་ནུས་པར་རེ་ཤིག་ཙམ་ལ་ཅུང་ཟད་ཕན་ནམ་བསམ་སྟེ་བྲིས་པ་ལགས་ནའང་། སྤྱིར་ནི་རང་ཉིད་ཐོས་བསམ་གྱི་དབེན་པའི་སྐྱོན་དང་། དགོས་ལམ་དུ། འཆད་ཚུལ་འདི་དག་ཕལ་ཆེར་རྙིང་མ་ལུགས་ཀྱི་སྒྲོས་ཤས་ཆེ་བའི་གཤིས་ཀྱིས། ཆོས་རྒྱུད་མི་གཅིག་པ་གཞན་མའི་ཐུགས་ལ་འབབ་པར་མ་གྱུར་ནའང་བཟོད་པར་མཛད་དུ་གསོལ། ཡང་ཉིད་ཀྱིས། སྐྱེད་རིམ་གྱི་རྣམ་པ་ཐམས་ཅད་དུ། དམ་ཡེ་གཉིས་ལ་བཟང་ངན་མེད་བཞིན་དུ་ངེས་པར་བསྲེ་དགོས་པའི་རྒྱུ་མཚན་གང་ཡིན་པ་དང་། དེ་ལ་ཡང་དབང་བསྐུར་རྒྱས་གདབ་རིགས་བདག་དང་བཅས་པ་ངེས་པ་ངེས་པར་དགོས་པ་འདི། གང་ཞིག་སྐྱེ་བོ་ཕལ་པའི་སློབ་མ་གསར་བུ་བ་ལྟ་བུ་དག་ལ་


TR005_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

གཤིས་རྒྱུད་མ་སྨིན་པ་སྨིན་པར་བྱ་བའི་ཐབས་སུ་དབང་བསྐུར་བར་གསུངས་པ་ཡིན་ན། འདིར་བསྐྱེད་བྱའི་བླ་མ་ཡི་དམ་ཆོས་སྐྱོངས་རྣམས་དབྱེར་མེད་ཀྱི་ངོ་བོ་ལ་གཤིས་རྒྱུད་སྨིན་མ་སྨིན་གྱི་བརྗོད་དོན་ནི་མ་མཆིས་ཚེ། འདི་དག་གི་དགོས་དོན་ཇི་ལྟ་བུ་ཡིན་ཞེས། ཕྱི་རབས་བདག་ལ་དགོངས་ནས་དྲི་བར་མཛད་པའི་ཆ་ལ། སྤྱིར་སྐྱེད་རིམ་ཐམས་ཅད་ལ་སྦྱང་གཞི། སྦྱང་བྱ། སྦྱོང་བྱེད། སྦྱངས་འབྲས་དང་བཞིས་ཁོག་མ་ཕུབས་ན་སྐྱེད་རིམ་ཚད་ལྡན་དུ་མི་འགྱུར་ཕྱིར། དེས་ན། སྦྱང་གཞི་ནི་སྣོད་བཅུད་ཐམས་ཅད་གདོད་ནས་དཀྱིལ་འཁོར་དང་ལྷ་རུ་ལྷུན་གྱིས་གྲུབ་ནས་གནས་པ། སྦྱང་བྱ་ནི་དེ་ལྟ་བུ་ཡིན་ལ་ཡིན་པར་མ་ཤེས་པས་སྣོད་བཅུད་ཐ་མལ་དུ་འཛིན་པའི་འཁྲུལ་རྟོགས། སྦྱོང་བྱེད་ནི་སྨིན་བྱེད་ཀྱི་དབང་གིས་སྐབས་སུ་གནས་ལུགས་ཡིན་ཚུལ་ཐམས་ཅད་རང་ལ་


TR005_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

རང་ངོ་སྤྲད། ངོ་འཕྲོད་པར་བྱིན་གྱིས་བརླབས་ངོ་ཤེས་པའི་དོན་ལས་མི་འགྱུར་བར་རྒྱས་གདབ། ཕྱིན་ཆད་དེ་ལས་མི་འདའ་བའི་དམ་ཚིག་ཕོགས་པའི་མཐུས། གྲོལ་བྱེད་ལམ་གྱི་སྐབས་འདིར་ལུས་ངག་ཡིད་གསུམ་རྒྱལ་བའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ངོ་བོར་ལམ་དུ་འཁྱེར་བ་ཡིན་ལ། སྦྱངས་འབྲས་ནི་ཉམས་ལེན་དེ་ཉིད་མངོན་དུ་གྱུར་པས་སྒོ་གསུམ་གྱི་རང་བཞིན་མི་ཟད་རྒྱན་གྱི་འཁོར་ལོར་སྨིན་གྲོལ་མཐར་ཕྱིན་ནས་སྐུ་གསུམ་གྱི་ཡོན་ཏན་ལ་སྤྱོད་པའོ། །བྱེ་བྲག་ཏུ། སྔགས་ཀྱི་རྒྱུད་སྡེའི་རིམ་པ་ཐ་དད་ལ་དམ་ཚིག་ཡེ་ཤེས་བསྐྱེད་ཚུལ་ཡང་ཐ་དད་སྟེ། བྱ་རྒྱུད་བདག་དམ་ཚིག་པ་འབངས་དང་ལྷ་ཡེ་ཤེས་པ་རྗེའི་ཚུལ་དུ། མདུན་གྱི་ནམ་མཁའ་སོགས་སུ་སྤྱན་དྲངས་ནས་མཆོད་བསྟོད་སོགས་


TR005_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་རྗེ་ལ་འབངས་ཀྱི་ཞུ་བ་གསོལ་བ་བཞིན་བྱེད་པའི་ཚུལ་དང་། སྤྱོད་རྒྱུད་དུ་དམ་ཡེ་གཉིས་པོ་འདྲ་མཉམ་དུས་ན་ནམ། གྲོགས་པོའི་ཚུལ་དུ་བསྒྲུབ་པ་དང་། རྣལ་འབྱོར་གྱི་རྒྱུད་དུ་བདག་དམ་ཚིག་པ་མངོན་བྱང་ལྔ་ལ་སོགས་པའི་སྒོ་ནས་བསྐྱེད་པ་ལ། ལྷ་ཡེ་ཤེས་སེམས་དཔའ་འོག་མིན་ནས་སྤྱན་དྲངས་ཤིང་ཕྱག་རྒྱ་ཚད་མེད་བཞི་ལྡན་གྱིས་དགུག །འཆིང་། བསྡོམ། དགྱེས་པར་བྱ་བ་དང་བཅས་པས་བསྟིམ་ཞིང་བསྲེ་ཚུལ་སོགས་ནི་གསང་སྔགས་སྤྱིའི་དགོངས་པ་ཉིད་ཡིན་མོད་ལ། དེ་ལས་ཁྱད་པར་དུ་གྱུར་པ་གསང་སྔགས་ནང་པ་བླ་མེད་ཀྱི་རྒྱུད་སྡེ་རྣམས་ལས་འགའ་ཞིག་ནི་དགོས་པ་སྐབས་དོན་གྱི་དབང་གིས་གོང་མ་དེ་དག་གིས་ལུགས་ལྟར་བྱ་བ་ཡང་འབྱུང་མོད་ཀྱི། གཞན་དུ་ན། སྣོད་བཅུད་ཡེ་ནས་རྒྱལ་བའི་དཀྱིལ་འཁོར་དུ་གདོད་ནས་ལྷུན་


TR005_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གྲུབ་པར་ནི་བླ་མེད་སྤྱི་མཐུན་གྱི་དགོངས་པ་དང་། བྱེ་བྲག་ཏུ་ཕུང་པོ་ཁམས། སྐྱེ་མཆེད་རྩ་རླུང་ཁམས་སོ་སོའི་སྦྱང་གཞི་སྦྱོང་བྱེད་དམ། དག་རྒྱུ་དག་བྱེད་དག་འབྲས་སོགས་ཀྱི་སྦྱར་བཤད་མི་འདྲ་བ་ནི་རྒྱུད་སྡེ་ཐ་དད་ཀྱི་སྐབས་དོན་ཡིན་མོད་ནའང་། འདི་སྐབས་དོན་གྱི་སྙིང་པོ་ཧྲིལ་གྱི་དྲིལ་བ་ལ་ནི། བདག་གཞན་སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་སྒོ་གསུམ་གྱིས་བསྡུས་པའི་དངོས་པོ་རྣམས་རང་ངོ་ཤེས་མ་ཤེས་ཇི་ལྟ་བུའི་ཚེ་ཡང་ཡེ་གདོད་མ་ཉིད་ནས་རྒྱལ་བའི་སྐུ་གསུང་ཐུགས་ལས་ནམ་ཡང་འདའ་བ་མེད་པས་དམ་ཚིག དེ་ལྟར་ཡིན་ཚུལ་ངོ་ཤེས་པ་ནི་སེམས་དཔའ་སྟེ། དམ་ཚིག་སེམས་དཔའ་ཞེས་པའི་མིང་དོན་ནི་དེར་འདུ་བ་དང་། དེ་ལྟར་གཟོད་ནས་ལྷུན་གྱིས་གྲུབ་པ་དེ་ཁོ་ན་ཉིད་ཀྱང་དོན་དམ་པར་ཡོད་མེད་


TR005_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ཆད་འགྲོ་འོངས་དངོས་དང་དངོས་མིན་སོགས་མཐའ་གང་དུ་མ་ལྷུང་། ཕྱོགས་རིས་གང་དུ་ཡང་མ་ཉེ། མཚན་མར་གང་དུའང་མ་གྲུབ་པའི་ཆོས་སྐུ་ཁྱབ་གདལ་གྱི་དགོངས་པའི་ངོ་བོ་ཡིན་པས་ན་ཡེ་ཤེས། དེའི་རང་བཞིན་ཇི་ལྟ་བར་རྟོགས་པ་ནི་སེམས་དཔའ་ཞེས་བྱ་སྟེ། དེའི་ཕྱིར་དམ་ཡེ་གཉིས་པོ་ཡང་ཚིག་ལ་ཐ་དད་ཀྱང་དོན་ལ་དབྱེར་མེད་འདུ་འབྲལ་མེད་པའི་ཚུལ་ནི་བླ་མེད་ངེས་གསང་སྙིང་པོའི་རྒྱུད་སྡེ་ཀུན་དགོངས་པའི་ཞེ་ཕུགས་གཅིག་ཏུ་གཞོལ་བའི་ཚུལ་འདི་ནི། བབས་ཀྱི་འཕྲོས་ཞུས་སུ་ཕུལ་བ་ལགས་ཤིང་། དེ་ལྟར་ཡིན་བཞིན་དུ་དམ་ཚིག་པ་བསྐྱེད་ཅིང་ཡེ་ཤེས་པ་དབྱིངས་ནས་སྤྱན་དྲངས་བ་དང་བསྟིམ་དང་བསྲེ་བའི་སྤྲོས་པ་འདིས་ཅི་བྱ་སྙམ་ན། འདིའི་དགོས་པ་ནི། སྔགས་ལམ་ལ་ཞུགས་པའི་གང་ཟག་ལས་དང་པོ་པ་རྣམས་ལ་གདོད་མའི་ཡིན་


TR005_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ཇི་ལྟ་བ་ངོ་སྤྲད་ཀྱང་ལ་ལས་ནི་ངོ་མ་འཕྲོད། ལ་ལ་དག་ངོ་སྤྲད་པའི་མཐུས་དོན་སྤྱིའི་གོ་ཡུལ་ཙམ་བློ་མ་ཤར་ཡང་ཐོག་མེད་ཀྱི་བག་ཆགས་ཚན་ཆེས་བའི་དབང་གིས་ཡིན་ཚུལ་ངག་ནས་བརྗོད་རུང་ལ། སྣང་ཚུལ་ལམ་མཐོང་ཚུལ་ལོག་འཁྲུལ་འབའ་ཤིག་ལ་ཞེན་པ་ཨ་འཐས་ཀྱིས་དུས་འདའ་བས་ན། དེ་ལས་བཟློག་པའི་ཕྱིར་སྐུ་མདོག་ཕྱག་ཚན་རྒྱན་ཆས་སོགས་ཀྱི་རྣམ་པ་གསལ་བ། རྟགས་དང་དོན་གྱི་ཡིན་ལུགས་ཇི་ལྟ་བའི་རྣམ་བཞག་དྲན་པ། གསལ་རུང་མི་གསལ་རུང་ཐེ་ཚོམ་གྱི་ཁུ་འཁྲིག་མེད་པར་ལྷའི་ངོ་བོར་ང་རྒྱལ་བརྟན་པ་སྟེ། དེ་ལྟར་སྐྱེད་རིམ་གྱི་གཞུང་ཤིང་གསུམ་ལྡན་གྱི་སྒོ་ནས་དམ་ཚིག་པ་བསྐྱེད་པ་ནི་སྒོ་གསུམ་ཐ་མལ་ཨ་འཐས་ཀྱི་ཞེན་པ་ཞི་བར་བྱེད་པའི་ཐབས་ཀྱི་ཟབ་གནད་ཡིན་


TR005_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ལ། བསྐྱེད་ཐབས་ཀྱི་རིམ་པ་བྱང་ཆུབ་ལྔ། ཆོ་ག་གསུམ། རྡོ་རྗེ་བཞི། སྐད་ཅིག་དྲན་རྫོགས་སོགས་ཀྱི་བྱ་ཚུལ་དང་། སྐྱེ་གནས་བཞིའི་བག་ཆགས་སྦྱོང་ཚུལ་སོགས་ནི་གཞུང་མན་ངག་སོ་སོའི་སྐབས་ནས་བྱུང་ཕྱིར་འདིར་ཡི་གེ་མང་པོས་དགོས་པ་མི་འབྱུང་ཕྱིར་མ་བརྗོད་ལགས།། ༈ །།གནས་གསུམ་བྱིན་རླབས་ཀྱི་དགོས་ཆེད་ནི། རྒྱལ་བའི་སྐུ་གསུང་ཐུགས་སུ་ཡེ་ནས་ཡིན་པའི་གསལ་འདེབས་བརྗེད་ཐོ་ལྟ་བུ་ཡིན་པར་གསུངས་སོ། །དེ་ནས་གནས་གསུམ་འབྲུ་གསུམ་གྱི་འོད་ཟེར་སྤྲོ་བསྡུའི་ཏིང་འཛིན་རྩལ་སྦྱོང་གི་མཐུ་ལས་རང་འདྲའི་ཡེ་ཤེས་པ་སྤྱན་དྲངས་བ་དང་བསྟིམ་པ་དང་གཉིས་མེད་དུ་འདྲེས་པའི་མོས་པ་ལམ་བྱེད་ཀྱི་དགོས་པ་ནི་ལས་དང་པོ་པ་རྣམས་ཀྱི་དག་སྣང་སྤེལ་བྱེད་དང་། དེ་འཕེལ་བའི་རྐྱེན་གྱིས་མོས་གུས་འབར་ཞིང་། མོས་གུས་


TR005_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྟེན་ནས་བྱིན་རླབས་འབྱུང་བའི་རྟེན་འབྲེལ་གྱི་སྒོ་ཡིན་ནོ། །རང་དང་ཐ་དད་མེད་པའི་ཡེ་ཤེས་ཡིན་ན་ཕྱི་རོལ་ནས་སྤྱན་འདྲེན་རྒྱུ་མེད་བཞིན་དྲངས་པ་དོན་མེད་ཅེ་ན། དོན་ཡོད་དེ། རང་ལས་རང་བྱུང་རང་རིག་གི་དོན་དེ་ནི་ཆོས་སྐུ་ཡིན། ཆོས་སྐུས་ནི་འཁོར་འདས་ཀུན་ལ་ཁྱབ་ཕྱིར་སྤྱན་དྲངས་བའི་ཡུལ་དང་དྲང་རྒྱུ་དྲང་མཁན་སོགས་མཐའ་དག་ཆོས་སྐུ་ཉིད་ཀྱི་རྣམ་རོལ་ལས་ནི་མ་འདས་ཀྱང་། རྩལ་མདངས་སྒྱུ་མའི་རོལ་པ་ཙམ་དུ་ཡེ་ཤེས་བསྟིམ་པའི་རྒྱུ་རྐྱེན་ལས། ཏིང་ངེ་འཛིན་གྱི་འཆར་སྒོའི་ཉམས་སྣང་བདེ་གསལ་མི་རྟོགས་སོགས་དང་ལྷན་སྐྱེས་ཀྱི་ཡེ་ཤེས་སོགས་ཅི་རིགས་འཆར་བར་འགྱུར་ཞིང་། དེ་ལ་བརྟེན་ནས་དམ་ཡེ་དབྱེར་མེད་ཀྱི་དོན་དངོས་ལ་གོམས་པ་མཐར་ཕྱིན་པར་བྱེད་པའི་དགོས་པ་ཡོད་པ་སྟེ། དེ་ལྟ་བུའི་


TR005_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་ནི་དེ་ལ་སྨིན་བྱེད་དབང་གི་སྐབས་སུ་ནི་དབང་དོན་གྱི་ཡེ་ཤེས་ཟེར་ལ། འདི་སྐབས་སུ་ནི་དམ་ཚིག་པ་ལ་ཡེ་ཤེས་པ་ཞུགས་པའི་ཐ་སྙད་དུ་བརྗོད་པ་ཡིན་ཏེ། ཞུགས་ཡུལ་དང་ཞུགས་རྒྱུ་གཉིས་སུ་མེད་པའི་ཉམས་མྱོང་གི་བྱེ་བྲག་ལགས། གོང་དུ་སྨོས་པའི་དམ་ཡེ་དབྱེར་དེ་གཟོད་ནས་ཡོངས་གྲུབ་ཡིན་ཚུལ་དེ་ལ་སློབ་དཔོན་རིན་པོ་ཆེ་པདྨས་ཀྱང་གསང་སྔགས་ལམ་རིམ་ཆེན་མོར་འདི་ལྟར་གསུངས་ཏེ། ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་ཡེ་ནས་གནས་ཤིང་དེ་ལས་མི་འདའ་བས་ན་དམ་ཚིག །ལྷར་གསལ་ཞིང་ཐ་མལ་གྱི་ལོག་རྟོག་མེད་པས་ན་སེམས་དཔའ་སྟེ། དམ་ཚིག་སེམས་དཔའི་ངོ་བོ། དེ་ལྟར་གདོད་ནས་གནས་ཤིང་ཡེ་ནས་ཡོད་པ་ནི་ཡེ་ཤེས་གཉིས་འཛིན་གྱི་དྲི་མ་མེད་པ་ནི་སེམས་དཔའ་སྟེ། དམ་ཡེ་དབྱེར་གཉིས་དབྱེར་མེད་དོ། །དེ་ལྟར་ཡིན་ཚུལ་ངོ་ཤེས་ཤིང་གསལ་འདེབས་པ་ལ་རང་བཞིན་གྱི་གནས་


TR005_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྤྱན་འདྲེན་པ་ཅེས་བྱ་བའོ། །ཞེས་གསུངས་ལ། འདི་ཇི་ལྟ་བར་རི་ཆོས་ཡོན་ཏན་ཀུན་འབྱུང་གི་སྐྱེད་རིམ་སྐབས་ནས་བཤད་དོ། །དེ་ནས་འགག་དོན་ལ། བདག་གཞན་སྣང་སྲིད་སྣོད་བཅུད་ཐམས་ཅད་རང་བཞིན་ཆོས་སྐུའི་ངང་དུ། རོ་གཅིག་པའི་ཏིང་ངེ་འཛིན་རྩལ་སྦྱོང་གིས་ཆོས་སྐུ་ལ་ཆོས་སྐུ་བསྟིམ། ཡེ་ཤེས་ལ་ཡེ་ཤེས་གཞུག་ཆོས་ཉིད་རོལ་པ་ཡིན་ཕྱིར། ལས་དང་པའི་དག་སྣང་སྤེལ་བྱེད་དང་། མངོན་དུ་གྱུར་བ་རྣམས་རྩལ་འབྱོངས་བྱེད་ཀྱི་ཏིང་ངེ་འཛིན་སྨད་དུ་བྱུང་བ་ལགས། དེ་ནས་དབང་བསྐུར་རྒྱས་འདབ་ཀྱི་དགོས་དོན་ཡང་། ངོ་བོའི་ཆ་ནས་སྒོ་གསུམ་རྡོ་རྗེ་གསུམ་དུ་ཡེ་གྲུབ་ཆེན་པོ་ལ་ལ་སྨིན་པའི་སྐྱོན་ག་ལ་མཆིས་ཀྱང་། རྣམ་པའི་ཆ་ལ། ཡིན་ལ་ཡིན་པར་མ་ཤེས་པའི་རྟོག་སྒྲིབ་སྦྱང་དགོས་པར་བྱུང་ཚེ་


TR005_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་པ་སྐྱེད། ཡེ་ཤེས་པ་བསྟིམ། གཉིས་མེད་དུ་བསྲེས། དེ་ལས་མི་འདའ་བའི་ཕྱིར་དབང་བསྐུར་ཞིང་རྒྱས་གདབ་པས་འགྱུར་བ་མེད་པར་བྱེད་པ་ཡིན་ལ། དེ་ལ་ཡང་དབང་གི་ལྷ་ནི་རང་གི་ཕུང་པོ་ལྔ་གནས་སུ་དག་པའི་ངོ་བོ་རྒྱལ་བ་རིགས་ལྔ། དབང་གི་ངོ་བོ་ཡང་དུག་ལྔ་མ་སྤངས་གནས་སུ་དག་པ་ཡེ་ཤེས་ལྔའི་ངོ་བོ། བསྐུར་བའི་འབྲས་བུ་ཡང་སྐུ་ལྔ་ལྷུན་གྲུབ་ཀྱི་དོན་ལ་རང་དབང་རང་གིས་ཐོས་པ་ཉིད་ཡིན་ནོ། །རིགས་བདག་གི་རྒྱས་འདེབས་པའི་དགོས་པ་ནི། རང་བྱུང་ཡེ་ཤེས་རང་དབང་བསྒྱུར་བའི་དོན་དེ་ལས། སླར་མི་འདའ་ཞིང་མི་འཁྲུལ་པའི་དཔང་པོའི་ཚུལ་དུ་འབྲལ་མེད་བསྟན་པའི་དོན་ཏེ། རིགས་བདག་དེའི་རང་བཞིན་ནི་རང་རིག་ལ་རང་རིགས་ཀྱིས་རྒྱས་གདབ་པ་དང་། རིགས་མི་མཐུན་ལ་རིགས་མི་མཐུན་གྱི་རྒྱས་གདབ། རྒྱུ་ལ་འབྲས་བུའི་རྒྱས་གདབ་པ། འབྲས་བུ་


TR005_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྒྱུའི་རྒྱས་གདབ་པ་སོགས་ཀྱི་དབྱེ་བ་མཐའ་ཡས་པར་གསུངས་ནའང་། དོན་ལ་རིགས་ལྔའི་སངས་རྒྱས་སུ་མ་འདུས་པ་མེད་པས་ན། ལོངས་སྐུའི་ཆ་ལུགས་རྣམས་ལ་དབུ་རྒྱན་རིགས་ལྔའི་རྣམ་པར་བསྟན་ཞིང་། དེ་ལྔ་པོ་ཡང་རིགས་འདུས་ཁྱབ་བདག་ཀུན་བཟང་རྡོ་རྗེ་འཆང་རྩ་བའི་བླ་མ་ཉིད་ལ་འདུ་བས། དེ་ཉིད་སྤྱི་བོར་འབྲལ་མེད་བསྟེན་པ་དེ་ལ་རིགས་བདག་ཅེས་བྱ་བ་ཡིན་ཕྱིར། དཔེར་ན་སྤྱན་རས་གཟིགས་ལ་འོད་དཔག་མེད་ལྟ་བུ་རིགས་བདག་གི་སྐུ་དངོས་སུ་བསྟན་པ་དང་། ཡང་། བྱམས་པའི་སྤྱི་བོར་བྱང་ཆུབ་མཆོད་རྟེན་དང་། བྱང་སེམས་ཀུན་བཟང་གི་གཙུག་ཏུ་ནོར་བུ་རིན་པོ་ཆེ་འཆང་བ་ནི་རང་རང་གི་རིགས་བདག་ཤཱཀྱ་ཐུབ་པ་ཉིད་མཆོད་རྟེན་དང་ནོར་བུའི་ཚུལ་དུ་བསྟན་པ་ཡིན་པར་བཤད་ལ། ལྷ་ཁྲོ་བོའི་ཆ་བྱད་ལ་ལ་རིགས་བདག་རྡོ་རྗེ་འཆང་


TR005_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་ཕྱིར་ཐོར་ཚུགས་རྡོ་རྗེ་རྩེ་ལྔས་མཚན་པ་སོགས་ཀྱང་འབྱུང་མོད་ཀྱི། ཐམས་ཅད་ཀྱང་དོན་དུ་བླ་མའི་མཚོན་བྱེད་ཉིད་དང་། ཡང་། རིགས་ལྔ་པོ་དེ་དག་ཀྱང་རང་ཉིད་ལྷ་གང་བསྒོམ་པ་དེ་དང་མཐུན་པའི་རིགས་དེས་གཙོ་བོ་བྱས་པའི་རྒྱལ་བ་རིགས་ལྔས་དབུ་རྒྱན་པ་ཡིན་ཏེ། དཔེར་ན་སྤྱན་རས་གཟིགས་ལ་འོད་དཔག་མེད་ཀྱིས་གཙོ་བྱས་པའི་རིགས་ལྔ། དེའི་དུ་འཇམ་དཔལ་དབྱངས་ལ་རྣམ་སྣང་དང་། ཕྱག་རྡོར་ལ་མི་སྐྱོད་པ། ནོར་ལྷའི་རིགས་ལ་རིན་འབྱུང་། བདུད་རྩི་འཁྱིལ་བ་སོགས་ལ་དོན་གྲུབ་ཀྱི་གཙོ་བྱས་པ་ནི་རིགས་ལ་རིགས་ཀྱི་རྒྱས་གདབ་པར་འགྱུར་ལ། འཁོར་བཞི་པོ་ཡང་ཡོད་པས་རིགས་མི་མཐུན་གྱི་རྒྱས་གདབ་པ་དང་། རྒྱུ་ལ་འབྲས་བུ་དང་འབྲས་བུ་ལ་རྒྱུའི་རྒྱས་གདབ་པ་ཐམས་ཅད་ཞར་ལ་ཚང་བར་འགྱུར་བ་ཡིན་ནོ། །དེས་ན་དབང་བསྐུར་རྒྱས་


TR005_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་ཀྱི་དགོས་དོན་ནི་དེ་ལྟར་ལགས་ཤིང་། གསང་སྔགས་གོང་མའི་སྐབས་ལ་ལ་ཞིག་ཏུ་ནི། ཡེ་ཤེས་བསྟིམ་པ་དང་དབང་བསྐུར་རྒྱས་གདབ་སོགས་མི་མཛད་པ་ཡང་འབྱུང་བ་ནི་ཡེ་རྫོགས་ལྷུན་གྲུབ་ཀྱི་དགོངས་པ་སོར་བཞག་ནས། སྤྲོས་པ་ཉེར་བསྡུས་སུ་མཛད་པར་གདའ་ལགས། གཞན་ཡང་ཉིད་ཀྱི་ཕེབས་ཆར། རབ་གནས་ཀྱི་སྐབས་རྣམས་སུ། ནུབ་དང་པོ་ལྟ་གོན་གྱི་རིམ་པར་རྟེན་རྣམས་དམ་ཚིག་པར་སྐྱེད་ནས་ཡེ་ཤེས་པ་སྤྱན་དྲངས་པའི་ཚིག་རྣམས་ཆོག་གཞུང་སོ་སོ་ལ་ལས་ཇི་ལྟར་འབྱུང་བ་བཞིན་གྱིས་སྤྱན་དྲངས་ཏེ་རྟེན་ལ་བསྟིམ་ནས་འབྲུ་གསུམ་གྱི་རྒྱས་གདབ་སོགས་དང་། གདན་འབུལ། བཞུགས་གསོལ་མཆོད་བསྟོད་གྱི་ལས་རིམ་ཐམས་ཅད་ཀྱང་རབ་གནས་ཀྱི་གཞུང་མདོ་སྔགས་གང་གི་ལུགས་སུ་བྱེད་པ་དེ་དང་མཐུན་


TR005_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྲུབ་རྗེས། སླར། རྟེན་གྱི་ཡེ་ཤེས་པ་གཤེགས་གསོལ་བྱེད་ཅིང་བཛྲ་ཝཱསྟྲ་ཧཱུྃ་གི་སྔགས་དང་དར་སེར་པོས་རྟེན་དགབ་པ་ནི། རྒྱལ་བུ་རྒྱལ་སར་མ་བཏོན་པ་ལྟ་བུ་ཡིན་ཕྱིར་མཆོད་པ་ལ་མི་དབང་བ་ཡིན་ནོ། །ཞེས་པ་ཁོ་ནར་འབྱུང་བ་དང་། ཡང་། རྒྱལ་བའི་དབང་པོ་དགུ་པས་མཛད་པའི་རབ་གནས་ཀྱི་གཞུང་ལས་ནི། སྟ་གོན་གྱི་ཡེ་ཤེས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་པ་ལ་མཆོད་བསྟོད་སོགས་བྱས་པའི་མཐར། ནང་པར་རྟེན་མཆོག་འདི་མ་འབྱོན་པར་མཛད་དུ་གསོལ་གྱིས་སྙན་གསན་ཕབས་ནས་གཤེགས་གསོལ་བྱ་བར་ཡང་གསུངས་སྣང་བ། མདོར་ན་འདི་སྐབས་ལ་ཐེ་ཚོམ་ཤིན་ཏུ་ཆེ་བ་ཞིག་བྱུང་སྟེ། སྟ་གོན་གྱི་ཡེ་ཤེས་པ་དེས་ཡེ་ཤེས་གོ་མ་མཆོད་པའམ། དེ་དང་དངོས་གཞིའི་ཡེ་ཤེས་པ་གཉིས་ལ་བཟང་ངན་གྱི་ཁྱད་ཡོད་པ་ལྟ་བུར་


TR005_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

སོང་བ་དང་། སྟ་གོན་གྱི་ཡེ་ཤེས་པ་དེ་ཡང་བསྟིམ་པ་ཙམ་དུ་མ་ཟད་གནས་གསུམ་འབྲུ་གསུམ་གྱི་རྒྱས་བཏབ་པ་དེ་ལས་མི་འགྱུར་བའི་དགོས་དོན་དུ་བཤད་ན། སླར་དེ་མ་ཐག་གཤེགས་གསོལ་བྱེད་པ་དང་། ཡང་ཡེ་ཤེས་པ་གཤེགས་ཀྱང་དམ་ཚིག་པ་དེས་མཆོད་པ་ལ་མི་དབང་བའི་རྒྱུ་མཚན་སོགས་ཏེ། འདི་སྐབས་ལ་དོགས་གནས་ཤིན་ཏུ་ཆེ་བར་བྱུང་བས། ཇི་ལྟ་བུ་ཡིན་གྱི་དྲི་བ་གནང་བ་ལ། ལན་དོན་དངོས་དང་འཕྲོས་དོན་གཉིས་ཀྱི་དང་པོ་ནི། སྤྱིར་རབ་གནས་བསྡུས་པའི་རིགས་ལ་ནི་སྟ་གོན་ཟུར་དུ་མི་འབྱུང་མོད་ཀྱང་། རྒྱས་པ་སྦྱོར་དངོས་རྗེས་གསུམ་རྩ་བ་དང་ཡན་ལག་ཚང་བའི་ཆོག་གཞུང་རྣམས་ཀྱི་ལུགས་ལྟར་བྱ་བའི་དབང་དུ་བགྱི་ན། སྔོན་འགྲོ་སྟ་གོན་གྱི་དགོས་ཆེད་རྒྱུ་མཚན་ནི། དེ་ཡང་། ལྷ་ལ་ཡེ་ཤེས་བཅུག་པ་ལ་


TR005_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

རབ་གནས། མི་ལ་ཡེ་ཤེས་བཅུག་པ་ལ་དབང་བསྐུར། ཚེ་འདས་ལ་ཡེ་ཤེས་བཅུག་པ་སྒྲིབ་སྦྱོངས། བདག་ཉིད་ལ་ཡེ་ཤེས་བཅུག་པ་ལ་བསྐྱེད་རིམ་ཞེས་བྱ་སྟེ། དེ་རྣམས་ཡུལ་གྱི་དབང་གིས་མིང་ཐ་དད་དུ་བཏགས་ཀྱང་དགོས་དོན་གཅིག་པ་ཡིན་ཕྱིར། ལྷ་ལ་ཡེ་ཤེས་བཅུག་པའི་སྐབས་འདི་ལ་ཡང་། རབ་ཏུ་གནས་པའི་མཁན་པོ་མཚན་ཉིད་དང་ལྡན་པ་ཏིང་ངེ་འཛིན་ལ་དབང་བསྒྱུར་བ་ཞིག་ཡིན་ན། སྟ་གོན་སོགས་སྤྲོས་བཅས་ཆོ་གའི་རིགས་མ་བྱས་ཀྱང་རུང་སྟེ། སྟོང་ཉིད་གདེངས་ལྡན་རྣལ་འབྱོར་པས། །གཟིགས་པ་ཙམ་གྱི་རབ་གནས་འགྲུབ། །ཅེས་གསུངས་ལ། དེ་ལས་གཞན་པས་ནི་ཆོ་གའི་རིམ་པ་ཇི་ལྟ་བར་དགོས་པ་དང་། དོན་དམ་པར་ནི་འཁོར་འདས་ཀུན་ལ་ཆོས་ཀྱི་སྐུས་རབ་ཏུ་གནས་གནས་པ། དམ་ཡེ་དབྱེར་མེད་དུ་བཞུགས་བཞུགས་པ་ཡིན་ནའང་། འདི་སྐབས་སུ་ཀུན་


TR005_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

རྫོབ་འགྲོ་བའི་མོས་བློ་དང་བསྟུན་ནས་ཚོགས་བསགས་སྒྲིབ་སྦྱང་གི་ཐབས་དང་རྟེན་འབྲེལ་སྒྲིག་པའི་སྐབས་ཡིན་ཕྱིར། དང་པོར་རྟེན་དེ་དག་བཞེངས་པའི་དུས་ནས་སྐུ་རྒྱུ་དང་གཟོ་བོ་དང་ལག་ཆ་བྱིན་རླབས་སོགས་ཀྱི་རྒྱུ་རྐྱེན་རྣམ་དག་ཏུ་སྒྲུབས། དེ་ནས་རབ་གནས་ལ་འཇུག་ཚེ་བདག་མདུན་བུམ་གསུམ་གྱི་ཆོ་གས་རབ་ཏུ་གནས་བྱེད་ཀྱི་མཁན་པོ་དང་ཡོ་བྱད་ནུས་ལྡན་དུ་སྒྲུབ། རབ་ཏུ་གནས་བྱའི་རྟེན་དེ་ཡང་རྒྱལ་བའི་སྐུ་གསུང་ཐུགས་རྟེན་ལ་བགེགས་དང་སྒྲིབ་པ་དང་འབགས་རྩོགས་ཀྱི་དྲི་མ་ག་ལ་འོངས་ཀྱང་། གནས་སྐབས་སུ་སྦྱིན་བདག་དང་གཟོ་བོའི་བསམ་སྦྱོར་གྱི་བྱེད་ལས་ལ་རྟེན་པའི་དྲི་མ་དང་བར་ཆད་གྱི་རྐྱེན་གེགས་མཐའ་དག་སྦྱོང་ཕྱིར། ཞི་དྲག་ཕྱེད་གསུམ་གྱི་སྦྱང་བ་དང་ཁྲུས་གསོལ་གྱི་ལས་རིམ་སོགས་ཀྱི་དམ་ཡེ་བསྐྱེད་བསྟིམ་


TR005_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཡུལ་དུ་རུང་བར་སྒྲུབ། དེ་ནས་ལྷ་གང་ཡིན་གྱི་དམ་ཚིག་པ་བསྐྱེད་ཅིང་ཡེ་ཤེས་པ་བཅུག་པ་དང་། སྟ་གོན་དེ་ཉིད་མ་གྲུབ་ཀྱི་བར་དུ་དམ་ཡེ་མི་འབྲལ་བར་གནས་གསུམ་འབྲུ་གསུམ་གྱི་རྒྱས་བཏབ་པ་དེ་ལ་མཆོད་བསྟོད་སོགས་ཕུལ་བའི་བར་གྱི་ལས་རིམ་དེ་དག་ནི་དངོས་གཞིའི་ཡེ་ཤེས་པ་བཞུགས་པའི་སྣོད་དུ་སྒྲུབས་པའི་ཐབས་ཀྱི་ཡན་ལག་ཡིན་ལ། དེ་ནས་སླར་ཡེ་ཤེས་པ་དེ་དག་ལ་རེ་ཤིག་གཤེགས་ནས་ནང་པར་རྟེན་དམ་ཚིག་པ་ལ་ཡེ་ཤེས་ཀྱི་དབང་པོ་ལྔ་སོགས་དབྱེ་བའི་ཆོ་གས་ཡུལ་ཁྱད་པར་ཅན་དུ་སྒྲུབ་པ་དེ་ལ་སླར་འབྱོན་པའི་སྙན་གསན་དབབ་ཅིང་གསོལ་བ་བཏབ་ནས་གཤེགས་པའི་ཤུལ་གྱི་དམ་ཚིག་པ་དེ་ཉིད་རེ་ཤིག་ལ་རྟེན་རྙིང་པ་རྣམས་དང་ཁྱད་མེད་དུ་མ་གྱུར་བ་ནི། དཔེར་ན། རྒྱལ་བུ་ཡིན་ཀྱང་


TR005_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སར་མ་བཏོན་པའམ། བྲམ་ཟེའི་བུ་རིགས་བྱེད་ཀྱི་ཡོན་ཏན་མ་རྫོགས་པ་དང་། སློབ་མ་ལ་དབང་གཞན་ཐོབ་ཀྱང་རྡོ་རྗེ་སློབ་དཔོན་གྱི་བཀའ་གཏད་ཡོངས་རྫོགས་མ་ཐོབ་བར་དུ་བླ་མ་བྱར་མི་རུང་བ་དང་། མཚུངས་ཕྱིར། མཆོད་པ་ལ་མི་དབང་བའི་ཐ་སྙད་དུ་བྱས་ཏེ། དེའི་རིང་ལ་བར་ཆད་མི་འཇུག་ཕྱིར་བཛྲ་རཀྵ་ཧཾ་གི་རྒྱས་གདབ་ཅིང་གཙུག་ཏོར་འཁོར་ལོ་བསྒྱུར་བའི་སྲུང་བའི་གུར་ཁང་མཚོན་བྱེད་དར་གསེར་མདོག་གིས་བཀབས་ནས་འཇོག་པ་སྟེ། དེ་ལྟར་འདི་ཡན་ཆད་ནི་གང་ཞིག་སློབ་མ་ལ་དབང་བསྐུར་བའི་དུས་སུ། ཐོག་མ་ནས་དཀྱིལ་འཁོར་དངོས་ལྟ་བ་དང་དབང་དངོས་བསྐུར་བའི་སྣོད་དང་སྐལ་པར་མ་གྱུར་བ་དེའི་རྒྱུད་འདུལ་སྦྱོང་གི་སྒོ་ནས་རིམ་གྱི་དཀྲི་དགོས་ཕྱིར། སྟ་གོན་གྱི་དཀྱིལ་འཁོར་སྒྲུབ་ཏེ་དེར་གཞུག་པའི་ལས་རིམ་


TR005_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མ་སྟ་གོན་གྱི་ཆོས་བཅོ་ལྔ་སོགས་ཀྱིས་གསང་སྔགས་སྣོད་ལྡན་དུ་བྱེད་པ་དང་ཆེས་མཚུངས་པའི་ཐབས་ཀྱི་འཇུག་སྒོ་ལགས། དེ་ནས་ནང་པར་བདག་མདུན་བུམ་གསུམ་གྱི་སྒྲུབ་མཆོད་ཁ་གསོ་ཞིང་། སླར་ཡང་རྟེན་དམ་ཚིག་པ་གསལ་བཏབ་ནས་ཁྲུས་གསོལ་སོགས་ནན་ཆགས་དང་། སྤྱན། སྙན། ཤངས། ཞལ་སོགས་སྐུའམ་དབང་པོ་ཐམས་ཅད་ཡེ་ཤེས་ཀྱི་དབང་པོར་མངའ་གསོལ་ཞིང་བྱིན་གྱིས་རླབས། དེ་ནས་ཡེ་ཤེས་པ་སྤྱན་དྲངས། བསྟིམ། དབང་བསྐུར་རྒྱས་གདབ་སོགས་དངོས་གཞི་རྣམས་བྱས་ལ། ཡོ་བྱད་མཐའ་དག་གི་མངའ་དབུལ་མཆོད་བསྟོད་རབ་གནས་ཤིས་བརྗོད་ཡན་ཆད་ཐམས་ཅད་གཞུང་བཞིན་ཚུལ་ལྡན་དུ་སྒྲུབ་པ་དེའི་ཚེ་ནི། འཁོར་ལོ་བསྒྱུར་བའི་རྒྱལ་བུ་རྒྱལ་སར་འཁོད་པའམ། སློབ་མ་ལ། རྡོ་རྗེ་སློབ་དཔོན་གྱི་གཏད་རྒྱ་རྫོགས་པ་ལྟར། ཀུན་གྱི་ཕྱག་མཆོད་


TR005_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་ཡུལ་མཆོག་ཏུ་གྱུར་བ་ལགས། དེ་ལྟར་བཀའ་ཕེབས་པའི་དངོས་ལན་བདྷཱ་མཚོན་ཙམ་དུ་ཕུལ་ནས། གཉིས་པ་དེ་དག་གི་འཕྲོས་དོན་འགའ་ཞིག་སྙན་དུ་གསོལ་བ་ནི། དེ་ཡང་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ་རབ་ཏུ་གནས་པར་བྱེད་པ་ལ། ལེགས་སྦྱར་གྱི་སྐད་དུ། སུ་ཏྲ་ཏིཥྛ་ཞེས་པ་བོད་སྐད་དུ་བསྒྱུར་ན། ལེགས་པར་རབ་ཏུ་གནས་པ་ཅེས་བྱ་བ་སྟེ། འདི་ལ་རབ་ཏུ་གནས་རྒྱུའི་རྟེན་དེ་ཉིད་ཆག་ཚད་དང་མཚན་ཉིད་ཚང་བ། མཐོང་བ་ཙམ་གྱིས་དང་བ་འདྲེན་ནུས་པ་གཅིག་མེད་ན། བཟོ་བོ་མ་མཁས་ཤིང་བཟོ་མ་ལེགས་པས་ནི་སྒྲིབ་པ་གསོག་པའི་རྒྱུ་བྱེད་དེ། སྔོན་མཁས་གྲུབ་སྐྱེར་སྒང་པ་ཆེན་པོ་ལ་སྨན་བླའི་སྐུ་ཞིག་རབ་གནས་ཞུས་པའི་ཚེ། སྨན་བླའི་ཕྱག་


TR005_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

འདི་མ་ལེགས་པར་གདའ་གསུངས་པས། ཁོང་རང་གི་ཕྱག་ལ་སྐྲངས་ཕེལ་ཚབས་ཆེན་བྱུང་ནས་བསྙུང་བ་ན། སྤྱན་རས་གཟིགས་ལ། བདག་འདི་འདྲའི་ནད་ཀྱིས་མནར་བ་ཅིས་ལན། ཞུས་པས། ཁྱེད་ཀྱིས་སྨན་བླའི་ཕྱག་ལ་སྐུར་པ་བཏབ་པའི་རྣམ་སྨིན་ཡིན་ཏེ། ཁྱོད་སྒྲིབ་པ་སྲབ་པས་ཕྱི་མ་ངན་འགྲོར་སྐྱེ་མི་དགོས་པར་ད་ལྟའི་ནད་འདིས་སྦྱང་ཐུབ་པར་འགྱུར་རོ། །བཤགས་པ་ལ་སྨན་བླའི་སྐུ་ལེགས་པ་གཅིག་བཞེང་བར་གྱིས་ཤིག །ཅེས་གསུངས་པའི་ལོ་རྒྱུས་ལྟ་བུ་སྟེ། དེས་ན་སྐུ་མཚན་ཉིད་དང་ལྡན་པ་གལ་ཆེ་བ་དང་། སྐུ་རྒྱུ་ཡང་གང་བྱུང་བྱུང་ལ་མི་བྱ་སྟེ། ཕྱི་ནང་རྟེན་འབྲེལ་གྱི་གནད་གཅིག་པས། ཕྱི་འབྱུང་བའི་དངས་མ་ནི་རིན་པོ་ཆེ་སྣ་ལྔ་སོགས་ཡིན་ཕྱིར། དེ་དག་ལ་བྱིན་རླབས་འཆགས་པའི་རྒྱུའི་རྟེན་འབྲེལ་


TR005_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གནད་ཡོད་པས་ན། གསེར་ལ་སོགས་པ་ཇི་ཙམ་འབྱོར་འབྱོར་བཟང་བར་བྱ་དགོས་པ་དང་། རབ་གནས་ཀྱི་མཁན་པོ་ཡང་། ད་ལྟའི་ཡིག་ཆ་ཕལ་ཆེར་དུ་ནི་ཚུལ་ཁྲིམས་previous hit གཙང next hit་ཞིང་ཆོ་གའི་ལག་ལེན་ལ་མཁས་པ་ཙམ་གྱི་མཚན་ཉིད་བཤད་མོད་ཀྱང་། དེས་མི་ཆོག་ཏེ། ཆོས་ཉིད་ཀྱི་དོན་རྟོགས་པས་སྣང་སེམས་བསྲེ་ཐུབ་པ་གཅིག་མེད་ན་རབ་གནས་མི་འགྲུབ་པར་གསུངས་ཏེ། དེ་ཡང་། ཐེག་དམན་ཉན་ཐོས་པ་རྣམས་ཀྱིས་ནི་ཕྱིའི་ཡུལ་འདི་རྡུལ་ཕྲན་ཆ་བཅས་ཨ་འཐས་སུ་འཛིན་ཞིང་། ནང་གི་ཉམས་ལེན་ནི་སེམས་ཀྱི་བྱུང་ཚོར་བཀག་པའི་ཞི་གནས་འགོག་པ་བསྒོམ་པ་སྟེ། དེ་ལྟ་བུས་ནི་ཚུལ་ཁྲིམས་previous hit གཙང next hit་ཡང་ལྷ་ལ་རབ་གནས་འགྲུབ་པའི་ཐབས་མེད། ཐེག་པ་ཆེན་པོ་པ་ཡིན་ནའང་


TR005_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་བཟང་ཤོས་ནི་དབུ་མ་ཡིན་ཚེ། དེས་ནི་ཕྱིའི་ཡུལ་ཐམས་ཅད་ཀུན་རྫོབ་འཁྲུལ་སྣང་དུ་ལྟ་ཞིང་། ནང་གི་སེམས་ནི་དངོས་མེད་སྟོངས་པར་ལྟ་བས་དེ་ལྟ་བུས་ཀྱང་རབ་གནས་བྱ་བའི་ཐབས་མེད། གསང་སྔགས་རྡོ་རྗེ་ཐེག་པ་ལ་ཞུགས་ཀྱང་སྐྱེད་རྫོགས་ཟུང་འཇུག་གི་དོན་ཇི་ལྟ་བར་མ་རྟོགས་ན། ཀུན་བརྟག་གི་སྐྱེད་རིམ་པ་ཙམ་གྱིས་ནི་སྣང་སེམས་དབྱེར་མེད་ཀྱི་གནད་མ་གོ་བས་རབ་གནས་མི་འགྲུབ་ལ། འགའ་ཞིག་སྟོང་པ་ཉིད་རྟོགས་པར་འདོད་ཀྱང་རྒྱུ་འབྲས་རྟེན་འབྲེལ་གྱི་གསང་མ་རིག་པར། ཐམས་ཅད་སྟོང་པའོ་སྙམ་པའི་ཆད་སྟོང་ཉི་ཚེ་བ་དེ་ལྟ་བུས་ཀྱང་རབ་གནས་ཅི་ཞིག་འགྲུབ་སྟེ། དེས་ན་རབ་ཏུ་གནས་པའི་མཁན་པོ་ཆོས་ཉིད་ཀྱི་བདེན་པ་མཐོང་བ་ཞིག་གལ་ཆེ་ཞིང་། དེ་དང་ལྡན་ན་ལྟར་སྣང་གི་དགེ་སྦྱོང་རྟགས་དང་ཆ་ལུགས་ཀྱི་སྡོམ་པ་ཙམ་


TR005_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མ་ལྟོས་སྟེ། དཔེར་ན་ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཡུལ་གྱི་ས་གནད་ར་ས་འཁྲུལ་སྣང་གིས་ཐོག་དྲངས་པའི་མཐའ་འདུལ་ཡང་འདུལ་གྱི་ལྷ་ཁང་བརྒྱ་རྩ་བརྒྱད་ལ་རབ་ཏུ་གནས་པས་གཞན་ལས་བྱིན་རླབས་ཆེ་བ་ལྟ་བུའོ། །གང་ཟག་ཁྱད་འཕགས་དེ་ལྟ་བུ་དག་གིས་ནི་ཏིང་ངེ་འཛིན་གཏད་པ་ཙམ་གྱིས་ཡེ་ཤེས་པ་རང་བཞིན་གྱིས་འཇུག་པར་འགྱུར་ཕྱིར་སྤྲོས་བཅས་ཀྱི་ཆོ་ག་ལ་མ་རག་པའི་ཚུལ་ནི། སྔོན་ཐུབ་པ་ཉིད་ཀྱི་ཤཱཀྱ་མུ་ནི་སོགས་སྐུ་ཚབས་རྣམས་ལ་རབ་ཏུ་གནས་ཚུལ་དང་། གཞན་ཡང་། གྲུབ་ཐོབ་ཛཱ་ལནྡྷ་རས་པ་དགྱེས་རྡོར་གྱི་སྐུ་གཅིག་ལ། མཁལ་མ་གོ་ཡུ གོ་ལའི་རྡོག་པོ་ཞལ་དུ་མུར་འཕྲོ་ཞིག་ལྷ་དེའི་ཞལ་དུ་བཅུག་པ་ཙམ་གྱིས་ཡེ་ཤེས་ཞུགས་ཚུལ་དང་། ཕ་དམ་པས་བརྒྱད་སྟོང་གླེགས་བམ་


TR005_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ལ་སྔས་གཏད་ནས་གཟིམས་པས་རབ་གནས་ཆགས་པ་དང་། སྤྱན་སྔ་ཚུལ་ཁྲིམས་འབར་གྱིས་གདུང་རྟེན་ཞིག་ལ་རབ་གནས་མཛད་པ་ལ་མེ་ཏོག་འཐོར་རྒྱུ་ཡང་མ་འཛོམ་པས། ཐལ་བ་སྤར་གང་ལ་རྟེན་འབྲེལ་སྙིང་པོ་ཚར་གསུམ་བཟླས་ནས་གཏོར་བས་བྱིན་རླབས་ཅན་ཞིག་ཏུ་བྱུང་ཚུལ་དང་། པཎ་ཆེན་འབུམ་ཕྲག་གསུམ་པ་ལ། འབུམ་གསེར་བྲིས་ཤིག་རབ་གནས་ཞུས་པས། བགེགས་ཆེན་པོ་འདུག་གསུངས་ནས་གླེགས་བམ་རྣམས་བརྩིགས་པའི་ཁར་ཉིད་བཞུགས་པས་ཡི་གེ་ཐམས་ཅད་གཅིག་ཀྱང་མེད་པར་ཡལ་ནས་སོང་། སླར་མེ་ཏོག་གཏོར་བས་སྔར་བས་ལེགས་ཤིང་བྱིན་རླབས་ཆེ་བར་བྱུང་བ་དང་། བི་མ་ལས་བསམ་ཡས་བུ་ཚལ་རྣམ་སྣང་སྐུ་ལ་ཕྱག་བཙལ་བས་ལྡེར་སྐུ་ས་ཕུང་དུ་གྱུར། སླར་དེ་ལ་ཕྱག་དབང་བསྐུར་བས་སྐུ་སྔར་ལས་ལེགས་པ་རྒྱ་གར་མའི་དབྱིབས་སུ་བྱོན་ཚུལ་


TR005_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

དང་། མཉམ་མེད་སྒམ་པོ་པ་ལ་སྐྱོ་སྒོམ་གྱི་རིགས་ལྔའི་ཐང་སྐུ་ལ་རབ་གནས་མྱུར་པོ་གཅིག་དགོས་ཞུས་པས། དགོངས་པ་གཏད་པ་ཙམ་གྱིས་ཉིད་ཀྱི་ཐུགས་ཀ་ནས་འོད་ཟེར་ཤར་གྱི་བྱུང་ནས་ཐང་སྐུ་ལ་ཟུག་པ་དང་དུས་མཉམ་དུ་མེ་ཏོག་གི་ཆར་ཐོར་གྱི་བབས་པ་དང་རབ་གནས་གྲུབ་པའི་ལོ་རྒྱུས་ལྟར། རབ་ཏུ་གནས་ནུས་པའི་མཁན་པོ་ཚད་ལྡན་དེ་ལྟ་བུ་ཞིག་མ་བྱུང་ན། གང་ཟག་ཐ་མལ་པའི་སློབ་དཔོན་ཞིག་གིས་ནི་ཆོ་ག་ལ་བརྒྱ་ཚར་དུ་བྱས་ཤིང་མེ་ཏོག་གི་རྟེན་ནུབ་པ་ཙམ་གཏོར་ཡང་ཡེ་ཤེས་ཞུགས་པ་དཀའ་མོད་དེ། ཡེ་ཤེས་དེ་གང་ལ་ཟེར་བ་སློབ་དཔོན་ཁོ་རང་ལ་ཆ་མེད་པའི་ཕྱིར་རོ། །དེ་ཡང་གུ་རུ་རིན་པོ་ཆེ་པདྨའི་གསུང་ལས་ནི། རབ་གནས་ཚུལ་བཞིན་བྱ་བ་ལ། རྒྱུ་རྐྱེན་ཐབས་ཀྱི་གནད་གསུམ་དང་། ཏིང་ངེ་འཛིན་དགོངས་པའི་གནད་གསུམ་ཚང་


TR005_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པར་བཞེད་དེ། རྒྱུ་རྐྱེན་ཐབས་གསུམ་ནི། རྟེན་གྱི་རྒྱུ་དང་རབ་གནས་བྱེད་པའི་ཡོ་བྱད་ཐམས་ཅད་རྐུ་འཕྲོག་བརྡུངས་བཅོམ་བསད་བཅད་སོགས་སྡིག་པས་སྒྲུབ་པ་མ་ཡིན་པ་དང་། རྐྱེན་བསམ་པའི་བྱེ་བྲག་ཀྱང་། སྦྱིན་བདག་གི་བློ་ཡུལ་དུ་ཆགས་སྡང་ཁེ་གྲགས་ལོ་འདོད་གཞན་ལ་འགྲན་སེམས་དང་གནོད་སེམས་སོགས་ཀྱི་ཀུན་སློང་དང་འདྲེས་པ་མ་ཡིན་པར། ཚོགས་གཉིས་སྤེལ་བའི་ལྷག་བསམ་གྱི་སྒོ་ནས་སྒྲུབ་ཅིང་གཏོང་ཕོད་ཅན་སྙིང་སྟོབས་བསྐྱེད། ལྷ་བཟོ་བ་མཉེས་པར་མ་བྱས་ན་གཟོ་བོ་དང་སྦྱིན་བདག་གི་བར་དུ་འཁོན་སེམས་ཞུགས་པས་ནི་རྟེན་ལ་རབ་གནས་མི་འཆགས་པའི་རྐྱེན་དུ་འགྱུར་བར་གསུངས་ཕྱིར། བཟོ་བོ་དང་རབ་གནས་མཁན་པོ་སོགས་ཐམས་ཅད་དགྱེས་ཤིང་རེ་འཁང་མེད་པར་བྱ་དགོས་དང་། བཟོ་བོས་ཀྱང་བསམ་པ་རྣམ་པར་མ་དག་ཅིང་གཟོ་རྒྱུ་ལ་གཡོ་ཁྲམ་དང་ཟ་ཡོན་ལ་ཆོག་


TR005_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་མེད་པར་བྱས་ན་རྟེན་དེ་དག་ལ་ཆགས་པའི་དཀོར་བདག་གི་འདྲེར་སྐྱེ་བར་བཤད་པས་ན་གཟོ་བོ་ཡང་བསམ་པ་དག་པ་གལ་ཆེ། རབ་གནས་ལེགས་པར་འགྲུབ་པའི་ཐབས་ཀྱི་བྱེ་བྲག་ཀྱང་། རྟེན་གྱི་སྐུ་རྒྱུའི་ནང་བཞུགས་ཀྱི་ཁྲོད་དུ་རྒྱ་བོད་ཀྱི་གནས་ཆེན་གཙུག་ལག་རྟེན་གསུམ་ཁྱད་པར་ཅན་རྣམས་ཀྱི་ས་རྡོ་ཆུ་ཤིང་སོགས་གང་འཛོམ་བཞུགས་ན་རབ་གནས་ངང་གིས་འཆགས་པར་འགྱུར་བ་དང་། རབ་གནས་བྱེད་པའི་དུས་ཚེས་གཟའ་སྐར་སོགས་ཀྱི་ཞིབ་ཆ་རྣམས་རབ་ཏུ་གནས་པའི་རྒྱུད་ལས་གསུངས་པའི་ལུང་ད་ལྟའི་ཆོག་ཞུང་རྣམས་སུ་དྲངས་པ་ལྟར་ལས། ཁྱད་པར་དུ་ནི། ཟླ་བ་གང་ཡང་རུང་བའི་ཚེས་གསུམ་གྱི་ཉི་མ་རྩེ་ཤར་དང་། བརྒྱད་ཀྱི་ཉིན་གུང་དང་། ཚེས་བཅུའི་དགོངས་ཁ་དང་གསུམ་ལ་ཉི་ཟླའི་འོད་རང་གི་གཞལ་ཡས་ཁང་ལ་ཕོག་པའི་དུས་ཡིན་པས། དེ་གསུམ་གང་རུང་ལ་


TR005_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

རབ་གནས་མེ་ཏོག་འཐོར་ན་རབ་གནས་ངེས་པར་འཆགས་པར་འགྱུར་བའི་དུས་གནད་ཡིན་པར་གསུངས་སོ། །གཞན་ཡང་། རབ་ཏུ་གནས་པ་འདི་བཀྲ་ཤིས་པའི་རྟེན་འབྲེལ་གྱི་ཆོ་ག་ཡིན་པའི་གཤིས་ཀྱིས། དེའི་དུས་སུ་དཔོན་སློབ་ཡོན་མཆོད་འཁོར་བཅས་ཐམས་ཅད་འཐབ་འཁྲུག་འཁོན་རྩོད་མྱ་ངན་སྡུག་བསྔལ་ཚིག་ངན་སོགས་སྤངས་ཏེ། གོས་རྒྱན་བཟའ་བཏུང་ལོངས་སྤྱོད་བཟང་པོ་བྱ་ཞིང་། ཁ་བརྡ་དང་ལ་ཉེ་གང་བཟང་དང་། གླུ་གར་རོལ་མོ་མགུར་དབྱངས་འཆམས་བྲོ་སོགས་བཀྲ་ཤིས་པའི་བྱ་བྱེད་དང་དགའ་ཞིང་སྤྲོ་བའི་བསམ་པ་དང་ལྡན་པ་ཡང་རབ་གནས་འགྲུབ་པའི་མཚམས་སྦྱོར་ཡིན་པར་གསུངས་སོ། །ཁྱད་པར་དཀྱིལ་འཁོར་དང་རྟེན་གྱི་སྤྱན་སྔར་མཆོད་པའི་ཡོ་བྱད་གྱ་ནོམས་པ་previous hit གཙང next hit་ཞིང་དག་ལ་བཀོད་པས་ཁྱད་པར་དུ་འཕགས་པ་དང་། ཡི་དམ་མཁའ་འགྲོ་ཆོས་སྐྱོངས་previous hit གཙང next hit་རིས་ཀྱི་དཔལ་མགོན་བདུན་ཅུ་ཡུལ་དེའི་དཀར་


TR005_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སྐྱོང་བའི་གཞི་བདག་སོགས་ལ་གཏོར་ཚོགས་རྒྱ་ཆེན་པོ་དང་། ལན་ཆགས་བགེགས་རིགས་རྣམས་ལ་ཡང་གླུད་དང་གཏོར་མ་སོགས་ཀྱི་ཚིམ་པར་བྱ་བ་ཡང་རབ་གནས་འགྲུབ་པའི་ཐབས་ཀྱི་ཡན་ལག་དང་། བར་ཆད་མི་འབྱུང་བའི་གནད་དུ་ཆེ་བ་ཡིན་ཞིང་། གལ་ཏེ་དེ་དག་གི་སྐབས་སུ་ལྷོངས་དང་བར་ཆད་ཀྱི་རྣམ་པ་ཆེ་ཆུང་ཅི་ལྟ་བུ་བྱུང་བའི་ཚེ་ནའང་། དེའི་རྐྱེན་ཁར་མི་བཏང་ཞིང་རབ་གནས་ཀྱི་འཕྲོ་མི་བཤོལ་བར་དཔའ་བའི་གདེངས་དང་བརྩོན་པའི་གོ་ཆ་བགོས་ཏེ་རབ་ཏུ་གནས་པ་མཐར་མཁྱེན་པར་བྱ་བ་ནི་གལ་པོ་ཆེའི་གནས་ཡིན་པར་གསུངས་སོ། །དེ་ལྟར་རྒྱུ་རྐྱེན་ཐབས་ཀྱི་གནས་འདི་དག་ནི་ཡོན་མཆོད་ཐུན་མོངས་ལ་གཅེས་པའི་གནད་དོན་ཡིན་མོད་ཀྱི། ཁྱད་པར་ཏུ་རབ་ཏུ་གནས་པའི་མཁན་པོ་ལ་མཆོག་ཏུ་གཅེས་པའི་ཏིང་ངེ་འཛིན་དགོངས་པའི་


TR005_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

གནད་གསུམ་ནི། ཀུན་ཁྱབ་ཆེན་པོ་གཞིའི་གནད་དང་། ཏིང་འཛིན་ཟུང་འཇུག་ལམ་གྱི་གནད་དང་། ལྷུན་གྲུབ་ཆེན་པོ་འབྲུའི་གནད་དང་གསུམ་པོ་གལ་ཆེ་སྟེ། དང་པོ་གཞིའི་གནད་ནི། རབ་གནས་ཡེ་ཤེས་བསྟིམ་པར་བྱེད་པའི་མཁན་པོའི་སློབ་དཔོན་དེས། སྣང་གྲགས་ཀྱི་ཆོས་ཐམས་ཅད་ཡེ་ནས་སྐུ་གསུམ་དབྱེར་མེད་དམ། སྐུ་གཉིས་ཟུང་འཇུག་ཆེན་པོར་གདོད་ནས་ལྷུན་གྱིས་གྲུབ་པའི་ཤེས་པ་གལ་ཆེ་ཞིང་། རབ་གནས་འགྲུབ་པའི་གཞི་མ་ནི་དེ་ཡིན་ཏེ། ཡེ་ནས་སྐུ་གསུམ་ཡིན་པ་ལ་ཡིན་པར་གསལ་འདེབས་ཅིང་ངེས་ཤེས་བསྐྱེད་པ་དེ་ལ་རབ་གནས་ཟེར་བ་ཡིན་གྱི། མིན་པ་ཅིག་ལ་ཡིན་པ་རུ་ཇི་ཙམ་སྒྲུབས་ཀྱང་དེར་མི་འགྲུབ་ཏེ། དཔེར་ན། གསེར་བཟང་པོ་ཞིག་ལ་བཙོ་བསྲེག་སྦྱང་འདུལ་བྱས་ན་གསེར་གྱི་དགོས་དོན་འགྲུབ་མོད་ཀྱི། གསེར་མ་ཡིན་པར་ར་གན་ནམ། མཁར་བ་ལྟ་བུ་ཞིག་


TR005_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གསེར་འདུལ་གྱི་ལག་ལེན་ཇི་ལྟར་བྱས་ཀྱང་གསེར་དུ་མི་འགྲུབ་པ་ལྟ་བུ་སྟེ། རྟེན་དེ་དག་ཐམས་ཅད་ཡེ་གདོད་མ་ནས་སྐུ་གསུམ་ཡིན་ཚུལ་ཤེས་པའི་སྒོ་ནས། དབྱིངས་ཆོས་སྐུ་ལས་གདངས་གཟུགས་སྐུར་བཞེངས་ཏེ། གཟུགས་སྐུ་དམ་ཚིག་པ་ལ་ཆོས་སྐུ་ཡེ་ཤེས་པ་བསྟིམ་ཞིང་གཉིས་མེད་དུ་བསྲེ་བྱ་བསྲེ་བྱེད་རོ་གཅིག་པའི་ཏིང་ངེ་འཛིན་སྤྲུལ་བསྒྱུར་བྱ་བ་ཡིན་ལ། ཚུལ་འདི་ལྟར་མ་རྟོགས་པའི་སློབ་དཔོན་གྱི་གཟུགས་བརྙན་དེ་འདྲས་ཟངས་རག་འཇིམ་པ་རས་གཞི་ཤོག་བུ་སོགས་ལ་ཡེ་ཤེས་བསྟིམ་པའི་སྔགས་ཚིག་ཇི་ཙམ་བརྗོད་ཀྱང་ཡེ་ཤེས་འཇུག་པའི་སྐབས་མི་སྲིད་པས། དེས་ན་ཀུན་ཁྱབ་གཞིའི་གནད་དོན་རྟོགས་པ་གལ་ཆེའོ། །གཉིས་པ་ཏིང་འཛིན་ལམ་གྱི་གནད་ནི། ཆོས་ཐམས་ཅད་ངོ་བོ་ཅིར་ཡང་མ་གྲུབ་


TR005_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ལ། རྣམ་པ་ཅིར་ཡང་འཆར་སྒོ་མ་འགགས་པའི་གནད་ཀྱིས། དགེ་སྡིག་སེམས་ཀྱི་བསྒྱུར་ཁ་དང་བཟང་ངན་བསམ་པའི་རང་གཟུགས་ཡིན་ཚེ། རྟེན་བཞེངས་ཤིང་རབ་ཏུ་གནས་པའི་བྱ་བྱེད་ཐམས་ཅད་མཁའ་ཁྱབ་ཀྱི་འགྲོ་རྣམས་བྱང་གྲོལ་ལ་འགོད་པའི་ཆེད་ཁོ་ནར་སེམས་སྐྱེད་ཀྱིས་གཞི་བཟུང་། དེའི་ངང་ནས་རྟེན་གྱི་ངོ་བོ་མི་གནས་མི་དམིགས་ཆོས་ཀྱི་སྐུའི་རང་མདངས་ལས་མཚན་རྫོགས་གཟུགས་སྐུའི་རྣམ་པར་བྱོན་པའི་ངེས་ཤེས་ཀྱི་སྒོ་ནས། རང་ཉིད་ལྷའི་ཐུགས་ཀའི་འོད་ཟེར་ཚད་མེད་རྣམ་བཞིའི་ལྷ་མོའི་ཆ་བྱད་གྲངས་མེད་པ་ཕྱག་ན་ཡེ་ཤེས་ཀྱི་འོད་ཟེར་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུའི་ཚུལ་ཅན་འཛིན་པ་ཉི་ཟེར་གྱི་རྡུལ་ལྟར་འཕྲོས་པས། ཕྱོགས་བཅུ་རབ་འབྱམས་ནམ་མཁའི་མཐས་ཀླས་པའི་ཞིང་ན་རྒྱལ་བ་སྲས་བཅས་རྡུལ་སྙེད་དུ་བཞུགས་པ་ བྱམས་པ་ སྙིང་རྗེ་ དགའ་བ་ བཏང་སྙོམས་


TR005_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ཐུགས་ཡེ་ཤེས་ཆེན་པོའི་རྒྱུད་བསྐུལ་ཞིང་ཚད་མེད་རྣམ་བཞིས་འགྲོ་དོན་ལ་སྤྱན་དྲངས་པའི་མཐུས། ཡེ་ཤེས་ཀྱི་སྐུ་ཁ་བ་བུ་ཡུག་འཚུབ་པ་ལྟ་བུར་བྱོན་ནས་རྟེན་རྣམས་ལ་ཐིམ་པར་མོས་པའི་དད་གུས་གདུང་ཤུགས་དྲག་པོ་དང་། བསྟིམ་བྱ་བསྟིམ་བྱེད་སོགས་ཀྱི་ངོ་བོ་མ་བཅོས་ཕྱག་རྒྱ་ཆེན་པོ་གསལ་སྟོང་བློ་བྲལ་གྱི་རང་ངོ་གཉིས་པོ་གཅིག་དང་ཐ་དད་ཀྱི་འཛིན་བ་མེད་པའི་ངང་དུ། རླུང་ཁུག་པ་ཉི་ཤུ་རྩ་གཅིག་གམ། བཅུ་གསུམ་མམ། བདུན་གྱི་བར་དུ་མཉམ་པར་བཞག་ཅིང་། རྟེན་དུ་སྣང་བ་དང་རང་གི་རིག་པ་ཐ་མི་དད་པ་ཆོས་སྐུ་ཁྱབ་གདལ་ཆེན་པོར་གློད་པར་བྱའོ། རབ་ཏུ་གནས་པའི་དོན་ཐམས་ཅད་ཀྱི་སྙིང་པོ་དང་མཐར་ཐུག་དང་མཆོག་དང་རབ་དང་ཕུལ་དུ་གྱུར་བ་ནི་འདི་ཡིན་ནོ། །གདེངས་དང་ལྡན་པའི་རྣལ་འབྱོར་པས་ཚུལ་འདི་ལ་


TR005_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ནན་ཏན་ཏུ་བགྱིས་གྲུབ་ན། ཆོ་གའི་རིམ་པ་བྱས་ཀྱང་ཆོག་ལ་མ་བྱས་ཀྱང་ཆོག་ཅིང་། མེ་ཏོག་འཐོར་ཡང་རུང་ལ་མ་འཐོར་ཡང་རུང་སྟེ། ཡང་དག་དོན་གྱི་རབ་གནས་ལེགས་པར་འགྲུབ་པའོ། །གསུམ་པ་ལྷུན་གྲུབ་ཆེན་པོ་འབྲུའི་གནད་ནི། དེ་ལྟ་བུའི་རྟེན་མཚན་ཉིད་དང་ལྡན་པ་ལ་རབ་གནས་མཚན་ཉིད་དང་ལྡན་པ་གྲུབ་ཕྱིན་ཆད་འགྲོ་དོན་མཚན་ལྡན་མི་འབྱུང་བའི་གནས་མེད་ཀྱང་རང་གཞན་གྱི་ཚོགས་གཉིས་འཕེལ་ཕྱིར་འགྲོ་དོན་ལྷུན་གྲུབ་ཀྱི་རྟེན་འབྲེལ་བྱ་སྟེ། རྗེས་ཆོག་གི་སྐབས་སུ་རྟེན་དམ་ཡེ་དབྱེར་མེད་རྒྱལ་བའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་རང་བཞིན་དུ་བཞུགས་པ་དེ་ཉིད་གདུལ་བྱའི་སྣང་ངོར་སྐུ་གཟུགས། གླེགས་བམ། མཆོད་རྟེན། ཕྱག་མཚན་སོགས་གང་ཡིན་དེའི་རྣམ་པར་བསྒྱུར་བའི་ཏིང་ངེ་འཛིན་བྱས་ལ། དེ་ཉིད་ཀྱིས་ཀྱང་གདུལ་བྱའི་ཡུལ་དང་བསམ་པ་ཇི་ལྟ་བར་


TR005_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྐབས་དང་མཐར་ཐུག་གི་དགོས་འདོད་ཡིད་བཞིན་དུ་སྐོང་བའི་ཕྲིན་ལས་ཆེན་པོའི་རྒྱ་ནམ་མཁས་གར་ཁྱབ་པ་དང་། ཡུན་འཁོར་བ་མ་སྟོངས་ཀྱི་བར་དུ་རྒྱུན་འཆད་མེད་པར་མཛད་ཅིང་། རྟེན་དེ་དག་མཐོང་བ། ཐོས་པ། དྲན་པ། རེག་པ། དེའི་ཕྱོགས་སུ་སྒོ་གསུམ་གྱི་བྱ་བྱེད་འབྲེལ་བ་ཐོགས་ཚད། མཐའ་ན་དེའི་གྲིབ་མ་དང་རླུང་ཕྱོགས་ཕོག་པ་ཚུན་གྱི་སྐྱེ་འགྲོ་འབུ་སྲིན་ཡན་ཆོད་ཀུན་ལས་ངན་གྱི་སྒྲིབ་ཚོགས་བྱང་ཞིང་སྐུ་གཉིས་ཟུང་འཇུག་གི་གོ་འཕངས་འགྲུབ་ནུས་པའི་ཕྲིན་ལས་མཛད་པར་མངའ་གསོལ་བ་དང་སྨོན་ལམ་གདབ་པ་ཤིས་པ་བརྗོད་པ་རྣམས་ཀྱང་ཁ་ཙམ་ཚིག་ཙམ་ལྟར་སྣང་གི་བྱེད་ལོ་ཙམ་དུ་མ་ཡིན་པར། དད་གུས་གདུང་ཤུགས་ལྷག་བསམ་རླབས་ཆེན་གྱི་ངང་ནས་བྱ། དེ་ལྟར་བྱས་ན་འགྲུབ་པའི་གཏན་ཚིག་ཀྱང་


TR005_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

གདུལ་བྱའི་ཞིང་ཀུན་ནི་སྐུ་གསུམ་གྱི་རང་བཞིན། འདུལ་བྱེད་ཀྱི་རྟེན་དང་བྱིན་རླབས་དང་ཕྲིན་ལས་ཀྱང་སྐུ་གསུམ་གྱི་རྣམ་རོལ། དེ་ལྟ་བུར་མཛད་པར་གསོལ་འདེབས་སྨོན་ལམ་ཤིས་བརྗོད་བྱེད་པ་ཡང་སྐུ་གསུམ་གྱི་རྩལ་སྦྱོང་ཡིན་ཕྱིར། དེས་ན། རྒྱུ་དང་མཐུན་པའི་འབྲས་བུ་རྟེན་འབྲེལ་དང་མཐུན་པའི་བྱེད་ལས། ལམ་དང་མཐུན་པའི་འགྲོ་ལུགས། མོས་པ་དང་མཐུན་པའི་ཐུགས་རྗེ་འབྱུང་བ་ནི་ཆོས་ཉིད་ཀྱི་བདེན་པའི་སྟོབས་ཡིན་པས་ན། ལྷུན་གྲུབ་ཆེན་པོ་འབྲས་བུའི་གནད་ཅེས་བྱ་སྟེ། དེ་ལྟ་བུའི་གནད་རྣམ་པ་གསུམ་པོ་དང་ལྡན་པའི་སྒོ་ནས་རབ་ཏུ་གནས་པར་བྱ་བ་གཅེས་སོ། །སྤྱིར། རྟེན་ལ་རབ་ཏུ་གནས་པའི་ཆོ་གའི་གཞུང་དང་ཕྱག་བཞེས་ཀྱི་ལས་རིམ་རྒྱས་བསྡུས་འབྲིང་གསུམ་གྱི་ཡིག་ཆར་ནི་བཀའ་གསར་རྙིང་དང་ཆོས་རྒྱུད་སོ་སོ་ལ་བསམ་གྱིས་མི་ཁྱབ་པ་གཅིག་གདའ་ནའང་། དེ་


TR005_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དུ་རྗོད་བྱེད་ཚིག་གི་གཞུང་དང་བྱ་བྱེད་ལག་ལེན་གྱི་རིམ་པ་འབའ་ཤིག་སྟོན་པར་མཛད་པ་མ་གཏོགས། བརྗོད་བྱ་དོན་གྱི་སྙིང་པོ་གལ་ཆེ་བ་རྣམས་དགེ་བའི་བཤེས་གཉེན་གྱི་ཞལ་ལས་བླངས་དགོས་པར་དགོངས་ཏེ་ཡིག་ཆར་མ་འཁོད་པ་མང་བའི་རྒྱུས། དིང་སང་ནི། ཆོ་ག་འར་འུར་ཙམ་མམ་རྟེན་འབྲེལ་སྙིང་པོ་ཅུང་ཟད་བཟླས་པའི་མེ་ཏོག་གཏོར་བ་ཙམ་ཁོ་ན་ལ་རབ་གནས་སུ་ཆ་འཇོག་པ་ལས། རབ་ཏུ་གནས་མཁན་དང་གནས་ཚུལ་གྱི་དགོས་དོན་ཞིབ་ཏུ་དཔྱོད་པའི་གང་ཟག་དཀོན་པར་མཐོང་བས་ན་ཚུལ་འདི་ཙམ་ཞིག །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མངའ་བདག་ཁྲི་སྲོང་ལ་གདམས་པའི། གནད་གསུམ་འདུས་པ་རབ་གནས་ཀྱི་མན་ངག་གི་དགོངས་དོན་ལྟར་བྲིས་པ་ལགས་ཤིང་། ཡང་། འདི་དག་ལས་ཞིབ་རྒྱས་སུ་འདོད་ན་རྒྱལ་བ་ཡང་


TR005_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

དགོན་པས་མཛད་པའི་རབ་གནས་ཀྱི་སྤྱི་དོན་ཆེན་མོ་སོགས་སུ་ལྟ་བར་བྱའོ། འོན་ཀྱང་ད་ལྟའི་དུས་འདི་འདྲར་ནི། རྒྱལ་བའི་རྟེན་གསུམ་བཞེངས་པར་བྱེད་པ་ལ་བཟོ་རིགས་མཁན་པོ་ཅི་འདྲ་བ་ཞིག་བསྟེན་ཀྱང་ཤ་ཆང་གི་ཡོ་ལང་ལ་མ་བརྟེན་པར་ནམ་མི་འགྲུབ་ལ། རབ་ཏུ་གནས་པའི་ཆོ་ག་བ་བླ་མ་སློབ་དཔོན་ཆེ་ཆུང་ཇི་ལྟ་བུ་གདན་འདྲེན་ན་ཡང་སེམས་ཅན་སྲོག་གཅོད་བྱས་པའི་ལོངས་སྤྱོད་ཀྱི་མཆོད་སྦྱིན་ཤ་སྟག་ལ་བརྟེན་དགོས་ཚེ། སྡིག་པས་བསྒྲུབ་པའི་བྱ་བྱེད་དེ་དག་ལ་མིང་བཟང་པོ་ཇི་ལྟ་བུར་བཏགས་ཀྱང་འབྲས་བུ་ནི་རང་གཞན་དང་དེ་ཕྱོགས་སུ་འབྲེལ་པ་འཇོག་ཚད་ཀྱི་འགྲོ་བ་ངན་སོང་ལས་གཞན་དུ་མི་འགྱུར་བ་ནི་རྒྱལ་བའི་བཀའ། བླ་མའི་མན་ངག །རང་གི་རིག་པ་དང་བཅས་པས་མངོན་སུམ་ཚད་གྲུབ་ཏུ་གྱུར་བ་འདི་ལགས་ཤིང་། རང་གི་དད་པས་ལྕོགས་པ་དང་ཕྱག་


TR005_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ནུས་ན་ནི་རྟེན་གསུམ་གྱི་མ་ཕོངས་ཏེ། སྔོན་གྱི་ཆོས་རྒྱལ་བྱང་སེམས་དང་མཁས་གྲུབ་སྐྱེས་ཆེན་སོ་སོས་བཞེངས་ཤིང་རབ་ཏུ་གནས་པར་མཛད་པའི་གཙུག་ལག་རྟེན་གསུམ་འདི་ཙམ་ཞིག་ཡུལ་ཕྱོགས་ཀུན་ཏུ་བཞུགས་མོད་ཀྱང་། སྐྱེ་འགྲོ་རྣམས་རང་རྒྱུད་མ་རུངས་པས་དེ་དག་ལ་བཀུར་སྟི་ཞབས་གཏོགས་མི་བྱེད་ཀྱི་ཁར། གཙུག་ལག་ཁང་དང་བཙོན་ཁང་བྱེད་ཅིང་ལ་ལ་ན་ཕྱུགས་ལུགས་འཇུར། སྐུ་གསུང་ཐུགས་ཀྱི་རྟེན་ཐམས་ཅད་ཀྱང་ལ་ལ་ནི་བཤིག །ལ་ལ་ནི་བཙོངས་ནས་སྐུ་གླུད་ཟ། ལ་ལ་བུ་ལོན་གྱི་གཏའ་མ་དང་མནའ་སྐྱེལ་བའི་དཔང་པོ་བྱེད་ཅིང་། ཐ་ན་སཱཙྪ་ཐམས་ཅད་ཁྱི་ལ་བརྡེགས་པའི་ལག་ཆར་བྱེད་པའི་དུས་འདི་འདྲ་ལ། ཕྱི་ཀུན་རྫོབ་འདུས་བྱས་ཀྱི་རྟེན་བཞེངས་པ་བས་ཀྱང་། ནང་རང་རིག་


TR005_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་མ་བྱས་ཡེ་ཤེས་ཀྱི་རྟེན་མཆོག་བཞེངས་པ་ལ་འབད་ན། སྡིག་དང་མི་འདྲེས་ཤིང་ཚོགས་ཆེན་འཕེལ་ལ་རང་གཞན་དོན་གཉིས་ཀྱི་རླབས་ཀྱང་འདི་ཆེ་བར་འགྱུར་བས་དེ་ལྟར་ཐུགས་ལ་དགོངས་འཚལ། ཞེས་རབ་གནས་ཀྱི་དྲིས་ལན་ལས་འཕྲོས་པའི་སྐབས་དོན་དུ་ཕུལ་བ་ལགས། འདིར་ཞར་ལ་བུམ་པའི་མཚན་ཉིད་སོགས་ཀྱི་དྲི་བ་འགའ་ཞིག་གནང་བའི་ལན་དུ་ཕུལ་བ་ནི། དེ་ཡང་བུམ་པ་ལ་གསུམ་སྟེ། དོན་ཆོས་ཉིད་ཀྱི་བུམ་པ་ནི་ཆོས་ཀྱི་དབྱིངས་དང་རིག་པའི་ཡེ་ཤེས་དབྱེར་མེད་པ། རྟགས་འདུས་བྱས་ཀྱི་བུམ་པ་ནི། ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་སྐྱེ་འགྲོའི་གཟུགས་ཕུང་སོགས་ཡིན་ལ། མཚོན་བྱེད་རྫས་ཀྱི་བུམ་པ་དངོས་ལ་ཡང་རྒྱུ་ནི་སྤྱིར་རིན་པོ་ཆེ་དང་། ཁྱད་པར་ལས་སོ་སོ་ལ་ཐ་དད་དང་མཐུན་པའི་རྒྱུ། ཚད་ནི། ཆེ་བ་ལ་ཆུ་ཁྱོར་བ་དྲུག་ཤོང་བ་


TR005_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཆུང་བ་ནི་ཁྱོར་བ་གསུམ་ཤོང་བ་ཡན་ཆད་ནི་སྤྱི་ཁྱབ་དང་། བྱེ་བྲག་ཏུ་ནི། དུས་འཁོར་ལྟར་ན། ལྟོ་བ་ཟླུམ་པོའི་འཁོར་ཡུག་ཏུ་སོར་བཅུ་དྲུག །མགྲིན་པའི་འཁོར་ཡུག་ལ་སོར་དྲུག ཁ་ཁྱེར་གྱི་ཞེང་ལ་སོར་བརྒྱད། དེའི་གསུམ་ཆ་ནི་དབུས་ཀྱི་བུག་པ། ཁ་ལས་ཕྱིར་འཕྱང་བའི་མཆུ་སོར་དོ་པ་དང་། བུམ་པའི་དཔང་ལ་སོར་ཉི་ཤུ་པ་བྱ་བར་བཤད་ལ། གཞན། ལས་ཁ་ཚར་སོ་སོ་ལ་དབྱིབ་ཚད་ཀྱང་སོ་སོར་བཤད་ཅིང་། དིང་སང་གི་བུམ་པ་ལ་ཡོད་པའི་མཆུ་འདི་ནི། གཞུང་རྣམས་ལས་མ་གསུངས་སོ། ཁ་དོག་ནི། རིན་པོ་ཆེའི་བུམ་པ་ཡིན་ན་ལེགས་པར་འཕྱིས་པའི་རང་མདོག་དང་། རྫ་ལ་སོགས་པ་ཡིན་ན་ས་དཀར་གྱི་བྱུགས་ཤིང་། ལྟོ་བའི་ལོག་ལ་རིགས་ལྔའི་ཕྱ་ཚན་གྱི་རི་མོ་བྲི། གྲངས་ནི། རབ་ཀྱི་ལྷ་གྲངས་དང་མཉམ་


TR005_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

པ། འབྲིང་དགུའམ་ལྔ། ཐ་མ་གཅིག་ལ་བསྡུ་ཞིང་ལས་བུམ་དང་བཅས་པ་དགོས་ལ། རྙིང་མའི་བཀའ་བརྒྱད་དགོངས་འདུས་སོགས་ལ་ནི་གཙོ་བོ་དགུ་ཡོད་པའི་ཕྱིར་བུམ་པ་དགུ་ངེས་པར་དགོས་པའོ། །མགུལ་འཆིངས་ནི་གཙོ་བོའི་སྐུ་མདོག་དང་མཐུན་པའམ་ཁ་དོག་ལྔ་པ། སྐུ་ལྔ་མཚོན་ཕྱིར་དུ་ཟེ་སྤྲོག་ལྔ་ལྡན་ཞེས་དར་མདུད་ཁུག་པ་ལྔ་ཡོད་པ་བྱ་བར་བཤད། གཟུངས་ཐག་ནི་དར་མཚོན་ལྔ་སྒྲིལ་འདོམ་པ་གསུམ་ལས་མི་ཐུང་བ་གཟུངས་ཀྱི་རྡོ་རྗེ་སོར་བཞི་པས་མཚན་པ་དང་། ཁ་རྒྱན་ནི། གདུལ་བྱའི་རེ་འདོད་ཡིད་བཞིན་དུ་སྐོང་བའི་རྟགས་སུ་དཔག་བསམ་ལོ་འདབ་རྒྱས་པ་མེ་ཏོག་འབྲས་བུར་ལྡན་པ་ལ་བྱ་བར་གསུངས་པ་ནི་སྤྱིར་བཏང་ཡིན་ལ། དམིགས་བསལ་ལྟར་ན། རྒྱུད་སྡེ་འོག་མ་རྣམས་ལ་ཙཱ་ཀུ་ཤའི་ཆུན་བུས་རྒྱན་པ་ནི་


TR005_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་དུ་བྲམ་ཟེ་སོགས་རིགས་བྱེད་ཀྱི་གཞུང་ལས་སྐུ་ཤ་འདི་ནི་དག་ཅིང་previous hit གཙང next hit་མར་བྱེད་པའི་ནུས་པ་དང་ལྡན་པའི་རྫས་ཡིན་པས། འདིས་ཁ་རྒྱན་དུ་བྱས་པའི་བུམ་པས་སྡིག་སྒྲིབ་སོགས་འདག་པར་བཤད་པ་དང་སྒོ་སྟུན་པ་ཡིན་ལ། རྨ་བྱའི་མདོངས་ནི་གསང་སྔགས་བླ་མེད་ལ་བསྔགས་ཏེ། རྨ་བྱས་དུག་ཟོས་པས་ལུས་སྟོབས་བཀྲག་མདངས་འཕེལ་ཞིང་། སྐྱེ་འགྲོ་གཞན་གྱིས་དུག་བཟར་མི་བཏུབ་པ་བཞིན། བླ་མེད་ཀྱི་སྣོད་ལྡན་རྣམས་ཉོན་མོངས་ལམ་དུ་ལྷོངས་ནུས་ལ། ཐེག་པ་གཞན་གྱི་དེ་ལྟར་མ་ཡིན་པའི་བརྡ་རྟགས་སུ་བཤད་དོ། །གཟུངས་ཐག་གི་དགོས་ཆེད་ནི། བདག་མདུན་གཉིས་ཀྱི་ཐུགས་ཀའི་སྔགས་འཕྲེང་ལས་འོད་ཟེར་སྤྲོ་བསྡུ་བྱེད་པའི་རྒྱུན་ལམ་ཚུལ་ཡིན་ཞིང་། རྡོ་རྗེ་ནི་ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའ་ཐུགས་སྲོག་ས་བོན་


TR005_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་པ་སྟེ། མདོར་བསྡུ་ན། བུམ་པ་རྒྱན་ལྡན་ནི་སྐུའི་སྒྲུབ་རྟེན། གཟུངས་ཐག་གསུང་གི་རྟེན་རྡོ་རྗེ་ཐུགས་ཀྱི་རྟེན་ཡིན་པར་གསུངས་སོ། །སྒྲུབ་གཞུང་ལ་ལར། བུམ་པའི་ཁར་དུང་ཆོས་བཞག་པའི་དགོས་པ་ནི། དུང་ཆོས་དེར་ལས་བྱེད་ཀྱི་ལྷ་རྡོར་སེམས་སམ། རྣམ་འཇོམས། རྟ་མགྲིན། ཕྱག་རྡོར། བགེགས་མཐར་བྱེད་སོགས་གང་རིགས་དང་། ཕལ་ཆེར་དུ་ནི་བདུད་རྩི་འཁྱིལ་བ་བསྐྱེད་བཟླས་བྱས་པའི་ཆུ་དེ་བུམ་པ་རྣམས་སུ་ཅུང་ཟད་བླུག་པ་ཙམ་གྱིས། བུམ་ནང་གིས་ལྷ་རྣམས་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ། དཔེར་ན། ཆང་ལ་ཕབས་ཐེབས་པའམ། ཞོ་ལ་རྩབས་བླུགས་པ་དང་། རིན་ཆེན་བཞུ་སར་ཚ་ལ་བཏབས་པ་བཞིན། བུམ་ནང་གི་ལྷ་ཚོགས་འོད་དུ་ལྟེམ་གྱི་ཞུ་ཞིང་བུམ་ཆུ་དང་དབྱེར་མེད་དུ་གྱུར་ནས་ཕྲིན་ལས་ཐོགས་པ་མེད་པར་མཛད་པའི་རྐྱེན་དང་སྐུལ་བྱེད་དུ་འགྱུར་བའི་


TR005_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་དོན་ཡིན་པར་གསར་རྙིང་ཐམས་ཅད་དགོངས་པ་མཐུན་ནོ། །གཞན་ཡང་བུམ་རྫས་ནི་གསང་སྔགས་སྤྱི་ལ་ལྔ་ཚན་ལྔ་དང་། བླ་མེད་གོང་མའི་སྐབས་འགའ་ཞིག་ཏུ་ཉེར་ལྔ་པོ་དེའི་སྟེང་དུ་ཤ་ལྔ་བདུད་རྩི་ལྔ་རྣམས་བསྣན་པའི་སོ་ལྔ་ཚང་དགོས་པ་ཡང་ཡོད་མོད་ཀྱི་དེ་དག་གི་ངོས་འཛིན་དང་སྦྱར་ཚུལ་སོགས་ནི་སྒྲུབ་ཐབས་སོ་སོ་ལས་འབྱུང་ཕྱིར་སྨོས་མ་དགོས་ལ། བྱུང་ཚུལ་དང་དགོས་ཆེད་ཕན་ཡོན་རྣམས་ནི་རྒྱུད་འབྲེལ་ཆེ་བའི་རིགས་དང་། དབང་དོན་རབ་དབྱེ་ཐེག་མཆོག་གསལ་བྱེད་སོགས་ལས་ཀྱང་འབྱུང་མོད་ཀྱི། འདིར་ནི་ཡི་གེས་འཇིག་ནས་མ་བཀོད་དོ། །ཡང་རེ་ཤིག་གི་ཚེ་ཉིད་ཀྱིས་གསུང་རབ་སྤྱི་ལ་འཇུག་པའི་དོན་གྱི་སྒོའི་བྱེ་བྲག །ཡི་གེ་དང་། མིང་དང་། ཚིག་དང་། ཚིག་བཅད་དང་། ལྷུག་པ་དང་། སྡེབ་སྦྱོར་དང་། ཤླཽ་ཀ་དང་། བམ་པོ་ལ་སོགས་


TR005_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབྱེ་ཚུལ་གྱི་དྲི་རྨེད་གནང་བ་ལ། སྤྱིར་འདི་དག་གི་ཞིབ་ཆའི་སྤྲོས་པ་མཐའ་དག་ནི་བསྟན་བཅོས་ཆེན་པོ་ཕལ་ཆེར་ལས་འབྱུང་ཕྱིར་བདག་འདྲས་འདིར་བརྗོད་མི་དགོས་མོད་ཀྱང་། བཀའ་མི་ཆོག་ཕྱིར་དྲན་ཐོ་ཙམ་ཞིག་འབུལ་བར་བྱ་སྟེ། དེ་ཡང་ཡི་གེ་འདུས་པས་མིང་དུ་གྲུབ་ཅིང་། མིང་ལས་ཚིག་བྱུང་། ཚིག་ལས་བཀའ་དང་བསྟན་བཅོས་སོགས་འབྱུང་བ་ཉིད་དང་། དེ་དག་ལ་ཚིག་རྐང་ཤོ་ལོ་ཀ །བམ་པོ་སོགས་སུ་འགྱུར་བས་ན། དང་པོ་ཡི་གེའི་ངོ་བོ་ནི། དཔང་ལོའི་གསུང་ལས། བརྗོད་འདོད་དབང་གིས་རླུང་གཡོས་ཤིང་། །དེ་ཡི་གནས་དང་བྱེད་པ་དང་། །རྩོལ་བ་སྐྱེད་དེ་དབུགས་དབྱུང་དང་། ལྷན་ཅིག་ཡི་གེའི་གདངས་རྣམས་སྐྱེད། །ཞེས་གསུངས་པ་ལྟར། ཡི་གེ་དངོས་ནི་ངག་ནས་བརྗོད་པ་ཉིད་ཡིན་ཀྱང་དེ་མཚོན་པར་བྱེད་པའི་དཔེའམ་བརྡ་ཙམ་


TR005_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གཟུུགས་སུ་བྲིས་པ་འདི་ལ་ཡིག་གཟུགས་ཅེས་བྱ་བ་ཡིན་པར་བཤད་ལ། དེ་ཡང་དཔེར་ན་ཨ་ཅེས་པའམ། ཀ་ཅེས་པ་ལྟ་བུ་བརྗོད་པའི་ངག་དེ་ཉིད་ལ་ཡི་གེ་ཞེས་བྱ་བ་ལས། དེའི་རྩ་བ་ནི་དབྱངས་དང་གསལ་བྱེད་གཉིས་ཡིན་ཕྱིར་དེ་གཉིས་ངོས་འཛིན་དང་དབྱེ་བསྡུའི་ཚུལ་གྱི་ལུགས་མི་འདྲ་བ་དུ་མ་ཡོད་དེ། གསུང་རབ་སྤྱི་མཐུན་ཡོངས་གྲགས་ལྟར་ན། དབྱངས་ཡིག་ཨ་ནས་རྣམ་བཅད་བར་གྱི་བཅུ་དྲུག །གསལ་བྱེད་ཀ་ནས་ཀྵའི་བར་གྱི་སོ་བཞི་པོ་བསྡོམས་པའི་ལྔ་བཅུ་ལ་དབྱངས་གསལ་དུ་ཆ་འཇོག་མོད། བྱེ་བྲག་ཏུ་ནི། སྒྲ་པའི་ལུགས་ལྟར་ན་དབྱངས་ཡིག་བརྒྱ་དང་སུམ་ཅུ་སོ་གཉིས། གསལ་བྱེད་སྟོང་ཕྲག་བཞི་དང་སུམ་བརྒྱ་དང་ང་དྲུག འདི་ལ་ཡང་དབྱངས་དངོས་ནི་བཅུ་བཞི་ཡིན་ཀྱང་། ང་རོ་དང་རྣམ་བཅད་གཉིས་པོ་ཨ་ལ་སྦྱར་ནས་དབྱངས་ཀྱི་ཁྲོད་དུ་བསྡེབ་


TR005_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཙམ་ཡིན་ནོ། ཡོད་པར་བཤད། ༡ དུས་འཁོར་ལྟར་ན། རྒྱལ་བའི་མཚན་པོ་སུམ་ཅུ་རྩ་གཉིས་མཚོན་ཕྱིར་དབྱངས་ཡིག་སོ་གཉིས་དང་། དཔེ་བྱད་བརྒྱད་བཅུ་མཚོན་པས་གསལ་བྱེད་རྐྱང་པ་བཞི་བཅུ་དང་། རྩེགས་མ་བཞི་བཅུ་བསྡོམས་པའི་བརྒྱད་བཅུར་གསུངས་ཤིང་། དེ་ཐམས་ཅད་བསྡུ་ན་ཐབས་ཤེས་ཨེ་ཝཾ་གཉིས་ལ་འདུས་ཚུལ་དང་བཅས་པས་བསྟན་པར་མཛད། ༢ པཎ་ཆེན་སྨྲྀ་ཏིས་མཛད་པའི་སྨྲ་སྒོ་མཚོན་ཆའི་ལུགས་ལ་ནི། གསལ་བྱེད་རྣམས་སྤྱི་ལྟར་ལས། དབྱངས་ཡིག་རྣམ་པ་བདུན་དུ་བཞེད། དེ་དག་གི་རྣམ་འགྱུར་གྱི་ཁྱད་པར་ཀྱང་། དྲང་པོ་མདའ་ལྟ་བུའི་ཡི་གེ་ཨ་དང་། བསྒྲེང་བ་བསེ་རུ་ལྟ་བུ་ཨེ་དང་། བཀུག་པ་གླང་སྣ་ལྟ་བུ་ཨི་དང་། བསྟོད་པ་གདུགས་ལྟ་བུ་ཨོ་དང་། སྨད་པ་རྐང་རྟེན་ལྟ་བུ་ཨུ་དང་། སྒྲིམས་པ་མེ་རི་ལྟ་བུ་རྀ་དང་། གློད་པ་ཆུ་རིས་ལྟ་བུ་ལྀ་དང་།


TR005_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་དུ་བཤད་པ་སྡེབ་སྦྱོར་གྱི་བསྟན་བཅོས་རྣམས་ལས་གསུངས་པའི་ལུགས་ལྟར་ན། དབྱངས་ཡིག་ཉི་ཤུ་རྩ་གཉིས་དང་། གསལ་བྱེད་སུམ་ཅུ་སོ་བདུན་དུ་མཛད་ལ། ༣ ཐོན་མིས་མཛད་པའི་སུམ་རྟགས་ཀྱི་གཞུང་ལུགས་སུ་ནི་བོད་ཀྱི་ཡུལ་ཁོ་ན་ལ་དགོངས་ཕྱིར་བོད་སྐད་དང་མཐུན་པའི་གསལ་བྱེད་ཀ་ནས་ཨའི་བར་གྱི་སུམ་ཅུར་གཏན་ལ་ཕབ་ཅིང་། དབྱངས་ཀྱི་ཡི་གེའི་ཨ་ཉིད་ཐམས་ཅད་ཀྱི་སྲོག་དང་སྙིང་པོ་ཡིན་ཀྱང་གསལ་བྱེད་ཀྱི་གྲངས་སུ་བསྡེབས་ཏེ། དབྱངས་གཞན་རྣམས་བོད་སྐད་ལ་མི་འཁོད་ཕྱིར་བཞག་ནས། ཨི་ཨུ་ཨེ་ཨོ་བཞི་པོ་གསལ་བྱེད་གཞན་གྱི་སྲོག་ཏུ་ཞུགས་པ་ལས། གུ་གུ། ཞབས་ཀྱུ་དང་། འགྲེང་བུ་དང་། ན་རོ་ཞེས་མིང་དུ་བཏགས་པས། བོད་སྐད་ལ་ཆོས་སློབ་དུ་


TR005_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

རུང་བའི་སྐུ་དྲིན་འདི་ལྟར་མཛད་པ་སྟེ་མདོར་ན་ཡི་གེའི་ངོ་བོ་ནི་དེ་ལྟ་བུ་ཡིན་ལ། དབྱེ་བའི་རྣམ་གྲངས་ནི་སྤྱིར་བསམ་གྱིས་མི་ཁྱབ་ལ། མདོར་བསྡུ་ན་རྒྱ་ཆེར་རོལ་པའི་མདོ་ནས་གསུངས་པའི་ཡིག་རིགས་དྲུག་ཅུ་རྩ་བཞི་པོར་འདུས་ཤིང་། དེ་དག་གི་ནང་ནས་ཁྱད་པར་འཕགས་པའི་ལཱཉྪ་ན་ལྷའི་ཡི་གེ་དང་། ཝརྟཱུ་ལ་ཀླུའི་ཡི་གེ་དང་། ན་ག་ར་མིའི་ཡི་གེ་ང་གསུམ་པོ་གཙོ་བོ་ལྟ་བུ་ཡིན་པ་དང་། དེ་ལས་ཀྱང་ལྷ་ཀླུའི་ཡི་གེ་གཉིས་པོ་འདི་ནི་འཇིག་རྟེན་གྱི་ཁམས་འདིར་སངས་རྒྱས་དང་འཁོར་ལོས་བསྒྱུར་བ་གཉིས་ནམ་བྱོན་པའི་ཚེ་མ་གཏོགས་གཞན་དུ་མི་འབྱུང་ཞིང་། སངས་རྒྱས་ཀྱི་བསྟན་པ་ནུབ་པའི་ཚེ་འདི་དག་ཀྱང་ནུབ་པར་འགྱུར་ཕྱིར་བསྟན་པའི་བཙས་ཡིན་པས་ན་དེ་གཉིས་ལ་དཀྲིས་པའི་ཡི་གེ་ཞེས་མིང་དུ་གྲགས་པ་དང་། བོད་ཡུལ་དུ་ཡང་དང་པོར་ཐོན་མི་


TR005_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱིས་ལཱཉྪ་ན་ལ་དཔེར་མཛད་ནས་བོད་ཡིག་དབུ་ཅན་དང་། ཝརྟཱུ་ལ་དཔེར་མཛད་ནས་བོད་ཡིག་འབྲུ་ཚ་སྟེ། འདི་གཉིས་མཛད་པ་ལ་བརྟེན་ནས་བོད་ཡུལ་འདིར་དབུ་ཅན་ལ་གཟབས་ཆེན་གཟབས་ཆུང་དང་། དབུ་མེད་ལ་འབྲུ་ཆེན་འབྲུ་ཆུང་། ལི་ལུགས་འདན་ལུགས་སོགས་ཡིག་རིགས་དུ་མར་འཕེལ་ཞིང་། སླད་ནས་ལོ་པཎ་རྣམས་ཀྱི་བཀའ་དྲིན་ལས་བཀྲ་ཤིས་པའི་ཡི་གེ་གཉིས་པོ་དང་གཞན་ཡང་འཕགས་པའི་ཡུལ་གྱི་ཡིག་རིགས་ཕལ་ཆེ་བ་བོད་འདིར་དར་བར་གྱུར་བ་ལགས། དེ་ལྟ་བུའི་ཡི་གེ་དང་། མིང་དང་། ཚིག་དང་གསུམ་པོ་འདི། སྒྲ་པ་རྣམས་ཀྱི་ལུགས་ལ་ནི་དཔེར་ན་ཨ་གཅིག་པུ་ལ་ཡང་མིང་ཚིག་ཡི་གེ་གསུམ་ག་ཚང་བར་བསྒྲུབ་ཏུ་ཡོད་མོད་ཀྱང་། གསུང་རབ་སྤྱིའི་ལུགས་ལ་ནི་དེ་གསུམ་ཐ་དད་པར་གསུངས་ཏེ་


TR005_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན། སངས་རྒྱས། ཆོས། དགེ་འདུན། ཞེས་པ་ལྟ་བུའམ། ལྷ། ཀླུ། མི་ཞེས་པའམ། རྒྱལ་པོ་བློན་པོ་ཅེས་པ་ལྟ་བུ་དངོས་པོ་གང་དང་གང་ཡིན་པ་དེའི་ངོ་བོ་ཙམ་བརྗོད་པ་ལ་མིང་ཅེས་བྱ་བ་ཡིན་ལ། མིང་དེ་ལའང་དབྱེ་ན་གཉིས་ཏེ། འདོད་རྒྱལ་གྱི་མིང་དང་རྗེས་གྲུབ་ཀྱི་མིང་ངམ། དངོས་མིང་དང་བཏགས་མིང་གཉིས་ཡོད་དེ། དང་པོ་འདོད་རྒྱལ་ལམ་དངོས་མིང་ནི། ངེས་ཚིག་བཤད་དུ་མེད་རུང་ཁོ་རང་གི་མིང་གདོད་ནས་དེར་ཐོགས་པ་སྟེ། དཔེར་ན། ས། ཆུ། མེ། རླུང་། ཞེས་པ་ལྟ་བུ་ཡིན་པས་མིང་དེ་དག་བརྗོད་པ་ཙམ་གྱིས་འབྱུང་བའི་དངོས་པོ་དེ་དང་དེ་དག་དྲན་པར་འགྱུར་ཕྱིར་མིང་ཡིན་ཀྱང་། སྒྲའི་ངེས་ཚིག་བཤད་དུ་མེད་ཕྱིར་འདོད་རྒྱལ་གྱི་མིང་ཞེས་བྱའོ། །གཉིས་པ་རྗེས་གྲུབ་བམ་བཏགས་པའི་མིང་ནི། དཔེར་ན། སའི་མིང་


TR005_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འདེགས་བྱེད་དང་། ཆུ་ལ་དག་བྱེད་དང་། མེ་ལ་སྲེག་བྱེད་དང་། །རླུང་ལ་སྐྱོད་བྱེད་ཅེས་པ་ལྟ་བུ་སྟེ། དངོས་པོ་དེ་རྣམས་སོ་སོས་ལས་དེ་དང་དེ་དག་བྱེད་ནུས་པའི་ཕྱིར་མིང་དེ་ལྟར་བཏགས་པ་ཡིན་པས་སོ། །དེ་ལྟ་བུ་བཏགས་མིང་དེ་ལའང་ནང་བསེས་ཀྱི་དབྱེ་བ་བྱས་ན། རྒྱུ་ལ་འབྲས་མིང་བཏགས་པ། འབྲས་བུ་ལ་རྒྱུ་མིང་བཏགས་པ། རྟེན་ལ་བརྟེན་པའི་མིང་དང་བརྟེན་པ་ལ་རྟེན་གྱི་མིང་བཏགས་པ་སོགས་དང་། ཆ་ཤས་ལ་ཡོངས་རྫོགས་ཀྱི་མིང་དང་། ཡོངས་རྫོགས་ལ་ཆ་ཤས་མིང་བཏགས་པ་དང་། གྲོགས་ལ་གྲོགས་ཅན་གྱི་མིང་དང་མཚན་གཞི་ལ་མཚན་ཉིད་ཀྱི་མིང་བཏགས་པ་སོགས་མཐའ་ཡས་པ་མཆིས་པར་མངོན་པ་དང་སྒྲ་རིགས་ཀྱི་གཞུང་རྣམས་ལས་འབྱུང་ངོ་། །དེ་ལྟ་བུའི་མིང་གི་བྱེ་བྲག་དེ་ལས་ཁྱད་པར་བའི་དངོས་པོའམ་བྱེད་ལས་གསལ་


TR005_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

བར་སྟོན་པ་ནི་ཚིག་ཡིན་ཏེ། དཔེར་ན། སངས་རྒྱས་ཤཱཀ་ཐུབ། ཅེས་པའམ། ཆོས་དཀོན་མཆོག་རྩེགས་པ། ཅེས་པ་ལྟ་བུ་དངོས་པོ་དང་། བྱེད་ལས་སྟོན་པ་ནི་དཔེར་ན། ས་གཞི་ཁོད་སྙོམས་པ། ཆུ་ཐུར་དུ་འབབ་པ། མེ་ཡིས་བསྲེག །རླུང་གིས་བསྐྱོད། ཅེས་པ་སོགས་ལྟ་བུ་སྟེ་མིང་ལས་ཚིག་ཏུ་གྱུར་བའོ། །ཡི་གེ་ལ་དོན་གྱི་ངོ་བོ་སྟོན་ནུས་པ་དང་མི་ནུས་པ་གཉིས་ཀ་ཡོད་དེ། ཡིག་འབྲུ་གཅིག་གིས་དོན་སྟོན་ནུས་པའི་རིགས་ནི། བོད་སྐད་ཀྱི་དབང་དུ་བྱས་ན། ས། ཞེས་པའི་ཡི་གེ་གཅིག་པུ་དེས་འདེགས་བྱེད་ཀྱི་དོན་གོ་བར་ནུས་པ་དང་། ཁ། ཞེས་པ་ཙམ་གྱིས་གཏམ་སྨྲ་བའི་སྒོ་ཉིད་གོ་བ་དང་། ཉ། ཞེས་པ་ཙམ་གྱིས་ཆུ་ལ་གནས་པའི་སྲོག་ཆགས་དེ་ཉིད་གོ་ནུས་པ་སོགས་ལྟ་བུ་ཡིན་ནོ། །ཡང་། ཡིག་འབྲུ་རེ་རེས་དོན་སྟོན་མི་ནུས་པའི་


TR005_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ནི་རྒྱ་བོད་གཉིས་ཀའི་དབང་དུ་བྱ་ན། ཀ གྷ། ཀྵ། ཞེས་སོགས་ལྟ་བུ་ཡིན་ལ། ཡི་གེ་གཉིས་ཡན་ཆད་སྦྲེལ་བའི་མང་དུ་ཚོགས་པ་ལས་ནི་མིང་དང་ཚིག་ཏུ་འགྲུབ་པ་སྟེ། དཔེར་ན། ཨ་ཕ། ཨ་མ། ཞེས་སོགས་ཡི་གེ་ཉིས་འབྲེལ་དང་། བུམ་པ། གླང་པོ་ཆེ། རིན་པོ་ཆེའི་རི་བོ། ཞེས་པ་ལྟ་བུའོ། །ཚིག་དེ་ལ་ཡང་རྐང་པ་ཐ་དད་དུ་ཚིག་འབྲུ་གྲངས་ངེས་སུ་བཅད་པ་ནི་ཚིག་བཅད་དང་། རྐང་པར་མ་བཅད་པ་ལ་ལྷུག་པ་དང་། དེ་གཉིས་ཀ་ཚང་བ་ལ་སྤེལ་མ་ཞེས་བྱ་བ་དང་རྣམ་པ་གསུམ་དུ་བསྡུ་བ་ནི་བོད་སྐད་ཁོ་ནའི་དབང་དུ་བྱས་པ་སྟེ། རྒྱ་གར་དུ་ནི་དེ་དག་གི་སྟེང་དུ་རྒྱུན་ཆགས་སོགས་ཀྱང་ཡོད་པ་དང་། ཚིག་རྐང་ཉིད་ལའང་རྒྱ་གར་བའི་ལུགས་ལ་ལར་ཡིག་འབྲུའམ་ཚིག་རེ་རེ་ལ་རྐང་པར་བཅད་པ་ཡང་ཡོད་དེ། ཤྲཱི་མནཱ་དྷཱཿསུ། ཞེས་པ་ལྟ་བུ་དང་། དེ་


TR005_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་ཚིག་འབྲུ་གཉིས་རེ་དང་། གསུམ་རེ་དང་། བཞི་རེ་དང་། ལྔ་རེའི་བར་དུ་བཅད་པ་ལ་རྐང་པ་རེ་རེར་བྱ་ཚུལ་བཤད་པ་ཡོད་ནའང་། སྡེབ་སྦྱོར་རིན་ཆེན་འབྱུང་གནས་སོགས་གཞུང་ཆེན་རྣམས་ལས་ནི། ཚིག་རྐང་ཐུང་ཚད་ལ་ཚིག་འབྲུ་དྲུག་ལ་རྐང་པ་གཅིག་ཏུ་བཅད་པ་དང་། ཚིག་རྐང་རིང་ཚད་ལ་ཚིག་འབྲུ་ཉི་ཤུ་རྩ་དྲུག་ལ་རྐང་པ་གཅིག་ཏུ་བཅད་པར་བཤད་པ་ཡིན་ཀྱང་། བོད་སྐད་ལ་ནི་ཚིག་འབྲུ་བདུན་པ་ཚིག་རྐང་ཐུང་ཤོས་སུ་མཛད་པ་སྟེ། དཔེར་ན་མཚན་བརྗོད་དང་བྱམས་སྨོན་གྱི་ཚིག་རྐང་བཞིན་ནོ། །འབྲུ་བརྒྱད་ནི་སྒྲོལ་མ་དང་འབྲུ་དགུ་ལ་ནི་བཟང་སྤྱོད་སོགས་ལྟ་བུ་སྟེ། མདོར་ན་ཚིག་རྐང་རིང་ཐུང་གང་ལའང་དེ་ལྟ་བུ་གཅིག་ལ་ཚིག་རྐང་གཅིག་ཏུ་བརྗོད་པ་ཡིན་ཏེ། དཔེར་ན། སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །ཞེས་པ་ལྟ་བུའོ། །དེས་ན་ཚིགས་སུ་བཅད་པ་ཅེས་


TR005_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ནི་བཞེད་ལུགས་ཐ་དད་ཡོད་དེ། ལུང་གི་ཚིགས་བཅད་དང་བསྟན་བཅོས་ཀྱི་ཚིགས་བཅད་གཉིས། ལུང་གི་ཚིགས་བཅད་ནི་ཚིག་རྐང་གཅིག་ལ་ཚིགས་བཅད་རེར་བཞེད་པ་དང་། དེ་བཞིན་དུ། ཚིག་རྐང་གཉིས་དང་། གསུམ་དང་། བཞི་དང་། ལྔ་དང་། དྲུག་ལ་ཚིགས་སུ་བཅད་པ་རེར་བཞེད་པ་ཡོད་ནའང་། ད་ལྟ་ཡོངས་གྲགས་ལ་ནི། བསྟན་བཅོས་ལུགས་ཀྱི་ཚིགས་བཅད་རྐང་པ་བཞི་བཞི་ལ་ཚིགས་སུ་བཅད་པ་རེ་རེར་བཞེད་པ་ཉིད་ཐམས་ཅད་མཐུན་པ་ལགས། ཚིག་བཅད་རྐང་བཞི་ཉིད་ལ་ཡང་སྡེབ་སྦྱོར་བའི་ལུགས་ལ་བྲྀཏྟ་ཅེས། ཤོ་ལོ་ཀ་ནི་ལེགས་སྦྱར་གྱི་སྐད་དེ། བོད་སྐད་དུ་ཚིགས་སུ་བཅད་པ་ཞེས་བྱ་བ་ཡིན་ནོ། །རྐང་པ་བཞི་ཀ་ཡི་གེ་གྲངས་མཉམ་དུ་ཡོད་པ་དང་། ཛ་ཏི་ཞེས་ཡིག་འབྲུའི་གྲངས་མི་མཉམ་ཀྱང་སྲོག་གི་དབྱངས་ཐུང་ངུ་དང་རིང་བ་དང་ཤིན་ཏུ་རིང་བ་སོགས་ཀྱི་


TR005_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མཉམ་དུ་བྱས་པའི་མཚན་ཉིད་དང་ལྡན་པའི་ཚིགས་བཅད་ཀྱི་དབྱེ་ཚུལ་ཡོད་མོད་ཀྱང་བོད་སྐད་ལ་མི་ཁོ་ཕྱིར་ཞིབ་ཏུ་མ་བརྗོད་ལ། ཞིབ་པར་འདོད་ན་སྡེབ་སྦྱོར་གཞུང་འབྲེལ་དུ་བལྟའོ། །སྙན་ངག་པའི་ལུགས་ལ་ནི། ཚིག་རྐང་བཞིའི་ཚིགས་སུ་བཅད་པ་དེ་ལ་ཡང་ནང་ཚན་དུ་དོན་སྟོན་ཚུལ་གྱི་ཁྱད་པར་ཐ་དད་ལ་མིང་ཡང་སོ་སོར་བརྗོད་དེ་གྲོལ་བའི་ཚིག་བཅད་དང་། རིགས་ཀྱི་ཚིག་བཅད་དང་། མཛོད་ཀྱི་ཚིག་བཅད། འདུས་པའི་ཚིག་བཅད་དང་བཞི་ཡོད་དེ། དེ་ཡང་ཚིག་བཅད་གཅིག་གི་བརྗོད་བྱའི་དོན་ཡང་ཁོ་ན་རྫོགས་པར་སྟོན་པ་ལ་གྲོལ་བའི་ཚིག་བཅད་ཀྱི་མིང་དུ་བརྗོད་པ་དང་། བརྗོད་བྱའི་དོན་གཅིག་ཉིད་ཚིགས་བཅད་མང་དུ་སྦྲེལ་བའི་འཇུག་ཏུ་ཚིག་གཅིག་གིས་བསྡུས་ནས་སྟོན་པ་ལ། རིགས་ཀྱི་ཚིགས་བཅད་དུ་བརྗོད་པ་དང་། ཚིགས་བཅད་ གྱུར་ཞེས་པའམ་ཡོད་ཅེས་པ་ལྟ་བུ།


TR005_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གིས་བརྗོད་བྱའི་དོན་སྣ་ཚོགས་སྟོན་པ་ནི་མཛོད་ཀྱི་ཚིགས་བཅད་དང་། བརྗོད་བྱའི་དོན་གཅིག་ལ་ཚིག་བཅད་དུ་མ་དང་བྱ་ཚིག་ཀྱང་ཐ་དད་པ་མང་པོས་སྟོན་པ་ལ་འདུས་པའི་ཚིགས་བཅད་ཀྱི་མིང་དུ་བརྗོད་པ་སྟེ། དེ་ལྟར་ཚིག་བཅད་ཀྱི་མཚན་ཉིད་སྣ་ཚོགས་ཡོད་ཀྱང་། སྐབས་འདིའི་བཤད་བྱ་ནི། ཚིགས་རྐང་རིང་ཐུང་གང་ཡིན་ཀྱང་། ཚིག་རྐང་བཞི་ལ་ཚིགས་སུ་བཅད་པའམ་ཤོ་ལོ་ཀ་གཅིག་ཏུ་བརྗོད་པ་ལགས། ལྷུག་པ་ནི་ཚིག་རྐང་མ་བཅད་པའི་སིལ་བུ་ཉིད་ཡིན་ཏེ། མིང་གི་རྣམ་གྲངས་སོ། །རྐྱང་པ་ཅེས་ཀྱང་ཟེར་རོ། །སྡེབ་སྦྱོར་ནི། རྒྱུད་དང་བསྟན་བཅོས་ཆེན་པོ་ཐམས་ཅད་ལ། རྒྱ་གར་དུ་ལེགས་སྦྱར་གྱི་སྐད་ལ་ནི་མཚན་ཉིད་ཚང་བར་ཡོད་ཀྱང་། བོད་མཐའ་ཁོབ་ཀྱི་སྐད་དུ་བསྒྱུར་ཚེ་སྡེབ་སྦྱོར་ཐམས་ཅད་


TR005_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ནས་མེད་པར་འགྱུར་བ་མ་གཏོགས། རྒྱ་གར་གྱི་ཚིག་བཅད་ལ་སྡེབ་སྦྱོར་མེད་མི་སྲིད་ཅིང་ཁྱད་པར་འཕགས་པ་ཡིན་ཕྱིར། སྡེབ་སྦྱོར་གྱི་གཞུང་ཡང་མི་འདྲ་བ་དུ་མ་ཞིག་ཡོད་པའི་ནང་ནས་ཁྱད་ཆོས་མང་པོ་དང་ལྡན་པ་སློབ་དཔོན་ཤནྟི་པས་མཛད་པའི་སྡེབ་སྦྱོར་རིན་ཆེན་འབྱུང་གནས་ཀྱི་ལུགས་འདི་བོད་དུ་དར་ཞིང་གྲགས་པ་ཆེ་བ་དང་འགྲེལ་བ་མཛད་པ་པོ་ཡང་སྔ་ཕྱི་འགའ་རེ་འབྱུང་ལ། ཕྱིས་སུ་རྗེ་མི་སྐྱོད་ཞབས་ཀྱིས་མཛད་པའི་འགྲེལ་པ་ཡང་མཆིས་མོད་ཀྱི། མདོར་ན། སྡེབ་སྦྱོར་གྱི་ངོ་བོ་ནི་ཚིགས་བཅད་ཚིག་བར་དྲུག་པ་ནས་ཉེར་དྲུག་པའི་བར་གྱི་རིང་ཐུང་གང་ཡིན་པ་དེའི་ཚིག་འབྲུ་གསུམ་རེ་ལ་སྡེ་ཚན་རེར་ཕྱེས་ནས་དེ་གསུམ་པོའི་ཡི་གེ་ལྕི་བ་དང་ཡང་བ་རྣམས་ངོས་བཟུང་སྟེ། ཡང་བ་གཉིས་ཀྱི་འགོར་ལྕི་བ་གཅིག་བཀོད་


TR005_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

པའམ། ཡང་བ་གཉིས་ཀྱི་དབུས་སུ་ལྕི་བ་རེ་ཡོད་པ་དང་། ཡང་བ་གཉིས་ཀྱི་མཐར་ལྕི་བ་རེས་མཚན་པ་སོགས་དང་། སྡོད་པའམ་ངལ་གསོ་བའི་ཚད་དང་། དེ་ལྟར་ཡི་གེ་ལྕི་ཡང་གི་སྤེལ་ལུགས་རིང་ཐུང་སོགས་མི་འདྲ་བ་ཐ་དད་པ་དེ་ལ་སྡེབ་སྦྱོར་གྱི་མིང་ཡང་སོ་སོར་ཡོད་དེ། དབྱངས་སྒྲོག་རབ་དགའ་རྗེས་བསྔགས་བྲྀ་ཧ་སྟི། འཕྲེང་ལྡན། གསུམ་སྔགས། ཞེས་སོགས་ཀྱི་རྣམ་གྲངས་བརྒྱ་ལྷག་ཡོད་པ་སྟེ། གཞུང་གང་ཡིན་དེ་ཉིད་ཀྱི་དབུ་ནས་ཞབས་ཀྱི་བར་དུ་སྡེབ་སྦྱོར་གང་བྱེད་པ་དེ་ཉིད་ཁོ་ན་ལས་གཞན་མི་བསྲེ་བས། དཔེར་ན། དུས་འཁོར་བསྡུས་རྒྱུད་ཤོ་ལོ་ཀ་སྟོང་དང་སུམ་ཅུ་ལྷག་པ་ཐམས་ཅད་མེ་ཏོག་ཕྲེང་འཛིན་གྱི་སྡེབ་སྦྱོར་འབའ་ཤིག་ཏུ་ཡོད་པར་གསུངས་ལ། མཚན་བརྗོད་མངོན་རྟོགས་རྒྱན་སོགས་ནི་ཁ་སྒོ་ཅེས་བྱ་


TR005_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྡེབ་སྦྱོར་ཡིན་པ་དང་། འདི་གཉིས་རྒྱ་སྐད་ལ་ཡི་གེ་བརྒྱད་མར་ཡོད་ཀྱང་བོད་སྐད་ལ་ཚེག་བར་བདུན་པར་བསྒྱུར་ཤིང་། སྒྲོལ་མའི་ཕྱག་འཚལ་ཡང་སྡེབ་སྦྱོར་འདི་དང་གཅིག་ཀྱང་བོད་སྐད་ལ་ཚེག་བར་བརྒྱད་པར་བསྒྱུར་བ་དང་། བཤེས་སྤྲིངས་ནི་དབང་པོ་རྡོ་རྗེ་ཞེས་པའི་སྡེབ་སྦྱོར་ཏེ་ཡི་གེ་བཅུ་གཅིག་པར་ཡོད་ཀྱང་བོད་སྐད་ལ་དགུ་མར་བསྒྱུར་བ་སོགས་ཡིན་ནོ། །འོན་ཀྱང་བོད་སྐད་ལ་ནི་ལྕི་ཡང་གི་མཚན་ཉིད་ཚུལ་ལྡན་མེད་ཚེ་སྡེབ་སྦྱོར་ཇི་ལྟ་བ་བྱ་ཐབས་མི་འབྱུང་ལ། བོད་ཀྱི་སྙན་ངག་མཁན་ལ་ལས་རྒྱ་གར་གྱི་སྐད་དང་འདྲ་མཚུངས་བསྒྲིགས་ནས་བོད་སྐད་ལ་སྡེབ་སྦྱོར་གྱི་དཔེར་བརྗོད་བྱས་པ་དག་ནི་བླུན་པོ་མགུ་བྱེད་ཙམ་ལས་ཚད་ལྡན་མི་འགྲུབ་པར་གསུངས་སོ། །སྤྱིར་ཤེས་བྱ་རིག་པའི་གནས་ལྔ་ནི། སྒྲ། ཚད་མ། བཟོ། གསོ་བ།


TR005_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

རང་རིག་པ་དང་ལྔ་པོ་ཡིན། མདོ་ལ་རིག་གནས་ཆུང་བ་ལྔ་ནི། སྙན་ངག །སྡེབ་སྦྱོར། མིང་གི་མངོན་བརྗོད། ཟློས་གར། རྩིས་དང་ལྔ་ལས། ཟློས་གར་དངོས་ནི་བོད་ཡུལ་དུ་མ་དར་ལ་གཞན་བཞི་པོའི་ཆ་ཤས་ཙམ་དར་བ་ཡིན་པར་གྲགས་སོ། །སྡེབ་སྦྱོར་གྱི་ཚིག་བཅད་ཡི་གེ་ཉེར་དྲུག་པ་ལས་མང་བ་ནས་བཟུངས་ཏེ་ཡིག་འབྲུ་བརྒྱ་ཕྲག་སོགས་ཀྱི་བར་དུ་སྦྲེལ་ལེགས་ཅིང་ཚིག་ཐར་ཐོར་དུ་མ་གྱུར་བར་སྡེབ་སྦྱོར་གང་ཡིན་གྱི་འགྲོས་མ་ཞིག་པའི་མཐར་བྱ་ཚིག་ཇི་ལྟར་རིགས་པས་དོན་གསལ་བར་བྱས་པ་ནི་རྒྱུན་ཆགས་ཅེས་བྱ་བའི་མཚན་ཉིད་དེ། འདི་ཡང་དོན་ལ་ཚིག་བཅད་རིང་པོའི་ཁོངས་སུ་གཏོགས་པར་བཞེད་པ་མང་ངོ་། མདོར་ན་སྡེབ་སྦྱོར་གྱི་རིགས་འདི་དག་ ཀླུ་སྒྲུབ་ཀྱིས་མཛད་པའི་ཐུབ་དབང་སྒྲོལ་མའི་བསྟོད་པ་སོགས་ལྟ་བུ།


TR005_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཡི་གེ་ལྕི་ཡང་དང་ངལ་གསོ་སོགས་ཀྱི་མཚན་ཉིད་དང་འགྲོས་མ་ཉམས་པ་ཚིག་རྐང་ཐམས་ཅད་ལ་ཚད་གཅིག་ཏུ་འབྱུང་བ་ལས། བརྗོད་བྱའི་དོན་ཐ་དད་མ་ལུས་ཇི་བཞིན་དུ་སྟོན་ནུས་པ། དེ་ཉིད་ཀྱང་ཤོ་ལོ་ཀ་འགའ་དང་འགའ་ཞིག་ཙམ་དུ་མ་ཡིན་པར་གླེགས་བམ་ཆེན་པོའི་དབུ་ཞབས་ཚང་མར་དེ་ལྟར་ཤ་སྟག་ཏུ་འབྱུང་བ་ནི་ངོ་མཚར་ཆེ་བར་སྣང་ངོ་། །སྐབས་དོན་སྙིང་པོར། དེ་ལྟར་ཚིགས་སུ་བཅད་པའམ་ཤོ་ལོ་ཀ་དེ་ལྟ་བུ་གསུམ་བརྒྱ་ལ་བམ་པོ་རེར་མཛད་པ་སྟེ། དཔེར་ན་ཡུམ་རྒྱས་པ་ལ་བམ་པོ་གསུམ་བརྒྱ་ཤོ་ལོ་ཀ་འབུམ་ཕྲག་གཅིག་ཡོད་ཕྱིར། རྒྱས་པ་འབུམ་དུ་མཚན་གྲགས་པ་དང་། ཡུམ་བར་མ་ཤླཽ་ཀ་སྟོང་ཕྲག་ཉེར་ལྔ། ཡུམ་བསྡུས་པ་ལ་སྟོང་ཕྲག་བརྒྱད་ཡོད་ཕྱིར་མཚན་ཡང་དེ་དང་མཐུན་པར་འབོད་པ་ཡིན་ལ། ཤེར་ཕྱིན་སྡུད་པ་


TR005_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྡོར་གཅོད་གཉིས་ནི་བམ་པོ་རེ་རེའི་ཚད་དང་། ཤེར་ཕྱིན་སྙིང་པོ་ལ་བམ་པོ་གཅིག་གོ་ཞེས་གསུངས་མོད་ཀྱང་ཤོ་ལོ་ཀ་ཉེར་བརྒྱད་ལས་མེད་པས་བམ་ཚད་དངོས་མ་ལོངས་སོ། །དེས་ན་འདི་དག་གི་ཤླཽ་ཀ་ནི་ཚེག་བར་བདུན་པ། མཚན་བརྗོད་ཀྱི་ཚིག་རྐང་ལྟ་བུ་ལ་ཆ་བཞག་པའི་ཤླཽ་ཀ་ཡིན་ལ། ཚིག་ལྷུག་པ་གཞན་རྣམས་ལ་ཡང་དེ་དང་རིགས་བསྒྲེས་ནས་ཚེག་བར་བགྲངས་པ་དང་། བཞུགས་ཚན་ཆེ་བ་དག་ལ་ནི་ཤོག་གྲངས་ལ་རག་རྩིས་བྱས་པ་དང་། ལ་ལ་ནི་ཚིག་རྐང་རིང་བའི་ཚིག་བཅད་ཡིན་པའི་སྟབས་སོགས་ཀྱིས། བམ་ཚད་ཆེ་ཆུང་ངེས་མེད་སྣ་ཚོགས་འབྱུང་བའི་རྒྱུ་མཚན་ནི་དེ་ལྟར་ཡིན་པར་གསུངས་སོ། །ལེའུ་ལ་ནི་ལེགས་སྦྱར་གྱི་སྐད་དུ་སརྒ་ཞེས་བྱ་སྟེ། དེ་ལ་ནི་ཤླཽ་ཀའི་གྲངས་ཚད་སོགས་ཀྱི་ངེས་པ་མེད་པ། མིང་གཞན་


TR005_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པར་ཕྱེ་བ་དང་། རབ་ཏུ་བྱེད་པ་དང་། སྐབས་དང་། ཡལ་འདབ་དང་། རྣམ་པར་བཅད་པ་དང་། རིམ་རྐང་དང་། མཛོད་ཁང་དང་། སྡོམས་སུ་བསྡུས་པ་ཅེས་པ་ལ་སོགས་ལེའུའི་མིང་གི་བྱེ་བྲག་ནི་མཐའ་ཡས་པ་འབྱུང་ཞིང་། དགོས་དོན་ནི། བམ་པོར་བྱས་པ་ནི་ཆོས་ཚན་གང་ཡིན་པ་དེ་ཉིད་ཀྱི་ཚིག་དོན་ལ་ཆད་ལྷག་མི་འབྱུང་བའི་ཐབས་སམ། དཔེ་རྫིའམ། དཀར་ཆགས་ལྟ་བུ་ལ་དགོངས་ནས་བཀོད་པ་ཡིན་པར་གསུངས་ལ། ལེའུ་སོགས་གཞན་དེ་དག་གི་དགོས་པ་ནི་གཞུང་དེ་ཉིད་ལ་འཆད་ཉན་འཛིན་ཀློག་སོགས་གང་བྱེད་ཀྱང་ཧ་ཅང་འབྱམས་ཀླས་པའི་སྐྱོན་གྱི་ངལ་བར་མི་འགྱུར་བའི་ཕྱིར་དང་། གཞུང་དོན་དེ་དག་གི་སྐབས་སོ་སོ་ཐ་དད་ཀྱི་དབྱེ་མཚམས་སོགས་རྟོགས་པར་སླ་བ་ལ་དགོངས་པ་ཡིན་པར་བཞེད་པ་ལགས། ཁ་སིང་བཟང་སྤྱོད་སྨོན་ལམ་གྱི་འཕྲོས་དོན་ལས་ བཀའི་བསྡུ་བ་པོ་རྣམས་ཀྱི་


TR005_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམས་ཏེ།། ༈ །།སྡིག་པ་དང་སྒྲིབ་པ་གཉིས་པོ་གཅིག་མི་གཅིག་དང་། མི་གཅིག་ན་དབྱེ་ཚུལ་གང་ཡིན་གསུངས་པ། འདི་ལ་སྤྱི་ཙམ་དུ་ནི། ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པའི་དོན་ལ་གེགས་དང་སྒྲིབ་བྱེད་དུ་གྱུར་པའི་ཕྱིར་ན་སྒྲིབ་པའམ་སྡིག་པ་མི་དགེ་བ་ཞེས་ངོ་བོ་གཅིག་པར་བཤད་ལ། སྒྲིབ་པ་དེ་ལ་དབྱེ་ན་ལྔ་སྟེ་ཉོན་མོངས་པའི་སྒྲིབ་པ། ལས་ཀྱི་སྒྲིབ་པ། རྣམ་པར་སྨིན་པའི་སྒྲིབ་པ། ཤེས་བྱའི་སྒྲིབ་པ། སྙོམས་འཇུག་གི་སྒྲིབ་པ་དང་ལྔ་ལས། དང་པོ་ཉོན་མོངས་པའི་སྒྲིབ་པ་ནི། རྩ་ཉོན་དྲུག །ཉེ་ཉོན་ཉི་ཤུ། དེ་དག་གི་ཡན་ལག་ནི་བསམ་གྱིས་མི་ཁྱབ་ཅིང་། དང་པོ་རྩ་བའི་ཉོན་མོངས་པ་དྲུག་ནི། འདོད་ཆག །ཞེ་སྡང་། གཏི་མུག །ང་རྒྱལ། ལྟ་བ་ངན་པ། ཐེ་ཚོམ་དང་དྲུག་གོ། །ཉེ་བའི་ཉོན་མོངས་པ་ཉི་ཤུ་


TR005_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ནི། རྩ་བ་དུག་གསུམ་ཉིད་ལ་འདུ་ཡང་རྣམ་གྲངས་ཙམ་དུ། ཁྲོ་བ། འཁོན་འཛིན། འཆབ་པ། འཚིག་པ། ཕྲ་དོག །སེར་སྣ། གཡོ་སྒྱུ། རྒྱགས་པ། རྣམ་པར་འཚེ་བ། ངོ་ཚ་མེད་པ། ཁྲེལ་མེད་པ། མ་དད་པ། རྒོད་པ། རྨུགས་པ། བག་མེད། ལེ་ལོ། བརྗེད་ངས། རྣམ་གཡེང་། ཤེས་བཞིན་མ་ཡིན་པ་དང་ཉི་ཤུའོ། མདོར་ན་འདི་དག་ནི་སྒྲིབ་པ་ཐམས་ཅད་ཀྱི་རྩ་བའམ། སྡིག་པ་མི་དགེ་བ་མཐའ་དག་གི་རྒྱུ་ཡིན་ནོ། །གཉིས་པ་ལས་ཀྱི་སྒྲིབ་པ་ནི། གོང་གི་རྒྱུ་དེ་དག་ལ་བརྟེན་ནས་མི་རུང་བ་བྱེད་པ་རྣམས་ཡིན་ཏེ། མི་དགེ་བ་བཅུ་དང་། མཚམས་མེད་པ་ལྔ་དང་། དེ་དང་ཉེ་བ་ལྔ་ལ་སོགས་པ་རང་བཞིན་གྱི་མི་དགེ་བ་རྣམས་དང་། བསླབ་པ་གསུམ་དང་འགལ་བ་སོགས་བཅས་པའི་མི་དགེ་བ་ཐམས་ཅད་སྟེ། མདོར་ན་སྡིག་པ་མི་དགེ་བའི་ངོ་བོའམ། བྱེད་ལས་དངོས་ནི་འདི་དག་ཡིན་


TR005_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ལས་ཀྱི་སྒྲིབ་པ་ཅེས་བྱའོ། །གསུམ་པ་རྣམ་པར་སྨིན་པའི་སྒྲིབ་པ་ནི། སྡིག་པའི་ལས་དེ་དག་བྱས་པའི་འབྲས་བུ་ངན་སོང་གསུམ་སོགས་མི་ཁོམས་པའི་གནས་བརྒྱད་རྣམས་སུ་སྐྱེས་ཏེ་ཆོས་ཀྱི་ལས་ལམ་ལ་སྒྲིབ་ཕྱིར་རྣམ་སྨིན་གྱི་སྒྲིབ་པ་ཅེས་བྱའོ། །བཞི་པ་ཤེས་བྱའི་སྒྲིབ་པ་ནི། གཟུང་འཛིན་དངོས་པོར་ཞེན་པས་ཆོས་ཉིད་གནས་ལུགས་ཀྱི་དོན་མཐོང་བའི་གེགས་དང་སྒྲིབ་བྱེད་དུ་འགྱུར་ཕྱིར་ཤེས་སྒྲིབ་ཅེས་བྱའོ། །ལྔ་པ་སྙོམས་འཇུག་གི་སྒྲིབ་པ་ནི། ཏིང་ངེ་འཛིན་བསྒོམ་པ་ལ་གེགས་དང་སྒྲིབ་བྱེད་དུ་གྱུར་བ་ལྔ་ཡིན་ཏེ། འདོད་པ་ལ་ཞེན་འདུན་དང་། གཉིད་དང་། བྱིང་རྨུག་དང་། རྒོད་པ་དང་། ཐེ་ཚོམ་སོམ་ཉིད་དང་ལྔ་པོ་འདིས་ཏིང་ངེ་འཛིན་ལམ་དུ་མི་འགྲོ་བའི་རྐྱེན་དང་སྒྲིབ་བྱེད་དུ་འགྱུར་ཕྱིར་སྙོམས་འཇུག་གི་སྒྲིབ་པ་ཅེས་བྱ་སྟེ། དེ་ལྟ་


TR005_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་སྒྲིབ་པ་ལྔ་པོ་རྣམས་མདོར་བསྡུས་ན་ཉོན་སྒྲིབ་དང་ཤེས་སྒྲིབ་གཉིས་ལ་འདུ་བ་སྟེ། ལས་སྒྲིབ་དང་རྣམ་སྨིན་སྒྲིབ་པ་གཉིས་ནི་ཉོན་སྒྲིབ་ལས་བྱུང་བ་ཡིན་ལ། སྙོམས་འཇུག་སྒྲིབ་པ་ནི་ཤེས་སྒྲིབ་ཀྱི་ཆར་གཏོགས་པར་གསུངས་སོ། །དེ་ཕྱིར་སྡིག་སྒྲིབ་གཉིས་པོ་ངོ་བོ་འདྲ་ཡང་། རྣམ་པ་ལྟར་ན། རྒྱུ་དང་བྱེད་ལས་ཀྱི་དབྱེ་བའམ། བསམ་དང་སྦྱོར་བའི་ཁྱད་པར་རམ་བྱེད་པ་པོ་དང་བྱ་བའི་ཁྱད་འབྱེད་པ་ཙམ་ཉིད་དོ། །དེ་ཡང་ལས་དང་ཉོན་མོངས་རྣམ་སྨིན་གྱི་སྒྲིབ་པ་གསུམ་ནི་ཆོས་པ་དང་འཇིག་རྟེན་པ་ཀུན་ལ་འབྱུང་མོད་ཀྱི། ཤེས་སྒྲིབ་དང་སྙོམས་འཇུག་གི་སྒྲིབ་པ་གཉིས་ནི་ཆོས་པ་རྣམས་ལ་འབྱུང་བ་སྟེ། དོན་གྱི་སྙིང་པོར། ལས་ཀྱི་སྒྲིབ་པ་ནི་སྡིག་པ་དངོས་ཡིན་ལ། གཞན་འདི་དག་ལ་སྒྲིབ་པའི་མིང་དུ་བརྗོད་པ་ལགས་པ་དང་། སྒྲིབ་


TR005_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་རྣམས་ཀྱི་གསལ་ཐབས་ཀྱང་། ལས་ཀྱི་སྒྲིབ་པ་ལ་ནི་སྤོང་སེམས་དང་གཉེན་པོ་དྲག་པོས་ཕག་སྣ་ལ་བཏུན་བུ་བརྟེག་པ་ལྟར་གདོང་ཟློག་ཁོ་ནས་སེལ་བ་ལ་འབད་དགོས་ཤིང་། རྣམ་སྨིན་གྱི་སྒྲིབ་པ་ལ་ནི་འགྱོད་ཚང་དང་སྡིག་སྦྱོངས་མཐོལ་བཤགས་ཀྱི་ལས་རིམ་ལ་སྒོ་གསུམ་གཅིག་དྲིལ་ཏུ་བྱ་བ་དང་། གཞན་གསུམ་པོ་ལ་ནི་སོ་སོའི་མཚན་ཉིད་དང་རང་བཞིན་ཤེས་པས་བསལ་ནུས་མེད་ཀྱང་གང་ཟག་གི་ཁྱད་པར་ལ་རག་ཕྱིར། རང་ཉིད་ཐེག་པ་ས་གསུམ་དང་མདོ་སྔགས་ལམ་གང་ལ་གོམས་པ་དེའི་མན་ངག་གིས་བསལ་ཐབས་ཉིད་ཟབ་པ་དང་། ཁྱད་པར་ཤེས་སྒྲིབ་ནི་གནས་ལུགས་ཀྱི་དོན་ཇི་ལྟ་བར་རྟོགས་པ་ཉིད་ཀྱི་སེལ་བ་ལས། འདུས་བྱས་ཀྱི་བསལ་ཐབས་གཞན་ལ་ལྟོས་པ་ནི་མ་ཡིན་


TR005_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

པས། རང་སྒྲིབ་རང་གིས་བསལ་བའི་གནད་དོན་ཁོང་དུ་ཆུད་དགོས་པ་ཉིད་དོ། །དེ་ལྟར་འཆད་ཚུལ་འདི་ནི་གསུང་རབ་སྤྱི་བབས་ལྟར་ཡིན་ལ། སོ་སོའི་སྒེར་དོན་གྱི་འཆད་ཚུལ་མི་འདྲ་བ་ནི་བསམ་གྱིས་མི་ཁྱབ་ཕྱིར་རང་རང་གི་སྐབས་དོན་ལས་ཤེས་པར་བྱ་དགོས་པ་ལགས། ཡང་མཚམས་མེད་པ་ལྔའི་ནང་ཚན་གྱི་དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་ཕྱུངས་པ་ཅེས་པ་དང་། དགྲ་བཅོམ་པ་བསད་པ་སོགས་ཀྱི་ངོས་འཛིན་ཕྲོས་དོན་གནང་བའི་ཆ་ལ། སྤྱིར་མི་དགེ་བ་བཅུ་དང་མཚམས་མེད་པ་ལྔ་ལ་སོགས་ཀྱི་འཆད་ཚུལ་འདི་དག་ནི་ཐུན་མོང་ཐེག་པའི་དབང་དུ་མཛད་ཀྱི། གསང་སྔགས་ཀྱི་སྐབས་སུ་ནི་རང་གཞུང་གི་དམ་ཚིག་གི་ཕམ་ལྟུང་ཉེས་བྱས་སོགས་ཀྱི་ངོས་འཛིན་གཙོ་ཆེ་ནའང་། ད་ལམ་དྲི་བ་གནང་བའི་སྐབས་དོན། ལྷོ་བྲག་པས་མཛད་པའི་ཕག་མོ་རྣམ་


TR005_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་ཆེན་མོའི་དམ་ཚིག་འཆད་པའི་སྐབས། རྩ་ལྟུང་བཅུ་བཞིའི་ས་བཅད་དང་པོ་ལ་མཚམས་མེད་ལྔ་ཀ་ཡང་དོན་གྱིས་ཚང་བར་འགྱུར་ཚུལ་གསུངས་པ་ནི་ཤིན་ཏུ་ཡང་ཡིན་ཏེ། རྡོ་རྗེའི་སློབ་དཔོན་ནི་སངས་རྒྱས་དངོས་དང་རང་ལ་སྐུ་དྲིན་གྱི་ཆ་ནས་ནི་སངས་རྒྱས་ལས་ཀྱང་ལྷག་པ་ཡིན་ཕྱིར། དེ་ཉིད་ལ་ངན་སེམས་ཀྱི་སྐུ་ལ་བསྡོས་ན། དེ་བཞིན་གཤེགས་པ་ལ་ཁྲག་ཕྱུངས་ལས་ཀྱང་ཉེས་པ་ལྕི་བར་གཞིར་བཅས་ཏེ། ཅིའི་ཕྱིར་ན། མདོ་ལས་སྔགས་ལྷག་པར་དུ་ཕན་ཡོན་དང་ཉེས་དམིགས་གཉིས་ཀ་ནུས་པ་ཆེ་བར་བཀའ་བསྟན་བཅོས་ཐམས་ཅད་ལས་གསུངས་པའི་ཕྱིར་རོ། །སྤྱིར་དེ་བཞིན་གཤེགས་པའི་སྐུ་མི་ཤིག་པ་མི་ཆོད་པ་བསྲ་བརྟན་པ་ཟག་མེད་གཞོམ་གཞིག་བྲལ་བ་རྡོ་རྗེ་ལྟ་བུའི་སྐུ་ལ་ཁྲག་དབྱུང་བར་ནུས་པ་མི་སྲིད་མོད་ཀྱང་། གདུལ་བྱ་ཐུན་མོང་བའི་


TR005_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ངོར་རྒྱུ་འབྲས་ཀྱི་བརྡ་སྟོན་ཕྱིར། སྔོན་སྟོན་པ་ཉིད་ལ་ལྷས་བྱིན་གྱིས་སྒྱོགས་འཕངས་པས་ཞབས་ཀྱི་མཐེའུ་ཆུང་ཅུང་ཟད་བསྣད་པའི་ཚུལ་དང་། སྒྱོགས་རྡོའི་ཟེ་མ་ཞིག་ཛམྦྷ་ལའི་མགོར་ཕོགས་པས། དེང་སང་ཡང་ཆུ་གཏོར་གྱི་སྐབས་སུ་ཨོཾ་ཛམྨུ་སྭཱ་ཧཱ། ཞེས་པས་རྨ་བཀྲུ་བ་ཡིན་པ་སོགས་དྲང་དོན་དུ་བསྟན་མོད་ཀྱི། མདོར་ན་འདི་ལྟ་བུ་ཡང་སངས་རྒྱས་ཉིད་འཇིགས་པ་དང་བྲལ་ནའང་། ངན་སེམས་བྱེད་པོ་དེ་ལ་མཚམས་མེད་ཀྱི་ལས་རྔམས་པོ་ཆེར་འགྱུར་བ་ཡིན་ཕྱིར། གསང་སྔགས་ཀྱི་བླ་མ་གྲུབ་ཐོབ་ལྟ་བུ་ལ་ནི་དཔེ་དེ་བཞིན་དང་། གྲུབ་པ་མ་ཐོབ་པ་ལྟ་བུ་ལ་ནི་དེ་བས་ཀྱང་གནོད་པ་ཆེར་འགྱུར་ཕྱིར་ལྟ་ཅི་སྨོད་ལ། འདི་སྐབས་ཀྱི་འཕྲོས་དོན་ལ་དེང་སང་གསོ་རིག་འཛིན་པའི་སྨན་པ་དག །བླ་མ་སྐྱེས་ཆེན་གྱི་སྙུན་གཞི་ལ་ཕན་པའི་གཏེར་ཁ་


TR005_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བྱེད་མི་ནུས་པ་སྐད་དང་། ལ་ལས་ལྕགས་ཀྱི་བཙག་བུ་ནི་མཚོན་ཆའི་རྣམ་པར་འགྲོ་བས་མི་རུང་སྟེ། ལི་བཙགས་ཀྱིས་གཏར་དགོས་པ་སྐད་སོགས་ཟེར་མོད་ཀྱང་། གོ་བ་ལ་ལར་མ་རྙེད་པའི་གཏམ་དུ་ཟད་དེ། སྐུའི་སྙུན་ལ་ཕན་པའི་གཏར་ཁ་དང་། ངན་སེམས་ཀྱི་ཁྲག་ཕྱུངས་པ་གཉིས་ནམ་ཡང་ག་ལ་མཚུངས། གལ་ཏེ་ཕན་སེམས་ཀྱི་མ་ཡིན་པའི་ཚེ་ན་ནི་ལག་ཆ་དང་ཐབས་ཅི་འདྲས་ཁྲག་ཕྱུངས་ཀྱང་ཉེས་པ་ཁྱད་པར་མི་འོངས་ཕྱིར། ལྕགས་དང་ལིའི་བཙང་བུ་ལའང་ཁྱད་པར་ཅི་ཞིག་འབྱུང་མོད་དེ། དགེ་སྡིག་ནི་བསམ་པ་བཟང་ངན་ཁོ་ནས་ཕྱེས་པ་ཉིད་དོ། །དགྲ་བཅོམ་པ་ཡང་ཐེག་པ་གསུམ་གར་ཐ་དད་དུ་འོང་ཐང་། གསུངས་པ་དེ་ལ་དོན་གྱི་དབང་དུ་བྱས་ན་ནི། རང་རྒྱུད་ཀྱི་ཉོན་མོངས་པའི་དགྲ་ཐམས་ཅད་རང་བྱུང་ཡེ་ཤེས་ཀྱིས་བཅོམ་པའི་


TR005_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་ཚིག་འབྱུང་བས་ན། ཐེག་པ་ཀུན་རང་སྐབས་ཀྱི་དགྲ་བཅོམ་པའི་ཐ་སྙད་བརྗོད་དུ་ནི་རུང་མོད་ཀྱང་། སྤྱི་ཁྱབ་ཡོངས་གྲགས་ལ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་དང་། འཕགས་པ་ཉན་ཐོས་རང་རྒྱལ་གྱི་དགྲ་བཅོམ་པ་གཉིས་ཙམ་མ་གཏོགས། བྱང་སེམས་དང་རིག་པ་འཛིན་པའི་སྐབས་སོགས་སུ་དགྲ་བཅོམ་གྱི་མིང་ནི་མི་འབྱུང་བ་དང་། མཚམས་མེད་ཀྱི་སྐབས་དོན་འདིར་དགྲ་བཅོམ་པ་བསད་པ་ནི་ཉན་རང་གི་དགྲ་བཅོམ་ཉིད་ལ་ཆ་འཇོག་པ་སྟེ། དེ་ལ་ཡང་དགྲ་བཅོམ་པའི་འབྲས་བུ་སྔོན་དུ་གྱུར་ཕྱིན་ཆད་རྫུ་འཕྲུལ་ལ་དབང་ཐོབ་ཕྱིར། དེ་ལ་མཚོན་ཆ་འཕངས་པ་ཡང་མེ་ཏོག་གི་ཆར་དུ་འགྱུར་བ་སོགས་གསུངས་ཕྱིར་གཞན་གྱིས་གསོད་པར་མི་ནུས་མོད་ཀྱི། དེས་ན་མཚམས་མེད་ཀྱི་རྣམ་གྲངས་འདི་ཡང་བྱེད་པ་པོ་ལ་ཉེས་པའི་ཆ་ནས་རྩིས་པ་མ་གཏོགས་


TR005_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་གྱི་ཆ་ནས་འཇོག་དཀའ་བ་དང་། སྔགས་ཀྱི་སྐབས་སུ་དབང་བཞི་རྫོགས་པ་དེ་ལ་དགྲ་བཅོམ་པར་བརྗོད་རུང་ངམ། གསུངས་པ། དེ་ལ་ནི་དགེ་སློང་རྡོ་རྗེ་འཛིན་པ་ཅེས་བྱའི། དགྲ་བཅོམ་པའི་ཐ་སྙད་བརྗོད་དུ་རུང་བར་ནི་མ་ངེས་ཏེ། དབང་བཞིའི་ནུས་པ་མཐར་མ་ཕྱིན་ཞིང་རྫུ་འཕྲུལ་སོགས་ལ་དབང་མ་ཐོབ་པའི་ཕྱིར་རོ། །གོང་གི་དམ་ཚིག་རྣམས་བཤད་དེར། དགྲ་བཅོམ་གྱི་མཚན་ཉིད་འཆད་ཚེ་མཚན་བརྗོད་ཀྱི་ལུང་། བྱ་བ་བྱས་པ་སྐམ་སར་གནས། ཅེས་དྲངས་འདུག་པའི་ངེས་ཚིག་གང་ཡིན་གསུང་བ། དེ་ནི་ཚོགས་གཉིས་བསགས་ཅིང་སྒྲིབ་གཉིས་སྦྱང་བའི་བྱ་བ་མཐའ་དག་བྱས་པའི་མཐུས། འཁོར་བའི་འདམ་རྫབ་ལས་ཐོན་ཏེ་ཐར་བའི་སྐམ་སར་ལེགས་པར་གནས་པ། ཅེས། མཚན་བརྗོད་ཀྱི་འགྲེལ་


TR005_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

པ་སློབ་དཔོན་རིན་པོ་ཆེ་པདྨས་མཛད་པ་ལས་གསུངས་སོ། །རྩ་ལྟུང་བཅུ་བཞི་པོའི་སྐབས་སུ། ཕམ་པ། ལྟུང་བ། སྦོམ་པོ། ཉེས་བྱས་རྣམས་ཀྱི་ཁྱད་པར་གང་ཡིན་པ་དང་། ཕམ་པ་དངོས་ཀྱི་ངོས་འཛིན་ལ་ནི། ཉོན་མོངས་ཀུན་བླངས་དོར་ཤེས་ལྡན། །ལུས་ངག་སྦྱོར་བརྟེན་བར་ཆད་དང་། །མ་འཁྲུལ་འགྱོད་མེད་ཚད་ལས་འདས། །ཅེས་པའི་སྦྱོར་བ་བདུན་པོ་ཚང་བ་ལ་ངོས་འཛིན་པར་གྲགས་ན། དེ་བདུན་པོ་གསལ་ཁ་དགོས་གསུང་བ་ལ། དེ་ཡང་། ཡུལ་རྡོ་རྗེའི་སློབ་དཔོན་སོགས་གང་ཡིན་དེ་ལ་སྙིང་ནས་ཁྲོ་བའི་ཞེ་སྡང་དང་ཕྲ་དོག་སོགས་ཉོན་མོངས་པ་དྲག་པོས་ཀུན་ནས་བླངས་པའི་བསམ་པ་མ་རུངས་པའི་ངོ་བོ་དེ་དང་གཅིག །ཡུལ་དེ་ལ་གང་ཟག་གཞན་དང་ནོར་བ་སོགས་མ་ཡིན་པར་དེ་ཉིད་དུ་ཤེས་བཞིན་པ་དང་གཉིས། དེ་ལ་གནོད་པའི་སྦྱོར་བ་དེ་ལུས་ངག་གི་ཐོག་ཏུ་དངོས་སུ་བཀལ་


TR005_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་གསུམ། བྱ་བ་དེས་ཡུལ་ཕ་རོལ་དེ་ལ་ཡང་བར་ཆད་དུ་གྱུར་བ་དང་བཞི། རང་ཉིད་གདོན་གྱིས་བརླམས་ཏེ་སྨྱོ་བའམ་འཁྲུལ་བ་སོགས་ཀྱིས་བྱས་པ་མ་ཡིན་པར་ཞེ་ཐག་པའི་གནོད་སེམས་དང་ལྔ། དེ་ལྟ་བུ་བྱས་གྲུབ་ནས་ཀྱང་འགྱོད་པ་མ་སྐྱེད་པར་ཡིད་ཚིམ་པ་དང་དྲུག །དེའི་མཐུས་བཤགས་པ་སོགས་མི་བྱེད་པར་ཐུན་ཚོད་ལས་འདས་པ་སྟེ། དེ་ལྟར་བདུན་པོ་ཚང་བ་ནི་རྩ་ལྟུང་དངོས་ཡིན་ནོ། ཐུན་ཚོད་ཅེས་པ་ལ་བཞེད་ཚུལ་མི་འདྲ་བ་མང་ནའང་སྐབས་འདིར་ནི། ཉིན་མོ་ལ་སྔ་དྲོ་ཉིན་གུང་ཕྱི་དྲོ་སྟེ་ཐུན་གསུམ། མཚན་མོ་ལ་སྲོད་ནམ་གུང་ཐོ་རངས་ཐུན་གསུམ་ཡིན་ཕྱིར། ཐུན་དེ་དག་རེ་རེ་གང་རུང་གཅིག་གི་ནང་དུ་ཉེས་པ་དེ་བྱས་ནས་ཐུན་དེ་ཀའི་ནང་དུ་མ་བཤགས་ན་ཐུན་ཚོད་ལས་འདས་པ་ཅེས་བྱའོ། །དུས་ཀྱི་ལྕི་


TR005_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ནི། བཤགས་པ་མ་བྱས་པར་ཉིན་ཞག་ཕྲུག་གཅིག་འདས་ན་དམ་ལས་འགལ་བ་ཅེས་བྱ་བ་དང་། ཟླ་བ་གཅིག་འདས་ན་དམ་ལས་ཉམས་པ་ཅེས་བྱ་ཞིང་། ལོ་གཅིག་སོང་ན་དམ་ལས་འདས་པ་ཅེས་པ་དང་། ལོ་གཉིས་ནས་ནི་དམ་ཚིག་རལ་བ་ཞེས་བྱ་བ་སྟེ། དེ་རྣམས་རིམ་པ་བཞིན་ཕྱི་མ་ཕྱི་མ་རབ་ཏུ་ལྕི་བར་གྱུར་ཡང་སྙིང་ཐག་པ་ནས་བཤགས་ན་དེ་ཚུན་ཆད་གསོར་རུང་ལ། ལོ་གསུམ་ཕན་ཆད་ནི་ནམ་ཡང་གསོར་མི་རུང་བར་གསུངས་ཤིང་། གསོ་ཐབས་ཀྱང་རིམ་པ་བཞིན་དུ། དམ་ལས་འགལ་བ་ལ་ཚོགས་འཁོར་ཆེན་པོ་བརྒྱ་རྩས་གསོ་ཞིང་། དམ་ལས་ཉམས་པ་ལ་རང་ལ་ཅི་ཡོད་ཀྱི་བདོག་པ་ཐམས་ཅད་ཕུལ་བས་གསོ་བ་དང་། དམ་ལས་འདས་ན་བུ་དང་ཆུང་མ་ནོར་གྱི་དབྱིག་མཐའ་དག་ཀྱང་ལྟོས་མེད་དུ་ཕུལ་ཏེ་གསོ་བ་དང་། དམ་རལ་བ་ལ་ནི་རང་གི་


TR005_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ལ་བསྡོད་པ་ཉིད་ལས་གཞན་གྱིས་གསོ་མི་ཐུབ་པར་གསུངས་པ་སྟེ། དེ་ལྟར་འདི་ནི་སྤྱི་ཁྱབ་ཀྱི་དབང་དུ་བྱས་པ་སྟེ། བྱེ་བྲག་ནང་བསེས་སུ་ནི་ལྟུང་བ་གང་དང་གང་བྱུང་བ་དེ་ཉིད་བཤགས་ཅིང་གསོ་ཐབས་ཐ་དད་པའི་ཞིབ་ཆ་རྣམས་གཞུང་སོ་སོ་ལས་ཇི་ལྟར་གསུངས་པ་བཞིན་ནོ། །མདོར་ན་འདི་དག་གི་རྣམ་གྲངས་དབྱེ་ཚུལ་ནི་ཐེག་པ་འོག་མའི་སྡོམ་པ་དང་སྒོ་སྟུན་ནས་གསུངས་སྟེ། གོང་དུ་སྨོས་པའི་ས་བཅད་བདུན་པོ་ཐམས་ཅད་ཚང་བ་ལ་ཕམ་པ་ཅེས་མིང་དུ་བཏགས་ལ། དེ་ཉིད་ཐུན་ཚོད་ལས་མ་འདས་པར་བཤགས་པའི་ཚེ་ན་ནི་ལྟུང་བ་ཞེས་པའི་མིང་དང་། བསམ་སྦྱོར་དང་པོ་གསུམ་བྱས་ཀྱང་ལས་དེ་མ་གྲུབ་པ་ཙམ་ལ་སྦོམ་པོ་ཅེས་པའི་མིང་དང་། གཞན་རྣམས་མ་ཚང་བར་ལུས་ངག་གི་རྣམ་འགྱུར་ཙམ་རྩེད་མོའི་ཕྱིར་བྱས་པ་སོགས་ལ་


TR005_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཉེས་བྱས་ཀྱི་མིང་ཙམ་དུ་འགྱུར་བར་གསུངས་ནའང་། ཚུལ་འདི་ནི་རྩ་ལྟུང་དང་པོ་དང་གཉིས་པ་དང་བཅུ་བཞི་པ་ལྟ་བུའི་དབང་དུ་མཛད་པ་སྟེ། གཞན་ཐམས་ཅད་ལ་ལུས་ངག་གི་སྦྱོར་བ་ཚང་དགོས་པའི་ངེས་པ་ཡང་མ་མཆིས་ཏེ། རྩ་ལྟུང་དགུ་པ་སོགས་ནི་ཡིད་ཁོ་ན་ལས་འབྱུང་བའི་ཕྱིར། དེས་ན་ནང་བསེས་ཀྱི་དབྱེ་བ་ཕྲ་ཞིབ་རྣམས་ནི་འགྲེལ་པ་ལ་སོགས་ལས་ཤེས་དགོས་ལ་བློ་དང་ལྡན་པ་དག་གིས་ནི་རྩ་ཚིག་ཁོ་ནས་ཀྱང་རྟོགས་ནུས་པ་ཉིད་དོ། །དབང་བཞི་དང་འབྲེལ་བའི་བཟའ་བའི་དམ་ཚིག་གི་སྐབས་དོན་གྱི་དོགས་གཅོད་གནང་བའི་ཆ་ལ་ནི། ཉིད་ཀྱིས་གང་དགོས་པའི་དེ་ཀ་ལྟར་ལགས་ཏེ། དེ་ཡང་། བུམ་དབང་ལ་བཟའ་བཏུང་ཐམས་ཅད་ཤ་ལྔ་བདུད་རྩི་ལྔར་མོས་པའི་དགོས་པ་ནི། འཇིག་རྟེན་ཕལ་གྱི་སྣང་ངོར་ནི་འདི་དག་མི་previous hit གཙང next hit་ཞིང་རྩོགས་པའི་མཐར་ཐུག་ཏུ་འཛིན་མོད་


TR005_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། རྣལ་འབྱོར་པས་previous hit གཙང next hit་རྩོགས་དང་ཞིམ་མངར་བཟང་ངན་ཐམས་ཅད་ཏིང་ངེ་འཛིན་མཉམ་ཉིད་ཆེན་པོར་རོ་མཉམ་ཕྱིར་ཡིན་ལ། གསང་དབང་དུ་ནི་ཤ་ལྔ་བདུད་རྩི་ལྔ་ཡིན་པ་ཙམ་དུ་མ་བཞག་པར་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ནས་ལོངས་སྤྱད་པས་རང་ལུས་དྭངས་མའི་བདུད་རྩི་ཡར་འཕེལ་དུ་བྱ་ཕྱིར་དང་། དབང་གསུམ་པའི་ལམ་ལ་ཁྱད་པར་དུ་ཉམས་ལེན་པ་དག་གིས་ནི་ཚོགས་དྲུག་ཐམས་ཅད་ལ་ཡབ་ཡུམ་ཐབས་ཤེས་ཀྱི་བརྡ་དོན་ལམ་དུ་འཁྱེར་དགོས་ཕྱིར། བཟའ་བཏུང་རྣམས་ཀྱང་ཡ་རྐན་ཐབས་དང་མ་རྐན་ཤེས་རབ་སྙོམ་འཇུག་གི་རོལ་བ་མཛད་པས་ཟས་སྐོམ་གྱི་རོ་ཐམས་ཅད་བདེ་སྟོང་ལྷན་སྐྱེས་ཀྱི་ངོ་བོར་མྱོང་བར་འདུ་ཤེས་པར་བྱ་བ་དང་། དབང་བཞི་པའི་རྣལ་འབྱོར་ལ་ནི་འཁོར་འདས་ཅིར་སྣང་མཐའ་དག་ཆོས་ཉིད་ཁྱབ་གདལ་དུ་མ་གྱུར་བ་སྤུ་ཙམ་མ་


TR005_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས་ཚེ། བཟའ་བཏུང་གི་དངོས་པོ་ལོངས་སྤྱོད་མཁན། ཅི་ལྟར་སྤྱད་པ་ཐམས་ཅད་ཀྱང་ཆོས་ཉིད་ཀྱི་ངང་ལས་མ་གཡོས་པར་ཐག་ཆོད་པས་ན། བདུད་རྩི་ཡིན་དང་མིན་པ་སོགས་ཀྱི་གཉིས་འཛིན་གང་གིས་ཀྱང་མ་བསླད་པར་རང་རིག་རང་བབས་ཡེངས་མེད་ཀྱི་ངང་ནས་ལོངས་སྤྱོད་པ་དེ་ལ་ཆོས་ཉིད་ལ་ཆོས་ཉིད་རོལ་བ་ཞེས་བྱ་བ་ལགས། རྙིང་ལུགས་རྫོགས་ཆེན་རྣམས་ནས་གསུངས་པའི་རང་བཞིན་ལྟ་བའི་དམ་ཚིག་བཞི་པའི་ངོས་འཛིན་གང་ཡིན་པའི་དྲི་དོན་ཕེབས་པའི་ཆ་ལ། འདི་དག་ལ་མིང་དམ་ཚིག་ཏུ་བཏགས་ཀྱང་ངོ་བོ་ནི་ཆོས་ཉིད་དེ་བཞིན་ཉིད་དངོས་པོའི་གནས་ལུགས་ཀྱི་མངོན་རྟོགས་དུ་གདའ་བས། སོ་སྐྱེ་ཕལ་པ་དང་བློ་དམན་རྟོག་གེ་བས་ཐོས་ན་བློར་མ་ཤོང་བས། སླར་ལོག་ལྟས་ཧྭ་ཤང་གི་གྲུབ་མཐའི་ཕྱོགས་སུ་འཕུལ་ཉེན་སྣང་བ་དང་། འདི་ཚུལ་རྒྱས་བཤད་ནི་བདག་འདྲའི་སྤྱོད་ཡུལ་དུ་མ་གྱུར་


TR005_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

མོད་ཚེ། སྙིང་པོར་བསྡུ་ན། མེད་པ། ཕྱལ་བ། གཅིག་པུ། ལྷུན་རྫོགས་དང་བཞི་ལས། དང་པོ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གིས་ངོ་བོས་སྟོང་ཞིང་སྐྱེ་འགགས་གནས་གསུམ་གྱི་མཚན་མས་དབེན་པའི་ཡེ་སྟོང་མཐའ་བྲལ་ཆེན་པོ་དེ་ལ་ནི་དམ་ཚིག་བསྲུང་བྱའི་དངོས་པོ། །སྲུང་བྱེད་ཀྱི་གང་ཟག །ཇི་ལྟར་སྲུང་བའི་ཚུལ་ལ་སོགས་པ་མཐའ་དག་ཆོས་ཉིད་སྟོང་ཆེན་ལས་གཞན་པའི་དམིགས་མཚན་དུ་གྲུབ་པ་རྡུལ་ཙམ་ཡང་མ་མཆིས་པས་ན། མེད་པའི་དམ་ཚིག་ཅེས་བྱ། ༡ དེ་ལྟར་ངོ་བོའི་ཆ་ནས་དངོས་ཚན་དུ་གྲུབ་པ་མེད་ཀྱང་རྣམ་པའི་ཆ་ནས་མེད་བཞིན་སྣང་བའི་ཆོ་འཕྲུལ་རྨི་ལམ་ལྟར་སྣ་ཚོགས་སུ་འཆར་བ་འདིའི་ངོར་དམ་ཚིག་བསྲུང་མཚམས་ཇི་ལྟར་བྱ་ཞེ་ན། སྣང་ཡང་བདེན་མེད་རྨི་ལམ་ཆུ་ཟླའི་ཚུལ་དུ་སྣང་བཞིན་པ་དེ་ཀའི་གནད་ཀྱིས་


TR005_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སྣང་གི་དམ་ཚིག་བླངས། བསྲུངས། ཉམས། བཤགས་པ་སོགས་མཐའ་དག་ཀྱང་འདུས་བྱས་དྲང་དོན་བྱིས་པ་འབྲིད་ཐབས་ཙམ་དུ་ཟད་ལ། བསྲུང་བའི་ཕན་ཡོན་དང་ཉམས་པའི་ཉེས་དམིགས་ཀྱི་མཐོང་ཆོས་ཐམས་ཅད་ཀྱང་ཀུན་རྟག་གི་མེ་ལོང་ལ་ཀུན་རྟག་གི་གཟུགས་བརྙན་ཤར་བའི་རྣམ་འགྱུར་ལས་མ་འདས་པའི་ཕྱིར་ན། གཟུངས་འཛིན་དངོས་པོའི་ཆོས་ཀྱིས་ཀུན་ནས་བླངས་པའི་བསྲུང་བྱ་སྲུང་བྱེད་བསྲུང་མཚམས་ཐམས་ཅད་རང་རིག་ཡེ་ཤེས་ཁྱབ་གདལ་ཕྱོགས་ལྷུང་མེད་པར་ཐག་ཆོད་ཅིང་གདེངས་རྙེད་པ་ལ། ཕྱལ་བའི་དམ་ཚིག་ཅེས་བྱ། ༢ དེ་ལྟ་བུའི་གདོད་མའི་གནས་ལུགས་སམ་རང་རིག་པའི་ཡེ་ཤེས་དམ་ཚིག་བསྲུང་བྱ་བསྲུང་བྱེད་ཀྱི་མཚན་མ་ལས་འདས་ཤིང་། ཉམས་རྒྱུ་ཉམས་རྐྱེན་ཉམས་པའི་རྣམ་སྨིན་སོགས་ཀྱི་དངོས་པོ་རིས་ཅན་དུ་མ་གྲུབ་ན་དམ་ཚིག་དེ་གང་ལ་ཟེར། གང་ཟག་གི་ཡིན་སྙམ་ན། དེ་ནི་ཕྱི་རོལ་ལམ། ནང་ངམ། བར་དང་སྟེང་འོག་སོགས་གང་དུ་ཡང་


TR005_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

མེད། གང་ལ་ཡང་མི་གནས། གར་ཡང་མ་སོང་སྟེ། ད་ལྟའི་ཐ་མལ་གྱི་ཤེས་པ་གཉུག་མ་མ་བཅོས་ལྷན་སྐྱེས་རིག་པ་རྗེན་པ་འདི་ཁོ་ན་སྟེ། འདི་ནི་དམ་ཚིག་ཀུན་གྱི་རྩ་བའི་སྙིང་པོའི་མཐར་ཐུག་ཡིན་ཕྱིར་ཇི་སྐད་དུ། དམ་ཚིག་གསལ་བཀྲ་ལས། དམ་ཚིག་དམ་ཚིག་ཅེས་བྱ་བ། །གུད་ན་ཡོད་པ་མ་ཡིན་ཏེ། །རང་གི་སེམས་ཉིད་དམ་ཚིག་ཡིན། །ཞེས་སོགས། སྤྱོད་འཇུག་ལས་ཀྱང་། སེམས་བསྲུང་བརྟུལ་ཞུགས་མ་གཏོགས་པ། བརྟུལ་ཞུགས་མང་པོས་ཅི་ཞིག་བྱ། ཞེས་གསུངས་པ་ལྟ་བུ་འདི་ཉིད་ལ། གཅིག་བུའི་དམ་ཚིག་ཅེས་བྱ། ༣ དེ་ལྟར་ཡིན་པའི་གནད་དོན་རྟོགས་ཤིང་རིག་ནས་དུས་དང་རྣམ་པ་ཐམས་ཅད་དུ་འཁོར་འདས་ཀྱི་ཆོས་ལ་བདག་གཞན་བཟང་ངན་ཡོང་ལེན་བསྲུང་ཉམས་སོགས་ཀྱི་མཚན་འཛིན་དང་ཞེན་རྟོག་མང་པོས་རང་སེམས་རང་གི་གཡེང་། དཀྲུག །གཟིངས། བསླད། བཅིངས་པ་སོགས་ཀྱི་


TR005_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

རྩོལ་བས་མགོ་འཁོར་དུ་མི་གཞུག་པར། སེམས་ཉིད་སྐུ་གསུམ་ལྷུན་གྲུབ་ཡེ་ཤེས་ལྔ་དང་གསུམ་དང་གཉིས་སོགས་ཀྱི་ཡོན་ཏན་མཐའ་དག་གཟོད་ནས་རང་ཆས་སུ་གནས་ཤིང་རྫོགས་ལ། སྐྱོན་གྱིས་སེལ་དང་དྲི་མ་མཐའ་དག་ཡེ་བྲལ་དུ་གྱུར་ཤིང་། ས་ལམ་གྱི་ཡོན་ཏན་ཐམས་ཅད་གཞི་ལ་ལྷུན་རྫོགས་སུ་ཚང་ཕྱིར། རྩོལ་སྒྲུབ་མཚན་བཅས་ཀྱི་གཡེང་བ་ལ་མ་ལྟོས་པར། རང་བྱུང་རང་བབས་གཟོ་མེད་ལྷུག་པའི་ངང་དུ་བཞག་བྱ་འཇོག་བྱེད་ཀྱི་བློ་ལས་འདས་པར་མཉམ་པར་འཇོག་པ་ནི་ཆོས་ཀྱི་སྒོ་རབ་འབྱམས་མ་ལུས་པའི་ཉམས་ལེན་ལྷུན་གྱིས་གྲུབ་ཅིང་རྫོགས་ཕྱིར། ལྷུན་རྫོགས་ཀྱི་དམ་ཚིག་ཅེས་བྱ་བ་སྟེ། ༤ དེ་ལྟར་ན་རང་བཞིན་ལྟ་བའི་དམ་ཚིག་བཞི་པོའི་འགག་དོན་སྙིང་པོ་ནི་འདིར་འདུ་བ་ལགས་ཀྱི། རྒྱས་བཤད་དུ་དབྱེ་བར་སྤྲོ་ན་རྫོགས་པ་ཆེན་པོའི་རྒྱུད་ལུང་རྣམས་དང་། བསྟན་བཅོས་རིན་པོ་ཆེ་གནས་ལུགས་མཛོད་ཀྱི་རྩ་འབྲེལ་དག་ལ་བལྟ་བར་བྱའོ། ཡང་ཉིད་ཀྱིས། བུམ་པའི་སྐབས་དོན་གྱི་སྐོར་ལ་སླར་


TR005_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཞིབ་ནན་གནང་བའི་ལན་དུ་ཕུལ་བ་སྤྱི་དང་ཁྱད་པར་གཉིས་ལས། དང་པོ་ནི། རྣམ་རྒྱལ་བུམ་པའི་ཁར་དུང་ཆོས་ཡོད་ན་ཁྲུས་སོགས་ལས་བྱེད་ཐམས་ཅད་རྣམ་རྒྱལ་ཉིད་ཀྱིས་བྱར་རུང་བ་ཡིན་ནམ། འོན་ཏེ་ལས་བུམ་ཡོད་ན་དུང་ཆོས་མི་དགོས་པ་འདྲ། གསུང་བའི་ཆ་ལ། སྤྱིར། དུང་ཆོས་ཀྱི་དགོས་པ་ནི་གོང་དུ་སྨོས་པ་ལྟར་ལས་ཀྱི་ལྷ་བསྐྱེད་སྟིམ་བྱས་པའི་ནུས་པས། དེའི་ཆུ་བུམ་པ་གང་ལ་བླུགས་པ། དེ་ཆན་ལ་ཕབས་ཀྱི་ཐེབས་པ་ལྟར་ལས་གང་ཡིན་མྱུར་དུ་འགྲུབ་པར་བྱེད་པ་ཡིན་ཕྱིར། རྣམ་རྒྱལ་གྱི་བུམ་ནང་དུ་བླུགས་པ་ཙམ་གྱིས་སློབ་མ་ལ་དབང་གི་ཡོན་ཏན་གྱི་ནུས་པ་བསྐྱེད་པར་འགྱུར་བ་སོགས་དང་། ལས་བུམ་དུ་བླུགས་པས་སྡིག་སྒྲིབ་དང་འབག་རྩོག་བཀྲུ་བའི་ནུས་པ་སྐྱེད་བྱེད་ལྟ་བུ་སོགས་མདོར་ན་རང་རང་གི་བྱེད་ལས་གང་ཡིན་དེ་ཀའི་ནུས་པ་བསྐྱེད་ཕྱིར་ཡིན་པས་ན། དུང་ཆོས་ཀྱི་ཆུ་བླུགས་པའི་མཐུས་ལས་བུམ་མི་དགོས་པའམ།


TR005_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བུམ་ཡོད་ཚེ་དུང་ཆོས་མི་དགོས་པ་ཡང་མ་ལགས་ཤིང་། བུམ་པ་གཉིས་ཀ་ལ་དུང་ཆོས་རེ་དགོས་ངེས་ཀྱང་མ་ཡིན་ཏེ། དུང་ཆོས་གཅིག་གི་ཆུ་དེས་བུམ་པ་ཐ་དད་རང་རང་གི་དགོས་དོན་དང་མཐུན་པའི་ནུས་པ་བསྐྱེད་པ་མ་གཏོགས། ཐམས་ཅད་ལ་དུང་ཆོས་རོ་ཅིས་ཀྱང་དགོས་ན། བུམ་པ་ལྷ་གྲངས་དང་མཉམ་པའམ་དགུ་དང་ལྔ་སོགས་བཤམ་པ་དག་ལ་དུང་ཆོས་ཀྱི་མི་མང་མོད་ཅིང་། ལར་ཡང་དུང་ཆོས་དགོས་པར་རང་གཞུང་དེ་ཀ་ནས་བཤད་པ་དག་ལ་མ་གཏོགས་བུམ་སྒྲུབ་བྱེད་ཚད་ལ་དུང་ཆོས་ཅིས་ཀྱང་དགོས་པ་ནི་གཏན་མ་ཡིན་པ་དང་། ཁྱད་པར་ཕག་མོ་སོགས་ལ་དུང་ཆོས་དགོས་པར་མ་གསུངས་ཤིང་བཤམ་པ་མི་འབྱུང་མོད་ཀྱི། དེས་ན་རང་གཞུང་གང་ཡིན་ཁོ་ན་གཙོ་ཆེ་བ་ལགས། གཞན་ཡང་ཉིད་ཀྱི་ཕེབས་སྒོར་ལྟར་ཕག་མོ་སོགས་ལ་ལས་བུམ་གསལ་ཁ་མི་འབྱུང་བ་ནི་བསྙེན་སྒྲུབ་དཀྱུས་མ་ལ་མི་དགོས་པའི་དབང་དུ་མཛད་ཀྱི། སློབ་མ་སྨིན་བྱེད་ཀྱི་


TR005_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ལྟ་བུ་ལ་ནི་དགོས་པ་ཤས་ཆེ་སྟེ། དེ་ཡང་བགེགས་དང་ལན་ཆགས་སྦྱོང་བ། ཉམས་ཆག་སྡིག་སྒྲིབ་བཀྲུ་བ། ཚོགས་བསགས་ཕྱིར་མཎྜལ་འབུལ་བ་རྣམས་ནི་སྔགས་ཀྱི་སྨིན་བྱེད་ཐམས་ཅད་ཀྱི་སྤྱི་འགྲོའི་སྟ་གོན་ཡིན་པའི་ཕྱིར་རོ། ཡང་ཀུན་རིགས་ཀྱི་སྐབས་སུ་ཡང་ལས་བུམ་གྱི་གསལ་ཁ་མ་བྱུང་གསུང་བ། དེའི་ཆོ་ག་དཀྱུས་མ་ལ་ལས་བུམ་མི་མཛད་པ་མང་བར་གདའ་ནའང་། གཤིན་གསོན་གང་རུང་ལ་དབུ་མར་ན་ནི་ལས་བུམ་ངེས་པར་དགོས་ཕྱིར། གཙོ་བུམ་དུ་གཙོ་བོ་རིགས་ལྔའམ་ཡང་ན་རྡོར་སེམས་བསྐྱེད་ཅིང་ལས་བུམ་དུ་རྡོ་རྗེ་གནོད་སྦྱིན་ནི། བསྐྱེད་བཟླས་བྱས་ནས་ཁྲུས་གསོལ་ཐམས་ཅད་ལས་བུམ་གྱིས་བྱ། དབང་བསྐུར་བའི་ཚེ་གཙོ་བུམ་གྱི་ཆུས་ཁྲུས་བྱ་ཞིང་འཐུང་དུ་གཞུག་པ་ལགས། ལར། ལས་ཀྱི་བུམ་པ་འདི་ནི་གསང་སྔགས་ཕྱི་ནང་གི་དཀྱིལ་འཁོར་ཕལ་མོ་ཆེར་མེད་མི་རུང་ཞིང་ཉེ་བར་འཁོ་བའི་ཡོ་བྱད་ཀྱི་བྱེ་བྲག་ཡིན་ཏེ། མཆོད་རྫས་


TR005_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་གཏོར་གནས་ཁང་བདག་གཞན་ཐམས་ཅད་ལ་ལས་བུམ་གྱི་ཆུ་ཀུ་ཤའི་ཆུན་བུས་འཐོར་བ་ཙམ་གྱིས་སོ་སོའི་འབགས་རྩོགས་ཉེས་སྐྱོན་དྲི་མ་བགེགས་དང་བར་ཆད་སོགས་སེལ་བྱེད་ཡིན་པ་དང་། དབང་གཞུང་དང་དཀྱིལ་ཆོག་རྒྱས་པའི་རིགས་ལ་ལར་རྡོ་རྗེ་སློབ་དཔོན་གྱི་ལས་བུམ་དང་སློབ་མའི་ཁྲུས་བུམ་ཐ་དད་དུ་བཤམ་པར་གསུངས་པ་ཡང་འབྱུང་མོད་ཀྱི། དབང་གཞུང་དང་ཆོ་ག་བསྡུས་པ་ལ་ལའི་སྐབས་སུ་ལས་བུམ་སྐྱེད་ཆོག་ཟུར་དུ་མ་བསྟན་ཡང་སྤྱི་འགྲོ་ལྟར་གྱི་རྣམ་འཇོམ་བདུད་རྩི་འཁྱིལ་བ་བགེགས་མཐར་བྱེད་རྟ་མགྲིན་སོགས་མདོར་ན་དཀྱིལ་ཆོག་དེ་ཉིད་ཀྱི་རིགས་དང་མཐུན་པའི་ལས་ཀྱི་ལྷ་གང་འོས་བསྐྱེད་སྟིམ་མཆོད་བསྟོད་བཟླས་པ་བྱས་པའི་མཐར་ལྷ་འོད་དུ་ཞུ་བདུད་རྩིའི་ཆུར་མོས་པ་ནི་སྤྱི་ཁྱབ་ཀྱི་དགོངས་དོན་ལགས། ཁྱད་པར་གྱི་སྐབས་དོན་ཕེབས་ཆར། བདེ་མཆོག་དྲུག་ཅུ་པའི་དཀྱིལ་ཆོག་གི་ཕྱག་ལེན་དག་ཏུ། བུམ་པ་གཉིས་ཀ་ལ་


TR005_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་དུང་ཆོས་དང་བཅས་པ་བཀོད་ནས། གཙོ་བུམ་དུ་ལྷ་དྲུག་ཅུ་རྩ་གཉིས་ཡོངས་རྫོགས་སུ་བསྐྱེད་ཅིང་ལས་བུམ་དུ་ལྷ་ལྔ་བསྐྱེད་དེ། བཟླས་པའི་སྐབས་ལ་བབས་ཚེ་གཙོ་བུམ་ལ་ཡུམ་དང་སྒོ་མཚམས་མ་བརྒྱད་ཀྱི་ཉེ་སྙིང་དང་། ལས་བུམ་ལ་སུམྦྷ་ནི་བཟླ་བའི་ཕྱག་སྲོལ་སྣང་བའི་ལུགས་འདི་འགྲོ་མགོན་ཆོས་རྒྱལ་འཕགས་པས་བལ་ཡུལ་ཤིང་ཀུན་ཏུ་མཛད་པར་གྲགས་པ་འདི་ལ་ཐེ་ཚོམ་བྱུང་གསུང་བ་ཤིན་ཏུ་ཐུགས་མེད་དེ། འགྲོ་མགོན་འཕགས་པ་རིན་པོ་ཆེའི་རྣམ་ཐར་གང་མཐོང་རྣམས་སུ་ནི་བལ་ཡུལ་དུ་ཕེབས་ཚུལ་གྱི་སྒྲོས་མར་མི་ལ། ས་ལུགས་ཀྱི་ཕུར་པའི་སྐབས་ཀྱི་དྲག་པོ་སྒྲོལ་དབང་གི་རྒྱུན་ཆད་ནས་མ་རྙེད་པ་ལ། ཡེ་ཤེས་མཚོ་རྒྱལ་དངོས་ལ་ཐུགས་པའི་ཨ་ཙ་ར་ནུ་ཏུ་ཞེས་པ་ཚེའི་རིག་འཛིན་ནི་ཐོབ་པ་ཅིག་ཡོད་པར་གསན་ནས་རྩད་བཅད་པས། ཁོང་རྒྱ་གར་ནས་བལ་ཡུལ་དུ་རེག་འགའ་འབྱོན་གྱི་ཡོད་ཟེར་བ་བསྒུགས་


TR005_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཅུག་པས་རེ་ཤིག་བྱོན་ཚེ། འགྲོ་མགོན་ཉིད་སྐུ་དབྱིངས་ཆེས་པས་བལ་པོར་འབྱོན་པ་མ་ཤར་བས། གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན་ཆེད་གཏད་དུ་བརྫངས་པ་དབང་རྒྱུན་དེ་ཉིད་ལོན་ཐུབ་པའི་ལོ་རྒྱུས་ཀྱང་ཡོད་ཚེ། དེས་ན་འཕགས་པ་བལ་ཡུལ་དུ་མཛད་པར་གྲགས་པ་དེ་ནི་མ་དག་པར་མངོན་ཏེ། དཀྱིལ་ཆོག་དེ་ནི་ཧོར་ཡུལ་གྱི་བྱེ་བྲག་ཤིང་ཁུན་མཁར་ཞེས་གྲགས་པ་དེར་མཛད་པར་སྣང་ལ། སྐབས་དོན་དངོས་བུམ་པ་གཉིས་ཀར་རྡོ་རྗེ་དུང་ཆོས་བཀོད་པ་ལ་ནི་འགལ་བ་མེད་མཆི་ཞིང་། ལས་བུམ་དུ་ཡང་ལྷ་ལྔ་བསྐྱེད་པ་དེ་ཡེ་ཤེས་ཀྱི་ལྷ་ཐམས་ཅད་ངོ་བོ་ལ་ཐ་དད་མེད་ཅིང་རྣམ་པ་གང་འདུལ་གྱི་རོལ་པ་ཅིར་ཡང་སྟོན་པ་ཡིན་ཕྱིར་སྐྱོན་དུ་ག་ལ་འགྱུར་ཀྱང་། བཟླས་པའི་ཚེ་ལྷ་གང་ཡིན་དེ་ཉིད་ཀྱི་རྩ་སྔགས་རྒྱས་བསྡུས་ཅི་རིགས་བཟླ་དགོས་ཀྱི་ལྷ་དང་སྔགས་རིགས་མི་མཐུན་དུ་བྱེད་པ་ནི་ཡང་མི་འཐད་ཕྱིར། གཙོ་བུམ་ལ་ལྷ་ཡོངས་


TR005_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཀྱི་སྔགས་སམ་ཉེ་སྙིང་གང་རུང་དང་། ལས་བུམ་ལ་ལྷ་རང་གི་ཉེ་སྙིང་ལྟ་བུ་བཟླ་བར་འོས་ཀྱི། སུམྦྷ་ནི་བཟླ་ན་ལྷ་ཡང་ཁྲོ་བོ་གནོད་མཛེས་བསྐྱེད་དགོས་པར་འོས་པ་མ་མཆིས་ལགས། སྤྱིར་གསར་རྙིང་གི་དཀྱིལ་ཆོག་ཕལ་མོ་ཆེ་ལ་གཙོ་བུམ་དུ་ནི་དཀྱིལ་འཁོར་གང་ཡིན་དེ་ཀའི་ལྷ་ཡོངས་རྫོགས་སམ་གཙོ་བསྡུས་ཙམ་བསྐྱེད་ཅིང་། ལས་བུམ་ལ་ནི་ལས་བྱེད་ཀྱི་ལྷ་ཅི་རིགས་མ་གཏོགས་དཀྱིལ་འཁོར་གྱི་གཙོ་བོ་བསྐྱེད་པ་ཆེར་མི་སྲིད་དེ། འཇིག་རྟེན་ན་དཔོན་གཡོག་གི་བྱེད་ལས་ལྟ་བུ་དང་སྒོ་བསྟུན་པའི་ཕྱིར་རོ། ལར། བདག་མདུན་བུམ་གསུམ་པོ་ཡང་བསྒོམ་ཚུལ་སྣ་ཚོགས་འབྱུང་སྟེ། ལྷ་གཙོ་འཁོར་ཚང་མ་ཁྱད་མེད་གསུམ་གར་བསྒོམ་ཚུལ་སྣ་ཚོགས་འབྱུང་སྟེ། ལྷ་གཙོ་འཁོར་ཚང་མ་ཁྱད་མེད་གསུམ་གར་བསྒོམ་པ་དང་། བདག་བསྐྱེད་ལ་གཙོ་མཆོག་གཅིག་བུའམ་གཙོ་བསྡུས་དང་། མདུན་བསྐྱེད་ལ་ལྷ་ཡོངས་རྫོགས་དང་། བུམ་སྐྱེད་ལ་ཡང་བདག་བསྐྱེད་དང་ཆ་


TR005_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བར་བསྒོམ་པའི་ལུགས་དང་། ཡང་དཀྱིལ་འཁོར་གསུམ་པོ་མི་འདྲ་བར་བསྐྱེད་ཚུལ་སོགས་ཇི་སྙེད་འབྱུང་མོད་ཀྱི། གཙོ་ཆེར་རང་གཞུང་དེ་ཀའི་རྒྱུད་ཉིད་དབང་བཙན་དགོས་པས་ན་རྒྱུད་ནས་གང་གསུངས་དང་། རྒྱུད་ཀྱི་དགོངས་དོན་ནི་སྒྲུབ་ཐབས་ཡིན་ཚེ། སྒྲུབས་གཞུང་ལྷད་མེད་ཁུངས་བཙུན་རྒྱ་གཞུང་ལྟ་བུར་དཔང་པོར་འཇོག་དགོས་ཀྱི། ཕྱི་རབས་སྙིགས་དུས་ཀྱི་གང་ཟག་སྤྱི་རྟོལ་ཅན་གྱི་ངག་རྒྱུན་དང་ལག་ལེན་ཙམ་ལ་ཡིད་གཏན་ཐུབ་པ་དཀའ་བ་དང་། སྐབས་འདིར་འཕྲོས་དོན་ལ། རྙིང་མ་བ་རྣམས་ལས་བྱང་ཡིན་ཟེར་བའི་བདག་བསྐྱེད་ཀྱི་གཞུང་རྐྱང་ཞིག་ཚར་རེ་བཏོན་པ་ལ་བདག་མདུན་བུམ་གསུམ་གའི་གོ་ཆོད་པར་འདོད་པ་ནི་རྩིངས་ཆོས་ཁོ་ནའོ། །ཞེས། རྗེ་མི་སྐྱོད་རྡོ་རྗེས་བཀའ་སྩལ་ནའང་། རྙིང་ལུགས་ལ་བཀའ་བརྒྱད་དགོངས་འདུས་ཞི་ཁྲོ་སྒྱུ་འཕྲུལ་སོགས་དཀྱིལ་ཆོག་རྒྱས་པ་རྣམས་སུ་ནི་བདག་མདུན་བུམ་གསུམ་ལྷན་ཐབས་དང་བཅས་པ་ཞིབ་རྒྱས་


TR005_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

སུའང་ཡོད་མོད་ཀྱི། གཞན་དཀྱིལ་འཁོར་བསྡུས་པའི་རིགས་སྤྲོས་མེད་བདག་དོན་དུ་བསྒྲུབ་པའི་སྐབས་དོན་སོགས་དང་ཁྱད་པར་ཨ་ནུ་ཨ་ཏི་སོགས་རྒྱུད་སྡེ་གོང་མའི་གོང་མ་དག་ཏུ་ནི། བདག་མདུན་བུམ་གསུམ་ཙམ་དུ་མ་ཟད་ནམ་མཁས་གར་ཁྱབ་ཆོས་དབྱིངས་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ཉིད་དུ་ཡེ་རྫོགས་ལྷུན་གྲུབ་ཀྱི་དོན་གསལ་གདབ་པའི་ཕྱིར་ཕྲིན་ལས་ཀྱི་གཞུང་ངམ། ལས་ཀྱི་བྱང་བུ་ཞེས་བྱ་བ་དེའི་ཚིག་གསལ་པོ་ཁ་ཏོན་དུ་བརྗོད་ཅིང་དོན་ཟབ་མོ་ཡིད་ལ་བསམ་པར་བྱ་ཐབས་སུ་གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་ཀྱིས་ཆོས་བཀའ་ཐམས་ཅད་ལ་སོ་སོའི་ལས་བྱང་དུ་མིང་བཏགས་པར་མཛད་པ་དེས་བདག་མདུན་ཐམས་ཅད་དུས་མཉམ་དུ་བསྐྱེད་ཅིང་མཆོད་བསྟོད་སོགས་ཀྱང་ཆབ་གཅིག་ཏུ་བྱས་ནས་བཟླས་པའི་སྤྲོ་བསྡུ་བྱེད་པ་འདི་ནི་རྒྱུད་སྡེ་གོང་མའི་དགོངས་དོན་དུ་གང་ཟག་གཅིག་ཅར་བའི་ཉམས་ལན་དུ་འདུག་ཚུལ་འཕྲོས་ཞུས་ལགས་པ་དང་། ཁྱད་པར་གྱི་ཕེབས་དོན། གྲུབ་རྒྱལ་མ་བརྒྱུད་པའི་ཚེ་


TR005_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་སྐབས་ཀྱི་ཕྱག་བཞེས་དག་ཏུ། མིང་ལ་ལྷ་གཅིག་བུམ་གཅིག་ཏུ་གྲགས་ཀྱང་ཕྱག་ལེན་ལ། རྣམ་རྒྱལ། ལས་བུམ། ཟན་བུམ་གསུམ་དུ་བཤམས་པ་དང་། དེ་ལ་བུམ་བསྐྱེད་ཀྱི་གསལ་ཁ་མ་བྱུང་བ་དང་། དབང་གི་སྐབས་སུ་ཡང་ཏིང་ངེ་འཛིན་གྱི་དབང་བཞི་སོགས་གང་སྤྱིར་ཐེ་ཚོམ་གྱི་གནས་མང་ཞིང་། ཕྱག་བཞེས་འདི་དག་ཁུངས་ཐུབ་ཡིན་མིན་གྱི་དྲི་བ་གནང་བའི་ཆར། སྤྱིར་མ་གཅིག་གྲུབ་པའི་རྒྱལ་མོ་ཉིད་ཀྱང་དིང་སང་རས་ཆུང་རྣམ་ཐར་སོགས་སུ་ནི་ཨུ་རྒྱན་གྱི་ཡུལ་དུ་པདྨའི་སྡོང་པོ་ལས་འཁྲུངས་ཚུལ་སྣང་མོད་ཀྱང་གདུལ་བྱ་སོ་སོའི་ངོར་གང་འདུལ་གྱི་མཛད་པ་ལ་རང་ཅག་སོ་སྐྱེའི་བློའི་ག་ལ་དཔོག་ཅིང་། རྙིང་ལུགས་ལྟར་ན། ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན་གྱི་སྲས་མོ་ལྷ་ལྕམ་མནྡ་ར་བ་ཉིད་ཡིན་པའི་ལོ་རྒྱུས་དང་། གུ་རུ་པདྨ་འབྱུང་གནས་ཉིད་ར་ག་རཱ་ཏིའི་བྲག་ཕུག་ཏུ་ཚེའི་རིག་འཛིན་གྲུབ་པའི་ལས་རྒྱ་མཛད་པས། ཟླ་བ་གསུམ་ནས་ཚེ་དཔག་མེད་པ་དངོས་སུ་མཇལ་ཞིང་


TR005_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་བས་ཡབ་ཡུམ་གཉིས་ཀ་འཆི་མེད་འཇའ་ལུས་རྡོ་རྗེའི་སྐུ་འགྲུབ་ཚུལ་དང་བཅས་པའི་ལོ་རྒྱུས་ལྟར་བཞེད་ཅིང་། འདི་སྐབས་ཀྱི་ངེས་དོན་ལ། གྲུབ་རྒྱལ་མས་རས་ཆུང་ལ་གནང་བའི་སྐབས་ཀྱི་ཚེ་དབང་དེ་ནི་ལྷ་སུམ་ཅུ་སོ་གསུམ་པའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་དབང་རྒྱལ་འབྲིང་བསྡུས་གསུམ་དང་སྒྲུབ་ཐབས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་དང་བཅས་པའི་ཆོས་སྐོར་ཡོངས་རྫོགས་གནང་བའི་ལོ་རྒྱུས་འདུག་མོད་ཀྱི། དིང་སང་གསར་མའི་ཆོས་རྒྱུད་ཕལ་མོ་ཆེ་ཐམས་ཅད་ཚེ་སྒྲུབ་གྲུབ་རྒྱལ་བ་ལྷ་གཅིག་བུམ་གཅིག་ཅེས་རླུང་ལྟར་གྲགས་པ་འདི་བཞིན་མཛད་ནའང་། ཕྱག་བཞེས་མི་འདྲ་བ་དུ་མའང་ཡོད་པར་ཐོས་ལ། གོང་དུ་སྨོས་པ་ལྟར་རས་ཆུང་ཉིད་ལ་དབང་རྒྱས་འབྲིང་བསྡུས་གསུམ་གནང་བས་ན་ལྷ་གཅིག་བུམ་གཅིག་འདི་ནི་བསྡུས་པ་ཉིད་ཡིན་པར་སེམས་ཤིང་། རྒྱས་པ་ལྷ་སོ་གསུམ་མར་ནི། བུམ་པ་རབ་ལྷ་གྲངས་དང་


TR005_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པ། འབྲིང་གཙོ་བོ་ལྔ་ལ་རེ་རེ། ཐ་མ་གཙོ་བུམ་ཁོ་ནས་བསྐུར་ཚུལ་དང་བུམ་སྐྱེད་ཀྱང་སྣང་མོད། ད་ལྟའི་ཡོངས་གྲགས་འདི་ལ་ནི་ཕྱག་ལེན་གཞུང་བཞིན་བགྱི་བའི་དབང་དུ་བྱས་ན་རྣམ་རྒྱལ་གྱི་བུམ་པ་དགོས་པར་མ་བཤད་དེ། འབྲུ་previous hit གཙང next hit་གི་ཕྱེ་ལ་སྤོས་དང་བུ་རམ་ཆང་སོགས་སྦྱར་བའི་ཚེ་ཟན་བུམ་པའི་དབྱིབས་ཅན་ཁ་རྒྱན་རྡོ་རྗེ་ནོར་བུ་ཉི་ཟླ་མེ་ཏོག་སོགས་ཀྱིས་མཛེས་པར་བཟོས་པའི་མཐའ་ཚེ་རིལ་གྱིས་བསྐོར་བ་ཁ་དོག་དམར་པོར་བྱས་ལ་ཚོམ་བུའི་དཀྱིལ་འཁོར་གྱི་དབུས་སུ་བཤམ་པའི་རྒྱབ་ཏུ་ཚེའི་རྟེན་མདའ་དར་དམར་པོ་མེ་ལོང་བཏགས་པ་གཟུགས། གཡོན་དུ་ཐོད་པ་མཚན་ལྡན་ཚེ་ཆང་གིས་བཀང་བ་བཞག །གཡས་སུ་ལས་བུམ་དང་། མཐའ་སྐོར་དུ་གཏོར་མཆོད་ལ་སོགས་སྤྱི་མཐུན་དུ་བཤམ་ལ། ཐོག་མར་བདག་སྐྱེད་ཀྱི་ལས་རིམ་ཚུལ་བཞིན་དང་བསྙེན་པ་ཇི་ཙམ་འབྱོར་བ་བཟླ་ཞིང་། དེ་ནས་མདུན་གྱི་ཚེ་གཏོར་ཚེ་ཆང་དང་བཅས་པ་ལ་ཡང་བདག་བསྐྱེད་


TR005_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཚུངས་པར་བསྒོམས་ཤིང་སྤྱན་འདྲེན་མཆོད་བསྟོད་སོགས་ཀྱི་མཐར། འོད་ཟེར་སྤྲོ་བསྡུས་ཕྱི་ནང་གི་འབྱུང་བཅུད་ཚེ་བསོད་ཐུགས་རྗེ་ནུས་མཐུ་སོགས་བསྡུས་ནས་མདུན་གྱི་ལྷའི་ཕྱག་གི་བུམ་པར་བསྟིམ་ཞིང་། ཚེ་འཛབ་ཀྱང་འབྱུང་བ་རེ་རེ་ལ་བརྒྱ་སྟོང་ལས་མི་ཉུང་བ་བཟླས་ཏེ་སྒྲུབ། མཐར་ལྷ་འོད་དུ་ཞུ་བས་ཚེ་གཏོར་དང་ཚེ་ཆང་གི་རྣམ་པར་གྱུར་པར་དམིགས་ཤིང་། དེ་ནས་བདག་འཇུག་དབང་བསྐུར་སོགས་བྱས་གྲུབ་པའི་འཇུག་ཏུ་ཚེ་ཆང་དང་གཏོར་མའི་མཐའ་སྐོར་གྱི་ཚེ་རིལ་ཡང་དངོས་གྲུབ་ཏུ་སྦྱིན་པ་ཡིན་མོད་ཀྱང་། དིང་སང་མི་མང་ལ་ཁྲོམ་དབང་སོགས་བྱེད་པའི་སྲོལ་དར་བས་ཚེ་རིལ་དེ་ཀས་མ་ལྡང་ནས་ཟུར་དུ་མང་པོ་བཟོ་བར་སྣང་མོད། ལར་ཡང་འདི་ནི་གཏོར་མ་ལ་བརྟེན་པའི་དབང་ཡིན་ཕྱིར། སྤྱི་མཐུན་གྱི་ལས་བུམ་ཙམ་ལས་དབང་བུམ་གཞན་མི་དགོས་པ་དང་། སྤྱིར་གཏོར་མ་ལ་ཡང་ཤེས་པ་བཞི་ལྡན་དགོས་པས་ན། དབང་བསྐུར་གྱི་


TR005_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སུ་གཏོར་མ་ལྟར་ཤེས་པ་དང་། ལྷ་ལ་འབུལ་རྒྱུའི་སྐབས་སུ་ནི་འདོད་ཡོན་གྱི་མཆོད་པར་ཤེས་པ་དང་། དངོས་གྲུབ་ལེན་པའི་སྐབས་སུ་ཡེ་ཤེས་ཀྱི་བདུད་རྩིར་ཤེས་པ་དང་། ཟོར་དུ་འཕང་བའི་སྐབས་སུ་ནི་ཕོ་ཉའི་དམག་དཔུང་དང་ནད་མཚོན་གྱི་ཐོག་ཆར་དུ་ཤེས་པ་སོགས་ཀྱི་སྐབས་དོན་རྟོགས་དགོས་ལ། དབང་གཏོར་གྱི་སྐབས་དག་ཏུ་གཏོར་མའི་དབྱིབས་ཀྱང་ལྷ་གང་ཡིན་དེ་ཉིད་མཚོན་པའི་བརྡ་རྟགས་སུ། ཚེ་དཔག་མེད་ལ་བུམ་གཟུགས། རྟ་མགྲིན་ལ་རྩེ་མོར་རྟ་མགོ། །ཕྱག་རྡོར་ལ་རྡོ་རྗེ། ནོར་ལྷའི་རིགས་ལ་ནོར་བུ། རྣམ་སྲས་ལ་རྒྱལ་མཚན། མགོན་པོ་ལ་གྲི་གུག་གིས་མཚན་པ་སོགས་བྱེད་པ་ཡང་གཏོར་མ་ལྷ་དེ་ཉིད་དུ་ཤེས་པར་བྱ་བའི་བརྡཱ་རྟགས་ལགས་མོད། འཕྲོས་དོན་གཞན་ཡང་། སྡོམ་གསུམ་རབ་དབྱེ་སོགས་སུ་རྙིང་མ་ལ་བཀའ་སྐྱོན་མཛད་པའི་ཞར་ལ་གཏོར་མས་དབང་བསྐུར་བྱེད་པ་ནི་རྒྱུད་སྡེའི་དགོངས་པ་མ་ཡིན་པར་གསུངས་གདའ་ནའང་། དྲང་པོར་ཞུ་ན། དབང་ཐམས་ཅད་ལྷ་སྔགས་


TR005_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཏིང་ངེ་འཛིན་གྱི་ནུས་པ་ལ་རག་ལས་ཕྱིར། གནས་སྐབས་དམིགས་རྟེན་ཙམ་དུ་དབང་རྫས་གང་དང་ཅི་ལྟ་བུ་ཞིག་གིས་བསྐུར་ནའང་དེ་ཉིད་བསྐྱེད་བསྟིམ་རབ་གནས་སྒྲུབ་བསྙེན་བྱས་པའི་བྱིན་རླབས་ཡིན་པ་མ་གཏོགས། དབང་རྫས་དེ་ཁོ་རང་གི་བྱིན་རླབས་མ་ལགས་ཚེ་བུམ་པ་སོགས་ཀྱིས་བསྐུར་དུ་རུང་ལ་གཏོར་མས་བསྐུར་མི་རུང་བ་དེ་ལྟ་ན། ཟན་ལ་བྱིན་རླབས་མེད་ལ་ཟངས་རག་སོགས་ལ་བྱིན་རླབས་ཡོད་པར་འདོད་པར་ཐལ་བ་སོགས་བཞད་གད་ཀྱི་རྒྱུར་འགྱུར་རོ། །དེ་བས་ན་རྡོ་རྗེའི་སློབ་དཔོན་ཏིང་འཛིན་ནུས་པ་ལྡན་པ་དག་གིས་ནི་དབང་རྫས་ཅི་འདྲ་ཞིག་གིས་བསྐུར་ཡང་བྱིན་རླབས་འབྱུང་མོད་ཀྱང་། སློབ་དཔོན་ཕལ་པ་དག་གིས་ནི་གཞུང་ཉིད་ནས་ཇི་སྐད་བཤད་པ་བཞིན་མི་བྱེད་པར་སྤྲོས་པའི་བློ་བཟོ་བྱས་ན་ཉེས་ལྟུང་འབྱུང་ཕྱིར། སྐབས་འདིར་ཡང་གཏོར་མ་བུམ་གཟུགས་ཉིད་མ་གཏོགས་བུམ་པ་གཞན་གྱིས་བསྐུར་ན་རང་བཟོར་འགྱུར་རམ་སྙམ་པ་དང་། བཀའ་ཕེབས་ལྟར། ཏིང་ངེ་འཛིན་གྱི་དབང་བཞི་ཡང་རྗེ་


TR005_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་འབའ་ར་བས་མཛད་པའི་དབང་གཞུང་སོགས་ལས་གསུངས་པ་དེ་ནི་སློབ་མ་སྣོད་ལྡན་ཉམས་ལེན་པ་བདག་ལ་དགོངས་པར་གསལ་གྱི། དིང་སང་སྐྱེ་བོ་ཕལ་པ་གང་བྱུང་ལ་བསྐུར་བ་འདི་འདྲའི་སྐབས་སུ་ནི་སྐྱེད་རིམ་དམིགས་པ་བདུན་ལྡན་ཁོ་ནས་ཆོག་ཏེ་དབང་བཞི་ཡོངས་རྫོགས་བསྐུར་བའི་སྣོད་མ་ཡིན་པའི་ཕྱིར་རོ། གལ་ཏེ་དབང་བཞིའི་སྣོད་ལྡན་དག་ལ་བསྐུར་དགོས་ན། དབང་བཞིའི་གོ་དོན་ནི། ཚེ་གཏོར་གྱིས་བསྐུར་བ་དེ་དག་ནི་བུམ་དབང་། ཚེ་ཆང་སྦྱིན་པ་གསང་དབང་། ཚེ་རིལ་སྦྱིན་ཞིང་རོ་ཚོར་སྟོང་དུ་མྱོང་བ་ནི་ཤེར་དབང་། ལྷ་བསྟིམ་ཞིང་དབྱེར་མེད་རིག་སྟོང་དུ་ངོ་སྤྲོད་པ་དབང་བཞི་པའོ། །ཡང་འོ་ན་དེ་རྣམས་དབང་བཞི་ཡིན་ན་སྐྱེ་བོ་ཕལ་པ་ལ་དབང་བཞི་བསྐུར་བ་རུ་འགྱུར་མོད་སྙམ་ན་མ་ཡིན་ཏེ། དབང་ཞེས་བྱའི་སྙིང་པོའི་གནད་ནི་དབང་དོན་སེམས་ལ་ངོ་སྤྲོད་པ་ལ་ཟེར་བ་ཡིན་གྱི། མགོར་བཞག་པ་དང་ཁ་ལ་བྱིན་པ་ཁོ་ན་ལ་མི་ཟེར་ཕྱིར། སྐྱེ་བོ་ཕལ་པ་གནས་སྐབས་ཚེའི་བར་ཆད་


TR005_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

བསལ་བ་ཙམ་ལ་སྐྱེད་རིམ་དམིགས་པ་བདུན་ལྡན་གྱིས་བསྐུར་བ་དེ་ཉིད་དབང་བཞི་ཡོངས་རྫོགས་སུ་ནི་མི་འགྱུར་ལ། སློབ་མ་སྣོད་ལྡན་ལ། གོང་དུ་རྨེས་པའི་དབང་བཞིའི་བརྡ་དོན་དེ་དག་ངོ་སྤྲད་པས་དབང་བཞི་ཡོངས་རྫོགས་སུ་འགྲོ་བའི་ཁྱད་པར་ནི་དེ་ལྟ་བུ་ལགས། ཚེ་དབང་འདིའི་སྐབས་ཀྱི་ལས་བུམ་གྱི་ལྷ་ནི་རྟ་མགྲིན་ཐོད་དབྱུག་ཅན་ཉིད་སྐྱེད་བཟླས་བྱས་ན་ཆོས་བཀའ་མ་བུ་འབྲེལ་ཆགས་པར་འགྱུར་རམ་སྙམ་པ་རང་གི་བླུན་ཚོད་ལགས་པ་དང་། ལར་ནི་དིང་སང་གི་གང་ཟག་རྣམས་ཆོས་ལ་རང་བཟོ་དང་ཚོད་ཡོད་འབའ་ཞིག་བྱེད་པ་མང་སྟེ། རྙིང་མའི་ཆོས་བཀའ་སྤྱི་དང་ཁྱད་པར་ཚེ་དཔག་མེད་ཀྱི་དབང་ཆོག་ཀུན་ལ་སློབ་མ་ཕལ་པ་ཐུན་མོང་བའི་རིགས་རྣམས་ལ་ནི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་དང་། སློབ་མ་ཁྱད་པར་བ་ཉམས་ལེན་གྱི་སྣོད་ལྡན་ལ་དབང་བཞི་ཡོངས་རྫོགས་སུ་བསྐུར་ཐབས་ཏེ། དེ་ལྟར་རིགས་གཉིས་མ་གཏོགས། གྲུབ་རྒྱལ་མའི་གཞུང་ལས་བྱུང་བ་


TR005_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་དམིགས་པ་བདུན་ལྡན་གྱི་བསྐུར་ཚུལ་མ་གསུངས་ཀྱང་། ད་ལྟ་རྙིང་མ་བ་ལ་ལས་འདིའི་འབྱུང་བ་བཅུད་བསྡུས་སོགས་འགེབས་པར་བྱེད་མཁན་འདུག་པ་ནི་རང་བཟོ་ཁོ་ནར་འགྱུར་མོད། མདོར་ན་གུ་རུ་རིན་པོ་ཆེའི་ལུང་བསྟན་ཐམས་ཅད་ལ། རྙིགས་དུས་ཀྱི་གང་ཟག་རྣམས་སྡོམ་དང་དམ་ཚིག་ཁྱད་དུ་གསོད་ཅིང་། ཆང་ཕོར་རེ་ལ་བལྟས་ནས་གསང་སྔགས་ཁྲོམ་བཤད་བྱེད། ནོར་རྫས་ཅུང་ཟད་རེའི་ཆེད་དུ་སྟོང་ལམ་གྱི་འགྲུལ་བུ་ལ་ཡང་དབང་བསྐུར། ཆོས་ཟབ་མོ་རང་གི་ཉམས་སུ་མི་ལེན་པར་ཏོག་གེའི་ཚིག་ལན་དང་ཆགས་གྲལ་གྱི་ཆོས་གཏམ་དང་ཟས་ནོར་འཚོལ་བའི་ཟོང་དུ་བྱེད་ཅིང་། དེ་ལ་བརྟེན་ནས་མཁའ་འགྲོ་དང་བཀའ་སྲུང་རྣམས་འཁྲུགས་པས་ཡུལ་ཁམས་སུ་བཀྲ་མི་ཤེས་པ་དང་། སློབ་དཔོན་སློབ་མ་ཐམས་ཅད་ཀྱང་རྡོ་རྗེའི་དམྱལ་བར་ཁྱུ་དེད་དུ་འགྲོ་བར་འགྱུར་རོ། །ཞེས་གསུངས་པ་ཐོག་ཏུ་བབས་པས། ཟས་ནོར་འཚོལ་བའི་ཟོང་རིན་ཆོས་དང་དབང་ལ་བྱེད་ཅིང་སྐྱེ་བོའི་གྲོང་དུ་དབང་སྦྱིན་སོགས་བྱས་ནས་ཟང་ཟིང་བསྡུ་བ་འདི་འདྲའི་


TR005_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ལུགས་དར་ཆེས་པའི་སྐབས་འདིར་དབང་གི་ཕྱག་ལེན་ཇི་ལྟ་བར་བཤད་ཀྱང་དགེ་སྡིག་གང་དུ་འགྱུར་མི་ཤེས་པར་གདའ་ལགས་པ་དང་། གཞན་ཡང་། དྲང་གཏམ་བཤད་ཆེས་ན་རང་རང་གི་ཆོས་རྒྱུད་ཞེན་ཕྱོགས་ཀྱི་གཏམ་དུ་མཐོང་ནས་གཞན་གྱིས་ཐུགས་ལ་ཕོག་པའི་རྒྱུར་འགྲོ་བ་མ་གཏོགས་གནས་ཚུལ་ཇི་ལྟ་བར་བརྗོད་ན། རྙིང་མ་བར་ཁས་ཆེ་བའི་གང་ཟག་རྣམས་རྐྱག་རེ་ཆུང་བས་ལན་པ་མ་གཏོགས་ཆོས་ཀྱི་ངོས་ནས་སློབ་དཔོན་པདྨ་ལ་ནོར་འཁྲུལ་འོང་བ་ནི་མི་སྲིད་ལ། དེས་གསུངས་པའི་ཆོས་རྣམས་ཡེ་ཤེས་མཚོ་རྒྱལ་མི་བརྗེད་གཟུངས་ཐོབ་པས་གཏེར་ཡིག་ལ་བཀོད་ནས། སློབ་དཔོན་ཉིད་ཀྱིས་ཞུ་དག་རབ་གནས་སྨོན་ལམ་བཀའ་རྒྱ་མཛད་དེ་གཏེར་དུ་སྦས་པའི་ཚིག་དོན་ལྷད་མེད་ཡིན་ཕྱིར། ཕྱིས་བྱུང་གི་གང་ཟག་མཁས་རློམ་རྣམས་གཏེར་ཆོས་ལ་ས་ཆོས་རྡོ་ཆོས་ཟོག་ཆོོས་འདྲེ་ཆོས་སོགས་སྐུར་འདེབས་སྣ་ཚོགས་བྱེད་ཀྱང་། ལས་འཕྲོ་སྐལ་ལྡན་རྣམས་ལ་ནི་བྱིན་རླབས་


TR005_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྟགས་ཚན་མི་བསླུ་ངེས་འདྲོངས་ཡིད་ཆེས་དཔང་པོར་ཡོད་ལ། གསར་མའི་ཆོས་རྣམས་རྒྱ་གར་ནས་པཎ་གྲུབ་ལོ་ཙཱ་རྩོད་མེད་རྣམས་ཀྱིས་གདན་དྲངས་ཤིང་བླ་རྒྱུད་གོང་མ་རྣམས་ཀྱི་ཉམས་བཞེས་གྲུབ་པ་བརྙེས་པའི་བྱིན་རླབས་ཀྱི་ངད་མ་ཡལ་བ་དེ་ཀ་ཉམས་སུ་བླངས་ཆོག་པ་ལ། ཕྱིས་སུ་སོང་བཞིན་དུ་བླ་མ་རེས་འཕྲི་བསྣན་དང་བཅོས་སླད་རེ་བྱེད་ཅིང་། རྒྱུད་པ་གོང་མ་གྲུབ་ཐོབ་དེ་རྣམས་ཀྱིས་མཛད་པ་དེ་ལ་མ་མགུ་བར་རང་གི་འདོད་བཅོས་བསྲེས་བསླད་སྣ་ཚོགས་བྱས་པས། ཕའི་ཆོས་ལ་བུའི་ཆོས་སུ་མ་སྟུབ་པར་ཚོང་ལུས་ཀྱི་འོ་མ་ལྟར་བསླད་པའི་སྐྱོན་གྱིས། མཁས་པར་རློམ་པ་མང་ཡང་གྲུབ་པ་ཐོབ་པ་ཉུང་དུ་འགྲོ་བའི་རྒྱུ་ནི་དེ་ཡིན་པར་གསུངས་སྣང་བས། དེས་ན་ཕྱི་རབས་ཀྱི་གསར་རྙིང་གི་གང་ཟག་སུ་དང་སུ་ཡིན་ཀྱང་། རང་རང་གི་ཟབ་ཆོས་གང་ཡིན་དེ་ལ་བཟོ་ལུམ་རས་ཆོད་སྤངས་ནས། གྲུབ་ཐོབ་བརྒྱུད་པའི་ཕྱག་བཞེས་ཀྱི་སྲོལ་མ་ཉམས་པའི་གཞུང་ལམ་ལ་ཞུགས་སྟེ་


TR005_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་ཉམས་སུ་ལེན་པ་དང་། གཞན་ལ་སྟོན་པའི་ཚེ་ཡང་ཆོས་ལ་ཟས་ངོ་དང་ནོར་ངོའི་ཡང་ཟོང་མི་བྱེད་པར་རྒྱལ་བའི་བཀའ་དང་མཐུན་པར་མཛད་དུ་གསོལ། ཞེས་མི་རྒན་གྱིས་ལྷག་བསམ་དཀར་པོས་ཀུན་ནས་བླངས་ཏེ་གསོལ་བ་བཏབ་པ་ལགས། ཅེས་པ་ནི། བདེ་མཆོག་དང་ཚེ་སྒྲུབ་ཀྱི་ཕྱག་བཞེས་འཕྲོས་དོན་ལས་བརྩམས་ཏེ་གླེངས་པའོ།། ༈ །།སྔ་སོར་གྱི་འཕྲོས་དོན་ལས་བརྩམས་ཏེ་སླར་ཡང་དྲི་མལ་གྱི་ཕེབས་ཆར། གསང་སྔགས་གསར་རྙིང་ཞེས་པའི་དབྱེ་མཚམས་འདི་ལ། བོད་ཡུལ་ཁོ་ནར་མ་གཏོགས་རྒྱ་གར་དུ་ནི་གསར་རྙིང་གི་ཐ་སྙད་མ་གྲགས་པར་བཞེད་པ་ནི་དམ་པ་ཕལ་ཆེར་གསུང་མཐུན་པར་སྣང་མོད་ཀྱི། དེ་ལྟར་ན་རྙིང་མའི་སྟོན་པ་ཀུན་བཟང་ཡབ་ཡུམ་དང་། རིན་པོ་ཆེ་ཆེན་པོ་དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིངྷ་སོགས་ཀྱི་བླ་རྒྱུད་དང་། ཆོས་ཀྱང་ཐེག་པ་རིམ་དགུར་དབྱེ་ཚུལ། ཁྱད་པར་རྫོགས་པ་ཆེན་པོ་སོགས་ཀྱི་དགོངས་


TR005_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

བཞེད་དང་། གསར་མའི་སྟོན་པ་རྡོ་རྗེ་འཆང་ཆེན་ནས་བཀའ་བཞི་བརྒྱུད་པ་ལས་ཏེ་ལོ་ནཱ་རོ་མཻ་ཏྲི་སོགས་དང་། ཆོས་ཀྱང་ཐེག་པ་གསུམ་དང་རྒྱུད་སྡེ་བཞིར་བསྡུ་བ་སོགས་ཀྱི་བཞེད་ཚུལ་མི་འདྲ་བའི་ཁྱད་པར་འདི་བཞིན་འོང་མི་ཐང་ན། འདི་ལྟར་འབྱུང་བའི་རྒྱུ་མཚན་གང་ཞིག་ཡིན་དྲི་བ་གནང་བའི་ཆ་ལ། དེ་ཡང་གསར་མ་དང་རྙིང་མ་ཞེས་པའི་མིང་འདོགས་ཚུལ་འདི་ཁོ་ན་བོད་ཡུལ་དུ་གྲགས་མོད་ཀྱི་རང་གཞན་ཆོས་བརྒྱུད་ཅུང་ཟད་མི་འདྲ་བའི་ཁྱད་ནི་མཐའ་ཡས་པ་རྒྱ་གར་ཉིད་དུ་ཤིན་ཏུ་ཡོད་དེ། ཐུན་མོང་ཐེག་པར་ཡང་ཉན་ཐོས་སྡེ་པ་བཞི་ནས་རིམ་གྱིས་སྡེ་པ་བཅོ་བརྒྱད་དུ་དགྱེས་པ་དང་། ཉོས་ཉིད་ལ་མདོ་སྡེ་པ་དང་བྱེ་བྲག་སྨྲ་བ་གཉིས་དང་། བྱེ་བྲག་པ་དེ་ལ་ཡང་ཁ་ཆེ་བྱེ་སྨྲ་བ་དང་། ཉི་འོག་བྱེ་སྨྲ་བ་གཉིས་ལུགས་ཐད་དང་། ཐེག་ཆེན་པ་ཡང་། དབུ་མ་དང་སེམས་ཙམ་པ་གཉིས་ཀྱི། དབུ་མ་ལ་རང་རྒྱུད་པ་དང་ཐལ་འགྱུར་བ་གཉིས་དང་། སེམས་ཙམ་ལ་རྣམ་རྫུན་རྣམ་བདེན་གཉིས་སོགས་བསམ་གྱིས་མི་ཁྱབ་


TR005_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞིན་དུ། གསང་སྔགས་ལ་ཕྱི་ནང་ཕ་མ་གཉིས་མདོ་རྒྱུད་སོགས་རྣམ་གྲངས་དུ་མར་ཡོད་ཚུལ་ནི་གསར་རྙིང་མཐུན་མེད་ཀྱང་། ཐེག་པའི་རིམ་པ་ལ་འཆད་ཚུལ་མི་འདྲ་བ་ནི་མདོ་ཉིད་ནས་འབྱུང་སྟེ། ཇི་སྲིད་སེམས་འཇུག་ཡོད་ཀྱི་བར། །ཐེག་པའི་མཐའ་ལ་ཐུགས་པ་མེད། །ཅེས། གྲངས་མེད་དུ་གསུངས་པ་དང་། ཐེག་པ་གཅིག་སྟེ་ཐེག་པ་གསུམ་དུ་མེད། །དེ་དག་དྲངས་བའི་ཐབས་སུ་བསྟན་པ་ཡིན། །ཞེས་ཐེག་པ་གཅིག་ཏུ་བསྡུ་བ་སོགས་གསུངས་ཚུལ་མང་ཡང་། སྤྱི་ཁྱབ་ཏུ་ནི་ཐེག་པ་ཆེ་ཆུང་གཉིས་ལ་འདུ་བར་ནི་ཐམས་ཅད་དགོངས་པ་མཐུན་པ་དང་། རྒྱུད་སྡེ་ལ། གསར་རྙིང་གཉིས་ཀས་བྱ་སྤྱོད་རྣལ་འབྱོར་གསུམ་པོ་གསང་སྔགས་ཕྱི་པའམ་འོག་མར་བཞེད་ཚུལ་ནི་མཐུན་པ་ཉིད་ལས། ནང་པའི་གོང་མ་བླ་མེད་ཀྱི་སྐབས་ནས། ཕ་རྒྱུད། མ་རྒྱུད། གཉིས་མེད་རྒྱུད་དུ་དབྱེ་བ་གསུམ་པོ་སྤྱི་སྡོམས་སུ་བྱས་ཏེ། འོག་མ་གསུམ་གྱི་ཁར་རྣལ་འབྱོར་བླ་མེད་དང་བཅས་


TR005_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་རྒྱུད་སྡེ་བཞི་ཞེས། གསར་མའི་བཞེད་ཚུལ་ཡིན་ལ། རྙིང་མ་ལྟར་ན། འོག་མ་གསུམ་པོའི་ཁར། སྐྱེད་པ་མ་ཧཱ་ཡོ་ག་རྫོགས་པ་ཨ་ནུ་ཡོ་ག །རྫོགས་ཆེན་ཨ་ཏི་ཡོ་ག་དང་གསུམ་པོ་ཕ་རྒྱུད་མ་རྒྱུད་གཉིས་མདོ་རྒྱུད་དང་གསུམ་གྱི་དོན་དང་མཚུངས་རུངས། ཡོ་ག་གསུམ་པོ་འདི་ལ་ཐེག་པའི་རིམ་པར་ཕྱེས་པའི་དབང་གིས། ཉན་རང་བྱང་སེམས་གསུམ། བྱ་སྤྱོད་རྣལ་འབྱོར་གསུམ། བླ་མེད་ཀྱི་ཡོ་ག་གསུམ་ཏེ་ཐེག་པ་དགུར་བྱུང་བ་ལགས་ཤིང་། འདི་སྐབས་ལ། རྗེ་བཙུན་ས་པཎ་གྱིས། ཨ་ཏི་ཡོ་གའི་ལྟ་བ་ནི། །ཡེ་ཤེས་ཡིན་གྱི་ཐེག་པ་མིན། །ཞེས་སོགས་གསུངས་པ་དང་། དེའི་འགྲེལ་པ་མཛད་པ་རྣམས་ཀྱིས་ཀྱང་། ཐེག་པ་ཅེས་པའི་སྒྲ་ནི་འོག་ནས་གོང་དུ་སྤོར་དུ་ཡོད་པའི་སྟེགས་སམ་ཞོན་པ་ལྟ་བུ་ལ་འཇུག་ལ་ཨ་ཏི་ཡོ་ག་ནི་ཐེག་པའི་ཆོས་ཐམས་ཅད་ཀྱི་རྩེ་རྒྱལ་ཡིན་པར་བཤད་ན་དེ་ལས་གོང་དུ་བགྲོད་ས་མེད་པ་ལ་ཐེག་པའི་མིང་སྦྱར་བ་ནི་རྙིང་


TR005_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

མ་བ་རྣམས་བརྡ་ལ་མ་བྱང་བའི་བླུན་རྟགས་དང་རང་བཟོ་ཡིན་པར་བཀའ་བཀྱོན་མཛད་ཅིང་། དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་ཟློ། ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ཏེ་ཌ་དགའ་སྐྱིད་བདེ་བ་མངོན་པར་ཐོབ་བྱེད་ཐེག་པའི་མཆོག །ཅེས་སོགས། མདོ་སྡུད་པའི་ལུང་འདྲེན་དང་བཅས་པ་མཛད་སྣང་རུང་། ཨ་ཏི་ཡོ་ག་ནི་ཡེ་ཤེས་ཀྱང་ལོས་ཡིན་ཏེ། ཐེག་པ་གཞན་ཐམས་ཅད་ཀྱང་སངས་རྒྱས་ཀྱི་མཁྱེན་པའི་ཡེ་ཤེས་ལས་བྱུང་བ་དང་། འདིར་གོང་དུ་སྤོར་རྒྱུ་ཡོད་མེད་ནི་ཐེག་པ་དེ་ཉམས་སུ་ལེན་པ་པོ་ལའང་རག་མོད་ལ། ཨ་ཏི་ལས་གོང་དུ་སྤོར་རྒྱུ་མེད་པ་མ་ཡིན་ཏེ། ཨ་ཏི་ནས་སྤྱི་ཏི། སྤྱི་ཏི་ནས་ཡང་ཏིར་སྤར་དུ་ཡོད་པ་དང་། ལར་ཡང་། ཨ་ཏི་ལ་ཐེག་པའི་མིང་སྦྱར་བ་འདི་རྙིང་མའི་གང་ཟག་བླུན་པོ་རྣམས་ཀྱིས་བྱས་པ་མ་ཡིན་ཏེ། ཀུན་བཟང་རྡོ་རྗེ་འཆང་གི་བཀའ་དྲི་མ་མེད་པའི་རྒྱུད་སྡེའི་དགོངས་པ་སོར་བཞག་ཡིན་ཕྱིར། སྡོམ་གསུམ་གཞུང་


TR005_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་གྱི་བཀའ་བཀྱོན་དེ་ཡང་རྡོ་རྗེ་འཆང་ལ་མཛད་དམ་ཅི། འདི་དོན་གྱི་ལུང་འདྲེན་བགྱིས་ན་རྫོགས་ཆེན་གྱི་རྒྱུད་ཐམས་ཅད་དང་ཁྱད་པར་དུ་ངེས་དོན་འདུས་པ་ཡེ་ཤེས་ནམ་མཁའ་མཉམ་པའི་རྒྱུད་ལེའུ་ཉིས་བརྒྱ་པ་དང་། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་བཀའ་བགྲོས་པའི་རྒྱུད་སོགས་ལས་རྒྱ་ཆེར་འབྱུང་མོད་ཀྱང་། མི་རྒན་ཡི་གེའི་ངལ་བ་ལ་འཇིགས་ནས་མ་བཀོད་པ་དང་། ལར་ཡང་སྐབས་འདིར་དགག་སྒྲུབ་ཀྱི་ཚིག་མང་པོ་བྱོན་དོན་མེད་ཚེ། མདོར་བསྡུ་ན། གསར་རྙིང་རྒྱུད་སྡེ་བཞི་དྲུག་གི་ཁྱད་དང་། ཐེག་པ་གསུམ་དང་དགུའི་ཁྱད་དོན་ནི་དེར་འདུ་བ་ལགས་ཤིང་། རྒྱུད་སྡེ་སོ་སོའི་སྟོན་འཁོར་ཡུལ་དུས་སྡུད་པ་པོ་དང་། མི་ཡུལ་དུ་དར་བའི་བླ་རྒྱུད་ཀྱི་ཁུངས་སོགས་བརྡ་མཚོན་ཙམ་ནི་སྔ་སོར་དྲུག་པ་རྡོ་རྗེ་འཆང་གི་ངེས་ཚིག་དྲིས་ལན་ཕུལ་བ་དེར་མཆིས་ཚེ་འདི་སྐབས་བསྐྱར་ལྡབས་སུ་བརྗོད་མ་དགོས་ལ། དར་ཚུལ་གྱི་དབང་དུ་ན། བཀའ་བཞི་རྒྱུད་པ་སོགས་མ་བྱོན་གྱི་གོང་དུ། རིན་པོ་ཆེ་དགའ་རབ་རྡོ་རྗེ་ནི་སྤྱིར་སངས་རྒྱས་


TR005_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དང་ཁྱད་པར་དཔལ་རྡོ་རྗེ་སེམས་དཔའ་ཉིད་ཀྱིས་མི་ཡུལ་དུ་རྫོགས་ཆེན་སོགས་སྤེལ་སླད་ཁོ་ནར་སྤྲུལ་ནས་བྱོན་ཏེ། ཆོས་ཐམས་ཅད་རང་བྱུང་མཁྱེན་པས་དགུང་ལོ་བརྒྱད་ནས་པཎྜི་ཏ་ལྔ་བརྒྱས་མ་ཐུབ་པས་པྲཛྙཱ། མཁྱེན་པའི་བདག་ཉིད་དམ། མཁྱེན་པའི་འབྱུང་གནས་བྷ་ཝར་མཚན་ཐོགས་ཤིང་། རྡོར་སེམས་དངོས་ལ་རྒྱུད་སྡེ་འབུམ་ཕྲག་དྲུག་ཅུའི་ཚིག་ལ་སྒྲོ་འདོགས་བཅད་ནས། སླར་དན་ཏིག་གི་རི་བོར་མི་ལོ་སུམ་ཅུ་སོ་གཉིས་ཏིང་ངེ་འཛིན་ལ་བཞུགས་པའི་མཐར་ཡེ་ཤེས་ཀྱི་མཁའ་འགྲོས་གྲོགས་བགྱིས་ཏེ་རྒྱུད་ལུང་མན་ངག་ཐམས་ཅད་ཡི་གེར་བཏབ། སློབ་མའི་གཙོ་བོ་འཇམ་དཔལ་བཤེས་གཉེན་སྔ་མ་ལ་ཆོས་རྣམས་བུམ་པ་གང་བྱོར་གནང་ནས་སྐུ་ཟག་མེད་འོད་ལུས་སུ་ཡལ་ཞིང་། འཇམ་དཔལ་བཤེས་གཉེན་དེ་ཉིད་ཀྱིས་ཀྱང་སློབ་མ་འཇམ་དཔལ་བཤེས་གཉེན་ཕྱི་མ་སོགས་མཁས་པའི་པཎ་ཆེན་ཉེར་ལྔ་ལ་གནང་བའི་ཁྲོད་ཀྱི་གཅིག་སློབ་དཔོན་ཀླུ་སྒྲུབ་ཡིན་ལ། ཀླུ་སྒྲུབ་ཀྱི་ཨཱརྱ་དེ་ཝ་ལ་གནང་བས་ཨཱརྱ་འཇའ་ལུས་འགྲུབ་


TR005_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་རྫོགས་ཆེན་གྱི་ཉམས་ལེན་མཛད་པ་ལས་བྱུང་བ་ཡིན་པར་བཤད་དོ། །གཞན་ཡང་དེ་དུས་མཁས་པ་ཉེར་ལྔ་སོགས་ཀྱིས་ཀྱང་གསང་སྔགས་གསང་བའི་ཉམས་ལེན་དུ་མཛད་ནས་མཆོག་གི་དངོས་གྲུབ་བརྙེས་པ་མ་གཏོགས་འོ་སྐོལ་བོད་ཀྱི་ལྟར་ཆོས་ཟབ་མོ་ནོར་རྫས་འཚོལ་བའི་ཟོང་དུ་མི་མཛད་པའི་ཕྱིར། སྐལ་བ་དང་སྣོད་དང་དབང་པོ་ཡང་རབ་ཏུ་གྱུར་པ་རེ་གཉིས་ཙམ་ལས་མང་དུ་ཡང་མ་སྤེལ། སླར་ཕྱིས་སོར་གྱི་གང་ཟག་ལྟ་སྤྱོད་གོ་ལོག་ཏུ་སྤྱོད་ཅིང་ཚིག་གི་ཐ་སྙད་ལ་རྩོད་པ་དག་བྱུང་བའི་རྐྱེན་གྱིས། ཆོས་ཀྱི་རྣམ་གྲངས་དེ་དག་ཐམས་ཅད་རྡོ་རྗེ་གདན་ལ་གཏེར་དུ་སྦས་པས་རྒྱ་གར་བ་རྣམས་ལ་རྒྱུན་ཆད་དེ་རྗེས་བཀའ་བཞི་བརྒྱུད་པའི་ཟབ་ཆོས་སོགས་གསང་སྔགས་གསར་མ་ལ་གྲགས་པའི་གདམས་པ་རྣམས་དར་བས། གྲུབ་ཆེན་བརྒྱད་ཅུ་སོགས་གྲུབ་ཐོབ་བསམ་གྱིས་མི་ཁྱབ་པ་བྱོན་པ་ཡིན་ལ། བོད་ཡུལ་འདིར་བསྟན་པ་སྔ་དར་གྱི་དུས་སུ་ སྔ་འགྱུར་ལགས་ བཻ་རོ་དང་། ཕྱི་འགྱུར་བཅུ་གསུམ་སོགས་ བི་མ་ལ་ནས་བརྒྱུད་པའི་རྫོགས་ཆེན་བཀའ་


TR005_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

མའི་རྒྱུད་མན་ངག་རྣམས་འབྱུང་བ་དང་། གུ་རུ་རིན་པོ་ཆེས་སྣོད་ལྡན་འགའ་ཞིག་ལ་གསུངས་ཤིང་གཏེར་ཤོག་ལ་བཀོད་ནས་སྦས་པ་རྣམས་གཏེར་སྟོན་སོ་སོས་འཐོན་ནས་འཕེལ་བ་ཙམ་མ་གཏོགས་བསྟན་པ་ཕྱི་དར་གྱི་པཎ་གྲུབ་ལོ་ཙཱ་རྣམས་བྱོན་དུས་རྒྱ་གར་དུ་ཨ་ནུ་ཨ་ཏིའི་ཆོས་སྐོར་རྣམས་མེད་པའི་སྟབས་ཀྱིས། རྙིང་མའི་ཆོས་ལ་ཚད་མར་མི་འཛིན་པ་དང་། ཁྱད་པར་རྫོགས་པ་ཆེན་པོ་ལ་མུ་སྟེགས་པའི་ལུགས་སུ་བལྟ་བ་དང་། རྙིང་མའི་རྒྱུད་རྣམས་གསར་མ་རྒྱུད་འབུམ་གྱི་ཁྲོད་དུ་མི་འཇུག་པ་སོགས་ཀྱི་རྒྱུ་རྐྱེན་ནི་དེ་ལྟར་ཡིན་པར་སྣང་ལ། རྙིང་མའི་མ་ཧཱ་ཡོ་གའི་རྒྱུད་ཀྱི་ཁྲོད་དུ་ནི་བདེ་དགྱེས་དུས་གསང་གཤེད་སྐོར་ཐམས་ཅད་འབྱུང་ཞིང་། གུ་རུའི་གཏེར་ཆོས་རྣམས་ལ་རྒྱུད་དེ་དག་གི་ལུང་འདྲེན་ཡང་མཐའ་ཡས་པར་ཡོང་མོད། གསར་རྙིང་ཞེས་ཐ་དད་དུ་བཟུང་ནས་ཆགས་སྡང་ཀུན་སློང་ཆེས་ཆེར་བྱེད་པ་ནི་ཕྱིས་བོད་དུ་མང་དུ་བྱུང་བ་དག་ལ་དགོངས་ནས། མཁས་པ་རོང་


TR005_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཟོམ་ཆོས་བཟང་དང་། རོག་སྟོན་ཤེས་རབ་འོད་སོགས་ཀྱིས་རང་ཉིད་གསར་རྙིང་ཁྱད་མེད་ཀྱི་མཁྱེན་རྒྱ་མཆིས་རུང་། གསར་རྙིང་ཁྱད་འབྱེད་དང་། རྙིང་མའི་ཁྱད་འཕགས་བཅོ་ལྔ་སོགས་ཀྱི་བསྟན་བཅོས་མཛད་པ་ནི་ལོག་ལྟ་ཆགས་སྡང་ཆོས་སྤོང་གི་ལས་གསོག་པ་དག་ལ་དམིགས་པར་གདའ་མོད། རྒྱ་གར་གྱི་པཎྜི་ཏ་ཕྱིས་བོད་དུ་བྱོན་པ་དག་ཀྱང་སྔོན་ནས་བོད་ལ་དར་བའི་རྙིང་མའི་ཆོས་འདི་དག་ཕྱིས་རྒྱ་གར་དུ་མེད་པའི་གཤིས་ཀྱིས། དག་སྣང་མཛད་མཁན་ཆེར་མ་བྱུང་བར་སྣང་ལ། ཇོ་བོ་རྗེ་སོགས་ལ་ནི་དེ་དུས་ཞུ་བ་པོ་དང་བསྟན་པའི་བབས་ཡུལ་དབང་གིས་གསང་སྔགས་ཀྱི་རིགས་ཙམ་ཡང་སྦས་ཐབས་སུ་མཛད་དགོས་བྱུང་ཚེ་རྫོགས་ཆེན་སོགས་ལྟ་ཅི་སྨོས་ཀྱི། འོན་ཀྱང་། བཀའ་གདམས་གླེགས་བམ་རིན་པོ་ཆེའི་ཞུ་ལན་ནོར་བུའི་འཕྲེང་བའི་བར་དོའི་སྐབས་དེ་དག་ནི་རྫོགས་ཆེན་གྱི་ལུགས་འབའ་ཤིག་གསུངས་གདའ་ནའང་གསར་མའི་བཤེས་གཉེན་རྣམས་ནི་ཉམས་སྣང་མི་མཛད་པར་གདའ། ཕ་དམ་པ་དང་མི་ཏྲ་


TR005_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཛོ་གི་སོགས་གསར་རྙིང་གཉིས་ཀའི་མཁྱེན་པ་ཟླ་མེད་པ་ཡིན་རུང་བོད་དུ་བྱོན་དུས་དང་གདུལ་བྱའི་རྟེན་འབྲེལ་གྱི་རྙིང་མའི་མིང་མ་ཐོགས་པ་དང་། པཎ་ཆེན་ཤཱཀྱ་ཤྲཱི་ནས་བརྒྱུད་པའི་ཡང་དག་དང་། སྨྲྀ་ཏི་ཛྙ་ནའི་འཇམ་དཔལ་གཤེད་སྐོར། པཎ་ཆེན་ནགས་རིན་གྱི་ཚེ་འཁྲིད་སོགས་སློབ་དཔོན་པདྨ་དངོས་ལས་བརྒྱུད་པ་རྣམས་ཀྱང་གསར་མའི་མཁས་གྲུབ་དག་གིས་ཐུགས་རྩིས་ཆེར་མ་མཛད་པས་གྲགས་དང་འགྲོ་དོན་ཆུང་མོད། གཞན་ཡང་། བོད་ཀྱི་མཁས་གྲུབ་དགེ་བའི་བཤེས་གཉེན་ཕལ་མོ་ཆེས་ནི་རང་རང་གི་ཆོས་སོ་སོའི་ཞལ་བདག་མཛད་པ་ཤ་སྟག་ལས། རྙིང་མའི་ཕྱོགས་ལ་གསན་སྒོམ་དང་གཞན་དོན་གནང་མཁན་ཁ་ཐོར་ཙམ་ལས་མ་བྱུང་ཞིང་། མཛད་པའི་ཚེ་ནའང་། རང་བྱུང་རྡོ་རྗེས་རྫོགས་ཆེན་སྙིང་ཏིག་གི་འགྲོ་དོན་མཛད་པ་ལ་འབྲི་གུང་དཔལ་འཛིན་གྱིས་རང་བྱུང་བས་རྙིང་མ་བ་རྣམས་ཀྱི་ངོ་སྲུང་བྱས་སོ་ཞེས་སྐུར་པ་འདེབས་པ་ཡང་བྱུང་མོད་


TR005_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དཔལ་ལྡན་ས་སྐྱ་པ་ཁོན་དཀོན་མཆོག་རྒྱལ་པོ་མན་ཆད་དང་། མཁས་གྲུབ་ཁྱུང་པོ། རྗེ་མི་ལ། གྲུབ་ཐོབ་གླིང་དང་རྒྱ་རས། རྗེ་དུས་མཁྱེན། དཔལ་ཕག་མོ་གྲུ་པ། འགྲོ་མགོན་རས་ཆེན། ཀུན་མཁྱེན་ཇོ་ནང་པ་སོགས་མཁས་གྲུབ་མང་པོ་ཞིག་དང་པོར་རྙིང་མའི་ཆོས་ལ་གསན་བསམ་མཛད་ནས་མཐར་འགྲོ་དོན་ཐམས་ཅད་གསར་མ་ཁོ་ནས་མཛད་པའི་བབས་ཡུལ་ལ་བརྟེན། ཆོས་ཀྱི་གོ་རྒྱ་མ་ཁྲོལ་བའི་གང་ཟག་རྣམས་ཀྱི་བསམ་ཡུལ་དུ། སྐྱེས་ཆེན་དེ་ལྟ་བུ་རྣམས་ཀྱང་རྙིང་ཆོས་བོར་ནས་གསར་ཆོས་མཛད་ལུགས་འདིས། ངེས་པར་རྙིང་མའི་ཆོས་དེ་དག་ནི་ཡང་དག་པའི་བཀའ་ཚད་མ་ཞིག་མིན་པར་ངེས་སོ་སྙམ་དུ་གྱུར་པ་དང་། སྔོན་ལྷ་བཙུན་ཞི་བ་འོད་ཀྱིས་སྔགས་ལོག་སུན་འབྱིན་མཛད་པས་སྣ་དྲངས། འགོས་ལོ་ལྷ་བཙས། བཅོམ་ལྡན་རལ་གྲི། ཀུན་མཁྱེན་བུ་སྟོན་སོགས་ཀྱིས་རྙིང་མའི་རྒྱུད་ཀྱི་ཁྲོད་དུ་ཆོས་ཡིན་མིན་གྱི་དཔྱད་པ་མང་པོ་ཞིག་གནང་


TR005_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། ཁྱད་པར་དུ་ཉང་དབོན་ཀུན་དགའ་དང་འབྲི་གུང་དཔལ་འཛིན་སོགས་ཀྱིས་ནི་ཞེ་ཐག་པ་ནས་རྙིང་མ་ལ་སྡང་སེམས་ཀྱིས་བསྟན་བཅོས་མཛད་མོད་ཀྱང་བླུན་པོ་འགའ་ཞིག་ཙམ་ལས། དཔྱོད་ལྡན་རྣམས་ཀྱི་ཐུགས་གཡོ་བར་མ་ནུས་མོད་ཀྱི། ཕྱིས་སུ་རྗེ་མི་སྐྱོད་ཞབས་ཀྱི་དགོངས་པ་ཅན་གྱི་བཀའ་ཤོག་མཛད་པ་དེ་ཉིད་གསུང་བ་པོ་ནུས་པ་ཆེ་བའི་མཐུས། གང་ཟག་མཆོག་དམན་ཕལ་མོ་ཆེས་སྒྲ་ཇི་བཞིན་པའི་གསུང་དུ་བཟུང་སྟེ། རྙིང་མ་ལ་ཞེ་མེར་གྱི་གཏོང་ཐུབ་པ་བྱུང་ཞིང་། སླད་དུ་བསྟན་བཅོས་དྲང་པོའི་ས་བོན་མཛད་རུང་། གསུང་སྔ་མ་ཁོ་ན་བཙན་པའི་དབང་གིས་ཕྱི་མ་ལ་རྟོག་འཇུག་ཆེར་བྱེད་པ་མ་བྱུང་ཞིང་ཡིག་ཆ་ཁྱབ་ཆེ་བར་ཡང་མ་གྱུར་ཏོ།། ༈ །།དེ་ལྟ་བས་ན། རྒྱ་གར་དུ་ནི་ཆོས་ཀྱི་གཞུང་ལུགས་ཐ་དད་པའི་རྣམ་གྲངས་ཙམ་ལས་གསར་མ་དང་རྙིང་མ་ཞེས་པའི་མིང་དུ་


TR005_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

མི་འདོགས་ཀྱང་། བོད་དུ་གསར་རྙིང་གི་ཐ་སྙད་དུ་གྲགས་དགོས་པའི་རྒྱུ་མཚན་རང་ལའང་བཤད་ཚུལ་མི་མཐུན་པ་འགའ་བྱུང་སྟེ། ལ་ལ་བསྟན་པ་སྔ་དར་ཕྱི་དར་ཁོ་ན་ལ་གསར་རྙིང་གི་མཚམས་འཛིན་ཡང་། དེ་ནི་མི་འཐད་དེ། ཕྱིས་ཀྱི་གཏེར་ཆོས་ཐམས་ཅད་གསར་མར་བརྩི་དགོས་པར་ཐལ་བ་དང་།། ༈ །།ལ་ལས་ནི། ཀུན་བཟང་གི་གསུང་དང་རྡོ་རྗེ་འཆང་གིས་གསུང་ལ་མཚམས་འཛིན་ཀྱང་དེ་ཡང་མ་ཡིན་ཏེ། ཀུན་བཟང་རྡོ་རྗེ་འཆང་ངོ་བོ་དབྱེར་མ་མཆིས་ལ། རྒྱུད་སྡེ་ཡང་སྔར་ཀུན་བཟང་གིས་དགོངས་པ་བསྟན་པ་རྣམས་ཕྱིས་རྡོར་འཆང་གིས་ཚིག་ཏུ་གསུངས་པ་ཙམ་མ་གཏོགས་ངོ་བོ་གཅིག་པའི་ཕྱིར་དང་། འགའ་ཞིག་ལོ་པཎ་སྔ་ཕྱིའི་ཁྱད་ཁོ་ན་ལ་འདོད་ཀྱང་། དེ་ལྟར་ན། གོང་དུ་སྨོས་པའི་པཎ་ཆེན་ཤཱཀྱ་ཤྲཱི། སྨྲྀ་ཏི། ནགས་ཀྱི་རིན་ཆེན་སོགས་ཀྱི་ཟབ་ཆོས་དེ་དག་ཀྱང་རྙིང་མའི་ཆོས་མ་ཡིན་པར་འགྱུར་བ་དང་། ས་པཎ་དང་། རིག་རལ། འབྲི་གུང་ལོ་ཙཱ་སོགས་ཀྱིས་རྙིང་མའི་ཕུར་པ་དང་


TR005_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་འཕྲུལ་སོགས་ཀྱི་རྒྱུད་བསྒྱུར་བ་དེ་དག་ཀྱང་གསར་མའི་རྒྱུད་ཡིན་པར་ཐལ་བ་དང་།། ༈ །།ཡང་། ལ་ལ་ནི་ཐེག་པ་མཐོ་དམན་དུ་འདོད་ཀྱང་། དེ་ནི་མ་ཡིན་ཏེ། རྒྱལ་བའི་བཀའ་ཐེག་པ་གསུམ་དང་རྒྱུད་སྡེ་བཞི་སོགས་ཐམས་ཅད་གསར་རྙིང་གཉིས་ཀ་ལ་ཡོད་མཉམ་ཡིན་པའི་ཕྱིར།། ༈ །།ཡང་། ཐོས་ཆུང་ལ་ལས་བརྡ་སྐད་གསར་རྙིང་ཙམ་ཁོ་ན་ལ་མཚམས་འཛིན་མོད། དེ་ནི་ག་ལ་ཡིན་ཏེ། སྐད་གསར་བཅད་ཀྱིས་གཏན་ལ་ཕབས་པ་ནི་མངའ་བདག་ཁྲི་རལ་གྱི་དུས་སུ་ཡིན་ལ། མཛད་པ་པོ་ཡང་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་རྣམས་ཡིན་ཕྱིར། སྐད་གསར་བཅད་ཡིན་ཚད་གསར་མའི་ཆོས་སུ་ག་ལ་འགྱུར། འགའ་ཞིག་གིས་གཏེར་མ་ཡོད་མེད་ཁོ་ན་མཚམས་འཛིན་ཞིང་རྙིང་མའི་གཏེར་ཆོས་ལ་སྐུར་པ་སྣ་ཚོགས་འདེབས་པར་བྱེད་ཀྱང་། དེ་ལྟ་ན། སྤྱིར་ཡང་རྒྱལ་བའི་བཀའ་ཐམས་ཅད་གཏེར་ནས་


TR005_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི་ལོ་རྒྱུས་སྤྱི་དང་། བྱེ་བྲག་ཏུ་ཡང་། ཆོས་འཕགས་ཀྱི་ཤེར་ཕྱིན་གཏེར་མ། ཀླུ་སྒྲུབ་ཀྱི་མགོན་པོ་སྐོར། ཏེ་ལོ་ནཱ་རོའི་རླུང་སེམས་དབྱེར་མེད། མཻ་ཏྲི་པའི་བྱམ་ཆོས། ཕ་དམ་པའི་ཞི་བྱེད་ཆུ་རླུང་རོལ་པའི་རྒྱུད་བ་རི་ལོ་ཙཱའི་མཁའ་འགྲོ་སེང་གདོང་མ། ཇོ་བོ་རྗེའི་ལོ་རྒྱུས་བཀའ་བཀོལ་མ་མར་པའི་ཆོས་དྲུག་སྲས་མཁར་མ། རས་ཆུང་དང་རྒྱ་རས་ཀྱི་རོ་སྙོམས་སོགས་མང་པོ་ཞིག་ལ་ཡང་སྐུར་ཞུས་སུ་འགྱུར་ལ། རྙིང་མའི་ཆོས་ལའང་བཀའ་མ་ནི་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །མདོར་བསྡུ་ན། གསར་རྙིང་ཞེས་པའི་ཐ་སྙད་འདི་ཅི་ལས་བྱུང་ཞེ་ན། མིང་ཙམ་བོད་དུ་གྲགས་རུང་ཆོས་རང་གི་དབྱེ་མཚམས་ནི་རྒྱ་གར་དུ་སྔོན་དགའ་རབ་འཇམ་དཔལ་སོགས་ལས་རྒྱུད་པ་དང་། ཕྱིས་བཀའ་བཞི་རྒྱུད་པ་ལས་བྱུང་བའི་ཁྱད་དང་། ཨ་ནུ་ཨ་ཏིའི་ཐེག་པའི་རྒྱུད་སྡེ་རྣམས་ཡོད་མེད་ཀྱི་ཁྱད་པར་དུ་གདའ་ལགས།། ༈ །།ཡང་འོ་ན། གསར་རྙིང་དཀྱིལ་འཁོར་


TR005_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལྷ་ལ་གསར་མའི་བདེ་དགྱེས་སོགས་དང་རྙིང་མའི་ཆེ་མཆོག་ཡང་དག་སོགས་ངོ་བོ་གཅིག་པར་བཤད་ན། ཞལ་ཕྱག་རྣམ་འགྱུར་མཚན་དང་འཁོར་ཚོགས་བཟླས་སྔགས་སོགས་མི་འདྲ་བར་འབྱུང་བ་འདི་ཅི་ཞེ་ན། དེ་ནི་གདུལ་བྱ་ཐ་དད་པའི་སྣང་ཚུལ་ཙམ་དུ་རྒྱུད་སྡེ་སོ་སོའི་སྤྲུལ་བསྒྱུར་ཡིན་ཏེ། དཔེར་ན། གསར་མ་རང་གི་དགྱེས་རྡོར་གཅིག་པུ་ལ་ཡང་ཕྱག་བཅུ་དྲུག་པ། བརྒྱད་པ། དྲུག་པ། བཞི་པ། གཉིས་པ་སོགས་དང་། དེའི་གསང་སྔགས་ལའང་། ཨཥྚ་དང་། དེ་ཝ་པི་ཙུ་དང་། ཀི་ཊི་སོགས་དུ་མར་གསུངས་པ་བཞིན། རྙིང་མའི་ཆེ་མཆོག་ཧེ་རུ་ཀ་གཅིག་པུ་ལ་ཡང་དབུ་ཉེར་གཅིག་ཕྱག་བཞི་བཅུ་རྩ་གཉིས་པ་དང་དབུ་དགུ། ཕྱག་བཅོ་བརྒྱད་པ། དབུ་གསུམ་ཕྱག་དྲུག་པ། ཞལ་གཅིག་ཕྱག་གཉིས་པ་སོགས་ཡོད་པ་ལྟར་ལྷ་གཞན་ལའང་མཚུངས་པ་དང་། སྔགས་ལ་ཡང་རྩ་སྔགས་དང་སྙིང་པོ་དང་ཉེ་


TR005_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྙིང་པོ་སོགས་དང་། འཁོར་ཚོགས་ཀྱང་དཀྱིལ་འཁོར་རྒྱས་འབྲིང་བསྡུས་པ་དང་གཙོ་རྐྱང་སོགས་ཅི་རིགས་འབྱུང་ཚུལ་ནི་གསར་རྙིང་མཐུན་ནོ། །ཡང་། གསར་རྙིང་ཁྱད་མེད་ན་ནི་ཕྱག་རྫོགས་ཀྱང་སོ་སོར་འབྱེད་པའི་རྒྱུ་མཚན་ཇི་ལྟ་བུ་ཡིན་གྱི་དྲི་བ་གནང་བའི་ཆར།། ༈ །།འདི་སྐབས་ཕྱག་རྫོགས་ཁྱད་ཡོད་པར་གསུངས་པ་དང་མེད་པར་གསུངས་པ་གཉིས་སུ་མཆིས་ཏེ། དགོས་པ་སྐབས་དོན་ལ་དགོངས་པར་སྣང་ཞིང་། རང་རང་གི་ཁ་འཛིན་དང་ཆེ་བ་འདོན་ཕྱིར་གྱི་བཤད་ཚུལ་དག་ལ་ནི་ངེས་པ་མི་འབྱུང་མོད་ཀྱི། དངོས་དོན་ལ། ཁྱད་མེད་པར་བཤད་པའི་དབང་དུ་ན། རྫོགས་ཆེན་ལ་ཕྱི་ནང་གསང་གསུམ་གྱི་ཕྱི་སེམས་སྡེ་དང་ནང་ཀློང་སྡེ་སོགས་ཀྱི་སྐབས་དང་། གསང་བ་མན་ངག་སྡེ་དང་ཡང་གསང་བླ་ན་མེད་པའི་སྡེ་སྐོར་རྣམས་ཀྱི་ཁྲེག་ཆོད་བཞིའི་ཉམས་ལེན་གྱི་ལྟ་སྒོམ་ཐམས་ཅད་ཕྱག་རྫོགས་ཁྱད་མེད་དུ་བཞེད། དེའི་བོགས་འདོན་དང་ཐབས་ཀྱི་མྱུར་ལམ་དུ་གསར་མ་ལ་གཏུམ་མོ་སོགས་བདེ་སྟོང་ཕྱག་ཆེན་ནམ་ཆོས་དྲུག་སྐོར་


TR005_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྦྱོར་དྲུག་གི་སྲོག་རྩོལ་རྗེས་ཏིང་སོགས་ཀྱི་དོད་དུ། རྫོགས་ཆེན་གྱི་སྡེ་གོང་མ་རྣམས་སུ་འོད་གསལ་ཐོད་རྒལ་གྱི་སྐོར། དཀར་ཁྲིད། ནག་ཁྲིད། སེར་ཁྲིད། ཁྲ་ཁྲིད་སོགས་གསུངས་ཤིང་། འོད་གསལ་ཐོད་རྒལ་སྐོར་གྱི་གདམས་པ་འདི་དག་ལ་ཡང་དག་གསར་མ་བ་ལ་ལས་མུ་སྟེགས་ཉི་མ་བལྟ་བའི་ཆོས་ལུགས་ཞེས་སོགས་ཀྱི་བཀའ་བཀྱོན་མཐའ་ཡས་པར་མཛད་ནའང་། ཆོས་རང་རང་གི་རྒྱུད་ལུང་མན་ངག་གི་དགོངས་དོན་ཡིན་ཚེ། ཐུགས་ལ་མ་ཤོང་མཁན་རྣམས་རང་སྐྱོན་དུ་ཟད་མོད། ཡང་ཕྱག་རྫོགས་ཁྱད་པར་ཡོད་པར་བཤད་པའི་སྐབས་དོན་ལྟར་ན། གཞིའི་སྐབས་སུ་ཀུན་གཞི་དང་ཀ་དག་གི་ཁྱད་དང་། རྣམ་རྟོག་ཆོས་སྐུ་གཅིག་མི་གཅིག་དང་། སེམས་དང་རིག་པ་ཁྱད་འབྱེད་དང་། སྣང་སེམས་གཅིག་མི་གཅིག་དང་། དྲན་པ་སྒོམ་དུ་བྱེད་མི་བྱེད་སོགས་ཀྱི་དབྱེ་མོད་ཀྱང་། འདི་དག་གི་དབྱེ་བསྡུ་རག་བསྡུས་ཙམ་བདག་གིས་ཕྱག་རྫོགས་སྤྱི་དོན་གཉིས་སུ་བཀོད་ཡོད་ཕྱིར་


TR005_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་མ་བྲིས་ལགས།། ༈ །།ཡང་ཉིད་ཀྱིས། རྙིང་མ་རང་ལའང་། ལྷ་ཐོ་ཐོ་རི་ལ་དམ་ཆོས་གཉན་པོ་གསང་བ་བབས་པ་ནས་བཟུངས། ཆོས་རྒྱལ་སྲོང་བཙན་དུས་ཀྱི་ལོ་པཎ་དང་ཆོས་ཀྱི་རྣམ་གྲངས་སོགས་དང་། དེ་རྗེས་ཀྱང་མཁན་པོ་ཞི་བ་འཚོ་ལ་སོགས་པ་དེ་ཙམ་བྱུང་སྣང་བ་ལ། རྙིང་མའི་ཆོས་ཀྱི་བརྒྱུད་ཁུངས་སློབ་དཔོན་པདྨ་ཁོ་ན་ལས་འདྲེན་དགོས་པའི་རྒྱུ་མཚན་གང་ཡིན། ཞེས་གསུངས་པའི་ཐད་ལ། སྤྱིར། རྙིང་མའི་ཆོས་ཀྱི་བརྒྱུད་ཁུངས་སློབ་དཔོན་ཉིད་ནས་འདྲེན་དགོས་མི་དགོས་ནི་གང་ཡང་ཡོད་དེ། གཏེར་ཆོས་ཕལ་ཆེར་ནི་སློབ་དཔོན་ནས་བརྒྱུད་པ་ཤས་ཆེ་ལ། འགའ་ཞིག་ནི་པཎ་ཆེན་བི་མ་ལས་སྦས་པ་དང་། གཞན་ཡང་། ནམ་མཁའ་སྙིང་པོ། བཻ་རོ་ཙ་ན། གནུབས་བན་སངས་རྒྱས་ཡེ་ཤེས། གཉགས་ཛྙཱ་ན་ཀུ་མ། ཆོས་རྒྱལ་དང་ལྷ་སྲས་སོགས་ཀྱིས་སྦས་པ་ཡང་མང་དུ་ཡོད་ཕྱིར། གཏེར་ཆོས་ཡིན་ཚད་སློབ་དཔོན་ཁོ་ནས་སྦས་པ་ནི་མིན་པས་བརྒྱུད་པ་ཡང་དེ་དང་མཐུན་པར་འདྲེན་དགོས་


TR005_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ལ། བཀའ་མའི་ཆོས་ནི། ཆོས་རྒྱལ་སྲོང་བཙན་ནས་ཁྲི་སྲོང་ལྡེ་བཙན་ཡན་གྱི་དུས་སུ་བྱུང་བའི་ལོ་པཎ་གཞན་དང་ཁྲི་སྲོང་གི་དུས་ཉིད་ལའང་། བོ་དྷི་སཏྭ། བི་མ་ལ། ཤིནྟིང་གརྦྷ་སོགས་པཎ་ཆེན་བརྒྱ་རྩར་གྲགས་པ་དང་། སླད་ནས་ཀ་མ་ཤཱི་ལ། དཱ་ན་ཛི་ན་རྒྱ་གར་གྱི་པཎ་གྲུབ་ཐ་དད་དང་ལོ་ཙཱ་སོ་སོས་བསྒྱུར་བའི་ཆོས་རྣམས་རང་རང་ལས་བརྒྱུད་པ་འདྲེན་པ་མ་གཏོགས། ཐམས་ཅད་སློབ་དཔོན་པདྨ་གཅིག་པུ་ལས་རྒྱུད་པ་མ་ཡིན་པའི་ཚུལ་ནི་བཀའ་བསྟན་འགྱུར་རྒྱུད་མན་ངག་སོ་སོའི་ལོ་རྒྱུས་ལྟར་ལགས་མོད་ཀྱི། སློབ་དཔོན་ཉིད་སྤྱིར་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། ཁྱད་པར་དུ་ཤཱཀྱའི་དབང་པོས་བསྐལ་པ་རྩོད་ལྡན་སྙིགས་མ་རྨུ་རྒོད་གདུག་པ་ཅན་གྱི་གདུལ་བྱ་འདུལ་ཕྱིར་དུ་སྐུ་སྤྲུལ་ཞིང་། ཆོས་ངེས་དོན་གསང་སྔགས་ཀྱི་བདག་པོར་མངའ་གསོལ་བའི་མཐུས། རྒྱ་གར་ཤར་ལྷོ་ནུབ་བྱང་གི་ཡུལ་ཁམས་ཀུན་ཏུ་བསྟན་


TR005_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོའི་དོན་མཛད་ཚུལ་ནི་སོ་སོ་སྐྱེ་བོའི་བློས་ག་ལ་དཔོག་ནའང་། དེ་ཐམས་ཅད་ལ་ཨོ་རྒྱན་པདྨ་ཞེས་པའི་མཚན་དང་ཆ་ལུགས་འདི་གཅིག་པུར་བསྟན་པ་མ་ཡིན་ཏེ། ད་ལྟ་རྣམ་ཐར་ཐང་ཡིག་ཁོ་ནའི་དབང་དུ་བྱས་ཀྱང་། གུ་རུ་མཚན་བརྒྱད། ཡང་སྤྲུལ་ཉེར་བཞི། འགྲོ་བ་དྲུག་གི་གནས་རིས་སོ་སོར་སྤྲུལ་པའི་གུ་རུ་དྲུག་སོགས་སྤྲུལ་ཚུལ་དང་། གཞན་ཡང་དགེ་སློང་སོཀྱ་དེ་ཝ། བྲམ་ཟེ་བདེ་མཆོག་སྙིང་པོ། དགེ་སློང་སིདྡྷི་ཕ་ལ། ཌོམྦི་ཧེ་རུ་ཀ །དགེ་སློང་དབང་པོའི་སྡེ། གདོལ་བ་ཀརྟི་ནག་པོ་སོགས་ཡུལ་དུས་དང་མཚམས་པའི་གང་འདུལ་གྱིས་སྤྲུལ་པའི་སྒྱུ་འཕྲུལ་སྣ་ཚོགས་བསྟན་པ་ཡིན་ཚེ། པདྨ་འབྱུང་གནས་ཁོ་ནར་ནི་མ་གྲགས་མོད། བོད་ཡུལ་འདིར། དྲང་དོན་དུ་ནི་བལ་ཡུལ་གྱི་བྱ་རྫི་ས་ལེའི་བུ་མོ་བདེ་བ་མཆོག་གི་བུ་གསུམ་གྱིས་མཆོད་རྟེན་བྱ་རུང་ཁ་ཤོར་བཞེངས་ཤིང་སྨོན་ལམ་བཏབས་པའི་མཐུས་མཁན་སློབ་ཆོས་གསུམ་དུ་སྐྱེ་བ་བཞེས་ཚུལ་སོགས། ཐ་མལ་པའི་སྣང་ངོ་དང་


TR005_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

བསྟུན་པའི་ལོ་རྒྱུས་གསུངས་མོད་ཀྱང་། ངེས་པའི་དོན་དུ། བདེ་བ་ཅན་དུ་འོད་དཔག་མེད་ལ་སྤྱན་རས་གཟིགས་ཀྱིས་གསོལ་བ་བཏབ་པའི་མཐུས། སྣང་མཐའི་ཐུགས་ལས་འོད་ཟེར་རྡོ་རྗེ་ཧྲཱིཿཡིག་གིས་མཚན་པའི་རྣམ་པར་དྷ་ན་ཀོ་ཥའི་མཚོ་གླིང་དུ་སྤྲོས་པས། པདྨའི་སྡོང་པོ་ལས་སྐུ་འཁྲུངས་ཏེ། སྤྱིར་འཇིག་རྟེན་གྱི་ཁམས་རབ་འབྱམས། སྒོས་སུ་ལྷོ་ཕྱོགས་འཛམ་བུའི་གླིང་། ཁྱད་པར་བྱང་ཕྱོགས་ཁ་བ་ཅན་གྱི་གདུལ་སྐལ་དུ་བྱོན་པའི་མཐུས། བོད་ཀྱི་ལྷ་འདྲེ་གདུག་པ་ཅན་ཐམས་ཅད་བཏུལ་ཞིང་ས་འདུལ་རབ་གནས་བྱིན་རླབས་མཛད་པ་དང་། རྒྱུད་ལུང་མན་ངག་གི་ཆོས་འཁོར་བསྐོར། རི་ཀླུང་ཐམས་ཅད་ཟབ་གཏེར་གྱིས་བཀང་། ས་ཡུལ་ཁབ་རྩེ་ཙམ་ཡང་མ་ལུས་པར་ཞབས་ཀྱི་བཅགས་ཤིང་བྱིན་གྱིས་རླབས་ཏེ་སྒྲུབ་གནས་དང་ཚོགས་བསགས་སྒྲིབ་སྦྱང་གི་རྟེན་དུ་མཛད། ཕྱིས་འབྱུང་གི་གདུལ་བྱ་ལ་བརྩེ་བར་དགོངས་པའི་ཞལ་གདམས་ལུང་བྱང་


TR005_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡས་པས་བླངས་དོར་གནད་བསྟན་ཞིང་རྗེས་སུ་བཟུང་། མཐའ་ན་མཛད་འཕྲིན་གཞན་ཕར་ཞོག །བོད་ཁམས་བདེ་ཐབས་ཀྱི་རྟེན་འབྲེལ་དང་སའི་མེ་བཙའ་ཡུན་གྱི་བླ་གཏེར་སྦས་པ་གཅིག་པུའི་བཀའ་དྲིན་ལ་བསམ་ཀྱང་བོད་ཀྱི་སྐྱེ་འགྲོ་རྣམས་གུ་རུའི་སྐུ་དྲིན་འཁོར་ཐབས་མ་མཆིས་ནའང་། དེ་འདྲའི་རྒྱུ་མཚན་བསམ་མཁན་ནི་མ་བྱུང་མི་འབྱུང་འབྱུང་བར་དཀའ་སྟེ། ཆོས་ལུགས་སོ་སོ་ནས་ངེད་ཀྱི་བླ་མ་ལས་ཁམས་ཆེ་བ་མེད། བཟང་དགུ་དང་ལེགས་བྱས་དང་ཕན་བདེ་དང་དྲིན་ཆེན་ཐམས་ཅད་ངེད་ཀྱིས་བྱས་པ་ཡིན་སྙམ་པ་ལས། བློ་གཟུ་བོར་གནས་མཁན་ནི་ཉིན་སྐར་ལས་དཀོན་པར་ཟད་ཅིང་།། ༈ །།གཞན་ཡང་ཕྱིས་སུ་སློབ་དཔོན་ཉིད་བོད་འདིར་གདུལ་བྱ་དུས་དང་བསྟུན་པའི་སྐུར་བྱོན་ཚུལ་ནི། ཇོ་བོའི་རྣམ་ཐར་དུ། བསྟན་པ་སྔ་དར་གྱི་ལོ་རྒྱུས་གསུང་བའི་འཕྲོར། དེའི་དུས་སུ་བདག་ཀྱང་རིག་སྔགས་འཆང་བ་རྣལ་འབྱོར་གྱི་དབང་ཕྱུག་རྡོ་རྗེ་འཛིན་པ་ཆེན་པོ་ཞིག་ཏུ་བྱས་ནས་


TR005_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

གདུལ་བྱའི་དབང་གིས་བོད་ཡུལ་འདིར་ཡང་ལན་གཉིས་གསུམ་འོངས་ཤིང་སྤྲུལ་པ་ཡང་དེ་ལྟར་བགྱིད་དོ། །ཞེས་གསུངས་ལ། སློབ་དཔོན་ཉིད་ཀྱི་བཀའ་ལས་ཀྱང་། ཨ་ཏི་ཤ་དང་ཤཱཀྱ་ཤྲཱི་སོགས། །ང་ཡིས་སྤྲུལ་པ་པཎ་ཆེན་རིམ་པར་འབྱོན། །བོད་ཡུལ་ཆོས་ཀྱི་སྒྲོན་མེ་སྦོར་བར་བྱེད། །ཅེས་པཎ་ཆེན་དེ་དག་ཀྱང་གུ་རུ་རིན་པོ་ཆེ་ཉིད་ཡིན་པ་དང་། གཞན་ཡང་། ཨུ་རྒྱན་ང་ཉིད་རྡ་རའི་མིང་འཛིན་པས། བིར་ཝ་པ་ཡི་ཐུགས་བཅུད་བླངས་ནས་ནི། །ཤཱཀྱ་ཞང་སོགས་རིམ་པར་བརྒྱུད་ནས་ཀྱང་། །ལམ་འབྲས་ཆོས་ཀྱིས་སྐྱེ་འགྲོའི་མུན་པ་སེལ། །ཞེས་པཎ་ཆེན་ག་ཡ་རྡ་རར་སྤྲུལ་ནས་ས་ལུགས་ཀྱི་ལམ་འབྲས་སྤེལ་བ་དང་། ཨོ་རྒྱན་ང་ཉིད་གཉལ་མདའི་ལྷ་རྗེར་སྤྲུལ། །དྭགས་སྒམ་སྙིང་རྗེའི་དོན་སྒོམ་ཁྱུ་གཅིག་འབྱུང་། །སོགས་དང་། མདོ་སྔགས་མཐར་ཕྱིན་ཟླ་འོད་གཞོན་ནུ་ནི། །ཨུ་རྒྱན་ང་དང་དབྱེར་མེད་མཐོང་ཐོས་གྲོལ། །ཞེས། སྒམ་པོ་པ་དང་། ཞང་སྟོན་ཆོས་འབར་ འབྲོག་མི་ཤཱཀྱ་ཡེ་ཤེས།


TR005_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ཕག་མོ་གྲུ་ཡི་མཐའ་རྩ་ན། །བཛྲ་རཱ་ཛ་ང་སྤྲུལ་འབྱུང་། །སོགས་ཀྱི་ཕག་གྲུ་དང་། བྱང་ཕྱོགས་འབྲི་ཞེས་བྱ་བ་ན། ང་ཉིད་དགེ་སློང་རིན་ཆེན་དཔལ་གསུམ་ཁྲི་དྲུག་སྟོང་ཚོགས་པ་སྐྱོངས། ཞེས། འབྲི་གུང་འཇིག་རྟེན་མགོན་པོ་དང་། །པདྨ་འབྱུང་གནས་སྐྱེ་མེད་ཞངས། །རླབས་ཆེན་སྤྱོད་པས་འགྲོ་བ་འདུལ། །ཞེས། འགྲོ་མགོན་ཞང་དང་། གནོད་སྦྱིན་གང་བ་བཟང་པོའི་ཞོལ། །ང་ཉིད་རྒྱ་ཡི་མིང་དུ་སྤྲུལ། །སྒྲུབ་རྒྱུད་བསྟན་པའི་སྲོག་ཤིང་འཛུག །ཅེས། previous hit གཙང next hit་པ་རྒྱ་རས་དང་། ཀརྨ་པ་དཀོན་མཆོག་འབངས། པདྨ་འབྱུང་གནས་བདག་ཉིད་རྣམས། །སྣང་ཚུལ་ཙམ་དུ་ཐ་དད་ཀྱང་། །དོན་ལ་དབྱེར་མེད་ངོ་བོ་གཅིག ཞེས། ཞྭ་དམར་ནག་གཉིས་དང་། ཨོ་རྒྱན་ང་ཉིད་སྨན་པའི་གཟུགས་བཟུང་བ། ཁྱིམ་པའི་ཚུལ་འཛིན་ནཱ་ཐའི་མིང་ཅན་གྱི། །སེམས་ཅན་སྡུག་བསྔལ་ནད་ལས་སྐྱོབ་པར་བྱེད། ཅེས། གཡུ་ཐོག་མགོན་པོ་དང་། །ང་སྤྲུལ་བརྟུལ་ཞུགས་སྤྱོད་པ་ཐང་སྟོང་རྒྱལ། ཆུ་བོ་ཆེ་ལ་ལྕགས་ཀྱི་ཟམ་པ་


TR005_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

འཛུག །ཅེས། ལྕགས་ཟམ་ཆོས་རྗེ་སོགས། མདོར་ན་གསང་སྔགས་རྙིང་མའི་གཏེར་བཏོན་གྲུབ་ཐོབ་སོགས་ལ་ཆོས་རྒྱུད་གཞན་རྣམས་དག་པ་མི་སྟེར་ནའང་། གསར་མའི་སྐྱེས་ཆེན་སོ་སོར་སྤྲུལ་ནས་བོད་ཡུལ་གྱི་འགྲོ་དོན་མཛད་ཚུལ་ཡང་། བརྗོད་ཀྱི་ག་ལ་ལང་། དེ་ལྟ་བུ་དགེ་བའི་བཤེས་གཉེན་དུ་སྤྲུལ་པ་ལྟ་ཅི་སྨོས་ཏེ། མཐའ་ན། ནོར་གྱི་རྒྱལ་པོ་ཇི་ཆེ་མེར་རྒན་དུ་སྤྲུལ་ནས། ཚེའི་རིག་འཛིན་གྲུབ་པས་མཐའ་མིའི་ཁ་གནོན་དུ་ད་ལྟ་ཡང་བཞུགས་པའི་ལོ་རྒྱུས་དང་། གླིང་གེ་སར་རྒྱལ་པོར་སྤྲུལ་ནས་བདུད་འདུལ་བ་ལས་གཡེལ་མེད་དུ་མཛད་ཚུལ་སོགས་གདུལ་བྱ་ཕལ་པའི་སྣང་ངོར་ཡང་དེ་ལྟ་བུའི་ཚུལ་སྣ་ཚོགས་པས་འགྲོ་བ་སྤྱི་དང་ཁྱད་པར་བོད་ཀྱི་སེམས་ཅན་ལ་བརྩེ་བས་གཟིགས་ཚུལ་ནི་བསམ་ལས་འདས་མོད་ཀྱང་། རང་རང་ང་ཆེ་ང་འཇིགས་མ་གཏོགས་སློབ་དཔོན་འདི་ལྟ་བུའི་བཀའ་དྲིན་དང་ཡོན་ཏན་དྲན་མཁན་ནི་


TR005_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

བོད་ཀྱི་མི་ལ་དཀོན་ཏེ།། ༈ །།གུ་རུ་ཉིད་ཀྱི་ཞལ་ཆེམས་རིན་ཆེན་གསེར་འཕྲེང་ལས་ཀྱང་། པད་འབྱུང་བདག་གིས་བོད་ཀྱི་དོན་དུ་འོངས། །རྫུ་འཕྲུལ་བཀོད་པས་གདུག་པ་མུས་བཏུལ། །ལས་ཅན་མང་པོ་སྨིན་གྲོལ་ལམ་ལ་བཀོད། །གཏེར་ཆོས་ཟབ་མོས་བོད་ཁམས་གྲུབ་ཐོབ་བཀང་། །ལ་ཀླུང་རི་བྲག་ས་གཞི་རྟ་རྨིག་གང་། །ལུས་པ་མེད་པར་སྒྲུབ་གནས་བྱིན་གྱིས་རླབས། །བོད་ཁམས་ཡུན་དུ་བདེ་ཐབས་རྟེན་འབྲེལ་གྱིས། །སྤྲུལ་པ་རྒྱུན་ཆད་མེད་པས་འགྲོ་བ་བསྐྱངས། །བོད་ལ་དྲིན་ཆེར་བྱས་ཀྱང་དྲིན་མི་དྲིན། །ཞེས་དང་། མ་འོངས་དུས་ན་མ་རུངས་ལོག་ལྟ་ཅན། །བསམ་མེད་རིག་བཅོས་ཅན་གྱི་མཁས་རློམས་དང་། །རང་བསྟོད་གཞན་ལ་སྨོས་པའི་སྟོམ་ཆོལ་རྣམས། །པདྨ་ང་ཡི་བོད་དུ་ཡུན་མ་བསྡད། །ལ་ལས་ཟླ་གཅིག་ལ་ལས་ཟླ་བ་ཕྱེད། ཁ་ཅིག་ལ་ལས་བཅུ་ཡི་ཞག་གྲངས་ལ། །གསེར་གྱིས་རྫོང་བཏབས་ཨོ་རྒྱན་ལོག་ཅེས་ཟེར། །


TR005_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་མ་ལགས་བརྒྱ་དང་བཅུ་གཅིག་བཞུགས། བོད་ཡུལ་མཐའ་དབུས་ལུང་སུམ་འདོམ་གང་ཡང་། །ཨོ་རྒྱན་ང་ཡི་ཞབས་ཀྱི་མ་བཅགས་མེད། །བོད་ཁམས་ཐུགས་རྗེས་ཡུན་དུ་བསྐྱངས་མ་བསྐྱངས། །བསམ་ཤེས་ཡོད་ན་ཡིད་ཆེད་དེ་ལ་གྱིས། །སོགས་དང་། མ་འོངས་དུས་ན་བླུན་པོ་དྲེགས་ཅན་འགའ། །པདྨ་འབྱུང་གནས་ཆུང་བས་བོད་ཡུལ་འོང་། །པད་འབྱུང་ཆེ་བས་བོད་དུ་མ་བྱོན་སྨྲ། །ཆེ་ཆུང་མེད་དོ་ངོ་བོ་ང་རང་ཡིན། ལོག་ལྟ་ཅན་རྣམས་ཅི་སྨྲ་དབང་ཆེར་གྱིས། །དད་གུས་ཡོད་རྣམས་གསོལ་བ་རྒྱུན་དུ་ཐོབ། བྱིན་རླབས་འབྱུང་ངོ་བོད་འབངས་རྗེས་འཇུག་རྣམས། །སྤྲེལ་ལོ་སྤྲེལ་ཟླ་ཚེས་བཅུའི་ཉིན་ཞག་ལ། །ཨུ་རྒྱན་བདག་ཉིད་བོད་ཡུལ་ཐམས་ཅད་དུ། །ངེས་པར་འབྱོན་པ་ང་ཡི་མཐའ་ཚིག་ཡིན། །ཟླ་རེའི་ཚེས་བཅུ་བྱུང་ངོ་ལྕོག་ལ་ཡང་། །སྤྲུལ་པས་བོད་ཁམས་ཁྱབ་པར་མི་འབྱོན་རེ། །དམ་ཚིག་ཡིན་ནོ་པད་འབྱུང་བསླུ་


TR005_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྲིད། །བདག་ལ་བློ་གཏོད་མོས་གུས་བྱེད་པ་རྣམས། །དེ་དུས་འཇིག་རྟེན་བྱ་བྲེལ་ཐམས་ཅད་དོར། །སྤོད་ལྡན་གཏོར་མ་རིན་ཆེན་འབར་བ་བཞེངས། །ཐོད་པ་ལྟག་སྤྲོད་རོལ་མོའི་སྒྲས་བསྐུལ་ཞིང་། །ཚིག་བདུན་གསོལ་འདེབས་གདུང་བའི་དབྱངས་ཀྱིས་བོས། །ཨུ་རྒྱན་བདག་ཉིད་རྔ་ཡབ་དཔལ་རི་ནས། །གཅེས་པའི་བུ་ངུས་མ་ཡིས་མི་བཟོད་བཞིན། །བྱིན་གྱིས་རློབས་འབྱོན་དམ་ཚིག་ན་ར་ཀན། །ཞེས་སོགས། ཞིབ་ནན་དུ་བཀའ་སྩལ་ཀྱང་འོ་སྐོལ་སེམས་ཅན་རྣམས་མ་རིག་པ་ཚན་ཆེས་པས། འཇིག་རྟེན་སྐྱེ་བོ་རྣམས་ནི་མ་གོ་མ་ཤེས་པ་ལྟ་ཅི་སྨོས་ཀྱི། ཆོས་པར་རློམ་པ་བདག་ཀྱང་པདྨ་འབྱུང་གནས་ཞེས་པའི་རྒྱ་གར་གྱི་པཎྜི་ཏ་དཀྱུས་མ་ཞིག་སྔ་ལོ་བྱུང་བར་སྣང་ངོ་སྙམ་པ་ཙམ་ལས་མོས་གུས་ཏིལ་འབྲུ་ཙམ་ཡང་མི་བྱེད་མོད། གུ་རུ་རིན་པོ་ཆེ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་གཅིག་བསྡུས་ཡིན་པར་ནི། ལྷ་མོ་དྲི་མ་མེད་པའི་མདོ་ལས། ཕྱོགས་དུས་རྒྱལ་བ་མ་ལུས་པའི། །


TR005_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་གཅིག་ཏུ་བསྡུས་པ་ཡི། །ངོ་མཚར་མཆོག་བརྙེས་རྒྱལ་བའི་སྲས། །ཨོ་རྒྱན་གནྡྷོ་ནུབ་བྱང་འབྱུང་། །ཞེས་དང་། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། སྐལ་བཟང་མཛད་པ་རྨད་བྱུང་གི། །དུས་གསུམ་རྒྱལ་བའི་རྣམ་སྤྲུལ་ནི། །ངོ་མཚར་པདྨའི་སྙིང་པོ་ལས། །རིག་པ་འཛིན་པ་དེར་སྣང་ངོ་། །ཞེས་དང་། མཁའ་འགྲོ་གསང་བའི་རྒྱུད་ལས། །ང་ནི་བར་གྱི་བསྐལ་པ་ལ། ཧེ་རུ་ཀ་ཡི་གནས་བཅུའི་དབུས། །རིག་པ་འཛིན་པའི་སྐུར་གྱུར་ནས། །གསང་སྔགས་བསྟན་པའི་བདག་པོར་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་ཀྱང་འདི་ཙམ་གྱི་གོ་བར་ནུས་ལ། གུ་རུ་ཉིད་འཛམ་གླིང་འདིར་ཐུན་མོང་གི་གདུལ་བྱའི་སྣང་ངོར་འདི་ཙམ་ལས་གཞན་པའི་ཆེ་བའི་ཡོན་ཏན་སྟོན་པའི་སྐལ་སྣོད་དུ་མ་གྱུར་ནའང་། ལོངས་སྐུའི་ཞིང་རབ་འབྱམས་དང་ཕྱོགས་བཅུའི་སྤྲུལ་སྐུའི་ཞིང་སོ་སོར་སྐུ་དང་མཚན་གྱི་རྣམ་གྲངས་ཐ་དད་པས་འགྲོ་དོན་མཛད་ཚུལ་དང་། ད་ལྟ་ལྷོ་ནུབ་རྔ་


TR005_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་གླིང་དུ་སྲིན་པོའི་ཁ་གནོན་མཛད་ཚུལ་གྱི་ལོ་རྒྱུས་ས་བོན་ཙམ་ནི། བདག་གིས་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་དབང་གི་ལོ་རྒྱུས་སྐབས་སུ་བྲིས་ཡོད་པ་དང་།། ༈ །།སྐབས་འདི་དག་ནི་སྐུ་ཉིད་ཀྱིས་རྙིང་མའི་ཆོས་ཁུངས་སློབ་དཔོན་པདྨ་ཁོ་ན་ལས་འབྱུང་བའི་རྒྱུ་མཚན་གྱི་དྲི་བ་གནང་བའི་ལན་གྱི་འཕྲོས་ཞོར་དུ། ཆོས་ཀྱི་རྒྱུ་ནི་སློབ་དཔོན་ལས་བརྒྱུད་དགོས་མི་དགོས་གང་གི་ཚེ་ནའང་། བོད་ཁམས་འདིར་སྤྱི་ཁྱབ་ལ་འཕྲལ་ཡུན་གྱི་སྐུ་དྲིན་ནི་སྲོང་བཙན་སྒམ་པོ་དང་སློབ་དཔོན་པདྨ་གཉིས་ལས་ཆེ་བ་སུ་ཡང་མ་བྱུང་རུང་། དེ་ལྟར་གོ་མཁན་མི་སྣང་བས་ཡིད་སྐྱོ་བ་དང་། ཕྱིས་བྱུང་གི་གང་ཟག་འགའ་ཙམ་ལ་ཕན་དུ་རེ་ནས་བཀོད་པ་མ་གཏོགས་རྙིང་མའི་ཕྱོགས་འཐེན་བྱས་པ་ནི་མ་ཡིན་ནོ། ཡང་རེ་ཤིག་གི་ཚེ། རང་ཉིད་ཀྱི་བཀའ་ཕེབས་སུ། ཆོ་ག་ཆོས་སྤྱོད་གསུང་རབ་སྒྲོགས་སོགས་ཀྱི་ཆེད་དུ་སེམས་ཅན་གྱི་སྲོག་གཅོད་པའི་རིགས་ལ། སེམས་ཅན་དེ་དག་ལུས་སྲོག་དགེ་བ་དེ་འདྲའི་ཆེད་དུ་སོང་


TR005_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

བ་དེས་ཁོ་རང་ལ་ཕན་པ་ཡོད་མེད་ཀྱི་དྲི་བ་གནང་བའི་ཆར། སྤྱིར། འདི་འདྲའི་རྒྱུ་མཚན་མདོ་རྒྱུད་དཔང་བཞག་གི་དྲང་གཏམ་བཤད་པ་ལ་དིང་སང་གི་ཆོས་པ་རྣམས་དགའ་པོ་མི་བྱེད་པ་གདའ་ཚེ། རྒྱུ་འབྲས་ཀྱི་ཡིན་ལུགས་ཇི་བཞིན་པ་ཞིག་བཤད་སྟབས་དཀའ་བར་སྣང་བ་མ་གཏོགས། གཞུང་དང་མཐུན་པར་བརྗོད་ན། དེ་ཡང་སངས་རྒྱས་ཉིད་ཀྱི་འཇིག་རྟེན་སྐྱེ་བོ་ཐ་མལ་པ་ཀུན་ལ་ཡང་སྲོག་བཅད་པའི་ཉེས་དམིགས་དང་། དེ་སྤངས་པས་དགེ་སྟོབས་འབྱུང་ཚུལ་ཀྱི་ཆོས་རྣམ་གྲངས་དེ་ཙམ་ཞིག་བསྟན་པར་མཛད་ན། དགེ་བ་བྱེད་པའི་སླད་དུ་སྲོག་གཅོད་བྱེད་པ་ནི་ནམ་དུའང་རུང་བའི་སྐབས་ག་ལ་མཆིས་པ་དང་། ཁྱད་པར་ཆོས་སྒོར་ཞུགས་པ་རྣམས་ཀྱི་ནི་སྤང་བྱ་ཡིན་བཞིན་དུ་དང་དུ་བླང་བར་བྱེད་ན་དེ་ལས་ཉེས་སྐྱོན་ཆེ་བ་ཞིག་ཅི་ལྟར་བྱེད་དེ། འདི་ལྟ་བུ་ནི་ཡོན་མཆོད་གཉིས་ཀའི་ངོས་ནས་མིང་དགེ་བར་བཏགས་རུང་


TR005_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ལ་སྲོག་གཅོད་ཀྱི་སྡིག་པ་བྱས་པ་དེས་སེམས་ཅན་དེ་དག་ལ་ཕན་ན་དགེ་སྡིག་གི་འབྲས་བུ་གོ་ལོག་ཏུ་འགྱུར་ཕྱིར་ལས་རྒྱུ་འབྲས་མི་བདེན་པར་འགྲོ་ལ། ཡང་། མདོ་ལས་གསུངས་པའི་སྔོན་སྟོན་པ་ཉིད་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པའི་ཚེ། སྲོག་ཆགས་དེས་པ་དང་གླང་པོ་ཆེའི་སྐྱེས་རབ་སོགས་ལ། དེའི་ཤ་ཟོས་པས་གཞན་ལ་ཕན་པ་རླབས་པོ་ཆེར་གྱུར་ཞིང་། སྲོག་ཆགས་རང་ཉིད་ཀྱང་བྱང་ཆུབ་ཀྱི་ཉེ་གྱུར་གྱུར་ཚུལ་དེ་དག་དང་འདི་ནི་མཚུངས་པའི་སྐབས་མེད་དེ། སྐྱེས་རབས་དེ་རྣམས་ནི་བྱང་ཆུབ་སེམས་དཔའ་ནི་འགྲོ་བ་གཞན་གྱི་སྲོག་སྐྱབས་ཕྱིར་རང་ཉིད་ཀྱི་སྲོག་བཏང་ནས་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་སྨོན་ལམ་མཛད་པ་ཡིན་ལ། ད་ལྟ་ཤའི་ཕྱིར་གསོད་པ་འདི་ནི་དེ་མ་ཡིན་པའི་ཕྱིར་དང་། སེམས་ཅན་དེ་དག་ཀྱང་གསོད་པ་པོ་དེ་ལ་ཞེ་སྡང་དང་རང་ཉིད་འཆི་བའི་སྡུག་བསྔལ་འཇིགས་སྐྲག་སོགས་ཅི་ཙམ་ཡོད་པར་བྱེད། དེ་བཞིན་དུ་གསོད་པར་བྱེད་པ་པོ་དང་། བྱེད་དུ་འཇུག་མཁན་


TR005_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀུན་ལ་སྲོག་ལན་དང་བཅས་པ་དང་། ཤ་ཟ་བ་པོ་སོགས་ཐམས་ཅད་ཀྱི་སྡིག་པ་ཚན་པོ་ཆེ་དེས་སེམས་ཅན་དེ་དག་ལ་ཡང་གནོད་པ་མ་གཏོགས་ཕན་པ་ག་ལ་ཡོད་དེ། རྒྱུ་རྐྱེན་གཅིག་ལ་གཅིག་རྟེན་གྱི་མི་དགེ་བ་ཡིན་པའི་ཕྱིར་རོ། །གཞན་ཡང་། གལ་ཏེ་སེམས་ཅན་དེ་དག་ཡིད་ལ་འདི་སྙམ་དུ། བདག་ནི་ཁོང་རྣམས་ཀྱི་བསད་ནའང་བདག་གི་ཤ་ཁྲག་འདི་དག་དགེ་འདུན་གྱི་ཟས་དང་། ཆོ་ག་ཆོས་སྤྱོད་ཀྱི་དོན་ལ་སོང་བ་ཡིན་པས་ལེགས་སོ་སྙམ་པ་ལྟ་བུ་ཞིག་ཡིན་ན་སེམས་ཅན་ཁོ་རང་གི་ངོས་ནས་དགེ་ཚོགས་སུ་འགྱུར་ཤས་ཆེ་ཡང་། དུས་འགྲོ་དེ་དག་ལ་དེ་འདྲའི་བག་ཆགས་ནི་མེད་ཚེ་ནམ་ཀྱང་ཕན་ཐབས་མ་མཆིས།། ༈ །།ཡང་། ཆོ་ག་ཆོས་འདོན་སོགས་བྱེད་མཁན་གྱི་གང་ཟག་དེ་དག་རང་དོན་གྱི་བཙན་ས་ཟིན་ཞིང་ཏིང་ངེ་འཛིན་རྫུ་འཕྲུལ་གྱི་ནུས་པ་མངོན་དུ་གྱུར་ཏེ་བཟང་ངན་འབྲེལ་ཚད་ཐམས་ཅད་


TR005_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་ནུས་པ་ཞིག་ཡིན་ན། ཤ་ཟོས་པའི་སེམས་ཅན་དེ་དག་ཀྱང་འབྲེལ་བ་ཐོགས་པས་འཚེངས་པ་ཞིག་འབྱུང་མོད་ཀྱང་། དེ་ལྟ་བུའི་ནུས་ལྡན་ནི་དིང་སང་གང་དུའང་མི་རྙེད། ཡང་། ལ་ལའི་བསམ་ཡུལ་དུ། ཆོས་སྤྱི་དང་རྒྱུ་འབྲས་ཀྱི་གནས་ཚུལ་དེ་ལྟར་ཡིན་ནའང་། གསང་སྔགས་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་གྱི་ཆོ་ག་ཟབ་མོའི་ཚོགས་གཏོར་གྱི་ཡོ་བྱད་ལ་སོང་བས་སེམས་ཅན་དེ་དག་ལ་ཕན་པར་འགྲོའོ་སྙམ་ན་དེ་ཡང་མ་ཡིན་ཏེ། བསྒྲལ་མཆོད་སོགས་ཀྱི་སྐབས་དོན་དང་ནི་འདི་མི་མཚུངས་ལ། བསྒྲལ་ལས་ཉིད་ལའང་རྟོགས་པས་བདག་ ཆོས་ཀྱི་བདག་དང་གང་ཟག་གི་བདག་གཉིས་པོ་ཆོས་དབྱིངས་སུ་ བསྒྲལ་ནས་ཐུགས་རྗེས་གཞན་སྒྲོལ་ གསལ་བ་གསུམ་ལྡན་གྱི་གནས་སྤོར་བ་ བ་མ་གཏོགས་སུ་ཡིན་ཡིན་གྱིས་བྱར་ག་ལ་རུང་ཞིང་། གནས་སྐབས་ལྟར་སྣང་མཚོན་ རྫོགས་འཕྲང་སྲོག་གསུམ་ བྱེད་ཙམ་གྱི་ཟན་ལིང་བསྒྲལ་བ་སོགས་དང་ ཡང་འདི་མི་མཚུངས་པའི་ཕྱིར་རོ། །


TR005_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐབས་ཚོགས་འཁོར་གྱི་རྒྱུ་ཡང་རྒྱ་གར་གྱི་གྲུབ་ཐོབ་རྣམས་ནི་བསིལ་ཚལ་ལ་སོགས་པའི་དུར་ཁྲོད་དང་གནས་ཆེན་དག་ཏུ་སྐྱེ་བ་བདུན་པའི་སྐྱེས་བ་བུད་མེད་རིགས་བཟང་མཚན་ལྡན་གྱི་བམ་ལ་ཚོགས་འཁོར་མཛད་པ་ཡིན་མོད་ལ། དེ་ཙམ་མི་ནུས་པའི་རྣལ་འབྱོར་རྣམས་ཀྱིས་ནི་རང་བཞིན་ལས་ཀྱི་ཤི་བའི་ཤ་དང་། མ་རྙེད་ན་ཚོང་འདུས་ནས་ཉོས་ཏེ་བྱ་བར་གསུངས་པ་མ་གཏོགས། ཚོགས་རྫས་ཀྱི་ཆེད་དུ་སེམས་ཅན་བསད་པ་སོགས་བྱར་མི་རུང་བར་ནི་གསར་རྙིང་རྒྱུད་སྡེ་གང་ལས་ཀྱང་མ་གསུངས་མོད་ཅིང་། ལར་ཡང་། དེ་བཞིན་གཤེགས་པའི་དམ་པའི་ཆོས་ནི་ཐོག་མར་དགེ་བ་བར་དུ་དགེ་བ་མཐའ་མར་དགེ་བ་ཉིད་ཡིན་ཕྱིར། སྡིག་པ་མི་དགེ་བ་སྲོག་གཅོད་སོགས་དང་འབྲེལ་བ་དེ་ནི་ནམ་དུའང་དགེ་བའི་ཕྱོགས་གང་དུ་ཡང་མི་འགྱུར་བ་དང་། རྒྱལ་བ་རྣམས་ནི་ཁམས་གསུམ་སེམས་ཅན་ཀུན་ལ་བུ་གཅིག་པ་ལས་ལྷག་པའི་བརྩེ་ཆེན་གྱིས་གཟིགས་པ་ཡིན་ཚེ། སེམས་ཅན་


TR005_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

བསད་ནས་སངས་རྒྱས་ལ་མཆོད་པར་ཕུལ་ཡང་། དཔེར་ན་བུ་བསད་པའི་ཤ་དེ་ཉིད་མ་ལ་བྱིན་རུང་དགའ་བར་འགྱུར་བའི་གོ་སྐབས་མ་མཆིས་པ་བཞིན་ནོ། །གཞན་ཡང་། ལུང་ལས། གང་ཞིག་ཤ་ཁྲག་ལོངས་སྤྱོད་ནི། ཁམས་གསུམ་ཕུང་བར་བྱེད་པའི་ཟས། །ཐར་པའི་ལམ་རྩ་གཅོད་པའི་མཚོན། །བྱང་ཆུབ་ས་བོན་བསྲེག་པའི་མེ། །དལ་འབྱོར་མཐོ་རིས་འཇིག་པའི་ཐོག །སུས་ཀྱང་ཟ་བར་མི་རུང་ན། །རྒྱལ་བའི་བསྟན་ལ་རབ་བཞུགས་པའི། །སྐྱབས་གསུམ་འཛིན་པའི་དགེ་བསྙེན་ནས། །དགེ་ཚུལ་དགེ་སློང་ཁྲིམས་ལྡན་པས། །བཟའ་བར་ནམ་ཡང་མ་གནང་ངོ་། །བྱང་ཆུབ་སེམས་དཔའི་ལམ་ཞུགས་ནས། །ཕ་མར་གྱུར་པའི་སེམས་ཅན་ཤ །ཟོས་པའི་ཉེས་དམིགས་རྒྱ་ཆེར་འགྱུར། །གསང་བ་སྔགས་ཀྱི་ལམ་དུ་ཡང་། །ལྟ་དང་ཡེ་ཤེས་མི་ལྡན་པར། །ཤ་ལ་ཟོས་གང་དམ་ཚིག་ལས། །ཉམས་པར་རྒྱུད་སྡེ་ཀུན་ལས་གསུངས། །ཚེ་འཕོས་བསྐལ་ཆེན་གཅིག་གི་


TR005_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

བར། །ཁྲོ་ཆུ་ཁོལ་མར་ལྷུང་ཞིང་འཚོད། །ཅེས་དང་། གཞན་གྱིས་བསད་པ་བརྒྱ་ལས་ནི། །རང་གིས་བསད་དམ་བསད་བཅུག་པའི། །ཤ་ནི་ཉེས་པ་བརྒྱ་འགྱུར་ལྕི། སོགས་དང་། །དེ་ལྟར་དུག་གསུམ་འཕེལ་བྱེད་པའི། །ཤ་ཁྲག་ཆང་ལ་བག་མེད་དུ། །ལོངས་སྤྱོད་བྱེད་པའི་ཆོས་པ་ནི། །ནམ་ཡང་བྱང་ཆུབ་ལམ་ཉིད་དང་། །གཞན་ཕན་འགྲུབ་པའི་རེ་ཐག་ཆོད། །དཔེར་ན་ཧ་ལའི་དུག་ཆེན་དེ། །ཁོང་དུ་སོང་ན་འཆི་བ་ལས། །གསོན་པ་ཡོང་ཡེ་མི་སྲིད་བཞིན། །སྙིགས་མ་ལྔ་བདོར་གྱུར་པའི་དུས། །གསང་སྔགས་དམ་རྫས་ཤ་ཆང་ལ། །སྤྱོད་དུ་རུང་བའི་ཁུངས་སྨོས་ཏེ། །ཏིང་འཛིན་ཉམས་ཀྱི་དྲོད་མེད་པར། །ཤ་ཁྲག་ཆང་ལ་ཐམས་ཅད་སྦྱོར། །འདི་སྤངས་དམ་ཚིག་མེད་དོ་ཅེས། །ཆོས་བཞིན་སྤྱོད་རྣམས་ཐབས་ཀྱི་སྨོད། །དེ་འདྲ་བསྟན་པའི་མཐའ་རུ་འབྱུང་། །ཀྱེ་མ་ཀྱི་ཧུད་དམྱལ་བ་ལས། །འགྲོ་ས་མེད་དོ་སྙིང་རེ་རྗེ། །ཞེས་སོགས་རྒྱ་


TR005_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་གསུངས་སོ།། ༈ །།སྦྱིན་བདག་གི་ངོས་ནས་ཀྱང་། སྲོག་ཆགས་བསད་ནས་མཆོད་སྦྱིན་བྱེད་པ་དེ་ནི་ནམ་ཡང་མི་རུང་བའི་ཚུལ། མདོ་ལས་རྒྱལ་པོ་མཆོད་སྦྱིན་བྱེད་ཀྱི་སྐྱེས་རབས་སོགས་ལས་མང་དུ་གསུངས་ལ། རྒྱ་གར་དུ་མུ་སྟེགས་ཀྱི་ཡུལ་ཁམས་རྣམས་སུ་དབང་ཕྱུག་གི་རྟེན་ལ་རྭ་དང་མ་ཧེ་སོགས་བསད་པའི་ཤ་ཁྲག་གིས་མཆོད་སྦྱིན་བྱེད་པའི་སྲོལ་ཡོད་པ་ཀུན་ཏུ། སློབ་དཔོན་པདྨ། ཏེ་ལོ། ནཱ་ནོ། བིར་ཝ་པ། མི་ཏྲ་ཛོ་གི་སོགས་གྲུབ་ཐོབ་རྣམས་ཀྱིས་རྫུ་འཕྲུལ་སྣ་ཚོགས་པས་བཏུལ་ནས་སྲོག་གཅོད་ཀྱི་རྒྱུན་ཆད་པར་མཛད་ལུགས་སོ་སོའི་རྣམ་ཐར་ལས་བྱུང་མོད་ཅིང་། མདོ་དྲན་པ་ཉེར་བཞག་སོགས་ལས་ཀྱང་། ཤ་དང་ཆང་གི་སྦྱིན་པ་དང་། དུག་དང་མཚོན་ཆའི་སྦྱིན་པ་ལ་སོགས་དངོས་དང་བརྒྱུད་ནས་མི་དགེ་བར་འགྱུར་ཚུལ་དང་ཁྱད་པར་དུ་རབ་ཏུ་བྱུང་བའི་ ཆང་ཚུལ་སོགས་ དགེ་སྦྱོང་ལ་ཤ་ཆང་བྱིན་པའི་འབྲས་བུས་ནི་དམྱལ་བ་ངུ་འབོད་ཅེས་བྱ་བ་ཁྲོ་ཆུ་ཁོལ་མ་


TR005_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཁར་བླུགས་ཅིང་ཁོང་ནས་མེ་འབར་བའི་སྡུག་བསྔལ་མྱོང་དགོས་པར་གསུངས་པས་ན། དེའི་ཕྱིར་གང་ནས་གཞག་ཡང་དགེ་བའི་ཆེད་དུ་བསྙད་ནས་སེམས་ཅན་བསད་པ་དེས་ནི་གང་ལའང་ཕན་པའི་སྐབས་མི་སྲིད་པ་ལགས། ཡང་འདིའི་འཕྲོས་ཞར་དུ། དིང་སང་གི་བསོད་སྙོམས་པ་རྣམས་ཀྱིས་བསོད་སྙོམ་སློང་པར་ཐུབ་དབང་གི་སྐུ་སོགས་གདན་དྲངས་ནས་གསེར་སྐུ་ཕྱག་ནས་སུ་གྲགས་པ་ཞིག་བསྡུ་བའི་སྲོལ་སྣང་བ་འདི་དཀོན་མཆོག་གི་སྐུ་བླུད་དུ་འགྲོའམ་མི་འགྲོ་གསུངས་པ། དེ་ནི་ལོས་ཀྱང་འགྲོ་སྟེ། དཀོན་མཆོག་གི་དཀོར་དང་ལོག་འཚོའི་ཉེས་པ་གཉིས་ཀ་འགྱུར་བར་འགྱུར་ཏེ། དེ་ཡང་སྤྱིར་འཕགས་ཡུལ་སོགས་སུ་ནི་རབ་བྱུང་དང་རྣལ་འབྱོར་པ་ཐམས་ཅད་ཐབ་ཁ་མི་བཟུང་ཞིང་དངོས་པོ་གང་ཡང་བདག་ཏུ་མི་འཛིན་ཚེ། ཉིན་རེའི་འཚོ་བ་བསོད་སྙོམས་ཁོ་ན་ལ་བརྟེན་ཞིང་། སྦྱིན་བདག་རྣམས་ཀྱིས་ཀྱང་འབྲས་ཆན་ཚོད་མ་ཅུང་ཟད་རེ་ཕུལ་


TR005_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

བ་དེས་ཞག་རེའི་འཚོ་བ་མཛད་པར་གདའ་མོད་ཀྱི། འོ་སྐོལ་བོད་ཀྱི་ཆོས་པ་རྣམས་ཞིང་དང་རྐང་བཞི་ནོར་རྫས་ཁང་ཁྱིམ་ཡོ་བྱད་སོགས། མང་པོ་བདག་ཏུ་འཛིན་ཞིང་ཚོང་དང་བསོད་ནམས་གསོག་འཇོག་སོགས་ཁྱིམ་པ་རྣམས་དང་ཁྱད་མེད་དུ་བྱེད་པའི་སྲོལ་ངན་འདི་ལྟ་བུ་དར་བ་དང་། བསོད་སྙོམས་སུ་མིང་བཏགས་པ་འདི་ལ་ཡང་ཆོག་ཤེས་མེད་པར་ཐོབ་ཀྱིས་འཇལ་བའི་དབང་ཡོད་འཕྲོག་ཐེན་ནན་འཚིར་སྣ་ཚོགས་བྱེད་པའི་རྐྱེན་གྱིས། ཁྱིམ་པ་རྣམས་ཀྱང་བསོད་སྙོམས་པ་མཐོང་བ་ཙམ་གྱིས་སྔངས་སྐྲག་བྱེའུས་ཁྲ་མཐོང་བ་བཞིན་དུ་གྱུར་ཕྱིར། དཀོར་སྡིག་ལྷག་པར་ཆེ་བ་ཞིག་ནི་འབྱུང་བར་གོར་མ་ཆགས་ལ། ཁྱད་པར་གསེར་སྐུ་ལ་སྙད་ནས་སླར་ཟུར་དུ་སློང་བ་དེ། སྦྱིན་པ་པོ་རྣམས་རྟེན་དེ་ཉིད་ལ་དད་པས་ཕུལ་བ་ཡིན་ན་ནི། དེ་འོ་སྐོལ་གྱི་བཟས་ན་དཀོག་གི་དཀོར་ལ་འབགས་པར་འགྱུར་བ་སྟེ། དཀོན་གཉེར་བ་དག་གིས་མར་མེ་དང་ཞལ་ཟས་ཀྱི་


TR005_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་ཟློས་པ་དང་ཉེས་ཁྱད་མ་མཆིས་ལ། གལ་ཏེ་རྟེན་ལ་ཕུལ་བ་མ་ཡིན་པར་རྟེན་དེའི་སྐུ་ངོ་ལྟ་བུས་རང་རེ་ལ་སྦྱིན་པ་ཡིན་ནའང་། ལོག་འཚོ་ལྔའི་ནང་ནས་ཁ་གསག་དང་གཞོགས་སློང་གཉིས་ཀ་རུ་མི་འགྲོ་བའི་ཐབས་མི་འབྱུང་ཕྱིར་ནམ་ཀྱང་འདྲ་སྟེ། རྟེན་དེ་གདན་དྲངས་བའི་དོན་ནི་རང་ལ་ནས་ཀྱི་ཡོང་སྒོ་འབའ་ཤིག་དོན་དུ་གཉེར་བའི་ངན་གཡོ་མ་གཏོགས་བསམ་པ་དང་དགོས་པ་གཞན་མ་ཡིན་པའི་ཕྱིར་རོ། །དེ་བས་ན་ད་ལྟའི་གང་ཟག་མཆོག་དམན་སུ་ཡང་དཀོར་དང་ལོག་འཚོ་ལ་ཉམས་ང་བ་སྐྲའི་ཉག་མ་བརྒྱར་བཤགས་པའི་ཆ་ཙམ་ཡང་མི་བྱེད་ཅིང་། སྟོན་པའི་བཀའ་ལ་བྲག་ཆའི་སྒྲ་ཙམ་དུ་ཡང་བརྩི་བའི་སྲོལ་མེད་པའི་དུས་འདི་འདྲར། མི་རྒན་བདག་ཁ་འདྲས་བསམ་པ་བཟང་ཁུས་ཀྱི་ཅི་ཙམ་བཤད་ཀྱང་གཞན་ལ་ཕན་པའི་དོན་དུ་འགྱུར་བའི་ནུས་པ་མེད་པར་མངོན་སུམ་ཚད་གྲུབ་ཏུ་གདའ་


TR005_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་ཚེ། ཚེ་རབས་གཞན་དུ་ངག་གི་བདེན་ཚིག་གྲུབ་ནས་ཅི་སྨྲས་གཞན་ལ་ཕན་ནུས་པར་སྨོན་ལམ་འདེབས་པ་ལས་ཐབས་གཞན་མ་མཆིས་ལགས།། ༈ །།ཡང་དྲིས་ལན་གྱི་སྐོར་རེ་ཤིག་འབུལ་འོས་བདག་གི་ནད་ཁམས་དང་གཡེང་རྐྱེན་གྱིས་འབུལ་མ་ཐུབ་པ་ཕྱིས་སུ་ཕུལ་བ་ནི། དེ་ཡང་ཉིད་ཀྱི་བཀའ་ཕེབས་སུ། དགེ་བའི་བཤེས་གཉེན་སྐྱེས་བུ་དམ་པ་ཚུལ་ལྡན་དང་བདུད་སྤྲུལ་ཚུལ་འཆོས་མཁན་གཉིས་དབྱེ་བ་ཕྱེས་བཀའ་ཞིང་། མཁས་ཚུལ་གྲུབ་ཚུལ་སོགས་ཡང་དག་ཡིན་མིན་དཔྱད་དཀའ་བས་མཚན་ལྡན་གྱི་རྣམ་འདྲེན་བརྟེན་རུང་གང་ཡིན་ཤེས་དཀའ་བ་སོགས་ཀྱི་འཕྲོས་དོན་ཞིབ་རྒྱས་སྩལ་བའི་ཆ་ལ། དེ་ལ་སྤྱིར་ཐོས་པ་ཆེ་བ་ཙམ་ལ་ནི་དམ་པའི་རྟགས་སུ་མ་ངེས་པ། ལེགས་སྐར་དང་། སྡེ་སྣོད་གསུམ་པའི་གཏམ་རྒྱུད་སོགས་མང་ཞིང་མུ་སྟེགས་རིག་པའི་གནས་མཐའ་དག་ལ་མཁས་ཤིང་རྫུ་འཕྲུལ་གྲུབ་པ་ཡང་ཆེས་མང་མོད་ཀྱི། ཡང་དག་པའི་མཁས་


TR005_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ཆོས་དོན་ཇི་ལྟ་བར་རྟོགས་ནས་དེ་དག་རང་རྒྱུད་ལ་འཁོལ་བ་ཞིག་ལ་བརྗོད་དགོས་ཀྱི། ཐ་སྙད་ཚིག་གི་ཐོས་པ་མང་བ་ཙམ་ལ་ནི་མ་ཡིན་ཏེ། ལང་དཀར་གཤེགས་པའི་མདོ་ལས། བློ་གྲོས་ཆེན་པོ། མང་དུ་ཐོས་པ་ཅེས་བྱ་བ་ནི་ཐོབ་པ་ལ་བྱའི་ཚིག་ཐོས་པ་ལ་ནི་མི་བྱའོ། །ཞེས་གསུངས་པ་ལྟར་དང་། གང་ཐོས་པ་དེ་ཡང་རང་གི་རྒྱུད་ལ་འབྱོར་ཞིང་ལག་ལེན་ལ་འཁེལ་བའམ། རང་སྤྱོད་དང་མཐུན་པ་ཞིག་ལ་མཁས་པར་འཇོག་དགོས་ལ། བཙུན་པ་དང་བཟང་བའི་མཚན་ཉིད་ཀྱང་དེ་དང་མཚུངས་ཤིང་། གྲུབ་རྟགས་རྫུ་འཕྲུལ་འོད་དང་ཕྱག་ཞབས་ཀྱི་རྗེས་མངོན་མཁྱེན་སོགས་ཐམས་ཅད་ཀྱང་གང་ཟག་དེ་ཀའི་ལྟ་སྤྱོད་དང་། གྲུབ་རྟགས་མཐུན་པ་ཞིག་ལ་ཡིད་བརྟན་འཆའ་བ་ལས། དེ་མ་མཐུན་པའི་གྲུབ་རྟགས་རྫུ་འཕྲུལ་ནི་མི་མ་ཡིན་གྱིས་རློམས་པའམ། རྫས་འཕྲུལ་ལམ། ཟོག་གི་བྱེ་བྲག་ཞིག་ལས་མ་འདས་


TR005_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། རྗེ་དུས་གསུམ་མཁྱེན་པའི་ཞལ་ནས། གྲུབ་ཐོབ་མང་སྟེ་རྟོགས་ལྡན་ཉུང་། །རྟོགས་པ་མེད་པའི་གྲུབ་ཐོབ་དེ། །གྲུབ་རྟགས་མང་ཡང་འཁོར་བའི་རྒྱུ། །ཞེས་གསུངས་པ་ལྟར་ཡིན་ཕྱིར། གྲུབ་རྟགས་ཉམས་རྟོགས་དང་འབྲེལ་བ་ཞིག་གལ་ཆེ་ཞིང་། ཐོན་མོང་ཐེག་པ་ནས་གསུངས་པའི་ཤིན་སྦྱང་ཐོབ་རྟགས་དང་། གསང་སྔགས་ཀྱི་གྲུབ་རྟགས་གཉིས་ཀ་རང་པའི་ཉམས་རྟོགས་དང་མཐུན་དགོས་ལ། ལར། གྲུབ་རྟགས་ཡང་དག་པ་ནི་བདག་གིས་སྐལ་བཟང་དགའ་བྱེད་ཀྱི་མཇུག་བསྡུར་བཤད་པ་ལྟ་བུ་ལ་ངོས་འཛིན་ནོ།། ༈ །།སྐྱེས་ཆེན་དམ་པ་དང་འདྲ་མིན་གྱི་དབྱེ་བའང་། སྤྱིར་ནི་ལྐོག་གྱུར་གཟིགས་པ་དག་གི་སྤྱོད་ཡུལ་ལས། རང་ཅག་སོ་སྐྱེས་ག་ལ་ཤེས་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་། འོད་སྲུངས། ངའམ་ང་དང་འདྲ་བས་གང་ཟག་དང་ཆོས་ཀྱི་ཚད་བཟུང་བར་བྱའི་གང་ཟག་གིས་གང་ཟག་དང་ཆོས་ཀྱི་ཚད་བཟུང་བར་མི་བྱ་སྟེ། ལྟུང་བར་འགྱུར་བའི་ཕྱིར་རོ། །ཞེས་གསུངས་ནའང་། ཕྱིས་ཀྱི་མཁས་རློམ་རྣམས་ཆོས་


TR005_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

དང་གྲུབ་མཐའ་ལ་ཡིན་མིན་གྱི་དགག་རྩོད་མང་པོ་མཛད་སྲོལ་དར་བ་འདི་དག་ཡ་ང་བར་ཟད་ལ། རྒྱལ་སྲས་ཐོག་མེད་པས་གྲུབ་མཐའ་ལ་ཡིན་མིན་ཁ་ཚོན་མི་མཛད་པའི་དམ་བཅའ་ལ་ནི་སྐྱབས་སུ་མཆི་བར་གདའོ། །ཁྱད་པར་དུའང་སྐྱེས་ཆེན་དམ་པ་ཚུལ་མཐུན་ཡིན་མིན་ཡང་གོང་དུ་སྨོས་པ་ལྟར། མཛད་པ་རྣམ་པར་རྒྱལ་བའི་བཀའ་དང་མཐུན་པ། དེ་ཡང་ངོ་ལྐོག་དང་ཚུལ་འཆོས་སོགས་བཅོས་མ་མ་ཡིན་པ་ལ་རང་གཞན་སྦྱོར་བ་ཞིག་ཡིན་ན་དམ་པ་དང་། དེ་ལས་ཟློག་པ་ནི་དམ་པ་མ་ཡིན་པར་ངེས་ཤིང་། ཡང་། ཡེ་ཤེས་ཀྱི་གཟིགས་པ་འཁྲུལ་མེད་མངའ་བདག་གི་ལུང་ལ་ཡིད་བརྟན་དུ་རུང་ཕྱིར། རྙིང་ལུགས་པ་རྣམས་ནི། སྐྱེས་ཆེན་དང་བདུད་སྤྲུལ་ཇི་ལྟར་འབྱུང་ཚུལ་གུ་རུའི་ལུང་བསྟན་ཟོལ་མེད་ལ་ཡིད་གཏོད་པ་ལགས།། ༈ །།ཡང་ཉིད་ཀྱི་ཕེབས་སྒོར། ཐུབ་པའི་བསྟན་པ་ནི་ངེས་


TR005_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་དང་ཞེན་ལོག་ཁོ་ནས་ཁྱད་པར་དུ་འཕགས་པར་བཤད་ན། གངས་ཅན་འདིར་བསྟན་འཛིན་ཆེན་པོ་རྣམས་རང་ཕྱོགས་ཁོ་ན་ལ་སྟོབས་འབྱོར་མངའ་ཐང་སྒྲུབ་ཅི་ཐུབ་ཀྱི་སྒོ་ནས་འཕྲལ་ཡུན་བསྐྱངས་སྲོལ་འདི་གང་ཡིན་ནམ། གསུང་བ། དེ་ནི་སྤྱིར་ཡང་འཁོར་བར་འཁྱམས་པའི་རྒྱུ་དང་རྩ་བ་ནི་བདག་འཛིན་ཡིན་ཕྱིར། རྒྱལ་བས་མདོ་རྒྱུད་ཐམས་ཅད་དུ་བདག་མེད་ཀྱི་དོན་འབའ་ཤིག་སྟོན་པར་མཛད་ན། གྲུབ་མཐའ་དང་ཆོས་ལུགས་ཐ་དད་པའི་རུ་འཛིན་དང་ཆགས་སྡང་བྱེད་པ་ནི་སོ་སྐྱེའི་མཚན་ཉིད་དང་སྙིགས་དུས་ཀྱི་རྣམ་འགྱུར་ལས་མ་འདས་ལ། འོན་ཀྱང་བོད་ཡུལ་གཅིག་པུར་མ་ཟད་འཕགས་ཡུལ་ཉིད་དུ་ཉན་ཐོས་སྡེ་པ་བཅོ་བརྒྱད་དགྱེས་པ་སོགས་ཀྱང་། སྔོན་རྒྱལ་པོ་ཀྲྀ་ཀཱིའི་རྨི་ལམ་གྱི་རས་ཡུག་གིས་ལུང་སྟོན་པར་མཛད་ཅིང་། ཤཱཀ་ཐུབ་ཉིད་ཀྱི་ཕྲིན་ལས་ཀྱི་རྟེན་འབྲེལ་དུ་གསུང་མོད་ཀྱི། བསྟན་པ་འཛིན་པའི་གང་ཟག་རྣམས་ཞེན་ལོག་ངེས་འབྱུང་སོགས་


TR005_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱང་ཡོན་ལས་ཕྱིན་ཅི་ལོག་ཏུ་སྤྱོད་པར་འགྱུར་བ་ནི་ཐུབ་པ་ཉིད་ཀྱིས་ཀྱང་ལུང་དུ་བསྟན་མོད་དེ། ཏིང་འཛིན་རྒྱལ་པོའི་མདོར། ཕྱི་མའི་དུས་ན་དགེ་སྦྱོང་མང་པོ་དག བཟའ་བཏུང་གླུ་གར་ཉོ་ཚོང་རྟག་ཏུ་བསྟེན། །ནོར་དང་འབྲུ་ལ་སྙིང་པོར་འདུ་ཤེས་བྱེད། །ཅེས་པ་ནས། བྱིས་པ་དེ་དག་རྟག་ཏུ་ཐ་མལ་གནས། ཞེས་སོགས་གསུངས་པ་ཉིད་ཇི་ལྟ་བར་ཐོག་ཏུ་བབས་པ་དང་། བླ་མ་མཁན་སློབ་རྣམས་ཀྱང་རང་ཕྱོགས་ཀྱི་སྡེ་དང་ཆོས་བྲིད་འབྱོར་པ་ཅི་འཕེལ་ཅི་རྒྱས་ཡུན་དུ་ཅི་གནས་མ་གཏོགས་བསྟན་པ་སྤྱི་ལ་རྩིས་སུ་མི་བྱེད་པ་ཡང་དག་འཛིན་གྱི་ནུས་མཐུ་དང་། དེ་ལ་བརྟེན་ནས་འཇིག་རྟེན་གྱི་རྒྱལ་པོ་དག་གི་ལད་མོ་བྱས་ཏེ། ཁྲི་གདན། གཞོན་པ། བེར་གོས། གཟི་བརྗིད། ལོངས་སྤྱོད། འཁོར་འདུ་སོགས་ནན་གྱིས་སྒྲུབ་ཅིང་། དེ་དག་བཟང་ངན་གྱི་རྗེས་སུ་འབྲང་བས་བླ་མ་བཟང་ངན་ནམ། གདན་ས་མཐོ་དམན་ཡིན་པ་སྐད་ཀྱིས། ཕན་ཚུན་ཕྱག་དང་བཀུར་བསྟི་


TR005_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་མོ་ཙམ་གྱི་དོན་ལ་ཡང་ང་ཆེ་དང་འགྲན་རྩོད་ཤི་ལ་ཐུག་ཐུག་བྱེད་པ་འདི་ལྟ་བུ་དག་ནི་དགའ་རབ་དབང་ཕྱུག་གི་བྱིན་རླབས་དང་། བློན་པོ་གཡེང་བྱེད་འཁྲུག་བྱེད་སོགས་ཀྱི་མཐུ་ལས་འོས་ཅི་ཞིག་ཡོད་དེ། སྙིགས་མ་ལྔ་བདོའི་རང་ཚུལ་འབའ་ཤིག་ལགས་མོད་ཀྱི། དེ་ལྟར་མིན་ན་ཐུབ་པ་ཉིད་ཀྱང་ཟས་previous hit གཙང next hit་གི་རྒྱལ་ས་སྤོང་ག་དགོས་ཤིང་། ཞབས་ཐང་དུ་ལྷུང་བཟེད་གསིལ་བྱེད་བསྣམས་ནས་བསོད་སྙོམ་དུ་གཤེགས་པ་ལས། རྟ་དང་གླང་པོ་ཤིང་རྟའི་བཞོན་པ་བྱེ་བ་ཕྲག་དང་། ཁང་བཟང་ཕོ་བྲང་གི་དཔལ་འབྱོར་ལོངས་སྤྱོད་ལ་བརྟེན་ནས་འགྲོ་དོན་མཛད་ཆོག་མོད་ཅིང་། གཞན་ཡང་གདན་ས་མཐོ་དམན་ཁོ་ན་ལ་ལྟོས་དགོས་པ་ཞིག་ཡིན་ན་རྡོ་རྗེ་གདན་དང་བྱ་རྒོད་སྤུངས་རི་སོགས་སུ་དིང་སང་སུ་འདུག་པ་དེས་འཛམ་གླིང་ཁ་ལོ་བསྒྱུར་བར་འོས་མོད་ཀྱི། དེ་ལྟ་ཡང་། མ་ཡིན་པའི་ཕྱིར། དེས་ན་འདི་ཐམས་ཅད་བསྐལ་པ་སྙིགས་མའི་རང་ཚུལ་ལས་གཞན་མ་ལགས་མོད། མདོ་རྒྱུད་དག་ལས་ནི་བསླབ་པ་རྒས་རིམ་དང་


TR005_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱིས་རྒན་པོ་སོགས་གོང་དུ་བསྐུར་བར་གསུངས་པ་ལས་གཞན་མི་འབྱུང་ལ། སྐུ་ཆེ་ཆུང་ངམ། གདན་ས་མཐོ་དམན་སོགས་འགྲན་རྩོད་བྱེད་པ་འདི་དག་ནི་འཇིག་རྟེན་གྱི་དཔེ་ཆོས་ལ་བཀབ་པར་ཟད་དོ། །གལ་ཏེ་གདུལ་བར་བྱ་བའི་ཡུལ་དེ་དག་ཚུལ་དང་ཐབས་དེ་ལྟ་བུས་འདུལ་དགོས་པའི་དུས་དང་སྐབས་དང་ཚོད་དང་དགོས་པ་ཇི་ལྟ་བར་མཁྱེན་པ་ཞིག་ཡིན་ན་ནི། སྔོན་སྟོན་པ་ཉིད་གྲོང་ཁྱེར་བུ་རམ་ཤིང་འཕེལ་དུ་གཤེགས་ཚེ་དགྲ་བཅོམ་རྣམས་ཆ་བྱད་སྣ་ཚོགས་པའི་རྫུ་འཕྲུལ་གྱི་བཀོད་པས་ཡུལ་ཁམས་དེ་ཆོས་ལ་བཀོད་པར་མཛད་པ་དེ་ལྟ་བུ་ཞིག་ཡིན་དགོས་སོ། །ད་ལྟ་ནི་དེ་ཡང་མ་ཡིན་པར་རབ་བྱུང་སོ་སྐྱེའི་བླ་མ་མཁན་སློབ་རྫུ་འཕྲུལ་ཐོབ་པ་ལྟ་ཞོག་རྒྱུན་བཞུགས་ཀྱི་ཡོན་ཏན་ཙམ་ཡང་མེད་པ་ཐམས་ཅད་ཀྱིས་ཆེ་འགྱིང་གཟི་བརྗིད་སྟོབས་གང་འཛོམ་ཅི་སྙེད་སྒྲུབ་དོན་གཉེར་བ་འདི་དག་ནི་ཡང་དག་པའི་བསྟན་


TR005_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསྟན་འཛིན་གྱི་མཚན་ཉིད་དུ་མི་འགྱུར་ཏེ། དེ་ཅིའི་ཕྱིར་ན་རྒྱལ་བའི་བཀའ་དང་མ་མཐུན་པས་སོ། །ཡང་། གལ་ཏེ་སྔོན་རྒྱལ་བུ་རྒྱལ་བྱེད་དང་མགོན་མེད་ཟས་བྱིན་གཉིས་ཀྱི་རྒྱལ་བྱེད་ཚལ་ཕུལ་ནས་གཙུག་ལག་ཁང་བཞེངས་ཚེ་མུ་སྟེགས་རྣམས་ཀྱི་མཐུ་དང་རྫུ་འཕྲུལ་སྣ་ཚོགས་པས་བར་ཆད་བྱས་པ་ན། སྟོན་པས་ཤཱ་རིའི་བུ་ལ་བཀའ་བསྒོ་དང་བྱིན་རླབས་མཛད་དེ། མུ་སྟེགས་པས་རྫུ་འཕྲུལ་གང་བསྟན་གྱི་གཉེན་པོར་ཤཱ་རིའི་བུས་ཀྱང་། མེ་ལ་ཆུ། དུག་སྦྲུལ་ལ་ཕག་རྒོད། ཐོག་སེར་ལ་རྡོ་རྗེའི་གུར་སོགས་ཀྱིས་བཏུལ་བར་མཛད་པ་དེ་ལྟ་བུ་དིང་སང་གི་བསྟན་པར་མིང་བཏགས་པའི་གྲུབ་མཐའི་ཕྱོགས་འཛིན་དགག་སྒྲུབ་འཐབ་རྩོད་བཤིག་བཅོམ་བྱེད་པ་འདི་དག་ནམ་ཡང་མཚུངས་པའི་གནས་མེད་དོ། །དེ་བས་ན་བསྟན་པའི་དོན་དངོས་སུ་འགྲོ་མི་འགྲོ་ནི་རྒྱལ་བའི་བཀའ་དང་མཐུན་མི་མཐུན། དམ་པའི་ཆོས་རྣམ་དག་བྱེད་མི་བྱེད་ལ་བསྟན་


TR005_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་མིན་དུ་དབྱེ་བ་ལས། ཆོས་བརྒྱུད་དང་གྲུབ་མཐའ་རང་ཕྱོགས་གཞན་ཕྱོགས་ཀྱི་ཐང་འཐེན་བྱེད་པ་ལ་བསྟན་དོན་དུ་མི་བརྗོད་དེ། དཔལ་གཙུག་ལག་འཕྲེང་བས། ཆོས་ལུགས་ལ་བཟང་ངན་མ་མཆིས་ཏེ། །ཆོས་མིན་ཞིག་འདུག་ན་གར་ཡང་ཕུང་། །ཞེས་གསུངས་པ་ཉིད་ལགས་སོ།། ༈ །།ཡང་ཉིད་ཀྱིས། རང་རང་གི་ཆོས་ལུགས་སོགས་རང་ཕྱོགས་ཁོ་ནའི་བསྟན་པ་འཛིན་སྐྱོངས་སྲུང་སྤེལ་མཛད་པ་དེ་བདུད་ཀྱི་མཐུ་ཡིན་ན། བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་གྲངས་མེད་བསྐལ་མང་གི་གོང་ནས་ཐུགས་བསྐྱེད་སྨོན་ལམ་མཛད་པ་ཡང་དགོས་མེད་དུ་ཐལ་བ་འདྲ་སྙམ་པའི་རྣམ་རྟོགས་ཐེ་ཚོམ་བྱུང་གསུང་བ།། ༈ །།དེ་ལ་སྐྱེས་ཆེན་དམ་པ་ཡིན་ངེས་ཤེས་དག་ལ་ནི་དོན་དམ་པར་རང་གཞན་ཕྱོགས་ལྷུངས་ཆགས་སྡང་སོགས་ཀྱི་དྲི་མའི་ཆ་ཙམ་ཡང་ག་ལ་མཆིས་ཤིང་། ཐུགས་བསྐྱེད་སྨོན་ལམ་གྱི་འབྲས་བུ་མི་བསླུ་


TR005_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

བས་གདུལ་བྱ་འདུལ་བའི་ཕྲིན་ལས་ཅན་དུ་གྱུར་པ་ཡིན་མོད་ཀྱི། འོན་ཀྱང་གནས་སྐབས་ལྟར་སྣང་ཙམ་དུ་གདུལ་བྱའི་ཡུལ་དང་རིས་མཐུན་ལྟ་བུར་བསྟན་པས་གདུལ་བར་མཛད་པ་ནི་གདུལ་ཡུལ་རང་གི་ངོ་སྐལ་གྱི་ནུས་པར་ཟད་དེ། ཇི་ལྟར་ནོར་བུ་བཻ་ཌཱུརྱའམ། མན་ཤེལ་ཤིན་ཏུ་དྭངས་པ་དག་རང་ཉིད་ལ་ཁ་དོག་ཐ་དད་དུ་གྲུབ་པ་མེད་ཀྱང་། ཆུ་དངས་པའམ་དར་ཁ་དོག་ཐ་དད་པའི་སྟེང་དུ་བཞག་ན་དེའི་ཁ་དོག་ཏུ་འགྱུར་ཡང་རང་ངོ་ལ་གོས་པ་མེད་པའི་དཔེ་བཞིན། སངས་རྒྱས་ལ་འཁྲུལ་པ་མི་མངའ་ཡང་སེམས་ཅན་གྱི་ཁམས་དང་མཐུན་པར་སྤྱོད་པས་འདུལ་བ་ནི་ངོ་མཚར་གྱི་མཛད་པ་ཡིན་ལ། སྐྱེས་བུ་དམ་པ་མ་ཡིན་པ་རང་ལ་སྨིན་པར་གཞན་གྱི་འདྲེན་པར་རློམས་ཞིང་གྲུབ་མཐའི་ཞེན་ཕྱོགས་དང་ཆགས་སྡང་ཀུན་སློང་སྤེལ་བ་དག་ནི་བདུད་ཀྱིས་ནུས་པ་ལས་འབྱུང་བར་གོར་མ་ཆགས་ཏེ། བསྟན་པའི་སེལ་དུ་འགྱུར་ཞིང་རྗེས་


TR005_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་ལོག་ལམ་དུ་ཁྲིད་པའི་ཕྱིར་རོ། །ཡང་ཉིད་ཀྱིས། ངེས་དོན་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ཉིད་ཁོ་ནའི་བྱེད་ལས་ཡིན་པར་གསུངས་ན། དབོན་སྟོན་སྐྱེར་སྒང་པའི་བྲུལ་གཏོར་གྱི་ལོ་རྒྱུས་སུ། སྦྱིན་བདག་ཞིག་གི་སར་ཕེབས་པས་ཐུགས་དམ་གྱི་རྩལ་དང་ཉམས་རྟོགས་ཐམས་ཅད་འགྲིབ་ཅིང་། དངོས་ཉམས་རྨི་ལམ་ཉེས་ལྟུང་སྡིག་སྒྲིབ་ཀྱི་རྟགས་མཚན་མི་ཟད་པ་མང་པོ་བྱུང་བ། སྤྱན་རས་གཟིགས་ལ་གསོལ་བ་བཏབ་ཅིང་ཞུས་པས། ཁྱེད་ཀྱི་སྦྱིན་བདག་གི་སར་ཕྱིན་དུས་ཀྱི་ཞབས་ཏོག་ཆ་རྐྱེན་རྣམས་གསུང་རབ་བཙོངས་པའི་དཀོར་ཡིན་པས་དེའི་ཉེས་པས་ཕོག་པའི་སྐྱོན་དུ་འདུག་པས་ན། དེ་སྦྱོང་བའི་ཐབས་སུ་བྲུལ་གཏོར་འདི་ལ་བརྩོན་པར་གྱིས་ཤིག་གསུངས་ནས་གནང་བའི་ལོ་རྒྱུས་ལྟར་ན། གསུང་རབ་བཙོངས་པའི་དཀོར་བླུད་ཟའོ་སྙམ་པའི་བག་ཆགས་ཙམ་ཡང་ཐུགས་ལ་མེད་པ་ལ་ཉེས་པ་དེ་འོང་མི་


TR005_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་ནའང་དེ་ལྟར་བྱུང་འདུག་པ་ལ་དཔག་ན་སེམས་ཀྱི་བྱེད་ལས་གཅིག་པུ་མ་ཡིན་པ་འདྲ་སྙམ་པའི་ཐེ་ཚོམ་བྱུང་གསུང་བ།། ༈ །།དེ་ནི་སྤྱིར་ངེས་དོན་མ་ཡིན་དྲང་དོན་ཡིན་ཏེ། དོན་དམ་པར་ནི་སྐྱེར་སྒང་པ་ཁོ་རང་སྤྱན་རས་གཟིགས་དངོས་ཡིན་ཕྱིར། སྙིགས་དུས་ཀྱི་གང་ཟག་དཀོན་མཆོག་གི་དཀོར་ལ་མི་འཛེམ་པ་རྣམས་བག་མེད་པའི་སྤྱོད་པ་ལས་བཟློག་ཕྱིར་དེ་ལྟར་བསྟན་མོད་ཀྱི་ཡང་། ངེས་དོན་ལྟར་ན་ཐམས་ཅད་སེམས་ཀྱི་བྱེད་ལས་ཁོ་ན་ཡིན་པའི་དཔེ་ཡང་། མཉམ་མེད་སྒམ་པོ་པ་ཞལ་བཞུགས་སྐབས་སུ་རྒྱ་སྒོམ་ཆོས་གྲགས་ཀྱིས་ཤེར་ཕྱིན་བརྒྱད་སྟོང་པ་བཙོངས་པའི་རིན་གྱི་ཇ་བཏུང་པས་ཕྱག་རྒྱ་ཆེན་པོའི་ཉམས་རྟོགས་དང་ལམ་རྟགས་ཀྱི་ཡོན་ཏན་ཐམས་ཅད་འགྲིབ་ནས་དེའི་ཚུལ་མཉམ་མེད་རིན་པོ་ཆེ་ལ་ཞུས་པས། ཁྱོད་ཀྱི་དཀོན་མཆོག་གི་དཀོར་ལ་མ་འབགས་སམ་གསུངས། གོང་གི་ཇའི་ལོ་རྒྱུས་ཞུས་ཚེ། འོ་ན་སྐྱོན་ཆེ། ད་ཁྱོད་ཀྱིས་དེའི་སྒྲིབ་སྦྱོངས་ལ་བརྒྱད་སྟོང་གླེགས་བམ་དེ་ལས་མི་ཞན་


TR005_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཅིག་བཞེངས་ཤིག་གསུངས་ནས། ཁོས་དེའི་གྲབས་ཡུལ་བྱེད་པའི་བར་སྐབས་ཕྱག་ཆེན་བསྒོམ་པའི་དྲན་སྣང་ཞིག་ལས། སྣང་སྲིད་འཁོར་འདས་ཐམས་ཅད་རང་སེམས་ལས་ནི་འདའ་པ་མི་འདུག །སེམས་ཀྱི་གནས་ལུགས་ཕྱག་རྒྱ་ཆེན་པོ་ལ་ནི་སྒྲིབ་པ་གསོག་རྒྱུ་བསག་མཁན་སྦྱང་རྒྱུ་སོགས་གདོད་ནས་མ་གྲུབ་པར་གདའ་སྙམ་ནས། དྲུང་དུ་ཕྱིན་ནས་དེ་ལྟར་ཞུས་པས། ད་འོ་ན་ཁྱེད་རང་གླེགས་བམ་བཞེངས་རྒྱུའི་གྲབ་ཡུལ་བཤོམ་ལ་ཕྱག་ཆེན་དེ་ཀ་སྒོམ་ཤིག་གསུངས་ནས། གང་ཞིག་འགྱོད་ཚང་བྱེད་འདོད་ན། །དྲང་པོར་འདུག་ལ་ཡང་དག་ལྟོས། །ཡང་དག་མཐོང་ན་རྣམ་པར་གྲོལ། །དེ་ནི་འགྱོད་ཚང་མཆོག་ཡིན་ནོ། །ཞེས། མ་སྐྱེས་དགུའི་འགྱོད་བསམ་གྱི་མདོའི་ལུང་འདྲེན་ཡང་གནང་ནས་བསྒོམ་པས་ཁོ་གྲོལ་བ་ཐོབ་པ་བཞིན་ཏེ། དྲང་ངེས་ཀྱི་སྐབས་ཐོབ་ཐ་དད་པའི་རྒྱུ་མཚན་དེ་ལྟར་ལགས།། ༈ །།གཞན་ཡང་


TR005_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱིས། དགེ་སྡིག་ཐམས་ཅད་སེམས་ཀྱི་བྱེད་ལས་གཅིག་པུ་ཡིན་པར་སོང་ན། སྔ་སོར་བརྟན་བཞུགས་ཀྱི་འཕྲོས་དོན་ལ་བྱུང་བ་བཞིན། གསར་རྙིང་གཉིས་ཀའི་ཆོག་ཞུང་དག་གི་མཇུག་ཏུ་གཏོར་མནན་ལ་གཏོར་གཞོང་ཁ་སྤུབས་པའི་འོག་ཏུ་ཡི་གེ་ཧཱུྃ་བྲིས་པའི་ཁར་རྟ་བྲོ་བྱེད་པར་བཤད་པ་དེ་འགོང་གཡུག་ཏུ་འགྲོའམ་མི་འགྲོ་དང་། དེ་བཞིན་དུ། མནན་པ་བྱེད་པ་རྣམས་ཀྱང་འགོང་གཡུག་ཏུ་འགྱུར་མི་འགྱུར་དང་། མངོན་སྤྱོད་ཀྱི་ལས་མཐའི་གཞུང་འགའ་ཞིག་ལས། དགྲ་ལ་ཅིས་ཀྱང་མཐུ་རྟགས་མ་འཐོན་ན་ཁོའི་འགྲིམ་ལམ་གྱི་འོག་ཏུ་དཀོན་མཆོག་གི་རྟེན་གསུམ་སྦས་ན་ཁོའི་བསོད་ནམས་འཕྲལ་དུ་ཟད་ནས་ཐོན་པར་བཤད་སྣང་བ། སེམས་ཀྱི་བྱེད་ལས་ཡིན་ན་ཕ་རོལ་པོ་དེ་ལ་རྟེན་གསུམ་དེར་ཡོད་པའི་སྣང་བ་གང་ཡང་མེད་ཚེ། འགོངས་པའི་ཉེས་པ་ཡང་འོང་མི་ཐང་ལ། སྣང་བ་མེད་ཀྱང་འགོངས་པའི་ཉེས་པ་ཡོད་ན་ནི་སེམས་ཀྱི་


TR005_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ལས་མ་ཡིན་པར་ཐལ་ཞིང་། ལར་ནས་བསྟན་པའི་སྒོར་ཞུགས་ཕྱིན་ཆད་སྐྱབ་སྡོམ་ནས་བཟུང་སྟེ་དཀོན་མཆོག་གསུམ་གྱི་རྟེན་ཚལ་བུའམ་ཆག་དུམ་ཙམ་ལའང་འགོང་གཡུག་སོགས་མ་གུས་པ་སྤངས་ཤིང་ཕྱག་མཆོད་བཀུར་བསྟི་བྱ་དམ་ཚིག་གསུངས་ན། མངོན་སྤྱོད་ཀྱི་དགོངས་པ་བསྟན་དགྲ་སྒྲོལ་བ་ལ་དགོངས་པ་ལོས་ཡིན་ལ། བྱེད་པ་པོ་ཡང་ཐེག་ཆེན་བྱང་སེམས་དང་གསུམ་ལྡན་རྡོ་རྗེ་འཛིན་པ་ཅིག་དགོས་མོད་ཀྱི། བསྟན་པའི་སྙིང་པོ་ནི་དཀོན་མཆོག་གསུམ་ཡིན་ཕྱིར། དེའི་ཆེད་དུ་དཀོན་མཆོག་ས་འོག་ཏུ་སྦེད་པ་དེ་ནི་ཕ་མའི་དོན་དུ་ཕ་མ་ཉིད་གསོད་པ་དང་མཚུངས་ཤིང་། མུ་སྟེགས་པ་དཀོན་མཆོག་ལ་དགྲ་རུ་བལྟ་བས་ཀྱང་དཀོན་མཆོག་གི་རྟེན་ལ་དེ་ལས་ལྷག་པའི་གནོད་པ་ཞིག་བྱེད་མི་སྲིད་པ་དང་། མངོན་སྤྱོད་བྱེད་པོ་དེ་ཡང་སྐྱབས་སྡོམ་ཡན་གྱི་དམ་སྡོམ་ཐམས་ཅད་མིང་གི་ལྷག་མར་བྱས་པར་ཟད་ཕྱིར། དེས་ན་


TR005_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐོར་རྣམས་ལ་ཐེ་ཚོམ་གྱི་རྟོག་པ་མུ་མེད་པ་ཞིག་བྱུང་གསུངས་པ་ལ། ལན་དུ་ཕུལ་བ། དེ་ལ་སྤྱིར་ཐམས་ཅད་སེམས་ཀྱི་བྱེད་ལས་དང་། སེམས་སྟོང་པ་ཉིད་ཡིན་ཚུལ་གྱི་སྒྲོས་སོགས་ནི་ངེས་དོན་འབའ་ཤིག་དང་། མངོན་སྤྱོད་སོགས་སྤྲོས་བཅས་མཐའ་དག་ནི་དྲང་དོན་ཁོ་ན་ཡིན་ཕྱིར་དྲང་ངེས་རྣམས་དབྱེ་ཕྱེད་དགོས་ལ། བསྟན་པ་བསྲུང་ཕྱིར་མངོན་སྤྱོད་གསུངས་ཤིང་བྱེད་པ་པོ་ཡང་ཐེག་ཆེན་བྱང་སེམས་དགོས་མོད་ཀྱང་། ངེས་དོན་ཕྱག་རྫོགས་འབའ་ཤིག་སྒོམ་མཁན་གྱིས་ནི་མངོན་སྤྱོད་བྱ་དོན་ཡང་མ་མཆིས་ལ། དྲང་དོན་ཉིད་ལའང་ཐམས་ཅད་སེམས་ཀྱི་བྱེད་ལས་ཡིན་པའི་གནད་ཀྱིས་ལས་ཚོགས་གང་དང་གང་བྱེད་ཀྱང་དམིགས་པས་ཁ་བསྒྱུར་བར་བཤད་པ་དང་། དེའི་དབང་གིས། གཏོར་མནན་སྐབས་ཀྱི་ཧཱུྃ་ལ་ནི་བདག་ཉིད་ལྷའི་རྣལ་འབྱོར་དང་ལྡན་ཕྱིར་འགོང་གཡུག་གི་ཉེས་པ་མི་ཕོག་ཅིང་། མནན་པའི་སྐབས་སུ་ཡང་འབྱུང་བ་རིམ་


TR005_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེགས་ཀྱི་བཀབ་པས་འགོངས་གཡུག་ཐུབ་པ་དང་། དེས་མི་ཐུབ་ན་རྟེན་གསུམ་བཞུགས་པའི་ཐོག་ཁར་འགྲོ་ཐབས་མི་འབྱུང་མོད་དེ། དེ་ལྟར་མ་ཡིན་པར་འབྱུང་བ་ས་རླུང་ནམ་མཁས་ཆོད་པས་ཉེས་པ་མི་འབྱུང་བ་ཡིན་ལ། དགྲའི་བསོད་ནམས་ཟད་བྱེད་ཀྱི་ཐབས་དེ་ལ་ནི་རྟེན་གསུམ་ས་འོག་ཏུ་མནན་པ་དངོས་ཀྱི་ལུགས་ལྟར་བྱ་བ་མ་ཡིན་པར་སྒོའི་ཐེམ་འོག་ལྟ་བུ་ཁོས་འགོངས་གཡུག་ཏུ་འགྲོ་ངེས་ཤིག་ཏུ་སྦ་བ་ཡིན་པར་གདའ་ཞིང་། བྱེད་པ་པོ་རང་ཉིད་ཀྱང་རང་དོན་གྱི་ཞེན་འཁྲིས་སོགས་དང་སྤུ་ཙམ་ཡང་མ་འདྲེས་པར་བསྟན་པ་བསྲུང་བའི་ཆེད་ཁོ་ནའི་ལྷག་བསམ་ཞེ་ཐག་པ་ནས་དགོས་ལ། དེ་དང་ལྡན་ན་རེ་ཤིག་གནོད་བྱེད་དེའི་ལས་ངན་རྒྱུན་གཅོད་ཕྱིར་རྟེན་གསུམ་དེར་སྦས་ནས། དགོས་དོན་ནམ་གྲུབ་པ་དང་རྟེན་རྣམས་བཏོན་ཞིང་བཤགས་པ་ཁྲུས་གསོལ་རབ་གནས་སོགས་བྱ་བ་དེ་ནི། ཇི་


TR005_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སྔོན་གང་ཞིག་ལྷག་བསམ་གྱིས་ཐུབ་པའི་དབུ་ལ་ལྷམ་ཧྲུལ་བཀབས་པ་དང་། བསལ་བ་གཉིས་ཀ་ཞབས་ཏོགས་སུ་གྱུར་པའི་བསོད་ནམས་ཐོབ་པའི་ལོ་རྒྱུས་ཀྱི་དཔེ་ལྟར་དང་། བྱེད་པ་པོ་ལ་རང་འཁྲིས་མ་ཞུགས་ན་དེད་དཔོན་སྙིང་རྗེ་ཆེན་པོས་མི་ནག་མདུང་ཐུང་ཅན་བསྒྲལ་བས་བསྐལ་པ་མང་པོའི་ཚོགས་བཟླུམ་པའི་དཔེ་དང་མཚུངས་ཕྱིར། ཐེག་ཆེན་སྡོམ་ལྡན་ཡིད་བཞིན་དུ་ཡོན་ཏན་ཡར་འཕེལ་དུ་འགྱུར་བ་སྟེ། དཀོན་མཆོག་ལ་ནི་ཐ་མལ་གྱི་རྟོག་པ་མི་མངའ་ཕྱིར་དགྱེས་མི་དགྱེས་ཀྱི་འཛིན་པ་མི་མཛད་ལ། དགེ་སྡིག་སོ་སོར་འགྱུར་བ་ནི་བྱེད་པ་པོ་རང་གི་སྣང་བ་ཉིད་ཡིན་ཕྱིར། བསྟན་དོན་འབའ་ཤིག་གི་བསམ་པས་བྱས་ན། ཕ་མའི་དོན་དུ་ཕ་མ་བསད་པ་དང་དབྱིབས་ཕྱོགས་ཙམ་ཡང་མཚུངས་པ་མ་ལགས་སོ། །དེས་ན་འཁོར་འདས་དགེ་སྡིག་སོགས་ཐམས་ཅད་སེམས་ཁོ་ནས་བསྒྱུར་བ་ཡིན་ཚུལ་ནི་མདོ་རྒྱུད་བཀའ་བསྟན་མཐའ་དག་དགོངས་པ་མཐུན་


TR005_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

མོད་ཀྱི། དྲང་ངེས་གཉིས་ཀྱི་ཤན་འབྱེད་དང་། ངེས་དོན་མངོན་གྱུར་གདེངས་ཐོབ་ཏུ་མ་གྱུར་རིང་དྲང་དོན་རྒྱུ་འབྲས་ལ་བརྙས་པ་སྟོང་ལྟ་ཁ་ཁྱེར་ལ་མ་སོང་བར། དྲང་ངེས་ཐབས་ཤེས་ཟུང་དུ་འབྲེལ་བའི་ལག་ལེན་རྒྱུད་ལ་འཁེལ་དགོས་པ་ནི་ཆོས་ཐམས་ཅད་ཀྱི་མདོ་འགགས་ལགས་པ་ཡང་ཕྱི་རབས་རྣམས་ཀྱི་དགོངས་འཚལ་ལོ།། ༈ །།གསང་སྔགས་ཀྱི་བཟླས་པའི་སྐབས་ཀྱི་སྔགས་འཕྲེང་འགལ་མེ་བསྐོར་བ་ལྟ་བུ་ཞེས་པའི་སྐབས་དོན་གྱི་ཕེབས་ཆར། སྤྱིར། སྔགས་འཕྲེང་བསྐོར་ཚུལ་གྱི་སྐབས་དོན་ཐ་དད་པ་ལས། འདི་ནི་ནང་སྒྲུབ་གསང་སྒྲུབ་སོགས་ཁྱད་པར་བའི་སྐབས་དོན་དང་། བསྙེན་སྒྲུབ་ཡན་ལག་བཞིར་དབྱེ་བའི་ནང་མཚན་ལས་ཀྱང་། སྒྲུབ་པ་དང་སྒྲུབ་པ་ཆེན་པོའི་སྐབས་སོགས་ལ་ཤས་ཆེར་འབྱུང་བ་མ་གཏོགས། བསྙེན་པའི་ཕྱི་སྒྲུབ་ཀྱི་རིགས་རྣམས་ལ་ནི་ཟླ་བ་སྐར་འཕྲེང་གི་ཚུལ་དུ་གྲགས་པའི་ཐུགས་སྲོག་


TR005_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྔགས་ཕྲེང་གི་བསྐོར་བ་ཉིད་འབྱུང་ཤས་ཆེ་མོད་ལ།། ༈ །ཁྱད་པར་བའི་སྐབས་ཀྱི་འགལ་མེ་བསྐོར་འདྲ་ཞེས་པ་འདི་ཉིད་ནི། དཔེར་ན། མཚན་མོའི་མུན་ནང་དུ་འགལ་དུམ་མམ། སྤོས་རེང་ལྟ་བུ་ཞིག་བར་སྣང་ལ་དྲག་ཏུ་བསྐོར་ན། མེའི་དབྱིབ་བར་མ་ཆད་པ་གསེར་གྱིས་ཨ་ལོང་ལྟ་བུར་མཐོང་བར་འགྱུར་བ་དཔེར་མཛད་ནས། འགལ་མེ་བསྐོར་འདྲའི་སྔགས་ཕྲེང་དུ་མིང་བཏགས་པ་མ་གཏོགས། སྔགས་འབྲུ་མེའི་རྣམ་པའི་ཡིག་འབྲུ་ལས་མེ་འབར་བར་སྒོམ་རྒྱུ་མ་ལགས་ཏེ། འདི་ཉིད་ལ་འགལ་མེ་ལྟ་བུར་ཐ་སྙད་མཛད་པའི་རྒྱུ་མཚན་ནི། སྐབས་འདིར་ཡབ་ཡུམ་ཞལ་སྦྱོར་གྱི་རིགས་ཁོ་ནའི་སྒོམ་རིམ་ཡིན་ཚེ། སྔགས་འཕྲེང་དཀྱུས་མ་ཟླ་བ་སྐར་ཕྲེང་ལྟར་ཕྲེད་དུ་སྐོར་བ་མ་ཡིན་པར། འགལ་མེ་སྟེང་འོག་དཀྲོང་ཐབས་སུ་བསྐོར་བ་ལྟར། ཐུགས་ཀའི་སྔགས་ཕྲེང་ཡིག་འབྲུ་གཅིག་གི་ཞབས་སུ་གཅིག་གི་དབུ་འཐུད་པ་ལུ་གུ་རྒྱུད་ཀྱི་ཚུལ་དུ་ཡབ་ཀྱི་ཐུགས་ཀ་ནས་གྱེན་


TR005_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡར་བྱུང་ནས་ཞལ་ལས་འཐོན་པ་ཡུམ་གྱི་ཞལ་དུ་ཞུགས་ཤིང་ཐུར་དུ་བརྒྱུད་དེ་གསང་བའི་པདྨ་ལས་བྱུང་བ་ཡབ་ཀྱི་གསང་རྡོར་བུ་གར་ཞུགས་ཏེ་གྱེན་དུ་སྐུའི་དབྱིབས་རྒྱུད་ནས་ཞལ་དུ་ཐོན་པ་ཡུམ་གྱི་ཞལ་དུ་ཞུགས་ཚུལ་སྔར་བཞིན་བྱས་པ། དེ་ལྟར་འཕྲོ་མ་ཆད་པ་ཉིད་ལ་འགལ་མེ་བསྐོར་འདྲར་བཏགས་པ་ཡིན་ལ། ཡང་ན། ཡབ་ཀྱི་ཐུགས་ཀ་ནས་ཐུར་དུ་སོང་བ་གསང་རྡོར་ནས་བྱུང་བ་ཡུམ་གྱི་པདྨར་ཤིང་གྱེན་དུ་བརྒྱུད་དེ་ཞལ་དུ་འབྱུང་ཚུལ་གོང་བཞིན་བྱ་བ་སྟེ། སྔ་མ་དང་འདི་གཉིས་ནི་གཡས་སྐོར་གཡོན་སྐོར་གྱི་ཁྱད་ལྟ་བུ་ཡིན་ཕྱིར། ལྷ་སོ་སོའི་སྒྲུབ་ཐབས་ཉིད་ལས་བསྐོར་ཚུལ་གང་བྱེད་ཀྱི་ཁ་གསལ་འབྱུང་མེད་ལ། ཁ་དོག་ཀྱང་མེའི་མདོག་ལྟར་དགོས་པ་ནི། མ་ལག་ཏེ། ལྷ་གང་ཡིན་གྱི་སྐུ་མདོག་དང་སྔགས་ཕྲེང་ཁ་དོག་མཐུན་པར་དགོས་པ་ཤས་ཆེ་བ་ལགས།། ༈ །།དགོངས་འདུས་ཀྱི་


TR005_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

བདག་བསྐྱེད་བཟླས་པའི་སྐབས་སུ་རླུང་བྱིན་འཇུག་ནས་གསུམ་པོ་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་ཡང་སྙིང་འབྲུ་གསུམ་ཡེ་གདོད་མ་ནས་ལྷུན་གྲུབ་ཡིན་ལ། ཡིན་པར་ཤེས་པའི་ངེས་ཤེས་ཀྱི་ངང་ནས་རང་རིག་རང་གསལ་དུ་མཉམ་པར་འཇོག་པ་འདི་ལ་སྐྱེ་མེད་རྡོ་རྗེའི་བཟླས་པ་ཅེས། གསར་རྙིང་དགོངས་པ་མཐུན་པ་ཉིད་མ་གཏོགས། འབྲུ་གསུམ་གྱི་དབྱིབས་ཁ་དོག་གསལ་བའམ། རྩོལ་བས་བརྗོད་པ་སོགས་དགོས་པ་མ་ལགས་སྟེ། འོན་ཀྱང་ད་ལྟ་ཕྱག་བཞེས་དཀྱུས་མར། གང་ཟག་ལས་དང་པོ་པ་གྲྭ་ཚོགས་ཕལ་པ་རྣམས་ཀྱིས་ཟབ་དོན་འདི་དག་རྒྱུད་ལ་མི་འབྱོར་ཚེ། ལྷ་ཚོགས་ཀྱི་ཐུགས་སྲོག་ལ་སྔགས་འཕྲེང་འཁོར་བའི་མོས་པས། རྩ་གསུམ་སྤྱིར་དྲིལ་གྱི་བཟླས་པ་ཅི་འགྲུབ་བྱེད་པ་ལགས་སོ། །བུམ་སྐྱེད་ལ། ལས་བུམ་གྱི་ཆུ་གཙོ་བུམ་རྣམས་སུ་བླུག་པའི་དགོས་པ་ནི། སྔགས། དུང་ཆོས་ཀྱི་གསུང་གླེང་ལྟར། བདུད་རྩི་འཁྱིལ་པས་ལྷ་ཚོགས་


TR005_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་ཐུགས་དམ་བརྒྱུད་བསྐུལ་ནས་ཕྲིན་ལས་གང་ཡིན་འགྲུབ་པར་འགྱུར་བ། ཆན་ལ་ཕབས་ཀྱི་དཔེ་ལྟར་ལགས། མདུན་བསྐྱེད་ཀྱི་འཛབ་དགོངས་ལ། རྡོ་རྗེའི་ཁོང་སེང་ལ་འོད་དཔག་མེད་བཞུགས་པ་ནི། སྤྱིར་ཡང་། དགོངས་འདུས་རྩ་བའི་རྒྱུད་དྲུག །སྦས་པ་མན་ངག་གི་རྒྱུད་གསུམ་དང་བཅས་པ་ཐམས་ཅད་ཀྱི་སྟོན་པ་ནི་ཀུན་བཟང་རྡོ་རྗེ་འཆང་ཉིད་འོད་དཔག་མེད་དུ་བཞེངས་ནས་རང་གི་སྤྲུལ་པའི་འཁོར་ཚོགས་ལ་བསྟན་པ་ཡིན་པ་དང་། ཁྱད་པར་འདིའི་དཀྱིལ་འཁོར་གྱི་གཙོ་བོ་ནི་བཛྨ་བཛྲ་རྩལ་ཞེས་གུ་རུ་རིན་པོ་ཆེ་ཧེ་རུ་ཀར་སྤྲུལ་བ་དང་། ཡུམ་ཡང་། ལྷ་ལྕམ་མནྡ་ར་བ་ཉིད་ཡིན་ལ། གུ་རུ་ཉིད་ནི་འོད་དཔག་མེད་ཀྱི་ཐུགས་ཀའི་འོད་ཟེར་གསེར་གྱི་རྡོ་རྗེ་ཧྲཱིཿཡིག་ཅན་རྡ་ན་ཀོ་ཥའི་པད་སྡོང་ལ། ཐིམ་པ་ལས་སྐུ་བལྟམས་པ་ཡིན་ཕྱིར། དོན་དམ་པའི་མཐར་ཐུག་ནི་དཀྱིལ་འཁོར་འདི་ཉིད་ཀྱི་བྱེད་པ་པོའི་བདག་པོ་ནི་འོད་དཔག་མེད་ཡིན་པས།


TR005_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གི་ཡེ་ཤེས་སེམས་དཔའ་དང་རིགས་བདག་གི་གཙོ་བོ་འོད་དཔག་མེད་དུ་འབྱུང་བ་ལགས། འདི་དག་ལ་གོ་ཆའི་ལྷ་མི་འདུག་པ་གསར་རྙིང་གི་ཁྱད་ཡིན་ནམ་གསུང་བ་དེ་ནི་མ་ལགས་སྟེ། གསར་རྙིང་གཉིས་ཀའི་དཀྱིལ་འཁོར་ཐ་དད་པ་རྣམས་སུ་གོ་ཆའི་ལྷ་ཡོད་མེད་གང་ཡང་འབྱུང་ཚུལ་མཚུངས་མོད་ཀྱི། འདི་སྐབས་ནི་དགོས་པར་མ་གསུངས་ལ། གང་ལྟར་གནས་གསུམ་འབྲུ་གསུམ་འགོད་པ་འདི་ཉིད། དོན་གྱི་དབང་དུ་ནི་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་གསུམ་མཚོན་ལ། བརྡའི་དབང་དུ་ནི་སྙིང་པོ་འབྲུ་གསུམ་མམ། འཁོར་ལོ་པདྨ་རྡོ་རྗེ་སྟེ་ཕྱག་མཚན་གསུམ་དུ་འགྱུར་ལ། རྟགས་ཀྱི་དབང་དུ་ནི། སྐུ་རྡོ་རྗེ་དཀར་པོ་འཁོར་ལོ་དྲིལ་བུ་འཛིན་པ། གསུང་རྡོ་རྗེ་དམར་པོ་པདྨ་དྲིལ་བུ། ཐུགས་རྡོ་རྗེ་མཐིང་ག་རྡོར་དྲིལ་འཛིན་པར་བསྟན་ཞིང་། གོ་ཆའི་ལྷ་ཐམས་ཅད་ཀྱི་རྩ་བ་འདི་གསུམ་ལ་འདུ་བའི་ཕྱིར། གཏེར་བུམ་གྱི་སྐབས་སུ། རྣལ་འབྱོར་ཆེན་པོའི་ལྷ་ཚོགས་ཅེས་པ་ནི་ལེགས་སྦྱར་


TR005_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ལ་མ་ཧཱ་ཡོ་ག་ཞེས་པ་སྟེ། བདེ་དགྱེས་དུས་གསང་སོགས་གསར་རྙིང་ཐུན་མོང་གི་རྒྱུད་སྡེའི་ལྷ་ཚོགས་ཡིན་ལ། རྗེས་སུ་རྣལ་འབྱོར་ཞེས་པ་ནི་ཨ་ནུ་ཡོ་གའི་རྒྱུད་སྡེ་དང་། ཤིན་ཏུ་རྣལ་འབྱོར་ཞེས་པ་ནི་ཨ་ཏི་ཡོ་ག་སྟེ། ཨ་ནུ་ཨ་ཏི་གཉིས་པོ་འདི་རྙིང་མའི་ཁྱད་ཆོས་ཡིན་ཚེ། ཐེག་པ་རིམ་དགུར་དབྱེ་བ་དང་། རྒྱུད་སྡེ་དྲུག་ཏུ་དབྱེ་བ་སོགས་ཏེ། གསར་མའི་མཁས་པ་རྣམས་ཀྱི་ཐུགས་ལ་མ་ཤོང་བ་དང་། ས་པཎ་གྱིས་ཀྱང་། ཨ་ཏི་ཡོ་ག་ཡེ་ཤེས་ཡིན་པ་ལ་ཐེག་པའི་མིང་བཏགས་པ་འཁྲུལ་ཞེས་སོགས་བཀའ་བཀྱོན་མཛད་པའི་རྩ་བ་དེ་འདི་གཉིས་ལ་བརྟེན་ནས་བྱུང་བ་ལགས། གང་ལྟར་ཡོ་ག་གསུམ་གྱི་དབྱེ་བསྡུ་ནི་སྔར་གྱི་དྲིས་ལན་རྣམས་སུ་ཡང་ཡོད་པ་ལྟར་ལགས་སོ།། ༈ །།སྦྱིན་བསྲེག་རྫས་ཀྱི་སྐབས་ཆོས་སྨན་ཞེས་པ་ནི་བདུད་རྩི་སྨན་སྒྲུབ་བྱས་པའི་ཨ་མྲྀ་ཏ་འདི་ཉིད་ལགས་


TR005_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། གསོ་རིགས་སྐབས་སུ་ཡང་ཆོས་སྨན་འགྲོས་སྒོ་ཆེ་བར་སྣང་བ་ལ། རྒྱུད་བཞིའི་འགྲེལ་པ་མཛད་པོ་རྙིང་མ་ལ་མ་དད་པ་ལ་ལས་ཆོས་སྨན་ནི་དགེ་སློང་previous hit གཙང next hit་མའི་དྲི་ཆེན་ལ་ངོས་འཛིན་པར་སྣང་ཡང་། གསོ་རིག་བདག་པོ་སློབ་དཔོན་ཀླུ་སྒྲུབ། དཔའ་བོ། གཡུ་ཐོག་ཞབས་སོགས་དང་། རྗེ་བཙུན་ཟུར་མཁར་བ་དང་བཅས་པ་ཐམས་ཅད་ཨ་མྲྀ་ཏ་ལ་ངོས་འཛིན་པ་གསལ་པོར་གསུངས་ཤིང་། རྙིང་མའི་སྨན་སྒྲུབ་ལ། ཡིད་མི་ཆེས་པའི་ཚེ་ནའང་། གསར་མའི་བདུད་རྩི་རིལ་བུ་དང་། རྙིང་མའི་ཨ་མྲྀ་ཏ་གཉིས་རིལ་བུ་སྒྲིལ་མ་སྒྲིལ་མ་གཏོགས་ཁྱད་མེད་ཡིན་ཚེ། ཅི་ཞུ་ན། སྦྱིན་བསྲེག་རྫས་ཀྱི་ཆོས་སྨན་ཡང་དེ་ཀ་ལགས། ཆུ་གཏོར་སོགས་ལ་ཡོད་པའི་ཤ་ཁོན་ཞེས་པ་དེ་ནི། སྐྱེ་བ་སྔ་མ་སོགས་ཚེ་རབས་གཞན་ལ་རང་དང་འཐབ་འཁོན་འགྲས་བྱས་ནས་མ་འཆམ་པའི་ངང་ལ་ཤི་བ་དང་། ཁྱད་པར་བདག་གིས་ཕར་ལ་


TR005_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

བསད་བཅད་བརྡུང་འཚོག་བྱས་པ་ལ་སོགས་པའི་རིགས་ལ་ལན་ཆགས་ཤ་འཁོན་དེ་མ་འཁོར་གྱི་རིང་ལ་སྐྱེ་བ་ཐམས་ཅད་དུ་རང་ལ་གནོད་པར་འགྱུར་བ་སྟེ། དཔེར་ན། སྔོན་རྒྱལ་བ་འབྲོམ་སྟོན་པས་མི་ཕྱུགས་པོ་གཅེས་པ་ཞིག་ན་བའི་སྔས་བསྲུང་ལ་བྱོན་པས། ནད་པ་དེ་ལ་གནོད་པའི་གདོན་དེ་ཉིད་མི་རྒན་མགོ་སེར་གཅིག་ཏུ་སྤྲུལ་ནས་འབྲོམ་ལ་འདི་སྐད་ཟེར་ཏེ། ད་རེས་ནད་པ་འདིའི་སྔས་བསྲུང་ཁྱེད་ཀྱི་མཛད་འདུག་བ། བདག་གིས་སྔར་ཁྱེད་གཏོར་མ་ལ་ངས་ཀྱང་ལོངས་སྤྱད་པ་ལགས་པས། ད་ལན་རེ་ཤིག་ཁྱེད་ཀྱི་ངོ་ལ་ངས་ནད་པ་འདི་བཏང་བར་བྱ་ཡི། ཁྱེད་བྱོན་སོང་ཤུལ་ནམ་ཀྱང་ནད་པ་འདི་བཏང་ཐབས་མེད་དེ། ངེད་གཉིས་ཚེ་རབས་ནས་ལན་ཆགས་ཤ་ཁོན་ཆེན་པོ་ཆགས་ཡོད་པ་ཡིན། ཟེར་ནས་གདོན་དེ་སྤྱང་གུ་གཅིག་ཏུ་སྤྲུལ་ནས་ཐོན་


TR005_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

སོང་བ་དང་ནད་པ་ཡང་སོས། དེ་ནས་ཁོང་རྣམས་ལ་འབྲོམ་གྱིས་ཁྱེད་ལ་ལན་ཆགས་ཤ་ཁོན་གྱི་གདོན་དེ་ལྟ་བུ་འདུག་པས་དེ་ལ་དམིགས་ནས་ལན་ཆགས་སྦྱོང་བའི་གཏོར་མ་གང་མང་ཐོང་། གཞན་ཡང་དགེ་བ་ལ་འབད་ཅི་ནུས་དགོས་པར་གདའོ་གསུངས་ནས་བྱོན་པའི་ཤུལ་དུ་ཁོང་རྣམས་ཀྱི་དེ་དག་གང་ཡང་མ་བྱས་པར། ནད་པ་སོས་པའི་དགའ་སྟོན་ཆང་འཐུང་རྟ་རྒྱུག་སོགས་བྱས་པས་སྔར་གྱི་ནད་པ་དེ་རྟ་བརྡབས་ཀྱི་ཤི་སྐད་དོ། །དཔེ་དེ་བཞིན་དུ་ད་ལྟ་ཡང་སྤྱིར་སུ་གང་ལའང་ཁོན་འགྲས་མེད་པར་བྱ་ཞིང་། སྔར་ཡོད་ནའང་རང་ཉིད་ཕམ་ལེན་གྱི་མཐོལ་བཤགས་བྱས་ལ་སྦྱང་ཏེ་ཚེ་ཕྱི་མར་འབྲང་མི་དགོས་པར་བྱེད་པ་དང་། ཁྱད་པར་འཆི་ཁར་བླ་མ་མཆེད་གྲོགས་གང་ལའང་ཅི་འབྱོར་གྱི་འབུལ་བ་བྱས་ལ་དམ་ཚིག་ཉམ་ཆགས་སོགས་ཚོར་མ་ཚོར་གང་ཡང་སྙིང་ཐག་པ་ནས་བཤགས་པར་བྱ་ལ། བླ་མ་མཆེད་གྲོགས་སོགས་གཞན་འཆི་


TR005_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དུས་སུ་ཡང་རང་གིས་དེ་ལྟར་ཅི་ནུས་བྱས་ཏེ་ཉམ་ཆགས་དང་ཤ་ཁོན་ཕྱི་མར་འབྲེང་མི་དགོས་པར་ནན་ཏན་མ་བྱས་ན། གནས་སྐབས་ཙམ་དུ་མ་ཟད། མཐར་ཐུག་བྱང་ཆུབ་ཐོབ་པ་ལ་གེགས་སུ་འགྱུར་བས་ན། ཤ་ཁོན་མེད་པར་བྱ་ཞིང་། ཚེ་འདས་ཀྱི་གནས་འདྲེན་ཆོ་ག་རྣམས་ལ་ཡང་ཞི་དྲག་ཕྱེད་གསུམ་གྱིས་སྦྱང་བ་སོགས་ཀྱི་དགོས་པ་ཡང་འདི་ལགས་མོད།། ༈ །།གཏོར་མའི་སྐབས་སུ་ཏིང་ཤག་ངེས་པར་འཐོགས་པའི་མཐའ་ཚིགས་ཅི་ཡིན་གསུང་བ། འདིའི་དགོས་པ་ནི་རོལ་མོའི་མཆོད་པ་ཉིད་ཡིན་ནའང་། རོལ་མོ་གཞན་གང་འཁྲོལ་ཡང་རུང་མོད་སྙམ་ན། སྤྱིར་ནི་དེ་ལྟར་བདེན་མོད་དེ་རོལ་མོ་གཞན་མེད་ཀྱང་སེ་གོལ་གྱི་སྒྲ་ཁོ་ནས་ཀྱང་རོལ་མོ་མཆོག་ཏུ་འགྱུར་བར་མདོ་རྒྱུད་ནས་གསུངས་ལ། དམིགས་གསལ་བརྗོད་ན། ཆུ་གཏོར་འདི་སྤྱི་ཙམ་དུ་ཐེག་པ་ཐུན་མོང་དང་མདོ་ལུགས་ཡིན་ཕྱིར། གསང་སྔགས་


TR005_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཤད་པའི་རྡོར་དྲིལ་སོགས་ནི་འདིར་མི་འོས་པ་དང་། དེ་དང་མཚུངས་པར་ཌ་མ་རུ་དང་རྐང་གླིང་སོགས་གསང་སྔགས་མཆོག་གི་དམ་རྫས་རྣམས་ནི་འདིར་མི་རུང་ཚེ། ཏིང་ཤག་ཙམ་ལ་བརྟེན་པ་ཡིན་པ་དང་། འོན་ཀྱང་། རྒྱ་གར་དུ་ཏིང་ཤག་ཞེས་པ་ད་ལྟའི་འདི་ཁོ་ན་ཡང་མ་ལགས་སྟེ། དིང་སང་གཡེར་ཁ་ཞེས་གྲགས་པ་བྲོ་པ་རྣམས་ཀྱི་འཐོགས་པ་དེ་དང་། དྲིལ་བུ་ཡང་མགོ་རྡོར་དང་ལྷའི་ས་བོན་ཕྱག་མཚན་སོགས་མེད་པའི་དྲིལ་ཆུང་རྟ་དྲེལ་ཀྱི་མཇིང་རྒྱན་ལ་འདོགས་པ་འདི་འདྲའི་རིགས་ལའང་ཏིང་ཤག་གི་མིང་དུ་བཏགས་ཏེ་གར་འོས་འཁྱེར་བའི་སྲོལ་ཡོད་པར་སྣང་བ་དང་། རྗེ་མར་པའི་ཚོགས་མགུར་དུ། གཡས་པ་ཌ་མ་རུ་དང་གཡོན་པས་ཏིང་ཏིང་ཤག་བསྣམས་ཚུལ་དེ་ཡང་གཡེར་ཁའི་རིགས་དེ་དག་ཡིན་པར་གདའ་བས། དེས་ན་འོ་སྐོལ་བོད་འདིར་གསང་སྔགས་འཆལ་བའི་དབང་གིས་ཐ་སྙད་མེད་པ་མ་གཏོགས། རྡོར་དྲིལ་ཚད་ལྡན་ནི་ནམ་ཡིན་དུ་ཁྱེར་བདེ་དང་གང་བྱུང་བྱུང་བྱར་


TR005_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

མི་རུང་བར་གསུངས་འདུག་ཕྱིར། ཐུན་མོང་བའི་རོལ་མོ་ལ་ཏིང་ཤག་ལྟ་བུ་འགབ་པ་ཡིན་པར་གདའ་ལགས། འཕྲོས་དོན་དུ། རྡོར་དྲིལ་ཉིད་ལའང་གསང་སྔགས་ཕྱི་ནང་སོ་སོ་དང་མཐུན་པར་ཕྱི་དྲིལ་དང་ནང་དྲིལ་གྱི་ཐ་སྙད་གཞུང་འགྲེལ་དག་ལས་གསུངས་པ་བཞིན། རྒྱ་དྲིལ་མ་འཆུག་པ་རྣམས་ལ་ངེས་དག་ཡོངས་འདུག་པ། དེ་ཡང་ཀརྨ་གན་དྲིལ་རྣམས་ལ་ནི། ཡོ་ག་རྡོ་རྗེ་རྩེ་མོའི་རྒྱུད་ཀྱི་དགོངས་དོན་དང་བསྟུན་ནས། སྟེང་གི་པད་འདབ་བརྒྱད་ཀྱི་ཤར་དུ་སངས་རྒྱས་སྤྱན་མའི་ས་བོན་ལམ་དང་། དེའི་ཐད་ཀྱི་འོག་གི་དྲ་བ་དྲ་ཕྱེད་ཀྱི་དཀྱིལ་དུ་ཕྱག་མཚན་འཁོར་ལོ་ཡོད་པ་འདི་རིགས་ནི་ཕྱི་དྲིལ་དུ་བཤད་ལ། ཡང་། ཐེག་ཆེན་གན་དྲིལ་རྣམས་ཀྱི་ཤར་གྱི་པད་འདབ་ལ་སྒྲོལ་མའི་ས་བོན་ཏཱཾ་དང་འོག་ཏུ་ཕྱག་མཚན་འཁོར་ལོ་གཉིས་སྤྲོད་པ་འདི་རྒྱུད་སམྦཱུ་ཊིའི་དགོངས་པ་ལྟར་ཡིན་ཕྱིར།


TR005_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དྲིལ་དུ་བཞེད་པ་དང་། ཕྱི་དྲིལ་ལ་རྭ་རྣམས་ཀྱང་བརྒྱད་གཞོགས་དང་། ནང་དྲིལ་ལ་རྭ་གྲུ་བཞི་ཟུར་ཅན་དུ་དགོས་ཚུལ་བསྟན་བཅོས་དཔལ་འབྱོར་རྒྱ་མཚོ་སོགས་ལས་བཤད་པ་དང་མཐུན་པར་རྒྱ་དྲིལ་རིགས་གཉིས་པོ་འདི་ལ་ཡོང་སྣང་མོད་ཀྱི། འོན་ཀྱང་། ཀར་དྲིལ་རྩེ་ལྔ་པའི་སྡེ་ཚན་ལ་ནི་ལོག་ཀྱི་དྲ་བ་དྲ་ཕྱེད་ཕྱག་མཚན་དང་བཅས་པ་རྣམས་ཀྱི་དོད་དུ་འཁོར་ལོའི་རྣམ་པ་རེ་འཕྱང་བ་ཡོང་གི་འདུག་མོད། གང་ལྟར། གསང་སྔགས་ཀྱི་ལུགས་ཅི་ལྟ་བ་ཚུལ་མཐུན་བྱེད་པའི་དབང་དུ་བགྱི་ན། རྒྱུད་སྡེ་འོག་མའི་ཆོ་ག་དང་དབང་སོགས་ལ་ཕྱི་དྲིལ་དང་། བླ་མེད་ཀྱི་སྐབས་རྣམས་སུ་ནང་དྲིལ་འཐོགས་དགོས་རྒྱུ་ལྟ་བུར་གདའ་ཡང་། དིང་སང་ནི་དེ་འདྲའི་རྣམ་དབྱེ་མཛད་མཁན་ཡོད་པར་མ་ཐོས་ཤིང་། ལར་དིང་སང་གི་ཆོས་པ་རྣམས་ཀྱི་ཁ་ནས་བཤད་རྒྱུ་ཡོད་མེད་གཉིས་ཀའི་ལག་ལེན་ལ་ཐ་སྙད་མི་འདུག་པས་ན་རྡོར་དྲིལ་


TR005_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

དང་རོལ་མོ་སོགས་གང་སའི་ཐོབ་ཆ་རྣམ་དབྱེ་ཐེག་པ་དང་རྒྱུད་སྡེའི་སྐབས་ཐོབ་སོགས་ལྟ་ཅི་སྨོས་ཏེ། ཟང་ཟིང་འཚོལ་ཐབས་ཀྱི་ཆེད་དུ། དཀྲོལ་ན་ཨེ་དྲག །བརྡུང་ན་ཨེ་དྲག །འབུད་ན་ཨེ་དྲག །གྱེར་ན་ཨེ་དྲག་སྙམ་པ་མ་གཏོགས་གསང་སྔགས་ཀྱི་དམ་ཚིག་སོགས་བསམ་མནོ་གཏོང་མཁན་ཅི་ལ་སྙེད་ལྟ་བུར་སྣང་མོད་ལགས།། ༈ །།མཆོད་པའི་སྐབས་དག་ཏུ་ཉེར་མཆོད་ལྔར་གྲགས་ཀྱང་རྣམ་གྲངས་དྲུག་ཏུ་འདུག་པ་ཅི་ཡིན་གསུངས་པ། ཉེར་མཆོད་ལྔ་ནི། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས་དང་ལྔ་ཡིན་ལ། རོལ་མོ་ནི་མཐའ་རྟེན་གྱི་མཆོད་པའམ། མཚམས་སྦྱོར་གྱི་མཆོད་པ་ཡང་ཟེར། རྗེས་འགྲོའི་མཆོད་པ་ཅེས་བྱ་སྟེ། སྤྱན་འདྲེན། ཁྲུས་གསོལ། མཆོད་འབུལ། བསྟོད་པ། ཐུགས་དམ་བརྒྱུད་བསྐུལ། ཤིས་བརྗོད་སོགས་ཐམས་ཅད་ཀྱི་སྐབས་ལ་ཉེ་བར་སྦྱོར་བའི་


TR005_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ཡོ་བྱད་ཡིན་པར་བཤད་དོ། མཆོད་པའི་སྔོན་འགྲོར། ཆུ་བཞི་དང་། གསུམ་དང་། གཉིས་དང་། ཡོན་ཆབ་བམ། མཆོད་ཡོན་གཅིག་བུར་བསྡུ་བ་སོགས་ནི་གཞུང་སོ་སོའི་རྒྱས་བསྡུས་ཀྱི་བྱེ་བྲག་ཏུ་སྣང་ཞིང་། དེ་རྣམས་སོ་སོའི་དགོས་པའི་བྱེད་ལས་ནི། ཨརྒྷཾ་ཞེས་མཆོད་ཡོན་ནི། བདུད་རྩི་ཡན་ལག་བརྒྱད་ལྡན་གྱི་རྫིང་བུ་ཡིད་དུ་འོང་བར་དམིགས་ནས་འབུལ་ཏེ། ཞལ་དུ་བཞེས་པ་དང་སྐུ་ཁྲུས་གསོལ་བ་གཉིས་ཀའི་ཡོ་བྱད་དུ་རུང་བ་དང་། ཨཉྫ་མཱ་ནམ་ཞེས། ཞབས་བསིལ་ནི་འདུལ་བ་ནས་ཆབ་ལེན་པ་དང་མཚུངས་པའི་རྒྱུ་དང་། པཱདྱཾ་ནི་ཞབས་བསིལ་ཏེ། སྟན་ལ་བཞུགས་ཁར་ཞབས་བཀྲུ་བའི་ཡོ་བྱད་དང་། པྲོ་ཀྵ་ཎཱཾ་ཞེས་པ་ཉེ་རེག་དང་འཐོར་འཐུང་ཞེས་བྱ་བ་ལ། ཆོ་ག་གཞུང་ལ་ལར་པྲ་ཝ་ར་སརྐཱ་ར་ཞེས། བོད་སྐད་དུ། རབ་མཆོག་དམ་པར་བྱེད་པ། ཅེས་པ་ཡང་འབྱུང་སྟེ། འདི་གཉིས་ཀྱི་བྱེད་ལས་ནི། རྒྱ་གར་དུ་ཚད་


TR005_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

གདུངས་ཆེས་པའི་ཕྱིར། དྲི་བཟང་ཅན་གྱི་ཆུ་བསིལ་previous hit གཙང next hit་མས་གདོང་གི་དཔྲལ་བ་ཁུར་ཚོས་ཁ་འགྲམ་ལྐོག་མ་མཆན་ཁུང་སོགས་ལུས་ཀྱི་གནས་རྣམས་སུ་མཐེབ་སྲིན་གྱིས་འཐོར་ཞིང་། ཁར་ཡང་ཅུང་ཟད་འཐུང་བ་སོགས་བྱེད་པ་ནི་ཚ་ཞི་ནས་བསིལ་ཞིང་། ཁམས་དངས་པར་བྱ་ཕྱིར་དེ་ལྟར་བྱེད་པའི་སྲོལ་ཡོད་པ་དང་སྒོ་བསྟུན་པའི་མཆོད་པའི་བྱེ་བྲག་ཡིན་པ་དང་། གྷནེྡྷའམ་དྲི་ཆབ་ནི། ཙནྡ་ག་པུར་གུར་ཀུམ་སིཧྱ་སོགས་ཆུ་previous hit གཙང next hit་དང་སྦྱར་ནས། ཁྲུས་ཐམས་ཅད་ཚར་བའི་རྗེས་སུ་ལུས་ཀྱི་གནས་རྣམས་སུ་བྱུགས་ཤིང་། ཁྱད་པར་སྙིང་ཁར་བྱུང་བར་བྱེད་པ་ཡང་ཚད་གདུང་གི་ནད་གཞི་སོགས་སྐྱེད་པར་འགྱུར་བ་ལས་སྐྱོབ་ཕྱིར་བསིལ་ངད་ལྡན་པའི་དྲི་བཟང་གི་བྱུག་རྫས་ཏེ། མདོར་ན་འདི་ཐམས་ཅད་ཀྱི་དགོས་ཆེད་ནི། འོ་སྐོལ་བོད་གངས་ཅན་བསིལ་བའི་ཡུལ་དང་མི་འདྲ་བར། རྒྱ་གར་ནག་རྣམས་སུ་ཚ་བའི་གདུངས་


TR005_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྡུག་བསྔལ་ཡོད་པ་སེལ་ཐབས་དང་སྒོ་བསྟུན་པ་འབའ་ཤིག་ཏུ་གདའ་ལགས།། ༈ །།མཆོད་སྔགས་ཀྱི་སྐབས་སུ། སྤྱིར་མཆོད་རྫས་སོ་སོའི་དངོས་མིང་ལ། ཨརྒྷཾ། པཱདྱ། པུཥྤ། དྷཱུ་པ། ཨ་ལོ་ཀ །གྷནྡྷ། ནེ་ཝི་ཏ། ཅེས་སོགས་ཡིན་པ་ལ། མཆོད་པ་འབུལ་བའི་དོན་གྱི་ཕྱིར་རྣམ་དབྱེ་གཉིས་པ་ལས་སུ་བྱ་བའི་ཚིག་ཨཾ་བྱིན་ནས་མཚམས་སྦྱར་བས། ཨརྒྷཾ། པདྱཾ། པུཥྤེ། དྷཱུ་པཾ་སོགས་རྗེས་སུ་ང་རོ་བྱུང་བ་ཡིན་ནོ། །ཡང་། རྗེས་སུ་ང་རོ་མ་བྱས་པར། གོང་གི་དངོས་མིང་དེ་རྣམས་ལ། མོའི་ཡི་གེ་རྐྱེན་དུ་བྱིན་ཏེ། པུཥྤེ། དྷཱུ་པེ། ཨ་ལོ་ཀེ། གྷནྡྷེ། ནེ་ཝི་དྱཱ་ཞེས་འགྲེང་བུ་ཅན་དུ་བསྒྱུར་བའི་དགོས་པ་ནི། མེ་ཏོག་མ། བདུག་སྤོས་མ། སྣང་གསལ་མ། དྲི་ཆབ་མ། ཞལ་ཟས་མ། ཞེས་མཆོད་པའི་ལྷ་མོ་དང་སྦྲགས་ནས་འབུལ་བའི་སྒྲ་ཡིན་པ་སྟེ། དེས་ན་སོ་སོའི་མིང་ཙམ་ལ་ཀླད་ཀོར་འགྲེང་བུ་གཉིས་ཀ་མི་དགོས་པ་དང་། མཆོད་པ་འབུལ་


TR005_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྣམ་དབྱེ་སྦྱར་བ་ལ་ཀླད་ཀོར་ཅན་དང་། འབུལ་མཁན་གྱི་ལྷ་མོ་སོ་སོ་དང་སྦྱར་བས་འགྲེང་བུ་ཅན་དུ་བསྒྱུར་བ་སྟེ། སྒྲ་སྒྲུབ་ཚུལ་གྱི་ཁྱད་པར་དེ་ལྟར་ལགས་ཤིང་། འོན་ཀྱང་ཉེར་མཆོད་ལྔ་པོར་མ་གཏོགས། ཆུ་བཞི་སོགས་ལ་འབུལ་མཁན་གྱི་ལྷ་མོ་མི་དགོས་ཕྱིར་ཀླད་ཀོར་ཅན་མ་གཏོགས་འགྲེང་བུ་མི་སྦྱོར་བ་ཡིན་ནོ། །ལྷ་མོ་མཚོན་ཕྱིར་མིང་གི་མཐར་མོའི་སྒྲ་ཐོབ་ཚུལ་འདི་བཞིན་གཞན་ཡང་ཡོད་དེ་གླིང་བུ་མ། རྫ་རྔ་མ་ཞེས་སོགས་ལ་ཝཾ་སེ། མུ་རཉྫེ། ཞེས་སོགས་འགྲེང་བུ་ཅན་དང་། ཡང་། མོའི་རྟགས་གཞན་དུ་རྣམ་དབྱེ་ཨི་སྦྱར་བ་ཡང་འབྱུང་སྟེ། དཔེར་ན། མཁའ་འགྲོ་ཞེས་པ་ལ་ཌཱ་ཀ་ཡིན་ཀྱང་། མཁའ་འགྲོ་མ་ཞེས་པའི་སྐབས་སུ་ཌཱ་ཀི་དང་ཌཱ་ཀི་ནི་ཞེས་སོགས་དང་། གླུ་མ། གར་མ། ཞེས་པ་ལ། གཱིརྟི། ནཱིརྟི། ཞེས་སོགས་ལྟ་བུ་འབྱུང་བ་ལགས།། ༈ །།སྔ་སོར་གྱི་བཀའ་ཕེབས་


TR005_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར། མཚམས་དང་བསྙེན་སྒྲུབས་ཀྱི་བཅད་རྒྱ་ཇི་ལྟར་བྱ་ཚུལ་ལ་ཉེ་བར་མཁོ་བའི་སྐབས་དོན་འབུལ་རྒྱུ་དངོས་ནི། བདེར་གཤེགས་ཡོངས་རྫོགས་འདུས་པའི་ཞལ་གདམས་ཤོག་ལྡེབ་ལ་བྲིས་པ་དེ་ལྟར་དང་། འདིར་མཚམས་ཐོ་འཛུག་པའི་སྐབས་དོན་ལ་ཅི་ཞུ་ན། དིང་སང་ཐ་མལ་པ་ཀུན་གྱི་བསམ་ཡུལ་དུ། མཚམས་ཐོ་འདི་མི་གསར་པ་འོང་ས་མེད་པར་བྱེད་པའི་བརྡ་ཁོ་ན་ཡིན་བསམ་མཁན་འབའ་ཤིག་གདའ་ནའང་། དེ་གཅིག་པུ་ནི་མ་ཡིན་ཏེ། འདིའི་དགོས་ཆེད་ནི་གཙོ་བོ་ནི་སྒྲུབ་པའི་བར་ཆད་ཀྱི་རིགས་མཐའ་དག་བསྲུང་ཕྱིར་སྒོ་བསྲུང་ལྟ་བུ་སྟེ། སྒྲུབ་པ་པོ་རང་ཉིད་གཅིག་པུར་ལུང་སྟོངས་ལྟ་བུར་སྡོད་ཀྱང་མཚམས་ཐོ་ངེས་པར་འཛུག་དགོས་པ་དང་། དེ་ཡང་གསང་སྔགས་རྙིང་མའི་དབང་སྒྲུབ་ཆེན་མོ་སོགས་ཀྱི་སྐབས་སུ་ནི། ཕྱི་སྡེ་སྣོད་གསུམ་གྱི་ཆོས་སྒོར་ཞུགས་མཁན་གྱི་རིགས་ཅན་གང་


TR005_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་དེ་དག་གི་སྲུང་མཚམས་ལས་ཉམས་ཏེ་དམ་སྲིར་སྐྱེས་ནས་བར་ཆད་བྱེད་པ་རྣམས་བསྲུང་ཕྱིར། ཕྱི་མཚམས་རྒྱལ་ཆེན་བཞིའི་ཐོ་འཛུག་ཅིང་མངའ་གསོལ་གཉེར་གཏད་བྱ་བ་དང་། ༢ ནང་གསང་སྔགས་བྱ་སྤྱོད་རྣལ་འབྱོར་གསུམ་གྱི་སྒོར་ཞུགས་ནས་དམ་ལས་ལོག་པའི་སྲི་ཅན་གྱི་བར་ཆད་བསྲུང་ཕྱིར་དམ་སྲི་སྒོ་ཐེམ་གྱི་འོག་ཏུ་མནན་ཞིང་སྒོའི་ཡ་ཐེམ་ཕྱི་ནང་གཉིས་སུ་ཁྲོ་བོ་གཤིན་རྗེའི་གཤེད་དང་བདུད་རྩི་འཁྱིལ་པ་གཉིས་ཀྱི་སྒོ་བྱང་གདག་ཅིང་གཉེར་གཏད་བྱ་བ་དང་། ༣ གསང་བ་བླ་མེད་ཐེག་པ་ཡོ་ག་རྣམ་པ་གསུམ་གྱི་སྒོར་ཞུགས་ནས་དེ་དག་གི་དམ་ལས་ལོག་པའི་སྲི་ཅན་གྱི་བར་ཆད་བསྲུང་ཕྱིར་ཁྲོ་བོ་བཅུའི་མཚམས་ཕུར་གདབ་ཅིང་དཀྱིལ་འཁོར་གྱི་འོག་ཏུ་མ་ཏྲམ་རུ་ཏྲ་མནན་ཐབས་སོགས། སྒྲུབ་གཞུང་ཆེ་བའི་རིགས་ཐམས་ཅད་ལས་འབྱུང་ཞིང་ད་ལྟ་ཕྱག་ལེན་དུའང་མཛད་མོས་ལ། དེ་དག་གི་རྒྱུ་མཚན་


TR005_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་རྒྱུས་དགོས་ཆེད་ཕན་ཡོན་སོགས་ཞིབ་རྒྱས་སུ། གཟི་ལྡན་འབར་བ་མཚམས་ཀྱི་རྒྱུད་སོགས་རྙིང་མའི་རྒྱུད་འབུམ་རྣམས་ལས་འབྱུང་ནའང་། ད་ལྟ་ཐུགས་དམ་ལ་བཞུགས་པའི་སྒྲུབ་པ་པོ་དཀྱུས་མ་རྣམས་ནི་དེ་ཙམ་གྱི་སྤྲོས་པ་ཆེ་བ་རང་མི་འཚལ་མོད་ཀྱི། སྒྲུབ་ཁང་གི་དྲུང་དུ་ཐོ་དཀར་པོ་བརྩིགས་དགོས་ཚུལ་དང་། གདན་གྱི་འོག་ཏུ་གཡུང་དྲུང་བྲི་དགོས་པ་སོགས་རྟེན་འབྲེལ་གྱི་བཅའ་ཐབས་དུ་མ་ནི་ཡང་དགོན་རི་ཆོས་ལས་ཀྱང་རྒྱས་པར་གསུངས་ཤིང་།། ༈ །།གུ་རུ་རིན་པོ་ཆེས་དགོངས་འདུས་ཀྱི་སྒྲུབ་ཁོག་ཆེན་མོར་གསུངས་པའི་ཚིག་འདི་དག་ཤིང་ལེབ་འམ། ཤོག་བྱང་ལ་བྲིས་ཏེ། ཤུག་པ་སོགས་རྩེ་མོར་ལོ་འདབ་ཚང་བའི་དབྱུག་པ་ལ་བཏགས་ནས་ཐོ་དཀར་པོ་དེ་རྩར་བཙུག་པར་གསུངས་པའི་ཚིག་ནི་འདི་ཡིན་ཏེ། ཧཱུྃ། གསང་བ་མཆོག་གི་ཕོ་བྲང་ནས། །ལས་ཀྱི་གཤིན་རྗེའི་བདག་པོ་ལ། །བཅོམ་ལྡན་འདས་ཀྱི་བཀའ་སྩལ་


TR005_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར། །དེ་བཞིན་རིག་འཛིན་བདག་གིས་ཀྱང་། །བཀའ་གསང་སྒྲུབ་མཆོག་བགྱིད་པས། །ཡང་དག་བླ་ན་མེད་པ་ཡི། །དོན་མཆོག་འབྲས་བུ་མ་ཐོབ་བར། །འདི་ལ་གནོད་བྱེད་བར་ཆད་དང་། །ལྷ་སྲིན་སྡེ་བརྒྱད་འབྱུང་པོ་ཀུན། །ཁྱེད་ཀྱི་འཁོར་དང་བྲན་ལགས་པས། །ལས་ཀྱི་རྣམ་སྨིན་ཆོས་བཤོད་ལ། །ས་འདི་ཚུན་ལ་བགེགས་མ་བཏང་། །ཕྱི་འཁོར་མུ་རན་ཚུན་ཆོད་དུ། །གསང་བ་མཆོག་གི་རྣལ་འབྱོར་པས། །བླ་མེད་འབྲས་བུ་མ་ཐོབ་བར། །བགེགས་དང་བར་ཆད་འབྱུང་པོ་ཀུན། །ཁྲོ་རྒྱལ་ཁྱེད་ཀྱིས་ཐུབ་པར་སྲུངས། ཨོཾ་བཛྲ་ཀྲོ་དྷ་ཡ་མ་རཱ་ཛཱ་ས་མ་ཡ་སྟྭྃ། རཀྵྱཾ་རཀྵྱཾ། ཞེས་གཏད་པར་གསུངས་སོ། ༢ །གཞན་ཡང་། སྔོན་གྱིས་སྐྱེས་ཆེན་མང་པོས་རང་ཉིད་ལ་བསྐུལ་འདེབས་དང་དམ་བཅའི་ཐོ་ཡིག་ནི། ལོ་ཆེན་རིན་བཟང་གིས་སྒྲུབ་ཁང་སྒོ་རིམ་


TR005_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསུམ་ལ་ཕྱི་ནས་རིམ་བཞིན་སྒོ་འདི་ཚུན་དུ་ཆོས་མིན་གྱི་རྟོག་པ་དང་། ༡ རང་དོན་ཡིད་བྱེད་ཀྱི་རྟོག་པ་དང་། ༢ ཐ་མལ་གྱི་འཁྲུལ་རྟོག་སྐྱེས་པ་བཀའ་སྲུང་རྣམས་ཀྱིས་བདག་གིས་མགོ་བོ་ཁོས་ཤོག ༣ །ཅེས་སོགས་ཀྱི་ཐོ་མིག་མཛད་ཚུལ། ཁ་རག་སྒོམ་ཆུང་གི་ཐོ་ཡིག་སོགས་འདི་དག་ནི་ཡ་མཚན་བསམ་གྱིས་མི་ཁྱབ་པའི་མཛད་པར་གདའ་བ། འོ་སྐོལ་དུས་མཐའི་སྒྲུབ་པ་པོ་དག་གི་སྤྱོད་ཡུལ་དུ་འགྱུར་བ་བཀའ་མོད། གཞན་ཡང་། རྒྱལ་བ་རྒོད་ཚང་པའི་གསུང་ལས། ཕྱི་མཚམས་རི་ཁྲོད་དུ་སྡོད་ཚུགས་པ། །ནང་མཚམས་སྤྱིལ་བུར་སྡོད་ཚུགས་པ། །གསང་མཚམས་མལ་དུ་སྡོད་ཚུགས་པ། །དགོས་པར་གསུང་ འདི་དག་ཀྱང་དགོས་པ་ཆེ་བར་གདའ་བ་དང་། ཡང་། །མི་དང་གདོང་མ་འཕྲད་པར་དགོས་པ་ལ། སྙིགས་དུས་ཀྱི་གང་ཟག་སྐྱ་སེར་ཐམས་ཅད་བྱ་སྤྱོད་ངན་ཞིང་ཚུལ་དང་མི་མཐུན་པ་ཤ་སྟག་ཡིན་


TR005_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་གང་ཟག་དང་ཕྲད་ཅིང་ཁ་ལག་འདྲེས་ཀྱང་། ལྷ་དང་མཁའ་འགྲོ་དམ་ཅན་བསྲུང་མ་ཁྲོལ་ཞིང་གྲིབ་དང་བར་ཆད་འབྱུང་བའི་ཕྱིར་གཞན་དང་གདོང་མི་ཕྲད་པར་བྱ་བ་དང་། སྨྲ་བཅད་མ་བྱས་པར་བསྙེན་སྒྲུབ་མི་རུང་ཚུལ་སོགས་རྒྱུ་མཚན་ནི་སྔར་བསྙེན་ཚད་དྲིས་ལན་གྱི་སྐབས་སུ་ཕུལ་བ་ལྟར་ལགས། ཡང་། གང་ཞིག་རྣལ་འབྱོར་པ་ཉམས་ལེན་གོམས་པ་མངོན་གྱུར་དག་ལ་ནི། ལུས་ཚོངས་འདུས་ན་གནས་ཀྱང་སེམས་དབེན་པར་འགྱུར་ཚུལ་སོགས་ཀྱི་སྐབས་དོན་ལ་ནི་ཚད་བཟུང་མ་མཆིས་ཏེ། མདོ་བསྡུས་པར། གང་ཞིག་དཔག་ཚད་ལྔ་བརྒྱ་འདས་པའི་རི་སུལ། ཞེས་སོགས་ཐར་བརྒྱན་དང་བསྟན་བཅོས་ཆེ་བ་མང་པོར་ལུང་སུ་དྲངས་པ་དེ་ལྟ་བུའི་རྒྱུ་མཚན་ཡང་རྟོགས་དགོས་པར་གདའ་ཞིང་།། ༈ །།ལར། རི་ཆོས་རྒྱས་པ་རྣམས་སུ་སྒྲུབས་གནས་ཀྱི་མཚན་ཉིད། ཕྱི་ནང་པ་དགྲ་བཅོས་ཐབས། རྟེན་འབྲེལ་སྒྲིགས་ལུགས་མང་པོ་ཞིག་གང་


TR005_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་ཐུན་མོང་བ་རྣམས་ལ་ཐུགས་རྗེས་དགོངས་ཏེ། རྙིང་ལུགས། བཀའ་གདམས་བཀའ་བརྒྱུད་ལུགས་སོགས་མཐའ་ཡས་པར་སྣང་མོད་ཀྱང་། རང་གི་འདོད་བློ་དང་མཐུན་པ་ནི། དཔལ་མཁའ་སྤྱོད་པའི་རི་ཆོས་གཅིག་ཤེས་ཀུན་གྲོལ་ཞེས་པ་དེ་ཁོ་ན་ལ་མོས་པ་འགྲོ་བར་འབྱུང་ལགས།། ༈ །།སྔོན་རྒྱལ་བ་ཡང་དགོན་པ་སྐུ་མཚམས་ཀྱི་སྐབས་ཤིག་ཏུ། མི་མེད་པའི་རི་ལ་སྐྱོ་སེང་ལ་གཤེགས་པས། ཐུགས་དམ་འོད་གསལ་གྱི་གཟིགས་སྣང་འགྲིབ་ཅིང་། རྡོ་རྗེ་རྣལ་འབྱོར་མ་ཞལ་མཐོང་རུང་ཡོད་པ་ལ་ཡང་དུ་བ་ལྟ་བུས་བསྒྲིབ་པ་སོགས་བྱུང་ཚུལ་གྱི་ལོ་རྒྱུས་ལྟར། མགོ་ནག་མིའི་རྒྱུ་འགྲུལ་མེད་པའི་ས་ཡིན་ཀྱང་རང་གི་མཚམས་ལས་མི་འདའ་བར་བྱ་དགོས་པར་གསུངས་པ་དང་། བུག་སྒོ་དང་ཡོལ་བ་ཕྱི་ནང་སོགས་བྱེད་པ་དེ་ཡང་། ཕྱེད་མཚམས་ཞེས་བྱ་བར་འགྱུར་བ་མ་གཏོགས། མཚམས་དངོས་གཞིར་མི་འགྲོ་བར་གསུངས་ན་དིང་སང་འགའ་ཞིག་གདོང་ལ་རས་བཀབ་པ་དང་། འཕྱིང་


TR005_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

སྣམ་སོགས་ཀྱི་འབག་གྱོན་ནས་རྒྱལ་ཁམས་ཀུན་ཏུ་འགྲོ་བཞིན་དུ་མཚམས་གཅོད་པར་འདོད་མཁན་ཡོད་པར་ཐོས་པས། དེ་འདྲ་ནི་རྒྱལ་བའི་བཀའ་མདོ་རྒྱུད་གང་ནས་ཀྱང་བཤད་པ་མ་ཚོར་རོ།། ༈ །།ངག་མཚམས་ཀྱང་སོ་བསྡམས་ནས་ཕ་རོལ་པོས་གོ་ཐུབ་ཙམ་དུ་ལབ་པའི་ཕྱག་སྲོལ་དིང་སང་ཕལ་ཆེར་གྱིས་བྱེད་འདུག་ནའང་ཕྱེད་མཚམས་ལྟ་བུར་འགྲོ་ཤས་ནི་ཆེ། གཞན་ལན་ཅིག་སྨྲ་བཅད་བྱེད་ཕྱིན་ཆད། དགོས་ཆེད་རྣམས་ཡི་གེ་འདྲིའམ། ལུས་ཀྱི་བརྡ་དང་རྣམ་འགྱུར་ཙམ་མ་གཏོགས། ངག་གི་གཏམ་བརྗོད་ཀྱི་རིགས་ཙམ་ཡང་མི་བྱེད་པར་གསུང་གདའ་བས། བདག་སོགས་ནི་སྔར་གྲྭ་ཚང་དུ་ལོ་གསུམ་དང་། སླད་མར་ཡང་ངག་མཚམས་ནམ་བྱེད་ནའང་དེ་ལྟར་བྱས་པ་ལགས། དེས་ན་འདི་འདྲའི་རིགས་ཐམས་ཅད་དང་པོ་ནས་ཐུབ་མི་ཐུབ་རང་གིས་རང་ལ་ལེགས་པར་བསམ་ཞིང་གཞིག་ལ་རང་དབང་མི་འདུས་ཤིང་མི་ཐུབ་པའི་རིགས་ནི་ལར་ནས་མི་


TR005_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམ། ཅིས་ཀྱང་འགྲུབ་ཐུབ་པའི་རིགས་རྣམས་ལན་གཅིག་བྱེད་ཟིན་ནས་མཐར་མ་ཕྱིན་གྱི་རིང་ལ་སྙིང་སྟོབ་དང་ཞེ་བཅད་ཀྱི་གོ་ཆ་རྐྱེན་གང་གིས་འཕྲོག་པར་མི་ནུས་པའི་དམ་བཅའ་མཐའ་རུ་འཁྱོལ་བ་ཞིག་བྱ་བ་ནི་ཆོས་ཀྱི་སྲོག་ཤིང་དུ་གྱུར་བ་ལགས།། ༈ །།བསྡུ་བའི་དངོས་པོ་བཞི་ནི། སྙན་པར་སྨྲ་བ་གཅིག །མཁོ་བ་སྦྱིན་པ།༢ དོན་མཐུན་པ།༣ དོན་སྤྱོད་པ་སྟེ། ༤ དེ་ལས་དང་པོ་ནི་གཞན་ལ་ཚིག་རྩུབ་མི་སྨྲ་བར་སོ་སོའི་ཡིད་ལ་འབབས་པ་བརྗོད་ནས་རིམ་པས་ཆོས་ལ་བློ་བསྒྱུར། གཉིས་པ་ནི། ཟས་སྐོམ་མམ་གོས་དང་ཡོ་བྱད་སོགས་མདོར་ན་ཕ་རོལ་པོ་ལ་ཅི་མཁོ་གང་ཕན་སྦྱིན་ནས་སྡིག་ལས་བཟློག གསུམ་པ་ནི་སོ་སོའི་སྐལ་བའམ་དབང་པོའི་རིམ་པ་དང་བསྟན། བཞི་པ་ནི་རང་ཉིད་ཀྱང་དེ་དང་མཐུན་པར་ཉམས་སུ་བླངས་ཤིང་ཁོའི་མོས་པ་མི་ལོག་པའི་སྤྱོད་པའམ་རྣམ་ཐར་བཟང་པོས་དང་བ་འདྲེན་པར་བྱ་བ་ནི། རྒོད་ཚང་པས་གདམས་ངག་རྣམ་ཐར་གྱི་སྒོ་ནས་བསྟན་པ། ཞེས་པ་དང་དོན་གཅིག་པ་སྟེ། དེས་ན་གཞན་དོན་བྱེད་ཐབས་ཀྱི་གཙོ་བོར་བསྡུ་བའི་དངོས་པོ་བཞི་འདི་དགོས་པར་གསུངས་སོ།། ༈ །།མཐོ་རིས་ཀྱི་ཡོན་ཏན་བདུན་ནི་


TR005_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་རིང་བ། ནད་མེད་པ། གཟུགས་བཟང་བ། སྐལ་བ་དང་ལྡན་པ། རིགས་བཟང་བ། ཤེས་རབ་ཆེ་བ། ལོངས་སྤྱོད་ཆེ་བ་དང་བདུན་ནོ། །སྔ་སོར་གྱི་འཕྲོས་དོན་ལ། དགོངས་འདུས་དཀྱིལ་འཁོར་གྱི་གཙོ་བོ་གུ་རུ་རིན་པོ་ཆེ་ཉིད་ཧེ་རུ་ཀ་པདྨ་བཛྲ་རྩལ་དུ་བཞེངས་ནས། སླར། ལྷོའི་དཀྱིལ་འཁོར་གྱི་ཁྲོད་ན་ཡང་གུ་རུ་ཉིད་བཞུགས་པའི་རྒྱུ་མཚན་གང་ཡིན་གསུངས་པ། འདི་ལ་རྒྱས་པར་བཤད་ན་ཚིག་ཚོགས་ཆེ་མོད་ཀྱི། མདོར་བསྡུ་ན། གསང་སྔགས་ཀྱི་དཀྱིལ་འཁོར་ལྷ་ཚོགས་མང་ཉུང་ཅི་འདྲར་བསྟན་ཡང་དོན་དམ་པར་གཙོ་བོ་དེ་ཉིད་ཀྱི་རྣམ་རོལ་ཁོ་ན་མ་གཏོགས། གང་ཟག་ཕལ་པའི་དཔོན་གཡོག་བཞིན་དྲག་ཞན་ཐ་དད་ཚོགས་ཤིང་འདུས་པ་ལྟ་བུ་ནི་མ་ཡིན་ཏེ། ཐམས་ཅད་གཙོ་བོ་ཉིད་ཀྱི་སྐུའི་བཀོད་པ་ཡིན་པར་ནི་གསར་རྙིང་གི་རྒྱུད་ཐམས་ཅད་དགོངས་པ་མཐུན་པ་ལགས་མོད་ཀྱི། འོན་ཀྱང་། གདུལ་བྱའི་ཐུན་མོང་བ་ལ་དྲང་དོན་དུ་དཔེ་དང་བརྡ་ཡིས་


TR005_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་ཐབས་སུ། བདེ་མཆོག་སོགས་ཀྱི་གླེང་གཞིར་རུ་དྲ་དྲག་པོ་འཇིག་བྱེད་བཏུལ་ནས། འཁོར་ཚོགས་ཐམས་ཅད་རང་གི་འཁོར་ཚོགས་སུ་བསྡུ་བར་མཛད་ཚུལ་བསྟན་པ་སོགས་ནི་བརྡ་དང་ཐབས་ཀྱི་ཆོ་འཕྲུལ་འབའ་ཤིག་ལགས་ཤིང་། ནང་ལྟར་སྦས་དོན་དུ། ཡུལ་ཉེར་བཞི་སོགས་དང་། དེ་དག་གི་བདག་པོ་བདག་མོ་ཐམས་ཅད་རྣལ་འབྱོར་པའི་རྩ་ཐིག་ལ་སྦྱར་བ་དང་། གསང་བ་མཐར་ཐུག་གི་དོན་དུ་ཐམས་ཅད་སེམས་ཉིད་ཀྱི་རྣམ་རོལ་ལས་གཞན་མ་ཡིན་པ་སོགས་དགོངས་ཆོད་ལྟར་ལགས་ཚེ།། ༈ །།དེས་ན་དགོངས་འདུས་ཀྱི་ལྷ་ཚོགས་ཀྱང་དེ་དང་མཚུངས་ཏེ། མངོན་རྟོགས་རྒྱས་པ་འདི་དག་ནི་རྒྱུད་མ་ཧཱ་ཡོ་ག་སྐྱེད་རིམ་གཙོར་སྟོན་གྱི་སྐབས་ཡིན་ལ། ནང་ལྟར་ན། ལུང་ཨ་ནུ་ཡོ་ག་རྫོགས་རིམ་གཙོར་སྟོན་ལུས་དཀྱིལ་རྩ་རླུང་ཐིག་གསུམ་གྱི་དཀྱིལ་འཁོར་དང་། གསང་བར་ཨ་ཏི་ཡོ་ག་རྫོགས་པ་ཆེན་པོ་གཙོ་བོར་སྟོན་པ་སེམས་དཀྱིལ་ལྟར་སྒྲུབ་ལུགས་སོགས་རྒྱ་ཆེར་ཡོད་མོད་ལ།། ༈ །།གནས་སྐབས་ལྟར་སྣང་ཙམ་


TR005_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ལྷོ་ཕྱོགས་ཀྱི་ཤར་འདབ་ལ་གུ་རུ་ཉིད་བཞུགས་པར་མ་ཟད། འདབ་མ་གཞན་བདུན་པོའི་མཚན་བརྒྱད་ཐམས་ཅད་ཀྱང་གུ་རུ་ཉིད་ཡིད་མོད་ཀྱི། འདི་འདྲ་བ་ནི་གསར་མ་ལ་ཡང་མང་མོད་ཏེ། འཆད་པ་པོ་ང་ཆོས་ཀྱང་ང་། །ཞེས་པའི་དགོངས་པ་ལྟར་བདེ་མཆོག་འཁོར་ལོ་བསྒྱུར་དྲུག་གི་དཀྱིལ་འཁོར་གྱི་ལྷ་དྲུག་ཀ་བདེ་མཆོག་ཉིད་ཡིན་པ་དང་། བདག་མེད་ལྷ་མོ་བཅོ་ལྔ་ཐམས་ཅད་བདག་མེད་མ་འབའ་ཤིག་ཡིན་པ་ལྟ་བུ་དང་། གཞན་ཡང་། དུས་འཁོར་སོགས་ཀྱི་སྐུ་དཀྱིལ་གསུང་དཀྱིལ་ཐུགས་དཀྱིལ་གྱི་ལྷ་ཐམས་ཅད་དང་པོའི་སངས་རྒྱས་ཉིད་ཀྱི་སྐུ་གསུང་ཐུགས་སོ་སོའི་བཀོད་པ་ཡིན་པའི་དཔེ་བཞིན་དཀྱིལ་འཁོར་གྱི་རིགས་ཐམས་ཅད་དེ་དང་མཚུངས་པ་ལགས་མོད།། ༈ །།སྐབས་འདིར་བསྒྲལ་བའི་ཞིང་བཅུ་འདྲེན་ཚུལ་གང་ཡིན་གསུང་བ། འདི་ནི་གཤིན་རྗེ་གཤེད་སྐོར་དང་མ་མགོན་གྱི་རྒྱུད་སོགས་ལ་འདྲེན་ཚུལ་མང་ཞིང་། ད་ལྟ་འཕྲལ་མར་གོ་བདེ་བ་


TR005_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གཙུག་ལག་ཕྲེང་བས་མཛད་པའི་ཕག་མོ་རྣམ་བཤད་ཆེན་མོའི་ཕྱག་དཔེ་གཟིགས་ལོས་ཡོད་ཅིང་། དེར། རྙིང་མའི་དམ་ཚིག་གསལ་བཀྲ་ནས་གསུངས་པ་བཞིན་དྲང་བར་མཛད་པ། དཀོན་མཆོག་གི་སྐུ་དགྲ། ༡ བླ་མ་དམ་པའི་སྐུ་དགྲ། ༢ དམ་ཚིག་མཐའ་དག་དང་འགལ་བ། ༣ རྒྱུ་འབྲས་མི་བདེན་པར་ལྟ་བའི་ལོག་ལྟ་ཅན། ༤ ཕ་མ་དང་སློབ་དཔོན་སོགས་ལ་འཁུ་ཞིང་གནོད་པར་བྱེད་པ། ༥ གསང་སྔགས་ཀྱི་ཚོགས་གྲལ་དུ་འདུ་བར་མི་འོས་ཀྱང་དགག་པའམ་སྐྲོད་པར་མ་ནུས་པ། ༦ སེམས་ཅན་ཡོངས་ལ་གནོད་ཅིང་འཚེ་བར་བྱེད་པ། ༧ དམྱལ་བ། ༨ ཡི་དྭགས། ༩ བདུད་འགྲོ་ ༡༠ དང་བཅས་པ་རྣམས་ཡིན་པར་བཤད་པའི་ལུགས་དང་། ཡང་འདྲེན་ཚུལ་གཅིག་ནི། མགོན་པོའི་རྒྱུད་ལས། བླ་མ་ལ་སྡང་སྔགས་ལ་དམོད། བསྟན་ལ་སྡང་༣ ཞིང་སེམས་ཅན་འཚེ།༤ དཀོན་མཆོག་དམོད་༥ དང་སྒྲུབ་ལ་སྡང་༦ དམ་ཉམས་༧ པ་དང་དམྱལ་བ་༨དང་། ཡི་དྭགས་༩


TR005_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་འགྲོ་ཞིང་བཅུའོ། །ཞེས་གསུངས་སོ། །འདི་དག་གཞན་བདུན་པོ་ནི་དྲག་པོ་མངོན་སྤྱོད་ཀྱི་བསྒྲལ་བའི་ཞིང་དང་། ངན་སོང་གསུམ་པོ་ནི་གནས་དེ་ལས་མཐར་ཐབས་ཞི་ཞིང་ཕན་པའི་སྒོ་ནས་སྒྲོལ་བའམ། གནས་སྤར་བའི་ཡུལ་ཡིན་པར་བཤད་དེ། ཚུལ་འདི་དག་ཞིབ་པར་ནི་རྩ་ལྟུང་བཅུ་བཞིའི་འགྲེལ་པ་སོགས་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ་སོགས་ལས་གསུངས་ཤིང་། ཕག་མོ་རྣམ་བཤད་ཉིད་ལས་ཀྱང་ལེགས་པར་གསུངས་སོ། །གོང་གི་འཕྲོར། མགོན་པོའི་ལོ་རྒྱུད་ལ་ལར་ནི། བདུད་མ་ཏྲམ་རུ་དྲ་དེ་ཉིད་དཔལ་ཧེ་རུ་ཀས་བསྒྲལ་བའི་ཁོག་པ་ཆ་བརྒྱད་དུ་བགོས་ནས་འཇིག་རྟེན་ཁམས་སུ་བསྐྱུར་བ་ས་གཞིར་གྱུར་པ་ནི་དུར་ཁྲོད་ཆེན་པོ་བརྒྱད་དུ་གྱུར་ཏེ། མཆོག་གི་དངོས་གྲུབ་སྒྲུབ་པའི་གནས་སུ་བྱིན་གྱིས་རླབས། རུ་དྲའི་རྣམ་ཤེས་ཀྱི་ངོ་བོ་དེ་ཉིད་དཔལ་ལྡན་མགོན་པོར་སྤྲུལ་བས། སངས་རྒྱས་སྟོང་


TR005_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

གི་བསྟན་པ་གནས་རིང་བསྲུང་མར་མཛད་ཅིང་། མཐར། ཐལ་བས་རྒྱན་པའི་ཞིང་ཁམས་ཅེས་བྱ་བར་དེ་བཞིན་གཤེགས་པ་ཐལ་བའི་དབང་པོར་འཚང་རྒྱ་བར་གསུངས་སོ།། ༈ །།བཀའ་ཕེབས་ལྟར། ལས་མཐའམ་དྲག་ལས་ཐམས་ཅད་ཀྱི་སྙིང་པོ་ནི་རང་རྒྱུད་འཐུལ་བ་ཁོ་ན་དང་། དགྲའི་གཙོ་བོ་ནི་ངར་འཛིན་འགོང་པོ། བགེགས་ཀྱི་རྩ་བ་ནི་བདག་གཅེས་པར་འཛིན་པ་འདི་ཁོ་ན་དང་། ཉོན་མོངས་རང་ག་མའི་རྟོགས་པ་ཁ་རྒྱས་པ་ནི་བདུད་ཐམས་ཅད་ཀྱི་མཐར་ཐུག་ཡིན་ཚེ། འདི་དག་འདུལ་ཐབས་འབའ་ཤིག་ལ་བརྩོན་དགོས་པ་ནི་གལ་པོ་ཆེའི་གནད་དང་། བསྒྲལ་ལས་བྱེད་པ་ལ། རྙིང་ལུགས་ལྟར་ན་རྫོང་འཕྲང་སྲོག་གསུམ་འཛོམ་པ་དགོས་ཤིང་། དེ་གསུམ་མེད་པར་བསྒྲལ་ན་ཤན་པ་དང་ཁྱད་མེད་ཕྱིར། བཅས་རང་གི་མི་དགེ་ཚང་ཞིང་ཐེག་པ་གསུམ་གའི་རྩ་ལྟུང་ཕོག་པར་འགྱུར་བ་ཉིད་དེ། གསུམ་པོ་ནི།


TR005_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲལ་བྱའི་ཡུལ། སྒྲོལ་བྱེད་ཀྱི་མཁན་པོ། བསྒྲལ་ཐབས་ཀྱི་བྱ་བ་དང་གསུམ་ག་ཆོས་ཉིད་སྐྱེ་མེད་དུ་རོ་གཅིག་པའི་གནད་དོན་རྟོགས་པ་ནི་རྫོགས་ཡིན། ༡བདག་ཉིད་ལྷར་གསལ་བ། དམིགས་ཡུལ་ཞིང་བཅུར་གྱུར་བ་གང་ཡིན་དངོས་སུ་གསལ་བ། ལག་ལེན་ཇི་ལྟར་བྱ་བ་རྣམས་རྒྱལ་བའི་ཕྲིན་ལས་དང་། ལག་ཆ་ཕུར་པ་སོགས་ལས་ཀྱི་ཁྲོ་བོར་གསལ་བ་སྟེ། དེ་ལྟར་གསལ་བ་གསུམ་དང་ལྡན་པ་ནི་སྒོམ་པའི་འཕྲང་ཞེས་བྱ། ༢ དེ་དག་ཀྱང་ཨ་འཐས་མ་ཡིན་པར་ཡེ་ཤེས་སྒྱུ་མའི་རྣམ་རོལ་གྱིས་བསྒྲལ་ཞིང་། གཟུགས་ཕུང་ཚོགས་སུ་འབུལ། རྣམ་ཤེས་ཆོས་དབྱིངས་སུ་སྤར་བས་རྒྱུ་བསོད་ནམས་དང་། འབྲས་བུ་བྱང་ཆུབ་ཀྱི་ཚོགས་གཉིས་ཀ་རྫོགས་པར་བྱེད་པ་ནི་སྤྱོད་པའི་སྲོག་སྟེ། ༣ དེ་ལྟར་རྫོང་འཕྲང་སྲོག་གསུམ་མི་ལྡན་པར་མངོན་སྤྱོད་བྱེད་པ་རྣམས་སུ་མུ་སྟེགས་ངན་སྔགས་མཁན་དང་མཚུངས་པར་མནར་མེད་ཀྱི་ཉེ་རྒྱུ་ཁོ་ནར་


TR005_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་ཀྱང་གོ་མཁན་དཀོན་མཆི།། ༈ །།ཅི་ཞུ་ན། བདག་ནི་སྤྱིར་ཡང་སྒོམ་ཕྱོགས་ཁོ་ནར་མོས་པ་ཅིག་མ་རྟོགས། ལས་ཚོགས་དྲག་སྤྱོད་ཀྱི་རིགས་ལ་བློ་འཇུག་མཁན་ཞིག་ལར་ནས་མིན་པ་དང་། ཁྱད་པར་འདི་ཚོར་ཡང་རྒྱུན་གྱི་བསྐངས་གསོ་གཏོར་བསྔོ་སོགས་བྱེད་པ་ལ། ས་ཆ་ཀློ་རོང་དུ་སོང་བའི་གཤིས་ཀྱི། གཏོར་མ་བཞིན་ཞག་ཁ་གཅིག་བཞག་ན་འབུ་སྲིན་གྱི་གོང་བུར་གྱུར་ནས་ཅི་ཡང་བྱ་ཐབས་མི་འདུག་ཚེ། རྒྱུན་དུ་ཉམས་ལེན་ནི་བླ་མ་སྒྲུབ་པའི་གསོལ་འདེབས་སྨོན་ལམ་ལ་དྲིལ་ཚེས་བཅུ་ནམ་ཡིན་དུས། གཏོར་མཆོད་ཚོགས་རྫས་ཅི་འབྱོར་པ་རྩལ་སྤྲུགས་སུ་གཤམ་ནས་ཆོ་ག་གང་རྒྱས་གང་ཤེས་ཐམས་ཅད་གཏོང་ཞིང་། འཇུག་ཏུ་གཏོར་མ་འབུལ་བའི་འདོད་གསོལ་དུ།། ༈ །།སངས་རྒྱས་ཀྱི་བསྟན་པ་དར་བ་དང་། སེམས་ཅན་ལ་བདེ་སྐྱིད་འབྱུང་བ་དང་། ཁྱད་པར་བདག་སོགས་དཔོན་སློབ་ཡོན་མཆོད་འཁོར་འདས་


TR005_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་ཐོགས་ལྟོས་བཅས་སུ་གྱུར་བ་ཀུན་གྱི་མཐུན་རྐྱེན་བསམ་པ་ཆོས་མཐུན་དུ་འགྲུབ་པ་དང་། དམ་པའི་ཆོས་བསྒྲུབ་པའི་འགལ་རྐྱེན་བར་ཆད་མ་ལུས་ཞི་བ་དང་། རང་གཞན་དོན་གཉིས་འགྲུབ་ཅིང་འགྲོ་བ་སེམས་ཅན་ཐམས་ཅད་སྨིན་གྲོལ་ལ་འཁོད་པའི་ཕྲིན་ལས་སྡོང་གྲོགས་རྒྱ་ཆེན་པོར་མཛད་དུ་གསོལ་ལོ། །ཞེས། འདི་ཁོ་ན་མ་གཏོགས་གཞན་གང་ཡང་བྱེད་མེད་པས།། ༈ །།སྐུ་ཉིད་ཀྱང་བཀའ་བསྲུངས་ཆོས་སྐྱོངས་ལ་ཕྲིན་ལས་བཅོལ་ཚུལ་འདི་བཞིན་མཛད་པར་ཞུ། ཞེས་ཐུགས་ནང་previous hit གཙང next hit་མའི་འཕྲོས་དོན་དུ་གསོལ་བ་ལགས། གཅིག་ཞུས།


previousཆོས་རྗེ་མི་ཕམ་མགོན་པོས་དྲི་བ་སྔ་ཕྱི་ཐ་དད་མཛད་པའི་དྲི་ལན་ཐོར་བུའི་སྐོར་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ།next