Nitartha Digital Library
Tibetan
རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ།

17 occurrences of དྲིལ་བུ་
[Clear Hits]


  
 
ཚེ་དཔག་མེད་གནམ་ལྕགས་རྡོ་རྗེ་དངོས་གྲུབ་ཀུན་འདུས་ཀྱི་དབང་བསྐུར་རྒྱས་པའི་རིམ་པ་ཇི་ལྟར་བྱ་ཚུལ་ལྟས་ཆོག་མ།
 
 
 
  
 
  
  
  
 


17 occurrences of དྲིལ་བུ་
[Clear Hits]

 
previousཚེ་དཔག་མེད་གནམ་ལྕགས་རྡོ་རྗེ་དངོས་གྲུབ་ཀུན་འདུས་ཀྱི་དབང་བསྐུར་རྒྱས་པའི་རིམ་པ་ཇི་ལྟར་བྱ་ཚུལ་ལྟས་ཆོག་མ།next

ཚེ་དཔག་མེད་གནམ་ལྕགས་རྡོ་རྗེ་དངོས་གྲུབ་ཀུན་འདུས་ཀྱི་དབང་བསྐུར་རྒྱས་པའི་རིམ་པ་ཇི་ལྟར་བྱ་ཚུལ་ལྟས་ཆོག་མ།


TR006_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དཔག་མེད་གནམ་ལྕགས་རྡོ་རྗེ་དངོས་གྲུབ་ཀུན་འདུས་ཀྱི་དབང་བསྐུར་རྒྱས་པའི་རིམ་པ་ཇི་ལྟར་བྱ་ཚུལ་ལྟས་ཆོག་མ་ལགས།


TR006_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིས་མཚན་ཙམ་དྲན་པས་ཀྱང་། །འཆི་བདག་བདུད་ལས་རབ་རྒྱལ་ནས། །ཡེ་ཤེས་རྡོ་རྗེའི་མཆོག་སྩོལ་བའི། །ཚེ་དཔག་མེད་ལ་གུས་ཕྱག་འཚལ། །དེ་ཡི་དཀྱིལ་འཁོར་ཟབ་མོའི་སྒོར། །དད་ལྡན་སློབ་བུ་སྨིན་བྱེད་པའི། །ལས་རིམ་བླ་མའི་ཕྱག་བཞེས་ཉིད། །གང་ཡིན་འདིར་ནི་བྲི་བར་བྱ།། ༈ །།དེ་ལ་བཅོམ་ལྡན་ཚེ་དཔག་མེད་པའི་བྱིན་རླབས་དབང་བསྐུར་གྱི་རིགས་གསང་སྔགས་ཀྱི་རྒྱུད་སྡེ་ཐ་དད་པ་ལས་གསུངས་པའི་དགོངས་པ་ལྟར་བཀའ་གཏེར་སོ་སོ་ལས་རྣམ་གྲངས་མཐའ་ཡས་པ་ཞིག་འབྱུང་མོད་ཀྱི། འདིར་ནི་སྤྲུལ་པའི་རིག་འཛིན་ཧཱུྃ་ནག་མེ་འབར་གྱི་གཏེར་ཁ་ལས་བྱོན་པའི་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ་དངོས་གྲུབ་ཀུན་འདུས་ཀྱི་དབང་བསྐུར་ཇི་ལྟར་བྱ་ཚུལ་ལྟས་ཆོག་ཉིད་དུ་


TR006_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་ལ། སྔོན་དུ་བྱ་བའི་ལས་རིམ་དང་དབང་བསྐུར་དངོས་ཀྱི་རིམ་པ་གཉིས་ཀྱི་དང་པོ་ནི། ཟབ་ཆོས་འདི་དག་གི་དབང་ལུང་བཀའ་གཏད་ཡོངས་རྫོགས་ཐོབ་ཅིང་སྐྱེད་རྫོགས་བསྙེན་སྒྲུབ་སྨིན་གྲོལ་གྱི་ནུས་པ་རབ་འབྲིང་ཅི་རིགས་ཐོབ་པའི་བླ་མ་ལ། སྣོད་ལྡན་གྱི་སློབ་མས་དོན་གཉེར་གུས་པས་གསོལ་བ་བཏབ་པའི་དུས་བཟང་པོར། ཡིད་དང་མཐུན་བཀྲ་ཤིས་དགེ་མཚན་དང་ལྡན་པའི་གནས་དེར་དགོས་དགུའི་ཡོ་བྱད་འཛོམ་པར་བསག་ལ། དཀྱིལ་འཁོར་སྟ་གོན་ནི། དེ་ཡང་གང་ཞིག་ཆོས་བཀའ་ཡོངས་རྫོགས་ཀྱི་རྒྱུན་འཛིན་བསྟན་འགྲོའི་དོན་ཆེན་ནུས་པའི་སློབ་མ་ལྟ་བུ་ལ་འཇའ་ཚོན་ཟབ་གཏེར་གྱི་ཆོས་སྐོར་ཚང་མ་ཞལ་ཕྱེ་བའི་དབང་དུ་བགྱི་ན། ས་ཆོག་སྟ་གོན་སོགས་ནས་


TR006_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

བཟུངས་སྟེ་སྒྲུབ་ཆེན་སྔོན་འགྲོའི་ལས་རིམ་ཐམས་ཅད་ཞི་ཁྲོ་ངེས་དོན་སྙིང་པོའི་ཁོག་འབུབས་ཁྱུང་ཆེན་ལྡིང་བ་ནས་ཇི་ལྟར་འབྱུང་བ་བཞིན་ལག་ཏུ་བླངས་སྟེ། སྒྲུབ་ཁང་ཡངས་པར་དབུས་སུ་ཞི་ཁྲོ་ངེས་དོན་དང་དཀོན་མཆོག་སྤྱི་འདུས་ལྷན་ཅིག་པའི་དཀྱིལ་འཁོར་ཆེན་མོ་བཞེངས་ཤིང་། དེའི་ཕྱི་རོལ་གྱི་ཤར་ཕྱོགས་སུ་འཕགས་པ་ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ། ལྷོར་ཚེ་དཔག་མེད་དངོས་གྲུབ་ཀུན་འདུས་འདི་ཉིད། ནུབ་ཏུ་རྟ་ཕག་ཡིད་བཞིན་ནོར་བུ། བྱང་དུ་བཀའ་བརྒྱད་དངོས་གྲུབ་སྙིང་པོའམ་གུ་རུ་རྡོ་རྗེ་གྲོ་ལོད་གང་རུང་གི་དཀྱིལ་འཁོར་བྱ་ཞིང་། དེ་དག་གི་མཐའ་བསྐོར་བར་མཚམས་གང་རིགས་རྣམས་སུ་བཀའ་སྲུང་སོ་སོའི་གཏོར་མ་དབང་རྫས་རྣམས་བཤམ་ལ། སྒྲུབ་མཆོད་བསྙེན་པ་སོགས་ཀྱང་གཙོ་བོར་ཞི་ཁྲོའི་ཁོག་ཕུབ་ཀྱི་གཞུང་བསྲང་ཞིང་ཞར་ལ་དཀྱིལ་འཁོར་ཐ་དད་པའི་ཆོ་ག་དང་འཛབ་བསྙེན་སོགས་སྐབས་དང་སྦྱར་བ་དང་། དབང་གི་རིམ་པ་དག་ཀྱང་དེ་དང་མཚུངས་པར་རིམ་གྱིས་བསྐུར་ནས། མཐར། སྒྲུབ་ཆེན་རྗེས་ཀྱི་ལས་རིམ་མཐའ་དག་ཀྱང་ཁོག་འབུབ་ཆེན་མོ་ལྟར་བྱ་དགོས་ནའང་། འདིར་ནི་ཚེ་སྒྲུབ་ཉིད་ཁོ་ནའི་དབང་ཆོག་ཇི་ལྟར་བྱ་ཐབས་འཆད་པར་ཕྱིར། ས་ཆོག་སོགས་རྒྱས་པར་མ་གསུངས་པས། དཀྱིལ་འཁོར་གྱི་སྟེགས་བུ་ཅི་རིགས་ཀྱི་


TR006_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཁར་རས་བྲིས་སམ་རྡུལ་ཚོན་གྱི་དཀྱིལ་འཁོར་བྱེད་ན་དུར་ཁྲོད་ནི་མི་དགོས་ཤིང་གཞན་འཁོར་ཡུག་སྒོ་རྫོགས་སྤྱི་མཐུན་གྱི་དབུས་སུ་ཐིག་ལེ་ལྔ་ཚོམ་ཕྱོགས་མདོག་གཞན་སྤྱི་མཐུན་ལས་ནུབ་དང་དབུས་གཉིས་ཁ་དོག་བརྗེས་ཏེ། དབུས་དམར་པོ། ནུབ་སྔོན་པོའི་ཐིག་ལེ་བྱས་པའི་ཀུན་གྱི་མཐའི་མུ་འཁྱུད་འཇའ་སྐོར་ལྔ་ལྡན་དང་། དེའི་ཕྱི་སྐོར་པདྨ་འདབ་བཞི་མཛེས་ཚོན་མུ་འཁྱུད་ཅན་དུ་བྱ་ལ། གལ་ཏེ་འབྲུའི་ཚོམ་བུ་བྱེད་པའི་ཚེ་ན། ལྟེ་བར་ཚོམ་བུ་གཞན་ལས་ལྔ་འགྱུར་གྱིས་ཆེ་བ་ནི་གཙོ་མཆོག་ཉིད་དང་། དེའི་ཕྱོགས་བཞིར་གསུམ་འགྱུར་ཙམ་བཞི་བགོས་པ་ནི་ཚེ་དཔག་མེད་རིགས་བཞི་ཡབ་ཡུམ། དེ་དག་གི་ཕྱི་སྐོར་དུ་ཉིས་འགྱུར་ཙམ་བཞི་དགོད་པ་ནི་རིགས་གསུམ་མགོན་པོ་དང་པད་འབྱུང་། དེའི་ཕྱི་རོལ་ཟུར་བཞི་ལ་མགྱོགས་མ་བཞི་དང་། ཕྱོགས་བཞིར་སྒོ་བ་ཡབ་ཡུམ་རྣམས་ཏེ་བརྒྱད་པོ་ནི་ཅུང་ཟད་ཆུང་བ་ཙམ་དུ་ལེགས་པར་དགོད་དོ། །དབང་རྫས་ནི་དཀྱིལ་འཁོར་གྱི་སྟེང་དུ་ཁྲིའུའམ་ཅོག་རྩེ་སོགས་ཀྱི་ཁར་བུམ་པ་མཚན་ལྡན་ཁ་བརྒྱན་ཅན་མགུལ་འཆིངས་ལྷའི་སྐུ་མདོག་དང་མཐུན་པ་གཟུངས་ཐག་རྡོ་རྗེ་སོགས་སྤྱི་མཐུན་བྱས་པ་འཛོམ་ན་ལྔ་


TR006_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

བཤམ་པའི་ཁ་རྒྱན་གྱི་ཁྲོད་དུ་ཚེ་དཔག་མེད་རིགས་ལྔ་པོའི་སྐུ་རྟེན་ཙཀྐ་ལི་བཞུགས་པ་དང་། ཅིས་ཀྱང་མ་འབྱོར་ན་གཙོ་བུམ་གཅིག་པུར་བསྡུ་བ་ལས་འོས་མ་མཆིས་ལ། བུམ་རྫས་ལྔ་མཚན་ལྔ་དང་དཀར་མངར་སོགས་ཚིག་དང་མཐུན་པར་བསགས་པ་བུམ་ཆུར་བླུག་ནས་བུམ་པའི་གསུམ་གཉིས་དགང་ལ། བུམ་པ་རྣམས་ཁྲིའུའི་སྟེང་དུ་ཕྱོགས་མ་འགྲུལ་བར་བཀོད། དེ་དག་གི་བར་མཚམས་དང་མཐའ་བསྐོར་ཅི་རིགས་པར་ལྷ་སོ་སོའི་སྐུ་རྟེན་ཙཀྐ་ལི་དང་། ཐོད་པ་བདུད་རྩི་ཆང་གིས་བཀང་བ། ཚེ་རིལ་དཔོན་སློབ་ཐམས་ཅད་ཀྱི་གྲངས་ལས་མི་ཉུང་བ་ལ་འདི་ཉིད་ཀྱི་ཚེ་རིལ་སྒྲུབ་ཐབས་ནས་གསུངས་པའི་སྨན་རྫས་རྣམས་ཀྱི་ཕབས་རྒྱུན་དང་མངར་གསུམ་སོགས་བཏབ་པ་དང་། ཚེ་གཏོར་བུམ་གཟུགས་རྒྱན་གྱིས་མཛེས་པར་བྱས་པ་མེ་ལོང་གཡའ་དག །རྨ་བྱའི་མདོངས། འཕྲེང་བ་དམར་པོ། ཚེའི་གཟུངས་སྔགས་མཚལ་གྱིས་བྲིས་པ་ལྷན་ཅིག་པ་སོགས་བཤམ་ཞིང་། གཞན་ཡང་མཐའ་རྟེན་གྱི་དབང་ལ་དགོས་པའི་བཀྲ་ཤིས་རྟགས་བརྒྱད། དངོས་གྲུབ་གྱི་ཟས་སྣ། དར་ཟབ་ཀྱི་གོས་སྣ། སློབ་བུ་གཞན་དོན་ནུས་པ་ཡིན་ན་བཀའ་གཏད་ཡོངས་རྫོགས་བྱ་བའི་ཆོས་སྐོར་གྱི་གླེགས་བམ་དང་། དབང་གོས་


TR006_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

པད་ཞྭ་རྡོར་དྲིལ་གདུགས་རྒྱལ་མཚན་རོལ་ཆ་སོགས་ཀྱང་འཛོམ་པར་སྟ་གོན་བྱས་ལ། སློབ་མ་ཕལ་པ་ལ་ནི་མི་དགོས་སོ། །ཁྱད་པར་ཚེ་སྲོག་གིས་གཏའམ་རྟེན་དུ་མདའ་དར་ལ་གསེར་གཡུ་དུང་ཆུང་བྱུ་རུ་མུ་མེན་ཁྲབ་བྱང་མིག་དགུ་རྣམས་བཏགས་པ་འབྲུ་དཀར་མོ་བྲེ་གང་ལས་མི་ཉུང་བ་ལ་གཙུག་སྟེ་དབང་རྫས་རྣམས་ཀྱི་རྒྱབ་ཕྱོགས་སུ་བཞག །ལས་བུམ་མམ་དུང་ཆོས་གང་རིགས་དྲི་བཟང་གི་ཆུས་བཀང་བ་ལ་རྡོར་སེམས་བསྐྱེད་བཟླས་བྱས་པ་དང་། མེ་ཏོག་ཅོད་པན་འདོར་བའི་ཡོ་བྱད་དང་མིག་དར་སོགས་མདོར་ན་འདིར་དགོས་པ་མཐའ་དག་མ་ཚང་བ་མེད་པར་ཚག་སུ་ཚུད་པར་བྱས་ནས་དཀྱིལ་འཁོར་གྱི་མཐའ་བསྐོར་གང་འོས་སུ་བཤམ་ཞིང་། སྨན་རག་གཏོར་མ་ཚོགས་ཀྱི་ལོངས་སྤྱོད། ཕྱི་ནང་གི་མཆོད་པ་མཐའ་དག་ཀྱང་གཙང་ཞིང་མཛེས་ལ་གྱ་ནོམ་པ་བཀོད་པས་ཁྱད་པར་འཕགས་པ་དང་ལྡན་པར་བྱ་བ་ནི་སྔོན་དུ་བྱ་བའི་ལས་རིམ་མོ། །དེ་ནས་སློབ་དཔོན་ཉིད་དཀྱིལ་འཁོར་དང་ཞལ་སྤྲོད་དུ་བཞུགས་ནས་མདུན་གྱི་ནམ་མཁར་སྐྱབས་གནས་ཚོགས་ཞིང་རྣམས་ལམ་གྱི་གསལ་བཏབ་ལ་ཐུན་མོང་གི་སྐྱབས་སེམས་ཚོགས་བསགས་


TR006_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྤྱི་ལྟར་རམ། འདི་ཉིད་ཀྱི་ཆོས་སྤྱོད་ཆེན་མོ་ནས་འབྱུང་བ་ལྟར་བྱས་ལ། དེ་ནས་ལས་བྱང་གི་གཞུང་སྲང་སྟེ་བདག་མདུན་བུམ་སོགས་གཅིག་ཅར་དུ་བསྐྱེད་པ་ལ་སྤྱན་འདྲེན་བཞུགས་ཕྱག་མཆོད་བསྟོད་ཐམས་ཅད་ཚིག་དོན་མཐུན་པར་བྱས་པའི་མཐར་བཟླས་པའི་སྐབས་ལ་བབས་ཚེ། འཛབ་ཀྱི་དགོངས་པའི་ཏིང་འཛིན་ནི་ལས་བྱང་ཉིད་ལས་གསུངས་པ་བཞིན། བདག་ཉིད་གཙོ་མཆོག་གི་ཐུགས་སྲོག་ཧྲཱིཿདམར་གྱི་མཐའ་བསྐོར་སྔགས་འཕྲེང་པདྨ་རཱ་གའི་ཁ་དོག་ལྟ་བུས་བསྐོར་བ་ལས་འོད་འཕྲོས་མདུན་བསྐྱེད་ལྷ་ཚོགས་ཀྱི་ཐུགས་ཀར་ཕོག །དེ་དག་ལས་ཀྱང་འོད་ཟེར་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས་པས། འཁོར་འདས་སྣོད་བཅུད་བརྟན་གཡོ་ཀུན་གྱི་བཅུད་དང་ནུས་པ་དངས་མ་སྟོབ་རྩལ་བྱིན་རླབས་དངོས་གྲུབ་ཚེ་དཔལ་མཐའ་དག་བསྡུས་ནས་དབང་རྫས་རྣམས་ལ་ཐིམ་པར་དམིགས་ཤིང་ལས་གཞུང་གི་འཛབ་དང་ཚེ་གཟུངས་རིང་ཐུང་ལ་བཟླས་པ་ཅི་འགྲུབ་བྱ་ཞིང་། ཉིན་མཚན་ཐུན་བཞིའམ་གསུམ་སྤོས་དང་རོལ་མདའ་དར་སོགས་འཐོགས་ནས་ཚེ་འགུགས་མྱུར་འགྱོགས་ལྕགས་ཀྱི་དབུ་ནས་བཟུངས་


TR006_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། བཀྲ་ཤིས་དཔལ་འབར་བྱིན་ཕོབ་ཅིག །ཅེས་པ་ཡན་ཆད་ཀྱི་ཚེ་དཔལ་བཀུག་བསྟིམ་ལ་འབད། ཚོགས་མཆོད་དང་ཆོས་སྲུང་ལ་གཏོར་འབུལ་བསྐངས་གསོ་ལ་ཡང་ནན་ཏན་དུ་བྱ་བ་དང་། འཛབ་ཀྱི་ཐུན་མཚམས་སུ་དབྱངས་གསལ་རྟེན་འབྲེལ་སྙིང་པོ་ཡང་ཅི་རིགས་བཟླས་པས་ཁ་གསོ་ཞིང་ངར་འདོགས་པ་སྟེ། དེ་ལྟ་བུའི་ཚེ་སྒྲུབ་ཞག་གྲངས་ཅི་ཙམ་མང་ཞིང་བྱིན་རླབས་ཆེ་བས་ན། ཡུལ་དུས་གང་ཟག་དང་བསྟུན་ལ་བསྒྲུབ་པར་བྱའོ། །གལ་ཏེ་དེ་ཙམ་དུ་བསྒྲུབ་པའི་ལོང་མེད་པའི་ཚེ་ནའང་ཆོ་གའི་རིམ་པ་གོང་དུ་སྨོས་པ་འདི་དག་ཆ་ཚང་བར་ཚར་གཅིག་དང་། བཟླས་པ་ཡང་སྟོང་ཕྲག་སོགས་གང་འགྲུབ་ཅི་ནས་ཀྱང་བྱས་ལ། དེ་ནས་དབང་བསྐུར་བྱ་བའི་སྐབས་ལ་ནམ་བབ་པའི་སྔོན་དུ། ལས་བྱང་གི་མཇུག་ཏུ་ཡོད་པའི་ཚེ་ལྷ་རྣམས་ལ་ཐུགས་དམ་གནད་ནས་བསྐུལ་བ་དེ་ཉིད་བྱས་པའི་མཐར། མདུན་སྐྱེད་ལྷ་ཚོགས་ཐམས་ཅད་ཀྱི་གནས་གསུམ་འབྲུ་གསུམ་ཐུགས་སྲོག་དང་བཅས་པའི་འོད་ཟེར་བདག་ལ་ཕོག་པ་ཙམ་གྱིས་སྒྲིབ་བཞི་དག་ཅིང་དབང་བཞི་ཐོབ། ལྷ་རྣམས་ཀྱི་ཕྱག་གི་བུམ་པ་ནས་འཆི་མེད་བདུད་རྩིའི་


TR006_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་སྐར་མདའ་ལྟར་བྱུང་སྟེ་བདག་ཉིད་ཀྱི་ཚངས་བུག་ཏུ་ཞུགས་ནས་ལུས་ཐམས་ཅད་རྐྱལ་ལྟར་ཁེངས་པས་འཆི་མེད་ཀྱི་ཚེ་དང་འཁོར་འདས་ཀྱི་དཔལ་ཡོན་ཐམས་ཅད་ཡོངས་སུ་འཕེལ་རྒྱས་ཟད་མེད་དུ་གྱུར་པར་མོས་ལ་འཛབ་བཟླ་ཞིང་འཁོར་སུམ་ཡོངས་དག་ཆེན་པོར་མཉམ་པར་འཇོགས་པ་ནི་སློབ་དཔོན་བདག་ཉིད་འཇུག་ཅིང་དབང་བླང་བའོ།། ༈ །།དེ་ནས་སློབ་མ་རྗེས་འཛིན་གྱི་རིམ་པ་དངོས་ལའང་འདི་ཉིད་ཀྱི་དབང་གཞུང་ལས་གསུངས་པའི་ཐོག་མར་སློབ་མས་བླ་མ་ཉིད་ལ་དབང་གི་བསྙེན་སྒྲུབ་ལ་འཇུག་པར་ཞུ་པ་དང་། དམ་ཚིག་བསྲེ་བསྣན། སྒྲུབ་ཁང་གི་སྒོ་དྲུང་ནས་སྒོ་སྲུང་ལ་གསོལ་བ་གདབ་པ་སོགས་གསུངས་པ་ནི་དབང་སྒྲུབ་ཆེན་མོའི་སྐབས་ཁོ་ན་ལ་དམིགས་ནས་དཀྱིལ་འཁོར་ཕྱི་འཇུག་ན། འཇུག་ཐ་དད་ཀྱི་རིམ་པ་རྒྱས་པ་ལ་དགོངས་པར་གདའ་ནའང་། སྐབས་འདིར་ནི་ནང་འཇུག་འབའ་ཞིག་ལ་བསྡུ་ཕྱིར་གོང་མ་དེ་དག་མི་འཚལ་བས་ན། སློབ་མ་རྣམས་དང་དཀྱིལ་འཁོར་གྱི་བར་མཚམས་ཡོལ་བས་བཅད་ནས། སློབ་མས་ཕྱག་དངམཎྜལ་ཕུལ་ཞིང་། སློབ་དཔོན་གྱིས་ཀྱང་བགེགས་བསྐྲད་སྲུང་འཁོར་ཁྲུས་ཚག་སོགས་སྤྱི་གཞུང་ལྟར་རྒྱས་བསྡུས་གང་འཚམས་བྱས་པའི་རྗེས་ལ་


TR006_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་མོའི་ཆོས་འཆད་པ་ནི།། ༈ །།ནམ་མཁའ་དང་མཉམ་པའི་འགྲོ་བ་ཐམས་ཅད་འཁོར་བ་ཐོག་མ་མེད་ནས་ཕ་མ་དྲིན་ཅན་དུ་མ་གྱུར་པ་གང་ཡང་མེད་པས། དེ་དག་ཐམས་ཅད་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་རིན་པོ་ཆེ་ལ་འགོད་པར་བྱ། དེའི་ཆེད་དུ་དམ་པའི་ཆོས་གསན་སྙམ་པའི་ལྷག་པའི་བསམ་པ་རྣམ་པར་དག་པ་བྱང་ཆུབ་སེམས་བསྐྱེད་དང་ལྡན་པའི་ངང་ནས་ལེགས་པར་གསན་འཚལ། རྒྱལ་བའི་བསྟན་པ་དང་དམ་པའི་ཆོས་ནི་འཇིག་རྟེན་དུ་འབྱུང་བ་དཀོན་ཞིང་བརྙེད་པ་རབ་ཏུ་དཀའ་ལ། དལ་འབྱོར་སྐྱོན་མེད་ཐོབ་ཅིང་དབང་པོ་སྒོ་ལྔ་ཚང་ནས་དམ་པའི་ཆོས་དང་ཕྲད་པ་ནི་དེ་བས་ཀྱང་ཆེས་ཆེར་དཀའ་བ་ལགས་པས། ད་ལྟ་ཕུན་ཚོགས་རྟེན་འབྲེལ་འཛོམ་ཞིང་རང་དབང་ཐོབ་པའི་དུས་འདིར་ནམ་ཞག་གཏན་མདུན་བསྒྲུབ་པར་ཤིན་ཏུ་རན་ལ་རན་པར་མ་ཟད་ཕྱིས་པ་ལ་ཐུག་པར་ཉེ་སྟེ་


TR006_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ཅིའི་ཕྱིར་ན། ནམ་འཆིའི་ངེས་པ་ནི་སྤུ་ཙམ་མེད་ལ། ཤི་ཁར་ཕན་ངེས་ཀྱི་ལྷ་ཆོས་ལ་གདེངས་དང་གོམས་པ་ནི་མ་ཐོབ། གདེངས་མེད་དུ་འཆི་བའི་འགྲོ་ས་ནི་འཁོར་བ་ངན་སོང་མ་གཏོགས་མེད། ངན་འགྲོར་སྐྱེས་ནས་ནི་བསྐལ་པ་ནས་བསྐལ་པའི་བར་དུ་ཐར་པའི་དུས་མིན་འབྱུང་ལ། དེ་ཚེ་འགྱོད་ཀྱང་ཕན་ཐབས་རྡུལ་ཙམ་མེད་ཚེ་ཅི་བྱ་ཏོལ་མེད་མདུན་མ་གཏན་རླག་ཏུ་སོང་བ་ཡིན་པས། དེ་བས་ད་ལྟ་ཐབས་དགས་ལོང་གླག་ཡོད་དུས་ཕྱི་མའི་དོན་ཆེན་ཐར་པ་བྱང་ཆུབ་བསྒྲུབ་པ་ལ་ཅི་མྱུར་ཅི་ལྕོགས་སུ་འབད་དགོས། ལེ་ལོ་སྙོམས་ལས་སང་བྱ་སྣང་བྱའི་ངང་ལ་མི་ཚེ་རྨི་ལམ་གྱི་སྣང་བ་ཙམ་འདི་ཡུད་ཀྱི་ཟད་ནས་ཡོང་སྙམ་མེད་པའི་འཆི་བ་དེ་ནམ་མཁའི་ཐོག་ལྟར་བཙན་ཕོག་ཏུ་འབྱུང་བར་ཡིད་ལ་ལེགས་པར་བསོལ་མཛོད་ལ། སྒོ་གསུམ་དཀར་པོ་དགེ་བའི་ཕྱོགས་སུ་


TR006_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

བརྩོན་པ་ཆེན་པོས་རེམས་ཤིང་འབད་ནས་འཆི་བའི་དུས་བྱུང་ཙ་ན་ངན་པའི་བློ་སྣ་ཕྱི་ལ་མ་ལུས་པ་ཞིག་དགོས་པ་ལགས། ཁྱད་པར་འོ་སྐོལ་འཛམ་གླིང་པའི་མི་ལ་ཚེའི་གྲངས་ཚད་མེད་ཅིང་ན་སོ་ལ་ལྟོས་པ་མེད་པར་ངེས་མེད་དུ་འཆི། ཡང་སྒོས་ད་དུས་བསྐལ་པའི་ཐ་མ་ཚེ་ལོ་སུམ་ཅུ་ཁ་རལ་གྱི་མཐར་ཐུག་ལ་སླེབ་པ་དུས་མིན་བློ་བུར་དུ་འཆི་བ་ཁོ་ན་མང་ལ། དེ་ལ་ཕན་དུ་རེ་བས་ཀུན་རྫོབ་ཀྱི་མེ་བོན་རྩིས་གསུམ་ལ་བརྟེན་པའི་རིམ་གྲོའི་རྣམ་གྲངས་ཇི་ཙམ་བྱས་རུང་ཚེ་ལ་འཐུད་དུ་མེད་ཅིང་འཆི་བ་ལ་བཤོལ་དུ་མེད་པར་འགྲོ་དགོས་ལ། རིམ་གྲོ་དེ་དག་གི་ཆེད་དུ་སྲོག་ཆགས་གསོད་པ་ལ་སོགས་སྡིག་པའི་བྱེ་བྲག་ཅི་དང་ཅི་བྱས་པའི་རྣམ་སྨིན་གྱི་འབྲས་བུས་སླར་ལ་ཚེའི་བར་ཆད་དང་ཕྱི་མའི་ངན་སོང་གི་གཏིང་རྡོར་འགྱུར་ཕྱིར། དེ་བས་ན་འཆི་བདག་གི་འཇིགས་


TR006_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་དེ་ལས་སྐྱོབས་ཅིང་ཕན་པའི་ཐབས་མཆོག་ཏུ་གྱུར་པ་ནི་བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་ཤེས་གཟི་བརྗིད་ཀྱི་རྒྱལ་པོ་ཉིད་ལ་བརྟེན་དགོས་ཏེ། དེ་ནི་བྱང་ཆུབ་མཆོག་ཏུ་ཐུགས་སྐྱེད་པའི་དུས་ནས་བརྩམས་ཏེ། གང་ཞིག་བདག་གིས་མཚན་ཙམ་རྣ་བར་ཐོས་པས་ཀྱང་དུས་མ་ཡིན་པར་འཆི་བའི་འཇིགས་པ་ལས་ཡོངས་སུ་ཐར་བར་གྱུར་ཅིག །ཅེས་པ་ལ་སོགས་ཀྱི་སྨོན་ལམ་ཆེན་པོ་བརྒྱ་ཕྲག་བཏབ་པའི་བདེན་སྟོབས་དང་བྱིན་རླབས་ཀྱི་ནུས་པའི་ཁྱད་པར་ཡིན་པའི་ཕྱིར། དེ་ཉིད་ཀྱི་མཚན་ཙམ་ཐོས་པས་དུས་མིན་འཆི་བ་ཟློག་པར་འགྱུར་ན། བདེ་བ་ཅན་ཞིང་བཀོད་ཀྱི་མདོ་ནས་གསུངས་པའོ། །དེའི་དབང་དང་བྱིན་རླབས་སྨིན་གྲོལ་གྱི་གདམས་པ་ཐོབ་ཅིང་ཉམས་སུ་ལེན་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དཔེ་ན་ཚེ་དཔག་མེད་པའི་རྒྱུད་དང་མདོ་གཟུངས་དབང་དང་སྒྲུབ་ཐབས་ཇི་སྙེད་ཞིག་མཆིས་པ་ལས། སྐབས་


TR006_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བབ་པ་འདི་ཉིད་ཀྱི་ལོ་རྒྱུས་མདོ་ཙམ་བརྗོད་པའི་དབང་དུ་བགྱི་ན། ངེས་པའི་དོན་དུ་རྒྱལ་བ་ཐམས་ཅད་ཆོས་སྐུ་མཉམ་པ་ཆེན་པོར་ཐ་མི་དད་ནའང་། གདུལ་བྱ་དྲང་དོན་གྱི་སྣང་ཚུལ་ཙམ་དུ། མི་མཇེད་ཀྱི་ཞིང་ཁམས་འདི་ནས་ནུབ་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་འདས་པའི་ཕ་རོལ་ན། ཞིང་ཁམས་རིན་པོ་ཆེ་བདེ་བ་ཅན་ཞེས་བྱ་བ་ཡོད་དེ། སྣོད་བཅུད་མཐའ་དག་ཡེ་ཤེས་རང་བྱུང་གི་བཀོད་པ་འབའ་ཤིག་ལས། མ་དག་འཁྲུལ་པ་ཨ་འཐས་ལས་སྣང་གི་ས་རྡོ་རི་བྲག་ཁང་ཁྱིམ་སོགས་ཀུན་རྫོབ་འདུས་བྱས་འབྱུང་བཞིའི་རྒྱུ་རྐྱེན་ལས་མ་གྲུབ་པར་ཡེ་ཤེས་འོད་ལྔའི་ཞིང་དང་གཞལ་ཡས་རྒྱ་ཁྱོན་ངོ་མཚར་གྱི་བཀོད་པ་དང་ཡོན་ཏན་ནི་རང་ཅག་སོ་སོ་སྐྱེ་བོའི་བློས་དཔག་ཅིང་བསམ་པར་ཡང་མི་ནུས་ན་ངག་ཏུ་བརྗོད་པ་ལྟ་ག་ལ་ནུས་ཤིང་། ཞིང་དེར་གནས་པའི་གང་ཟག་ཀྱང་ས་ཆེན་པོ་


TR006_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཞུགས་པའི་བྱང་སེམས་འཕགས་པ་ཤ་སྟག་མ་གཏོགས་སྒྲིབ་པར་ལྡན་པ་ཕལ་པའི་སྐྱེ་འགྲོའི་རིགས་ནི་སྒྲ་ཡང་མི་གྲགས་ལ། དེའི་དབང་གིས་ཉོན་མོངས་པ་དང་མྱ་ངན་དང་སྡུག་བསྔལ་དང་འཐབ་འཁྲུག་མི་དགེ་ངན་འགྲོ་སོགས་ཀྱི་མིང་ཙམ་ཡང་མི་སྲིད་པའི་ཕྱིར་ན་བདེ་བ་ཅན་གྱི་ཞིང་ཞེས་བྱ་བ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱོད་ཡུལ་ཁོ་ན་ལས་གཞན་མ་ཡིན་ནོ། །དེ་ལྟ་བུའི་ཞིང་གི་སྟོན་པ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་ཚེ་མཐའ་ཡས་པ་ཡེ་ཤེས་སྣང་བའི་འོད་ཟེར་མཐའ་ཡས་པའི་དབང་པོ་ཅེས་བྱ་བ་སྟེ། འོ་སྐོལ་གྱི་སྟོན་པ་དཔལ་ཀུན་ཏུ་བཟང་པོའམ། དྲུག་པ་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱི་སྐུ་མི་ཟད་རྒྱན་གྱི་འཁོར་ལོའི་རྣམ་འགྱུར་ཡིན་ཞིང་། དེའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ཀྱང་ཉིད་ལས་ཀྱང་གཞན་མ་ཡིན་པའི་སངས་རྒྱས་བྱང་སེམས་མཚན་དང་རྣམ་འགྱུར་བསམ་


TR006_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་བསྟན་ཀྱང་ཉིད་ཀྱི་ཡོན་ཏན་མི་ཟད་པའི་རོལ་པ་འབའ་ཤིག་ལས། གདུལ་བྱ་དང་འདུལ་བྱེད་མཆོག་དམན་ཐ་དད་པ་ཚོགས་པ་ནི་མ་ཡིན་པས་ན་ཆོས་ཀྱི་དབྱིངས་ཟབ་མོ་རྒྱ་ཆད་ཕྱོགས་ལྷུང་མེད་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལས་གཡོ་བ་མེད་པར་རྟག་པ་རྒྱུན་གྱི་འཁོར་ལོ་མོར་བཞུགས་སོ། །དེ་ལྟ་བུ་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཀློང་ནས་ཕྱོགས་རིས་མེད་པའི་ཐུགས་རྗེའི་རླབས་གཡོས་ཏེ། སྤྱིར་ཁམས་གསུམ་གྱི་སེམས་ཅན་ལས་ཉོན་གྱི་རྒྱ་མཚོར་ཐོག་མཐའ་བར་མེད་དུ་བྱིང་བ་རྣམས་དང་། ཁྱད་པར་མི་མཇེད་གླིང་བཞིའི་འཇིག་རྟེན་ལས་ཀྱང་འཛམ་གླིང་ལས་ཀྱི་ས་པ་རྣམས་བསྐལ་པ་རྩོད་ལྡན་གྱི་དུས་ལ་བབས་པའི་དབང་གིས་ཚེ་དང་གཟུགས་དང་བསོད་ནམས་ལོངས་སྤྱོད་རྣམས་རིམ་གྱིས་འགྲིབ་ཅིང་ཉོན་མོངས་ལས་ངན་གྱི་རྒྱུ་རྐྱེན་ཇེ་འཕེལ་དུ་གྱུར་པའི་འཐུས། བློ་བུར་གྱི་རྐྱེན་ངན་


TR006_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་པས་བསྐྱོད་དེ་དུས་མིན་དུ་འཆི་ཞིང་ཤི་བ་རྣམས་ངན་འགྲོ་ངན་སོང་ལོག་པར་ལྟུང་བས་འོག་ནས་འོག་ཏུ་འགྲོ་བའི་ཉམས་ཐག་གི་སེམས་ཅན་རྣམས་ལ་དམིགས་མེད་ཐུགས་རྗེ་ཆེན་པོས་ཉེ་བར་དགོངས་ཏེ། ཉིད་ཀྱི་ཐུགས་ཀ་ནས་འོད་ཟེར་གྱི་གོང་བུ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ལྟེ་བར་ཡི་གེ་ཧྲཱིཿཡིས་མཚན་པ་ཞིག་སྤྲོས་ནས། ཨུ་རྒྱན་དྷ་ན་ཀོ་ཥའི་ནུབ་བྱང་ཀླུ་རྫིང་ཕུག་གི་མཚོ་ལ་ཐིམ་པས་མེ་ཏོག་པདྨ་སྟོང་ལྡན་གྱི་སྡོང་པོ་ཁྲི་འཕངས་བདུན་བརྩེགས་ཀྱི་དབུས་ནས་གུ་རུ་པདྨ་འབྱུང་གནས་མངལ་སྐྱོན་དྲི་མས་མ་གོས་ཤིང་མཚན་དཔེ་ངོ་མཚར་གྱི་ཕུང་པོར་སྐུ་འཁྲུངས། རྒྱལ་པོ་སྤྱན་མེད་འབྱོར་ལྡན་གྱིས་སྲས་ཀྱི་སྐལ་བར་མཐོ་ལྕོག་དགུ་ལྡན་གྱི་ཕོ་བྲང་དུ་སྤྱན་དྲངས་ནས་ལོ་ལྔའི་བར་དུ་ཆོས་ཀྱི་རྒྱལ་སྲིད་བསྐྱངས་ཤིང་ཡུལ་ཁམས་བདེ་དགེ་ལ་བཀོད། སླར་ཡང་རྒྱལ་སྲིད་


TR006_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་ཏེ་རྒྱ་གར་གྱི་ཡུལ་གླིང་ཕྱོགས་མཚམས་མཐའ་དབུས་ཀུན་ཏུ་ཞབས་ཀྱི་བཅགས་ཤིང་ཐོས་བསམ་སྒོམ་དང་འཆད་རྩོད་རྩོམ་གསུམ་གང་ལ་ཅིས་འདུལ་གྱི་སྒོ་ནས་བསྟན་འགྲོའི་སྒྲོན་མེ་གཅིག་པུ་པར་གྱུར་པ་ནས། གུ་རུ་ཉིད་མགོན་པོ་འོད་དཔག་མེད་ཀྱི་ཐུགས་རྗེའི་སྒྱུ་འཕྲུལ་ལ་སྐྱེ་འཆིའི་འཇིགས་པ་ཡེ་ནས་བྲལ་མོད་ཀྱང་། ཐུན་མོང་གི་གདུལ་བྱ་ངེས་ཤེས་བསྐྱེད་ཕྱིར་རི་བོ་པོ་ཏ་ལའི་ལྷོ་ཕྱོགས་ཀྱི་གནས་ཆེན་རཱ་ག་ར་ཏིའི་བྲག་ཕུག་མ་ར་ཏི་ཀའམ་ཟླ་གམ་དབང་གི་ཕུག་ཏུ་ལྷ་ལྕམ་མན་ད་ར་བ་སྒྲུབ་རྟེན་དུ་མཛད་ནས་འཆི་མེད་རིག་འཛིན་གྱི་སྒྲུབ་པ་ལ་བཞུགས་པས། མགོན་པོ་ཚེ་དཔག་མེད་ཀྱི་ལྷ་ཚོགས་ཐམས་ཅད་ཀྱིས་ཞལ་མངོན་སུམ་དུ་བསྟན་ཅིང་དབང་བཞི་ཡོངས་རྫོགས་སུ་བསྐུར་ཏེ་ཚེའི་གདམས་པ་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་བཀའ་གཏད་ཅིང་བྱིན་གྱིས་


TR006_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

བརླབས་ནས་ཚེའི་ལྷ་ཚོགས་རྣམས་ཀྱང་གུ་རུ་ཡབ་ཡུམ་ལ་གཉིས་མེད་དུ་ཐིམ་པས་ཡབ་ཡུམ་གཉིས་ཀ་འཆི་མེད་འཇའ་ལུས་རྡོ་རྗེའི་སྐུ་གྲུབ་ནས། མནྡ་ར་བ་ལ་ཡང་རྒྱ་གར་གྱི་ཡུལ་ཁམས་རྣམས་སུ་མ་ཅིག་གྲུབ་པའི་རྒྱལ་མོར་མཚན་གྲགས། སློབ་དཔོན་ཉིད་ཀྱིས་དུས་རེ་ཤིག་སོ་ས་གླིང་གི་དུར་ཁྲོད་ཆེན་པོར་ཚེ་དཔག་མེད་པ་ཞལ་མཇལ་ནས་འཆི་མེད་ཀྱི་རྒྱུད་དང་གདམས་པ་རྣམས་གདུལ་བྱ་སྐལ་ལྡན་གྱི་རིགས་ལ་རྒྱ་ཆེར་སྟོན་ཞིག་པའི་རྗེས་སུ་གནང་བ་ཐོབ། སླར་ཡང་གཡའ་རི་གོང་གི་བྲག་ཕུག་ཏུ་བཞུགས་པའི་སྐབས་སུ་མགོན་པོ་ཚེ་དཔག་མེད་པས་དངོས་སུ་ལུང་བསྟན་ནས་བོད་ཡུལ་ཁ་བ་ཅན་གྱི་རྒྱལ་ཁམས་སུ་ལོག་འདྲེན་གདུག་པའི་འདྲེ་སྲིན་འདུལ་ཞིང་སངས་རྒྱས་ཀྱི་བསྟན་པའི་སྒྲོན་མེ་སྦར་ཕྱིར་བདག་གིས་ཐུགས་ལས་ཁྱོད་སྤྲུལ་པ་ཡིན་པས་ད་ནི་དེའི་དུས་ལ་བབས་སོ་ཅེས་བསྐུལ་ཞིང་།


TR006_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དང་མཐུན་པར་འཕགས་པ་སྤྱན་རས་གཟིགས་ཀྱིས་ཀྱང་ཡང་ཡང་དུ་བསྐུལ་བར་མཛད་པའི་མཐུས་རྒྱ་གར་དང་བལ་ཡུལ་གྱི་གདུལ་བྱ་རྣམས་བཏུལ་ནས་བོད་ཀྱི་ཕྱོགས་སུ་བྱོན་པ་དང་། བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལ་མཁན་པོ་ཞི་བ་འཚོས་ལུང་བསྟན་ནས་བསམ་ཡས་ཀྱི་ས་འདུལ་ལ་སྤྱན་འདྲེན་པའི་ཕོ་ཉ་བརྫངས་པ་དང་མང་ཡུལ་གུང་ཐང་དུ་མཇལ་བས་ལམ་དུ་བོད་ཀྱི་ལྷ་འདྲེ་གདུག་པ་ཅན་རྣམས་རྫུ་འཕྲུལ་གྱིས་འདུལ་ཞིང་བསམ་ཡས་སུ་བྱོན་ཏེ། གཙུག་ལག་ཁང་གི་ས་འདུལ་རབ་གནས་མངའ་གསོལ་གྱི་བར་དུ་མཐར་ཕྱིན་པར་མཛད། ལོ་ཙཱ་བ་བརྒྱ་དང་རྩ་བརྒྱད་སོགས་དགེ་འདུན་གྱི་སྡེ་དང་བཤད་སྒྲུབ་ཀྱི་བསྟན་པ་རྒྱ་ཆེར་བཙུགས་ཏེ་བོད་ཡུལ་མཐའ་ཁོབ་མུན་པའི་གླིང་ཀུན་མདོ་སྔགས་དམ་ཆོས་ཀྱི་ཉི་འོད་གསལ་བའི་བཀའ་དྲིན་ནི་སུས་ཀྱང་འཁོར་བར་ག་ལ་


TR006_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ནུས། དེ་དག་གི་སྐབས་ཤིག་ཏུ་ཆོས་རྒྱལ་ཉིད་ཀྱིས་གསོལ་བ་བཏབ་པ་དང་གུ་རུ་རིན་པོ་ཆེས་ཀྱང་རྒྱལ་པོའི་སྐུ་ཚེ་ཉི་ཟླ་དང་མཉམ་ན་རྒྱལ་སྲིད་ཆོས་ཁྲིམས་ལ་འཕོ་འགྱུར་མེད་ཚེ་བོད་ཁམས་ཀྱི་བདེ་སྐྱིད་ཉམས་པ་མེད་པ་ལ་གཅིག་ཏུ་དགོངས་ཏེ། བྲག་དམར་གཡའ་མ་ལུང་དུ་ཚེའི་སྒྲུབ་པ་ཞག་བདུན་མཛད་པས་དཀྱིལ་འཁོར་གྱི་སྟེང་གི་ནམ་མཁར་ཚེའི་ལྷ་ཚོགས་དངོས་སུ་བྱོན་ནས་བུམ་ནང་དུ་ཐིམ་པ་དེ་ཉིད་རྒྱལ་པོ་ལ་དབང་བསྐུར་བ་བཞེད་ཀྱང་། སྡིག་བློན་ངན་པས་སྙན་ཕྲང་གསོལ་བས་རྒྱལ་པོ་ཉིད་ཀྱང་ཐེ་ཚོམ་གྱི་བློ་སྐྱེས་ནས་དབང་གི་སྣོད་དུ་མ་གྱུར་པས། སློབ་དཔོན་གྱིས་འཆི་མེད་ཚེ་ཆུ་རྣམས་མ་འོངས་སྙིགས་མའི་སེམས་ཅན་གྱི་དོན་ལ་དགོངས་ནས་གཏེར་གནས་སོ་སོར་གཏེར་དུ་སྦས། སླར་རྒྱལ་པོ་ཉིད་ཤིན་ཏུ་འགྱོད་ཏེ་མཐོལ་བཤགས་དང་ཞུ་འབུལ་ནན་ཏན་དུ་བགྱིས་ནས་ཚེ་བསྲིང་བར་གསོལ་བ་བཏབ་པའི་ངོར། བསམ་ཡས་ཨཱརྱ་


TR006_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

པཱ་ལོའི་གླིང་དུ་ཚེའི་སྒྲུབ་པ་ནས་ཆོས་རྒྱལ་དང་ཡེ་ཤེས་མཚོ་རྒྱལ་གཉིས་ལ་ཚེ་དབང་གནང་བས། མཚོ་རྒྱལ་འཆི་མེད་ཀྱི་དངོས་གྲུབ་ཐོབ་ཀྱང་རྒྱལ་པོ་ཉིད་སྔར་སྡིག་བློན་གྱི་ངག་ལ་ཉན་ཏེ་ཐེ་ཚོམ་སྐྱེས་པའི་སྐྱོན་གྱིས་ཚེ་ཉི་ཟླ་དང་མཉམ་པ་ནི་མ་ཐོབ་ཀྱང་དགུང་ལོ་བཅུ་གསུམ་གྱི་རིང་དུ་བསྲིང་བར་གྱུར། སླད་དུ་གུ་རུ་རིན་པོ་ཆེ་ཉིད་ལྷོ་ནུབ་སྲིན་ཡུལ་དུ་འབྱོན་ལ་ཉེ་བ་ན། མཆིམས་ཕུ་བྲག་དམར་དགེ་གོང་དུ་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ་དངོས་གྲུབ་ཀུན་འདུས་ཀྱི་ཆོས་སྐོར་འདི་ཉིད་ཀྱི་སྒོ་ནས་མྱང་བན་ཏིང་འཛིན་བཟང་པོ་དང་མཚོ་རྒྱལ་གཉིས་ལ་དབང་དང་གདམས་པ་མ་ལུས་ཡོངས་སུ་རྫོགས་པར་གནང་ནས། མྱང་བན་ཁྱོད་ཚེ་འདིར་དམ་ཆོས་རྫོགས་པ་ཆེན་པོའི་ཉམས་ལེན་མཐར་ཕྱིན་ཏེ་ལྔ་ཕུང་ཟག་མེད་འོད་ལུས་སུ་གྲོལ་བར་གྱུར་བས་ཚེའི་སྒྲུབ་པ་ལ་ལྟོས་མི་འཚལ་ཀྱང་


TR006_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

དུས་མ་འོངས་སྙིགས་མ་རྩོད་ལྡན་མཐར་ཐུག་པའི་དུས་ངན་ལ་སྤྱོད་པའི་སྐྱེ་འགྲོ་སྡུག་བསྔལ་གྱིས་མནར་བ་རྣམས་ཁྱོད་ཀྱི་སྤྲུལ་པས་འདུལ་བའི་དུས་དེར་ཟབ་ཆོས་འདི་དག་དང་འཕྲད་ནས་འགྲོ་ལ་ཕན་པ་རྒྱ་ཆེར་འབྱུང་བར་འགྱུར་བས་ཟབ་མོའི་གཏེར་དུ་སྦོས་ཤིག །ཅེས་སོགས་ལུང་བསྟན་བཀའ་གཏད་བྱིན་རླབས་མཛད་ཅིང་མྱང་བན་ཆེན་པོས་ཀྱང་དེ་དང་མཐུན་པའི་བདེན་ཚིག་སྨོན་ལམ་རྒྱ་ཆེར་བཏབ་ནས། ཆོས་སྐོར་རྣམས་གཏེར་ཤོག་ལ་བཀོད་ཅིང་གུ་རུ་ཉིད་ཀྱིས་རབ་ཏུ་གནས་པར་མཛད་པ་དང་ལྷན་ཅིག་གཏེར་རྫས་ཁྱད་འཕགས་མང་པོ་དང་བཅས་ཏེ་གཏེར་དུ་སྦ་བའི་གནས་ནི། སྤྱིར་བོད་ཡུལ་གྱིས་ས་གཞི་ཁབ་རྩེ་གང་ཙམ་ཡང་གུ་རུས་ཞབས་ཀྱིས་མ་བཅག་པ་ནི་མེད་ནའང་། ཁྱད་པར་འཕགས་པའི་སྒྲུབ་གནས་སུ་བྱིན་གྱིས་བརླབས་པའི་ཡོངས་གྲགས་ཀྱི་གནས་


TR006_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བཞི་དང་། བྱེ་བྲག་ཏུ། ལུང་ལྔ། གླིང་གཅིག །རྫོང་གསུམ། གངས་ཆེན་ཉི་ཤུ་དང་བཅས་པ་གསུངས་པའི་ལུང་ལྔའི་ནང་ཚན་གྱི། ཤར་ལྗོན་པ་ལུང་གི་གནས་སྒོ་འཛེང་འཕྲང་སྒོ་བཙུག་བྲག་ལ་གཏེར་དུ་སྦས་ཤིང་། དམ་ཅན་སྐྱེས་བུ་ཆེན་པོ་གཏེར་སྲུང་དུ་བཀོས། དེ་ནས་གུ་རུ་ཉིད་སྲིན་པོའི་ཁ་གནོན་ལ་གཤེགས་པའི་ཤུལ་དུ་མྱང་བན་གྱིས་རྫོགས་ཆེན་སྙིང་ཏིག་གི་དགོངས་པ་མངོན་དུ་གྱུར་པས་ཕྱི་རབས་ལ་ཕན་ཕྱིར་རྫོགས་པ་ཆེན་པོའི་གདམས་པ་སྙན་རྒྱུད་རྣམས་ནི་སྦས་བློ་གྲོས་དབང་ཕྱུག་སོགས་སྣོད་ལྡན་དག་ལ་སྨར་འཁྲིད་དུ་བསྟན། མན་ངག་དོན་གྱི་སྙིང་པོ་རྣམས་ཡི་གེར་བཏབ་ཅིང་གཏེར་དུ་བཏམས་ནས་སྐལ་ལྡན་དང་ཕྲད་པར་སྨོན་ལམ་བཏབ་ནས་བཞག་སྟེ། དགུང་ལོ་བརྒྱ་དང་ཉི་ཤུ་རྩ་ལྔ་པའི་ཐོག་ཏུ་ལུས་ཟག་མེད་འོད་ཕུང་དུ་ཡལ་ཞིང་། ཐུགས་རྗེའི་སྤྲུལ་པ་ནི་རྒྱུན་


TR006_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་མེད་པར་བྱོན་པ་ལས། འོ་སྐོལ་སྙིགས་མཐའི་གདུལ་བྱ་སྐྱབས་བྲལ་མགོན་མེད་རྣམས་ཀྱི་སྐྱབས་གནས་སུ་མཚུངས་བྲལ་འཇའ་ཚོན་སྙིང་པོའམ། སྔགས་འཆང་ཧཱུྃ་ནག་མེ་འབར་དུ་མཚན་འཆང་བའི་མཁྱེན་རྩེ་ནུས་གསུམ་གྱི་བདག་ཉིད་དམ་པར་བྱོན་ནས་ལུང་བྱང་དུས་རྟགས་དང་མཐུན་པར་ཉང་ལུང་མཛེང་འཕྲང་གི་གཏེར་གནས་དེ་ཉིད་ནས་ཚེའི་གདམས་པ་རྒྱུ་དང་མན་ངག་ཡོངས་སུ་རྫོགས་པ་དང་། སྐུ་རྟེན་ངོ་མཚར་ཅན་དུ་མ་དང་། གུ་རུའི་སྒྲུབ་རྫས། རྡོ་རྗེ། ཕུར་བུ། ཚེ་བུམ་ཚེ་ཆུ་དང་བཅས་པ་ཁྲོམ་གཏེར་དུ་གདན་དྲངས་ནས་གདུལ་བྱ་ངོ་མཚར་གྱི་གནས་ལ་བཀོད་ཅིང་ཟབ་ཆོས་ཚེ་ཆུ་དང་བཅས་པ་རྣམས་ཀྱིས་ཀྱང་བཀའ་བབ་སྐྱེས་ཆེན་དག་གི་སྐུ་ཚེ་བསྲིང་བ་དང་། མོས་ལྡན་གདུལ་བྱ་རྣམས་དུས་མིན་འཆི་བའི་བར་ཆད་ལས་སྐྱོབ་པར་མཛད་པའི་བཀའ་དྲིན་ནི་བསམ་བརྗོད་


TR006_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ལས་འདས་ལ། འགྲོ་དོན་གྱིས་ཀྱང་རྒྱ་མཚོའི་གོས་ཅན་ཁྱབ་པ་མངོན་སུམ་ཚད་མར་གྱུར་པ་འདི་ལགས་མོད་ཀྱི། དེའི་ཕྱིར་ན་དེང་གི་སྐབས་འདིར་ཡང་གདམས་པ་ཟབ་མོ་འདི་ལྟ་བུའི་དབང་བསྐུར་ཞུ་བར་བྱེད་པ་ལ་དད་པ་འགྱུར་མེད་ཀྱིས་གསོལ་བ་བཏབ་ཅིང་གང་སྲུང་སྒྲུབ་ནུས་ཀྱི་དམ་ཚིག་ལ་གནས་དགོས་པ་ནི་སློབ་མའི་མཚན་ཉིད་ཀྱི་རྩ་བ་གལ་པོ་ཆེ་ཡིན་པས་ན། བདག་རྡོ་རྗེ་སློབ་དཔོན་ལ་མི་གཟུགས་ཕལ་པའི་སྣང་བ་མ་མཛད་པར། མགོན་པོ་ཚེ་དཔག་མེད་ཀྱི་ཐུགས་རྗེའི་གཟུགས་སྣང་དུ་མོས་པ་རྩེ་གཅིག་པའི་དག་སྣང་ཆེར་སྐྱེད་ནས་གསོལ་བ་གདབ་པའི་ཚིག་འདིའི་རྗེས་ཟློས་གནང་བར་ཞུ། ཀྱེ་མ། བདག་སོགས་མ་རིག་སེམས་ཅན་ལ། དུས་མིན་འཆི་བས་བར་གཅོད་ན། བླ་མ་དཀྱིལ་འཁོར་ཀུན་གྱི་གཙོ། །བདག་ལ་ཐུགས་རྗེས་བྱིན་རློབས་འཚལ། །དེ་ལྟར་གསོལ་


TR006_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཏབ་པའི་བུ་ལ་བླ་མ་ཚེ་དཔག་མེད་པས་མཁྱེན་བརྩེའི་སྒོ་ཕྱེས་ཏེ་བཀའི་གནང་བ་སྦྱིན་པ་ལ་ཡིད་རངས་པས་གསན་འཚལ། ཉོན་ཅིག་ལས་ཅན་བུ་རྣམས་ཀུན། །དཀྱིལ་འཁོར་འདི་ཉིད་མཐོང་ཙམ་གྱིས། །ལས་ངན་དག་ཅིང་ཚེ་དབང་ཐོབ། །གསང་སྔགས་ཟབ་མོའི་ཁྱད་ཆོས་ཡིན། །ཡིད་ལ་བཟུངས་ཤིག་ས་མ་ཡཱ། དེ་ལྟར་དབང་བསྐུར་ཟབ་མོ་ཐོབ་པར་བྱེད་པ་ལ་ཡང་སློབ་མའི་རྒྱུད་དག་ཅིང་སྣོད་དུ་རུང་དགོས། རྒྱུད་མ་དག་ཅིང་སྣོད་དུ་མ་གྱུར་པ་ལ་དབང་བསྐུར་ཀྱང་ཐོབ་པར་མི་འགྱུར་ཞིང་སྣོད་མིན་ལ་གསང་སྔགས་བསྟན་ན་སློབ་དཔོན་བདག་ཉིད་ལ་ཡང་ལྟུང་བའི་ཉེས་སྒྲིབ་འབྱུང་ཕྱིར་སློབ་མའི་རྒྱུད་སྦྱང་དགོས་པ་ན། དེའི་ཐབས་སུ་ནང་པ་སངས་རྒྱས་པའི་ཆོས་ཀྱི་སྣོད་རུང་དུ་བྱེད་པ་སྐྱབས་འགྲོ། ཐེག་པ་ཆེན་པོའི་ལམ་དུ་ཆུད་པར་བྱེད་པ་སེམས་བསྐྱེད། རྡོ་རྗེ་ཐེག་པའི་གྲལ་དུ་གཞུག་ཕྱིར་སྡོམ་པ་


TR006_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་བ་དང་བཅས་པ་མེད་ཐབས་མ་མཆིས་ལ། དེ་དག་བླང་བའི་ཡུལ་ནི་བླ་མེད་རྡོ་རྗེ་ཐེག་པའི་སྐབས་འདིར་བླ་མ་ནི་དཀོན་མཆོག་མ་ལུས་པའི་བདག་ཉིད་དམ་འབྱུང་གནས་སམ་གཙོ་བོའམ་ཁྱབ་བདག་ཡིན་པས་ན་ཇི་སྐད་དུ། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །ཞེས་པ་ལྟར་རྡོ་རྗེ་སློབ་དཔོན་གྱི་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་རང་བཞིན་ཉིད་ཕྱི་ལྟར་དཀོན་མཆོག་གསུམ། ནང་ལྟར་རྩ་བ་གསུམ། གསང་བར་སྐུ་གསུམ་མཐའ་དག་ཡོངས་སུ་རྫོགས་པའི་ངོ་བོ་ལ། རང་གཞན་མཁའ་ཁྱབ་རྫོགས་བྱང་གི་གོ་འཕངས་བསྒྲུབ་སླད་འབའ་ཞིག་ལ་གཅིག་ཏུ་བློ་ངེས་པས་སྐྱབས་སེམས་སྡོམ་བཟུང་རྣམས་ཞུ་བའི་འདུན་པ་ཚིག་དོན་མཐུན་པར་བདག་གིས་རྗེས་ཟློས་མཛད་པར་ཞུ། ཨེ་མ། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང་། །བླ་མ་ཡི་


TR006_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

དམ་མཁའ་འགྲོ་དགོངས། །རྐང་གཉིས་གཙོ་བོ་སངས་རྒྱས་དང་། །ཞི་བ་ཆགས་བྲལ་དམ་པའི་ཆོས། །ཚོགས་མཆོག་འཕགས་པའི་དགེ་འདུན་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །བྱིན་རླབས་རྩ་བ་བླ་མ་དང་། །དངོས་གྲུབ་རྩ་བ་ཡི་དམ་ལྷ། །ཕྲིན་ལས་མཛད་པའི་མཁའ་འགྲོ་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །སྐྱབས་གནས་ཀུན་གྱི་སྤྱན་སྔ་རུ། །སྒོ་གསུམ་གུས་པས་གཞན་དོན་དུ། །གནོད་པ་ལས་ཟློག་དགེ་བ་སྒྲུབས། །དགེ་བསྙེན་དགེ་ཚུལ་དགེ་སློང་སོགས། །སོ་སོ་ཐར་བའི་སྡོམ་པ་ལ། །རྒྱུན་དུ་གནས་ཤིང་དགའ་བ་བསྒོམ། །སྡོམ་པ་ཡོངས་སུ་བཟུང་བར་བགྱི།། ༈ །།སྐྱབས་གནས་ཐམས་ཅད་དགོངས་སུ་གསོལ། །འདི་བཟུང་བྱང་ཆུབ་མ་ཐོབ་པར། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །ཕ་མ་བུ་ཡིས་འདུ་ཤེས་ཀྱིས། །མ་བསྒྲལ་བསྒྲལ་དང་མ་གྲོལ་གྲོལ། །དབུགས་དབྱུང་མྱ་ངན་འདས་ལ་འགོད། །སྨོན་པའི་


TR006_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་སྐྱེད་དོ། །སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱང་། །སྡོམ་པ་ལ་ནི་གནས་པ་ལྟར། །འདི་གཟུངས་འཁོར་བ་མ་སྟོངས་བར། །བླ་མེད་འཇུག་པའི་བྱང་ཆུབ་སེམས། །དེ་བཞིན་བདག་གིས་བསྐྱེད་པར་བགྱི། །ཕར་ཕྱིན་དྲུག་ལ་སློབ་ཅིང་སྒྲུབས། །བརྩོན་འགྲུས་བདག་གིས་ཐམས་ཅད་བསྒྲལ། །ཀུན་དོན་ཚུལ་ཁྲིམས་གསུམ་ཡང་བཟུང་། །བདག་གིས་སེམས་སྐྱེད་སྡོམ་པ་བཟུང་། །བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་སྐྱེད་དོ། །ན་མོ། དཀོན་མཆོག་གསུམ་ནི་མི་སྤོང་བཞིན། །རྩ་གསུམ་བླ་མ་མི་སྤོང་ངོ་། །རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང་། །རྩ་བ་ཡན་ལག་དམ་ཚིག་རྣམས། །རིན་ཆེན་རིགས་ཀྱི་དམ་ཚིག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །པདྨ་རིགས་ཀྱི་དམ་ཚིག་ཏུ། །ཐེག་པ་གསུམ་དང་ཆོས་


TR006_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བཤད། །ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ། །འགྲོ་བའི་དོན་ལ་བརྩོན་པར་བྱ། །རྩ་བ་ཡན་ལག་དམ་ཚིག་རྣམས། །མ་ལུས་དག་གི་ཡོངས་བཟུང་ངོ་།། ༈ །།དེ་ལྟ་བུའི་སྡོམ་པ་དང་དམ་ཚིག་སྤྱི་དང་ཁྱད་པར་མ་ལུས་པ་ལེགས་པར་ཐོབ་པས་གསང་སྔགས་ཀྱི་དཀྱིལ་འཁོར་དུ་འཇུག་ཅིང་མཐོང་བའི་སྣོད་དང་སྐལ་བ་ཅན་དུ་བསྒྲུབས་པ་ཡིན་ལ། འོན་ཀྱང་ཁྱེད་ཅག་གིས་ཚུལ་འདི་ལྟ་བུའི་སྣོད་དུ་མ་གྱུར་པ་དང་དཀྱིལ་འཁོར་ཆེན་པོ་འདི་མ་མཐོང་བ་དག་གི་རྣ་བར་མ་བརྗོད་ཅིག །གལ་ཏེ་དེ་ལས་འདའ་ཞིང་སྣོད་སྨིན་ལ་སྨྲ་བར་བྱེད་ན་ཁྱེད་བར་ཆད་ཀྱི་དབང་དུ་གྱུར་ནས་ཚེའི་དུས་བྱེད་ཅིང་ན་རཀ་དམྱལ་བའི་གནས་སུ་ལྷུང་བར་གདོན་མི་ཟ་བས་དམ་ཚིག་ཐུབ་པར་སྲུངས་ཤིག །ས་མ་ཡཱ། ཞེས་བརྗོད་པའི་འཕྲོར། རྡོ་རྗེ་སློབ་མའི་སྙིང་ཁར་བཞག་ལ། ཧྲཱིཿ འདི་ནི་བླ་མེད་ཚེ་ཡི་བདག །ཁྱོད་ཀྱི་སྙིང་གར་བསྟིམ་པ་ཡིས། །


TR006_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་གཞན་ལ་བཤད་པ་ན། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །བཛྲ་ས་མ་ཡ་ཨཱཿཧཱུྃ། ལས་བུམ་མམ་དུང་ཆོས་ཀྱི་ཆུ་ལྕེ་ལ་བཞག་ཅིང་། ཧྲཱིཿ འདི་ནི་དམ་ཚིག་རྡོ་རྗེའི་ཆུ། །དམ་ཚིག་སྲུང་ན་དངོས་གྲུབ་ཐོབ། །དམ་ཚིག་ཉམས་ན་དམྱལ་བར་ལྷུང་། །དེ་ཕྱིར་བདུད་རྩིའི་ཆུ་འདི་འགྲུབ། །ཨོཾ་བཛྲ་ཨུ་ད་ཀ་ཋཱ།། ༈ །།འདི་ལྟར་རྡོ་རྗེ་སེམས་དཔའ་དང་དམ་ཚིག་བདུད་རྩིའི་མནའ་ཆུར་བཅས་པ་ཁྱེད་ལ་བྱིན་ཞིང་སྙིང་ལ་བསྟིམ་པའི་མཐུས། ཁྱེད་ཅག་དམ་ཚིག་མ་ཉམས་པར་ཐུབ་ན་འཆི་མེད་ཡེ་ཤེས་སེམས་དཔའི་བྱིན་རླབས་སྙིང་ལ་ཞུགས་པས་མཆོག་མཐུན་གྱི་དངོས་གྲུབ་ཚེགས་མེད་དུ་ཐོབ་པར་འགྱུར་བ་དང་། དམ་ལས་འདའ་ན་རྡོ་རྗེ་བདུད་རྩི་ལྕགས་ཀྱི་སྡིག་པ་མགོ་དགུ་པར་གྱུར་ནས་སྙིང་ཁྲག་གཞིབ་ཅིང་མནར་མེད་པའི་དམྱལ་བ་ཆེན་པོར་བསྲེག་པར་འགྱུར་བ་སྟེ། དེས་ན་ཚུལ་


TR006_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་དམ་ཚིག་ལ་གནས་ཀྱི་སྤྱན་པ་དང་དཔང་པོའི་ལེགས་ཉེས་ཀྱི་སྟངས་གཅོད་སྲུང་མ་དང་ཁྲིམས་བདག་ལྟ་བུ་ཡིན་པ་གོ་བར་བྱོས་ཤིག །སླར་ཡང་རྡོ་རྗེ་སློབ་མའི་སྤྱི་བོར་བཞག་ཅིང་། འོ་རིགས་ཀྱི་བུ། དེང་ནས་བརྩམས་ཏེ་ཁྱོད་ཀྱི་རྡོ་རྗེའི་སློབ་དཔོན་ང་ཡིན་པས། ང་ཡིས་ཅི་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །དེ་ལས་འདས་ན་ཁྱོད་འཆི་བའི་དུས་བྱས་ནས་རྡོ་རྗེའི་དམྱལ་བར་འགྲོ་བར་གདོན་མི་ཟ་བས། དེས་ན་དམ་ཚིག་ཚུལ་བཞིན་སྲུང་ཤིག །ས་མ་ཡཱ། དེ་ནས་སེ་རས་དམར་པོའི་སྤྱན་དར་བཅིང་བ་དང་ལྷན་ཅིག་སྔགས་འདི་བརྗོད་དེ། ཨོཾ་ཙཀྵུ་བྷནྡྷ་ཝ་ར་མ་ན་ཡེ་སྭཱ་ཧཱ། མིག་དར་འདི་བཞིན་བཅིངས་པའི་དགོས་པ་གང་ཡིན་སྙམ་ན། འོ་སྐོལ་རྣམས་འཁོར་བ་ཐོག་མ་མེད་པ་ནས་རང་བྱུང་ཡེ་ཤེས་དོན་གྱི་དཀྱིལ་འཁོར་རང་ལ་དབྱེར་མེད་ལྷུན་གྲུབ་ཏུ་བཞུགས་ཀྱང་། ལྷན་སྐྱེས་ཀྱི་སྒྲིབ་པས་འབྲལ་མེད་དུ་འཐུམས་ཏེ་མ་མཐོང་བའི་ཚུལ་འདི་ལྟ་བུ་


TR006_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །ཞེས་པའི་བརྡ་དང་དཔེ་མཚོན་པའི་ཕྱིར་ཡིན་ནོ། །ད་ནི་མཆོག་གི་དཀྱིལ་འཁོར་དམ་པ་མངོན་སུམ་དུ་མཐོང་བའི་ཕྱིར། དཀྱིལ་འཁོར་འདི་ཉིད་ཀྱི་ཕྱོགས་བཞིའི་ཚད་མེད་རྣམ་བཞིའི་སྒོ་མ་ལ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛད་འཚལ། ཧྲཱིཿ དཀྱིལ་འཁོར་ཤར་སྒོའི་ལྷ་མོ་ལྕགས་ཀྱུ་མ། །ཞི་བའི་ལས་མཛད་སྐལ་ལྡན་ལྷ་དང་སྤྲོད། །དཀྱིལ་འཁོར་ལྷོ་སྒོའི་ལྷ་མོ་ཞགས་པ་མ། །རྒྱས་པའི་ལས་མཛད་སྐལ་ལྡན་ལྷ་དང་སྤྲོད། །དཀྱིལ་འཁོར་ནུབ་སྒོའི་ལྷ་མོ་ལྕགས་སྒྲོགས་མ། །དབང་གི་ལས་མཛད་སྐལ་ལྡན་ལྷ་དང་སྤྲོད། །དཀྱིལ་འཁོར་བྱང་སྒོའི་ལྷ་མོ་ དྲིལབུ next hit་མ། །དྲག་པོའི་ལས་མཛད་སྐལ་ལྡན་ལྷ་དང་སྤྲོད། མེ་ཏོག་ཅོད་པཎ་སློབ་མའི་ལག་ཏུ་གཏད་ནས་ཐལ་མོ་སྦྱར་བའི་བར་དུ་བཟུང་དུ་བཅུག་ལ། དེ་ལྟ་བུས་སྒོ་མ་ལ་གསོལ་བ་བཏབ་པས་སྤྲུལ་པའི་སྒོ་མ་རྣམས་ཀྱིས་ཚེའི་དཀྱིལ་འཁོར་ཆེན་པོའི་ཕྱོགས་བཞི་སྒོ་བཞི་ཕྱེས་ནས་


TR006_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་རང་རྣམས་ཀྱི་བར་འཁྱམས་སུ་སླེབ་པའི་མོས་འདུན་མཛད་པ་དང་། ཞེས་པའི་སྐབས་འདིར་དཀྱིལ་འཁོར་གྱི་ཡོལ་བ་ཕྱེ་ཞིང་། མེ་ཏོག་འདི་ཉིད་ཕྱག་རྟེན་གྱི་ཚུལ་དུ་དཀྱིལ་འཁོར་ལྷ་ཚོགས་ལ་གུས་པས་ཕུལ་བས། རང་ཉིད་ཀྱི་ཚེ་རབས་སྔོན་ནས་ཡི་དམ་ལྷ་མཆོག་གང་ལ་བརྟེན་ཅིང་འབྲེལ་བ་ཡོད་པའི་རིགས་དེ་ཉིད་དང་རྗེས་སུ་མཐུན་པའི་དཀྱིལ་འཁོར་གྱི་ལྷ་དེས་མེ་ཏོག་བཞེས་ཤིང་བྱིན་གྱིས་རློབས་པར་གྱུར་ཅིག་སྙམ་པའི་མོས་གུས་བསྐྱེད་པའི་ངང་ནས་ཚིག་འདི་རྗེས་ཟློས་གནང་བའི་མཐར། བདག་གི་དྲིལ་བུའི་སྒྲ་བྱུང་མ་ཐག་མེ་ཏོག་དཀྱིལ་འཁོར་ལ་འཐོར་བར་མཛོད། ཧྲཱིཿ ཚེ་ཡི་དཀྱིལ་འཁོར་གསང་བའི་ཕོ་བྲང་འདིར། །ལས་ཀྱི་འབྲེལ་བའི་མེ་ཏོག་འདི་དོར་ན། །སྔོན་ནས་ལས་འཕྲོ་གང་ཡོད་ལྷ་དེ་ལ། །འབུལ་ལོ་ཡི་དམ་ལྷ་དང་མཇལ་བར་ཤོག །ཨོཾ་པུ་རུ་ཥཱ་ཡ་ཧོཿ ཞེས་པས་previous hit དྲིལབུ next hit་བསིལ་ཞིང་དར་ཟབ་ལས་གྲུབ་པའི་ཅོད་པཎ་ནམ་ཅིས་ཀྱང་མ་འབྱོར་བའམ་སློབ་མ་ཧ་ཅང་མང་ནས་མ་


TR006_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ཤོམ་ན་འབྲུའི་མེ་ཏོག་སིལ་མས་ཀྱང་རུང་བ་དཀྱིལ་འཁོར་གྱི་དབུས་གཙོ་བོ་ལ་གཏད་དེ་དོར་བ་ཕྱོགས་གང་ལ་བབས་པ་སློབ་དཔོན་ནམ་ལས་སློབ་ཀྱི་བརྟག་ཅིང་རེ་རེ་ནས་ངོས་བཟུང་ལ་བརྗོད་དེ། འདི་ལྟར་མེ་ཏོག་ཅོད་པཎ་གང་ལ་བབས་པ་དེ་ཉིད་ལ་ཚེ་རབས་ཀྱི་ལྷ་སྐལ་ཞེས་བྱ་སྟེ། ཡི་དམ་གཞན་གང་དང་གང་བསྒྲུབ་པ་ལས་ཀྱང་ལྷ་སྐལ་གང་ཡིན་དེ་སྒྲུབ་ཐག་ཉེ་ཞིང་དངོས་གྲུབ་མྱུར་བ་ཡིན་ལ། དེ་ཡང་མེ་ཏོག་དབུས་ཀྱི་གཙོ་མཆོག་ལ་བབས་པ་ན་མཆོག་གི་དངོས་གྲུབ་ཐོབ་པའི་སྐལ་བ་དང་ལྡན་ཞིང་། ཚེའི་དཀྱིལ་འཁོར་འདི་ཉིད་པདྨ་གསུང་གི་རིགས་གཙོ་བོར་གྱུར་པའི་དབང་གིས་ཚེ་རབས་ཀྱི་ལྷ་སྐལ་ཡང་པདྨ་གསུང་གི་ལྷ་ཚོགས་བསྒྲུབ་པར་བསྔགས་པ་དང་། དབང་གི་གསང་མཚན་དུ་རིགས་འདུས་པདྨ་ཚེ་དབང་རྩལ། ཞེས་ཐོགས་པ་ཡིན་པས་མ་བརྗེད་པར་འཛིན་པ་ཞུ།། ༈ །།མེ་ཏོག་ཤར་དུ་བབས་ན་རྡོ་རྗེ་རིགས་ཀྱི་ལྷ་བསྒྲུབ་ན་


TR006_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་ཉེ་ཞིང་ཞི་བའི་ཕྲིན་ལས་ལ་དབང་བ་ཡིན་པས་གསང་བའི་མཚན་ཡང་རྡོ་རྗེ་ཚེ་དབང་རྩལ་དུ་འཛིན་པ་དང་། ལྷོ་ཕྱོགས་སུ་བབས་ན་ཡོན་ཏན་རིན་ཆེན་རིགས་ཀྱི་ལྷ་འགྲུབ་ཅིང་རྒྱས་པའི་ཕྲིན་ལས་ལ་དབང་བས་ན་རཏྣ་ཚེ་དབང་རྩལ་དུ་གསང་མཚན་འཛིན་པ་དང་། ནུབ་ཏུ་བབས་ན་བདེར་གཤེགས་སྐུའི་རིགས་འགྲུབ་ཅིང་དབང་གི་ཕྲིན་ལས་ལ་མངའ་བརྙེས་པར་འགྱུར་ལ། གསང་མཚན་ནི་བུདྡྷ་ཚེ་དབང་རྩལ་དུ་འཛིན་པ་དང་། བྱང་དུ་བབས་ན་ལས་ཀྱི་རིགས་ཀྱི་ལྷ་འགྲུབ་སླ་ཞིང་མངོན་སྤྱོད་དྲག་པོའི་དངོས་གྲུབ་ལ་དབང་བར་འགྱུར་བས་ན། ཀརྨ་ཚེ་དབང་རྩལ་ཞེས་འཐོགས་པ་སྟེ་དེའི་ཕྱིར་སླར་ཡང་མེ་ཏོག་གི་ཅོད་པན་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཅིངས་ཤིང་དབང་གི་གསང་མཚན་བཏགས་པའི་བྱིན་རླབས་ཕན་ཡོན་གྱིས། གནས་སྐབས་སུ་ཡང་བདུད་ཀྱི་བར་ཆད་ལས་སྐྱོབ་ཅིང་རིགས་དེ་དང་དེའི་ཡི་དམ་


TR006_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ལྷས་རྗེས་སུ་འཛིན་པར་འགྱུར་ལ། མཐར་ཐུག་ཏུའང་ད་ལྟའི་དཀྱིལ་འཁོར་གྱི་ཕྱོགས་གང་ལ་བབས་པ་དང་། མཐུན་པའི་ཞིང་ཁམས་སུ་གསང་མཚན་དང་རྗེས་སུ་མཚུངས་པའི་མཚན་དོན་དང་ལྡན་པར་འཚང་རྒྱ་བ་དང་། སྤྲུལ་པའི་འགྲོ་དོན་མཛད་ཚུལ་ཡང་ད་ལྟའི་ལས་བཞིའི་བཀའ་བབས་གང་ཡིན་དང་ཆ་མཐུན་པའི་སྒོ་ནས་སེམས་ཅན་གྱི་དོན་རླབས་པོ་ཆེ་སྤྱོད་པར་འགྱུར་བ་སྟེ། མདོར་ན་མེ་ཏོག་འདོར་བའི་སྒོ་ནས་ལྷ་དང་རིགས་ངེས་པར་བྱེད་པ་འདི་ནི་གསང་སྔགས་རྡོ་རྗེ་ཐེག་པའི་ཐབས་ཀྱི་ཁྱད་ཆོས་ལགས་པས་དགོངས་པ་འཚལ་ལོ། །ཞེས་ཅོད་པཎ་སློབ་མའི་སྤྱི་བོར་དབང་བསྐུར་ཞིང་། སྔགས་འཆང་དང་རྣལ་འབྱོར་སྤྱོད་པའི་ཆ་བྱད་ཅན་དག་ལ་ནི་ཅོད་པན་དེ་ཉིད་སྐྲའི་སེབ་ཏུ་འབྲལ་མེད་བཅང་དགོས་ལ། འོན་ཏེ་རབ་བྱུང་གི་ཆས་ཅན་ནམ། མེ་ཏོག་སིལ་མ་གཏོར་བ་ཡིན་ན། སློབ་དཔོན་གྱི་མེ་ཏོག་ལ་རྟེན་འབྲེལ་སྙིང་པོ་བཟླས་ལ་ཅུང་ཟད་རེ་སྤྱི་བོར་བླུག་པར་བྱ་སྟེ། འདི་


TR006_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དབང་གཞུང་ལ་ལར། དབང་ལ་སྔ་བ་ཅོད་པཎ་མིང་གིས་དབང་ཞེས་བྱའོ། །དེ་ནས་བླ་མ་ཚེ་དཔག་མེད་པའི་ཐུགས་རྗེའི་འོད་ཟེར་མིག་ཐུར་ལྟ་བུ་འཕྲོས་པས་ཁྱོད་རང་རྣམས་ཀྱི་མ་རིག་རྨོངས་མུན་བག་ཆགས་སྒྲིབ་གཡོགས་ཐམས་ཅད་བསལ་ནས་ཡེ་ཤེས་དག་པའི་སྤྱན་མངོན་པར་ཕྱེས་པའི་མོས་པ་མཛོད་ཅིག །ཧྲཱི༔ ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་མིང་ཐོག་གསལ་བ་ལྟར། །དེ་ནི་བུ་ཁྱོད་མ་རིག་ནད། །རབ་རིབ་རྒྱལ་བ་རྣམས་ཀྱི་བསལ། །ཡེ་ཤེས་སྤྱན་དུ་དབྱེ་བར་བྱ། །ཨོཾ་བཛྲ་ཙཀྵུ་ཕྱེས། སཱུརྱ་ཙནྜ་སྭཱ་ཧཱ། ཞེས་པས་སྤྱན་དར་དཀྲོལ་ནས། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །དཀྱིལ་འཁོར་ཆེན་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་སྐྱེད། །མཐོང་བ་ཙམ་གྱིས་གྲོལ་བ་ནི། །ལྷུན་གྲུབ་དཀྱིལ་འཁོར་འདི་ཡིན་ནོ། །འཆི་མེད་རྡོ་རྗེའི་དངོས་གྲུབ་ཐོབ། །ཁྱེད་ནི་སྐལ་བར་ལྡན་པ་ཡིན། །དེ་ཡང་དཀྱིལ་འཁོར་ལ་དབྱེ་ན་བཞི་སྟེ། ཕྱི་


TR006_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་བཅུད་རང་བཞིན་གྱི་དཀྱིལ་འཁོར། །ནང་འབྱུང་ཁམས་ཕུང་པོའི་དཀྱིལ་འཁོར། །གསང་བ་རང་རིག་ཡེ་ཤེས་ཀྱི་དཀྱིལ་འཁོར། །ཐུན་མོང་བརྡ་བརྟགས་གཟུགས་བརྙན་གྱི་དཀྱིལ་འཁོར་དང་བཞི་ཡོད་ལ། བསྡུ་ན། མཚོན་བྱེད་དཔེའི་དཀྱིལ་འཁོར་དང་མཚོན་བྱ་དོན་གྱི་དཀྱིལ་འཁོར་གཉིས་ལ་འདུ་བས་ན་མཚོན་པར་བྱ་བའི་དོན་ངོ་སྤྲོད་པར་བྱེད་པ་ལ་མཚོན་བྱེད་དཔེ་ལ་ལྟོས་དགོས་ཕྱིར་དེས་ན་གཟུགས་བརྙན་གྱི་དཀྱིལ་འཁོར་འདི་ནི། དབུས་སུ་རིགས་ཐམས་ཅད་ཀྱི་ཁྱབ་བདག་མགོན་པོ་འོད་དཔག་ཏུ་མེད་པ་ཆོས་ཉིད་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་པ་ཁ་སྦྱོར་ཡན་ལག་བདུན་ལྡན་དུ་བཞེངས་པ་བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་རང་འོད་ཀྱི་ཡུམ་ཆེན་ན་བཟའ་དཀར་མོ་དང་གཉིས་མེད་ཟུང་འཇུག་བདེ་ཆེན་འདུ་འབྲལ་མེད་པར་བཞུགས་པའི་འཁོར་གྱི་དཀྱིལ་འཁོར་ཚེ་བདག་རྒྱལ་བ་རིགས་བཞི་ཡབ་ཡུམ་དང་། འཇམ་དབྱངས་སྤྱན་རས་གཟིགས་ཕྱག་


TR006_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

རྡོར་པད་འབྱུང་སྟེ་རྣམ་པར་སྤྲུལ་པའི་སྐུ་བཞི། །ཚེའི་ཕོ་ཉ་འགྱོགས་བྱེད་ཀྱི་ལྷ་མོ་བཞི། སྒོ་བཞི་སྲུང་བའི་ཁྲོ་ཆེན་རྣམ་བཞི་རང་རིགས་ཀྱི་ཡུམ་དང་བཅས་པ་སྟེ་འཆི་མེད་ཚེའི་ལྷ་གཙོ་འཁོར་ཉེར་དྲུག་དང་། ཕྱིའི་འཁོར་ཡུག་ཏུ་ཚེ་ལ་དབང་བའི་དྲང་སྲོང་རིག་འཛིན་དཔའ་བོ་མཁའ་འགྲོ་སྤྲུལ་པ་ཡང་སྤྲུལ་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བསྐོར་ནས་བཞུགས་པ་རྣམས་ཀྱི་ཞལ་མངོན་སུམ་དུ་མཐོང་བའི་མོས་པ་དང་དག་སྣང་མཛད་འཚལ་ཞིང་། །འདི་ལྟ་བུའི་གསང་སྔགས་ཟབ་མོའི་དཀྱིལ་འཁོར་ལན་གཅིག་མཇལ་བ་ཙམ་གྱིས་བསྐལ་པ་གྲངས་མེད་པའི་སྡིག་སྒྲིབ་ལས་ཉོན་གྱི་ཕུང་པོ་རི་རབ་ཙམ་ཡང་བྱང་བར་འགྱུར་ན། ཞུགས་ཅིང་དབང་བསྐུར་ཐོབ་པ་དང་བསྒོམ་ཞིང་བསྙེན་སྒྲུབ་བགྱིས་པ་ནི་སྨོས་ཀྱང་ཅི་དགོས་ཏེ། གནས་སྐབས་དང་མཐར་ཐུག་གི་


TR006_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཆེན་བླ་ན་མེད་པ་གྲུབ་པར་འགྱུར་བས་ན་སྤྲོ་བ་དང་དགའ་བ་རྒྱ་ཆེན་པོ་སྐྱེད་མཛོད།། ༈ །།འདོར་ན་འདི་ཡན་ཆོད་ཀྱི་ལས་རིམ་རྣམས་ནི་ཁྱེད་ཅག་རྣམས་དབང་གིས་སྣོད་རུང་དུ་བསྒྲུབ་པའི་སྟ་གོན་ཡིན་ཏེ། ཇི་ལྟར་འཇིག་རྟེན་ན་རིན་ཆེན་གསེར་དངུལ་ལ་སོགས་ལས་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་སོགས་བྱ་བར་འདོད་ན་དང་པོར་རྒྱུ་དེ་དག་བཞུ་འདུལ་གཡའ་འདོན་སོགས་དྲི་མ་སྦྱོང་ཞིང་ལས་སུ་རུང་བར་བྱ་བའི་ཐབས་ཇི་སྙེད་ཅིག་ནན་ཏན་དུ་འབད་ནས་རྒྱུ་དེ་དག་མཉེན་ཞིང་ལྷད་མེད་ལས་རུང་དུ་ནམ་གྱུར་པའི་ཚེ་སྐུ་གཟུགས་སོགས་གང་འདོད་བྱར་རུང་བའི་དཔེ་དེ་བཞིན་དུ། འདིར་ཡང་སློབ་མའི་རྒྱུད་ཀྱི་བག་ཆགས་སྒྲིབ་ཚོགས་རྣམས་སྦྱོང་ཞིང་དབང་དོན་གྱི་ཡེ་ཤེས་སྐྱེ་བའི་རྒྱུ་དང་སྣོད་དང་ཡུལ་དུ་རུང་བར་སྒྲུབ་ནས།། ༈ །།ད་ནི་དབང་དངོས་གཞི་ལ་འཇུག་པར་བྱེད་པ་ལ་ཡང་


TR006_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་རྡོ་རྗེ་ཐེག་པའི་དབང་ནི་སེང་གེའི་འོ་མ་དང་འདྲ་སྟེ། དེ་བླུག་པའི་སྣོད་རིན་ཆེན་གསེར་དངུལ་མ་གཏོགས་སྣོད་ཕལ་པ་གཞན་གྱིས་མི་ཐུབ་པ་བཞིན། སློབ་མ་ཡི་དམ་ལྷའི་སྐྱེད་རིམ་དང་མི་ལྡན་པ་ལ་བསྐུར་དུ་མི་རུང་བས། དེས་ན་ཁྱེད་རང་རྣམས་ཡིད་གཞན་དུ་མ་ཡེངས་པར་དམིགས་པ་འདི་ལྟར་སྒོམ་པར་ཞུ།། ༈ །།ཨོཾ་སྭཱ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། འཁོར་འདས་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གདོད་མ་ནས་ཡེ་སྟོང་མཐའ་བྲལ་གྱི་རང་བཞིན་ཉིད་དུ་ལྷུན་གྱིས་གྲུབ་པའི་གསལ་མདངས་འགག་མེད་ཀྱི་སྣང་ཆར། འོ་སྐོལ་གནས་པའི་ཡུལ་དང་ཁང་ཁྱིམ་འདི་དག་ཐམས་ཅད་འཇིག་རྟེན་ཀུན་བརྟག་གི་གནས་ཁང་དུ་མ་སེམས་པར་པདྨོ་བདེ་བ་ཅན་གྱི་ཞིང་ཁམས་རྒྱན་དང་བཀོད་པ་ངོ་མཚར་མཐའ་ཡས་པའི་ཡེ་ཤེས་སྤྲུལ་པའི་ཕོ་བྲང་ཡིན་པར་མོས་པ་མཛད། བདག་རྡོ་རྗེ་སློབ་དཔོན་ཡང་


TR006_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་འོད་དཔག་མེད་པའི་སྐུའི་བཀོད་པ་ཁོ་ན་ཉིད་དུ་ངེས་ཤེས་རྩེ་གཅིག་བསྐྱེད་པའི་ངང་ནས། ཁྱེད་རང་རྣམས་ཀྱི་གདུག་པའི་སྟན་ཡང་མེ་ཏོག་པདྨ་དམར་པོ་འདབ་མ་སྟོང་ལྡན་གྱི་སྟེང་དུ་ཟླ་བ་ཉ་གང་བའི་གདན་དུ་གྱུར་པའི་དབུས་སུ་ཁྱེད་རྣམས་ཀྱི་ཤེས་རིག་གི་ངོ་བོ་ཡི་གེ་ཧྲཱིཿདམར་པོ་གཅིག་ཏུ་གྱུར་ཏེ། དེ་ལས་འོད་ཟེར་དམར་པོའི་ཚོགས་དཔག་ཏུ་མེད་པ་སྟེང་འོག་ཕྱོགས་བཅུའི་འཇིག་རྟེན་ཀུན་ཏུ་འཕྲོས་པས། རབ་འབྱམས་རྒྱལ་བ་སྲས་བཅས་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ། ཁམས་གསུམ་རིས་དྲུག་གི་སེམས་ཅན་ཀུན་གྱི་སྡིག་སྒྲིབ་སྡུག་བསྔལ་བསམ། སླར་འོད་ཟེར་རྣམས་ཚུར་འདུས་ནས་ཧྲཱིཿཡིག་ལ་ཐིམ་མ་ཐག་དེ་ཉིད་གནས་འགྱུར་ཏེ། ཁྱེད་རང་རྣམས་བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དམར་གསལ་དྭངས་ཤིང་འོད་དུ་འབར་བ། ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་སྟེང་དུ་འཆི་མེད་བདུད་རྩིའི་


TR006_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པ་འཛིན་ཞིང་། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་ཞི་འཛུམ་མཚན་དཔེའི་ཕུང་པོ་ལྟ་བས་མི་ངོམ་པའི་སྐུ་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་དབུ་རྒྱན་ཐོར་ཚུགས་རྩེ་བྲན་དང་། སྙན་ཆ་མགུར་མཆུ་ཕྱག་ཞབས་ཀྱི་བདུ་བུ་དོ་ཤལ་སྐེ་རག་སོགས་ཀྱི་རྒྱན་དང་ལྷའི་དར་ཟབ་ཁ་དོག་སྣ་ཚོགས་པའི་ན་བཟའ་ལ་སོགས་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་མཐའ་བདག་ཡོངས་སུ་རྫོགས་ཤིང་། ཡེ་ཤེས་འོད་ལྔའི་ཕུང་པོ་རྣམ་པར་འཁྲིག་པའི་ཀློང་ན་སྣང་ལ་རང་བཞིན་མེད་པའི་སྐུ་གཟི་བརྗིད་ཉི་མ་འབུམ་གྱི་འོད་མདངས་ལྟར་འབར་བ་ཞིག་ཏུ་གྱུར་པའི་ཏིང་འཛིན་བརྟན་པོ་མཛད་པར་ཞུ། འདི་སྐབས་གཏེར་གཞུང་གི་དབང་ཆོག་ཉིད་དུ་སློབ་མ་ལྷར་གསལ་བ་དང་ཡེ་ཤེས་དབབ་པ་སོགས་ཀྱི་གསལ་ཁ་མ་གསུངས་ཀྱང་བླ་མེད་སྤྱི་དང་ཁྱད་པར་གཏེར་ཆོས་ཀྱི་དབང་གཞུང་ཐམས་ཅད་ཀྱི་དགོངས་དོན་ཐུན་མོངས་མ་ཡིན་པ་དང་། མེད་མི་རུང་གི་སྐབས་དོན་དབང་གི་སྙིང་པོ་ཡིན་ཕྱིར་འདི་ལྟར་བྲིས་པ་ལགས།། ༈ །།དེ་ནས་


TR006_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སློབ་དཔོན་ལས་སློབ་འཁོར་བཅས་ཀྱིས་རོལ་མོ་སྤོས་དང་ཚེ་མདའ་དར་སྣ་བཏགས་པའི་གཡབ་རྫས་སོགས་ཡེ་ཤེས་འབེབས་པའི་ཡོ་བྱད་ཐམས་ཅད་འཐོགས་ཤིང་ལངས་ཏེ་དབྱངས་སྙན་པོ་དང་ལྡན་པས་བྱིན་འབེབས་བྱ་བའི་གྲབས་སུ་ཆུད་པ་དང་སློབ་དཔོན་གྱིས་དམིགས་པ་འདི་ལྟར་སྤྲད་དེ། དེ་ནས་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་གནས་གསུམ་དང་། བདག་ཉིད་རྡོ་རྗེ་སློབ་དཔོན་གྱི་གནས་གསུམ་འབྲུ་གསུམ་གྱི་འོད་ཟེར་དང་། ཁྱེད་རང་རྣམས་ཀྱང་ཚེ་དཔག་མེད་ཀྱི་སྐུར་གསལ་བའི་སྤྱི་བོར་ཡི་གེའི་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་མཐིང་ག་རེས་མཚན་པ་ལས་ཀྱང་རྒྱལ་བའི་ཐུགས་རྗེ་བསྐུལ་བའི་དད་པའི་འོད་ཟེར་ལྕགས་ཀྱུ་ལྟ་བུ་དཔག་ཏུ་མེད་པ་འཕྲོས་པས། ཕྱོགས་དུས་ཀྱིས་རྒྱལ་བ་སྲས་བཅས་ཐུགས་རྗེའི་བདག་ཉིད་རྣམས་དང་རྩ་རྒྱུད་བླ་མ་ཡི་དམ་ལྷ་ཚོགས་དཔའ་བོ་མཁའ་འགྲོ་ཚེ་ལ་དབང་བའི་དྲང་སྲོང་རིག་འཛིན་ཆོས་སྐྱོང་སྲུང་མའི་ཚོགས་དང་


TR006_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་ཐམས་ཅད་མི་མངོན་དབྱིངས་ནས་བརྩེ་བ་ཆེན་པོས་དགོངས་ཏེ་མདུན་གྱིས་བར་སྣང་འདི་ཉིད་དུ་སྤྲིན་ཐིབ་པ་བཞིན་བྱོན་པའི་མོས་པ་དང་དད་གདུངས་ཀྱི་ཤུགས་བསྐྱེད་དེ་གསོལ་བ་གདབ་པ་ལ་འབད་པར་མཛོད་ལ་ཡིད་གཞན་དུ་ཡེངས་པར་མ་མཛད་ཅིག །ཧྲཱིཿ སྔོན་ཚེ་སྐལ་པའི་དང་པོ་ལ། །འཆི་མེད་ཆོས་འདི་སུ་ཡིས་སྒྲུབ། །སྒྲུབ་པའི་གནས་མཆོག་གང་དུ་ཡིན། །དངོས་གྲུབ་སྙིང་པོ་སུ་ཡིས་བརྙེས། །བཅོམ་ལྡན་སྣང་མཐའ་ཡབ་ཡུམ་གྱི། །བདེ་ཆེན་འབར་བའི་ཞིང་ཁམས་སུ། །སྐྱེ་འཆི་མེད་པའི་དངོས་གྲུབ་ཐོབ། །བགྲེས་རྒུད་མེད་པའི་གྲུབ་རྟགས་བརྙེས། །དེ་ཡི་བྱིན་རླབས་དུས་འདིར་སྩོལ། ཧྲཱིཿ རིག་འཛིན་དགའ་རབ་རྡོ་རྗེ་དང་། །མཁའ་འགྲོ་བདེ་ཆེན་རྒྱལ་མོ་ཡིས། །རི་བོ་ཆེན་པོ་་དཱནྟིག་ཏུ། །སྐྱེ་འཆི་མེད་པའི་དངོས་གྲུབ་ཐོབ། །བགྲེས་རྒུད་མེད་


TR006_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དངོས་གྲུབ་རྟགས་བརྙེས། །དེ་ཡིས་བྱིན་རླབས་དུས་འདིར་སྩོལ། །རིག་འཛིན་ཤྲཱི་སིང་ཧ་དང་། །མཁའ་འགྲོ་རིན་ཆེན་ཞི་བ་འཚོས། །སུ་ཟ་གླིང་གི་དུར་ཁྲོད་དུ། །སྐྱེ་འཆི་མེད༴ །བགྲེས་རྒུད་མེད༴ །དེ་ཡི་བྱིན་རླབས༴ །ཚེ་བདག་པདྨ་ཐོད་ཕྲེང་དང་། །མཁའ་འགྲོ་ལྷ་ལྕམ་མནྡྷ་རས། །བྲག་ཕུག་མ་ར་ཏི་ཀ་རུ། །སྐྱེ་འཆི༴ །བགྲེས་རྒུད༴ །དེ་ཡི༴ །པཎ་ཆེན་བི་མ་མི་དྲ་དང་། །མཁའ་འགྲོ་དབྱིངས་ཕྱུག་རྒྱལ་མོ་ཡིས། །ལྷུན་གྲུབ་གཏེར་གྱི་དུར་ཁྲོད་དུ། །སྐྱེ་འཆི༴ །བགྲེས་རྒྱུད༴ །དེ་ཡི༴ །སློབ་དཔོན་ཧཱུྃ་ཆེན་ཀ་ར་དང་། །བྲམ་ཟེ་བུ་མོ་བདེ་ལྡན་མས། །བྲག་དམར་བྱ་ཁྱུང་སྒྲུབ་གནས་སུ། །སྐྱེ༴ །བགྲེས༴ །དེ་ཡི༴ །གནུབས་བན་ནམ་མཁའི་སྙིང་པོ་དང་། །མཁའ་འགྲོ་ཤེལ་དཀར་རྡོ་རྗེ་མཚོས། །ལྷོ་བྲག་མཁར་ཆུའི་དབེན་གནས་སུ། །སྐྱེ༴ །བགྲེས༴ །དེ་ཡི༴


TR006_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

མྱང་མན་ཏིང་འཛིན་བཟང་པོ་དང་། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གཉིས། །བསམ་ཡས་བྲག་དམར་ཀེ་ཚང་དུ། །སྐྱེ༴ །བགྲེས༴ །དེ་ཡི༴ ཧྲཱིཿ སྔོན་དུས་ཚེ་ཡི་ཁུངས་རེ་བཟང་། །ད་ལྟ་ཚེ་ཡི་དཔལ་རེ་འདུ། །བཅོམ་ལྡན་ཚེ་ཡི་ལྷ་ཚོགས་རྣམས། །སྐུ་གསུང་ཐུགས་ཀྱི་འོད་ཟེར་འགྱེད། །སྣོད་བཅུད་དངོས་གྲུབ་ཐམས་ཅད་བསྡུས། །ཐུགས་དམ་དུས་བབས་ས་མ་ཡཱ། །སྤྲོས་པས་ཁམས་གསུམ་བཀྲག་མདངས་ལྡན། །བསྡུས་པས་ལུས་ལ་གཟི་མདངས་འབར། །བཅིངས་པས་རྡོ་རྗེ་ལུ་གུ་རྒྱུད། །བརྟན་པས་མི་འགྱུར་རྡོ་རྗེ་འདྲ། །སྐལ་ལྡན་བུ་ལ་བྱིན་ཆེན་ཕོབ། །ལས་ཅན་འདི་ལ་དངོས་གྲུབ་སྩོལ། །བླ་མའི་ལྷ་ཚོགས་འཇའ་འོད་འཐིབ། །ཡི་དམ་ལྷ་ཚོགས་འོད་ཟེར་འཁྲུག །མཁའ་འགྲོའི་ལྷ་ཚོགས་བྲོ་བརྡུངས་ལྡིར། །ཆོས་སྐྱོངས་ལྷ་ཚོགས་གར་ཉམས་ཁྱུག །འགྲོ་དོན་མཁའ་ཁྱབ་སྨིན་གྲོལ་མཛོད། །


TR006_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

མོས་པའི་བུ་ལ་ལུང་སྟོན་འཚལ། །བཀའ་ཡིས་སྲུང་མ་ཐམས་ཅད་ཀྱིས། །རྒྱུད་འཛིན་བུ་ལ་གདོང་གྲོགས་མཛོད།། ༈ །།དེ་ལྟར་བྱིན་ཆེན་དབབ་ཅིང་གསོལ་བ་བཏབ་པ་ཙམ་གྱིས་མདུན་གྱི་ནམ་མཁར་བཞུགས་པའི་ཡེ་ཤེས་སེམས་དཔའི་ལྷ་ཚོགས་དེ་དག་མ་ལུས་པ་ཁྱེད་རང་དམ་ཚིག་སེམས་དཔའ་ལ་མཚོ་ལ་ཁ་བ་བབས་པ་ལྟར་སིབ་ཀྱི་ཐིམ་པས་ལུས་ངག་ཡིད་གསུམ་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རང་བཞིན་རྡོ་རྗེ་གསུམ་གྱི་ངོ་བོ་མི་ཟད་རྒྱན་གྱི་འཁོར་ལོ་གྱུར་པའི་ངེས་ཤེས་བརྟན་པོ་གནང་བར་ཞུ། ཞེས་བརྗོད་ནས། སློབ་དཔོན་གྱིས་ཀྱང་ཏིང་འཛིན་རྩེ་གཅིག་པས་མེ་ཏོག་ལ་རྩ་སྔགས་དང་རྟེན་འབྲེལ་སྙིང་པོས་རབ་ཏུ་གནས་པ་འཐོར་ཞིང་རོལ་མོ་དྲག་ཏུ་སྦིར་ལ། ཨོཾ་ཨཱཿཧཱུྃ། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟཱི་ཏེ་ཡེ་སྭཱ་ཧཱ། ཨོཾ་བྷྲུྃ་ཏྲྃ་ཧྲཱི༔ཨཱཿ མུྃ་ལྃ་མཱྃ་པྱྃ་ཏཱྃ། མུྃ་ཧྲཱིཿཧཱུྃ་ཨཱཿ པུཥྤེ་དྷུ་པེ་ཨཱ་ལོ་


TR006_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ཀེ་གྷ་ནྡྷེ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཛཿཧཱུྃ་བྃ་ཧོ། ཨཱ་ཝེ་ཤ་ཡ་ཨཱཿཨཿ ཀཱ་ཡ་ཝཀྩིཏྟ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་པས་ཡེ་ཤེས་དབབ་ཅིང་བརྟན་པར་བྱའོ།། ༈ །།དེ་ལྟར་ཡེ་ཤེས་ཀྱི་ལྷ་བསྟིམ་ཞིང་དམ་ཡེ་དབྱེར་མེད་དུ་བསྲེས་པ་དེ་ཉིད་དབང་གི་དངོས་གཞི་གང་ཡིན་ལ། གཞི་རྫོགས་མཐའ་རྟེན་གྱི་ཡན་ལག་དང་བཅས་པ་བསྐུར་བའི་སྣོད་ལྡན་དུ་བྱས་པའི་ཆ་ནས་ནི་ཁྱད་པར་གྱི་སྟ་གོན་དུ་ཡང་འགྱུར་བ་གྲུབ་ནས་ད་ནི་ལུས་ངག་ཡིད་གསུམ་ཤེས་བྱའི་སྒྲིབ་པ་དང་བཞི་པོ་གནས་སུ་དག་པར་བྱ་བ་དང་། ལུས་ལྷ། ངག་སྔགས། སེམས་ཆོས་ཉིད། གང་ཤར་ཡེ་ཤེས་ཆེན་པོར་ཉམས་སུ་བླང་བའི་སྐལ་བ་རྒྱུད་ལ་འཇོག་པ་དང་། ཆོས་ལོངས་སྤྲུལ་གསུམ་ངོ་བོ་ཉིད་བདེ་བ་ཆེན་པོ་དང་བཅས་ཏེ་འབྲས་བུ་སྐུ་བཞི་འགྲུབ་པའི་རྟེན་འབྲེལ་གྱི་ས་བོན་བསྐྲུན་པ་དང་བཅས་པའི་དོན་ཕྱིར་དབང་བཞི་རིམ་ཅན་


TR006_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསྐུར་བ་ཡིན་པས་ན། ཐོག་མར་ལུས་སྨིན་པར་བྱེད་པ་བུམ་པའི་དབང་བསྐུར་བའི་ཡུལ་ནི་ཁྱེད་རང་རྣམས་ཚེ་དཔག་མེད་ཀྱི་སྐུའི་རྣམ་པ་དམ་ཡེ་དབྱེར་མེད་ཉིད་ལ། དབང་བསྐུར་བའི་མཁན་པོ་ནི་དཀྱིལ་འཁོར་མངའ་བདག་རྡོ་རྗེ་སློབ་དཔོན་ཚེ་དཔག་མེད་པའི་ངོ་བོར་གནས་གྱུར་པ། དབང་བསྐུར་བའི་རྫས་ཀྱི་དངོས་པོ་ཡང་མཚོན་བྱེད་བརྡ་རྟགས་ཀྱི་བུམ་གཟུགས་ལ་ནང་དཀྱིལ་འཁོར་ཡོངས་རྫོགས་ཀྱི་བུམ་བཅུད་ཚེ་ལྷ་གཙོ་འཁོར་གྱི་ཕོ་བྲང་འདི་ཉིད་སྤྱི་བོར་བཞག་མ་ཐག །ལྷ་ཚོགས་རྣམས་ཀྱི་སྐུའི་ཆ་ཐམས་ཅད་ནས་འཆི་མེད་བདུད་རྩིའི་ཆུ་རྒྱུན་བབས་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་གཙུག་ཚངས་བུག་ཏུ་ཞུགས་ནས་ལུས་ཐམས་ཅད་མེར་གྱི་ཁེངས་པས་འཆི་མེད་རྡོ་རྗེའི་སྐུ་འགྲུབ་པའི་ངེས་ཤེས་མཛད་པར་ཞུ། དབུས་ཀྱི་གཙོ་བུམ་འཐོགས་ལ། ཧྲཱིཿ བཀྲ་ཤིས་བུམ་པ་ལྷ་ཡི་གཞལ་ཡས་ཁང་། །


TR006_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ནང་དབྱེར་མེད་འོད་ཀློང་འཇའ་ཟེར་འཁྱིལ། །བཅོམ་ལྡན་མགོན་པོ་ཚེ་ཡི་ལྷ་ཚོགས་བཞུགས། །རིགས་ཀྱི་བུ་ལ་དབང་བསྐུར་བྱིན་གྱིས་རློབས། །འགྱུར་མེད་རྡོ་རྗེའི་སྐུ་ཡི་དབང་ཐོབ་ཤོག །ཀཱ་ཡ་ཨ་བྷི་ཥཱིཉྩ་ཨོཾ། ཞེས་བུམ་དབང་སྤྱི་བོར་བསྐུར་ཞིང་རོལ་མོ་བསྒྲགས། མེ་ཏོག་འཐོར་ལ། དེ་ལྟར་བུམ་དབང་ལུས་ལ་བསྐུར་བས་ལུས་སྒྲིབ་དག་ནས་མི་ཤིག་རྡོ་རྗེ་ལྟ་བུའི་སྐུ་ཐོབ་པར་གྱུར་ཅིག །དེ་ནས་ཡང་ཕྱི་མཚོན་བྱེད་རྫས་ཀྱི་དངོས་པོ་མཚན་ལྡན་ཀཱ་པ་ལའི་རྣམ་པ་ལ། ནང་མཚོན་དོན་བཅུད་ཀྱི་ངོ་བོ་ཚེ་ལྷ་ཡབ་ཡུམ་བདེ་སྦྱོར་ལྷན་སྐྱེས་ཀྱི་བྱང་སེམས་བདུད་རྩིས་གང་བ་མགྲིན་པར་བཞག་ཅིང་བྱིན་པས། རྩ་ཁམས་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་ཞིང་བདེ་སྟོང་ཟག་མེད་གསང་དབང་གི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་ངེས་ཤེས་མཛད་འཚལ། ཧྲཱིཿ དུང་ཆེན་སྣོད་དུ་བདུད་རྩི་སྨན་གྱིས་བཀང་། བཅོམ་ལྡན་ཡབ་ཡུམ་


TR006_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་སེམས་དཀར་དམར་རྫས། །ཐབས་ཤེས་དབྱེར་མེད་བྱང་ཆུབ་སེམས་ཀྱི་བཅུད། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །འགགས་མེད་ཚང་དབྱངས་གསུང་གི་དབང་ཐོབ་ཤོག །ཝཱཀ་ཨ་བྷི་ཥཱིཉྩ་ཨཱཿ ཞེས། ཐོད་པ་བདུད་རྩིས་མགྲིན་པར་བསྐུར་ཞིང་མེ་ཏོག་འཐོར་ཏེ། དེ་ལྟར་གསང་དབང་ངག་ལ་བསྐུར་བས་ངག་སྒྲིབ་དག་ཅིང་འགག་མེད་ཚང་དབྱངས་ལྟ་བུའི་གསུང་ཐོབ་པར་གྱུར་ཅིག། ༈ །།དེ་ནས་ཡང་མཚོན་བྱེད་དཔེའི་གཟུགས་བརྙན་མེ་ལོང་ཟླུམ་པོའི་རྣམ་པ་ལ། མཚོན་དོན་ཆོས་སྐུ་ཐིག་ལེ་ཉག་གཅིག་གསལ་ལ་ངོས་བཟུང་བྲལ་བའི་རྟགས་ཀྱི་དབང་སྙིང་གར་བསྐུར་བས། རིག་སྟོང་ཆོས་སྐུ་སྤྲོས་དང་བྲལ་བ་ཤེས་རབ་ཡེ་ཤེས་ཀྱི་དབང་དོན་རྒྱུད་ལ་སྐྱེས་པའི་ངེས་ཤེས་མཛད་འཚལ། ཧྲཱིཿ ཡེ་ཤེས་ལྔ་ལྡན་མེ་ལོང་དྲི་བྲལ་འདི། །གསལ་ཞིང་དག་


TR006_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྙོག་བྲལ་སྟོང་གསལ་དང་། །ཕྱི་ནང་ཟུང་འཇུག་གཉིས་མེད་བསམ་བརྗོད་འདས། །ཐ་དད་མ་ཡིན་གཅིག་ཏུའང་གྲུབ་པ་མེད། །མཐའ་བྲལ་འཁྲུལ་མེད་ཐུགས་ཀྱི་དབང་ཐོབ་ཤོག །ཙིཏྟ་ཨ་བྷི་ཥཱིཉྩ་ཧཱུྃ། ཞེས། མེ་ལོང་སྙིང་གར་བཞག་ཅིང་མེ་ཏོག་འཐོར་ཏེ། དེ་ལྟར་ཤེར་དབང་སེམས་ལ་བསྐུར་བས་ཡིད་སྒྲིབ་དག་ནས་འཁྲུལ་མེད་ཡེ་ཤེས་མཆོག་གི་ཐུགས་ཐོབ་པར་གྱུར་ཅིག །དེ་ནས་ཡང་མཚོན་བྱེད་རྫས་ཀྱི་དངོས་པོ་ནི་གཏོར་མ་བུམ་གཟུགས་རྒྱན་དང་ལྡན་པ་ལ། མཚོན་བྱ་དོན་གྱི་ངོ་བོ་ནི་ཚེ་ལྷ་གཙོ་འཁོར་གྱི་དཀྱིལ་འཁོར་ཡོངས་རྫོགས་གནས་ལྔར་དབང་བསྐུར་བས་སྒོ་གསུམ་རྡོ་རྗེ་གསུམ་དུ་རྒྱས་ཐེབས་ཤིང་ཚིག་དབང་རིན་པོ་ཆེ་དོན་གྱི་ཡེ་ཤེས་རྒྱུད་ལ་སྐྱེས་པའི་ངེས་ཤེས་མཛད་པར་ཞུ། ཧྲཱིཿ ཕྱི་ལྟར་བདུད་རྩིའི་གཏོར་མ་སྨན་ལས་གྲུབ། །ནང་ལྟར་རིན་ཆེན་རྫས་མཆོག་ཉི་ཤུ་ལྔ། །གསང་བར་དམིགས་པའི་ཏིང་འཛིན་


TR006_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོ་འདུ་གསལ། །དེ་ནི་རིགས་འདུས་ཚེ་དཔག་མེད་པའི་དབང་། །ཚེ་ཡི་དངོས་གྲུབ་དམ་པ་ཐོབ་པར་ཤོག །སརྦ་ཨ་བྷི་ཥཱིཉྩ་ཧྲཱིཿ ཞེས། གཏོར་མ་སྤྱི་མགྲིན་སྙིང་ལྟེ་གསང་བ་ལྔར་བཞག་ཅིང་། མེ་ཏོག་འཐོར་ལ། དེ་ལྟར་གཏོར་དབང་གནས་ལྔར་བསྐུར་བས་གཟུང་འཛིན་ཤེས་སྒྲིབ་ཐམས་ཅད་དག་ནས་སྐུ་བཞི་དབྱེར་མེད་ཀྱི་གོ་འཕངས་མྱུར་དུ་ཐོབ་པར་གྱུར་ཅིག །དབང་བསྡུས་པ་བྱེད་ན་འདི་ཡན་ཆད་ཀྱིས་ཀྱང་ཆོག་ཅིང་། འདིར་ནི་རྒྱས་པར་བསྐུར་བའི་ཚུལ་བཤད་པ་ཡིན་ཕྱིར་གཏེར་གཞུང་ཉིད་ཀྱི་ལུགས་བཞིན་སྟོན་ཏེ།། ༈ །།དེ་ལྟར་བླ་མེད་ཀྱི་དབང་བཞི་པོ་འདིར་མ་འདུས་པའམ་ཚང་བ་ཞིག་མེད་ནའང་། །སླར་ཡང་ནང་ནུས་པའི་དབང་ངམ། རྗེས་གནང་བརྟུལ་ཞུགས་ཀྱི་དབང་གི་ཚུལ་དང་མཐུན་པར། སྐུ་ཕྱག་རྒྱའི་དབང་། གསུང་གི་སྙིང་པོའི་དབང་། ཐུགས་རིག་པ་རྩལ་གྱི་དབང་དང་བཅས་པ་བསྐུར་བ་ཡིན་པས་


TR006_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ན། ཐོག་མར་ལྷ་སྐུ་ཕྱག་རྒྱའི་དབང་ལ་ཁྱེད་རང་རྣམས་སྔར་བཞིན་མགོན་པོ་ཚེ་དཔག་མེད་ཀྱི་སྐུར་གསལ་བ་ལས་མ་གཡོས་པའི་ངང་ནས། མདུན་གྱི་དཀྱིལ་འཁོར་ནས་ཚེ་བདག་རྒྱལ་བ་རིགས་ལྔ་རྣམས་ཀྱི་སྐུ་ལས་རང་འདྲའི་ཡེ་ཤེས་འོད་ཀྱི་སྐུ་རེ་མར་མེ་གཅིག་ལས་གཉིས་མཆེད་ལྟར་འཕྲོས་ནས་ཁྱེད་རང་རྣམས་ཀྱི་གནས་ལྔ་སོ་སོར་ཐིམ་པས། ཉོན་མོངས་དུག་ལྔའི་བག་ཆགས་དབྱིངས་སུ་དག་ཅིང་ཡེ་ཤེས་ལྔ་མངོན་དུ་གྱུར་པའི་མོས་པ་བརྟན་པོ་མཛད་པར་ཞུ། གཙོ་མཆོག་གི་སྐུ་དང་དབུས་ཀྱི་གཙོ་བུམ་ལྷན་ཅིག་འཐོགས་ནས། ཧྲཱིཿ སྐུ་སྤྲུལ་རྣམ་པར་སྣང་མཛད་ཚེ་དཔག་མེད། །གཉིས་མེད་མ་སྤངས་ཆོས་དབྱིངས་ཡེ་ཤེས་དང་། །སྐུ་མདོག་དཀར་གསལ་འཁོར་ལོ་ཚེ་བུམ་འཛིན། །སྐལ་ལྡན་བུ་ཡི་སྤྱི་བོར་ཞུགས་ཐིམ་ནས། །མི་འགྱུར་གཡུ་དྲུང་ལྟ་བུའི་སྐུ་ཐོབ་ཤོག །ཨོཾ་བུདྡྷ་ཨ་ཡུ་ཥེ་ཨ་བྷི་


TR006_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ཥཱིཉྩ་ཨོཾ། ཞེས་སྤྱི་བོར་བསྐུར།། ༈ །།དེ་ནས་པདྨ་ཚེ་དཔག་མེད་ཀྱི་སྐུ་དང་ནུབ་ཀྱི་བུམ་པ་འཐོགས་ལ། ཧྲཱིཿ གསུང་སྤྲུལ་སྣང་བ་མཐའ་ཡས་ཚེ་དཔག་མེད། །འདོད་ཆགས་མ་སྤངས་སོར་རྟོག་ཡེ་ཤེས་ངང་། །སྐུ་མདོག་དམར་གསལ་པདྨ་ཚེ་བུམ་འཛིན། །སྐལ་ལྡན་བུ་ཡི་མགྲིན་པར་ཞུགས་ཐིམ་ནས། །གྲགས་སྟོང་ཚངས་དབྱངས་ལྟ་བུའི་དབང་ཐོབ་ཤོག །ཧྲཱིཿཔདྨ་ཨཱ་ཡུ་ཥེ་ཨ་བྷི་ཥཱིཉྩ་ཧྲཱིཿ ཞེས་མགྲིན་པར་བསྐུར་རོ། །བཛྲ་ཚེ་དཔག་མེད་ཀྱི་སྐུ་དང་ཤར་བུམ་འཐོགས་ལ། ཧྲཱིཿ ཐུགས་སྤྲུལ་རྡོ་རྗེ་སེམས་དཔའ་ཚེ་དཔག་མེད། །ཞེ་སྡང་མ་སྤངས་མེ་ལོང་ཡེ་ཤེས་ངང་། །སྐུ་མདོག་མཐིང་གསལ་རྡོ་རྗེ་ཚེ་བུམ་འཛིན། །སྐལ་ལྡན་བུ་ཡིས་སྙིང་གར་ཞུགས་ཐིམ་པས། །མི་ཤིག་རྡོ་རྗེ་ལྟ་བུའི་དབང་ཐོབ་ཤོག །ཧཱུྃ་བཛྲ་ཨཱ་ཡུ་ཥེ་ཨ་བྷི་ཥཱིཉྩ་ཧཱུྃ། ཞེས། སྙིང་གར་སྦྱར་རོ། །རཏྣ་ཚེ་དཔག་མེད་ཀྱི་སྐུ་དང་ལྷོ་བུམ་འཐོགས་ལ། ཧྲཱིཿ ཡོན་ཏན་སྤྲུལ་པ་རིན་


TR006_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་ཚེ་དཔག་མེད། །ང་རྒྱལ་མ་སྤངས་མཉམ་ཉིད་ཡེ་ཤེས་ངང་། །སྐུ་མདོག་སེར་གསལ་རིན་ཆེན་ཚེ་བུམ་འཛིན། །སྐལ་ལྡན་བུ་ཡི་ལྟེ་བར་ཞུགས་ཐིམ་ནས། །མི་ནུབ་རྒྱལ་མཚན་ལྟ་བུའི་དབང་ཐོབ་ཤོག །ཏྲྃ་རཏྣ་ཨ་ཡུ་ཥེ་ཨ་བྷི་ཥཱིཉྩ་ཏྲྃ། ཞེས། ལྟེ་བར་བསྐུར་རོ། །ཀརྨ་ཚེ་དཔག་མེད་ཀྱི་སྐུ་དང་བྱང་བུམ་འཐོགས་ལ། ཧྲཱིཿ ཕྲིན་ལས་སྤྲུལ་པ་དོན་གྲུབ་ཚེ་དཔག་མེད། །ཕྲག་དོག་མ་སྤངས་བྱ་གྲུབ་ཡེ་ཤེས་དང་། །སྐུ་མདོག་ལྗང་གསལ་རྒྱ་གྲམ་ཚེ་བུམ་འཛིན། །སྐལ་ལྡན་བུ་ཡི་གསང་བར་ཞུགས་ཐིམ་ནས། །ཕྲིན་ལས་འགྲོ་འདུལ་ཚེ་ཡི་དབང་ཐོབ་ཤོག །ཨཿཀརྨ་ཨ་ཡུ་ཥེ་ཨ་བྷི་ཥཱིཉྩ་ཨཿ ཞེས་གསང་གནས་སུ་བསྐུར་རོ། །འདི་ལ་སྔ་གོང་དུ་དབུས་ཀྱི་གཙོ་བོ་དང་ནུབ་ཀྱི་གཙོ་བོ་བཞུགས་པ་གོ་བརྗེས་པ་དང་འདིར་མ་བརྗེས་པ་དང་ཐ་དད་པར་བྱུང་བ་འགལ་བར་མི་ལྟ་སྟེ། གོང་མ་ནི་དཀྱིལ་འཁོར་རིགས་གང་གཙོའི་ཁྱད་དོན་ཡིན་ཞིང་། སྐབས་འདིར་ནི་སྤྱི་འགྲོ་ལྟར་གྱི་སྐུ་ལྔ་ཡེ་ཤེས་


TR006_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའི་དག་སྦྱོར་ཡིན་པའི་གནད་དེ།། ༈ །།དེ་ནས་ཡུམ་ལྔའི་སྐུ་འཐོགས་ལ། དེ་ནས་ཡང་དཀྱིལ་འཁོར་ནས་རིགས་ཀྱི་ཡུམ་མཆོག་ལྔས་རང་འདྲའི་སྐུ་རེ་སྤྲོས་ཏེ་ཁྱེད་ཅག་ལ་ཐིམ་པས། འབྱུང་ལྔ་ཁམས་ལྔ་དབང་ཤེས་ལྔའི་འཛིན་རྟོགས་གནས་སུ་དག་ནས་གསལ་སྟོང་འཛིན་མེད་ཀྱི་དོན་མངོན་དུ་གྱུར་པའི་ངེས་ཤེས་མཛད་པར་ཞུ། ཧྲཱིཿ སྐལ་ལྡན་ལས་ཅན་རིགས་ཀྱི་བུ་རྣམས་ལ། །གོས་དཀར་སྤྱན་མ་མཱ་ཀི་དབྱིངས་ཕྱུག་སྒྲོལ། །ཚེ་ཡི་ཡུམ་མཆོག་ལྔ་ཡིས་དབང་བསྐུར་བས། །གཟུགས་སྒྲ་དྲི་རོ་རེག་བྱ་རང་བཞིན་བྲམ། །འཆི་མེད་གསལ་སྟོང་འཛིན་མེད་དབང་ཐོབ་ཤོག །མུྃ་ལྃ་མྃ་པྱྃ་ཏཱྃ་ཨ་ཡུ་ཥེ་ཨ་བྷི་ཥཱིཉྩ་ཧཱུྃ། ཞེས་སྤྱི་བོར་བསྐུར་རོ། །དེ་ནས་རིགས་བཞི་པོའི་སྐུ་འཐོགས་ལ་ཡང་དཀྱིལ་འཁོར་ཕྱོགས་བཞི་ནས་སྤྲུལ་པ་རྣམ་པ་བཞི་ལས་སོ་སོ་རང་འདྲའི་སྐུ་འཕྲོས་ནས་ཁྱེད་རང་རྣམས་ལ་ཐིམ་པས་མ་རིག་ལས་


TR006_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་གྱི་སྒྲིབ་ཚོགས་དག་ནས། འཇམ་དབྱངས་ཀྱི་མཁྱེན་རབ། སྤྱན་རས་གཟིགས་ཀྱི་ཐུགས་རྗེ། །ཕྱག་རྡོར་གྱི་མཐུ་སྟོབས་པད་འབྱུང་གི་བྱིན་རླབས་ནུས་པ་ཐམས་ཅད་ཁྱེད་རང་རྣམས་ཀྱི་རྒྱུད་ལ་འཇགས་པའི་མོས་པ་གནང་འཚལ། ཧྲཱིཿ སྐལ་ལྡན་ལས་ཅན་རིགས་ཀྱི་བུ་རྣམས་ལ། །འཇམ་དབྱངས་སྤྱན་གཟིགས་ཕྱག་རྡོར་པད་འབྱུང་གི། །མཁྱེན་བརྩེ་ནུས་པ་བྱིན་རླབས་ཀུན་ཞུགས་ནས། །འགྲོ་དོན་ཐོག་མེད་སྲིད་གསུམ་ཟིལ་གྱིས་གནོན། །སྐྱེ་འཆི་མེད་པ་ཚེ་ཡི་དབང་ཐོབ་ཤོག །དྷཱིཿཧྲཱིཿཧཱུྃ་ཨཿ ཨ་ཡུ་ཥེ་ཨ་བྷི་ཥཱིཉྩ་ཧཱུྃཧཱུྃ། ཞེས། སྤྱིར་བོ་ཐོགས་གསུམ་དུ་བསྐུར་རོ། །ལྷ་མོ་བཞིའི་སྐུ་ཐོགས་ལ། ཡང་དཀྱིལ་འཁོར་གྱི་མཚམས་བཞི་ནས་ཚེའི་ལས་བྱེད་ཀྱི་ལྷ་མོ་མགྱོགས་བྱེད་བཞི་ལས་རང་འདྲའི་སྐུ་འཕྲོས་ཏེ་ཁྱེད་ཅག་ལ་ཐིམ་པས། རྟགས་ཆད་མུ་བཞི་གནས་སུ་དག་ནས་དགའ་བཞིའི་ཡེ་ཤེས་མངོན་དུ་གྱུར་པའི་


TR006_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

མོས་པ་མཛོད། ཧྲཱིཿ སྐལ་ལྡན་ལས་ཅན་རིགས་ཀྱི་བུ་རྣམས་ལ། ལྷ་མོ་མགྱོགས་མ་བཞི་ཡི་དབང་བསྐུར་བས། པུཥྤེ་དྷུ་པེ་ཨ་ལོ་ཀེ་གནྡྷེ་མས། །དབང་བསྐུར་བྱིན་རླབས་རྟག་ཆད་གཉིས་འཛིན་བྲལ། །ཨ་འཐས་འཁྲུལ་པ་ཀ་ནས་དག་པར་ཤོག །པུཥྤེ་དྷུ་པེ་ཨ་ལོ་ཀེ་གནྡྷེ་ཨ་བྷི་ཥཱིཉྩ་ཧཱུྃ། ཞེས་སྤྱི་བོའམ་སྙིང་གར་བསྐུར་རོ། །སྒོ་བ་ཡབ་ཡུམ་བརྒྱད་ཀྱི་སྐུ་འཐོགས་ལ། དེ་ནས་ཡང་དཀྱིལ་འཁོར་གྱི་སྒོ་བཞི་ནས་སྒོ་བ་ཡབ་ཡུམ་རྣམས་ལས་རང་འདྲའི་སྐུ་འཕྲོས་ནས་ཁྱེད་རང་རྣམས་ལ་ཐིམ་པས། བདག་གཞན་ཆགས་སྡང་གི་རྟོགས་ཚོགས་དབྱིངས་སུ་གྲོལ་ཞིང་སྐྱེ་བ་རྣམ་བཞི་རྒྱུན་ཆོད་དེ། ཚད་མེད་རྣམ་བཞིས་འགྲོ་དོན་འགྲུབ་པའི་ནུས་ལྡན་དུ་ངེས་ཤེས་མཛད་པར་ཞུ། ཧྲཱིཿ སྐལ་ལྡན་ལས་ཅན་རིགས་ཀྱི་བུ་རྣམས་ལ། །རྣམ་རྒྱལ་གཤིན་རྗེ་རྟ་མགྲིན་


TR006_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་འཁྱིལ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཁྲོལ་མ། །སྒོ་བ་ཡབ་ཡུམ་བརྒྱད་ཀྱི་དབང་བསྐུར་བས། །སྐྱེ་བ་རྣམ་བཞི་ལེན་པའི་སྒོ་ཆོད་ཅིག །ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཛཿཧཱུྃ་བྃ་ཧོ། ཨ་བྷི་ཥཱིཉྩ་ཧཱུྃ། ཞེས་སྤྱི་བོའམ་ཡན་ལག་བཞི་པ་བསྐུར་རོ། །དེ་ལྟར་ལྷ་སྐུ་ཕྱག་རྒྱའི་དབང་གིས་ལུས་ཕུང་ཁམས་སྐྱེ་མཆེད་ལྷའི་རང་བཞིན་དུ་བྱིན་རླབས་ནས། དེ་ནས་གསང་སྔགས་ཀྱི་རང་བཞིན་དུ་བྱས་པའི་ཕྱིར་བླ་མ་ཚེ་དཔག་མེད་པ་དངོས་སུ་མོས་པའི་ལྗགས་ཀྱི་འོད་ཟེར་གཟུངས་སྔགས་ཡིག་འབྲུའི་ཚོགས་པདྨ་རྭ་གའི་ཕྲེང་བ་ལྟ་བུ་འཕྲོས་པ་ཁྱེད་རང་རྣམས་ཀྱི་ལྕེ་ལ་ཐིམ་པ་ཙམ་གྱིས། ངག་གི་སྒྲིབ་པ་དང་ཉེས་ཚོགས་མ་ལུས་པ་བྱང་ཞིང་དག་ནས། དབུགས་འབྱིན་འཇུག་གནས་གསུམ་དང་ངག་གི་སྨྲ་བརྗོད་ཐམས་ཅད་སྔགས་ཀྱི་རང་བཞིན་འབའ་ཞིག་ཏུ་རྒྱས་ཐེབ་པར་གྱུར་པའི་མོས་པ་མཛད་པར་ཞུ། ཚེ་གཟུངས་ཀྱི་སྔགས་བྱང་དང་འཕྲེང་བ་འཐོགས་ལ། ཧྲཱིཿ སྐལ་ལྡན་


TR006_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཅན་རིགས་ཀྱི་བུ་རྣམས་ལ། །གཟུངས་སྔགས་རྒྱལ་པོ་གསང་བའི་ཡང་སྙིང་འདི། །སྔགས་དབང་ངག་ལ་བསྐུར་བས་ངག་སྒྲིབ་དག །གྲགས་སྟོང་ཆུ་བོའི་རྒྱུན་ལྟར་བཟླ་བར་གྱིས། །ནུས་ལྡན་རྡོ་རྗེའི་སྔགས་ཀྱི་དབང་ཐོབ་ཤོག །ཨོཾ་ཨ་མཱ་ར་ཎི་ཛི་ཝནྟི་ཡེ་སྭཱ་ཧཱ། ཞེས་པའི་གཟུངས་ཐུང་དང་འཆི་མེད་རྔ་སྒྲའི་གཟུངས་རིང་སོགས་ཀྱི་བཟླས་ལུང་བྱིན་ཞིང་། །དབང་རྫས་མགྲིན་པར་བཞག་ཅིང་དབང་བསྐུར་རོ། །དེ་ལྟར་སྔགས་དབང་ངག་ལ་བསྐུར་བས་ངག་རྒྱལ་བའི་གསུང་གི་འཁོར་ལོར་བྱིན་རླབས་ནས། ད་ནི་རིག་པ་རྩལ་གྱི་དབང་སེམས་ལ་བསྐུར་ཕྱིར་དབྱིངས་སྟོང་པ་ཉིད་མཚོན་པའི་མེ་ལོང་གཡའ་བྲལ་ལ་གསལ་མདངས་འགགས་མེད་མཚོན་པའི་རྨ་བྱའི་མདོང་འོད་ཤར་བ་སྣང་སྟོང་ཟུང་འཇུག་གི་བརྡ་དོན་གྱི་དབང་བསྐུར་བས། དབྱིངས་རིག་དབྱེར་མེད་འོད་གསལ་འདུས་མ་བྱས་པའི་དོན་མངོན་དུ་གྱུར་པའི་ངེས་ཤེས་


TR006_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་ཅིག །མེ་ལོང་རྨ་བྱའི་མདོངས་འཐོགས་ལ། ཧྲཱིཿ སྐལ་ལྡན་ལས་ཅན་རིགས་ཀྱི་བུ་རྣམས་ལ། །རང་གསལ་རང་འོད་རྨ་བྱའི་མདོངས་འོད་འདི། །ཁྱེད་ལ་བསྟན་པས་གཉིས་འཛིན་དབྱིངས་སུ་དག །བསྒོམ་བྱ་སྒོམ་བྱེད་མཐོང་མཁན་སེམས་སུ་གྲོལ། །དབྱིངས་རིག་གཉིས་སུ་མེད་པའི་དབང་ཐོབ་ཤོག །བོ་དྷི་ཙིཏྟ་ཨ་བྷི་ཥཱིཉྩ་ཧཱུྃ། ཞེས་བསྟན་ཅིང་སྙིང་གར་བཏུག་གོ། །དེ་ནས་སླར་ཡང་དབང་དོན་ངོ་སྤྲད་དོ། །འོ་སྐལ་བ་དང་ལྡན་པ་རིགས་ཀྱི་བུ་རྣམས་ནམ་མཁའ་དྲི་མ་མེད་པའི་མཐའ་དབུས་ལ་ལྟོས་དང་། སེམས་ཉིད་མཐའ་དབུས་བྲལ་བ་ནམ་མཁའ་ལྟ་བུར་ཤེས་པར་གྱིས་ཤིག །ཤར་ལྷོ་ནུབ་བྱང་ལ་འགྱུ་བ་གང་ཤར་ཐོང་དང་། བཏང་མཁན་དང་འགྱུ་མཁན་ཐ་དད་མེད་པའི་འཚང་རིགས་པར་གྱིས་ཤིག །ཕྱག་མཚན་རྡོ་རྗེ་བསྟན་ནས། རྡོ་རྗེ་འདི་ལ་ལྟ་མཁན་གང་ཡིན་པ་རྟོགས་ཅིག །གཟུགས་སྣང་ལམ་མེ་བའི་ཤེས་པ་ཉིད་ལས་གཞན་པའི་བལྟ་བྱ་བལྟ་


TR006_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་མེད་དོ། །དྲིལ་previous hit བུ་སིལ་ལ། དྲིལ next hit་བུའི་སྒྲ་འདི་གང་ནས་བྱུང་། གང་དུ་ཐིམ། མཐའ་རྗེས་ཆོད་དང་། སེམས་ཉིད་འགག་མེད་ཀྱི་རྩལ་མདངས་དྲིལ་བུའི་སྒྲར་ཤར་བ་ཉིད་ལས་གཞན་མ་ཡིན་ནོ། །དེས་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་རིག་ཆོས་ཀྱི་སྐུ་ཐིག་ལེ་ཉག་གཅིག་ཡེ་ཐོག་དང་པོའི་ཤེས་པ་བཟོ་བཅོས་མ་བྱས་པ་འདི་ཀ་འཆི་མེད་རྡོ་རྗེ་མགོན་པོ་ཚེ་དཔག་མེད་པ་མངོན་སུམ་དུ་གཏན་ལ་ཕབ་པ་ཡིན་པས་ན། ཡིན་ལུགས་ངོ་ཤེས་པར་གྱིས་ཅིག །དེའི་རང་བཞིན་རང་མདངས་གསལ་ཆ་མ་འགགས་པ་འོད་ལྔར་ཤར་བ་ནི་འཆི་མེད་རྒྱལ་བ་རིགས་ལྔའོ། །དེའི་རང་རྩལ་ཡུམ་ལྔ་འབྱུང་བ་ལྔའོ། །དེའི་རིགས་རྩལ་གྱི་རྣམ་པར་འཕྲུལ་པ་རིགས་གསུམ་མགོན་པོ་དང་གུ་རུ་པདྨ། སྣང་ཆའི་བྱེ་བྲག་ཀུན་བརྟག་ཙམ་དུ་མགྱོགས་མ་བཞི། དྲན་པའི་སོ་མ་ཉམས་པ་ནི་སྒོ་བ་ཡབ་ཡུམ་


TR006_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་དེ། དེ་ཐམས་ཅད་དཀྱིལ་འཁོར་གྱི་འཁོར་ལོ་གཅིག་ཏུ་ལྷུན་གྱིས་གྲུབ་པའི་རང་སེམས་གཅིག་ཆར་འདི་ཁོ་ན་ལ་སངས་རྒྱས་སྣང་བ་མཐའ་ཡས་ཞེས་མིང་ཙམ་བརྡ་ཙམ་དུ་བཏགས་སོ། །སྣང་བ་མཐའ་ཡས་ཞེས་པའི་དོན་ཡང་། སྣང་བའི་ངོ་བོ་ནི་སྟོང་པ་ཉིད་ཡིན་ལ། སྟོང་པའི་རང་མདངས་སྣང་བ་ཡིན་ཏེ། སྣང་སྟོང་གཉིས་ཐ་དད་ཀྱང་མ་ཡིན་གཅིག་ཏུའང་མ་གྲུབ་ཅིང་སྣང་ལ་ཨ་འཐས་སུ་མི་འཛིན་པའི་རང་ངོ་རིག་པ་ལ་སངས་རྒྱས་ཞེས་ཀྱང་བྱ། ཆོས་སྐུ་ཞེས་ཀྱང་བྱ། སྣང་བ་མཐའ་ཡས་ཞེས་ཀྱང་བྱ་བ་ཡིན་ལ། དེ་ལྟར་རྟོགས་ཚེ་སྐྱེ་འཆི་ཡེ་ནས་མ་བྱུང་མ་སྐྱེས་པའི་ཕྱིར་སངས་རྒྱས་ཚེ་དཔག་ཏུ་མེད་པ་ཅེས་པའི་དོན་གྱི་ངོ་བོ་ནི་དེ་ཡིན་ནོ། །དབང་ཐམས་ཅད་ཀྱི་སྙིང་པོ་རིག་པ་རྩལ་གྱི་དབང་ཡང་འདི་ཡིན་ནོ། །འདི་ལྟ་བུའི་དོན་སེམས་ལ་ཤར་ན་གསང་སྔགས་ཀྱི་དབང་ཐམས་ཅད་གཅིག་རྫོགས་སུ་ཐོབ་པའི་ཕྱིར་ཚིག་དབང་རིན་པོ་ཆེ་མཐར་ཐུག་དོན་གྱི་ཡང་བཅུད་


TR006_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡིན་པས་དེ་ལྟར་ཤེས་པར་མཛོད་ཅིག །དེ་ནས་རྗེས་མཐའ་རྟེན་གྱི་དབང་བསྐུར་བའི་དང་པོ་བུམ་པ་ལྔ་པོའི་དབུས་ཀྱི་གཙོ་བུམ་འཐོགས་ནས། དེ་ལྟར་བཅོམ་ལྡན་འདས་ཚེ་དཔག་མེད་ཀྱི་རྩ་བའི་དབང་བསྐུར་མ་ལུས་ཡོངས་རྫོགས་སུ་གྲུབ་ནས། ད་ནི་རྗེས་མཐའ་རྟེན་ཡན་ལག་གི་དབང་རྣམས་འབུལ་བ་ལ། ཐོག་མར་བུམ་པའི་ཡོན་ཏན་གྱི་ཆ་ཤས་དང་བུམ་རྫས་ཐ་དད་པའི་ནུས་པ་མཐའ་དག་བསྐུར་ཚིག་དང་མཐུན་པའི་བྱིན་རླབས་དང་ཡོན་ཏན་ཁྱེད་རང་རྣམས་ཀྱི་རྒྱུད་ལ་སྐྱེས་ཤིང་སྨིན་པའི་ངེས་ཤེས་མཛད་པར་ཞུ། ཧྲཱིཿ ལས་ཅན་སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། །བུམ་པ་དཀར་སེར་དམར་ལྗང་མཐིང་འོད་འབར། །ངོ་བོ་ལྷ་ལ་རྣམ་པ་བུམ་པའི་ཚུལ། །གསལ་སྟོང་གཉིས་མེད་བདུད་རྩིའི་ཆུ་ཡིས་བཀངས། །བཀྲ་ཤིས་རིན་ཆེན་བུམ་ལྔས་དབང་བསྐུར་བས། །དྲི་ཞིམ་སྤོས་ཀྱིས་ཚད་པའི་གདུང་སེལ་


TR006_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར། །ཚད་མེད་བཞི་ལྡན་ཟག་མེད་བདུད་རྩི་ལྔས། །ཉོན་མོངས་དུག་ལྔའི་སྡུག་བསྔལ་སེལ་བར་ཤོག །ཨོཾ་བྷྲུྃ་ཏྲྃ་ཧྲཱིཿཨཿ ཨ་བྷི་ཥཱིཉྩ་ཧཱུྃ། ཞེས་སྤྱོ་བོར་བསྐུར་བའི་མཐར། སྐལ་ལྡན་རྣམས་ལ་དབུས་ཀྱི་བདུད་རྩི་ལྔའི་བུམ་པས་དབང་བསྐུར་བས་ཉོན་མོངས་པ་དུག་ལྔ་རང་སར་གྲོལ་བའི་དབང་ཐོབ་པར་གྱུར་ཅིག ཤར་བུམ་འཐོགས་ལ། ཧྲཱིཿ སྨན་མཆོག་དབང་ལག་ཏུ་ཏ་སླེ་ཏྲེས་དང་། །ཤུ་དག་དཀར་པོ་ཀཎྜ་ཀཱ་རི་ལྔས། །རླུང་མཁྲིས་བད་ཀན་འདུས་འཁྲུག་ནད་རྣམས་སེལ། །ནད་འཇོམས་ཆོས་ཉིད་རབ་ཏུ་བསྟེན་པར་ཤོག །བྷཻ་ཥ་ཛྱ་ཨ་བྷི་ཥཱིཉྩ་ཧཱུྃ། ཞེས་བསྐུར་ལ། སྐལ་ལྡན་རྣམས་ལ་སྨན་ལྔའི་བུམ་པས་དབང་བསྐུར་བས་བཞི་བརྒྱ་རྩ་བཞི་རྒྱུ་འབྲས་ཀྱི་ནད་ཀུན་ཞི་བའི་དབང་ཐོབ་པར་གྱུར་ཅིག །ལྷོ་ནུབ་འཐོགས་ལ། ཧྲཱིཿ གསེར་དངུལ་མུ་ཏིག་མུ་མེན་བྱུ་རུ་ལྔ། །ཡིད་བཞིན་ནོར་བུས་རེ་བ་ཀུན་བསྐོངས་


TR006_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར། འགྲོ་དོན་བསམ་པ་ཡིད་བཞིན་འགྲུབ་པ་དང་། །ཡོན་ཏན་རེ་བ་སྐོང་བའི་དབང་ཐོབ་ཤོག །རཏྣ་སརྦ་ཨ་བྷི་ཥཱིཉྩ་ཧཱུྃ། སྐལ་ལྡན་རྣམས་ལ་རིན་ཆེན་ལྔའི་བུམ་པས་དབང་བསྐུར་བས་འགྲོ་བའི་འདོད་དགུ་ཡིད་བཞིན་དུ་སྩོལ་བའི་དབང་ཐོབ་པར་གྱུར་ཅིག །ནུབ་བུམ་འཐོགས་ལ། ཧྲཱིཿ དྲི་མཆོག་ཛ་ཏི་ཙནྡ་དཀར་དམར་དང་། །ག་བུར་གུར་ཀུམ་དྲི་ལྔས་དབང་བསྐུར་བས། །མ་རིག་ལས་ངན་སྡུག་བསྔལ་དག་གྱུར་ཅིང་། །ཞི་རྒྱས་དབང་དྲག་ཕྲིན་ལས་ཀུན་འགྲུབ་ཤོག །ཤིནྟཾ་པུཥྚཾ་ཝཤཾ་མཱ་ར་ཡ་ཨ་ཥཱིཉྩ་ཧཱུྃ། སྐལ་ལྡན་རྣམས་ལ་དྲི་ལྔའི་བུམ་པས་དབང་བསྐུར་བས། ཚུལ་ཁྲིམས་རྣམ་པར་དག་པའི་དབང་ཐོབ་པར་གྱུར་ཅིག །བྱང་བུམ་འཐོགས་ལ། ཧྲཱིཿ འབྲུ་སྣ་ནས་འབྲས་གྲོ་ཏིལ་མོན་སྲན་ལྔ། །ཀ་ར་སྦྱང་རྩི་འོ་མ་ཞོ་དང་མར། །འབྲུ་སྣ་སྙིང་པོ་ལྔ་ཡི་དབང་བསྐུར་བས། །དགེ་བཅུ་ལྷུན་གྱིས་གྲུབ་པའི་དབང་


TR006_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་ཤོག །ཧྲྀ་ད་ཡ་སརྦ་ཨ་བྷི་ཥཱིཉྩ་ཧཱུྃ། སྐལ་ལྡན་རྣམས་ལ་འབྲུ་ལྔ་སྙིང་པོ་ལྔའི་བུམ་པས་དབང་བསྐུར་བས། འགྲོ་བའི་དབུལ་བ་སེལ་བའི་དབང་ཐོབ་པར་གྱུར་ཅིག །ཞེས་བསྐུར་ནས། སླར་ཡང་གཙོ་བུམ་འཐོགས་ནས། ཧྲཱིཿ མགུལ་ཆིངས་ཅོད་པན་དར་སྣ་ལྔ་ཡི་དབང་། །ཉོན་མོངས་དུག་ལྔ་ཡེ་ཤེས་ལྔ་རུ་གྱུར། །ཞིང་ཁམས་ལྔ་རྫོགས་ཡོན་ཏན་ལྔ་དང་ལྡན། ཁམས་གསུམ་དབང་དུ་འདུ་བའི་དབང་ཐོབ་ཤོག །ཝ་ཤམ་ཀུ་རུ་ཨ་བྷི་ཥཱིཉྩ་ཧཱུྃ། ཧྲཱིཿ ཁ་བརྒྱན་འབྲས་བུ་དཔག་བསམ་ཤིང་གི་དབང་། །ཡིད་བཞིན་ནོར་བུ་ལྟ་བུར་རེ་འདོད་སྐོང་། །འགྲོ་དོན་ཐོག་མེད་དགོས་འདོད་ལྷུན་གྱིས་གྲུབ། ཁམས་གསུམ་འགྲོ་ཀུན་སྨིན་ཅིང་གྲོལ་བར་ཤོག །ཨོཾ་ཨཱཿཧཱུྃ་ཨ་བྷི་ཥཱིཉྩ་ཛཿཧཱུྃ་བྃ་ཧོ། ཞེས་བསྐུར་ཞིང་བུམ་པ་བཞི་པོའི་ཆུ་གཙོ་བུམ་དུ་ཅུང་ཟད་རེ་བསྡོངས་ནས་སློབ་མ་ལ་བྱིན་ནོ།། ༈ །།དེ་ནས་ཚེ་རིལ་སྦྱིན་ཞིང་། ཧྲཱིཿ ཕྱི་ནང་དམ་རྫས་བདུད་རྩི་སྨན་ལས་གྲུབ། །རིལ་


TR006_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

བུ་འདི་ཉིད་ཟོས་པས་མྱོང་གྲོལ་མཆོག །ཕྱི་ཡི་གདོན་ཞི་ནང་གི་ནད་རྣམས་སེལ། །ཐེ་ཚོམ་ཡིད་གཉིས་མེད་པར་ལོངས་སྤྱོད་ཅིག །ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཚེ་ཆང་སྦྱིན་ལ། ཧྲཱིཿ རྩ་བརྒྱད་སྟོང་སྦྱར་བདུད་རྩི་ཨ་མྲྀ་ཏ། བཅོམ་ལྡན་ཡབ་ཡུམ་བྱང་སེམས་འདི་ཐུངས་པས། །སྟོང་ཕྲག་བདུན་ཅུ་རྩ་གཉིས་རྩ་འདབ་གྲོལ། །རླུང་སེམས་དབུ་མའི་ཀློང་དུ་གྲོལ་བར་ཤོག །ཨོཾ་ཨ་མྲྀ་ཏ་ཨཱ་ཡུ་ཥེ་སྭཱ་ཧཱ། དངོས་གྲུབ་ཀྱིས་ཟས་སྣ་སྣ་ཚོགས་ལག་ཏུ་གཏད་ནས། ཧྲཱིཿ ཡི་གེ་བྷྲུྃ་ལས་འདོད་ཡོན་བསམ་མི་ཁྱབ། །རོ་མཆོག་བཅུད་ལྡན་གཟའ་བཏུང་ལོངས་སྤྱོད་འདི། །ཅི་བསམ་ལྷུན་གྲུབ་འདོད་དགུའི་རེ་བ་སྐོངས། །མི་ཟད་ནམ་མཁའི་མཛོད་ལ་དབང་ཐོབ་ཤོག །ཨོཾ་བཛྲ་བྷྲུྃ་ཨ་ཡུ་ཥེ་སྭཱ་ཧཱ། དར་ཟབ་གོས་ཀྱི་རིགས་སྣ་ཚོགས་གཏད་ལ། ཧྲཱིཿ རེག་འཇམ་སྣ་ཚོགས་ལྷ་ཡིས་ན་བཟའ་འདི། །བསོད་ནམས་ལས་གྲུབ་ཕྱྭ་གཡང་བྱིན་འོད་


TR006_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན། །སྐྱེ་བ་འདི་དང་ཚེ་རབ་ཀུན་ཏུ་ཡང་། །ཚ་གྲང་སྐྱོབ་བྱེད་ན་བཟའི་དབང་ཐོབ་ཤོག །ཨོཾ་བཛྲ་སྤརྴེ་ཨཱ་ཡུ་ཥེ་ཨཱཿཧཱུྃ། བཀྲ་ཤིས་པའི་རྟགས་བརྒྱད་རྣམས་ལུས་ཀྱི་གནས་སོ་སོར་བཏུག་ཅིང་རྒྱས་བཏབ་ལ། ཧྲཱིཿ སྐལ་ལྡན་བུ་ལ་རྟགས་བརྒྱད་དབང་བསྐུར་བས། །དབུ་ལ་བཀྲ་ཤིས་གདུགས་ཀྱི་ཚ་གདུང་སྐྱོབ། །སྐུ་ལ་བཀྲ་ཤིས་མི་ནུབ་རྒྱལ་མཚན་འབར། །གསུང་ལ་བཀྲ་ཤིས་དུང་དཀར་གཡས་སུ་འཁྱིལ། །ཐུགས་ལ་བཀྲ་ཤིས་དཔལ་གྱི་བེའུ་བཀྲ། །ལྗགས་ལ་བཀྲ་ཤིས་པདྨོ་ལོ་འདབ་རྒྱས། །སྤྱན་ལ་བཀྲ་ཤིས་གསེར་ཉ་འོད་ཟེར་འཁྲུག །མགུལ་ལ་བཀྲ་ཤིས་རིན་ཆེན་བུམ་པ་ལྡིར། །ཕྱག་ཞབས་བཀྲ་ཤིས་འཁོར་ལོ་རྩིབས་སྟོང་བསྐོར། །རྟགས་བརྒྱད་བཀྲ་ཤིས་དབང་མཆོག་ཐོབ་པར་ཤོག །ཨོཾ་བཛྲ་ཨཱ་ཡུ་ཥེ་ཨཥྚ་མཾ་ག་ལ་ཨ་བྷི་ཥཱིཉྩ་ཧཱུྃ། ཞེས་བསྐུར་ཞིང་། ཚེའི་སྒྲུབ་ཆེན་སོགས་ཤིན་ཏུ་རྒྱས་པར་སྤྲོ་ན་སྐབས་འདིར་ཞི་ཁྲོ་ངེས་དོན་ནས་འབྱུང་བ་ལྟར་བཀྲ་ཤིས་པའི་རྫས་བརྒྱད་དང་རྒྱལ་སྲིད་རིན་ཆེན་བདུན་གྱིས་དབང་རྣམས་ཀྱང་


TR006_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །དེ་ནས་སློབ་མ་སྤྱི་ཙམ་ལ་ནི་འདི་ནས་དབང་ཞབས་བསྡུ་བ་རྒྱས་གདབ་དང་བཅས་པ་བྱ་ཞིང་། གལ་ཏེ་སློབ་མ་ཆོས་ཀྱི་རྒྱུན་འཛིན་གཞན་དོན་ནུས་པ་དག་ཡིན་ན་རྡོ་རྗེ་སློབ་དཔོན་དུ་མངའ་གསོལ་ཞིང་ཆོས་ཀྱི་གཉེར་གཏད་ཕྱིར། །སེང་གེའི་ཁྲི་ལ་སློབ་མ་དེ་ཉིད་བཞག་ཅིང་། སྟེང་ནས་གདུགས་དང་བླ་བྲེས་འབུབ་པ་དང་། ཡོལ་བ་དར་འཕན་རྒྱལ་མཚན་སོགས་བཀྲམ། དབང་ཞུ་འདབ་ལྡན་རིགས་ལྔ་དང་དབང་གོས་སོགས་གསོལ། རྡོར་དྲིལ་ལག་ཏུ་གཏད། སྤོས་སོགས་མཆོད་པ་དང་རོལ་མོ་སྣ་ཚོགས་བསྒྲག་ཅིང་། ཆོས་བཀའ་ཡོངས་རྫོགས་ཀྱི་གླེགས་བམ་ལག་ཏུ་གཏད་པ་དང་བཅས་པས་མངའ་གསོལ་ཞིང་། དཀྱིལ་འཁོར་གཙོ་བོའི་སྐྱེད་རིམ་གསལ་དུ་བཅུག་ལ། ཧྲཱིཿ རིགས་ཀྱི་བུ་ཁྱོད་མ་འོངས་དུས་སུ་ཡང་། །མཁའ་ཁྱབ་སྐྱེ་འགྲོ་ཡོངས་ལ་ཆོས་སྟོན་ཅིང་། །ཚེ་དཔག་མེད་པ་མངོན་སུམ་ལྷུན་གྱིས་གྲུབ། ཁམས་གསུམ་སྤྱི་དཔལ་རིགས་འདུས་དབང་ཐོབ་ཤོག །ཨོཾ་བཛྲ་ཨཱ་ཡུ་ཥེ་སརྦ་དྷརྨ་ཨ་བྷི་ཥཱིཉྩ་ཧཱུྃ། ཧྲཱིཿ གཞན་ཡང་འཁོར་འདས་སྣོད་བཅུད་འཁོར་ཡུག་ཏུ། །


TR006_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

དེང་ནས་སྲིད་གསུམ་བདག་པོར་མངའ་གསོལ་གྱི། །དཀྱིལ་འཁོར་ཡོངས་རྫོགས་ལྷུན་གྱིས་གྲུབ་པ་ཡི། །ཕྱི་ནང་གསང་བའི་དབང་རྫོགས་ཐོབ་པར་ཤོག །སརྦ་ཝ་ཤཾ་ཀུ་རུ་ཨ་བྷི་ཥཱིཉྩ་ཧཱུྃ། ཞེས་ཆོས་བཀའ་གཏད་ཅིང་བཀྲ་ཤིས་རབ་གནས་ཀྱང་བྱའོ། །དེ་ལྟར་དབང་རྒྱས་བསྡུས་གང་ལྟར་བསྐུར་ཡང་མཇུག་སྡུད་མཐའ་རྟེན་དབང་ཞབས་བསྡུ་བ་ནི། གཙོ་བུམ། ཐོད་པ། གཏོར་མ་དང་གསུམ་པོ་མཁར་གཞོང་སོགས་སུ་གདན་དྲངས་པ་སློབ་མའི་གནས་གསུམ་དུ་བཞག་ཅིང་། ཧྲཱིཿ སྐལ་ལྡན་ལས་ཅན་རིགས་ཀྱི་བུ་རྣམས་ལ། །འདོད་ཡོན་རྨད་བྱུང་གཏོར་མའི་དབང་མཆོག་རྫས། །དཀྱིལ་འཁོར་ཡོངས་རྫོགས་བུམ་པ་ཀཱ་པ་ལ། །རྣམ་དག་གསང་བའི་དབང་མཆོག་འདི་བསྐུར་བས། །སྐྱེ་འཆི་གཉིས་མེད་རང་བཞིན་དབང་ཐོབ་ཤོག །ཨོཾ་ཨཱཿཧཱུྃ། ཀ་ཡ་ཝཀྩིཏྟ་ཨ་བྷི་ཛཿཧཱུྃ་བྃ་ཧོཿ ཞེས་དབང་བསྐུར་བའི་མཐར། འདི་ལྟར་ཡོངས་རྫོགས་མཐའ་རྟེན་གྱི་དབང་བསྐུར་བས་དབང་རྫས་


TR006_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ལྷ་ཚོགས་འོད་དུ་ཞུ་ནས་ལྔ་ལྡན་ཐིག་ལེའི་རྣམ་པར་གྱུར་པ་ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་ཚེ་དཔག་མེད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་གཟི་མདངས་ཚེ་དཔལ་མཁྱེན་རྩེ་ནུས་སྟོབས་སོགས་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་རྩལ་སྤྲུགས་སུ་ཐོབ་པའི་ངེས་ཤེས་དང་མི་འབྲལ་བ་མཛད་འཚལ་ལོ། །དེ་ལྟར་དབང་རྣམས་རྫོགས་པའི་མཐར་འཆི་མེད་རྒྱས་གདབ་ཀྱི་རབ་གནས་བྱ་བ་ནི། སློབ་དཔོན་གྱིས་རྡོ་རྗེ་previous hit དྲིལབུ next hit་དང་ལྷན་ཅིག་ཚེ་མདའ་དར་སྣ་དང་བླ་སྲོག་གི་རྟེན་རྫས་ཚང་བར་བཏགས་པ་འཐོགས་ནས་རྒྱས་འདེབས་ཀྱི་ཚིག་དང་མཐུན་པར་སློབ་མའི་སྤྱི་བོ་སོགས་ལུས་ཀྱི་གནས་རྣམས་སུ་ཁྱབ་པའི་ཚུལ་བྱ་ཞིང་། རོལ་མོ་དབྱངས་དང་ལྡན་པས་ཐོག་མར་རྒྱས་གདབ་པའི་དམིགས་པ་འདི་ལྟར་སྤྲད་དེ། དེ་ནས་ཁྱེད་རང་རྣམས་ཀྱི་ཚེ་དང་བླ་སྲོག་བཀྲག་མདངས་གཟི་བརྗིད་མཐུ་སྟོབས་དབང་ཐང་སོགས་བསྐྱེད་ཅིང་བསྟིམ་པ་དེ་དག་རྐྱེན་གྱིས་མི་འཇིག་ཅིང་


TR006_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཉམས་པར་བྱ་བའི་ཕྱིར་བྱིན་རླབས་འགྱུར་མེད་ཀྱི་རྒྱས་བཏབ་དགོས་པས་ན། འཆི་མེད་སྒྲུབ་པའི་གཏའ་རུ་བཟུང་བའི་རྟེན་འབྲེལ་རྫས་ཀྱི་ཚེ་མདའ་འདི་ལས་འོད་ཟེར་རྡོ་རྗེའི་ལུ་གུ་རྒྱུད་དུ་འཕྲོས་པ་ཁྱེད་རང་རྣམས་ལ་ཕོག་པས་ལུས་ཐམས་ཅད་ཡེ་ཤེས་ཀྱི་རྡོ་རྗེའི་གོ་ཁྲབ་ཀྱིས་བར་འཚམས་མེད་པར་གཡོགས་ཤིང་བཏམས་ཏེ། ཕྱི་ནང་གསང་བའི་བར་ཆད་འགལ་རྐྱེན་བར་ཆད་གང་གིས་ཀྱང་གླག་མི་སྙེད་པར་གྱུར་པའི་མོས་པ་གནང་བར་ཞུ། ཧྲཱིཿ དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་རྣམས། །ཕྱོགས་བཞི་མཚམས་བརྒྱད་རིས་མེད་ནས། །གང་གི་ཚེ་ཉམས་འདིར་བསྡུས་ཤིག །ཚེ་གཏའ་གཉན་པོ་མི་ལ་བསྟིམ། །མི་དང་ཚེ་གཉིས་མ་བྲལ་ཞིག །ཧྲཱིཿ སྔོན་དུས་བསྐལ་པའི་ཐོག་མ་ལ། །འོག་མིན་སྟུག་པོ་བཀོད་པ་རུ། །མགོན་པོ་འོད་མི་འགྱུར་བའི་ཚེ། །ཞིང་མཆོག་ཆོས་དབྱིངས་ཕོ་བྲང་ན། །


TR006_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་པ་རྡོ་རྗེ་འཆང་གི་ཚེ། །ནུབ་ཕྱོགས་བདེ་ཆེན་ཕོ་བྲང་ན། །སངས་རྒྱས་སྣང་བ་མཐའ་ཡས་ཚེ། །ཤར་ཕྱོགས་རི་བོ་ཏཱ་ལ་ན། །འཕགས་པ་སྤྱན་རས་གཟིགས་ཀྱི་ཚེ། །སྤྲོས་པས་ཁམས་གསུམ་བཀྲག་མདངས་ལྡན། །བསྡུས་པས་ལུས་ལ་གཟི་མདངས་འབར། །བཅིངས་པས་རྡོ་རྗེའི་ལུ་གུ་རྒྱུད། །སྐལ་ལྡན་རྣམས་ལ་དངོས་གྲུབ་སྩོལ། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབས། ཧྲཱིཿ དེ་ནས་བར་གྱི་བསྐལ་པ་ལ། །མ་ར་ཏི་ཀའི་ཡང་དབེན་དུ། །རིག་འཛིན་པདྨ་ཡབ་ཡུམ་ལ། །ཚེ་དཔག་མེད་པ་དངོས་སུ་བྱོན། །སྐྱེ་འཆི་མེད་པར་དབང་ཡང་བསྐུར། །བགྲེས་རྒུད་མེད་པའི་དངོས་གྲུབ་ཐོབ། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབས། ཧྲཱིཿ མ་འོངས་བསྐལ་དུས་སྙིགས་མ་ལ། །ཀོང་ཡུལ་ལྗོན་པའི་ནགས་ཚལ་དུ། །སྔགས་འཆང་ཧྲཱུཾ་ནག་མེ་འབར་ལ། །བདག་འདྲ་པདྨས་བྱིན་གྱིས་རླབས། །འཆི་མེད་


TR006_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་དངོས་གྲུབ་ཐོབ། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབས། །སྒྲུབ་མཆོག་ཚེ་ཡི་དངོས་གྲུབ་འདི། །འབྱུང་བ་ལྔ་ལ་སྦ་སྲིད་ན། །དེས་ཀྱང་མི་ཐུབ་ཨ་ཏིར་སྦ། །ཆོས་ཀྱི་དབྱིངས་སུ་ཚེ་སྦས་པས། །དུས་གསུམ་སངས་རྒྱས་དགྲར་ལངས་ཀྱང་། །དེ་ལ་བཟུང་ཞིང་འཇིག་པ་མེད། །གཉིས་མེད་ཟུང་འཇུག་རང་བཞིན་ལ། །སྦ་སྲི་མ་དགོས་ཡེ་རྒྱས་བཏབ། །གཡུ་དྲུང་རྒྱལ་མཚན་རྡོ་རྗེའི་ཚེ། །སྤྲོས་པས་སྟོང་གསུམ་བཀྲག་མདངས། བསྲུངས་པས་ལུས་ལ་གཟི་བྱིན་སྐྱེད། །བཅིངས་པས་རྡོ་རྗེའི་ལུ་གུ་རྒྱུད། །སྙིང་པོ་ལྔ་བསྡུས་རྫས་ཀྱི་མཆོག །དེང་འདིར་ལུས་ངག་ཡིད་གསུམ་ལ། །འཁོར་གསུམ་ཡོངས་དག་ཚེ་སྦའོ། །རྒྱས་བཏབ་བཅོལ་ལོ་ཐུབ་པར་སྲུངས། །ཁྲོ་བོ་བཅུ་དང་ལོངས་སྤྱོད་བཅུད། །ཚེ་འདི་སྲུངས་ཅིག་སྲོག་གཏའ་སྡོམས། །བཀྲག་བཟང་དབྱངས་སྙན་དྲན་པ་གསལ། །ཚེ་སྤེལ་བསོད་ནམས་དཔལ་འབྱོར་རྒྱས། །མི་ནོར་ཆོས་ཀྱི་དངོས་གྲུབ་སྩོལ། །


TR006_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་རྟགས་བརྒྱད་རྒྱས་བཏབ་པོ། །བཀྲ་ཤིས་རྫས་བརྒྱད་རྒྱས་གདབ་པོོ། །ལུས་ངག་ཡིད་ལ་རྒྱས་གདབ་པོོ། །སྐུ་གཟུགས་ལྔ་ཡི་རྒྱས་གདབ་པོ། །ཡིག་འབྲུ་ལྔ་ཡི་རྒྱས་གདབ་པོ། །ཕྱག་མཚན་ལྔ་ཡི་རྒྱས་གདབ་པོོ། །འགྱུར་བ་མེད་པའི་སྐུ་ཐོབ་ཤོག །སྐྱེ་འཆི་མེད་པའི་དོན་རྟོགས་ཤོག །ཨོཾ་བཛྲ་རཏྣ་པདྨ་ཀརྨ་བུདྡྷ་ཨཱ་ཡུ་ཥེ་ནྀྲ་ཛཿ ཨཿཨཿཨཿ ཞེས་རྒྱས་འདེབས་བྱས་པའི་རྗེས་ལ། དེ་ནས་བཅོམ་ལྡན་འདས་ཚེའི་ལྷ་ཚོགས་རྣམས་ཀྱིས་ཁྱེད་རང་རྣམས་ལ་བདེན་ཚིག་བཀྲ་ཤིས་ཀྱི་གླུ་དབྱངས་སྒྲོགས་ཅིང་ཤིས་བརྗོད་མེ་ཏོག་གི་ཆར་ཆེན་དབབ་པའི་མོས་པ་མཛོད་ཅིག །ཅེས་བརྗོད་ལ་ཤིས་བརྗོད་རབ་གནས་རྒྱས་པར་བྱའོ། །དེ་ནས་སྐུ་དྲིན་བཏང་རག་གི་མཎྜལ་དང་ཚོགས་མཆོད། །སློབ་དཔོན་གྱིས་དཀྱིལ་འཁོར་ལྷ་ལ་བཏང་རག་བཟོད་གསོལ་བསྔོ་སྨོན་བཀྲ་ཤིས་དང་། །ཡེ་ཤེས་གཤེགས་ཅིང་དམ་ཚིག་པ་བསྡུ་བ་སོགས་རྗེ་ཆོག་ཐམས་ཅད་སྤྱི་གཞུང་ལྟར་བྱའོ། །དེ་ལྟར་འདི་ནི་ཤིན་ཏུ་རྒྱས་པའི་


TR006_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་སུ་བྱ་ཚུལ་ཡིན་ལ། བསྡུས་པར་བྱེད་ན། དབང་བཤད་ཅི་རིགས་དང་སྐྱབས་སེམས་གསོལ་གདབ་མདོར་བསྡུས་བྱས་པའི་འཕྲོར་ཡེ་ཤེས་དབབ་ཅིང་བསྟིམ་མཐར། བུམ་ཐོད་མེ་ལོང་གཏོར་མ་དང་བཞིའི་དབང་བསྐུར་ནས་ཚེ་ཆུ་ཐོད་ཆང་ཚེ་རིལ་བྱིན་པའི་མཇུག་དུ་མདའ་དར་འཐོགས་ནས་དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་རྣམས། ཞེས་པའི་ཚིག་རྐང་ལྔའི་འཕྲོར། གཡུ་དྲུང་རྒྱལ་མཚན་རྡོ་རྗེའི་ཚེ། ཞེས་པ་མན་ཆད་ཀྱི་རྒྱས་གདབ་ལ་ཤིས་པ་བརྗོད་པས་ཆོག་པའོ། །ཚེ་སྒྲུབ་གནམ་ལྕགས་རྡོ་རྗེའི་དངོས་གྲུབ་ཀུན་འདུས་ཀྱི་དབང་བསྐུར་ཆེན་མོ་ཇི་ལྟར་བྱ་བའི་ཚུལ་སྒྲིགས་ཆགས་སུ་བགྱིས་པ་འདི་བཞིན་གྱིས་ཤིག་ཅེས། སྙིགས་དུས་འགྲོ་བའི་འདྲེན་པ་གཅིག་པུ་པར་གྱུར་པ་རྒྱལ་མཆོག་སྤྲུལ་པའི་སྐུ་བཟང་པོའི་མཚན་འཆང་བ་གང་གི་བཀའི་བདུད་རྩིའི་བཅུད་བཟང་སྙིང་ལ་ཡང་དག་སིམ་པའི་མཐུས། སྣ་ཚོགས་རང་གྲོལ་གྱི་བཙུན་པས་དཔལ་རི་གངས་ཀྱི་ལྷོ་ཕྱོགས་བདེར་གཤེགས་ཚེའི་ཕུག་ཏུ་ཟིན་རིས་སུ་བཀོད་པའི་དགེ་བས། མཆོག་གི་སྤྲུལ་པའི་སྐུ་དེ་ཉིད་སོགས་སྐྱེས་ཆེན་དམ་པ་རྣམས་ཀྱི་སྐུ་ཚེ་འཕེལ་བ་དང་། མཐའ་ཡས་པའི་འགྲོ་


TR006_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཀུན་ཀྱང་འཆི་མེད་རྡོ་རྗེའི་སྐུ་ཐོབ་པར་གྱུར་ཅིག །སརྦ་མངྒ་ལཾ། གཅིག་ཞུས་ཁུལ་ལགས།


previousཚེ་དཔག་མེད་གནམ་ལྕགས་རྡོ་རྗེ་དངོས་གྲུབ་ཀུན་འདུས་ཀྱི་དབང་བསྐུར་རྒྱས་པའི་རིམ་པ་ཇི་ལྟར་བྱ་ཚུལ་ལྟས་ཆོག་མ།next