Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།

33 occurrences of བརྒྱུད་གསུམ་
[Clear Hits]


 
  
collapse section
པཎྜི་ཏ་དོན་ཡོད་རྡོ་རྗེའི་གཅོད་གཞུང་ཟབ་དོན་ཐུགས་ཀྱི་སྙིང་ཁུའི་དགོངས་པ་ཀཿཐོག་པ་ཀུན་དགའ་འབུམ་གྱི་བཀའ་སྲོལ་སྐོར་གཞུང་ཁུངས་ལོ་རྒྱུས་ཉུང་བསྡུས། གཞན་ཕན་མཐར་ཕྱིན།
15   
 
 
 
  
  
  
  
  
  
  
  
 
  
  
  
 
 
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  


33 occurrences of བརྒྱུད་གསུམ་
[Clear Hits]

 
previousཔཎྜི་ཏ་དོན་ཡོད་རྡོ་རྗེའི་གཅོད་གཞུང་ཟབ་དོན་ཐུགས་ཀྱི་སྙིང་ཁུའི་དགོངས་པ་ཀཿཐོག་པ་ཀུན་དགའ་འབུམ་གྱི་བཀའ་སྲོལ་སྐོར་གཞུང་ཁུངས་ལོ་རྒྱུས་ཉུང་བསྡུས། གཞན་ཕན་མཐར་ཕྱིན།next

པཎྜི་ཏ་དོན་ཡོད་རྡོ་རྗེའི་གཅོད་གཞུང་ཟབ་དོན་ཐུགས་ཀྱི་སྙིང་ཁུའི་དགོངས་པ་ཀཿཐོག་པ་ཀུན་དགའ་འབུམ་གྱི་བཀའ་སྲོལ་སྐོར་གཞུང་ཁུངས་ལོ་རྒྱུས་ཉུང་བསྡུས། གཞན་ཕན་མཐར་ཕྱིན།

གཞུང་ཁུངས་ལོ་རྒྱུས་ཉུང་བསྡུས་བཞུགས། །ༀ་སྭ་སྟི། ཀ་དག་ལྷུན་གྲུབ་རྡོ་རྗེའི་གསེང་ལམ་ནས། །ངེས་གསང་སྣང་བཞིའི་འོད་གསལ་མཐར་ཕྱིན་ཀྱང་། །རྒྱལ་ཡུམ་དགོངས་པའི་གསང་མཛོད་འདོད་རྒུའི་དབྱིག །སྦྱིན་མཛད་མཁས་གྲུབ་ཀུན་དགའ་འབུམ་པར་འདུད། །གངས་ལྗོངས་ཡུམ་དོན་གཅོད་ཀྱི་ཤིང་རྟ་ཆེ། །མ་ཅིག་ལབ་སྒྲོན་དགོངས་པའི་ཟབ་དོན་ལ། །བཀའ་བརྒྱུད་དོན་བརྒྱུད་ཕ་བརྒྱུད་མ་བརྒྱུད་དང་། །བཀའ་མ་གཏེར་མ་གཞུང་དང་ཁ་འཐོར་སོགས། །གྲགས་ཚུལ་མང་ཡང་མདོ་སྔགས་ཟུང་འཇུག་གི། །སྙན་བརྒྱུད་བཀའ་བབ་ཁུ་སྒོམ་ཆོས་སེང་སྟེ། །གཞུང་དང་མན་ངག་ཀུན་གྱི་སྙིང་པོ་རྣམས། །ཁུ་སྒོམ་བརྒྱུད་སྲོལ་ཁོངས་སུ་འདུས་ཅེས་གྲགས། །དེ་ཡི་བརྒྱུད་འཛིན་སངས་རྒྱས་གཉན་སྟོན་ནམ། །པཎ་ཆེན་དོན་ཡོད་རྡོ་རྗེའི་གཅོད་ཀྱི་གཞུང་། །ཟབ་དོན་ཐུགས་ཀྱི་སྙིང་པོ་ཞེས་གྲགས་པའི། །བཀའ་བབ་ཀཿཐོག་ཀུན་དགའ་འབུམ་པ་སྟེ། །འདི་ལ་གཅོད་ཁྲིད་གསལ་བའི་སྒྲོན་མེ་དང་། །གཅོད་གཞུང་དམིགས་འབུམ་མུ་ཏིག་ཕྲེང་བ་དང་། །ལུས་སྦྱིན་གདན་ཐོག་གཅིག་མ་ཆོག་ཕྲིན་དབང་། །མན་ངག་ཕྲན་ཚེགས་དང་བཅས་ཁ་ཚང་བ། །འདི་འདྲ་གསར་རྙིང་གཉིས་ཀའི་ཕྱོགས་ལ་དཀོན། །མཁས་གྲུབ་ཀརྨ་ཆགས་མེད་ལ་སོགས་ཀྱི། །གཅོད་གཞུང་མན་ངག་ཁ་འཐོར་མང་བཞུགས་ཀྱང་། །འདི་ནི་འོ་མའི་སྙིང་པོ་མར་ཞུན་བཞིན། །ཀུན་གྱི་དོན་ཚང་ཀུན་ལས་ཁྱད་པར་འཕགས། །དེ་ཕྱིར་རྙིང་མའི་ཕྱོགས་ཀྱི་ཆོས་སྐད་ལ། །བཀའ་གཏེར་གཉིས་ཅེས་ཡོངས་སུ་གྲགས་པ་ལ། །རིང་བརྒྱུད་བཀའ་མའི་གཅོད་གཞུང་འདི་ཙམ་ལས། །སྔ་འགྱུར་ཕྱོགས་ལ་གཞན་དུ་མ་མཆིས་ཏེ། །སོ་ཟུར་གནུབས་སོགས་སྔ་འགྱུར་རིག་འཛིན་གྱི། །མན་ངག་ནང་རྒྱུད་སྡེ་previous hit གསུམ་དང་འབྲེལ་བའི། །གདམས་སྲོལ་སྐྱོ་སྟོན་བསོད་ནམས་བླ་མ་དང་། །ཀུན་མཁྱེན་དམ་པའི་སྙན་བརྒྱུད next hit་གཞུང་འདིར་ཚང་། །ཆོས་རབ་འབྱེད་པའི་རྣམ་དཔྱོད་གྲུ་རྫིང་གིས། །གཅོད་གཞུང་བཀའ་གཏེར་རྒྱ་མཚོའི་འཇིང་བརྒལ་ཡང་། །སྙིང་པོའི་ཡང་ཟབ་འདོད་འབྱུང་ཡིད་བཞིན་དབང་། །འདི་ལས་ལྷག་པའི་གཞུང་བཟང་རྙེད་སྲིད་དམ། །དེས་ན་སྒྲུབ་བརྒྱུད་འདི་ལ་མོས་རྣམས་ཀྱིས། །ཟབ་ཡངས་ཆོས་མཛོད་ཀུན་གྱི་དབྱིག་ནོར་ལས། །ཁྱད་འཕགས་ཀླུ་དབང་གཙུག་གི་རྒྱན་མཆོག་བཞིན། །གཅེས་པར་འཛིན་ལ་འཆད་སྤེལ་བྱི་དོར་རེམ། །ལྷག་བསམ་འོ་མའི་ཆུ་གཏེར་ལས་ཐོན་པའི། །གདམས་ཟབ་ཁ་ཚང་བཅུད་དྲིལ་རི་བོང་ཅན། །འཆད་སྤེལ་ཡར་གྱི་ཚེས་ལ་ཅོ་འདྲི་བའི། །ཕྲིན་ལས་ཉ་རྒྱས་འོད་དཀར་ཀུན་ཁྱབ་ཤོག །ཅེས་གཞུང་ཁུངས་ལོ་བརྒྱུད་ཉུང་བསྡུས་འདིའང་གཞན་ཕན་མཐར་ཕྱིན་གྱིས་བྲིས་པ་དགེའོ།། །།


previousཔཎྜི་ཏ་དོན་ཡོད་རྡོ་རྗེའི་གཅོད་གཞུང་ཟབ་དོན་ཐུགས་ཀྱི་སྙིང་ཁུའི་དགོངས་པ་ཀཿཐོག་པ་ཀུན་དགའ་འབུམ་གྱི་བཀའ་སྲོལ་སྐོར་གཞུང་ཁུངས་ལོ་རྒྱུས་ཉུང་བསྡུས། གཞན་ཕན་མཐར་ཕྱིན།next