Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

12 occurrences of བརྒྱུད་གསུམ་
[Clear Hits]


 
 
རིག་འཛིན་བདུད་འཇོམས་ཡབ་སྲས་ལ་གསོལ་བ་འདེབས་པའི་རིམ་པ་བྱིན་རླབས་དབྱིག་གི་སྒོ་འབྱེད།
  
  
  
  
  
  
 
  
 
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
 
  
  
  
  
  
  
  
  
  
  
  
  
  
  
  
 
  
  


12 occurrences of བརྒྱུད་གསུམ་
[Clear Hits]

 
previousརིག་འཛིན་བདུད་འཇོམས་ཡབ་སྲས་ལ་གསོལ་བ་འདེབས་པའི་རིམ་པ་བྱིན་རླབས་དབྱིག་གི་སྒོ་འབྱེད།next

རིག་འཛིན་བདུད་འཇོམས་ཡབ་སྲས་ལ་གསོལ་བ་འདེབས་པའི་རིམ་པ་བྱིན་རླབས་དབྱིག་གི་སྒོ་འབྱེད།


JSD004_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་བདུད་འཇོམས་ཡབ་སྲས་ལ་གསོལ་བ་འདེབས་པའི་རིམ་པ་བྱིན་རླབས་དབྱིག་གི་སྒོ་འབྱེད་ཅེས་བྱ་བ་ནི། །ཨོཾ་ཨཱཿཧཱུྃསརྦ་མ་ཧཱ་གུ་རུ་བིདྱ་དྷ་ར་སིདྡྷི་ཧཱུྃ་ཧྲཱི༔ རྒྱལ་བ་ཀུན་འདུས་དབང་དྲག་པདྨ། །རྩུབ་འགྱུར་ལྔ་བདོའི་དཔལ་དུ་ཤར་བའི། །བརྒྱུད་པ་དགུ་ལྡན་ཟབ་གཏེར་མངའ་བདག༔ བདུད་འཇོམས་གྲུབ་པའི་འཁོར་ལོའི་བསྒྱུར་རྒྱལ། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །གང་གི་གདུང་རིགས་ཉམས་མེད་ལས་འཁྲུངས། །ཐུགས་བསྐྱེད་སྦྱངས་པ་སྟོབས་སུ་སྨིན་པས། །གདུལ་བྱའི་རེ་བ་ཡིད་བཞིན་སྐོང་བའི། །རྒྱལ་སྲས་གདུང་འཚོབ་བརྒྱུད་པར་བཅས་པ། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །མ་ཧཱ་ཡོ་གའི་ཏནྟྲ་བཅོ་བརྒྱད། །ཆར་དུ་བབས་ཤིང་ཚོམ་བུ་འབུམ་བཅས། །འཁོར་ལོ་


JSD004_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཆེན་སར་ཕྱིན་ཛ་ཡི། །མཆོག་སྤྲུལ་བསྟན་པའི་རྒྱལ་མཚན་འཛིན་མཛད། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །རིམ་གཉིས་ཟབ་མོའི་ལམ་ལ་བརྟེན་ནས། །གྲུབ་གཉིས་འབྲས་བུ་ཚོ་འདིར་བརྙེས་པའི། །འབངས་རིགས་སྐད་གཉིས་སྨྲ་བ་ལང་གྲོའི། །སྒྱུ་འཕྲུལ་དབང་ཕྱུག་པདྨ་རྡོ་།ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །དཔལ་ཆེན་ཆེ་མཆོག་མངོན་པར་གྲུབ་ནས། །མི་གཡོ་དགོངས་པའི་གདེང་ཐོབ་ཚོས་རྒྱལ། །ཚངས་པ་ལྷ་ཡི་མེ་ཏོག་རྣམ་རོལ། །ཀུན་མཁྱེན་འཛམ་གླིང་དབང་གི་རྒྱལ་པོ། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག༔ ཧཱུྃ་ཀཱར་ཤྲཱི་སེང་མཚོ་སྐྱེས་རྡོ་རྗེའི། །དགོངས་བརྒྱུད་བུམ་པ་གང་བྱོའི་ཚུལ་ཐོབ། ྋ །འོད་ལུས་གྲུབ་པ་རྣམ་སྣང་ལོ་ཙཱའི། །ཐུགས་ཀྱི་ཟློས་གར་མི་ཕམ་རྡོ་རྗེ།


JSD004_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །འཕོ་ཆེན་སྐུ་བརྙེས་དྲི་མེད་བཤེས་གཉེན། །བསམ་བཞིན་སྤྲུལ་ནས་གཏེར་གཉིས་བསྟན་པས། །དབང་རྣོན་གདུལ་བྱའི་ཤེས་རྒྱུད་གྲོལ་མཛད། །འགྲོ་འདུལ་པདྨ་ལས་འབྲེལ་རྩལ་ཞེས། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །དུས་གསུམ་རྒྱལ་བའི་ཕྲིན་ལས་སྤྱི་གཟུགས། །གཞོམ་མེད་ཁྲོ་རྒྱལ་བཛྲ་ཀཱི་ལའི། །ཡེ་ཤེས་སྒྱ་འཕྲུལ་རོལ་པའི་དཔའ་བོ། ལྷ་ཡི་ལྷ་ཆེན་སྟོབས་ཀྱི་རྒྱལ་པོ། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །རྒྱལ་སྲས་ཕྱག་ན་པདྨོའི་ཐུགས་རྗེ། །གང་ལ་གང་འདུལ་ཆུ་ཟླའི་ཚུལ་དུ།ྋ རྩོད་དུས་འགྲོ་བའི་མོས་ངོར་འཆར་བ། །སྐྱེས་མཆོག་ནམ་མཁའ་འཇིགས་མེད་དབང་པོ། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་


JSD004_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག །མཐུ་སྟོབས་ནུས་རྩལ་རྡོ་རྗེ་འབར་བས། །མ་རུངས་བགེགས་དཔུང་ཕྱེ་མར་འཐག་ཅིང་། །རྒྱུད་སྡེ་རྒྱ་མཚོ་བཀའ་ཡི་སྡུད་པོ། །གསང་བདག་བླ་མ་རྡོ་རྗེ་དགྲ་འདུལ། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །གཞན་ཡང་པདྨས་ལུང་བསྟན་ཐོབ་པའི། །ཚེ་གཅིག་ཟག་མེད་འཇའ་ལུས་མངོན་འགྲུབ། །ཐུགས་སྲས་ཆོས་བདག་བརྒྱུད་པར་བཅས་རྣམས། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །དེ་ལྟར་མོས་པས་གསོལ་འདེབས་བུ་ལ། །འདྲེན་སྟོན་རིག་འཛིན་རྩལ་འཆང་ཚོགས་ཀྱིས། །ད་ལྟ་ཉིད་དུ་བྱིན་གྱིས་རློབས་ཤིག །མྱུར་བ་ཉིད་དུ་བྱིན་གྱིས་རློབས་ཤིག །ལྟ་བའི་གཞི་ཚུགས་སྒོམ་པའི་གདེང་ཐོབ། །རང་གྲོལ་སྤྱོད་པས་བོགས་ཆེན་འབྱིན་ནས། །འབྲས་བུའི་རྒྱལ་པོ་གཞོན་ནུ་བུམ་སྐུར། ཚེ་


JSD004_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད་ལ་གཏན་སྲིད་ཟིན་མཛོད། །གལ་ཏེ་སྒོམ་པའི་རྩལ་མ་རྫོགས་ནས། །འཆི་ཁ་ཆོས་ཉིད་སྲིད་པར་འཕྱན་ན། འདའ་ཀའི་མན་ངག་བླ་མའི་ཐུགས་རྗེས། །འཁྲུལ་སྣང་བར་དོའི་འཇིགས་སྐྲག་སྟོངས་མཛོད། །རང་སྣང་གདོད་མའི་ནང་གསལ་དབྱིངས་ནས། དག་དང་མ་དག་གདུལ་བྱའི་ཞིང་དུ། །འདུལ་བྱེད་སྤྲུལ་པ་ཆུ་ཟླའི་གར་གྱིས། །མཁའ་མཉམ་འགྲོ་དོན་ནུས་པར་མཛོད་ཅིག །སྐྱེ་བ་ཀུན་ཏུ་དལ་འབྱོར་རྟེན་ལ། །བཤེས་གཉེན་མགོན་ལས་སྨིན་གྲོལ་སྒོར་ཞུགས། །དམ་ཚིག་རྣམ་དག་རིམ་གཉིས་ལམ་གྱིས། །དག་རྫོགས་སྨིན་གསུམ་མཐའ་རུ་ཕྱིན་མཛོད། །མདོར་ན་དུས་དང་རྣམ་པ་ཀུན་ཏུ། །previous hit བརྒྱུདགསུམ next hit་རིག་འཛིན་བླ་མའི་ཚོགས་རྣམས། །སྐད་ཅིག་ཙམ་ཡང་འབྲལ་བ་མེད་པར། །


JSD004_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་ལུང་བསྟན་དབུགས་དབྱུང་སྩོལ་ཅིག །འབྲེལ་ཐོགས་གཙོ་བྱས་འགྲོ་བ་མ་ལུས། །ཀུན་ཁྱབ་ཡེ་ཤེས་རང་ངོར་སངས་ནས། །འབད་མེད་ཡེ་གཞིའི་ཀློང་དུ་ཕྱམ་གཅིག །མྱུར་དུ་གྲོལ་བར་བྱིན་གྱིས་རློབས་ཤིག །ཅེས་པའང་པདྨའི་རྒྱལ་ཚབ་འགྲོ་འདུལ་གླིང་པའི་རིགས་ཀྱིམྱུ་གུར་སྨིན་པའི་སྔགས་སྐྱེས་ཀྱི་ནི་གུ་མ་བདེ་ཆེན་གཡུ་སྒྲོན་དང་། །མོས་ལྡན་སྐལ་བཟང་འགྱུར་མེད་ཟུང་གིས་རྒིས་གཏེར་ཡབ་སྲས་ལ་གསོལ་འདེབས་ཤིག་དགོས་ཞེས་བསྐུལ་བའི་ངོར་སྙིགས་དུས་ཀྱི་སེར་གཟུགས་ཧྲུལ་པོ་ཀྲོ་དྷ་ཛ་ཡས་རྡོ་རྗེའི་ལུང་ལ་གཞི་བྱས་ནས་ཤར་མར་བྲིས་པས་གང་གིས་ཁ་ཏོན་དུ་བགྱིད་པ་སོགས་ཀྱི་རྒྱུད་ལ་previous hit བརྒྱུདགསུམ next hit་རིག་འཛིན་བླ་མའི་བྱིན་རླབས་ངམ་ངམ་ཤུགས་ཀྱིས་འཇུག་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།


previousརིག་འཛིན་བདུད་འཇོམས་ཡབ་སྲས་ལ་གསོལ་བ་འདེབས་པའི་རིམ་པ་བྱིན་རླབས་དབྱིག་གི་སྒོ་འབྱེད།next