Nitartha Digital Library
Tibetan
དཔལ་སྤྲུལ་གསུང་འབུམ།

118 occurrences of དགོངས་པ་
[Clear Hits]


 
རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཏིག་གི་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་།
25  expand section
45  expand section
 
 
  
  
  
 
 
 
  
  
  
 
  
  
  
  
13   
 
 
 
 


118 occurrences of དགོངས་པ་
[Clear Hits]

 
no previousརྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཏིག་གི་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་།next

རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཏིག་གི་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་།


ZP05_Page_001
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཏིག་གི་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ།། །།


ZP05_Page_002
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་བླ་མ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ལ་ཕྱག་འཚལ་ལོ། །རྒྱལ་བའི་ དགོངས next hit་རིག་འཛིན་བརྡའ་ཡིས་བརྒྱུད། །གང་ཟག་མི་ལས་སྐལ་པ་རབ་གྱུར་པས། །དམ་པའི་རྗེས་ཟིན་དོན་གཉིས་མཐར་ཕྱིན་པ། །བརྒྱུད་གསུམ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཆོས་ཟད་ཀློང་དུ་ཆོས་སྐུའི་previous hit དགོངས next hit་བརྙེས། །འོད་གསལ་དབྱིངས་སུ་ལོངས་སྐུའི་ཞིང་སྣང་གཟིགས། །གདུལ་བྱའི་སྣང་ངོར་སྤྲུལ་སྐུའི་འགྲོ་དོན་མཛད། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ལ་


ZP05_Page_003
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ། །མཁྱེན་པས་ཤེས་བྱ་ཀུན་གྱི་དེ་ཉིད་གཟིགས། །ཐུགས་བརྩེའི་འོད་ཟེར་གདུལ་བྱའི་དཔལ་དུ་ཤར། །ཟབ་ལམ་ཐེག་རྩེའི་བསྟན་པ་གསལ་མཛད་པ། །རིག་འཛིན་འཇིགས་མེད་གླིང་པ་ལ་ཕྱག་འཚལ། །སྤྱན་རས་གཟིགས་དབང་བཤེས་གཉེན་ཚུལ་བཟུང་ནས། །གསུང་གི་སྣང་བས་འབྲེལ་ཚད་ཐར་ལམ་དགོད། །གང་ལ་གང་འདུལ་མཛད་པ་མཐའ་ཡས་པ། །དྲིན་ཆེན་རྩ་བའི་བླ་མ་ལ་ཕྱག་འཚལ། །བསྟན་པ་ཡོངས་རྫོགས་ཀུན་མཁྱེན་བརྒྱུད་པའི་གཞུང་། །


ZP05_Page_004
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་སྙིང་པོ་ཚེ་གཅིག་སངས་རྒྱས་ཆོས། །ལམ་གྱི་སྔོན་འགྲོ་ཐུན་མོང་ཕྱི་དང་ནང་། །གདམས་པའི་ཆ་ལག་ཉེ་ལམ་འཕོ་བར་བཅས། །གསལ་ལ་གོ་བདེ་དོན་ཟབ་རྨད་དུ་བྱུང་། །མཚུངས་མེད་བླ་མའི་བཀའ་ལུང་མ་ནོར་བ། །རང་བློར་ཇི་བཞིན་ངེས་བཞིན་འདིར་བཤད་ཀྱིས། །ལྷ་དང་བླ་མས་བདག་རྒྱུད་བྱིན་གྱིས་རློབས། །འདིར་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཏིག་གི་ཐུན་མོང་ཕྱི་ནང་གི་སྔོན་འགྲོ་རྣམས་མཚུངས་མེད་བླ་མ་དམ་པའི་ཞལ་རྒྱུན་ཇི་ལྟ་བ་བཞིན་བརྗེད་ཐོར་བྱ་བ་འདི་ལ་གསུམ། ཐུན་མོང་ཕྱིའི་སྔོན་འགྲོ། །ཐུན་མིན་ནང་གི་སྔོན་འགྲོ། ཉམས་ལེན་དངོས་གཞིའི་ཆ་ལག་ཉེ་ལམ་འཕོ་བའི་ཁྲིད་དང་གསུམ་ལས།


no previousརྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཏིག་གི་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་།next