Nitartha Digital Library
Tibetan
 
no previousཤོག་ལྷེབ་ ༡ ནས་ ༡༠༠ བར།next

ཤོག་ལྷེབ་ ༡ ནས་ ༡༠༠ བར།


KMC002_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་ཀརྨ་བཀའ་བརྒྱུད་ཀྱི་རྗེས་སུ་འབྲང་བའི་དགེ་འདུན་རྣམས་ཀྱི་ཐུན་མོང་ཚོགས་སུ་ཞལ་འདོན་དུ་བྱ་བའི་ཆོས་སྤྱོད་ཀྱི་རིམ་པ་ལེགས་ལམ་རབ་གསལ་ཞེས་བྱ་བ་བཞུགས་སོ། །


KMC002_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿཤྲཱི་གུ་ར་ཝེ། གང་ལ་བཏུད་པས་སྲིད་ཞིའི་མཚོ། །ངེས་པར་སྒྲོལ་མཛད་ཐུགས་རྗེའི་གཏེར། །དཔལ་ལྡན་བླ་མ་སྙིང་དབུས་སུ། །ལན་བརྒྱར་མཆོད་ནས་འདི་བརྩམ་མོ། །དེ་ལ་འདིར་ཡོངས་རྫོགས་རྒྱལ་བསྟན་འཛིན་པའི་དམ་པར་གྱུར་པ་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་རིང་ལུགས་ཆེན་པོའི་དགེ་འདུན་རྣམས་ཀྱི་ཡོངས་གྲགས་ཚོགས་སུ་བྱ་བའི་ཆོས་སྤྱོད་འཕྲལ་དགོས་ཀྱི་རིམ་པ་ལ། ཐོག་མར་སྐྱབས་སུ་འགྲོ་བ་ནི། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཀུན་ཁྱབ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །མ་ནམ་


KMC002_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ་མཆིའོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆིའོ། །ཞེས་ལན་བདུན་ནམ་ཉེར་གཅིག་སོགས་སྐབས་དང་བསྟུན་པར་བྱ་ཞིང་། སྤྲོ་ན། རྒྱུ་སྦྱོར་བ་སྦྱིན་པའི་བདག་པོས་ཐོག་དྲངས་ནམ་མཁའ་དང་མཉམ་པའི་


KMC002_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་བདག་ཉིད་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་སམ། དེའི་མཐར་སྔོན་གྱི་ཕྱག་བཞེས་སུ་བྱུང་བ་བཞིན། རྗེ་བཙུན་མ་འཕགས་མ་སྒྲོལ་མའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་པ་སྦྱར་ཏེ་སྐྱབས་སུ་སོང་ནས། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་


KMC002_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱིས་སེམས་བསྐྱེད་པ་གསལ་གདབ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་གནས་པར་གྱུར་ཅིག །ཅེས་པ་ལན་གསུམ་གྱིས་ཚད་མེད་བཞི་བསྒོམ། དེ་ནས་ཚོགས་རྟེན་སྤྲུལ་ཞིང་ཚོགས་བསག་པའི་སྐོར་རྗེ་བདུན་པས་སྨོན་ལམ་གྱི་ཆོ་ག་ཡན་ལག་ཉི་ཤུ་པར་བཀའ་སྩལ་བ་ལྟར་ལས་ཅུང་ཟད་བསྡུས་ཏེ། དེང་སང་ཕྱག་བཞེས་སུ་མཛད་པ་ནི་ཐོག་མར། དཀོན་མཆོག་གསུམ་གྱི་བདེན་པ་དང་། བྱིན་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མཐུ་དང་། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ཡོན་ཏན་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞིང་དག་པའི་སྦྱོར་བ་ལ་སོགས་པ་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་པའི་མཐུ་དང་། བདག་ཅག་རྣམས་ཀྱི་མོས་པའི་མཐུ་ལས་གནས་འདི་སངས་རྒྱས་


KMC002_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཞིང་ཐམས་ཅད་ཀྱི་རྒྱན་དང་བཀོད་པ་དང་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པར་གྱུར་ཅིག །ཅེས་ལན་གསུམ་དང་། སྤྲོ་ན་མདོ་སྡེ་དགོངས་འགྲེལ་ལས་གསུངས་པའི། དེའི་དབུས་སུ་གཞལ་མེད་ཁང་ཆེན་པོ་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ་བཀོད་པ། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྒྱས་པར་འགེངས་པའི་འོད་ཟེར་ཆེན་པོ་རབ་ཏུ་འབྱུང་བ། གནས་ཐ་དད་པ་ཤིན་ཏུ་རྣམ་པར་ཕྱེ་བ་མཐའ་ཡས་པ་རྣམ་པར་གནས་པ། རྒྱ་ཡོངས་སུ་མ་ཆད་པ། ཁམས་གསུམ་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ། འཇིག་རྟེན་ལས་ཡང་དག་པར་འདས་པ་དེའི་བླ་མའི་དགེ་བའི་རྩ་བ་ལས་བྱུང་བ། ཤིན་ཏུ་རྣམ་པར་དག་ཅིང་དབང་བསྒྱུར་བའི་རྣམ་པར་རིག་པའི་མཚན་ཉིད། དེ་བཞིན་གཤེགས་པའི་གནས། བྱང་ཆུབ་སེམས་དཔའི་དགེ་འདུན་དང་ལྡན་པ། ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མི་འམ་ཅི་དང་ལྟོ་འཕྱེ་


KMC002_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་དང་མི་དང་མི་མ་ཡིན་པ་མཐའ་ཡས་པ་རྣམ་པར་རྒྱུ་བ། ཆོས་ཀྱི་རོའི་དགའ་བ་དང་བདེ་བ་ཆེན་པོས་བརྟན་པ། སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་ཡང་དག་པར་ཐོབ་པར་བྱེད་པས་ཉེ་བར་གནས་པ། ཉོན་མོངས་པའི་གནོད་པའི་དྲི་མ་ཐམས་ཅད་དང་བྲལ་བ། བདུད་ཐམས་ཅད་ཡོངས་སུ་སྤངས་པ། ཐམས་ཅད་ཀྱི་བཀོད་པ་ལས་ལྷག་པའི་དེ་བཞིན་གཤེགས་པའི་བཀོད་པའི་གནས། དྲན་པ་དང་བློ་གྲོས་དང་རྟོགས་པ་ཆེན་པོས་ངེས་པར་འབྱུང་བ། ཞི་གནས་དང་ལྷག་མཐོང་གི་བཞོན་པ་ཡིན་པ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་ཉིད་དང་། སྨོན་པ་མེད་པ་ནས་འཇུག་པ། རིན་པོ་ཆེ་པདྨའི་རྒྱལ་པོ་ཡོན་ཏན་མཐའ་ཡས་པས་བརྒྱན་པའི་བཀོད་པ་ལ་བརྟེན་པའི་གཞལ་མེད་ཁང་ཆེན་པོར་གྱུར། དེའི་དབུས་སུ་ལྷ་དང་ཀླུ་དང་མི་ལ་སོགས་པའི་རིན་པོ་ཆེ་སྣ་ཚོགས་པའི་ཁྲིའི་སྟེང་དུ་ལྷ་མིའི་གོས་རིན་ཐང་


KMC002_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་བཏིང་པའི་སྟེང་དུ། གཙང་ཞིང་དྲི་མ་མེད་པའི་པདྨའི་གདན་སྣ་ཚོགས་པ་བཤམས་པ་སོ་སོར་གསལ་བར་གྱུར། ཅེས་པ་ནི་གཞལ་མེད་ཁང་པ་གདན་དང་བཅས་པ་གསལ་གདབ་པའི་ཡན་ལག་གོ །དེ་ནས་མཆོད་པ་གསལ་གདབ་པའི་ཡན་ལག་ནི། ཁྲི་དེ་དག་གི་སྟེང་དུ་རིན་པོ་ཆེ་སྣ་ཚོགས་དང་ལྷ་དང་མིའི་གོས་སྣ་ཚོགས་ལས་གྲུབ་པའི་གདུགས་དང་བླ་རེས་དང་འཕན་དང་ལྔ་ལྡི་དང་ལྷའི་མེ་ཏོག་མན་དཱ་ར་བ་ལ་སོགས་པ་རྣམས་ཀྱི་ཆར་དང་། བླ་རེས་དང་གདུགས་དང་འཕན་དང་། ལྡ་ལྡི་ལ་སོགས་པ་མཛེས་པར་བྲིས་ཤིང་། ལོགས་རྣམས་ཀྱང་རིན་པོ་ཆེ་དང་། དར་དང་མེ་ཏོག་ལ་སོགས་པའི་དྲྭ་བ་དང་དྲྭ་ཕྱེད་དང་འཕན་དང་ལྡ་ལྡི་ལ་སོགས་པས་མཛེས་པ་དང་། ས་གཞིར་ལྷ་དང་མིའི་མེ་ཏོག་སིལ་མ་བཀྲམ་ཞིང་། མཆོད་ཡོན་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་ལ་སོགས་པ་ཕུང་པོ་གསུམ་པའི་མདོ་དང་། བཟང་པོ་སྤྱོད་པའི་སྨོན་ལམ་ལས་འབྱུང་བ་ལྟ་བུའི་མཆོད་པའི་


KMC002_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིན་གྱི་རྒྱ་མཚོ་ཕུལ་དུ་བྱུང་ཞིང་སྣ་ཚོགས་པ་བསམ་གྱིས་མི་ཁྱབ་པ་ནམ་མཁའི་ཁམས་ཀྱི་མཐའ་ཀླས་པར་རྒྱས་པར་གང་ཞིང་ཟད་མི་ཤེས་པ་དང་ལྡན་པར་གྱུར། དེ་ནས་སྤྱན་འདྲེན་པའི་ཡན་ལག་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱའི ་དབང་པོ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཐམས་ཅད། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ཉེས་ལྟུང་གི་དྲི་མ་སྦྱང་ཞིང་བསོད་ནམས་ཀྱི་ཚོགས་སྤེེལ་བའི་སླད་དུ་སྤྱན་འདྲེན་ཞིང་མཆིས་ན། ཐུགས་རྗེ་ཆེན་པོས་བསྐུལ་ཏེ། དེང་དུས་ལ་བབ་ཀྱིས་དགོངས་པར་མཛད་དུ་གསོལ། ཞེས་དང་། རྒྱ་ཆེ་རོལ་པ་ནས་འབྱུང་བ་ལྟར། ཀྱེ་དོན་ཐམས་ཅད་གྲུབ་པ་འདིར་གཤེགས་སུ་གསོལ། ཀྱེ་ལྷའི་ལྷ། ཀྱེ་ཁ་ལོ་བསྒྱུར་བ། ཀྱེ་དགའ་ཞིང་བདེ་བ་དང་མཆོག་ཏུ་དགའ་བར་མཛད་པ། ཀྱེ་སྨན་པ་བླ་


KMC002_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ན་མེད་པའི་གྲགས་པ་མངའ་བ། ཀྱེ་ཀུན་ནས་སྤྱན་མངའ་བ། ཀྱེ་མི་མཉམ་པ་དང་མཉམ་ཞིང་འགྲན་ཟླ་མེད་པའི་ཡོན་ཏན་དང་གཟི་བརྗིད་མངའ་བ། མཚན་དང་དཔེ་བྱད་བཟང་པོས་ཡང་དག་པར་བརྒྱན་པའི་སྐུ་མངའ་བ་འདིར་གཤེགས་སུ་གསོལ། ཞེས་དང་། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམས་སྦྱངས་ཤིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་བདག་འཁོར་དང་


KMC002_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ཏེ་གཤེགས་སུ་གསོལ། །ཆོས་རྣམས་ཀུན་ཀྱི་དབང་ཕྱུག་གཙོ། །བཙོ་མ་གསེར་གྱི་མདོག་འདྲ་ཞིང་། །ཉི་མ་ལས་ལྷག་གཟི་བརྗིད་ཆེ། །དད་པས་སྤྱན་ནི་དྲང་བར་བགྱི། །ཞི་ཞིང་ཐུགས་རྗེ་ཆེ་ལྡན་པ། །དུལ་ཞིང་བསམ་གཏན་ས་ལ་བཞུགས། །ཆོས་དང་ཡེ་ཤེས་ཆགས་བྲལ་བ། །ཀུན་ཏུ་མི་ཟད་ནུས་པར་ལྡན། །ཚུར་སྤྱོན་ཚུར་སྤྱོན་ཞི་དག་ལྷ། །ཐུབ་པ་སྐྱེས་མཆོག་ཐམས་ཅད་མཁྱེན། །ཤིན་ཏུ་ལེགས་བྱས་གཟུགས་བརྙན་ནི། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཞེས་དང་། མ་ག་དྷ་བཟང་མོའི་རྟོགས་བརྗོད་ལས། ཚུལ་ཁྲིམས་རྣམ་དག་ཤེས་རབ་ཤིན་ཏུ་དག །དད་ལྡན་སྙིང་པོ་ཉན་ཐོས་ཆེ་རྣམས་ཀྱིས། །མགོན་མེད་གྱུར་པ་བདག་ལ་རྗེས་གཟུང་བའི། །དོན་མཛད་ཐུགས་རྗེས་དགོངས་པར་མཛད་དུ་གསོལ། །ཞེས་སྤྱན་འདྲེན་རྒྱས་བསྡུས་སྐབས་དང་བསྟུན་པ་དང་། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་


KMC002_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་མཆོད་པ་བདག་བགྱིད་པ། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །བྱོན་ལེགས་ཀྱི་ཡན་ལག་ནི། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཁྲུས་གསོལ་གྱི་ཡན་ལག་ནི། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེས་བྲེས་པ་དེར། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །རྒྱལ་བའི་སྐུ་གསུང་ཐུགས་ལ་ཉོན་མོངས་མི་མངའ་ཡང་། །སེམས་ཅན་ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱང་སླད་དུ། །རྒྱལ་བའི་སྐུ་གསུང་ཐུགས་ལ་ཁྲུས་ཆབ་འདི་གསོལ་བས། །སེམས་ཅན་ལུས་ངག་ཡིད་གསུམ་སྒྲིབ་པ་དག་གྱུར་ཅིག །དེ་བཞིན་གཤེགས་དང་


KMC002_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡིས་སྲས་རྣམས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །དེ་ནས་སྐུ་ཕྱི་བའི་ཡན་ལག་ནི། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང་། །འཇིག་རྟེན་དབང་ཕྱུག་སོགས་ལ་བརྒྱན་པར་བགྱི། །སྲབ་འཇམ་ཡང་པ་ལྷ་ཡི་གོས། །མི་བསྐྱོད་རྡོ་རྗེའི་སྐུ་བརྙེས་ལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ལྷག་བསམ་དག་པའི་ན་བཟའ་འདི་ཕུལ་བས། །ལུས་ལ་ངུར་སྨྲིག་གོས་གྱོན་སེམས་ལ་ནི། །ངོ་ཚ་ཁྲེལ་ཡོད་བཟོད་པའི་གོས་གྱོན་ནས། །རྒྱལ་བ་བསྐྱེད་པའི་


KMC002_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་ལ་མཆོད་པར་བགྱི། །སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་རེག་ན་བདེ་བའི་རྒྱུར་གྱུར་པ། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །དེ་ནས་ཚོགས་བསག་པའི་དངོས་གཞི་ ཡན་ལག་བདུན་ཡོད་པ་ལས། དང་པོ་ཕྱག་འཚལ་བའི་ཡན་ལག་ནི། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་མཛད་པ་བླ་མ་ཡིན། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །བླ་མའི་སྐུ་ནི་རྡོ་རྗེའི་སྐུ། །མཛེས་ཤིང་ལྟ་བས་ཆོག་མི་ཤེས། །བསམ་གྱིས་མི་ཁྱབ་ཡོན་ཏན་ལྡན། །བླ་མའི་སྐུ་ལ་ཕྱག་འཚལ་ལོ། །བླ་མའི་གསུང་ནི་ཚངས་པའི་དབྱངས། །བདག་མེད་སེང་གེའི་སྒྲ་དང་ལྡན། །མུ་སྟེགས་ལོག་ལྟ་འཇོམས་མཛད་པའི། །བླ་མའི་གསུང་ལ་ཕྱག་འཚལ་ལོ། །བླ་མའི་ཐུགས་ནི་


KMC002_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་འདྲ། །བདེ་གསལ་མི་རྟོག་ངང་ཚུལ་ཅན། །རྣམ་ཐར་གསུམ་ལ་ལེགས་གནས་པའི། །བླ་མའི་ཐུགས་ལ་ཕྱག་འཚལ་ལོ། །ཤེས་བྱའི་མཁའ་ལ་མཁྱེན་རབ་དཀྱིལ་འཁོར་རྒྱས། །མཛད་པའི་འོད་སྟོང་གདུལ་བྱའི་གླིང་ལ་ཕོག །རྒྱལ་བའི་བསྟན་པ་ཀུན་ནས་གསལ་མཛད་པའི། །བཀའ་བརྒྱུད་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་སྒྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པའི། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ཞིང་། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་


KMC002_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །བླ་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ། །རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེན་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །མི་མཆོག་འདུལ་བ་ཁ་ལོ་སྒྱུར་མཛད་ཅིང་། །ཀུན་སྦྱོར་འཆིང་བ་གཅོད་མཛད་དེ་བཞིན་གཤེགས། །དབང་པོ་ཞི་ཞིང་ཉེར་ཞི་ཞི་ལ་མཁས། །མཉན་ཡོད་བཞུགས་པ་དེ་ལ་ཕྱག་འཚལ་ལོ། །རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷང་ངེ་བ། །མགོན་པོ་མཆོག་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་


KMC002_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་འཁྲུངས་ཤིང་། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་ལོ། །གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། །ས་ཆེན་འདི་ལ་གོམ་པ་བདུན་བོར་ནས། །ང་ནི་


KMC002_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །གང་ཚེ་ཁྱོད་བལྟམས་དོག་ས་རབ་གཡོས་དང་། །ཛམྦུའི་གྲིབ་མས་ཁྱོད་སྐུ་མ་བཏང་དང་། །འདི་དང་ལན་གསུམ་ཀུན་གཟིགས་མཁྱེན་ལྡན་པ། །སངས་རྒྱས་ཁྱོད་ཀྱི་ཞབས་ལ་ཕྱག་འཚལ་ལོ། །མཐུན་པའི་སྨོན་ལམ་དགེ་ཚོགས་རྨད་བྱུང་ཞིང་། །སྤྱད་པ་སྤྱོད་བྱེད་ཚེ་ནའང་མཆེད་གྱུར་ཅིང་། །བསྐལ་བཟང་གཅིག་ལ་མཛད་པ་མཐར་ཕྱིན་པའི། །རྫོགས་པའི་སངས་རྒྱས་སྟོང་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ། །འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུངས་དང་། །ཤཱཀྱ་ཐུབ་པ་གཽ་ཏམ་ལྷ་ཡི་ལྷ། །སངས་རྒྱས་དཔའ་བོ་བདུན་ལ་ཕྱག་འཚལ་ལོ། །ཐུགས་རྗེས་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻ་ཌཱུརྱ་ཡི་འོད་ལ་ཕྱག་


KMC002_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་ལོ། །འགྲོ་བ་ཉོན་མོངས་དུག་གིས་གཟིར་བ་ལ། །ཐུགས་རྗེས་དུག་སེལ་སྨན་མཆོག་བདུད་རྩི་ཡིས། །སྨོན་ལམ་ཆེན་པོ་གྲུབ་པར་གྱུར་པ་ཡི། །བདེ་བར་གཤེགས་པ་བདུན་ལ་ཕྱག་འཚལ་ལོ། །འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །མ་རིག་མུན་སེལ་སྒྲོན་མེའི་མཆོག །སྡུག་བསྔལ་ནད་སེལ་


KMC002_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་གྱི་ཕུལ། །དམ་ཆོས་དཀོན་མཆོག་ཐམས་ཅད་ལ། །ཕྱག་འཚལ་མཆོད་ཅིང་སྐྱབས་སུ་མཆི། །བྱམས་ཆེན་མེ་ཡིས་ཞེ་སྡང་བུད་ཤིང་བསྲེགས། །ཡེ་ཤེས་འོད་ཀྱིས་མ་རིག་མུན་པ་སེལ། །ཆོས་ཀྱི་རྒྱལ་ཚབ་འགྲོ་བའི་མགོན་གྱུར་པའི། །དགའ་ལྡན་བཞུགས་པ་དེ་ལ་ཕྱག་འཚལ་ལོ། །འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་བྱམས་པ་ཀུན་ཏུ་བཟང་། །ཉེ་བའི་སྲས་ཆེན་བརྒྱད་ལ་ཕྱག་འཚལ་ལོ། །ཡེ་ཤེས་བླ་མ་འོད་ཀྱི་ཏོག །དེ་བཞིན་སྨོན་ལམ་བློ་གྲོས་དང་། །དབང་པོ་ཞི་དང་འཇམ་དབྱངས་ལ། །བདག་ནི་གུས་པས་ཕྱག་འཚལ་ལོ། །ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་ཀྱི་པདྨོ་ལ་བཏུད་ཅིང་། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །འགྲོ་བའི་མགོན་པོ་ཤཱཀྱ ་སེང་གེ་ཡིས། །སངས་རྒྱས་བསྟན་པ་གང་གི་ཕྱག་ཏུ་བཞག །གསུང་རབ་རིན་ཆེན་སྒྲོམ་གྱི་


KMC002_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་འབྱེད་པའི། །དགྲ་བཅོམ་གནས་བརྟན་རྣམས་ལ་ཕྱག་འཚལ་ལོ། །བསོད་ནམས་ཞིང་རབ་མཆོག་གྱུར་པ། །ལྷ་དང་མི་ཡི་མཆོད་པའི་གནས། །རྒྱལ་སྲས་རང་རྒྱལ་དགྲ་བཅོམ་པ། །ཚོགས་མཆོག་དགེ་འདུན་ལ་ཕྱག་འཚལ། །ཚུལ་གནས་ཐོས་དང་བསམ་ལྡན་པའི། །ཏིང་ངེ་འཛིན་ལ་མཉམ་པར་གནས། །བདེ་གཤེགས་བསྟན་པ་ལེགས་འཛིན་པའི། །བཤེས་གཉེན་ཀུན་ལ་ཕྱག་འཚལ་ལོ། །ཕྱོགས་བཅུར་བཞུགས་པའི་རྒྱལ་བ་མ་ལུས་དང་། །བྱང་ཆུབ་སེམས་དང་རྒྱལ་སྲས་མ་ལུས་ཚོགས། །རྡུལ་གཅིག་སྟེང་ན་རྡུལ་སྙེད་བཞུགས་པ་ཡི། །བླ་མེད་འཕགས་པའི་ཚོགས་ལ་ཕྱག་འཚལ་ལོ། །བྱ་སྤྱོད་རྣལ་འབྱོར་རྒྱུད་སྡེ་བཞིར། །སྟོན་པ་ཉིད་ཀྱིས་གང་གསུངས་པ། །ཕྱི་དང་ནང་དང་གསང་བ་ཡི། །ཡི་དམ་རྣམས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །སྒྲུབ་པ་མཛད་པའི་གང་ཟག་ལ། །བུ་བཞིན་སྐྱོང་བར་ཞལ་བཞེས་པའི། །


KMC002_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །རྫོགས་སངས་གང་དུ་བལྟམས་པ་དང་། །གང་དུ་བྱང་ཆུབ་ལ་རེག་དང་། །ཞི་བའི་འཁོར་ལོ་བསྐོར་བ་དང་། །ཟག་མེད་མྱ་ངན་འདས་པ་དང་། །བདེ་གཤེགས་གང་དུ་བཞུགས་པ་དང་། །འཆག་པ་དང་ནི་བཞེངས་པ་དང་། །སེང་གེ་ལྟ་བུར་གཟིམས་པ་ཡི། །གནས་དེ་ལ་ཡང་ཕྱག་འཚལ་ལོ། །སྟེང་དང་འོག་དང་བར་དག་དང་། །ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཡང་། །སྐུར་བཅས་སྐུ་ནི་མེད་པ་ཡི། །མཆོད་རྟེན་རྣམས་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་དུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཞེས་པ་རྣམས་དང་སྤྲོ་ན་འོག་ནས་འབྱུང་བའི་ཕྱག་འཚལ་གྱི་ཚིགས་བཅད་ཅི་རིགས་འདོན་བཞིན་ཚོགས་པ་རྣམས་སྤྱོད་ལམ་སྒོ་བསྟུན་ནས་ཕྱག་བྱའོ། །གཉིས་པ་མཆོད་པ་འབུལ་བའི་ཡན་ལག་ནི། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་པའི་གདུགས་མཆོག་དང་། །མར་


KMC002_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མའི་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ཡང་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །ཞེས་དང་སྤྱོད་འཇུག་ནས་འབྱུང་བའི། རིན་ཆེན་སེམས་དེ་གཟུང་བར་བྱ་བའི་ཕྱིར། །དེ་བཞིན་གཤེགས་པ་རྣམས་དང་དམ་པའི་ཆོས། །དཀོན་མཆོག་དྲི་མ་མེད་དང་སངས་རྒྱས་སྲས། །ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད། །མེ་ཏོག་འབྲས་བུ་ཇི་སྙེད་ཡོད་པ་དང་། །སྨན་གྱི་རྣམ་པ་གང་དག་ཡོད་པ་དང་། །འཇིག་རྟེན་རིན་ཆེན་ཇི་སྙེད་ཡོད་པ་དང་། །ཆུ་གཙང་ཡིད་དུ་འོང་བ་ཅི་ཡོད་དང་། །རིན་ཆེན་


KMC002_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

རི་བོ་དང་ནི་དེ་བཞིན་དུ། །ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་དང་། །ལྗོན་ཤིང་མེ་ཏོག་རྒྱན་སྤྲས་སྤུད་པ་དང་། །ཤིང་གང་འབྲས་བཟང་ཡལ་ག་དུད་པ་དང་། །ལྷ་སོགས་འཇིག་རྟེན་ན་ཡང་དྲི་དང་ནི། །སྤོས་དང་དཔག་བསམ་ཤིང་དང་རིན་ཆེན་ཤིང་། །མ་རྨོས་འཁྲུངས་པའི་ལོ་ཏོག་རྣམ་པ་དང་། །གཞན་ཡང་མཆོད་པར་འོས་པའི་རྒྱན་རྣམས་ནི། །མཚོ་དང་རྫིང་བུ་པདྨས་བརྒྱན་པ་དང་། །ངང་པ་ཤིན་ཏུ་སྐད་སྙན་ཡིད་འོང་ལྡན། །ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐས་གཏུགས་པ། །ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན། །བློ་ཡིས་བླངས་ནས་ཐུབ་པ་སྐྱེས་ཀྱི་མཆོག །སྲས་དང་བཅས་པ་རྣམས་ལ་ལེགས་འབུལ་ན། །ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས། །བདག་ལ་བརྩེར་དགོངས་བདག་གི་འདི་དག་བཞེས། །བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ། །མཆོད་པའི་ནོར་གཞན་བདག་ལ་ཅང་མ་མཆིས། །དེས་ན་གཞན་


KMC002_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དགོངས་པའི་མགོན་གྱིས་ནི། །བདག་གི་དོན་སླད་ཉིད་ཀྱི་མཐུས་བཞེས་ཤིག །རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །བདག་གི་ལུས་ཀུན་གཏན་དུ་དབུལ་བར་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། །བདག་ནི་ཁྱེད་ཀྱིས་ཡོངས་སུ་བཟུང་བས་ན། །སྲིད་ལ་མི་འཇིགས་སེམས་ཅན་ཕན་པར་བགྱིད། །སྔོན་གྱི་སྡིག་ལས་ཡང་དག་འདའ་བགྱིད་ཅིང་། །སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ། ༈ །སྟོང་གསུམ་ཀུན་དུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཐུབ་དབང་མཆོད་གནས་མཆོག་ལ་ཡིད་འོང་བའི། །མེ་ཏོག་མནྡཱ་ར་དང་པདྨ་དང་། །ཨུཏྤ་ལ་སོགས་དྲི་ཞིམ་ཐམས་ཅད་དང་། །ཕྲེང་བ་སྤེལ་ལེགས་ཡིད་འོང་རྣམས་ཀྱིས་མཆོད། །


KMC002_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

སྤོས་མཆོག་ཡིད་འཕྲོག་དྲི་ངད་ཁྱབ་པ་ཡི། །བདུག་པའི་སྤྲིན་ཚོགས་རྣམས་ཀྱང་དེ་ལ་དབུལ། །ཞལ་ཟས་བཟའ་བཏུང་སྣ་ཚོགས་བཅས་པ་ཡི། །ལྷ་བཤོས་རྣམས་ཀྱང་དེ་ལ་དབུལ་བར་བགྱི། །གསེར་གྱི་པདྨ་ཚར་དུ་དངར་བ་ཡི། །རིན་ཆེན་སྒྲོན་མ་རྣམས་ཀྱང་དབུལ་བར་བགྱི། །ས་གཞི་བསྟར་བ་སྤོས་ཀྱིས་བྱུགས་པ་དེར། །མེ་ཏོག་ཡིད་འོང་སིལ་མ་དགྲམ་བར་བྱ། །གཞལ་མེད་ཕོ་བྲང་བསྟོད་དབྱངས་ཡིད་འོང་ལྡན། །མུ་ཏིག་རིན་ཆེན་རྒྱན་འཕྱང་མཛེས་འབར་བ། །དཔག་གཡས་ནམ་མཁའི་རྒྱན་གྱུར་དེ་དག་ཀྱང་། །ཐུགས་རྗེའི་རང་བཞིན་ཅན་ལ་དབུལ་བར་བགྱི། །རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །འཁོར་ཡུག་རྒྱན་གྱི་རྣམ་པ་ཡིད་འོང་ལྡན། །དབྱིབས་ལེགས་བལྟ་ན་སྡུག་པ་བསྒྲེང་བ་ཡང་། །རྟག་ཏུ་ཐུབ་དབང་རྣམས་ལ་དབུལ་བར་བགྱི། །དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་


KMC002_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་སིམ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །དམ་ཆོས་དཀོན་མཆོག་ཐམས་ཅད་དང་། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་འཆད་པར་འབབ་བར་ཤོག །ཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །ཅེས་དང་མཎྜལ་ནི། ༀ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ་ཧ་ཧ་ཧ་ཧ་ཧོཿབྷ་ག་ཝན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་ས་


KMC002_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ཏྭ་ཨཱཿ ཞེས་ཡི་གེ་བརྒྱ་པ་བརྗོད་བཞིན་མཎྜལ་གྱི་རྡུལ་གཡས་སྐོར་དུ་ཕྱི། མེ་ཏོག་གི་ཚོམ་བུ་ཕྱག་བཞེས་ལྟར་འགོད་བཞིན། ༀ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་རྣམ་པར་དག་པ་དབང་ཆེན་གསེར་གྱི་ས་གཞི། ༀ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རིའི་འཁོར་ཡུག་གི་ར་བས་ཡོངས་སུ་བསྐོར་བའི་དབུས་སུ་རིའི་རྒྱལ་པོ་རི་བོ་མཆོག་རབ། ཤར་ལུས་འཕགས་པོ། ལྷོ་ཛམྦུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། རིན་པོ་ཆེའི་རི་བོ། དཔག་བསམ་གྱི་ཤིང་། འདོད་འཇོའི་བ། མ་རྨོས་པའི་ལོ་ཏོག །འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། གཏེར་ཆེན་པོའི་བུམ་པ། སྒེག་མོ་མ། ཕྲེང་བ་མ། གླུ་མ། གར་མ། མེ་ཏོག་མ། བདུག་སྤོས་མ། སྣང་གསལ་མ། དྲི་ཆབ་མ། ཉི་མ། ཟླ་བ།


KMC002_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། དབུས་སུ་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ། རབ་འབྱམས་རྒྱ་མཚོའི་རྡུལ་གྱི་གྲངས་ལས་འདས་པ་མངོན་པར་བཀོད་དེ། བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་དང་། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཞེས་དང་། ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བླ་མ་རྡོ་རྗེ་སློབ་དཔོན་དང་། །ཡི་དམ་ལྷ་ཚོགས་འཁོར་དང་བཅས། །དུས་གསུམ་བདེ་གཤེགས་མ་


KMC002_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ལ། །གླིང་བཞི་རི་རབ་བཅས་པ་དང་། གླིང་བཞི་བྱེ་བ་ཕྲག་བརྒྱ་དང་། །བྱེ་བ་འབུམ་དང་དུང་ཕྱུར་ཏེ། །མཎྜལ་གཅིག་ཏུ་བསྡུས་ནས་ནི། །མོས་བློས་གོང་མ་རྣམས་ལ་འབུལ། །ཐུགས་རྗེས་བརྩེར་དགོངས་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ༀ་མཎྜལ་པཱུ་ཛ་མི་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །བྱང་ཆུབ་ལམ་ལ་བར་ཆད་མི་འབྱུང་ཞིང་། དུས་གསུམ་བདེར་གཤེགས་དགོངས་པ་རྟོགས་པ་དང་། །སྲིད་པར་མི་འཁྲུལ་ཞི་བར་མི་གནས་ཤིང་། །ནམ་མཁའ་མཉམ་པའི་འགྲོ་བ་སྒྲོལ་བར་ཤོག །ཅེས་པའི་བར་ཐམས་ཅད་སྦྲེལ་བའམ་ཚིགས་བཅད་རྣམས་ཁོ་ན་བརྗོད་པས་ཀྱང་འཐུས་སོ། ༈ །གསུམ་པ་སྡིག་པ་བཤགས་པའི་ཡན་ལག་ནི་མཚམས་མེད་སྤྱད་པའི་སྡིག་པའང་སྦྱང་ནུས་པར་གསུངས་པས་གཙོ་བོར་ཕུང་པོ་གསུམ་པའི་མདོ་འདོན་པ་འདི་ཉིད་གལ་ཆེ་སྟེ། ཐོག་མར་མདུན་དུ་སངས་རྒྱས་སུམ་ཅུ་རྩ་ལྔ་གསལ་བར་དམིགས་པའི་དྲུང་དུ་སྙིང་ཐག་པ་ནས་སྡིག་པ་བཤགས་བའི་བློས། སེམས་


KMC002_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཐམས་ཅད་རྟག་པར་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །རྡོ་རྗེ་སྙིང་པོས་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ། །རིན་ཆེན་འོད་འཕྲོ་ལ་ཕྱག་འཚལ་ལོ། །ཀླུ་དབང་གི་རྒྱལ་པོ་ལ་ཕྱག་ཚལ་ལོ། །དཔའ་བོའི་སྡེ་ལ་ཕྱག་འཚལ་ལོ། །དཔལ་དགྱེས་ལ་ཕྱག་འཚལ་ལོ། །རིན་ཆེན་མེ་ལ་ཕྱག་འཚལ་ལོ། །རིན་ཆེན་ཟླ་འོད་ལ་ཕྱག་འཚལ་ལོ། །མཐོང་བ་དོན་ཡོད་ལ་ཕྱག་འཚལ་ལོ། །རིན་ཆེན་ཟླ་བ་ལ་ཕྱག་འཚལ་ལོ། །དྲི་མ་མེད་པ་ལ་ཕྱག་འཚལ་ལོ། །དཔལ་བྱིན་ལ་ཕྱག་འཚལ་ལོ། །ཚངས་པ་ལ་ཕྱག་འཚལ་ལོ། །ཚངས་པས་བྱིན་ལ་ཕྱག་འཚལ་ལོ། །ཆུ་ལྷ་ལ་ཕྱག་འཚལ་ལོ། །ཆུ་ལྷའི་ལྷ་ལ་ཕྱག་འཚལ་ལོ། །དཔལ་བཟང་


KMC002_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྱག་འཚལ་ལོ། །ཙན་དན་དཔལ་ལ་ཕྱག་འཚལ་ལོ། །གཟི་བརྗིད་མཐའ་ཡས་ལ་ཕྱག་འཚལ་ལོ། །འོད་དཔལ་ལ་ཕྱག་འཚལ་ལོ། །མྱ་ངན་མེད་པའི་དཔལ་ལ་ཕྱག་འཚལ་ལོ། །སྲེད་མེད་ཀྱི་བུ་ལ་ཕྱག་འཚལ་ལོ། །མེ་ཏོག་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཚངས་པའི་འོད་ཟེར་རྣམ་པར་རོལ་པ་མངོན་པར་མཁྱེན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་པདྨའི་འོད་ཟེར་རྣམ་པར་རོལ་པ་མངོན་པར་མཁྱེན་པ་ལ་ཕྱག་འཚལ་ལོ། །ནོར་དཔལ་ལ་ཕྱག་འཚལ་ལོ། །དྲན་པའི་དཔལ་ལ་ཕྱག་འཚལ་ལོ། །མཚན་དཔལ་ཤིན་ཏུ་ཡོངས་གྲགས་ལ་ཕྱག་འཚལ་ལོ། །དབང་པོའི་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཤིན་ཏུ་རྣམ་པར་གནོན་པའི་དཔལ་ལ་ཕྱག་འཚལ་ལོ། །གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་བ་ལ་ཕྱག་འཚལ་ལོ། །རྣམ་པར་གནོན་པས་གཤེགས་པ་ལ་ཕྱག་འཚལ་ལོ། །ཀུན་ནས་སྣང་བ་བཀོད་པའི་དཔལ་ལ་


KMC002_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་ལོ། །རིན་ཆེན་པདྨ་རྣམ་པར་གནོན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་པདྨ་ལ་རབ་ཏུ་བཞུགས་པ་རི་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་དག་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཏེ་འཚོ་ཞིང་གཞེས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་སྐྱེ་བ་འདི་དང་། སྐྱེ་བ་ཐོག་མ་དང་མཐའ་མ་མ་མཆིས་པ་ནས། འཁོར་བ་ན་འཁོར་བའི་སྐྱེ་གནས་ཐམས་ཅད་དུ་སྡིག་པའི་ལས་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། བགྱིས་པ་ལ་རྗེས་སུ་ཡི་རང་བའམ། མཆོད་རྟེན་གྱི་དཀོར་རམ། དགེ་འདུན་གྱི་དཀོར་རམ། ཕྱོགས་བཅུའི་དགེ་འདུན་གྱི་དཀོར་


KMC002_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲོགས་པ་དང་། འཕྲོག་ཏུ་སྩལ་བ་དང་། འཕྲོག་པ་ལ་རྗེས་སུ་ཡི་རང་བའམ། མཚམས་མ་མཆིས་པ་ལྔའི་ལས་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། བགྱིས་པ་ལ་རྗེས་སུ་ཡི་རང་བའམ། མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་པ་ལ་ཞུགས་པ་དང་། འཇུག་ཏུ་སྩལ་བ་དང་། འཇུག་པ་ལ་རྗེས་སུ་ཡི་རང་བའམ། ལས་ཀྱི་སྒྲིབ་པ་གང་གིས་བསྒྲིབས་ནས། བདག་སེམས་ཅན་དམྱལ་བར་མཆི་བའམ། དུད་འགྲོའི་སྐྱེ་གནས་སུ་མཆི་བའམ། ཡི་དྭགས་ཀྱི་ཡུལ་དུ་མཆི་བའམ། ཡུལ་མཐའ་ཁོབ་ཏུ་སྐྱེ་བའམ། ཀླ་ཀློར་སྐྱེ་བའམ། ལྷ་ཚེ་རིང་པོ་རྣམས་སུ་སྐྱེ་བའམ། །དབང་པོ་མ་ཚང་བར་འགྱུར་བའམ། ལྟ་བ་ལོག་པར་འཛིན་པར་འགྱུར་བའམ། སངས་རྒྱས་འབྱུང་བ་ལ་མཉེས་པར་མི་བགྱིད་པར་འགྱུར་བའི་ལས་ཀྱི་སྒྲིབ་པ་གང་ལགས་པ་དེ་དག་ཐམས་ཅད་སངས་རྒྱས་བཅོམ་ལྡན་འདས་ཡེ་ཤེས་སུ་གྱུར་པ། སྤྱན་དུ་གྱུར་པ། དབང་དུ་གྱུར་


KMC002_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཚད་མར་གྱུར་པ། མཁྱེན་པ། གཟིགས་པ། དེ་དག་གི་སྤྱན་སྔར་མཐོལ་ལོ་འཆགས་སོ། མི་འཆབ་བོ། མི་སྦེད་དོ། སླན་ཆད་ཀྱང་གཅོད་ཅིང་སྡོམ་པར་བགྱིད་ལགས་སོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་སྐྱེ་བ་འདི་དང་སྐྱེ་བ་ཐོག་མ་དང་མཐའ་མ་མ་མཆིས་པ་ནས། འཁོར་བ་ན་འཁོར་བའི་སྐྱེ་བ་གཞན་དག་ཏུ་སྦྱིན་པ་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ལ་ཟས་ཁམ་གཅིག་ཙམ་བསྩལ་བའི་དགེ་བའི་རྩ་བ་གང་ལགས་པ་དང་། བདག་གིས་ཚུལ་ཁྲིམས་བསྲུངས་བའི་དགེ་བའི་རྩ་བ་གང་ལགས་པ་དང་། བདག་གིས་ཚངས་པར་སྤྱོད་པ་ལ་གནས་པའི་དགེ་བའི་རྩ་བ་གང་ལགས་པ་དང་། བདག་གིས་སེམས་ཅན་ཡོངས་སུ་སྨིན་པར་བགྱིས་པའི་དགེ་བའི་རྩ་བ་གང་ལགས་པ་དང་། བདག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་དགེ་བའི་རྩ་བ་གང་ལགས་པ་དང་།


KMC002_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་བླ་ན་མེད་པའི་ཡེ་ཤེས་ཀྱི་དགེ་བའི་རྩ་བ་གང་ལགས་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ། བསྡོམས་ནས་བླ་ན་མ་མཆིས་པ་དང་། གོང་ན་མ་མཆིས་པ་དང་། གོང་མའི་ཡང་གོང་མ་བླ་མའི་ཡང་བླ་མར་ཡོངས་སུ་བསྔོ་བས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ། །ཇི་ལྟར་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོས་པ་དང་། ཇི་ལྟར་མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བར་འགྱུར་བ་དང་། ཇི་ལྟར་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བར་མཛད་པ་བཞིན་དུ་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱིའོ། །སྡིག་པ་ཐམས་ཅད་ནི་སོ་སོར་བཤགས་སོ། བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །སངས་རྒྱས་ཐམས་ཅད་ལ་བསྐུལ་ཞིང་གསོལ་བ་འདེབས་སོ། །བདག་གིས་བླ་ན་


KMC002_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ཡེ་ཤེས་ཀྱི་མཆོག་དམ་པ་ཐོབ་པར་གྱུར་ཅིག །མི་མཆོག་རྒྱལ་བ་གང་དག་ད་ལྟར་བཞུགས་པ་དང་། །གང་དག་འདས་པ་དག་དང་དེ་བཞིན་གང་མ་བྱོན། ཡོན་ཏན་བསྔགས་པ་མཐའ་ཡས་རྒྱ་མཚོ་འདྲ་ཀུན་ལ། །ཐལ་མོ་སྦྱར་བར་བགྱིས་ཏེ་སྐྱབས་སུ་ཉེ་བར་མཆིའོ། ཞེས་དང་། ལུས་ཀྱི་ལས་ནི་རྣམ་པ་གསུམ། །ངག་གི་རྣམ་པ་བཞི་དག་དང་། །གང་ཡང་ཡིད་ཀྱི་རྣམ་གསུམ་པོ། །མི་དགེ་བཅུ་པོ་སོ་སོར་བཤགས། །ཐོག་མ་མེད་ནས་ད་ལྟའི་བར། མི་དགེ་བཅུ་དང་མཚམས་མེད་ལྔ། །སེམས་ནི་ཉོན་མོངས་དབང་གྱུར་པའི། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །བདག་དང་སེམས་ཅན་ཀུན་གྱི་སྡིག་པའི་ལས། །ཉེས་པར་གྱུར་གང་མཐོལ་ཞིང་བཤགས་པར་བགྱི། །སླན་ཅད་ནམ་ཡང་བགྱིད་པར་མ་གྱུར་ཅིག །ལས་ཀྱི་སྒྲིབ་པའང་གཏན་དུ་ཟད་བྱེད་ཤོག །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་


KMC002_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །མཚམས་མེད་ལྔ་པོ་དག་གི་སྡིག་པ་རྣམས། །གང་གིས་མི་ཤེས་དབང་གིས་བྱས་པ་དག །དེ་ཡིས་ལྟུང་བ་བཤགས་པ་འདི་བཏོན་པས། །དེ་དག་མ་ལུས་ཡོངས་སུ་བྱང་བར་གྱུར། །ཞེས་བརྗོད་པར་བྱའོ། །གཞན་ཡང་གསེར་འོད་དམ་པའི་མདོ་ལས་གསུངས་པའི་བཤགས་པ་ནི། སངས་རྒྱས་རྐང་གཉིས་དམ་པ་དག །ཐུགས་བརྩེ་ཐུགས་རྗེ་ལྡན་པའི་ཐུགས། །གང་དག་ཕྱོགས་བཅུའི་འཇིག་རྟེན་ན། །བཞུགས་པ་བདག་ལ་དགོངས་སུ་གསོལ། །བདག་གིས་སྔོན་ཆད་སྡིག་པའི་ལས། །ཤིན་ཏུ་མི་བཟད་གང་བགྱིས་པ། །སྟོབས་བཅུའི་སྤྱན་སྔར་མཆིས་ནས་ནི། །དེ་དག་ཐམས་ཅད་བཤགས་པར་བགྱི། །ཕ་མ་དག་ཏུ་མི་འཛིན་དང་། །སངས་རྒྱས་རྣམས་སུ་མི་འཛིན་དང་། །དགེ་བ་དག་ཏུ་མི་འཛིན་པས། །སྡིག་པ་བདག་གིས་གང་བགྱིས་དང་། །ཕྱུག་པའི་རྒྱགས་པས་


KMC002_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

དྲེགས་པ་དང་། །རིགས་དང་ལོངས་སྤྱོད་རྒྱགས་པ་དང་། །གཞོན་པའི་རྒྱགས་པས་དྲེགས་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང་། །ཉེས་པའི་དམིགས་སུ་མ་མཐོང་བས། །ཉེས་པར་བགྱིས་པའི་ལས་དང་ནི། །ཉེས་པར་བསམ་ཤིང་ཉེས་སྨྲ་བའི། །སྡིག་ལས་བདག་གིས་གང་བགྱིས་དང་། །བྱིས་པའི་བློ་ཡིས་འཇུག་པ་དང་། །མི་ཤེས་མུན་པའི་སེམས་དང་ནི། །སྡིག་པའི་གྲོགས་པོའི་དབང་གྱུར་དང་། །ཉོན་མོངས་རྣམ་པར་འཁྲུགས་སེམས་དང་། །རྩེད་མོར་དགའ་བའི་དབང་ཉིད་དང་། །མྱ་ངན་དང་ནི་ནད་དབང་དང་། །ནོར་གྱིས་མ་ཆོག་ཉེས་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང་། །འཕགས་མིན་སྐྱེ་བོ་འདྲེ་བ་དང་། །ཕྲག་དོག་སེར་སྣ་སྒྱུ་དང་ནི། །གཡོ་དང་དབུལ་བའི་ཉེས་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང་། །ཕོངས་དང་རྒུད་པའི་དུས་ཀྱི་ཚེ། །འདོད་པ་རྣམས་ཀྱི་འཇིགས་བརྒྱུད་དང་། །ཕྱུག་པོ་མ་ཡིན་


KMC002_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང་། །གཡོ་བའི་སེམས་ཀྱི་དབང་ཉིད་དང་། །འདོད་དང་ཁྲོ་བའི་དབང་ཉིད་དང་། །བཀྲེས་དང་སྐོམ་པས་ཉེན་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང་། །བཟའ་བ་དག་དང་བཏུང་བ་དང་། །བུད་མེད་སྒྱུ་དང་གོས་ཀྱི་ཕྱིར། །ཉོན་མོངས་གདུང་བ་སྣ་ཚོགས་ཀྱིས། །བདག་གིས་སྡིག་པ་གང་བགྱིས་དང་། །ལུས་དང་ངག་དང་ཡིད་ཀྱི་སྡིག །ཉེས་སྤྱད་རྣམ་པ་གསུམ་བསགས་ན། །འདི་འདྲའི་ཚུལ་གྱིས་གང་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །སངས་རྒྱས་རྣམས་དང་ཆོས་རྣམས་དང་། །དེ་བཞིན་ཉན་ཐོས་རྣམས་ལ་ཡང་། །གུས་པ་མ་ལགས་གང་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །གང་ཡང་རང་སངས་རྒྱས་རྣམས་དང་། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་། །གུས་པ་མ་ལགས་བགྱིས་པ་རྣམས། །དེ་དག་ཐམས་ཅད་བདག་འཆགས་སོ། །དམ་ཆོས་སྨྲ་བ་རྣམས་


KMC002_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་། །གུས་པ་མ་ལགས་བགྱིས་པ་དང་། །ཆོས་ལའང་གུས་པར་མ་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །བདག་གིས་རྟག་ཏུ་མི་ཤེས་པས། །དམ་པའི་ཆོས་ནི་སྤངས་བ་དང་། །ཕ་མ་རྣམས་ལ་མ་གུས་དང་། །དེ་དག་ཐམས་ཅད་བདག་འཆགས་སོ། །བླུན་པ་དང་ནི་བྱིས་པ་དང་། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་དྲེགས་པས་བསྒྲིབས་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །བདག་གིས་ཕྱོགས་བཅུའི་འཇིག་རྟེན་དུ། །སྟོབས་བཅུ་རྣམས་ལ་མཆོད་པར་བགྱི། །བདག་གིས་ཕྱོགས་བཅུའི་སེམས་ཅན་རྣམས། །སྡུག་བསྔལ་ཀུན་ལས་གདོན་པར་བགྱི། །སེམས་ཅན་བསམ་གྱིས་མི་ཁྱབ་ཀུན། །ས་བཅུ་ལ་ནི་དགོད་པར་བགྱི། །ས་བཅུ་ལ་ནི་གནས་ནས་ཀྱང་། །ཐམས་ཅད་དེ་བཞིན་གཤེགས་གྱུར་ཅིག །ཇི་སྲིད་སྡུག་བསྔལ་རྒྱ་མཚོ་ལས། །དེ་ཀུན་མཐར་གྱིས་ནུབ་སྲིད་དུ། །སེམས་ཅན་རེ་རེའི་ཕྱིར་


KMC002_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ནི། །བསྐལ་པ་བྱེ་བར་སྤྱད་པར་བགྱི། །གསེར་འོད་དམ་པ་ཞེས་བགྱི་བ། །ལས་རྣམས་ཐམས་ཅད་བྱང་བགྱིད་པ། །ཟབ་མོ་དག་ནི་སྟོན་པ་འདི། །སེམས་ཅན་དེ་དག་སྟོན་པ་བགྱི། །གང་གིས་བསྐལ་པ་སྟོང་རྣམས་སུ། །སྡིག་པ་ཤིན་ཏུ་མི་བཟད་བགྱིས། །ལན་ཅིག་རབ་ཏུ་བཤགས་པ་ཡིས། །དེ་དག་ཐམས་ཅད་བྱང་བར་འགྱུར། །གང་གིས་ལས་ཀྱི་སྒྲིབ་པ་རྣམས། །མྱུར་དུ་ཡང་དག་ཟད་འགྱུར་བ། །གསེར་འོད་དམ་པ་དགེ་བ་ཡིས། །བཤགས་པ་འདི་དག་བཤགས་ནས་ནི། །དགོངས་པའི་ཐུགས་ཀྱིས་སངས་རྒྱས་རྣམས། །བདག་ལ་རྣམ་པར་གཟིགས་སུ་གསོལ། །ཐུགས་རྗེ་ལྡན་པའི་ཐུགས་ཀྱིས་ནི། །ནོངས་པ་རབ་ཏུ་གཟུང་དུ་གསོལ། །བདག་གིས་བསྐལ་པ་བརྒྱ་རྣམས་སུ། །སྔོན་ཅད་སྡིག་པ་གང་བགྱིས་པ། །དེ་ཕྱིར་བདག་ནི་མྱ་ངན་སེམས། །ཕོངས་དང་མྱ་ངན་འཇིགས་པས་གཟིར། །སྡིག་པའི་ལས་ལ་འཇིགས་པར་བགྱིད། །ཡིད་ནི་


KMC002_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ཏུ་དམན་པར་གྱུར། །གང་དང་གང་དུ་སྤྱོད་བགྱིད་པ། །བདག་ནི་གང་དུའང་དགའ་མ་མཆིས། །སངས་རྒྱས་ཐམས་ཅད་ཐུགས་རྗེ་ལྡན། །འགྲོ་བ་ཀུན་གྱི་འཇིགས་སེལ་བས། །ནོངས་པ་རབ་ཏུ་གཟུང་བར་གསོལ། །འཇིགས་པ་དག་ལས་བདག་ཐར་མཛོད། །བདག་ཉིད་ཉོན་མོངས་ལས་རྣམས་ཀྱི། །དྲི་མ་དེ་བཞིན་གཤེགས་པས་སོལ། །སངས་རྒྱས་རྣམས་ཀྱིས་བདག་ལ་ནི། །སྙིང་རྗེའི་ཆུ་ཡིས་བཀྲུ་བར་གསོལ། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །སྔོན་ཆད་བདག་གིས་གང་བགྱིས་དང་། །ད་ལྟར་བདག་གི་སྡིག་པ་གང་། །དེ་དག་ཐམས་ཅད་བདག་འཆགས་སོ། །ནོངས་པར་བགྱིས་པའི་ལས་རྣམས་ཀུན། །སླན་ཅད་མི་བགྱིད་བསྡམ་པར་བགྱི། །བདག་གིས་ནོངས་པར་བགྱིས་པ་གང་། །སྡིག་དེ་འཆབ་པར་མི་བགྱིའོ། །ལུས་ཀྱི་ལས་ནི་རྣམ་གསུམ་དང་། །ངག་གི་རྣམ་པ་བཞི་དག་དང་། །ཡིད་ཀྱི་རྣམ་པ་གསུམ་པོ་


KMC002_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །དེ་དག་ཐམས་ཅད་བདག་འཆགས་སོ། །ལུས་ཀྱིས་བགྱིས་དང་ངག་གི་ལས། །ཡིད་ཀྱིས་རྣམ་པར་བསམས་པ་དང་། །ལས་རྣམས་བཅུ་པོ་བགྱིས་པ་དག །དེ་དག་ཐམས་ཅད་བདག་འཆགས་སོ། །བདག་གིས་སྡིག་པའི་ལས་གང་དག །མི་འདོད་འབྲས་བུ་ཐོབ་བགྱིད་པ། །སངས་རྒྱས་སྤྱན་སྔར་མཆིས་ནས་ནི། །དེ་དག་ཐམས་ཅད་བཤགས་པར་བགྱི། །ཞེས་དང་། བསྡུས་པར་ན། མདོ་དེ་ཉིད་ལས་འབྱུང་བའི། སྲིད་འགྲོ་ཉམ་ངར་བྱིས་པའི་བློ་ཡིས་ནི། །ཤིན་ཏུ་མི་བཟང་སྡིག་པ་གང་བགྱིས་པ། །སྟོབས་བཅུ་མངའ་བའི་སྤྱན་སྔར་མཆིས་ནས་ནི། །སྡིག་པ་དེ་ཀུན་སོ་སོར་བཤགས་པར་བགྱི། །སྐྱེ་བ་ཉམ་ང་སྲིད་པ་ཉམ་ང་དང་། །འཇིག་རྟེན་ཉམ་ང་གཡོ་སེམས་ཉམ་ང་བར། །ལུས་ཀྱི་སྤྱོད་པ་ཉམ་ང་སྣ་ཚོགས་ཀྱིས། །བདག་གིས་སྡིག་པ་གང་བསགས་དེ་འཆགས་སོ། །བྱིས་པ་བླུན་བྱས་ཉོན་མོངས་ཉམ་ང་དང་། །སྡིག་པའི་གྲོགས་དང་ཕྲད་པ་ཉམ་ང་དང་། །སྲིད་


KMC002_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉམ་ང་འདོད་ཆགས་ཉམ་ང་དང་། །ཞེ་སྡང་གཏི་མུག་མུན་པ་ཉམ་ང་དང་། །ངལ་བའི་ཉམ་ང་དུས་ཀྱི་ཉམ་ང་དང་། །བསོད་ནམས་བསྒྲུབ་པ་ཉམ་ང་དག་གིས་ཀྱང་། །རྒྱལ་བ་ཡང་དག་མངོན་སུམ་མཆིས་ནས་ནི། །སྡིག་པ་དེ་ཀུན་སོ་སོར་བཤགས་པར་བགྱི། །ཞེས་དང་། སྤྱོད་འཇུག་ལས་བཤགས་པའི་སྐབས་སུ་འབྱུང་བ། དེ་བས་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་སེལ་བ། །དེ་རིང་ཉིད་ནས་སྐྱབས་སུ་མཆི། །དེ་ཡིས་ཐུགས་སུ་ཆུད་པའི་ཆོས། །འཁོར་བའི་འཇིགས་པ་སེལ་བ་དང་། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང་། །དེ་བཞིན་ཡང་དག་སྐྱབས་སུ་མཆི། །བདག་ནི་འཇིགས་པས་རྣམ་སྐྲག་ནས། །ཀུན་ཏུ་བཟང་ལ་བདག་ཉིད་འབུལ། །འཇམ་པའི་དབྱངས་ལའང་བདག་ཉིད་ཀྱིས། །བདག་གི་ལུས་འདི་དབུལ་བར་བགྱི། །ཐུགས་རྗེའི་སྤྱོད་པ་མ་འཁྲུལ་བ། །སྤྱན་རས་གཟིགས་མགོན་དེ་ལ་


KMC002_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། །ཉམ་ཐག་ང་རོས་འོ་དོད་འབོད། །སྡིག་ལྡན་བདག་ལ་བསྐྱབས་ཏུ་གསོལ། །འཕགས་པ་ནམ་མཁའི་སྙིང་པོ་དང་། །ས་ཡི་སྙིང་པོ་དག་དང་ནི། །ཐུགས་རྗེ་ཆེ་མགོན་ཐམས་ཅད་ལ། །སྐྱབས་ཚོལ་སྙིང་ནས་འོ་དོད་འབོད། །གང་ཞིག་མཐོང་ན་གཤིན་རྗེ་ཡི། །ཕོ་ཉ་ལ་སོགས་སྡང་བ་རྣམས། །སྐྲག་ནས་ཕྱོགས་བཅུར་འབྱེར་བྱེད་པ། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །སྔོན་ཆད་ཁྱོད་ཀྱི་བཀའ་ལས་འདས། །ད་ནི་འཇིགས་པ་ཆེ་མཐོང་ནས། །ཁྱོད་ལ་སྐྱབས་སུ་མཆི་ལགས་ཀྱིས། །འཇིགས་པ་མྱུར་དུ་གསལ་དུ་གསོལ། ཞེས་དང་། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཞེས་པ་རྣམས་སོ། །སྤྱི་བཤགས་བྱེད་པར་སྤྲོ་ན། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་


KMC002_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་ཐམས་ཅད་དང་། དགེ་འདུན་བཙུན་པ་རྣམས་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་ཚེ་འཁོར་བ་ཐོག་མ་མེད་པ་ནས་ཐ་མ་ད་ལྟ་ལ་ཐུག་གི་བར་དུ་ཉོན་མོངས་པ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དབང་གིས་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་སྡིག་པ་མི་དགེ་བ་བཅུ་བགྱིས་པ་དང་། མཚམས་མ་མཆིས་པ་ལྔ་བགྱིས་པ་དང་། དེ་དག་ཉེ་བ་ལྔ་བགྱིས་པ་དང་། སོ་སོར་ཐར་པའི་སྡོམ་པ་དང་འགལ་བ་བགྱིས་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བ་བགྱིས་པ་དང་། གསང་སྔགས་ཀྱི་དམ་ཚིག་དང་འགལ་བ་བགྱིས་པ་དང་། དཀོན་མཆོག་གསུམ་ལ་གནོད་པ་བགྱིས་པ་དང་། དམ་པའི་ཆོས་སྤངས་པ་དང་། འཕགས་པའི་དགེ་འདུན་ལ་སྐུར་བ་བཏབ་པ་དང་། ཕ་དང་མ་ལ་མ་གུས་པ་བགྱིས་པ་དང་། མཁན་པོ་དང་སློབ་དཔོན་ལ་མ་གུས་པ་བགྱིས་པ་དང་། གྲོགས་ཚངས་


KMC002_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཚུངས་པར་སྤྱོད་པ་རྣམས་ལ་མ་གུས་པ་བགྱིས་པ་ལ་སོགས་མདོར་ན་མཐོ་རིས་དང་ཐར་པའི་གེགས་སུ་གྱུར་ཅིང་། འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པ་ཉེས་པ་དང་། ལྟུང་བའི་ཚོགས་ཅི་མཆིས་པ་དེ་དག་ཐམས་ཅད་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དགེ་འདུན་བཙུན་པ་རྣམས་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། མི་འཆབ་བོ། མི་སྦེད་དོ། དེ་ལྟར་མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། མ་མཐོལ་མ་བཤགས་ན་དེ་ལྟར་མི་འགྱུར་བ་ལགས་སོ། །ཞེས་པ་ལན་གསུམ་བརྗོད་དོ། །བཞི་པ་རྗེས་སུ་ཡི་རང་བའི་ཡན་ལག་ནི། སྤྱོད་འཇུག་ལས་འབྱུང་བའི། སེམས་ཅན་ཀུན་གྱི་ངན་སོང་གི །སྡུག་བསྔལ་ངལ་བསོའི་དགེ་བ་དང་། །སྡུག་བསྔལ་ཅན་དག་བདེར་གནས་ལ། །དགའ་བས་རྗེས་སུ་ཡི་རང་ངོ་། །བྱང་ཆུབ་རྒྱུར་གྱུར་དགེ་བསགས་པ། །དེ་ལ་


KMC002_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་ཡི་རང་ངོ་། །ལུས་ཅན་འཁོར་བའི་སྡུག་བསྔལ་ལས། །ངེས་པར་ཐར་ལ་ཡི་རང་ངོ་། །སྐྱོབ་པ་རྣམས་ཀྱི་བྱང་ཆུབ་དང་། །རྒྱལ་སྲས་ས་ལའང་ཡི་རང་ངོ་། །སེམས་ཅན་ཐམས་ཅད་བདེ་མཛད་པའི། །ཐུགས་བསྐྱེད་དགེ་བ་རྒྱ་མཚོ་དང་། །སེམས་ཅན་ཕན་པར་མཛད་པ་ལ། །དགའ་བས་རྗེས་སུ་ཡི་རང་ངོ་། །ཞེས་དང་། ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །ཞེས་པའོ། །ལྔ་པ་ཆོས་འཁོར་བསྐོར་བར་སྐུལ་བའི་ཡན་ལག་ནི། སྤྱོད་འཇུག་ལས་འབྱུང་བའི། ཕྱོགས་རྣམས་ཀུན་གྱི་སངས་རྒྱས་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །སེམས་ཅན་སྡུག་བསྔལ་མུན་འཐོམས་ལ། །ཆོས་ཀྱི་སྒྲོན་མེ་སྦར་དུ་གསོལ། །ཞེས་དང་། གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་


KMC002_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །ཞེས་སོ། དྲུག་པ་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་བའི་ཡན་ལག་ནི། སྤྱོད་འཇུག་ལས་འབྱུང་བའི། རྒྱལ་བ་མྱ་ངན་འདའ་བཞེད་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །འགྲོ་འདི་ལྡོངས་པར་མི་འགོད་ཅིང་། །བསྐལ་བ་གྲངས་མེད་བཞུགས་པར་གསོལ། །ཞེས་དང་། མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཞེས་སོ། །བདུན་པ་དགེ་རྩ་བྱང་ཆེན་དུ་བསྔོ་བའི་ཡན་ལག་ནི། སྤྱོད་འཇུག་ལས་ འབྱུང་བའི། དེ་ལྟར་འདི་དག་ཀུན་བྱས་ཏེ། །དགེ་བ་བདག་གིས་གང་བསགས་པ། །དེས་ནི་སེམས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་ཐམས་ཅད་སེལ་བར་ཤོག །འགྲོ་བ་ནད་པ་ཇི་སྲིད་དུ། །ནད་སོས་གྱུར་གྱི་བར་དུ་ནི། །སྨན་དང་སྨན་པ་ཉིད་དག་དང་། །དེ་ཡི་ནད་གཡོག་


KMC002_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པར་ཤོག །ཟས་དང་སྐོམ་གྱི་ཆར་ཕབ་སྟེ། །བཀྲེས་དང་སྐོམ་པའི་གནོད་པ་གསལ། །མུ་གེའི་བསྐལ་པ་བར་མའི་ཚེ། །བདག་ནི་ཟས་དང་སྐོམ་དུ་གྱུར། །སེམས་ཅན་ཕོངས་ཤིང་དབུལ་བ་ལ། །བདག་ནི་མི་ཟད་གཏེར་གྱུར་ཏེ། །ཡོ་བྱད་མཁོ་དགུ་སྣ་ཚོགས་སུ། །མདུན་ན་ཉེ་བར་གནས་གྱུར་ཅིག །ལུས་དང་དེ་བཞིན་ལོངས་སྤྱོད་དང་། །དུས་གསུམ་དགེ་བ་ཐམས་ཅད་ཀྱང་། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཕོངས་པ་མེད་པར་གཏང་བར་བྱ། །ཐམས་ཅད་བཏང་བས་མྱ་ངན་འདའ། །བདག་བློ་མྱ་ངན་འདས་པ་སྒྲུབ། །ཐམས་ཅད་གཏོང་བར་ཆབས་ཅིག་ལ། །སེམས་ཅན་རྣམས་ལ་བཏང་བ་མཆོག །བདག་གིས་ལུས་ཅན་ཐམས་ཅད་ལ། །ལུས་འདི་ཅི་བདེར་བྱིན་ཟིན་གྱིས། །རྟག་ཏུ་གསོད་དང་སྨོད་པའམ། །བརྡེག་སོགས་ཅི་དགར་བྱེད་ལ་རག །བདག་གི་ལུས་ལ་རྩེ་བྱེད་དམ། །ཅོ་འདྲི་ག་ཞའི་རྒྱུ་བྱེད་ཀྱང་། །བདག་གི་ལུས་འདི་བྱིན་


KMC002_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་གྱིས། །འདི་ཡི་ཁ་ཏས་ཅི་ཞིག་བྱ། །དེ་ལ་གནོད་པར་མི་འགྱུར་བའི། །ལས་གང་ཡིན་པའང་བྱེད་དུ་ཆུགས། །བདག་ལ་དམིགས་ནས་ནམ་དུ་ཡང་། །འགའ་ཡང་དོན་མེད་མ་གྱུར་ཅིག །བདག་ལ་དམིགས་ནས་གང་དག་གིས། །ཁྲོའམ་དད་པའི་སེམས་བྱུང་ན། །དེ་ཉིད་རྟག་ཏུ་དེ་དག་གི །དོན་ཆེན་འགྲུབ་པའི་རྒྱུར་གྱུར་ཅིག །གང་དག་བདག་ལ་ཁ་ཟེར་རམ། །གཞན་དག་གནོད་པ་བྱེད་པའམ། །དེ་བཞིན་ཕྱར་ཀ་གཏོང་ཡང་རུང་། །ཐམས་ཅད་བྱང་ཆུབ་སྐལ་ལྡན་གྱུར། །བདག་ནི་མགོན་མེད་རྣམས་ཀྱི་མགོན། །ལམ་ཞུགས་རྣམས་ཀྱི་དེད་དཔོན་དང་། །རྒལ་འདོད་རྣམས་ཀྱི་གྲུ་དང་ནི། །གཟིངས་དང་ཟམ་པ་ཉིད་དུ་གྱུར། །གླིང་དོན་གཉེར་ལ་གླིང་དང་ནི། །གནས་མལ་འདོད་ལ་གནས་མལ་དང་། །བདག་ནི་ལུས་ཅན་བྲན་འདོད་པ། །ཀུན་གྱི་བྲན་དུ་འགྱུར་བར་ཤོག །ཡིད་བཞིན་ནོར་དང་བུམ་པ་བཟང་། །རིག་སྔགས་གྲུབ་དང་སྨན་ཆེན་


KMC002_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །དཔག་བསམ་གྱི་ནི་ཤིང་དག་དང་། །ལུས་ཅན་རྣམས་ཀྱི་འདོད་འཇོར་གྱུར། །ས་སོགས་འབྱུང་བ་ཆེན་པོ་དང་། །ནམ་མཁའ་བཞིན་དུ་རྟག་པར་ཡང་། །སེམས་ཅན་དཔག་ཏུ་མེད་པ་ཡི། །རྣམ་མང་ཉེར་འཚོའི་གཞིར་ཡང་ཤོག །དེ་བཞིན་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་ཀུན་ལ་རྣམ་ཀུན་དུ། །ཐམས་ཅད་མྱ་ངན་འདས་བར་དུ། །བདག་ནི་ཉེར་འཚོའི་གཞིར་ཡང་ཤོག །ཞེས་དང་། བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་དུ་ནི་མྱུར་དུ་འཚང་རྒྱ་ཤོག །འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བགྱིད་ཅིང་། །སེམས་ཅན་སྡུག་བསྔལ་མང་པོས་གཟིར་ལས་སྒྲོལ། །ཞེས་དང་། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །ཞེས་པ་རྣམས་སོ། །དེ་ནས་སྡོམ་པ་གཟུང་བའི་ཡན་ལག་ལ།


KMC002_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་མོ་ལྟ་རྒྱུད་ཀྱི་ལུགས་ཀྱི་སེམས་བསྐྱེད་དང་སྡོམ་པ་སྟབས་ཅིག་ཏུ་ལེན་པའི་ཚུལ་ནི། སྤྱོད་འཇུག་ལས་བཏུས་པ། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་ལན་གསུམ། དེའི་རྗེས་སུ་རང་དབུགས་དབྱུང་བ་ནི། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་བདག་དེང་གྱུར། །ད་ནི་བདག་གིས་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་


KMC002_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་དེ་ལྟར་བྱ། །ཞེས་དང་། གཞན་གཟེངས་བསྟོད་པ་ནི། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ཞེས་དང་། སྨོན་ལམ་གདབ་པ་ནི། བྱང་ཆུབ་སེམས་ནི་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་དང་། །གོང་ནས་གོང་དུ་འཕེལ་བར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང་། །སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ཞིང་། །བདུད་ཀྱི་ལས་རྣམས་སྤོང་བར་ཤོག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལ་དེ་འབྱོར་ཤོག །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོངས་པར་ཤོག །བྱང་ཆུབ་སེམས་དཔའ་གང་


KMC002_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

དག་སར་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག །ཅེས་སོ། །འདི་སྐབས་ཚོགས་རྟེན་བསྐྱེད་པ་དང་ཚོགས་བསགས་པའི་ཚུལ་བསྡུས་པ་བྱེད་ན། ཐམས་ཅད་དུ་ཡང་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང་། །ལག་མཐིལ་ལྟར་མཉམ་བཻ་ཌཱུརྱའི། །རང་བཞིན་འཇམ་པོར་གནས་གྱུར་ཅིག །མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིག །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཞེས་པ་རྣམས་ཀྱི་མཇུག་ཏུ་ཇི་སྙེད་སུ་དག་ མ་འདོན་པ་ཡིན་ནོ། །ཡང་སྔགས་ལུགས་ཀྱི་དབང་གིས་ཡན་ལག་བདུན་པའི་སྒོ་ནས་ཚོགས་བསགས་པར་འདོད་ན་རྗེ་བརྒྱད་པས་སྩལ་བ་འདི་བྱ་སྟེ། མཁའ་མཉམ་ཞིང་མཆོག་འོག་མིན་ཆོས་ཀྱི་དབྱིངས། །བྱང་


KMC002_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཕྱོགས་ཆོས་རྣམ་ཐར་སྒོ་བཞི་ཡི། །བདེར་གཤེགས་ཡོན་ཏན་ཕུན་ཚོགས་འབྱུང་བའི་གནས། །མི་འགྱུར་རྡོ་རྗེ་གདན་གྱི་ཕོ་བྲང་དབུས། །མི་འཇིགས་བཞི་ཡི་སེང་ཁྲིར་སྲིད་ཞི་ལ། །མི་གནས་པདྨ་ཉི་མ་ཟླ་བའི་སྟེང་། །དཔལ་ལྡན་བླ་མ་རིགས་ཀྱི་བདག་པོ་མཆོག །རྡོ་རྗེ་འཆང་ཆེན་གསང་སྔགས་སྡོམ་པའི་བདག །དེ་ལ་རྩ་བ་བརྒྱུད་པར་བཅས་པ་ཡི། །དཔལ་ལྡན་བླ་མའི་ཚོགས་བཅས་མཁའ་ལ་རོལ། །དེ་ཡི་གཡས་སུ་དུར་ཁྲོད་ཆེན་པོའི་དབུས། །ཡེ་ཤེས་མེ་དཔུང་འབར་པའི་ནང་རོལ་ན། །ཧེ་རུ་ཀ་དཔལ་རྣལ་འབྱོར་མར་བཅས་རོལ། །དེ་ལ་རྒྱུད་སྡེའི་ལྷ་ཚོགས་འོད་དུ་འབར། །རྒྱབ་ཏུ་སྐུ་གསུམ་ཞིང་ཁམས་མཐའ་ཡས་དབུས། །བྱང་ཆུབ་སྙིང་པོའི་ལྡིང་ཁང་མཛེས་པ་ན། །སྟོན་པ་ཤཱཀྱ་སེང་གེ་བདུད་ལས་རྒྱལ། །ཇོ་བོ་དཀོན་མཆོག་གསུམ་པོ་འོད་དུ་འབར། །གཡོན་ཕྱོགས་འགྲོ་སེམས་དག་པའི་མེ་ལོང་དབུས། །སྣ་ཚོགས་སྐལ་


KMC002_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཚམས་པའི་དཀྱིལ་འཁོར་དུ། །མཆོག་གི་སྤྲུལ་སྐུ་དཔལ་ལྡན་དུས་གསུམ་མཁྱེན། །ཞྭ་ནག་ཅོད་པན་འཛིན་པ་འོད་དུ་འབར། །མདུན་ཕྱོགས་མ་རུངས་བསྒྲལ་བའི་ཞིང་ཁམས་ན། །བདུད་བཞིའི་དཔུང་ཚོགས་འཇོམས་པའི་གཡུལ་ས་དེར། །དཔལ་ལྡན་མ་ཧཱ་ཀཱ་ལ་འཇིགས་པའི་ཞལ། །མི་འགྱུར་དམ་ཚིག་གཉན་པོ་འོད་དུ་འབར། །བདག་སོགས་སེམས་ཅན་མགོན་མེད་རྟེན་འབྲེལ་ལས། །དད་པ་དམ་ཚིག་བསླུ་བ་མེད་པ་ཡིས། །མིག་དང་ཡིད་ལ་མངོན་སུམ་ཉིད་དུ་ཤར། །བསམ་བརྗོད་ཡིད་ལས་འདས་པའི་དགའ་བ་ཐོབ། །མི་བཟོད་སྐུ་ལ་ལྟ་བའི་མཆོད་པ་འབུལ། །ལུས་ཀྱིས་ཕྱག་འཚལ་ངག་གིས་བསྟོད་པར་བགྱི། །ཁྱོད་ལས་སྐྱབས་གཞན་མ་མཆིས་ཡིད་ཕྱག་འཚལ། །མཐོང་ན་ཟག་མེད་བདེ་བ་སྐྱེད་བྱེད་ཅིང་། །གང་གི་ཡི་གེར་བྱང་ཆུབ་འབྲས་སྩོལ་བའི། །ནམ་མཁས་ཁྱབ་པའི་མེ་ཏོག་ཅི་ཡང་འབུལ། །གང་གིས་ཚོར་ན་སྒྲིབ་གསུམ་ཞི་ནུས་ལ། །


KMC002_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་བདུག་ན་དམ་ཆོས་ངད་ལྡང་བའི། །སྤོས་བཟང་སྤྲིན་གྱིས་ནམ་མཁའ་རྒྱས་པར་འགེངས། །མི་ཤེས་མུན་པའི་ཚོགས་རྣམས་འབྲོས་བྱེད་ཅིང་། །ཡང་དག་སྣང་བའི་འོད་ཟེར་འབྱུང་གནས་ཅིག །མཆོག་གི་སྒྲོན་མེ་བར་མཚམས་མ་གྱུར་ཅིག །མི་བསྲུན་མེ་ལྕེའི་རྣམ་འགྱུར་དུ་བའི་ཟིལ། །བྱམས་པ་ཆེན་པོའི་དྲི་དང་ཆབ་ཀྱི་རྒྱུན། །གཅིག་ཏུ་འདྲེས་ཏེ་ནམ་མཁའི་མཐལ་ལ་ཀླས། །བཀྲེས་ཤིང་ཕོངས་པ་རྣམས་ཀྱི་འཚོ་བའི་མཆོག །འཆི་མེད་རྟག་པའི་ཞལ་ཟས་དྲི་རོ་ཅན། །མཚུངས་མེད་ཁ་དོག་ཅན་དེས་ཞིང་ཀུན་ཁྱབ། །གང་ན་མྱ་ངན་མ་ལུས་མཆིས་པ་དག །ཡིད་འོང་སྒྲ་སྙན་ངག་གིས་འཕྲོག་བྱེད་པའི། །སྣ་ཚོགས་རོལ་མོའི་སྒྲ་འདིས་ནམ་མཁའ་སྤྲུག །ཀུན་རྟོག་ཚ་ཟེར་མ་ལུས་འགོག་བྱེད་པའི། །མཆོག་གི་གྲིབ་བསིལ་ལྟ་ན་སྡུག་པ་ལ། །ལྡ་ལྡི་དྲྭ་བ་དྲྭ་ཕྱེད་གཡེར་ཁར་བཅས། །བ་དན་ཕུར་མའི་བྱེ་བྲག་མི་དམན་པས། །རྫུ་


KMC002_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་མཆོག་གི་མཁའ་ལ་མངོན་པར་གར། །བདུད་སྡེའི་དཔུང་ཚོགས་དཔའ་བའི་གད་མོ་རྣམས། །ནམ་མཁའི་ཕྱི་རོལ་ལ་ཡང་མི་གནས་ཕྱིར། །རྣམ་པར་རྒྱལ་བའི་མཚན་མས་དགེ་བར་གྱུར། །ཡིད་བཞིན་སྙིང་པོ་སྦྱིན་པའི་ནོར་བུ་མཆོག །དགོས་འདོད་མ་ལུས་སྩོལ་བས་མཛེས་པར་བགྱི། །རིམས་ནད་མ་ལུས་གསོལ་བའི་སྨན་ཆེན་དང་། །བག་ཡོད་ཚུལ་བཟང་གདུང་མེད་ན་བཟའ་ནི། །ཟད་མེད་ནམ་མཁའི་བླ་ལ་དཀྱིལ་འཁོར་གྱུར། །འཕགས་རྣམས་དགྱེས་པའི་བཀྲ་ཤིས་མཚན་མ་དང་། །ཐུན་མོང་མཆོག་གི་དངོས་གྲུབ་འབེབས་པའི་རྫས། །ལུས་ཅན་ཀུན་ལ་དགོས་འདོད་ཉེར་མཁོའི་གཞི། །རྨད་བྱུང་གྲགས་པའི་དྲི་བསུང་ཅན་འདི་འབུལ། །བསམ་མི་ཁྱབ་པའི་བདེ་གཤེགས་ཕོ་བྲང་མཆོག །གཞལ་ཡས་རྣམ་དག་ནོར་བུའི་ས་གཞི་ལ། །རིན་ཆེན་རིན་ཐང་མེད་པའི་མིག་མང་རིས། །རྒོལ་བ་མཐའ་དག་འཇིགས་པ་སེང་གེའི་ཁྲི། །བཅོས་བུ་མུན་པའི་


KMC002_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

དར་ཟབ་རྣམ་པར་ཀླུབས། །ཡེ་ཤེས་དྲི་མེད་འདྲེན་པའི་ཞིང་ཁམས་མཆོག །ས་ཆུ་མེ་རླུང་མཁའ་སྣང་རྣམ་དག་པ། །དཀྱིལ་འཁོར་མུ་མཐའ་མེད་པ་རབ་ཏུ་འབྱམས། །མདོར་ན་བདག་སོགས་མཁའ་མཉམ་སེམས་ཅན་གྱིས། །དགེ་རྩ་བགྱིས་དང་བགྱིད་སྩལ་བགྱིད་པ་ལ། །རྗེས་སུ་ཡི་རང་ཚོགས་གཉིས་དགེ་རྩ་འབུལ། །ཕྱོགས་བཅུའི་ཞིང་ན་བདེ་གཤེགས་ཇི་སྙེད་ཀྱི། །དགེ་འབྲས་གང་མཆིས་དེ་ཡང་མཆོད་པར་འབུལ། །རྨད་བྱུང་མཆོད་པའི་ཡུལ་སྣང་དེ་དག་ཀུན། །རྣམ་ཀུན་མཆོག་ཏུ་མི་འགྱུར་སྟོང་ཉིད་དང་། །འགྱུར་མེད་བདེ་བ་ཆེན་པོའི་རོས་བཏབ་ནས། །གཟུགས་སྒྲ་དྲི་རོ་རེག་པ་རྣམ་དག་པ། །རྡོ་རྗེ་བདེ་བ་དམ་པའི་ངོ་བོར་འབུལ། །མདོར་ན་སྐུ་ལ་ཕྲིན་ལས་ཕྱག་རྒྱ་འབུལ། །གསུང་ལ་དམ་ཚིག་ཡེ་ཤེས་ཕྱག་རྒྱ་འབུལ། །ཐུགས་ལ་བདུད་འཇོམས་ཕྱག་རྒྱ་ཆེན་པོ་འབུལ། །མཆོད་ཡུལ་མཆོད་བྱེད་མཆོད་པ་ཐམས་ཅད་པ། །


KMC002_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ངོ་བོས་མ་གྲུབ་སྒྱུ་མ་ཙམ། །སྒྱུ་མ་ཙམ་དུ་མཆོད་པ་ཕུལ་བའི་དགེས། །སྒྱུ་མ་ཙམ་དུ་སེམས་ཅན་ཐམས་ཅད་ཀྱི། །བདེ་སྐྱིད་ཟད་མེད་འབྱུང་འདིའང་འབུལ་བར་བགྱི། །བདེ་གཤེགས་དགྱེས་པའི་ལྟ་སྤྱོད་རྣམ་དག་གི །མཆོད་པ་གང་དེས་མཁའ་མཉམ་སེམས་ཅན་གྱིས། །ཐོག་མེད་དུས་ནས་བསགས་པའི་རང་བཞིན་དང་། །བཅས་པ་ལས་གྱུར་ཁ་ན་མ་ཐོའི་སྡིག །གང་བསགས་དེ་དག་ཉེས་གྱུར་ཉེས་པ་ལ། །ཉེས་པར་མཐོང་ནས་མི་བཟོད་འགྱོད་པ་སྐྱེས། །དེ་ཕྱིར་སྒོ་གསུམ་ནོངས་པ་མཐོལ་ཞིང་བཤགས། །ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བགྱིད་ན། །སྔར་བྱས་ལས་ངན་འབྲས་མྱོང་མ་གྱུར་ཅིག །སྡུག་བསྔལ་སྣ་ཚོགས་སྐྱེད་པའི་སྡིག་རྒྱུན་ནི། །དྲུངས་ནས་འབྱིན་བྱེད་བྱང་ཆུབ་སྤྱོད་མཆོག་གི །གཉེན་པོ་ཀུན་ཏུ་སྤྱོད་པ་དགེ་བའི་སྟོབས། །མཁའ་མཉམ་སེམས་ཅན་རྒྱུད་ལ་རྫོགས་གྱུར་ཅིག །གང་ལ་བཤགས་དང་གང་གིས་བཤགས་པ་


KMC002_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །བཤགས་པ་ཐམས་ཅད་རང་བཞིན་མ་གྲུབ་པས། །རྟེན་འབྲེལ་ཙམ་དུ་བཤགས་པའི་ཆོས་ཉིད་ཀྱིས། །རང་གཞན་སྡུག་བསྔལ་གནས་པར་མ་གྱུར་ཅིག །མཆོག་གི་བླ་མ་དཀོན་མཆོག་རྣམ་པ་གསུམ། །ཡི་དམ་རྒྱུད་སྡེ་བཞི་ཡི་ངོ་བོར་ཤར། །དེ་ལ་དཔའ་བོ་མཁའ་འགྲོ་སྤྲིན་ལྟར་གཏིབས། །བཀའ་སྡོད་དམ་ཅན་ཚོགས་བཅས་མུ་མཐའ་མེད། །ཐུགས་རྗེ་ཆེ་མགོན་རྣམས་ཀྱི་ཐུགས་རྗེ་དང་། །མཁྱེན་རབ་ནུས་པ་ཕྲིན་ལས་ཟབ་མོ་ལ། །བསམ་གྱིས་མི་ཁྱབ་མོས་པས་རྗེས་ཡི་རང་། །དེ་བཞིན་ཉན་ཐོས་རང་སངས་རྒྱས་པ་དང་། །འཁོར་བའི་ཆེན་པོ་ཚངས་པ་ལ་སོགས་ཀྱི། །ཟག་བཅས་ཟག་མེད་དགེ་ལ་རྗེས་ཡི་རང་། །ལྷག་པར་སྙིགས་མར་སྤྱོད་ཅིང་མི་བསྲུན་དུས། །རང་བཞིན་དགེ་ཞིང་ཕ་མ་རྒན་རབས་ལ། །སྲིད་ཞུར་བརྩོན་ཞིང་དཀོན་མཆོག་མཆོད་པ་དང་། །འདོད་ཆུང་ཆོག་ཤེས་དབེན་ལ་དགའ་བ་ཡིས། །རང་གི་ཉེས་པ་


KMC002_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་པར་གཟུང་པ་ནས། །བག་ཡོད་དྲན་ཤེས་འཛིན་ལ་རྗེས་ཡི་རང་། །ཇི་སྲིད་མངོན་འཚང་མ་རྒྱས་དེ་སྲིད་དུ། །འཆལ་ཚུལ་རྒྱང་བསྲིང་སྐྱེས་བུ་ཆེན་པོ་ཡི། །སྤྱོད་པས་བཟོད་ལ་རྟག་ཏུ་རྗེས་ཡི་རང་། །ཀུན་ཀྱང་ཡི་རང་སྒྱུ་མའི་ཚུལ་རྟོགས་ནས། །སྒྱུ་མ་ཙམ་གྱི་ཡི་རང་འབྲས་གང་དཔག །གང་ཞིག་རྫོགས་པའི་སངས་རྒྱས་སྤྲུལ་པའི་སྐུ། །ཞིང་ཁམས་དམ་པ་ཆོས་སྣོད་མ་གྱུར་བར། །འགྲོ་བློ་རྙོག་པར་ཐུབ་དབང་གཟུགས་འཆར་ཚེ། །བདག་གིས་མ་དག་གདུལ་བྱའི་ཁམས་སྦྱངས་ནས། །རྣམ་དག་མངོན་རྟོགས་བསྐྱེད་པར་སྨིན་བྱས་ཏེ། །རྫོགས་སངས་རྒྱས་དང་དེ་སྲས་སློབ་མར་བཅས། །སྣ་ཚོགས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །གང་གི་རྣམ་པར་དཀར་བའི་འཁོར་ལོ་ཡིས། །སྲིད་ཞིང་ལྟུང་བའི་མཐའ་གཉིས་གཅད་དུ་གསོལ། །གང་ན་རྫོགས་སངས་རྒྱས་དང་དབང་ཐོབ་ཀྱི། །སེམས་དཔའ་ཆེ་ཡི་མཐུ་དང་ནུས་པ་ལས། །སོ་སོ་སྐྱེ་བོའི་


KMC002_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའི་བཤེས་གཉེན་དང་། །རྟེན་མེད་ནམ་མཁའ་ལ་སོགས་འབྱུང་བ་ལས། །རྣམ་པར་ལོངས་པའི་དམ་ཆོས་སྒྲ་རྣམས་ཀྱང་། །ཐར་འདོད་སྐྱེ་དགུའི་ཡིད་བཞིན་འབབ་གྱུར་ཅིག །དེ་བཞིན་གཤེགས་ལ་ཆོས་འཁོར་རྟག་ཏུ་གནས། །མི་གསུང་བཞུགས་པ་གདུལ་བྱའི་མཚན་འཛིན་ཡིན། །མཚན་མ་གདོད་ནས་མ་གྲུབ་བརྗོད་པ་བྲལ། །བརྗོད་མེད་འདི་ནི་ཆོས་ཀྱི་འཁོར་ལོའི་རྒྱུ། །བསམ་བརྗོད་བྲལ་བའི་ཡེ་ཤེས་མངའ་བརྙེས་ནས། །གང་ལ་གང་འཚམ་སྣ་ཚོགས་སྤྲུལ་པའི་སྐུ། །སེམས་ཅན་མཐའ་ཡས་ཁམས་དང་དབང་པོའི་ཚོགས། །ཇི་སྲིད་སྦྱང་བའི་བྱ་བ་མ་རྫོགས་པར། །གདུལ་བྱ་དུས་ལས་མི་ཡོལ་ཕྲིན་ལས་ཀྱིས། །མྱ་ངན་འདའ་ཚུལ་མི་བསྟན་བཞུགས་སུ་གསོལ། །ཁྱད་པར་དམ་ཆོས་སྤོང་ཞིང་དཀོན་མཆོག་ལ། །ཁོན་དུ་འཛིན་པའི་འགྲོ་བ་ལོང་བ་ཀུན། །སླར་ཡང་ཕྲིན་ལས་ནུས་པས་མི་འདུལ་བ། །མི་སྲིད་ཕྱིར་ན་མགོན་


KMC002_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

མེད་སྐྱབས་མེད་ཀྱི། །མགོན་ཁྱོད་རྟག་ཏུ་སྐྱབས་སུ་བཞུགས་པར་གསོལ། །གཞན་ཡང་སེམས་ཅན་ཀུན་ལ་ཕན་བདེའི་གཏེར། །གང་ན་སྩོལ་ནུས་སྐྱེ་དང་འཕགས་པའི་ཚོགས། །སྣ་ཚོགས་གཟུགས་ཀྱིས་སྐྱེ་དགུ་སྲུང་མཛད་པ། །སྙིང་རྗེའི་དབང་ཕྱུག་དེ་དག་དེར་བཞུགས་ཤིག །འགྲོ་འོང་གཤེགས་བཞུད་མི་མངའི་རྒྱལ་བ་ལ། །སྐྱེ་འགག་སྣ་ཚོགས་འཛིན་པའི་བྱིས་བློ་ཡང་། །གདོད་ནས་སྐྱེ་འགག་གནས་གསུམ་ག་ལ་ཡོད། །སྐྱེ་མེད་དོན་ལ་རྟག་ཏུ་འཚོ་གྱུར་ཅིག །བདག་དང་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི། །ཆོས་དབྱིངས་བྱང་ཆུབ་གསུམ་གྱི་དགེ་རྩར་བཅས། །དུས་གསུམ་སྲིད་པའི་ལེགས་སྤྱད་ཇི་སྙེད་ཀུན། །མ་རྒན་སེམས་ཅན་མགོན་མེད་གཏོལ་བྲལ་རྣམས། །ཡང་དག་རྫོགས་སངས་རྒྱས་ཀྱི་གོ་འཕང་ཉིད། །ད་ལྟ་ཉིད་དུ་ཐོབ་ཕྱིར་བསྔོ་བར་བགྱི། །མདོར་ན་བཟང་པོ་སྤྱོད་པའི་སྨོན་ལམ་དག །བྱང་ཆུབ་ཆེན་པོ་སྤྱོད་པའི་སྨོན་ལམ་དག །


KMC002_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

བདག་སོགས་མཁའ་མཉམ་ཀུན་གྱིས་གཟུང་བྱས་ཏེ། །སྨོན་ལམ་ཡོངས་སུ་འགྲུབ་པར་བྱིན་གྱིས་རློབས། །བདག་གིས་བྱང་ཆུབ་སྤྱོད་པའི་ཡན་ལག་བདུན། །བུ་རམ་ཤིང་པའི་ཕྲིན་ལས་ཇི་བཞིན་དུ། །གསོལ་བ་བཏབ་ལས་དགེ་བ་གང་ཐོབ་པས། །བགྲང་ཡས་མར་གྱུར་འགྲོ་བ་ཐམས་ཅད་ཀྱིས། །བྱང་ཆུབ་ཆེན་པོའི་ལྟ་སྤྱོད་འཁྲུལ་མེད་ཤོག །ཅེས་བྱ་བ་འདི་ནི། །རྗེ་བཙུན་ཀརྨ་པའི་མཚན་གྱི་མཐའ་ཅན་དགེ་སློང་མི་བསྐྱོད་བཟང་བློ་དད་པའི་སེམས་ཀྱིས། མཚུར་ཕུ་བསྐུངས་ཀྱི་རི་ཁྲོད་དུ་སྦྱར་བའོ།། །།དེ་ནས་རང་གཞན་གྱི་དོན་རླབས་པོ་ཆེ་བསྒྲུབ་པའི་སླད་དུ་སངས་རྒྱས་བྱང་སེམས་དང་བླ་མ་བརྒྱུད་པ་རྣམས་ལ་བསྟོད་ཅིང་གསོལ་བ་གདབ་པའི་ཡན་ལག་ལ་ཐོག་མར་དེ་བཞིན་གཤེགས་པ་སྤྱི་ལ་བསྟོད་ཅིང་ཕྱག་འཚལ་བ་མདོ་སྡེ་རྒྱན་ལས་འབྱུང་བ་ནི། སེམས་ཅན་རྣམས་ལ་བརྩེ་བ་ཅན། །ཕྲད་དང་བྲལ་བའི་དགོངས་པ་ཅན། །མི་འབྲལ་བ་ཡི་དགོངས་པ་ཅན། །ཕན་བདེ་དགོངས་ཁྱོད་ལ་ཕྱག་འཚལ། །ཐུབ་པ་སྒྲིབ་ཀུན་ངེས་པར་གྲོལ། །འཇིག་རྟེན་ཐམས་ཅད་


KMC002_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཟིལ་གྱིས་གནོན། །ཁྱོད་ཀྱི་མཁྱེན་པས་ཤེས་བྱ་ཁྱབ། །ཐུགས་གྲོལ་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་དག་ནི་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་ཐམས་ཅད་འདུལ། །ཉོན་མོངས་འཇོམས་མཛད་ཉོན་མོངས་ལ། །བརྩེ་བཅས་ཁྱོད་ལ་ཕྱག་འཚལ་ལོ། །ལྷུན་གྱིས་གྲུབ་ཅིང་ཆགས་མི་མངའ། །ཐོགས་པ་མི་མངའ་རྟག་པར་ནི། །མཉམ་པར་གཞག་ཅིང་འདྲི་ཀུན་གྱི། །ལན་ལྡོན་ཁྱོད་ལ་ཕྱག་འཚལ་ལོ། །རྟེན་དང་བརྟེན་པ་བཤད་བྱ་དང་། །གསུང་དང་མཁྱེན་པ་འཆད་བྱེད་ལ། །བློ་གྲོས་རྟག་ཐོགས་མི་མངའ་བ། །ལེགས་སྟོན་ཁྱོད་ལ་ཕྱག་འཚལ་ལོ། །གཤེགས་ནས་སྤྱོད་པ་མཁྱེན་མཛད་དེ། །དེ་དག་སྐད་ཀྱིས་སེམས་ཅན་གྱི། །འོང་དང་འགྲོ་དང་ངེས་འབྱུང་ལ། །ལེགས་འདོམས་ཁྱོད་ལ་ཕྱག་འཚལ་ལོ། །ལུས་ཅན་ཀུན་གྱིས་ཁྱོད་མཐོང་ན། །སྐྱེས་བུ་དམ་པ་ལགས་པར་འཚལ། །མཐོང་བ་ཙམ་གྱིས་རབ་དང་བར། །མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། །ལེན་


KMC002_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

དང་གནས་དང་གཏོང་བ་དང་། །སྤྲུལ་དང་ཡོངས་སུ་སྒྱུར་བ་དང་། །ཏིང་ངེ་འཛིན་དང་ཡེ་ཤེས་ལ། །མངའ་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །ཐབས་དང་སྐྱོབས་དང་དག་པ་དང་། །ཐེག་ཆེན་ངེས་པར་འབྱུང་བ་ལ། །སེམས་ཅན་རྣམས་ལ་རབ་སླུ་བའི། །བདུད་འཇོམས་ཁྱོད་ལ་ཕྱག་འཚལ་ལོ། །རང་གཞན་དོན་དུ་ཡེ་ཤེས་དང་། །སྤངས་དང་ངེས་འབྱུང་བགེགས་མཛད་པར། །སྟོན་མཛད་མུ་སྟེགས་གཞན་དག་གིས། །མི་བརྫི་ཁྱོད་ལ་ཕྱག་འཚལ་ལོ། །བསྲུང་མེད་བསྙེལ་བ་མི་མངའ་བ། །འཁོར་གྱི་ནང་ན་བག་བརྐྱང་གསུང་། །ཀུན་ནས་ཉོན་མོངས་གཉིས་སྤངས་པ། །འཁོར་སྡུད་ཁྱོད་ལ་ཕྱག་འཚལ་ལོ། །ཀུན་མཁྱེན་ཁྱོད་ལ་རྒྱུ་བ་དང་། །གནས་པ་ཀུན་ལ་རྟག་པར་ནི། །ཀུན་མཁྱེན་མིན་སྤྱོད་མི་མངའ་སྟེ། །ཡང་དག་དོན་ལྡན་ཁྱོད་ཕྱག་འཚལ། །སེམས་ཅན་ཀུན་གྱི་བྱ་བ་ལ། །ཁྱོད་ནི་དུས་ལས་མི་འདའ་བས། །མཛད་པ་རྟག་


KMC002_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་དོན་མངའ་བ། །མི་བསྙེལ་ཁྱོད་ལ་ཕྱག་འཚལ་ལོ། །འཇིག་རྟེན་ཀུན་ལ་ཉིན་མཚན་དུ། །ལན་དྲུག་ཏུ་ནི་སོ་སོར་གཟིགས། །ཐུགས་རྗེ་ཆེན་པོ་དང་ལྡན་པ། །ཕན་དགོངས་ཁྱོད་ལ་ཕྱག་འཚལ་ལོ། །སྤྱོད་པ་དང་ནི་རྟོགས་པ་དང་། །ཡེ་ཤེས་དང་ནི་ཕྲིན་ལས་ཀྱིས། །ཉན་ཐོས་རང་སངས་རྒྱས་ཀུན་གྱི། །བླ་མ་ཁྱོད་ལ་ཕྱག་འཚལ་ལོ། །སྐུ་གསུམ་དག་གི་བྱང་ཆུབ་ཆེ། །རྣམ་པ་ཀུན་བརྙེས་ཐམས་ཅད་དུ། །སེམས་ཅན་ཀུན་གྱི་ཐེ་ཚོམ་དག །གཅོད་པ་ཁྱོད་ལ་ཕྱག་འཚལ་ལོ། །འཛིན་པ་མི་མངའ་ཉེས་མི་མངའ་། །རྙོག་པ་མི་མངའ་མི་གནས་པ། །མི་གཡོ་ཆོས་རྣམས་ཐམས་ཅད་ལ། །སྤྲོས་མེད་ཁྱོད་ལ་ཕྱག་འཚལ་ལོ།། །།དེ་ནས་བྱེ་བྲག་ཏུ་བདག་ཅག་གི་སྟོན་པར་བསྟོད་པའི་རིམ་པ་ལ། རྗེ་རང་བྱུང་རྡོ་རྗེས་མཛད་པའི་སངས་རྒྱས་ཀྱི་སྐྱེས་རབས་བརྒྱ་རྩའི་སྡོམ་གྱི་ཚིགས་བཅད་ནི། ན་མོ་ཤཱཀྱ་མུ་ན་ཡེ། སྟག་མོ་ཤི་བི་ཀོ་ས་ལ། །ཚོང་དཔོན་གཉིས་དང་རི་བོང་དང་། །ཨ་ཀ་ཏ་དང་ཤ་སྦྱིན་དང་། །ཐམས་ཅད་


KMC002_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་དང་མཆོད་སྦྱིན་བྱེད། །བརྒྱ་བྱིན་བྲམ་ཟེ་མྱོས་བྱེད་མ། །ལེགས་པར་ཕ་རོལ་ཕྱིན་དང་ཉ། །བྱ་དང་བུམ་པ་ཕྱུག་པོའི་བུ། །དཀའ་ཐུབ་ཅན་དང་ཚོང་དཔོན་ནོ། །བྱང་ཆུབ་ངང་པ་བྱང་ཆུབ་ཆེ། །སྤྲེའུ་རི་དྭགས་ཤ་ར་བྷ། །རུ་རུ་སྤྲེ་རྒྱལ་བཟོད་པ་སྨྲ། །ཚངས་དང་གླང་ཆེན་དེ་དག་བཅུ། །ཟླ་བ་ལྕགས་ཀྱི་ཁྱིམ་དུ་སྐྱེས། །མ་ཧེ་ཤིང་རྟ་ཡི་དམ་བརྟན། །དེད་དཔོན་གསེར་མདོག་ཀུན་དྷ་དང་། །རིགས་ངན་གྲགས་པའི་འོད་དང་བཅུ། །ཁྱིམ་བདག་སྒྲོན་སྣང་རི་བོང་དང་། །ཀུན་ཏུ་གོ་བྱེད་ཁྱེའུ་གཉིས། །བརྟན་བྱིན་བདེ་བྱིན་སྙན་པའི་འོད། །ཆུ་སྐྱེས་འཇིག་རྟེན་དགའ་དང་བཅུ། །ཚངས་སྦྱིན་ཆོས་ཚོལ་ཡེ་ཤེས་ལྡན། །ཆུ་འབེབས་དང་ནི་མེ་ལོང་གདོང་། །གནག་ལྷས་སྐྱེས་དང་གཞོན་ནུ་དང་། །རྔ་དང་ཆུ་སྲེག་དྲང་སྲོང་བཅུ། །སྙིང་རྗེ་ཅན་གཉིས་སྐར་མ་དང་། །བརྒྱ་བྱིན་བྲམ་ཟེ་གར་མཁན་མེ། །ང་ལས་ནུ་དང་ཀླུ་ཡི་རྒྱལ། །སེང་གེ་ཁྱེའུ་སྤྲིན་དང་


KMC002_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ། །འོད་ལྡན་བྲམ་ཟེ་རྒྱན་པོ་པ། །དེས་པ་དང་ནི་གླང་པོ་ཆེ། །འཆར་ཀ་ནོར་ཅན་ཟླ་དགའ་དང་། །ནམ་མཁའ་དཔལ་གྱི་སྡེ་དང་བཅུ། །སྙིང་སྟོབས་ཆེན་པོ་ཟླ་འོད་དང་། །ཤི་བི་བྲམ་ཟེ་རྟག་ཏུ་བརྙས། །སེང་གེ་དེད་དཔོན་ནོར་བཟང་དང་། །སུ་ཤ་དྷེ་བ་བསོད་ནམས་སྟོབས། །འོད་བཟང་དྲང་སྲོང་ཏོག་གི་བློ། །སྔོ་བསངས་དང་ནི་ཉི་འཕྲེང་སྤོང་། །རྔ་བོང་མུ་ཁྱུད་ཨུཏྤ་ལ། །བྱང་ཆུབ་སེམས་དཔའ་གཉིས་ཏེ་བཅུ། །འཕོ་དང་ལྷུམས་ཞུགས་བལྟམས་པ་དང་། །བཟོ་དང་རོལ་རྩེད་ངེས་འབྱུང་དང་། །དཀའ་སྤྱད་དྲུང་གཤེགས་བདུད་སྡེ་བཅོམ། །བྱང་ཆུབ་ཆོས་འཁོར་མྱ་ངན་འདས། །མཛད་པའི་ཡོན་ཏན་མཐར་ཕྱིན་པའི། །རྒྱལ་བ་ཁྱོད་ལ་ཕྱག་འཚལ་ལོ། །བདག་ཀྱང་ཁྱོད་ལྟར་གཞན་དོན་དུ། །མཛད་པའི་ཡོན་ཏན་མཐར་ཕྱིན་ཤོག །དམ་པ་ཏོག་དཀར་འོད་སྲུངས་རྒྱལ་ཚབ་མཛད། །ལྷ་རྣམས་སྨིན་གཟིགས་བྱམས་པར་ཅོད་པན་བཅིངས། །སྣང་


KMC002_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཆོས་སྒོ་བརྒྱ་རྩ་བསྟན་ནས་ནི། །འཛམ་གླིང་གཤེགས་པར་དགོངས་ལ་གུས་ཕྱག་འཚལ། །རྩོད་པའི་དུས་དང་རྒྱལ་རིགས་གཽ་ཏམ་གདུང་། །ཡབ་དང་ཡུམ་སྟེ་རྣམ་པ་ལྔ་ལ་གཟིགས། །གླང་ཆེན་ཐལ་དཀར་རྣམ་པས་དགའ་ལྡན་ནས། །ཡུམ་གྱི་ལྷུམས་ཞུགས་བདེ་བར་མཛད་དེར་འདུད། །ལྷུམས་སུ་འགྲོ་བ་དཔག་མེད་འདུལ་མཛད་ནས། །དབོ་ཟླའི་ཚེས་བརྒྱད་རྒྱལ་དང་ལྡན་པ་ལ། །ལུམྦིའི་ཚལ་དུ་དཀུ་གཡས་བརྟོལ་ཏེ་བལྟམས། །ལྷ་དང་ཀླུས་མཆོད་གོམ་བདུན་བོར་ལ་འདུད། །སྔོན་མེད་རྩིས་དང་ཡི་གེ་རྒྱ་ཆེན་བསྟན། །འདེགས་དང་འཛིང་སྟབས་གཅོད་དང་འཕང་བ་དང་། །སྒྱུ་རྩལ་ཟླ་མེད་ཕུལ་བྱུང་བསྟན་པ་ཡིས། །ང་རྒྱལ་ཅན་རྣམས་དུལ་བར་མཛད་དེར་འདུད། །སྔོན་ཚེ་སྨོན་ལམ་བཏབ་པའི་བུད་མེད་མཆོག །གྲགས་འཛིན་ས་འཚོ་རི་དྭགས་སྐྱེས་ལ་སོགས། །བརྒྱད་ཁྲི་བཙུན་མོར་བསྡུ་བས་སྨིན་མཛད་ནས། །བྱང་ཆུབ་


KMC002_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གི་ལམ་ལ་བཀོད་དེར་འདུད། །རྒ་ན་ཤི་དང་སྤྲུལ་པའི་དགེ་སློང་གཟིགས། །སྐྱོ་བའི་ཚུལ་གྱིས་ནམ་མཁའི་ལམ་ལ་གཤེགས། །གཙུག་ཕུད་ཉིད་ཀྱིས་དོར་ཏེ་ངུར་སྨྲིག་མནབས། །ཁྱིམ་ལས་རབ་ཏུ་བྱུང་ལ་གུས་ཕྱག་འཚལ། །དཀའ་ཐུབ་ཙམ་གྱིས་གྲོལ་འཛིན་དགག་པའི་ཕྱིར། །ཆུ་ཀླུང་ནཻ་རཉྫ་ནའི་འགྲམ་བཞུགས་ནས། །ལོ་དྲུག་བར་དུ་དཀའ་བ་ཕུལ་བྱུང་སྤྱད། །མཁའ་ཁྱབ་ཏིང་འཛིན་མཛད་ལ་གུས་ཕྱག་འཚལ། །ལུས་ངག་དཀའ་ཐུབ་སྙིང་པོ་མེད་གཟིགས་ནས། །བཞེངས་ཏེ་བདུད་རྩི་ལྟ་བུའི་འོ་ཐུག་བཞེས། །ཕྱག་དར་ཁྲོད་པའི་གོས་དང་རྩྭ་ཡི་སྟན། །བསྣམས་ནས་བྱང་ཆུབ་ཤིང་དྲུང་བཞུགས་དེར་འདུད། །འོད་ཟེར་བཀྱེ་བས་བདུད་ཀྱི་བདག་པོ་སྤྲན། །བདུད་དམག་མི་འཁྲུག་ཕྲག་གཅིག་བྱམས་པས་བཏུལ། །ས་ལྷས་འགྲོ་ཀུན་དཔང་པོ་ཁྱོད་ཅེས་གསོལ། །སྡིག་ཅན་ཕམ་པར་མཛད་ལ་གུས་ཕྱག་འཚལ། །སྤྱན་དང་མངོན་པར་ཤེས་པ་སྔོན་


KMC002_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མཛད། །བདེན་པ་བཞི་དང་རྟེན་འབྲེལ་མཁྱེན་ནས་ནི། །སྐད་ཅིག་ཤེས་པས་མངོན་པར་རྫོགས་པ་ཡི། །བྱང་ཆུབ་ཟླ་མེད་བརྙེས་ལ་གུས་ཕྱག་འཚལ། །ཚངས་པས་གསོལ་བཏབ་ཉན་ཐོས་ཐེག་ཆེན་དང་། །ཐེག་པ་ཀུན་ལ་ཞུགས་པའི་རྒྱལ་སྲས་ཆེ། །རིགས་གསུམ་ལ་དགོངས་ཆོས་ཀྱི་འཁོར་ལོ་ནི། །སྔོན་མེད་ལན་གསུམ་བསྐོར་ལ་གུས་ཕྱག་འཚལ། །རྒྱལ་བས་གདུལ་བའི་བྱ་བ་ཀུན་རྫོགས་ནས། །སཱ་ལའི་ཚལ་དུ་མཐའ་མའི་གཟིམས་ཁྲི་ལ། །རྟག་འཛིན་བཟློག་ཕྱིར་མྱ་ངན་འདའ་བར་བསྟན། །སྐུ་གདུང་རིང་བསྲེལ་རྒྱས་ལ་གུས་ཕྱག་འཚལ། །དེ་ལྟར་ཁྱོད་ཀྱི་མཛད་པ་བཅུ་གཉིས་ལ། །ཅུང་ཟད་བསྟོད་པས་རྒྱལ་དང་རྒྱལ་སྲས་ཀྱི། །ཕྲིན་ལས་མ་ལུས་བདག་གིས་སྒྲུབ་པ་ཡིས། །འགྲོ་ཀུན་ཁྱོད་ཀྱི་གོ་འཕང་ལ་འགོད་ཤོག །ཅེས་གཙུག་ལག་ཕྲེང་བས་སོ། །མོས་པ་དུ་མའི་སེམས་ཅན་རྣམས། །བདེ་འགྲོ་མཐོ་རིས་འགྲོ་བ་ཡི། །གྲོང་


KMC002_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེར་གྱི་ནི་ལམ་གྱི་མཆོག །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །མོས་པ་དུ་མའི་སེམས་ཅན་གྱི། །དྲིན་ལ་བསམས་ནས་འཇིག་རྟེན་ན། །ཞི་བའི་ཆོས་རབ་སྟོན་བཞེད་པ། །མི་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །ལྷ་ལས་བབས་ནས་ཤཱཀྱའི་རིགས། །ཡོན་ཏན་ཀུན་ལྡན་ཟས་གཙང་གི །ལྷ་མོ་སྒྱུ་འཕྲུལ་དམ་པ་ཡི། །ལྷུམས་སུ་གླང་པོའི་ཚུལ་དུ་ཞུགས། །ཚུལ་མཛེས་ཁྱོད་ལ་ཕྱག་འཚལ་ལོ། །ཟླ་བ་བཅུ་ལོན་སེར་སྐྱའི་གནས། །གྲོང་ཁྱེར་དཔལ་གྱིས་གང་བཞིན་དུ། །ལུམྦི་ནི་ཡི་དགའ་ཚལ་ན། །དགེ་བའི་སྙིང་པོ་ཁྱོད་ཀྱི་སྐུ། །ལེགས་བལྟམས་ཁྱོད་ལ་ཕྱག་འཚལ་ལོ། །བལྟམས་ནས་གོམ་པ་བདུན་བོར་ཏེ། །འཇིག་རྟེན་གསུམ་གྱི་མཆོད་འོས་པས། །བདུད་ཀྱི་རྙི་ལས་འཁོར་བ་པ། །ངེས་པར་ཐར་བར་བྱའོ་ཞེས། །ལེགས་གསུང་ཁྱོད་ལ་ཕྱག་འཚལ་ལོ། །གཞལ་ཡས་ཁང་དུ་གུས་པ་ཡི། །ཟས་མཆོག་ཀུན་གྱིས་བསྙེན་བཀུར་ཏེ། །མ་མ་བརྒྱད་ཀྱིས་ཡང་


KMC002_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

དག་མཆོད། །མཆོད་འོས་ཁྱོད་ལ་ཕྱག་འཚལ་ལོ། །གང་ཚེ་ཞིང་པའི་གྲོང་བལྟ་བར། །ཛམྦུའི་གྲིབ་མ་བསྟེན་པ་ན། །ཁྱོད་ཀྱི་སྐུ་ལས་ཛམྦུ་ཡི། །གྲིབ་མ་ཡོལ་བ་མེད་མཐོང་བ། །དེ་ཚེ་ལྷ་ཡིས་ཕྱག་བྱས་པ། །ཕྱག་འོས་ཁྱོད་ལ་ཕྱག་འཚལ་ལོ། །རིགས་དང་སྟོབས་ཀྱི་ང་རྒྱལ་ཅན། །ལྷས་བྱིན་དགའ་བོ་ཤཱཀྱ ་གཞན། །སྒྱུ་རྩལ་ཕ་རོལ་གནོན་པ་ཡི། །ཐུབ་པ་ཁྱོད་ལ་ཕྱག་འཚལ་ལོ། །འཁོར་བའི་རང་བཞིན་མཁྱེན་བཞིན་དུ། །ཡབ་ཀྱི་རེ་བ་རྫོགས་པའི་སླད། །གླུ་གར་པི་ཝང་རོལ་མོ་སྒྲས། །བཙུན་མོའི་འཁོར་གྱིས་མཆོད་པ་ཐོབ། །ཐབས་མཁས་ཁྱོད་ལ་ཕྱག་འཚལ་ལོ། །གྲོང་ཁྱེར་མཛེས་པ་བལྟ་བའི་སླད། །ཡབ་ཀྱི་ཚིག་གིས་འགྲོ་བ་དེས། །ན་རྒ་འཆི་བའི་སྡུག་བསྔལ་མཐའ། །འདུན་པ་ལས་ཐོས་སླར་ལྡོག་སྟེ། །ངེས་ནི་འཁོར་བའི་སྡུག་བསྔལ་འདི། །ངེས་པར་ཐར་བར་བྱའོ་སྙམ། །ངེས་འབྱུང་ཁྱོད་ལ་ཕྱག་འཚལ་ལོ། །མཁའ་ལས་


KMC002_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་ཐུབ་ནགས་སོང་སྟེ། །འདུན་པ་ཉེ་དུའི་སྐྱེ་བོ་བཏང་། །ནགས་ཚལ་རི་དྭགས་ཁྱུ་ནང་དུ། །ཉོན་མོངས་མི་བཟོད་ཁྱོད་སླར་ལྡོག །བསྐལ་པ་བྱེ་བར་འབད་པ་གང་། །ལུས་འདིས་སྙིང་པོ་མ་ལོན་པར། །གྲོང་ཁྱེར་དུ་ནི་ང་མི་འོང་། །ངེས་བྱས་ཁྱོད་ལ་ཕྱག་འཚལ་ལོ། །ངེས་པ་འདི་ལས་མི་འདའ་བ། །འདུན་པས་ཤེས་ནས་གྲོང་ཁྱེར་སོང་། །རྒྱལ་སྲས་བསེ་རུ་ལྟ་བུ་དེ། །གཙུག་ཕུད་རང་ཉིད་ཀྱིས་བླངས་ཏེ། །སྐྱེ་བོ་ལས་ལ་ཡིད་ཆེས་སླད། །ཆུ་ཀླུང་ནཻ་རཉྫ་ནའི་ངོགས། །ལོ་དྲུག་ཚང་པར་དཀའ་བ་སྤྱད། །དཀའ་ཐུབ་མཐར་ཕྱིན་ཕྱག་འཚལ་ལོ། །དཀའ་ཐུབ་གདུང་བས་ལུས་ཉམ་ཆུང་། །བྱང་ཆུབ་སེམས་དཔའ་ཆུ་ཀླུང་དུ། །དག་པར་འདོད་པ་དེ་མཐོང་ནས། །ལྷ་མོས་ལྗོན་པའི་ཡན་ལག་བཏུད། །ཁྲུས་བྱས་ཁྱོད་ལ་ཕྱག་འཚལ་ལོ། །བ་ཡི་འོ་མའི་སྙིང་པོ་གསོལ། །སྐུ་ལུས་གསེར་གྱི་མདོག་འདྲ་བ། །འོད་ཀྱིས་ཀུན་འཁོར་སྣང་བ་ནི། །ལྷ་ཡི་གནས་ཀུན་


KMC002_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བྱས་པ། །འགྲོ་བའི་མར་མེ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་མཁས་པ་དེ། །ངང་པའི་གོམས་པས་འགྲོ་བ་ན། །ས་གཞི་འཁར་བའི་སྣོད་བཞིན་དུ། །སྒྲ་དང་ལྡན་པ་དེ་ཐོས་ནས། །ནག་པོ་བྱ་བ་ཀླུ་ལོང་བ། །སངས་རྒྱས་བྱུང་དུས་མིག་ཐོབ་པ། །བྱང་ཆུབ་སེམས་དཔའ་དེ་ལ་འདུད། །ཙ་ཤའི་ཁྱུ་ཡིས་སྙན་སྒྲོག་ཅིང་། །མཁའ་ལས་གཡས་སྐོར་བསྐོར་བ་བྱས། །དགེ་བའི་ལྟས་ནི་མངོན་མཐོང་བ། །བྱང་ཆུབ་སྙིང་པོར་སྡོད་པའི་ལྷས། །ཕྱག་བྱས་ཁྱོད་ལ་ཕྱག་འཚལ་ལོ། །བྱང་ཆུབ་ཤིང་དྲུང་རྡོ་བའི་གཞིར། །དཱུར་ཝ་སྔོ་བསངས་འཇམ་པའི་རྩྭ། །བྱང་ཆུབ་སེམས་དཔའི་འདོད་པ་བཞིན། །རྩེ་མོ་གཡས་བསྟན་ལྷུང་བར་གྱུར། །རྩྭ་ཡི་མལ་སྟན་ལ་འདུག་སྟེ། །དྲན་པ་མངོན་དུ་གཞག་བྱས་ནས། །མི་གཡོ་གསེར་གྱི་ལྷུན་པོ་བཞིན། །ནམ་མཁའི་གོ་སྐབས་འགོག་བྱེད་པ། །མི་འཁྲུགས་ཕྲག་གཅིག་དཔུང་གི་ཚོགས། །བདུད་ཀྱི་མིག་རས་


KMC002_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

བཙའ་བཞིན་དུ། །སྐད་ཅིག་གཅིག་གིས་ཏིང་འཛིན་གྱིས། །ཐོ་རངས་མངོན་པར་བྱང་ཆུབ་པ། །དཔའ་པོ་གཅིག་པུ་གཡུལ་ངོ་ལས། །རྒྱལ་བ་ཁྱོད་ལ་ཕྱག་འཚལ་ལོ། །མི་མཆོག་བཏང་སྙོམས་འདུག་རིག་ནས། །འཇིག་རྟེན་མཆོད་པའི་གནས་ཐོབ་པ། །ཚངས་པས་ཆོས་འཁོར་བསྐོར་བར་བསྐུལ། །འཇིག་རྟེན་ཀུན་ལས་ཁྱད་པར་དུ། །འཕགས་པའི་ཆོས་རབ་བསྟན་པ་ཡང་། །སེམས་ཅན་མོས་པ་ཐ་དད་ཕྱིར། །ཐེག་པ་གསུམ་གྱི་ཐབས་ཚུལ་ཡང་། །ཐེག་པ་མཆོག་གི་ངེས་པ་བསྟན། །ཆོས་སྟོན་ཁྱོད་ལ་ཕྱག་འཚལ་ལོ། །འཁོར་བ་སྤྲེའུའི་ལུས་མཐའ་མ། །འདོར་བ་ལ་ནི་མངོན་ཕྱོགས་ཏེ། །མཆོད་པའི་ལག་བརྐྱང་སྦྲང་རྩི་ཕུལ། །དེ་ཡི་སྦྱིན་འབྲས་གཙང་བྱས་པ། །བསོད་ནམས་ཞིང་ཁྱོད་ཕྱག་འཚལ་ལོ། །ཝཱ་རཱ་ཎ་སཱི་རི་དྭགས་ནགས། །གཡའི་རི་དང་སྦོས་ངད་ལྡང་། །རྒྱལ་པོའི་ཁབ་དང་གངྒཱའི་ངོགས། །རི་བོ་འབིགས་བྱེད་མ་ལ་ཡ། །གངས་ཅན་རི་


KMC002_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

བོ་རྡོ་བའི་ཕུག །གྲོང་ཁྱེར་ཡངས་པ་ཅན་དག་ཏུ། །ལྷ་མི་མང་པོའི་དོན་བྱས་ནས། །ལྷ་དང་བདུད་དང་ཚངས་པར་བཅས། །དགེ་སྦྱོང་བྲམ་ཟེ་ཁྱིམ་བདག་གིས། །ཕྱག་བྱས་དམ་པ་མཆོད་པའི་གནས། །ཆོས་ཀྱི་སྐུ་འདི་བཞག་བྱས་ནས། །གདུལ་བྱ་མཐའ་མ་གྱད་ཀྱི་ཡུལ། །རྩྭ་ཅན་གྲོང་གི་སཱ་ལ་ཟུང་། །མཐའ་མའི་གདན་ལ་བཞུགས་པའི་ཚེ། །ལྷ་མི་བྱེ་བ་གྲངས་མེད་ཀྱིས། །མེ་ཏོག་སྤོས་རབ་གདུགས་ཡངས་པ། །ཞིང་རྣམས་གང་བས་མཆོད་བཞིན་དུ། །སེང་གེའི་ཉལ་སྟབས་བཟང་པོ་ཡིས། །ཡོངས་སུ་མྱ་ངན་འདས་པར་གྱུར། །གཟུགས་ཀྱི་སྐུ་ཡི་ཞིང་འདི་ན། །མཛད་པ་ཐམས་ཅད་མཐར་ཕྱིན་པ། །མྱང་འདས་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་བྱང་ཆུབ་སྤྱོད་པ་དང་། །བྱང་ཆུབ་དམ་པ་འཚང་རྒྱ་བའི། །མཛད་པ་བླ་མེད་ཐམས་ཅད་ལ། །བདག་ནི་གུས་པས་ཕྱག་བགྱིའོ། །བཅོམ་ལྡན་མཛད་པ་འདིར་བརྗོད་པ། །འཇིག་རྟེན་སྨྲ་བ་


KMC002_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀུན། །ཀུན་ནས་སངས་རྒྱས་བསྔགས་པ་ཡི། །ཕྱག་འོས་ཕྱག་འཚལ་བསྟོད་པས་བསྟོད། །དེ་ཡིས་འགྲོ་བ་མ་ལུས་པ། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཇི་ཞིག་ན། འཇིག་རྟེན་རྣམ་པར་འདྲེན་པ་རང་ཡུལ་དུ་འོངས་ནས་མེ་ཏོག་ཨུཏྤལ་སྔོན་པོའི་ཚལ་ན་འདུག་ཅིང་། །སྔ་དྲོ་ཆུ་ཀླུང་གི་ངོགས་སུ་ཟན་ཟོས་ཏེ་བསེ་རུ་ལྟ་བུར་གཅིག་པུར་ངང་པའི་གོམ་པས་འགྲོ་བ་དེའི་ཚེ། སྔོན་རིམ་གྲོ་པ་ཀུན་ཏུ་བཟང་པོས་སྨྲས་པ། མེ་ཏོག་ལྟ་བུའི་སྙན་ངག་གིས་བདེ་བར་གཤེགས་པའི་མཛད་པའི་ཚུལ་ལ་བསྟོད་ཅིང་རི་མོར་བྲིས་པ་ཡང་བྱོས་ཞེས་བསྐུལ་བ་ཡིད་ལ་དྲན་ནས། མཛད་པ་བཅུ་གཉིས་ལ་བསྟོད་ཕྱག་ཀུན་ཏུ་བཟང་པོའི་དགའ་སྟོན་འདི་སྦྱར་བའོ། །ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་ལོ། །གང་གིས་དང་པོར་བྱང་ཆུབ་ཐུགས་བསྐྱེད་ནས། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་མཛད་ཅིང་། །དུས་འདིར་མཛད་པ་རྒྱ་ཆེན་འགྲོ་བ་ཡི། །མགོན་གྱུར་


KMC002_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ལ་བདག་གིས་བསྟོད་པར་བགྱི། །ལྷ་རྣམས་དོན་མཛད་འདུལ་བའི་དུས་མཁྱེན་ནས། །ལྷ་ལས་བབས་ནས་གླང་ཆེན་ལྟར་གཤེགས་ཤིང་། །རིགས་ལ་གཟིགས་ནས་ལྷ་མོ་སྒྱུ་འཕྲུལ་གྱི། །ལྷུམས་སུ་ཞུགས་པར་མཛད་ལ་ཕྱག་འཚལ་ལོ། །ཟླ་བ་བཅུ་རྫོགས་ཤཱཀྱའི་སྲས་པོ་ནི། །བཀྲ་ཤིས་ལུམྦིའི་ཚལ་དུ་བལྟམས་པའི་ཚེ། །ཚངས་དང་བརྒྱ་བྱིན་གྱིས་བསྟོད་མཚན་མཆོག་ནི། །བྱང་ཆུབ་རིགས་སུ་ངེས་མཛད་ཕྱག་འཚལ་ལོ། །གཞོན་ནུ་སྟོབས་ལྡན་མི་ཡི་སེང་གེ་དེས། །ཨཾ་ག་མ་ག་དྷར་ནི་སྒྱུ་རྩལ་བསྟན། །སྐྱེ་བོ་དྲེགས་པ་ཅན་རྣམས་ཚར་བཅད་ནས། །འགྲན་ཟླ་མེད་པར་མཛད་ལ་ཕྱག་འཚལ་ལོ། །འཇིག་རྟེན་ཆོས་དང་མཐུན་པར་བྱ་བ་དང་། །ཁ་ན་མ་ཐོ་སྤང་ཕྱིར་བཙུན་མོ་ཡི། །འཁོར་དང་ལྡན་མཛད་ཐབས་ལ་མཁས་པ་ཡིས། །རྒྱལ་སྲིད་སྐྱོང་བར་མཛད་ལ་ཕྱག་འཚལ་ལོ། །འཁོར་བའི་བྱ་བ་སྙིང་པོ་མེད་གཟིགས་ནས། །ཁྱིམ་ནས་


KMC002_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་སྟེ་མཁའ་ལ་གཤེགས་ནས་ཀྱང་། །མཆོད་རྟེན་རྣམ་དག་དྲུང་དུ་ཉིད་ལ་ཉིད། །རབ་ཏུ་བྱུང་བར་མཛད་ལ་ཕྱག་འཚལ་ལོ། །བརྩོན་པས་བྱང་ཆུབ་བསྒྲུབ་པར་དགོངས་ནས་ནི། །ནཻ་རཉྫ་ནའི་འགྲམ་དུ་ལོ་དྲུག་ཏུ། །དཀའ་བ་སྤྱད་མཛད་བརྩོན་འགྲུས་མཐར་ཕྱིན་པས། །བསམ་གཏན་མཆོག་བརྙེས་མཛད་ལ་ཕྱག་འཚལ་ལོ། །ཐོག་མ་མེད་ནས་འབད་པ་དོན་ཡོད་ཕྱིར། །མ་ག་དྷ་ཡི་བྱང་ཆུབ་ཤིང་དྲུང་དུ། །སྐྱིལ་ཀྲུང་མི་གཡོ་མངོན་པར་སངས་རྒྱས་ནས། །བྱང་ཆུབ་རྫོགས་པར་མཛད་ལ་ཕྱག་འཚལ་ལོ། །ཐུགས་རྗེས་འགྲོ་ལ་མྱུར་དུ་གཟིགས་ནས་ནི། །ཝཱ་རཱ་ཎ་སཱི་ལ་སོགས་གནས་མཆོག་ཏུ། །ཆོས་ཀྱི་འཁོར་ལོ་བསྐོར་ནས་གདུལ་བྱ་རྣམས། །ཐེག་པ་གསུམ་ལ་འགོད་མཛད་ཕྱག་འཚལ་ལོ། །གཞན་གྱི་རྒོལ་བ་ངན་པ་ཚར་གཅད་ཕྱིར། །མུ་སྟེགས་སྟོན་པ་དྲུག་དང་ལྷ་སྦྱིན་སོགས། །འཁོར་མོ་འཇིག་གི་ཡུལ་དུ་བདུད་རྣམས་བཏུལ། །ཐུབ་པ་གཡུལ་


KMC002_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྒྱལ་ལ་ཕྱག་འཚལ་ལོ། །སྲིད་པ་གསུམ་ན་དཔེ་མེད་ཡོན་ཏན་གྱིས། །མཉན་དུ་ཡོད་པར་ཆོ་འཕྲུལ་ཆེན་པོ་བསྟན། །ལྷ་མི་འགྲོ་བ་ཀུན་གྱིས་རབ་མཆོད་པ། །བསྟན་པ་རྒྱས་པར་མཛད་ལ་ཕྱག་འཚལ་ལོ། །ལེ་ལོ་ཅན་རྣམས་མྱུར་དུ་བསྐུལ་བྱའི་ཕྱིར། །རྩྭ་མཆོག་གྲོང་གི་ས་གཞི་གཙང་མ་རུ། །འཆི་མེད་རྡོ་རྗེ་ལྟ་བུའི་སྐུ་གཤེགས་ནས། །མྱ་ངན་འདའ་བར་མཛད་ལ་ཕྱག་འཚལ་ལོ། །ཡང་དག་ཉིད་དུ་འཇིགས་པ་མེད་ཕྱིར་དང་། །མ་འོངས་སེམས་ཅན་བསོད་ནམས་ཐོབ་བྱའི་ཕྱིར། །དེ་ཉིད་དུ་ནི་རིང་བསྲེལ་མང་སྤྲུལ་ནས། །སྐུ་གདུང་ཆ་བརྒྱད་མཛད་ལ་ཕྱག་འཚལ་ལོ། །ཞེས་པ་འདིའི་ཐོག་མའི་ཤློ་ཀ་གཅིག་པུ་རྗེ་འབྲི་ཁུང་པས་མཛད་པར་གྲགས་ཤིང་དེ་ཕྱིན་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའོ། །གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། །ས་ཆེན་འདི་ལ་གོམ་པ་བདུན་བོར་ནས། །ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་


KMC002_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། །དང་པོར་དགའ་ལྡན་ལྷ་ཡི་ཡུལ་ནས་བྱོན། །རྒྱལ་པོའི་ཁབ་ཏུ་ཡུམ་གྱི་ལྷུམས་སུ་ཞུགས། །ལུམྦི་ནི་ཡི་ཚལ་དུ་ཐུབ་པ་བལྟམས། །བཅོམ་ལྡན་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ། །གཞལ་ཡས་ཁང་དུ་མ་མ་བརྒྱད་ཀྱིས་མཆོད། །ཤཱཀྱའི་དྲུང་དུ་གཞོན་ནུས་རོལ་རྩེད་མཛད། །སེར་སྐྱའི་གནས་སུ་ས་འཚོ་ཁབ་ཏུ་བཞེས། །སྲིད་གསུམ་མཚུངས་མེད་སྐུ་ལ་ཕྱག་འཚལ་ལོ། །གྲོང་ཁྱེར་སྒོ་བཞིར་སྐྱོ་བའི་ཚུལ་བསྟན་ནས། །མཆོད་རྟེན་རྣམ་དག་དྲུང་དུ་དབུ་སྐྲ་གསིལ། །ནཻ་རཉྫ་ནའི་འགྲམ་དུ་དཀའ་ཐུབ་མཛད། །སྒྲིབ་གཉིས་སྐྱོན་དང་བྲལ་ལ་ཕྱག་འཚལ་ལོ། །རྒྱལ་པོའི་ཁབ་ཏུ་གླང་ཆེན་སྨྱོན་པ་བཏུལ། །ཡངས་པ་ཅན་དུ་སྤྲེའུས་སྦྲང་རྩི་ཕུལ། །མ་ག་དྷ་རུ་ཐུབ་པ་མངོན་སངས་རྒྱས། །མཁྱེན་པའི་ཡེ་ཤེས་འབར་ལ་ཕྱག་འཚལ་ལོ། །ཝཱ་རཱ་ཎ་སཱི་ཆོས་ཀྱི་འཁོར་ལོ་བསྐོར། །ཛེ་ཏའི་ཚལ་དུ་ཆོ་འཕྲུལ་ཆེན་པོ་བསྟན། །རྩྭ་མཆོག་གྲོང་དུ་དགོངས་པ་མྱ་ངན་འདས། །ཐུགས་ནི་


KMC002_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་འདྲ་ལ་ཕྱག་འཚལ་ལོ། །འདི་ལྟར་བསྟན་པའི་བདག་པོ་བཅོམ་ལྡན་གྱི། །མཛད་པའི་ཚུལ་ལ་མདོ་ཙམ་བསྟོད་པ་ཡི། །དགེ་བས་འགྲོ་བ་ཀུན་གྱི་སྤྱོད་པ་ཡང་། །བདེ་གཤེགས་ཁྱོད་ཀྱི་མཛད་དང་མཚུངས་པར་ཤོག །དེ་བཞིན་གཤེགས་པ་ཁྱེད་སྐུ་སོགས། སྟོན་པ་འཇིག་རྟེན་ སོགས། ཆོ་འཕྲུལ་གྱི་བསྟོད་པ་ནི། དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཤིང་། །བར་དུ་གཅོད་པའི་བདུད་བཞི་འཇོམས་མཛད་པ། །བཅོམ་ལྡན་སེང་གེ་དེ་ལ་ཕྱག་འཚལ་ལོ། །རྩོད་པའི་དུས་མཛད་ཐུབ་པའི་དབང་པོ་ཡི། །རྒྱལ་པོའི་ཁབ་ནས་ཡངས་ཅན་ཀཽ་ཤཱམ་བཱི། །ཝར་ཁྱིམ་དང་ནི་ཐེག་ཆེན་ཤྲི་རི་དང་། །མཉན་ཡོད་གནས་སུ་རིམ་པར་གཤེགས་ལ་འདུད། །མཉན་ཡོད་གནས་སུ་སྟོན་པར་མུ་སྟེགས་ཀྱི། །སྟོན་པ་དྲུག་གིས་ཆོ་འཕྲུལ་འགྲན་པའི་ཚེ། །སྐྱེ་བོ་དུ་མ་ཚོགས་པའི་མངོན་སུམ་དུ། །རྨད་བྱུང་ཆོ་


KMC002_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་སྟོན་ལ་ཕྱག་འཚལ་ལོ། །ཚེས་གཅིག་གསལ་རྒྱལ་གྱིས་ནི་མཆོད་པའི་ཚེ། །ཚེམས་ཤིང་ས་ལ་བཙུགས་པས་ལྗོན་ཤིང་སྐྱེས། །དཔག་ཚད་ལྔ་བརྒྱར་ཁྱབ་པའི་ལོ་འདབ་རྒྱས། །དྲི་རོས་སྐྱེ་བོ་ཚིམ་ལ་ཕྱག་འཚལ་ལོ། །ཚེས་གཉིས་ཨུ་དྲཱ་ཡ་ཎས་མཆོད་པའི་ཚེ། །ཞལ་བསིལ་ཆུ་ལས་རིན་ཆེན་རྫིང་བུར་སྤྲུལ། ཁ་དོག་སྣ་ཚོགས་པདྨའི་འོད་ཟེར་གྱི། །དྲི་ཡིས་ཚིམ་པར་མཛད་ལ་ཕྱག་འཚལ་ལོ། །ཚེས་གསུམ་ཤུན་ཙ་དྷ་ནས་མཆོད་པའི་ཚེ། །གཡས་གཡོན་གཉིས་སུ་རིན་ཆེན་རི་གཉིས་སྤྲུལ། །རི་རྩེ་ལས་སྐྱེས་འབྲས་དང་རྩྭ་ལ་སོགས། །མི་དང་དུད་འགྲོ་ཚིམ་ལ་ཕྱག་འཚལ་ལོ། །ཚེས་བཞི་ཨིནྡྲ་བྷྲ་མས་མཆོད་པའི་ཚེ། །ཕྱོགས་བཞིར་ཡུར་བ་བརྒྱད་ལྡན་རྫིང་བུར་སྤྲུལ། །ཆུ་ཡི་སྒྲ་ལས་ཚད་མེད་བཞི་ལ་སོགས། །ཆོས་ཀྱི་སྒྲ་སྙན་བྱུང་ལ་ཕྱག་འཚལ་ལོ། །ཚེས་ལྔ་ཚངས་སྦྱིན་གྱིས་ནི་མཆོད་པའི་ཚེ། །ཞལ་གྱི་སྒོ་ནས་འོད་ཟེར་སྣ་ཚོགས་ཀྱི། །འོད་དེས་


KMC002_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

རེག་པའི་སེམས་ཅན་ཐམས་ཅད་ཀྱི། །ལུས་སེམས་བདེ་བས་ཁྱབ་ལ་ཕྱག་འཚལ་ལོ། །ཚེས་དྲུག་ལིང་ཙ་རྣམས་ཀྱིས་མཆོད་པའི་ཚེ། །སྟོན་པའི་མཐུ་ཡིས་འཁོར་གྱི་སེམས་ཅན་རྣམས། །རབ་ཏུ་དགྱེས་ཤིང་སོ་སོར་སྨོན་ལམ་འདེབས། །སྟོན་པའི་ཡོན་ཏན་བརྗོད་ལ་ཕྱག་འཚལ་ལོ། །ཚེས་བདུན་ཤཱཀྱ་རྣམས་ཀྱིས་མཆོད་པའི་ཚེ། །སྟོན་པའི་མཐུ་ཡིས་འཁོར་གྱི་སེམས་ཅན་རྣམས། །རྒྱལ་པོར་གྱུར་ཅིང་རིན་ཆེན་སྣ་བདུན་ལྡན། །ཀུན་ཀྱང་སྤྲོ་བ་སྐྱེད་ལ་ཕྱག་འཚལ་ལོ། །ཚེས་བརྒྱད་བརྒྱ་བྱིན་གྱིས་ནི་མཆོད་པའི་ཚེ། །སེང་གེའི་ཁྲི་ལ་གླང་ཆེན་སྒྲ་སྐད་བཏོན། །སྲིན་པོ་ལྔ་དང་ཕྱག་ན་རྡོ་རྗེར་སྤྲུལ། །མུ་སྟེགས་སྐྲག་མཛད་ཁྱོད་ལ་ཕྱག་འཚལ་ལོ། །སླར་སྐུ་ཆེ་བའི་ཆོ་འཕྲུལ་བསྟན་པ་ནི། ཚེས་དགུ་ཚངས་པའི་རྒྱལ་པོས་མཆོད་པའི་ཚེ། །ཚངས་པའི་བར་དུ་ཁྱབ་པའི་སྐུ་སྤྲུལ་ནས། །སྐུ་ལས་འོད་ཟེར་ཆེན་པོ་བྱུང་གྱུར་པ། །ཀུན་གྱིས་མཐོང་བར་མཛད་ལ་


KMC002_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་ལོ། །ཚེས་བཅུ་རྒྱལ་ཆེན་བཞི་ཡིས་མཆོད་པའི་ཚེ། །སྲིད་རྩེའི་བར་དུ་ཁྱབ་པའི་སྐུར་སྤྲུལ་ནས། །སྐུ་ལས་འོད་ཟེར་སྣ་ཚོགས་བྱུང་གྱུར་པ། །ཀུན་གྱིས་མཐོང་ཞིང་གསུང་ཐོས་ཕྱག་འཚལ་ལོ། །བཅུ་གཅིག་མགོན་མེད་ཟས་སྦྱིན་གྱིས་མཆོད་ཚེ། །སྟོན་པ་སེང་གེའི་ཁྲི་ལ་བཞུགས་བཞིན་དུ། །སྐུ་ནི་མི་སྣང་འོད་ཀྱི་ཕུང་པོར་གྱུར། །གསུང་གིས་ཆོས་སྟོན་མཛད་ལ་ཕྱག་འཚལ་ལོ། །བཅུ་གཉིས་ཁྱིམ་བདག་ཙེ་རས་མཆོད་པའི་ཚེ། །སྐུ་ཡི་འོད་ཀྱིས་སྟོང་གསུམ་བར་དུ་ཁྱབ། །པདྨའི་གདན་ལ་སངས་རྒྱས་བཞུགས་པར་སྤྲུལ། །ཀུན་ཀྱང་དེ་འདྲར་སྤྲུལ་ལ་ཕྱག་འཚལ་ལོ། །བཅུ་གསུམ་རྒྱལ་པོ་ཤུན་ཙས་མཆོད་པའི་ཚེ། །ལྟེ་བའི་འོད་ཀྱིས་སྟོང་གསུམ་བར་དུ་ཁྱབ། །འོད་དེས་རེག་ཚད་སྒྲིབ་པ་རྣམས་དང་བྲལ། །རྩི་སོགས་འབྲས་བུ་ཐོབ་ལ་ཕྱག་འཚལ་ལོ། །བཅུ་བཞི་རྒྱལ་པོ་ཨིན་དྲས་མཆོད་པའི་ཚེ། །རྒྱལ་པོས་གཏོར་བའི་མེ་ཏོག་ཐམས་ཅད་


KMC002_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །རིན་ཆེན་ཤིང་རྟའི་ཚོགས་ཀྱིས་སྟོང་གསུམ་ཁྱབ། །ཀུན་གྱིས་གསལ་བར་མཐོང་ལ་ཕྱག་འཚལ་ལོ། །བཅོ་ལྔ་གཟུགས་ཅན་སྙིང་པོས་མཆོད་པའི་ཚེ། །རོ་རྒྱ་ལྡན་པས་ཟས་ཀྱིས་སྣོད་བཀང་ནས། །ཕྱག་མཐིལ་ས་ལ་བརྡབས་པས་དམྱལ་བ་ཡི། །སེམས་ཅན་ཚད་མེད་བསྒྲལ་ལ་ཕྱག་འཚལ་ལོ། །མཚུངས་མེད་སྟོན་པའི་ཆོ་འཕྲུལ་སྣ་ཚོགས་ལ། །ཅུང་ཟད་ཙམ་ཞིག་བདག་གིས་བསྟོད་པ་ཡི། །དགེ་བས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས། །ཆོ་འཕྲུལ་ཆེ་ལྡན་རྒྱལ་བའི་སྐུ་ཐོབ་ཤོག །པཎ་ཆེན་ཤཱཀཱ་ཤྲཱིས་སོ།། །།དེ་ནས་བྱང་འཕགས་ཀྱི་ཚུལ་བསྟན་པ་རྣམས་ལ་བསྟོད་ཕྱག་བྱེད་རིགས་པས་རེ་ཞིག་འཕགས་པ་འཇམ་དཔལ་ལ་བསྟོད་བ་ནི། རྒྱ་གར་སྐད་དུ། བྷ་ག་བཱ་ན་ཨཱརྱ ་མཉྫུ་ཤྲཱི་སཱ་དྷི་ཥྛ་ན་སྟུ་ཏི། བོད་སྐད་དུ། བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་གྱི་བསྟོད་པ་བྱིན་རླབས་དང་བཅས་པ། །བཅོམ་ལྡན་འདས་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །འཇམ་དབྱངས་ཕྱོགས་


KMC002_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

བཅུའི་དེ་བཞིན་གཤེགས་པ་བྱེ་བ་རྣམས་ཀྱིས་བསྟོད་པར་གྱུར་མོད་དེ་ལྟ་ནའང་། །བསམ་པ་བླུན་པོ་བླ་མ་ལ་གུས་དབང་གིས་ཀྱང་ནི་ཁྱོད་ཀྱི་ཡོན་ཏན་བསྟོད་བགྱི་སྟེ། །རབ་ཏུ་དྲེགས་བཅས་ངང་པའི་རྒྱལ་པོ་སྡེ་དག་གིས་བརྟེན་ཆུ་དང་བཅས་འདི་ཡིད་བཞིན་མཚོར། །བཞད་རྣམས་ཀྱང་ནི་ཡིད་ལ་རབ་ཏུ་དགའ་བ་བཞག་ནས་རྒྱུ་ཞིང་རྣམ་པར་གནས་པར་བགྱིད། །ཟུར་ཕུད་གསལ་ལྡན་གསེར་གྱི་སྙན་ཆ་གདུབ་ཀོར་གྱིས་བརྒྱན་མགུལ་ནི་རབ་ཏུ་སྒེག་བཅས་ཤིང་། །སྙན་གྱི་གོད་རྒྱན་ཨུཏྤལ་མངའ་སླད་ཁྱོད་ནི་གཞོན་ནུར་ཀུན་ལ་གྲགས་པ་དེ་ལྟ་ནའང་། །ཀུན་ཏུ་བཟང་པོ་འཇིག་རྟེན་དབང་ཕྱུག་རྡོ་རྗེ་འཛིན་པ་ལ་སོགས་རྔ་ཡབ་མཛེས་འཛིན་པའི། །མཁས་པ་རྣམས་ཀྱིས་བླ་མ་ལྟ་བུར་འཁོར་གྱི་ནང་དུ་ཁྱོད་ནི་བསྟན་པར་གྱུར་པ་ལགས། །དོ་ཤལ་ཕྲེང་བ་སིལ་སིལ་སྒྲོགས་ཤིང་མཆོག་ཏུ་ཉམས་དགའ་སྙན་གདུབ་མངའ་བ་སྤྱི་གཙུག་གི །རིན་ཆེན་འོད་


KMC002_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་འཕྲོ་བ་དང་ལྡན་གཞོན་ནུ་ན་ཚོད་འབྱུང་བ་མངའ་བ་གང་ནའང་། །བཅོམ་ལྡན་ཁྱོད་ནི་གནས་གསུམ་དག་ན་གུས་པས་ཕྱག་བགྱིར་འོས་པ་གཅིག་པུ་ཉིད་ལགས་ཏེ། །ཉེར་ཞི་བཀོད་གྱུར་མཆོད་པ་འོས་འདི་གང་ནའང་དེ་སླད་སུ་ཞིག་ངོ་མཚར་སྐྱེ་མི་འགྱུར། །ཤིན་ཏུ་རྣམ་པར་འགྱུར་བའི་བཞིན་ལྡན་སྦྲུལ་སྟོང་དག་གིས་གདུ་བུར་བྱས་པ་འཛིན་མཛད་ཅིང་། །རྣོ་བའི་མཚོན་བསྣམས་གཡུལ་ངོར་དཔའ་བ་དང་ལྡན་གཤིན་རྗེ་རྣམས་ནི་འཇིགས་པར་མཛད་པ་ཡི། །མི་བཟད་པ་ཡི་འཕགས་པ་གཤིན་རྗེའི་གཤེད་དང་བཅས་ཀྱང་ཁྱོད་ནི་ཞི་བའི་དཀྱིལ་འཁོར་ཏེ། །ཆ་ཡིས་ཚོགས་ཀུན་ཡོངས་སུ་རྫོགས་པའི་ལུས་ལྡན་སྟོན་ཀའི་ཟླ་བ་ལྟ་བུར་གྱུར་པ་ལགས། །ཁྱོད་ནི་ཆོས་ལམ་ཉེ་བར་སྟོན་ལ་མཁས་ཀྱང་ཆོས་འདི་འགའ་ཡང་གཟིགས་པ་ཡོད་མ་ཡིན། །ཁྱོད་ནི་སེམས་ཅན་ཕན་ལ་དགྱེས་ཀྱང་སེམས་ཅན་ཉིད་ནི་འགའ་ཡང་དམིགས་པར་གྱུར་


KMC002_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལགས། །བདེ་གཤེགས་དགྱེས་པ་ཕན་ཚུན་མི་འགྲིག་པ་ཡི་མཛད་སྤྱོད་མང་པོ་འདི་དག་འགལ་བས་ན། །ཁྱོད་ནི་ས་གསུམ་ངོ་མཚར་རྒྱུ་གཅིག་གྱུར་པ་དེ་སླད་ཁྱོད་འདིར་མཉེས་པར་གྱུར་པ་ལགས། །གཞན་ཕན་འབྲས་བུར་ལྡན་པས་ཤིང་དང་མཚུངས་ཤིང་རྣམ་པར་གནས་པ་གངས་ཆེན་ལྟ་བུ་སྟེ། །བརྟན་པ་ཡིས་ནི་ལྷུན་པོ་དང་འདྲ་གྲུབ་པས་བསྟེན་པས་རི་རྒྱལ་མ་ལ་ཡ་དང་མཚུངས། །གཏི་མུག་རབ་རིབ་ཞི་བར་མཛད་པས་ཉི་མ་བཞིན་ཏེ་ཕུན་སུམ་ཚོགས་གཟུགས་ཟླ་བ་དང་འདྲ་བའི། །མགོན་པོ་གཞན་གྱི་བྱ་བ་མཛད་པ་བྱིས་པའི་རོལ་པ་མཛད་པས་འགྲོ་ན་རྣམ་པར་རྒྱུ། །མཆོག་ཏུ་དགྱེས་པའི་ཨུཏྤལ་སྔོན་པོ་བསྣམས་པས་དྲི་ཞིམ་གྱིས་གོས་མཚོ་བྲན་ལྟ་བུ་སྟེ། །ཤིན་ཏུ་རོལ་པའི་སྤྱོད་ཚུལ་དང་ལྡན་ཡུལ་གྱི་བྱིས་པ་ལོ་བརྒྱད་ལོན་པ་དང་འདྲ་ཞིང་། །ཆོས་ཀྱི་ཆར་པ་དྲི་མ་མེད་པ་འབེབས་པས་ཆར་སྤྲིན་དག་ཏུ་སྒྲ་སྒྲོགས་ལྟ་བུ་དང་། །ངང་པའི་རྒྱལ་པོ་


KMC002_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་འོང་སྒྲ་སྐད་ཟིལ་མནན་གསུང་མངའ་ཁྱོད་ལ་སུ་ཞིག་རྟེན་མི་བྱེད། །སྐད་ཅིག་ཉིད་ལ་ཡོངས་སུ་འབར་ཞིང་རབ་རིབ་སྒྲིབ་གཡོགས་སྐད་ཅིག་ཉིད་ལ་ཟད་གྱུར་པ། །ཐམས་ཅད་དུ་ནི་ལེགས་པའི་ལམ་སྟོན་བདེ་གཤེགས་སྡིག་མེད་མྱ་ངན་འདས་པར་གྱུར་པ་ན། །གཞོན་ནུའི་ཚུལ་འཛིན་འོད་ཟེར་སྟོང་ཕྲག་འབར་བའི་རྒྱན་གྱིས་ལེགས་པར་སྤྲས་པར་གྱུར་པ་ཡི། །ཁྱོད་ཉིད་གཅིག་པུ་འབའ་ཞིག་ཕྱོགས་བཅུ་རྣམས་ན་ང་ལྟར་སྣང་བ་ཉིད་ནི་མ་ལགས་སམ། །མགོན་པོ་ཀྱེ་མ་ཁྱོད་གཟུགས་འདི་ན་རས་བྲིས་བྱས་པས་ཀྱང་ནི་ཇི་ལྟར་སིམ་བྱེད་པ། །སྟོན་ཀའི་མཚན་མོ་དཀར་ཞིང་རབ་ཏུ་མཛེས་པའི་ཟླ་བའི་དཀྱིལ་འཁོར་མ་ལགས་ཏེ། །ཨུཏྤལ་སྔོན་པོ་མཛེས་པའི་དྲི་ངད་ཞིམ་པོས་གོས་པའི་སེར་བུའི་ངད་ཀྱང་མ་ལགས་ཤིང་། །ལྷ་ཡི་བུ་མོ་ལག་པས་གཏད་པའི་ཧ་རི་ཙནྡན་དྲི་ཞིམ་ལྡན་པའང་དེ་ལྟ་མིན། །གཞོན་ནུ་ཁྱོད་ཞུགས་སེན་མོའི་འོད་ཟེར་


KMC002_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བ་རྒྱ་ཆེན་མཚམས་སུ་ཤར་བའི་ཟླ་འོད་བཞིན། །རབ་སྡུག་དཀར་དམར་མདོག་ཅན་རབ་སྡུད་ལྷ་དང་ལྷ་མིན་གཙུག་གི་ནོར་བུའི་འོད་འདྲེས་པས། །རལ་པ་ཅན་གྱི་མི་གང་ལ་རེག་དེ་དག་ཀྱང་ནི་སྐྱེ་བོ་ཀུན་གྱི་ཕྱག་བྱར་འོས། །མགོན་པོ་ཁྱོད་ཀྱི་སྔགས་འཛིན་ཁ་ཅིག་གྲུབ་པ་ཐོབ་ནས་རབ་ཆགས་སྒེག་པ་ལས་བྱུང་བའི། །གོམ་ཚུགས་ཀྱིས་འགྲོ་རྒྱན་ཕྲེང་རྐང་གདུབ་ཡིད་འོང་དང་ལྡན་མཛེས་མ་བརྒྱ་དང་ལྷན་ཅིག་ཏུ། །ས་སྟེང་ན་རོལ་གཞན་དག་ཀྱང་ནི་ལྷ་ཡི་གླང་པོ་ཙནྡན་རྟུལ་བ་དང་། །ལི་ཤིའི་མེ་ཏོག་མཛེས་པས་སྟུག་ལྡན་སྦྲང་མས་དཀྲིགས་པ་དགའ་བའི་ནགས་ཚལ་དག་ན་ལྷགས། །ན་ཚོད་གཞོན་ཞིང་དྲེགས་དང་བཅས་པས་སྒེག་ཅིང་རྣམ་པར་འཕྲུལ་པ་གསལ་བར་གྱུར་པ་ཡི། །དྲི་ཞིམ་པོ་ལ་ཆགས་ཤིང་སྐྱོང་བར་བྱེད་པའི་སྦྲང་མའི་ཚོགས་ཀྱིས་དཀྲིགས་པར་བྱས་གྱུར་ཅིང་། །པི་ཝང་གླིང་བུ་དང་རྒྱལ་སྒྲ་འདྲ་ཤིན་ཏུ་སྙན་པའི་དབྱངས་དང་ལྡན་


KMC002_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པའི། །གནོད་སྦྱིན་བུ་མོའི་ཚོགས་ཀྱང་ཁྱོད་ཀྱི་གསང་སྔགས་བཟླས་པ་ཡིས་ནི་རབ་ཏུ་འགུགས་པར་བྱེད། །འགྲོ་བ་གསུམ་གྱི་མགོན་པོ་འབྲས་བུ་མེད་པའི་མང་དུ་བརྗོད་པ་དག་གིས་ཅི་བགྱིར་མཆི། །ཁྱོད་ཀྱི་ཡོན་ཏན་རྒྱ་མཚོ་བརྗོད་པར་རྣམ་ཀུན་ཐུབ་པས་ཀྱང་ནི་ནུས་མ་ལགས། །ཀུན་ནས་དཔག་ཏུ་མེད་པའི་ཆུ་དང་ལྡན་པར་གྱུར་པའི་རྒྱ་མཚོ་ཕན་ཚུན་བརྒལ་བའི་ཕྱིར། །མགོན་པོ་སེམས་དང་བཅས་པའི་མི་རྣམས་དག་ལས་སུ་ཞིག་འདི་རུ་འཇུག་པར་འཚལ་བར་བགྱིད། །དེ་ལྟར་བཅོམ་ལྡན་འདས་ནི་འཕགས་པ་འཇམ་དཔལ་ལ་ཡང་མངོན་པར་བསྟོད་པ་བགྱིས་པ་ལས། །བདག་གིས་དགེ་བ་གང་ཞིག་བསགས་པ་དེ་ཡིས་འགྲོ་བ་ཀུན་གྱི་རྙོག་པ་ཞི་གྱུར་ཅིག །དེ་ཡིས་བདག་ཀྱང་སྐྱེ་བ་འདི་དང་སྐྱེ་བར་བརྟན་ཞིང་མཚུངས་པ་མེད་པའི་སྙན་དངགས་དང་། །རིགས་དང་ལྡན་ཞིང་ཚེ་རབས་དྲན་དང་སྙིང་རྗེ་རྒྱ་ཆེ་བ་དང་མཁས་རྣམས་ཡིད་


KMC002_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོག་པར་གྱུར་ཅིག །བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་གྱི་བསྟོད་པ་བྱིན་རླབས་དང་བཅས་པ། །སྙན་དངགས་མཁན་རྣམས་ཀྱི་གཙུག་གི་ནོར་བུ་མཁས་པ་ཆེན་པོ་སློབ དཔོན་ཙནྡྲ་གོ་མིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཀཱི་རྟི་དང་། བོད་ཀྱི་ལོ་ཙཱ་བ་མཁས་པ་ཆེན་པོ་མར་པ་ཆོས་ཀྱི་དབང་ཕྱུག་གིས་ལེགས་པར་བསྒྱུར་བ་ལས། སླད་ཀྱི་ལྷོ་བྲག་པ་འོ་རུ་ལོ་ཙཱ་བ་དྷརྨ་སེང་གེས་ལེགས་པར་གཏན་ལ་ཕབ་པ།། །།རྒྱ་གར་སྐད་དུ། ཤྲཱི་ཛྙཱ་ན་གུ་ཎ་ཕ་ལ་ནཱ་མ་སྟུ་ཏི། བོད་སྐད་དུ། དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་བྱ་བའི་བསྟོད་པ། བཅོམ་ལྡན་འདས་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གི་བློ་གྲོས་སྒྲིབ་གཉིས་སྤྲིན་བྲལ་ཉི་ལྟར་རྣམ་དག་རབ་གསལ་བ། །ཇི་སྙེད་དོན་ཀུན་ཇི་བཞིན་གཟིགས་ཕྱིར་ཉིད་ཀྱི་ཐུགས་ཀར་གླེགས་བམ་འཛིན། །གང་དག་སྲིད་པའི་བཙོན་རར་མ་རིག་མུན་འཐུམས་སྡུག་བསྔལ་གྱིས་གཟིར་བའི། །འགྲོ་ཚོགས་ཀུན་ལ་བུ་གཅིག་ལྟར་བརྩེ་ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུང་། །འབྲུག་ལྟར་


KMC002_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་སྒྲོགས་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོག་འགྲོལ་མཛད་ཅིང་། །མ་རིག་མུན་སེལ་སྡུག་བསྔལ་མྱུ་གུ་ཇི་སྙེད་གཅོད་མཛད་རལ་གྲི་བསྣམས། །གདོད་ནས་དག་ཅིང་ས་བཅུའི་མཐར་སོན་ཡོན་ཏན་ལུས་རྫོགས་རྒྱལ་སྲས་ཐུ་བོའི་སྐུ། །བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་སྤྲས་བདག་བློའི་མུན་སེལ་འཇམ་པའི་དབྱངས་ལ་འདུད། །གང་ཞིག་ལྷག་པའི་བསམ་པ་རྣམ་པར་དག་པས་གཅིག་དང་བདུན་དང་ཉི་ཤུ་རྩ་གཅིག་དང་བརྒྱ་དང་སྟོང་ལ་སོགས་པ་དག་ཉིན་རེ་བཞིན་དུ་སྒྲོགས་པ་དེ་ནི་གོ་རིམས་ཇི་ལྟ་བ་བཞིན་དུ་སྒྲིབ་པ་འདག་པ་དང་ཐོས་པ་འཛིན་པ་དང་སྤོབས་པ་དང་མི་བརྗེད་པའི་གཟུངས་དང་ཕྱིར་རྒོལ་བ་ཐམས་ཅད་འཇོམས་པའི་ཤེས་རབ་ཀྱི་དབང་པོ་དང་སྟོབས་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་རོ། །གང་ཞིག་ཉིན་རེ་བཞིན་དུ་ལན་གསུམ་དུ་བསྟོད་པ་བྱེད་པ་དེ་ནི་ཇི་སྐད་བཤད་པའི་ཡོན་ཏན་དེ་དག་དང་ལྡན་པས་ཤེས་རབ་དང་སྙིང་རྗེ་དང་ལམ་དང་ས་རྣམས་རིམ་གྱིས་བགྲོད་དེ་གོང་ནས་གོང་དུ་ཆེར་ཆེར་འཕགས་ནས་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་དུ་ཕྱིན་ནས་འགྲོ་བ་མ་ལུས་པ་འཁོར་བ་ལས་


KMC002_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་བའི་དེད་དཔོན་ཆེན་པོར་འགྱུར་རོ། །དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་བྱ་བའི་བསྟོད་པ་སློབ་དཔོན་རྡོ་རྗེ་མཚོན་ཆས་མཛད་པ་རྫོགས་སོ། །རྔོག་ལོའི་འགྱུར་རོ།། །།དེ་ནས་འཕགས་པ་འཇམ་དཔལ་ལ་གདུང་ཤུགས་ཀྱིས་གསོལ་བ་འདེབས་བ་ནི། ན་མོ་མཉྫུ་ཤྲཱི་ཡེ། ཤེས་བྱའི་མཁའ་དབྱིངས་ཟབ་ཅིང་ཡངས་པ་ལ། །བློ་གྲོས་དཀྱིལ་འཁོར་རྒྱས་པའི་འོད་ཟེར་གྱིས། །སྐྱེ་དགུའི་མི་ཤེས་མུན་པའི་ཚོགས་རྣམས་ཀུན། །བསལ་བྱེད་དབང་པོ་འཇམ་པའི་དབྱངས་ལ་འདུད། །དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །ཁྱོད་མིན་བདག་ལ་སྐྱབས་གཞན་མ་མཆིས་པས། །ལས་ཀྱི་དབང་གིས་རིགས་དྲུག་གར་སྐྱེས་ཀྱང་། །འཁོར་བའི་འཇིགས་ལས་སྐྱོབས་ཤིག་འཇམ་པའི་དབྱངས། །བདག་ནི་ཚེ་འདིའི་འདུ་བྱེད་གཏོང་བ་ན། །བརྩེ་ཞིང་བྱམས་པའི་གཉེན་བཤེས་ཀུན་དང་བྲལ། །རྔམ་ཞིང་འཇིགས་པའི་གཤིན་རྗེས་ཟིན་པའི་ཚེ། །གཤིན་རྗེའི་འཇིགས་ལས་སྐྱོབས་ཤིག་འཇམ་པའི་དབྱངས། །ཐོག་མེད་དུས་ནས་ལས་


no previousཤོག་ལྷེབ་ ༡ ནས་ ༡༠༠ བར།next