Nitartha Digital Library
Tibetan
 
previousདུས་ཀྱི་འཁོར་ལོའི་མངོན་པར་རྟོགས་པ་དུས་ཞབས་པ་ཆེན་པོའི་ཞལ་ལུང་།next

དུས་ཀྱི་འཁོར་ལོའི་མངོན་པར་རྟོགས་པ་དུས་ཞབས་པ་ཆེན་པོའི་ཞལ་ལུང་།

དུས་ཀྱི་འཁོར་ལོའི་མངོན་པར་རྟོགས་པ་དུས་ཞབས་པ་ཆེན་པོའི་ཞལ་ལུང་བཞུགས་སོ། །གང་གི་ཡོན་ཏན་རྡོ་རྗེའི་ཤུགས། །སྒྲིབ་པའི་ར་བ་འདྲལ་ཡེ་ཤེས། །ནམ་མཁའི་ཕ་མཐར་འཕང་མཁས་པའི། །མཐུ་སྟོབས་ཞབས་ལ་ཕྱག་འཚལ་ལོ། །སྣ་ཚོགས་གཟུགས་ཀྱིས་པདྨའི་འདབ་རྒྱས་ཐམས་ཅད་སྐད་ཀྱིས་ཉིན་མོར་བྱེད། །ཀུན་ཏུ་ཐུགས་ཀྱི་ཡེ་ཤེས་ཟླ་གང་མ་ལུས་གཅིག་པ་ལྷན་སྐྱེས་ཀྱི། །དཔལ་ལྡན་དམ་པ་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོ་སེང་གེའི་ཁྲིར། །སྲིད་གསུམ་གྱིས་བཏུད་ཨེ་ཝཾ་གསུང་བར་རྟག་ཏུ་བཞུགས་དེར་ཕྱག་འཚལ་ལོ། །གྲོལ་འདོད་ཀུ་མུཏ་དགའ་གཅུགས་ཀྱིས། །འཛུམ་ས་རྒྱུ་སྐར་དཀྱིལ་འཁོར་ཉིད། །ཁ་བའི་དུམ་འཁྲུགས་འདྲར་མཛད་པའི། །དུས་ཞབས་སྟོན་ཀའི་ལང་ཚོར་འདོད། །མཚན་ཉིད་དང་ལྡན་པའི་གང་ཟག་གིས། རྒྱུད་ནས་བཤད་པའི་གནས་སུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ཆེན་པོ་སྒྲུབ་པའི་ཆོ་གའི་ཆིངས་ནི། དུས་འཁོར་ཞབས་ཆེན་པོས། དངོས་གྲུབ་ཡན་ལག་བཅུ་གཉིས་བསྒོམ། །བསྲུང་དང་ཁ་སོགས་དག་པ་དང་། །བདག་ཉིད་དག་བྱ་བདག་བསྲུང་དང་། །ཚོགས་གཉིས་བསགས་དང་དཀྱིལ་འཁོར་བསྐྱེད། །བྱིན་གྱིས་བརླབ་དང་དབང་བསྐུར་དང་། །ཕྲ་མོ་ཐིག་ལེའི་རྣལ་འབྱོར་དང་། །མཆོད་བསྟོད་རྗེས་ཀྱི་བྱ་བའོ། །ཆོ་ག་དེ་དག་རེ་རེ་ཡང་། །ཆོ་ག་དང་ནི་ཏིང་འཛིན་དང་། །ང་རྒྱལ་གཟུང་བ་གསུམ་གསུམ་མོ། །ཞེས་པའི་དང་པོ་བསྲུང་བའི་འཁོར་ལོའི་ཡན་ལག་ནི། ཐོ་རངས་ནམ་མཁའི་དཔའ་བོ་རྣལ་འབྱོར་མའི་རོལ་མོས་གཉིད་སད་པར་བསམ་ཏེ་ཐལ་མོ་སྦྱར་སྔགས་འདིས་ཕྱག་བྱའོ། །ཨོཾ་སརྦ་བཱི་ར་ཡོ་གི་ནི་ན་མཿཀཱ་ཡ་ཝཱ་ཀ་ཙིཏྟ་པྲ་ཎ་མྱ། དེ་ནས་རྣལ་འབྱོར་གྱི་ཡོ་བྱད་དག་གིས་བསྟར་ཏེ་བདེ་བའི་སྟན་ལ་ཁ་ཤར་དུ་ཕྱོགས་པས། རྡོ་རྗེ་གསུམ་གྱི་ཞིང་སྐྱོང་རྣམས་ལ་གྲོང་གི་མིང་ངམ། རང་རང་གི་མིང་དང་སྔགས་འདིས་གཏོར་མ་སྦྱིན་ཏེ། ཨོཾ་ཨཱཿཧཱུྃ་ཨ་མུ་ཀ་ཀྵྼ་ས་པ་རི་ཝཱ་རཱ་ཡ། ཨི་དཾ་བ་ལིཾ་གནྡྷི་པུཥྤཾ་དྷཱུ་པཾ་པྲ་དཱི་པཾ་ཨ་ཀཱ་ཏཾ་ད་དཱ་མ་ཧེ། ས་པ་རི་ཝཱ་རཱཿཤཱི་གྷཾ་ཨ་གཙྪ་ཏུ་ཛཿཧཱུྃ་བཾ་ཧོཿཨི་དཾ་བ་ལིཾ་གྲྀུན་ཏུ། ཁཱ་ད་ཏུ། པི་ཝ་ཏུ། ས་པ་རི་ཝཱ་ར་ཀཿསརྦ་ས་ཏྭཱ་ནཱ་ཤཱིནྟཾ། པུཥྚིཾ། རཀྵཱ། བ་ར་ཎ་གུ་པ་ཏཾ་ཀི་རོ་ཏུ། ཨི་དཾ་ཧྶྭ་ནཾ་ཏྱ་ཀ་ཏྭཱ། བཱ་ེ་མཎྜྻལ་བྷཱུ་མྱཾ། ཏིཥྛ་ཏུ་ཧཱུྃ་ཧཱུྃ་ཕཊ྄། བཛྭ་དྷ་ར་ཨཱ་ཛྙྱཱ་པ་ཡ་ཏི་སྭཱཧཱ། ཞེས་ལན་གསུམ་གྱིས་བསྔོས་ཏེ་ཞིང་སྐྱོང་གཤེགས་པར་བྱའོ། །དེ་ནས་རྡོ་རྗེ་བཞིས་བདུད་ཀྱི་ཚོགས་བསྲེག་པར་བྱ་བ་ནི། རང་ཉིད་སྐད་ཅིག་གིས་ཁྲོ་བོའི་དབང་པོ་རྡོ་རྗེ་ཐུགས་སུ་གྱུར་པའི་དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་ཨོཾ། མགྲིན་པར་ཉི་མ་ལ་ཨཱཿ སྙིང་གར་སྒྲ་གཅན་ལ་ཧཱུྃ། ལྟེ་བར་དུས་མེ་ལ་ཧོཿ གཙུག་ཏོར་དུ་ནམ་མཁའ་ལ་ཧཾ། གསང་བར་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཀྵཿ ཕྲག་པ་གཡོན་གཡས་པའི་ཚིགས་དང་ལག་པའི་སོར་མོ་གཡོན་གྱི་མཐེའུ་ཆུང་གི་རྩ་བ་དང་གཡས་ལ་མཐེ་བོང་གི་རྩེ་མོ་ནས་བསྐོར་བའི་ཚིགས་ལ། ང་ངི་ངརྀ་ངུ་ངླྀ་ང་ཾ། གྷ་གྷི་གྷྀ་གྷུ་གྷླྀ་གྷཾ། ག་གི་གྲྀ་གུ་གླྀ་གཾ །ཁ་ཁི་ཁྲྀ་ཁུ་ཁླྀ་ཁཾ། ཀ་ཀི་ཀྲྀ་ཀུ་ཀླྀ་ཀཾ་དང་། ཀྐཱ་ཀཀླཱྀ་ཀྐཱུ་ཀཀྲཱྀ་ཀྐཱི་ཀྐཱ། ཁྑཱ་ཁྑལཱྀ་ཁྑཱུ་ཁཁྲཱྀ་ཁྑཱི་ཁྑཱ། གྒཱ་གགླཱྀ་གྒཱུ་གགྲཱྀ་གྒཱི་གྒཱ། གྷྒྷ་གྷྒྷལཱྀ་གྷྒྷ་གྷགྷྲཱྀ་གྷྒྷི་གྷྒྷ། ངྔཱ་ངྔལཱྀ་ངྔཱུ་ངྔརཱྀ་ངྔཱི་ངྔཱ། ཉེ་བའི་དཔུང་པ་དང་སོར་མོའི་བར་ཚིགས་གཡོན་གཡས་ལ། ཉ་ཉི་ཉརྀ་ཉུ་ཉྴྀ་ཉཾ། ཛྷྱ་ཛྷྱི་ྀ་ཛྷྱུ་ཊྐྀ་ཛྷྱཾ། ཛ་ཛི་ཛྭྀ་ཛུ་ཛལྀ་ཛཾ། ཚ་ཚི་ཚརྀ་ཚུ་ཚླྀ་ཚཾ། ཙ་ཙི་ཙརྀ་ཙུ་ཙླྀ་ཙཾ་དང་། ཙྩཱ་ཙྩལཱྀ་ཙྩཱུ་ཙྩརཱཾ་ཙྩཱི་ཙྩཱཱ། ཚྪཱ་ཚྪལཱྀ་ཚྪཱུ་ཚྪཱྀ་ཚྪཱི་ཚྪཱ། ཛྫཱ་ཛྫལཱྀ་ཛྫཱུ་ཛྫརཱྀ་ཛྫཱི་ཛྫཱ། ཛྙ་ཛྙལཱྀ་ཛྙ་ཛྷྱཱྀ་ཛྙི་ཛྙ། ཉྤཱ་ཉྤལཱྀ་ཉྤཱུ་ཉྤཱྀ་ཉྤཱི་ཉྤཱ། འཁྲིག་མའི་དང་སོར་ཚིགས་རྩེ་འོག་གཡོན་གཡས་ལ། ཎ་ཎི་ཎརྀ་ཎུ་ཎལྀ་ཎཾ། ཌྷྜྷ་ཌྷྜྷི་ཌྷྜྷྀ་ཌྷྜྷུ་ཌྷྜྷལྀ་ཌྷྜྷཾ། ཌ་ཌི་རྀ་ཌུ་ཌལྀ་ཌཾ། ཋ་ཋི་ཋརྀ་ཋུ་ཋྀ་ཋཾ། ཊ་ཊི་ཊརྀ་ཊུ་ཊལྀ་ཊཾ། ཊྚྷཱ་ཊྚྷལཱྀ་ཊྚྷཱུ་ཊྚྷརཱྀ་ཊྚྷཱི་ཊྚྷཱ། ཋཋཱ་ཋཋལཱྀ་ཋཋཱུ་ཋཋརཱྀ་ཋཋཱི་ཋཋཱ། ཌྜྷཱ་ཌྜྷལཱྀ་ཌྜྷཱུ་ཌྜྷརཱྀ་ཌྜྷཱི་ཌྜྷཱ། ཌྷྨ་ཌྷྨལཱྀ་ཌྷྨ་ཌྷྨརཱྀ་ཌྷྨི་ཌྷྨ། ཎྡྲཱ་ཎྡྲལཱྀ་ཎྡྲཱུ་ཎྡྲརཱྀ་ཎྡྲཱི་ཎྡྲཱ། དཔྱི་དང་རྐང་སོར་གཡོན་གཡས་ཀྱི་འོག་དང་རྩེ་ལ། མ་མི་མྲྀ་མུ་མླཾ་མཾ། བྷ་བྷི་བྷྲྀ་བྷུ་བྷལྀ་བྷཾ། བ་བི་བྲྀ་བུ་བླྀ་བཾ། ཕ་ཕི་ཕྲྀ་ཕུ་ཕལྀ་ཕཾ། པ་པི་པྲྀ་པུ་པླྀ་པཾ། པྤཱ་པྤལཱྀ་པྤཱུ་པྤརཱྀ་པྤཱི་པྤཱ། ཕཕཱ་ཕཕལཱྀ་ཕཕཱུ་ཕཕརཱྀ་ཕཕཱི་ཕཕཱ། བྦཱ་བྦལཱྀ་བྦཱུ་བྦརཱྀ་བྦཱི་བྦཱ། བྷབྷཱ་བྷབྷལཱྀ་བྷབྷཱུ་བྷབྷྲཱྀ་བྷབྷཱི་བྷབྷཱ། མྨཱ་མྨལཱྀ་མྨཱུ་མྨརཱྀ་མྨཱི་མྨཱ། པུས་མོ་དང་སོར་མོའི་བར་ཚིགས་གཡོན་གཡས་ལ། ན་ནི་ནྲྀ་ནུ་ནལྀ་ནཾ། དྷ་དྷི་དྷྲྀ་དྷུ་དྷལ་དྷཾ། ད་དི་དྲྀ་དུ་དལྀ་དཾ། ཐ་ཐི་ཐྲྀ་ཐུ་ཐལྀ་ཐཾ། ཏ་ཏི་ཏྲྀ་ཏུ་ཏལྀ་ཏཾ་དང་། ཏྟཱ་ཏྟལཱྀ་ཏྟཱུ་ཏྟྲཱྀ་ཏྟཱི་ཏྟཱ། ཐཐཱ་ཐཐལཱྀ་ཐཐཱུ་ཐཐྲཱྀ་ཐཐཱི་ཐཐཱ། དྡཱ་དྡལཱྀ་དྡཱུ་དྡྲཱྀ་དྡཱི་དྡཱ། དྷདྷཱ་དྷདྷལཱྀ་དྷདྷཱུ་དྷདྷྲཱྀ་དྷདྷཱི་དྷདྷཱ། ནྣཱ་ནྣལཱྀ་ནྣཱུ་ནྲཱྀ་ནྣཱི་ནྣཱ། ལོང་བུ་དང་སོར་ཚིགས་གཡོན་གཡས་ཀྱི་རྩེ་དང་འོག་ལ། ཐཀ་ཐཀ་ཐཀྲྀ་ཐཀུ་ཐཀླྀ་ཐཀཾ། ཤ་ཤི་ཤྲྀ་ཤུ་ཤླྀ་ཤཾ། ཥ་ཥི་ཥརྀ་ཥུ་ཥལྀ་ཥཾ། པ་པྲྀ་པུ་པླྀ་པཾ། ས་སི་སྲྀ་སུ་སླྀ་སཾ། ུ་ལཱྀ་་སསྲཱྀ་ིུ་ུ། པཔཱ་པཔླཱྀ་པཔཱུ་པཔྲཱྀ་པཔཱི་པཔཱ། ཥྵུ་ཥྵལཱྀ་ཥྵ་ཥྵརཱྀ་ཥྵིུ་ཥྵུ། ཤྴུ་ཤྴལཱྀ་ཤྴ་ཤཤྲཱྀ་ཤྴིུ་ཤྴུ། ཐཐཀཱ་ཐཐཀླཱྀ་ཐཐཀཱུ་ཐཐཀྲཱྀ་ཐཐཀཱི་ཐཐཀཱ་དང་། རྣ་བ། སྣ། མིག་གསུམ་གྱི་གཡོན་གཡས། ལྕེ་དང་ལྕེའུ་ཆུང་། རྡོ་རྗེ་དང་གསང་བ། ཡིད་དང་ཁུ་བའི་སྒོ་རྣམས་ལ་རིམ་པ་བཞིན། ཨ་ཨཱ། ཨེ་ཨཻ། ཨ་ར་ཨཱར། ཨོ་ཨཽ། ཨལ་ཨཱལ། ཨཾ་ཨཿགཙུག་ཏོར་དང་མགོ ལྕེ་དང་རྐན། ལག་པ་རྐང་པའི་མཐིལ། བཤང་ལམ་གསུམ་གྱི་གཡོན་གཡས་སུ། ཧ་ཧཱ། ཡ་ཡཱ། ར་རཱ། ཝ་ཝཱ། ལ་ལཱ། དེ་རྣམས་ཡོངས་སུ་གྱུར་ལ་ལས་འཁོར་ལོ་དྲུག་ཏུ་རྡོ་རྗེ་རྩེ་མོ་བཅུ་བདུན་པ་དང་སོ་གསུམ་པ་དང་དགུ་པ་དང་རེ་ལྔ་པ་དང་ལྔ་པ་དང་སོ་གསུམ་པ་རིམ་པ་བཞིན་དཀར་དམར་ནག་སེར་ལྗང་སྔོ་བ། བྱ་བའི་འཁོར་ལོ་བཅུ་གཉིས་ལ་རྩེ་མོ་སོ་གཅིག་པར། ལས་ཀྱི་འཁོར་ལོ་དྲུག་ཅུ་ལ་རྡོ་རྗེ་རྩེ་མོ་བདུན་པ་རེ། དབང་པོ་རྣམས་ལ་རྩེ་མོ་གསུམ་པ་རེ། ལས་དབང་རྣམས་ལ་རྩེ་མོ་ལྔ་པ་རེ། རིམ་པ་བཞིན་ལྗང་ནག་དམར་དཀར་སེར་སྔོ་བ་འཁོད་པས་རྡོ་རྗེའི་ལུས་སུ་གྱུར། དེ་ནས་བགེགས་ལ་བཀའ་བསྒོ་བ། ཧཱུྃ། ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་ཀུན་ང་ལ་ཉོན། །ང་ནི་དཔལ་ལྡན་སྙིང་རྗེའི་སྟོབས། །བསྲུང་བའི་འཁོར་ལོ་རབ་སྦྱོར་བས། །རྡོ་རྗེ་འབར་བའི་ལུས་འདི་ཡིས། །སྐུ་གསུམ་ལས་བྱུང་འགས་པར་བྱ། །གལ་ཏེ་དམ་ཚིག་ལས་འདས་ན། །ཞིག་འགྱུར་འདི་ལ་ཐེ་ཚོམ་མེད། །རྡོ་རྗེ་འབར་བ་བདེ་ཆེན་པོ། །ཡེ་ཤེས་འབྱུང་བའི་ལས་རྩོམ་གྱི། །བརྗེད་བྱེད་ལ་སོགས་བགེགས་ཀྱི་ཚོགས། །གནས་འདིར་མ་གནས་གཞན་དུ་དེངས། །ཨོཾ་ཨཱཿཧཱུྃ་ཧོཿཧཾ་ཀྵཿསྲཱཿསྲཱཿསྲཱཿསྲཱཿར་ར་ར་ར་བཛྭ་ཨ་ན་ལ། སརྦཱ་ཝ་ར་ཎ། དྷརྨ་པྲ་ལ་ཡ། སྭ་བྷཱ་ཝ། སརྦ་མཱ་རཀཱ་ཡི་ཀ བིགྷྣ་བི་ནཱ་ཡ་ཀ་དཱི་ནཱཾ། ད་ཤ་དིགྒ་ཏཱ་ནཱཾ། ཀཱ་ཡ་ཝཱ་ཀ་ཙིཏྟ་ནི། ད་ཧ་ད་ཧ། པ་ཙ་པ་ཙ། བྷ་སྨི་ཀུ་རུ་ཀུ་རུ་ཧུཾ་ཧཱུྃ་ཕཊ྄་ཕཊ྄། ཅེས་བརྗོད་ཅིང་རྡོ་རྗེ་དེ་རྣམས་ལས་རང་རང་གི་ཁ་དོག་ཅན་གྱི་མེ་རབ་ཏུ་འབར་བ་འཕྲོས་ཏེ། སྟེང་དུ་ལྗང་ཁུ། འོག་ཏུ་སྔོན་པོ། ཤར་དང་ཤར་ལྷོ་གནག ལྷོ་དང་ལྷོ་ནུབ་དམར། བྱང་དང་བྱང་ཤར་དཀར། ནུབ་དང་ནུབ་བྱང་སེར་བ་རྣམས་ཀྱིས་ཕྱོགས་བཅུ་ན་གནས་པའི་བདུད་ཀྱི་ཚོགས་སེམས་ཅན་རྣམས་ལ་རྣམ་པར་འཚེ་བར་བྱེད་པ་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་བསྲེགས་ནས་ཐལ་བར་གྱུར། ཨོཾ་ཨཱཿཧཱུྃ་རེཿབཛྭ་ཙནྡྲ་སཱུརྻ་རཱ་ཧུ་ཀཱ་ལ་ཨགྣ་ཡཿཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙྱཱ་ན་བཛྭ་པྲཱ་ཀཱ་རཱ་ན་ཀུ་རུ་ཀུ་རུ་སྭཱ་ཧཱ། ནམ་མཁའ་དང་ས་འབྱར་བ་ཟླུམ་པོའི་དཀྱིལ་འཁོར་གྱི་རྣམ་པར་སྣང་བ་ནས་སྣ་ཚོགས་རྡོ་རྗེའི་རང་བཞིན་གྱི་ར་བའི་དབུས་སུ་རྡོ་རྗེའི་ས་གཞི་ཡུལ་འཁོར་གྱི་མཐར་ཐུག་པ། ཐམས་ཅད་དུ་འོག་ཏུ་མདུང་རྣམས་དང་སྟེང་དུ་མདའི་དྲྭ་བ་སྔོན་པོ། ཕྱི་རོལ་ཏུ་མེ་དཔུང་གི་ར་བ། ཨོཾ་ཧཱཾ་ཡཱཾ་རཱཾ་བཱཾ་ལཱཾ་བཛྭཱ་ཀཱ་ཤ་བཱ་ཡུ་ཏེ་ཛ་ཨུད་ཀ་པྲྀ་ཐིག་ཝཱི་བཛྭ་སྭ་བྷཱ་ཝ་པཉྩྨ་དྷཱ་ཏ་བོ་བཛྭ་མནྜ་ལཱ་ནི་ཀུ་རུ་ཀུ་རུ་སྭཱཧཱ། ཧཱཾ་ལས་ནམ་མཁའ། ཡཱཾ་ལས་རླུང་། རཱཾ་ལས་མེ། བཱཾ་ལས་ཆུ། ལཱཾ་ལས་སའི་དཀྱིལ་འཁོར་ཐམས་ཅད་ཀྱི་སྟེང་དང་འོག་ཏུ་ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཁ་སྦྱར་གྱིས་བརྒྱན་པ་རྣམས་གཅིག་ཏུ་འདྲེས་པར་གྱུར་པ་ལས་ཨོཾ་ཧུཾ་བི་ཤྭ་ཀཱ་ཡ་བཛྭ་ཀཱུ་ཊཱ་གཱ་རཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ར་བ་གསུམ་དང་ལྡན་པའི་གཞལ་ཡས་ཁང་སྲིད་དང་རྒྱར་ཁྲུ་ཉིས་བརྒྱ་པའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པ་ཁྲུ་བཅུ་གཉིས་པ། མུ་ཁྱུད་དང་བཅས་པའི་ལྟེ་བ་ཁྲུ་བཞི་པ། ཨོཾ་པཿབི་ཤྭ་བཛྭ་པདྨ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་རཿབཛྭ་སཱུརྻ་བཛྭ་ས་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ལྟེ་བ་དང་ཚད་མཉམ་པའི་པད་ཉི། ཁང་བརྩེགས་ཀྱི་ནང་གི་སྟེང་འོག་རྩིབས་རྣམས་སུ་ཉི་མ། ཐུགས་ཀྱི་ར་བའི་ནང་། གསུང་གི་ར་བའི་ཕྱི། སྐུ་ར་བའི་ཕྱི་ནང་དུ་སྟོང་པ་རླུང་མེ་ཆུ་སའི་དཀྱིལ་འཁོར། གསུང་གི་ར་བའི་ནང་ལ་ངང་པ་དང་། མཁའ་ལྡིང་། ཡི་དྭགས་དང་རི་དྭགས། མ་ཧེ་དང་ལུག ཆུ་སྲིན་དང་ཁྱུ་མཆོག གླང་པོ་ཆེ་དང་གཞལ་ཡས་ཁང་གི་གདན་རྣམས་སྟེང་དང་འོག ཤར་དང་མེ། ལྷོ་དང་བདེན་བྲལ། བྱང་དང་དབང་ལྡན། ནུབ་དང་རླུང་རྣམས་སུ་རིམ་པ་བཞིན་འཁོད་པ། ཨོཾ་ཧུཾ་ཀྲོ་དྷ་ན་དྲོ་ཧཾ་ཀྲོ་དྷཱ་ནཱཾ། ཨཱ་ཛྙྱཱ་དཱ་ཡ་ཀ་སྭཱ་ཧཱ། ལྟེ་བར་རང་ཉིད་ཧཱུྃ་དང་རྡོ་རྗེ་ལས་སྐྱེས་པའི་རྡོ་རྗེ་ཤུགས་སྐུ་མདོག་སྔོན་པོ་ནག་དམར་དཀར་བའི་མགྲིན་པ་གསུམ་དང་ལྡན་པ། སྔོ་དམར་སེར་དཀར་བའི་ཞལ་བཞི། རེ་རེའང་མཆེ་བ་གཙིགས་ཤིང་འཇིགས་སུ་རུང་བ། སྤྱན་གསུམ་གསུམ་སེར་སྐྱར་འདུག་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ་མི་བསྐྱོད་པའི་ཅོད་པན་ཅན། གཡས་གཡོན་གྱི་ཕག་པ་མདུན་ནས་ནག་དམར་དཀར་བ་གསུམ་རེ་ལས་གཉིས་གཉིས་གྱེས་པའི་དཔུང་པ་དྲུག་དྲུག་དེ་ལས་གཉིས་གཉིས་གྱེས་པའི་ཕྱག་བཅུ་གཉིས་བཅུ་གཉིས་རང་རང་དང་མདོག་མཚུངས་པ། ཕྱག་ཐམས་ཅད་ཀྱི་མཐེ་བོང་སེར་པོ། མཛུབ་མོ་དཀར་པོ། གུང་མོ་དམར་པོ། མིང་མེད་ནག་པོ། མཐེའུ་ཆུང་ལྗང་ཁུ། སོར་མོ་རྣམས་ཀྱི་ཚིགས་ཀྱི་འཕྲེང་བ་དང་པོ་ནག་པོ། གཉིས་པ་དམར་པོ། གསུམ་པ་དཀར་པོ་སྟེ་སོར་གདུབ་རྣམས་ཀྱིས་མཛེས་ཤིང་འོད་འཕྲོ་བ། གཡས་ཀྱི་ཕྱག་ནག་པོ་བཞིའི་དང་པོར་རྡོ་རྗེ། གཉིས་པར་རལ་གྲི། གསུམ་པར་རྩེ་གསུམ། བཞི་པར་གྲི་གུག དམར་པོ་བཞིའི་དང་པོར་མེའི་མདའ། གཉིས་པར་རྡོ་རྗེ་ལྕགས་ཀྱུ། གསུམ་པར་སྒྲ་དང་བཅས་པའི་ཌ་མ་རུ། བཞི་པར་ཐོ་བ། དཀར་པོ་བཞིའི་དང་པོར་འཁོར་ལོ། གཉིས་པར་མདུང་། གསུམ་པར་དབྱུག་པ། བཞི་པར་དགྲ་སྟ། གཡོན་གྱི་ནག་པོ་བཞིའི་དང་པོར་རྡོ་རྗེ་དྲིལ་བུ། གཉིས་པར་ཕུབ། གསུམ་པར་ཁ་ཊྶཱཾ་ག་རྣམ་པར་རྒྱས་པ། བཞི་པར་ཁྲག་གིས་གང་བའི་ཐོད་པ། དམར་པོ་བཞིའི་དང་པོར་གཞུ། གཉིས་པར་རྡོ་རྗེའི་ཞགས་པ། གསུམ་པར་རིན་པོ་ཆེ། བཞི་པར་པདྨ་དཀར་པོ། དཀར་པོ་བཞིའི་དང་པོར་མདུང་། གཉིས་པར་མེ་ལོང་། གསུམ་པར་རྡོ་རྗེ་ལྕགས་སྒྲོག བཞི་པར་ཚངས་མགོ་གདོང་བཞི་པ་པདྨས་སྤྲས་པ་འཛིན་པ། ཕྱག་ལྷག་མ་གཉིས་གཡས་གནག གཡོན་སེར་བ། གླང་པོ་ཆེའི་པགས་པ་རློན་པ་ཁྲག་འཛག་པ་མགོ་བོ་གཡས་སུ་བསྟན་ཏེ་གྱོན་པའི་རྐང་ལག་གཡོན་པ་གཉིས་ནས་གཟུང་སྟེ་འཕྱར་ཞིང་སྡིགས་མཛུབ་དང་བཅས་པ། བདུད་འདོད་ལྷ་དང་ཉོན་མོངས་པ་དབང་ཕྱུག་གི་སྙིང་ག་གཡས་བརྐྱང་གི་སྟབས་ཀྱིས་མནན་པ། མི་རུས་ལས་བྱུང་བའི་རྡོ་རྗེའི་རྒྱན་དྲུག དབུ་རེ་རེ་ལ་ཐོད་པ་རྫོགས་པ་ཁ་དོག་ལྔའི་འཕྲེང་བ་འཆང་བ། ཀླུའི་དབང་པོ་བཅུས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། དེའི་སྙིང་གར་ཉི་མ་ལ་རིམ་པ་བཞིན་གྱི་ཡེ་ཤེས་ཀྱི་ས་བོན། ཨོཾ་ཧཾ་བཛྭ་ཀྲོ་དྷ་རཱ་ཛ་མཧཱ་ཨུཥྞི་ཥ་ཨཱུར་དྷྭ་དི་ཤི་ར་ཀྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ས་བོན་དེ་ཡོངས་སུ་གྱུར་པ་ལས། གཙུག་ཏོར་ཅན་ལྗང་ཁུ་ལྗང་དམར་དཀར་བའི་ཞལ་ཅན། ཕྱག་དྲུག་གི་གཡས་ན་རྡོ་རྗེ་དང་གྲི་གུག་དང་དགྲ་སྟ། གཡོན་ན་རྡོ་རྗེ་དྲིལ་བུ་དང་ཐོད་པ་དང་ཚངས་མགོ་འཛིན་པ། ཨོཾ་ཧཱཿབཛྭ་ཀྲོ་དྷ་རཱ་ཛ་སུམྦྷ་ཨ་དྷོ་དི་ཤི་ར་ཀྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། གནོད་མཛེས་སྔོན་པོ་སྔོ་དམར་དཀར་བའི་ཞལ་ཅན། ཕྱག་དྲུག་གི་གཡས་ན་རྡོ་རྗེ་དང་གྲི་གུག་དང་དགྲ་སྟ། གཡོན་ན་རྡོ་རྗེ་དྲིལ་བུ་དང་ཐོད་པ་དང་ཚངས་མགོ་འཛིན་པ། གཉིས་པ་རྩ་ཞལ་གྱི་རྣ་བ་གཡོན་གཡས་ནས་ཕྱུང་སྟེ་ཁང་རྩེགས་ཀྱི་སྟེང་འོག་ཏུ། ཨོཾ་ཡཾ་བཛྭ་ཀྲོ་དྷ་རཱ་ཛ་ཨ་ཏི་བ་ལ་སརྦ་བིགྷྣཱནྟ་ཀ་པཱུརྦ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། བགེགས་མཐར་བྱེད་ནག་པོ་གཡས་སྐོར་གྱི་ནག་དམར་དཀར་བའི་ཞལ་ཅན། ཕྱག་དྲུག་གི་གཡས་ན་རལ་གྲི་དང་། གྲི་གུག་དང་། རྩེ་གསུམ། གཡོན་ན་ཕུབ་དང་ཐོད་པ་དང་། ཁ་ཊྶཱཾ་ག་དཀར་པོ་འཛིན་པ། ཨོཾ་ཡཿབཛྭ་ཀྲོ་དྷ་རཱ་ཛ་མཱ་ལ་དཎྜྻ་ཨཱགྣ་ཡྻཱཾ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། དབྱུག་སྔོན་ཅན་ནག་པོ་ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་ན་རལ་གྲི་དང་རྡོ་རྗེ། གཡོན་གཉིས་ན་ཕུབ་དང་སྦྲུལ་འཛིན་པ། སྣ་གཡོན། གཡས་ནས་ཤར་དང་མེར། ཨོཾ་རཾ་བཛྭ་ཀྲོ་དྷ་རཱ་ཛ་ཛམྦྷ་ཀ་དུཥྚ་པྲ་ཛྙྱཱནྟ་ཀ་དཀྵི་ཎ་དེ་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཤེས་རབ་མཐར་བྱེད་དམར་པོ་དམར་དཀར་ནག་པའི་ཞལ་ཅན། ཕྱག་དྲུག་གི་གཡས་ན་མེའི་མདའ་དང་། རྡོ་རྗེའི་ལྕགས་ཀྱུ་དང་། སྒྲ་དང་བཅས་པའི་ཅང་ཏེའུ། གཡོན་ན་གཞུ་དང་རྡོ་རྗེའི་ཞགས་པ་དང་། རིན་པོ་ཆེ་ཆ་དགུ་པ་འཛིན་པ། ཨོཾ་རཱཿབཛྭ་ཀྲོ་དྷ་རཱ་ཛ་ཊཀྐི་ནི་རི་ཏྱཾ་ད་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། འདོད་རྒྱས་དམར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་ན་མདའ་དང་ལྕགས་ཀྱུ། གཡོན་གཉིས་ན་གཞུ་དང་ཞགས་པ་འཛིན་པ་གཉིས་མིག་གཡོན་གཡས་ནས་ལྷོ་དང་བདེན་བྲལ་དུ། ཨོཾ་བཾ་བཛྭ་ཀྲོ་དྷ་རཱ་ཛ་མཱ་ན་ཀ་བི་རཱ་ག་པདྨནྟ་ཀ་ཨུཏྟ་ར་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། པདྨ་མཐར་བྱེད་དཀར་པོ་དཀར་ནག་དམར་བའི་ཞལ་ཅན། ཕྱག་དྲུག་གི་གཡས་ན་ཐོ་བ་དང་། མདུང་དང་རྩེ་གསུམ། གཡོན་ན་པད་དཀར་འདབ་མ་བརྒྱ་པ་དང་། མེ་ལོང་དང་བགྲང་འཕྲེང་འཛིན་པ། ཨ་ཝཱཿབཛྭ་ཀྲོ་དྷ་རཱ་ཛ་ཨ་ཙ་ལ་ཨི་ཤཱ་ན་དེ་རཀྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། མི་གཡོ་བ་དཀར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་ན་ཐོ་བ་དང་མདུང་། གཡོན་གཉིས་ན་པདྨ་དང་མེ་ལོང་འཛིན་པ། ལྕེ་དང་ཆུ་ལམ་ནས་བྱང་དང་དབང་ལྡན་དུ། ཨོཾ་ལམ་བཛྭ་ཀྲོ་དྷ་རཱ་ཛ་སྟམྦྷ་ཀ་ཡ་མཱནྟ་ཀ་པཥཙི་མ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། གཤིན་རྗེ་མཐར་བྱེད་སེར་པོ་སེར་དཀར་ནག་པའི་ཞལ་ཅན། ཕྱག་དྲུག་གི་གཡས་ན་འཁོར་ལོ་དང་། དབྱུག་པ་དང་། འཇིགས་བྱེད་རྡོ་རྗེ། གཡོན་ན་དུང་དང་། རྡོ་རྗེ་ལྕགས་སྒྲོག་དང་། སྒྲ་དང་བཅས་པའི་དྲིལ་བུ་འཛིན་པ། ཨོཾ་ལཱཿབཛྭ་ཀྲོ་དྷ་རཱ་ཛ་མཧཱ་བ་ལ་བཱ་ཡ་བྱཱཾ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། སྟོབས་པོ་ཆེ་སེར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་ན་འཁོར་ལོ་དང་དབྱུག་པ། གཡོན་གཉིས་ན་མདུང་དང་རིན་པོ་ཆེ་འཛིན་པ། བཤང་ལམ་དང་རྡོ་རྗེ་གཙུག་ཏོར་ནས་ནུབ་དང་རླུང་དུ་ཐམས་ཅད་ཀྱང་སྐྲ་དམར་སེར་གྱེན་དུ་བརྫེས་པ་རང་རིགས་ཅོད་པན་ཅན། སྦྲུལ་དང་ཕྱག་རྒྱ་དྲུག་གིས་བརྒྱན་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ་གདོང་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ། སྟག་གི་པགས་པའི་ཤམ་ཐབས་ཅན། གཡས་བརྐྱང་གི་སྟབས་ཀྱིས་གནས་པ། ཡེ་ཤེས་དག་པས་ཁང་རྩེགས་ཀྱི་ནང་བསྲུང་བ། ང་ངཱ་ཉི་ཉཱི་ཎ྄རྀ་ཎ྄རཱྀ་མུ་མཱུ་ནལྀ་ནལཱྀ། རིམ་པ་བཞིན་ཟད་པར་ནམ་མཁའི་གཉིས། རླུང་གཉིས། མེ་གཉིས། ཆུ་གཉིས། ས་གཉིས། ཕྱོགས་ཀྱི་མདོག་ཞལ་གཅིག་ཕྱག་གཉིས་གྲི་གུག་འཛིན་པ། ལྷའི་གོས་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་སྔར་གྱི་གོ་རིམ་བཞིན་ཕྱུང་སྟེ་ཁང་བརྩེགས་ཀྱི་ཕྱི་ཐུགས་ཀྱི་ར་བའི་ནང་གི་གདན་རྣམས་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་ཡིད་ཀྱི་ཁམས་བསྲུང་བ། གྷ་གྷཱ་ཛྷྱི་ཛྷྱཱི་ཌྷྜྷྀ་ཌྷྜྷཱྀ་བྷུ་བྷཱུ་དྷལི་ངཱྀ། ཚངས་པ་ལྗང་ཁུ་ཞལ་བཞི་ཕྱག་བཞི་པ། གཡས་ན་ཁབ་དང་བགྲང་འཕྲེང་། གཡོན་ན་པདྨ་དང་སྤྱི་བླུགས་འཛིན་པ། ཁྱབ་འཇུག་སྔོན་པོ་ཞལ་གཅིག་ཕྱག་བཞི་པ། གཡས་ན་འཁོར་ལོ་དང་དབྱུག་ཐོ། གཡོན་ན་པདྨ་དང་སྐྱེ་བ་ལྔ་པའི་དུང་འཛིན་པ། བདེན་བྲལ་ནག་པོ་ཞལ་གཅིག་ཕྱག་བཞི་པ། གཡས་ན་རལ་གྲི་དང་གྲི་གུག གཡོན་ན་ཕུབ་དང་ཐོད་པ་འཛིན་པ། རླུང་ལྷ་ནག་པོ་ཞལ་གཅིག་ཕྱག་བཞི་པ། གཡས་ན་དཔག་བསམ་གྱི་ཤིང་དང་ཡོངས་འདུ་མེ་ཏོག གཡོན་ན་ཨིནྡྲ་ནཱི་ལ་དང་ཨུཏྤལ་སྔོན་པོ་འཛིན་པ། གཤིན་རྗེ་དམར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་ན་དབྱུག་པ་དང་རལ་གྲི། གཡོན་ན་ལྕགས་སྒྲོག་དང་ཞགས་པ་འཛིན་པ། མེ་ལྷ་དམར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་ན་ཤཀྟི་དང་དབྱུག་པ། གཡོན་ན་པདྨ་དང་སྤྱི་བླུགས་འཛིན་པ། རྒྱ་མཚོ་དཀར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་ན་ཞགས་པ་དང་རིན་པོ་ཆེ། གཡོན་ན་སྦྲུལ་ཞགས་དང་ཟླ་བ་ཆུ་ཤེལ་འཛིན་པ། དྲག་པོ་དཀར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་ན་རྩེ་གསུམ་དང་མདའ། གཡོན་ན་ཁ་ཊྶཱཾ་ག་སྦྲུལ་དང་བཅས་པའི་གཞུ་འཛིན་པ། དབང་པོ་སེར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་ན་རྡོ་རྗེ་དང་མེའི་མདའ། གཡོན་ན་དྲིལ་བུ་དང་གཞུ་འཛིན་པ། གནོད་སྦྱིན་སེར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་ན་རིན་པོ་ཆེ་དང་བེ་ཅོན། གཡོན་ན་ནེའུ་ལེ་དང་པདྨ་འཛིན་པ། ཐམས་ཅད་ཀྱང་ལྷའི་གོས་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། གོ་རིམ་བཞིན་ཕྱུང་སྟེ་གསུང་གི་རྭ་བའི་ནང་གི་གདན་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ག་གཱ་ཛི་ཛཱི་རྀ་རཱྀ་བུ་བཱུ་དལྀ་དལྀཨཱ། སྒྲ་གཅན་ལྗང་ཁུ་དང་དུས་མེ་སྔོན་པོ། ཕྱག་གཡས་ན་རྡོ་རྗེ་དང་བགྲང་འཕྲེང་། གཡོན་ན་དྲིལ་བུ་དང་པདྨ་འཛིན་པ། ཟླ་བ་ནག་པོ་ཕྱག་གཡས་ན་གྲི་གུག་དང་རྩེ་གསུམ། གཡོན་ན་ཐོད་པ་དང་ཁ་ཊྶཱཾ་ག་འཛིན་པ། ཉི་མ་ནག་པོ་ཕྱག་གཡས་ན་རལ་གྲི་དང་རྩེ་གསུམ། གཡོན་ན་ཕུབ་དང་ཁ་ཊྶཱཾ་ག་འཛིན་པ། ལྷག་པ་དམར་པོ་ཕྱག་གཡས་ན་མདའ་དང་རིན་པོ་ཆེ། གཡོན་ན་གཞུ་དང་མེ་ལོང་འཛིན་པ། མིག་དམར་དམར་པོ་ཕྱག་གཡས་ན་རྡོ་རྗེ་ལྕགས་ཀྱུ་དང་རིན་པོ་ཆེ། གཡོན་ན་རྡོ་རྗེ་ཞགས་པ་དང་མེ་ལོང་འཛིན་པ། པ་སངས་དཀར་པོ་ཕྱག་གཡས་ན་པདྨ་དང་ཤེལ་འཕྲེང་། གཡོན་ན་སྤྱི་བླུགས་དང་དུང་འཛིན་པ། ཕུར་བུ་དཀར་པོ་ཕྱག་གཡས་ན་འཁོར་ལོ་དང་མུ་ཏིག་གི་འཕྲེང་བ། གཡོན་ན་པདྨ་དང་སྤྱི་བླུགས་འཛིན་པ། མཇུག་རིང་སེར་པོ་ཕྱག་གཡས་ན་སྦྲུལ་ཞགས་དང་དབྱུག་པ། གཡོན་ན་འཁོར་ལོ་དང་ཐོ་བ་འཛིན་པ། སྤེན་པ་སེར་པོ་ཕྱག་གཡས་ན་ལྕགས་སྒྲོག་དང་ཐོ་བ། གཡོན་ན་འཁོར་ལོ་དང་རྡོ་རྗེ་ཕུར་བུ་འཛིན་པ། ཐམས་ཅད་ཞལ་གཅིག་ཕྱག་བཞི་པ། ལྷའི་གོས་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། བུ་ག་ནས་གོ་རིམ་བཞིན་ཕྱུང་ནས་གསུང་གི་ར་བའི་ཕྱིའི་གདན་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ་དེ་གཉིས་ངག་གི་ཁམས་བསྲུང་བ། ཁ་ཁཱི་ཚི་ཚཱི་ཥརྀ་ཥརཱྀ་ཕུ་ཕཱུ་ཐལྀ་ཐལཱྀ། རྒྱལ་བ་ལྗང་ཁུ་དང་རྣམ་རྒྱལ་སྔོན་པོ་སྦྲུལ་མགོ་བདུན་གྱི་གདེངས་ཀ་ཅན། སྟོབས་རྒྱུ་དང་པདྨ་ནག་པོ། ནོར་རྒྱས་དང་དུང་སྐྱོང་དམར་པོ། མཐའ་ཡས་དང་རིགས་ལྡན་དཀར་པོ། པདྨ་ཆེན་པོ་དང་འཇོག་པོ་སེར་པོ་ཐམས་ཅད་སྦྲུལ་མགོ་ལྔ་པ། ཞལ་གཅིག་ཕྱག་བཞི་པ། གཡས་ན་བུམ་པ་དང་རྡོ་རྗེ། གཡོན་ན་པདྨ་དང་རིན་པོ་ཆེ་འཛིན་པ། ལྷའི་གོས་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་། གོ་རིམ་བཞིན་བྱུང་ནས་སྐུ་ར་བའི་ནང་གི་གདན་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཀ་ཀཱ་ཙི་ཙཱི་ཊརྀ་རཱྀ་པུ་པཱུ་ཏལྀ་ཏལཱྀ། རོ་ལངས་ལྗང་ཁུ་དང་། གྲུལ་བུམ་སྔོན་པོ། མིའམ་ཅི་ཁྱི་གདོང་ཅན་དང་། སྐྱེས་བུའམ་ཅི་བྱ་རོག་གདོང་ཅན་ནག་པོ། དྲི་ཟ་ཕག་གདོང་ཅན་དང་། འབྱུང་པོ་བྱ་རྒོད་གདོང་ཅན་དམར་བ། སྲིན་པོ་སྟག་གདོང་ཅན་དང་། ཡི་དྭགས་འུག་གདོང་ཅན་དཀར་པོ། བརྗེད་བྱེད་ཅེ་སྤྱང་གི་གདོང་ཅན་དང་མཁའ་ལྡིང་གི་གདོང་ཅན་སེར་མོ། ཐམས་ཅད་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པ། གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་པ། མགོ་བོའི་འཕྲེང་བ་འཕྱང་བ། གོ་རིམ་བཞིན་ཕྱུང་སྟེ་སྐུའི་རྭ་བའི་ཕྱིའི་གདན་ལ་ཟླུམ་པོའི་སྟབས་ཀྱིས་གནས་པ། དེ་གཉིས་ལུས་ཀྱི་ཁམས་བསྲུང་བའོ། །སརྦ་ཏ་ཐཱ་ག་ཏ་རཀྵཱཾ་ཙཀྲ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ང་རྒྱལ་གཟུང་བར་བྱའོ། །འཆད་པར་འགྱུར་བ་བཞིན་གྱི་གཏོར་མ་སྦྱིན་ནས། གསང་གནས་ཀྱི་འཁོར་ལོའི་ཧཾ་ལ་ཁྲོ་བོ། གཙུག་ཏོར་གྱི་ཨཾ་ལ་ཟད་པར། དཔྲལ་བར་ཨི་ལ་ཕྱོགས་སྐྱོང་། མགྲིན་པར་རྀ་ལ་གཟའ། སྙིང་གར་ཨུ་ལ་ཀླུ། སྟེ་བར་ལྀ་ལ་འབྱུང་པོའི་འཁོར་ལོ་ཐིམ། གཉིས་པ་ཁ་ལ་སོགས་པ་དག་པར་བྱ་བའི་ཡན་ལག་ནི་བདུད་རྩི་རིལ་བུ་སྦྱར་བའི་ཆང་ཡཾ་རཾ་ཀཾ་རིམ་པ་བཞིན་ཡོངས་སུ་གྱུར་པ་ལས། རླུང་གི་དཀྱིལ་འཁོར་ནག་པོ་གཞུའི་དབྱིབས་ཅན་རྒྱལ་མཚན་གྱིས་མཚན་པ། དེའི་སྟེང་དུ་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ། དེའི་སྟེང་དུ་མི་མགོ་རློན་པའི་སྒྱེད་བུ་གསུམ་གྱི་ཁར་ཐོད་པ་དུམ་བུ་གཅིག་པའི་ནང་དུ་གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་མུ་མ་ར་ཤུ་ལས་བདུད་རྩི་ལྔ། ལག་པ་གཡོན་པའི་ཐལ་མོ་བཀབ་སྟེ། ཨ་ཨོཾ་བཛྭ་ཙནྡྲ་སརྦ་དྷརྨ་སུ་བི་ཤུདྡྷཿསྭ་བྷཱ་ཝ་སརྦ་དྷརྨཱ་ན་བི་ཤོདྡྷ་ཡ་སྭཱ་ཧཱ། རྫས་རྣམས་ཀྱི་མ་དག་པ་སྦྱངས། གཡས་པ་བཀབ་སྟེ། ཨོཾ་ཨཱཿབཛྭ་སཱུརྻ་སརྦ་དྷརྨ་པྲ་བོ་བྷ་ཀ་སརྦ་དྷརྨཱ་ན་པྲ་བོ་དྷ་ཡ་སྭཱ་ཧཱ། མང་པོར་སྤེལ། ཐལ་མོ་གཉིས་ཁ་སྦུབ་ནས་བཀབ་སྟེ། ཨོཾ་ཧུཾ་བཛྭ་ཨ་ན་ལ་སརྦ་དྷཱརྨ་པྲ་དྷི་པ་ཀ་ས་ཡ་སྭཱཧཱ། ཁ་དོག་དྲི་རོ་ཕུན་སུམ་ཚོགས་པ་རབ་ཏུ་འབར་བ། ནམ་མཁའ་ལྡིང་གི་ཕྱག་རྒྱ་བཅས་ལ། ཨོཾ་ཧོཿསརྦ་དྷརྨྨ་བཛྭཱ་མྲྀ་ཏ་ཀ་ར་སརྦ་དྷརྨཱ་ན་བཛྭ་མྲྀ་ཏཾ་ཀུ་རུ་ཀུ་རུ་སྭཱཧཱ། བདུད་རྩིར་ཞུ། རང་ཉིད་ཀྱི་ལྕེ་རྩེར་ཧཱུྃ་ལས་རྡོ་རྗེ་སྦུ་གུ་ཅན་དེས་བདུད་རྩི་དྲངས་པར་བསམ་ཞིང་མྱང་ངོ་། །གཙུག་ཏོར་གྱི་སྟེང་དུ་བཾ་ལས་ཟླ་བ་ལ་རྡོ་རྗེ་བཾ་གྱིས་མཚན་པ། ཨོཾ་སརྦ་བཱི་ར་ཡོ་གི་ནི་པྲ་ཎ་ཡ་མི་སྭཱཧཱ། དེ་ཞུ་བའི་རྒྱུན་གྱིས་གཙུག་ཏོར་ནས་བརྩམས་ཏེ་རྐང་པའི་སེན་མོའི་མཐའ་ཇི་སྲིད་པའི་རང་གི་ལུས་སྦྲུལ་གྱི་ཤུན་པ་བརྗེས་པ་བཞིན་དུ་ལན་གསུམ་དོར་བས་དྲི་མ་མེད་པའི་རང་བཞིན་དུ་གྱུར་ཏེ་ཞི་རྒྱས་ལའོ། །ཨོཾ་ཨཱཿཧཱུྃ་ཧོ་ཧཾ་ཀྵཿཔྲཛྙྱཱོ་པཱ་ཡཱ་དམ་ཀ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙྱཱ་ན་ཨ་དྷི་པ་ཏེ་མ་མ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙྱཱ་ན་བཛྭཾ་བཛྭཱ་མྲྀ་ཏཾ་སྭ་བྷཱ་ཝཾ་ཀུ་རུ་ཀུ་རུ་སྐནྡྷཱ་ཏྭ་ཡ་ཏ་ནཾ་ནིཿསྭ་བྷཱ་ཝཾ་སྭཱ་ཧཱ། དེ་ནས་དག་པའི་ང་རྒྱལ་བྱ་སྟེ། ཨོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷཱོཧཾ། གསུམ་པ་བདག་དག་པར་བྱ་བའི་ཡན་ལག་ནི། རང་ཉིད་དུས་ཀྱི་འཁོར་ལོ་ཞལ་གཅིག་ཕྱག་གཉིས་པ་ཡུམ་དང་བཅས་པར་སྐད་ཅིག་གིས་གསལ་བའི་དཔྲལ་བར་ཨོཾ་དཀར་པོ་ལས་འོད་དཔག་མེད་དཀར་པོ་དཀར་ནག་དམར་བའི་ཞལ་ཅན། མགྲིན་པར་ཨཱཿདམར་པོ་ལས་རིན་འབྱུང་དམར་པོ་དམར་དཀར་ནག་པའི་ཞལ་ཅན། སྙིང་གར་ཧཱུྃ་ནག་པོ་ལས་དོན་གྲུབ་ནག་པོ་ནག་དམར་དཀར་བའི་ཞལ་ཅན། ལྟེ་བར་ཧོཿསེར་པོ་ལས་རྣམ་སྣང་སེར་པོ་སེར་དཀར་ནག་པའི་ཞལ་ཅན། གཙུག་ཏོར་དུ་ཧཾ་ལྗང་ཁུ་ལས་མི་བསྐྱོད་པ་ལྗང་ཁུ་ལྗང་དམར་དཀར་བའི་ཞལ་ཅན། གསང་བར་ཀྵཿསྔོན་པོ་ལས་རྡོར་སེམས་སྔོན་པོ་སྔོ་དམར་དཀར་བའི་ཞལ་ཅན། ཨོཾ་སྲིཿསརྦཱ་ཧླ་རཱ་ཛ་མཱ་ར་ཀླེ་ཤནྟ་ཀ་ར། བཛྭ་ཏཱི་དུཿཁ་ཙྪེ་དམ་མ་ཀ་རཾ་བི་ཤོ་དྷ་ཡ་སྭཱཧཱ། འདིས་ཕན་ཚུན་དུ་ལག་པས་ལག་པ་མཉེ་བར་བྱའོ། །ལག་པ་གཡོན་པའི་མཐེའུ་ཆུང་ནས་མཐེ་བོའི་བར་གྱི་རྩ་བར་རྩེ་མོའི་ཚིགས་བཅོ་ལྔ་ལ་རིམ་པ་བཞིན། ཨ་ཨི་རྀ་ཨུ་ལྀ། ཨ་ཨེ་ཨར་ཨོ་ཨལ། ཧ་ཡ་ར་ཝ་ལ། གཡས་པའི་མཐེ་བོང་ནས་རིམ་པ་བཞིན་གྱིས་རྩེ་མོ་བར་རྩ་བའི་ཚིགས་ལ། ལཱ་ཝཱ་རཱ་ཡཱ་ཧཱ། ཨཱལ་ཨཽ་ཨཱ་ར་ཨཻ་ཨཱ། ལི་ཨཱུ་རཱྀ་ཨཱི་ཨཱ། ལག་པ་གཉིས་ཁ་སྦྱར་བའི་དབུས་ཧཱུྃ་ཟླ་ཉི་སྒྲ་གཅན་གྱི་ས་བོན་དེ་དག་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པ་རྡོ་རྗེ་ཁུ་ཚུར་གཉིས་ཁ་སྦྱར་བའི་མཐེ་བོང་མཐེའུ་ཆུང་གཉིས་བརྐྱང་པ་པདྨའི་འདབ་མ་ལྟར་བྱ། གུང་གཉིས་མཉམ་དུ་བརྐྱང་བའི་རྒྱབ་ཏུ་མཛུབ་མོ་གཉིས་ཕྱེད་འཁྱོག་པའི་ཚུལ་དུ་བཞག མིང་མེད་འོག་ཏུ་བསྐུམ་པ་རང་གི་ལག་མཐིལ་དུ་སོན་པ་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅིང་དེས་སྤྱི་བོ་ནས་རྐང་སེན་གྱི་བར་གྱི་ཡན་ལག་ཐམས་ཅད་ལ་རེག་ཅིང་། ཨོཾ་ཨཱཿཧཱུྃ་ཧོ་ཀྵཿཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙྱཱ་ན་བཛྭཾ་བཛྭ་ཀཱ་ཡ་སྭ་བྷཱ་ཝཾ་ཀུ་རུ་ཀུ་རུ་སྭཱཧཱ། ལུས་ཐམས་ཅད་རྡོ་རྗེའི་རང་བཞིན་དུ་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྭ་ཀཱ་ཡ་སྭ་བྷཱ་ཝ་ཨཏྨ་ཀཱོཧཾ། ང་རྒྱལ་གཟུང་ངོ་། །བཞི་པ་གོ་ཆའི་ཡན་ལག་ནི། ཐལ་མོ་སྦྱར་བའི་མཐེ་བོང་གཉིས་ཀྱིས་སྙིང་ག་སོགས་སུ་རེག་ཅིང་། ཨོཾ་སྲལཱྀཾསྲི་ད་ཡཱ་ཡ་ན་མཿམགོ་བོར་ཨོཾ་ཧུཾ་སི་ར་སེ་སྭཱཧཱ། གཙུག་ཏོར་ལ། ཨོཾ་སྲརཱཾྀ་ཤི་ཁཱ་ཡཻ་བཽ་ཥ་ཊ། ཡན་ལག་ཐམས་ཅད་ལ། ཨོཾ་སྲཱཾི་ཀ་བ་ཙཱ་ཡ་ཧཱུྃ། མིག་ལ། ཨོཾ་སྲཱཾ་ན་ཏྲཱ་ཡ་ཝ་ཥ་ཊ། དགེ་བ་ལ་ གཡོན་པ་དང་། མི་དགེ་བ་ལ་གཡས་པའི་མཐེབ་མཛུབ་ཀྱི་ སེ་གོལ་གྱིས་ཕྱོགས་ཐམས་ཅད་དུ་མཚོན་ཆ་དགོད་ཅིང་། ཨོཾ་སྲཱཿཨ་ཧླུ་ཡ་ཕཊ྄་ཅེས་བརྗོད། དེ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་སྲྀ་ད་ཡ་སི་རཿཤི་ཁཱ་ཀ་པ་ཙ་ནེ་ཏྲ་ཨཧླ་བཛྭ་ཥ་ཌཾ་ག་ས་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ང་རྒྱལ་གཟུང་། ལྔ་པ་ཚོགས་གཉིས་བསགས་པའི་ཡན་ལག་ནི། རང་གི་སྙིང་གར་པཾ་ལས་པདྨ། ཨ་ལས་ཟླ་བ། དེའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་དེ་ལས་ཉི་མ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་རབ་ཏུ་སད་པར་བྱེད་པའི་འོད་ཟེར་རྣམས་ནམ་མཁའི་ཁམས་སུ་སྤྲོས། བླ་མ་དང་གཉིས་སུ་མེད་པའི་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། འོད་ཟེར་རང་གི་སྙིང་གར་ལོག་པ་ལས་ཟླ་བ་ལ་ཡེ་ཤེས་ཀྱི་ས་བོན་དེ་རྣམས་ཡོངས་སུ་གྱུར་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་བྱ་སྟེ། ཨོཾ་ཙྪཛྫ་བཛྭ་གནྡྷེ་གནྡྷ་ཨཙྩ་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཙྪཛྫུ་བཛྭ་མཱ་ལེ་མཱ་ལ་ཨཙྩ་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཋཌྜྷ་བཛྭ་དྷཱུ་པེ་དྷཱུ་པ་ཨཙྩ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཋཌྜྷཱ་བཛྭ་པྲ་ངཱི་པེ་པྲ་ངཱི་པ་ཨཙྩ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་་པཕབྦྷ་བཛྭ་ཨ་མྲྀ་ཏེ་ནཻ་བེདྱ་པཱུ་ཛཱཾ་ཀུ་རུ་ཀུ་རུ་ སྭཱ་ཧཱ། ཨོཾ་པཕབབྷྨཱ་བཛྭ་ཨཀྵ་ཏ་ཨཀྵ་ཏ་ཕ་ལ་ ཨཙྩ་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཏྠདྡྷྣ་བཛྭ་ལཱ་སཱ་ ཝ་ཧླ། སཱ་བྷ་ར་ཎ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཏྠདྡྷྣཱ་ བཛྭ་ཧཱ་ཀྵྼེ་གྷཎྛ་ཨཱ་དརྴ་པཱུ་ཛཱ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཀྑགྒྷང་བཛྭ་ཝ་དྱེ་ཝ་དྱ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཀྑགྒྷངཱ་བཛྭ་ནྲྀ་ཏྱེ་ནྲྀ་ ཏྱེ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱ་ཏཱ། ཨོཾ་སཔྈྐ་བཛྭ་གཱི་ཏེ་གཱི་ཏ་ པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་སཔྈྐཱ་བཛྭ་པ་མེ་སརྦ་བུདྡྷ་བོ་དྷི་ས་ཏྭ་ནཱ་ཀྲོ་དྷཱ་ ངཱི་ནཱཾ། བཛྭ་སུ་ར་ཏ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱཧཱ། མཆོད་པ་རྣམ་པ་སྣ་ཚོགས་བྱས་ ནས་སྡིག་པ་རྣམ་པ་མང་པོ་བསགས་པ་དག་ནི་ བཤགས་བྱས་ཏེ། །སྒྲུབ་པ་པོ་ཡི་ལུས་དང་ངག་དང་སེམས་རྣམས་དག་པ་ཡིས་ནི་གསུམ་ལ་སྐྱབས་སུ་འགྲོ་བར་བྱས། །རྫོགས་སངས་ རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་འཕགས་ པའི་ཚོགས་ཀྱིས་རྣམས་མང་དགེ་བ་གང་བྱས་པ། །དེ་དག་མཐའ་དག་ལ་ནི་སྡིག་པ་རྣམས་བྲལ་བྱང་ཆུབ་སྤྱོད་ལ་རྗེས་སུ་གནས་པ་རྗེས་ཡི་རང་། །སངས་རྒྱས་ཆོས་དང་དགེ་འདུན་སྲིད་པའི་འཇིགས་འཕྲོག་ལ་ཡང་བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །རྫོགས་སངས་རྒྱས་སུ་བདག་གྱུར་ཅིག་ཅེས་འདིར་ནི་སྨོན་ལམ་སེམས་ཅན་དོན་གྱི་སླད་དུ་བདག་བགྱིད་དོ། །བསོད་རྣམས་ཀྱི་ཚོགས་སོ། །དེ་ནས་འདི་བསྒོམ་སྟེ། ཕྱི་ནང་སྣོད་བཅུད་ཐམས་ཅད་ནི། །དངོས་དང་བྲལ་བས་སྟོང་པ་ཉིད། །རྒྱུ་ལས་འདས་པས་མཚན་མ་མེད། །འབྲས་བུ་མེད་པས་སྨོན་པ་མེད། །སྐྱེ་འགག་མེད་པས་འདུས་མ་བྱས། །ཨོཾ་ཤྲཱུནྱ་ཏཱ་ཛྙྱཱ་ན་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ཨོཾ་ཨ་ནི་མིཏྟ་ཛྙྱཱ་ན་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ཨོཾ་ཨ་པྲ་ཎི་ཧི་ཏ་ཛྙྱཱ་ན་བཛྭ་སྭཱ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ཨོཾ་ཨ་ན་བྷི་སཾ་སྐཱ་ར་ཛྙྱཱ་ན་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ཚོགས་ཀྱི་ཞིང་བདག་ཉིད་ལ་ཐིམ་ཞིང་བདག་ཉིད་ཐུགས་ཀའི་ཟླ་བ་རྡོ་རྗེ་དང་། བཅས་པ་མེ་ལོང་གི་དབུགས་ལྟར་འདུ་རིམ་གྱིས་ཐིམ་ནས་ཁམས་དྲུག་གི་དྭངས་མ་ཀུན་གཞིའི་རྣམ་པར་ཤེས་པ་པྲ་སེ་ན་ལྟ་བུར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤཱུནྱ་ཏཱ་ཛྙྱཱ་ན་བཛྭ་སྭཱ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ང་རྒྱལ་གཟུང་། དྲུག་པ་དཀྱིལ་འཁོར་བསྐྱེད་པའི་ཡན་ལག་ནི་སྟོང་པ་ཉིད་ཀྱི་ངང་ལས་སྣ་ཚོགས་རྡོ་རྗེའི་གཞི་རྭ་གུར་དང་བཅས་པའི་ནང་དུ་ཀྵམླཝརྻྃ་རྣམ་པ་བཅུའི་ས་བོན་རིམ་པ་བཞིན་ཡོངས་སུ་གྱུར་པ་ལས་ནམ་མཁའི་རང་བཞིན་གྱི་ཆོས་འབྱུང་གི་ནང་འོག་ནས་རིམ་པ་བཞིན་རླུང་གི་དཀྱིལ་འཁོར་ནག་པོ་གཞུའི་རྣམ་པ་རྒྱལ་མཚན་གྱིས་མཚན་པ་ དཔག་ཚད་འབུམ་ཕྲག་བཞི་པ། མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་བཀྲ་ཤིས་ཀྱིས་མཚན་པ་འབུམ་ཕྲག་གསུམ་པ། ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་པདྨས་མཚན་པ་འབུམ་ཕྲག་ གཉིས་པ། སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་འཁོར་ལོས་མཚན་པ་དཔག་ཚད་འབུམ་ཕྲག་གཅིག་པ། བཞི་ཀའི་སྟེང་འོག་ཏུ་ཧཱུྃ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་རེ་རེ། ལྷུན་པོ་ཆེན་པོ་རྡོ་རྗེའི་རང་བཞིན་གྱི་འོག་གི་རྒྱར་དཔག་ཚད་སྟོང་ཕྲག་བཅུ་དྲུག་དང་། སྟེང་ལ་དཔག་ཚད་སྟོང་ཕྲག་ལྔ་བཅུ་པ། དེའི་དབུས་སུ་སྣ་ཚོགས་པདྨ་རི་རབ་ཕྱེད་དང་མཉམ་པ་སུམ་ཆ་ལྟེ་བ་ལ་ཡོད་ཅིང་། ལྟེ་བའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལྟེ་བ་དང་མཉམ་པ་དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར་ཟླ་བ་དང་མཉམ་པ། དེའི་སྟེང་དུ་སྒྲ་གཅན་གྱི་དཀྱིལ་འཁོར་སྔོན་པོ་ཉི་མ་དང་མཉམ་པའི་ཁར་ཨོཾ་ཡོངས་སུ་གྱུར་པ་ལས་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ནོར་བུའི་འོད་ཟེར་རྣམ་པར་འཕྲོ་བ། སྐུའི་དཀྱིལ་འཁོར་གྱི་ཕྱི་ནས་རིམ་པ་བཞིན་སེར་དཀར་དམར་ནག་ལྗང་བའི་རྩིག་པ་ལྔ་དང་ལྡན་པ། དེའི་ནང་དུ་དེའི་ཕྱེད་ཀྱི་ཚད་ཀྱི་གསུང་གི་དཀྱིལ་འཁོར་རྩིག་པ་ལྔ་དང་ལྡན་པ། དེའི་ནང་དུ་དེའི་ཕྱེད་ཀྱི་ཚད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་ནག་དམར་དཀར་བའི་རྩིག་པ་གསུམ་དང་ལྡན་པ། གསུམ་ཀའང་གྲུ་བཞི་པ། སྒོ་བཞི་པ་གསེར་གྱི་རང་བཞིན་གྱི་རྟ་བབས་བཞིས་བརྒྱན་པ། རྟ་བབས་སོ་སོ་ལ་ཀ་བ་བཞིའི་བར་དུ་ལྷ་མོའི་གནས་གསུམ་གསུམ་དང་ལྡན་པའི་བརྩེགས་མ་གསུམ་པ། བརྩེགས་མ་འོག་མ་ལ་གླང་པོ་ཆེའི་མགོར་སེང་གེས་མནན་པ་དང་། བར་མ་དང་སྟེང་མ་ཤཱ་ལ་བྷཉྫྱི་ཀས་སྣམ་བུ་བཏེག་པ། སྣམ་བུ་སོ་སོའི་རྩེ་མོར་རྒྱལ་མཚན་བསྒྲེང་བ་དང་། རྔ་ཡབ་དང་། མེ་ལོང་དང་། དྲིལ་བུ་དང་། བ་དན་དཀར་པོ་རྣམས་འཕྱང་བ། སྟེང་དུ་ཧ་རྨིག་དང་། དེའི་སྟེང་དུ་དབུས་སུ་བུམ་པ་དང་། གཡས་གཡོན་དུ་རྒྱལ་མཚན་དང་། ཀ་བའི་བཤམ་ནས་མྱོས་པ་བསྲུང་བས་བསྐོར་བའོ། །སྐུའི་རྟ་བབས་ཀྱི་བརྩེགས་མ་འོག་མའི་ཤར་དུ་ཆོས་འཁོར་ནག་པོ། གཡས་གཡོན་དུ་རི་དྭགས་ཕོ་མོ། ལྷོར་བུམ་པ་བཟང་པོ་དམར་པོ། གཡས་གཡོན་དུ་དུང་དང་པདྨ། བྱང་དུ་རྔ་བོ་ཆེ་དཀར་པོ། གཡས་གཡོན་དུ་དབྱུག་པ་དང་ཐོ་བ། ནུབ་ཏུ་བྱང་ཆུབ་ཀྱི་ཤིང་སེར་པོ། གཡས་གཡོན་དུ་མིའམ་ཅི་ཕོ་མོའོ། །རྩིག་པ་སོ་སོའི་སྟེང་དུ་རིན་པོ་ཆེའི་སྣམ་བུ་དམར་པོ་རིན་པོ་ཆེའི་མཆིང་བ་རྣམ་པར་བཀྲ་བ། དེའི་སྟེང་དུ་དོ་ཤལ་དང་དོ་ཤལ་ཕྱེད་པ། མེ་ལོང་དང་། རྔ་ཡབ་དང་། རིལ་བུ་དང་། ཟླ་བ་ཕྱེད་པ་དང་། མེ་ཏོག་གི་འཕྲེང་བ་ལ་སོགས་པས་བརྒྱན་པ། བྱ་འདབ་ལས་ཐུར་དུ་འཕྱང་བའི་བ་ཀུ་ལཱ་དཀར་པོ། དེའི་སྟེང་དུ་ཀྲ་མ་ཤྲིརྵའི་མདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་གྱིས་བསྐོར་བའི་བར་བར་དུ་རྒྱལ་མཚན་དང་བ་དན་ལ་སོགས་པས་མཛེས་པར་བྱས་པ། ཕྱིར་འདོད་ཡོན་གྱི་སྣམ་བུ་དཀར་པོས་འགྲམ་སྟེགས་ཀྱི་རྣམ་པར་བསྐོར་ཞིང་། སྒོ་ཁྱུད་དང་ཀ་བའི་མཚམས་སུ་རིན་པོ་ཆེས་སྤྲས་པ། ཟུར་བཞི་སྣ་ཚོགས་རྡོ་རྗེས་བརྒྱན་པ། རྩིག་པའི་ནང་དུ་རྩིག་པ་ལ་མ་རེག་པའི་སྣམ་བུ་དཀར་པོ་སྟེང་གི་ཐོག་དང་བཅས་པ། ཐུགས་ཀྱི་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་ཀྱི་ཡེ་ཤེས་ཀྱི་འཁོར་ལོ་རྡོ་རྗེ་འཕྲེང་བ་ལྗང་ཁུས་བསྐོར་ཞིང་ཤར་དུ་རལ་གྲི་ནག་པོ། ལྷོར་རིན་པོ་ཆེ་དམར་པོ། བྱང་དུ་པདྨ་དཀར་པོ། ནུབ་ཏུ་འཁོར་ལོ་སེར་པོ་སྤྲས་པའི་ཀ་བ་ནག་པོ་བཅུ་དྲུག་དང་ལྡན་པ། དེའི་ནང་དུ་དེའི་ཕྱེད་ཀྱི་ཚད་ཀྱི་རྡོ་རྗེའི་འཕྲེང་བ་ནག་པོས་བསྐོར་བའི་གཙོ་བོའི་པདྨ་ལྗང་ཁུ། གསུང་གི་སྣམ་བུ་ལ་གདན་སོ་སོའི་སྟེང་དུ་པདྨ་དཀར་པོའི་མུ་ཁྱུད་ཅན་གྱི་པདྨ་དཀར་པོ་འདབ་མ་བརྒྱད་པ་བརྒྱད། སྐུའི་སྣམ་བུ་ལ་གདན་སོ་སོའི་སྟེང་དུ་འཁོར་ལོའི་མུ་ཁྱུད་ཅན་གྱི་པདྨ་བཞི་དང་བརྒྱད། བཅུ་དྲུག་གི་འདབ་མ་གསུམ་རིམ་ཅན་སྟེང་འོག་དང་སྒོར་ཤིང་རྟ། རྟ་བབས་ཀྱི་འོག་ཏུ་འབྱུང་བཞིའི་དཀྱིལ་འཁོར་དུར་ཁྲོད་དུ་གདན་སོ་སོའི་སྟེང་དུ་འཁོར་ལོ། ཕྱི་རོལ་དུ་མཆོད་པའི་ས་ལ་པདྨ་བུམ་སོགས་མཆོད་རྫས་དུ་མས་གང་བ། གཞལ་ཡས་ཁང་གི་གཞི་དང་སྟེང་འོག་ཐམས་ཅད་ཀྱི་དབུས་སྔོན་པོ། ཤར་ནག ལྷོ་དམར། བྱང་དཀར། ནུབ་སེར་བ། ཕྱི་ནས་ས་ཆུ་མེ་རླུང་གི་ཁོར་ཡུག་བཞིས་བསྐོར་བའི་སའི་དཀྱིལ་འཁོར་གྱི་སྟེང་དུ་གླིང་བཅུ་གཉིས། དེའི་དབང་ལྡན་གྱི་མཚམས་སུ་ཨ་ལས་ཟླ་བའི་དཀྱིལ་འཁོར་དང་། བདེན་བྲལ་གྱི་མཚམས་སུ་ཨཱཿལས་ཉི་མའི་དཀྱིལ་འཁོར། མེ་དང་རླུང་གི་དབུས་སུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བ། ནམ་མཁའི་ཁོར་ཡུག་ལ་རྡོ་རྗེའི་རྭ་བ་དང་། དེའི་ཕྱི་རོལ་ཏུ་འོད་ཟེར་འབར་བས་བསྐོར་བ། དབུས་ཀྱི་གདན་གྱི་སྟེང་དུ། ཨ་ཨི་རྀ་ཨུ་ལྀ་ཨ་ཨེ་ཨར་ཨོ་ཨ་ལ། ཧ་ཡ་ར་ཝ་ལ། ཨཾ་རྣམས་གཡོན་སྐོར། ལཱ་ཝཱ་རཱ་ཡཱ་ཧཱ། ཨཱ་ལ་ཨཽ་ཨཱ་ར་ཨཻ་ཨཱ། ལཱྀ་ཨཱུ་རཱྀ་ཨཱི་ཨཱ་ཨཿརྣམས་གཡས་སྐོར། མཚན་སུམ་ཅུ་རྩ་གཉིས་ཀྱི་ངོ་བོ་དེ་རྣམས་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་དེས་མཚན་པ་མེ་ལོང་ལྟ་བུའི་ཡེ་ཤེས། དེའི་འོག་གཡས་སྐོར་དུ། ལླ་་ཡྻ་ཌྜྷ་དྷདྷ་ལླ་་ཌྜྷ་ཡྻ་། ་ཉྥཉྥ་ཥྵ་ཤྴ་ྈྐྈྐ། ཏྟ་ཐཐ་དྡ་དྷདྷ་ནྣ། པྤ་ཕཕ་བྦ་བྷབྷ་མྨ། ཊྚྷ་ཋཋ་ཌྜྷ་ཌྷྨ་ཎྡྲ། ཙྩ་ཚྪ་ཛྫ་ཛྙ་ཉྤ། ཀྐ་ཁྑ་གྒ་གྷྒྷ་ངྔ་། གཡོན་སྐོར་གྱིས། ང་གྷ་ག་ཁ་ཀ ཉ་ཛྷྱ་ཛ་ཚ་ཙ། ཎ་ཌྷྜྷ་ཌ་ཋ་ཊ། མ་བྷ་བ་ཕ་པ། ན་དྷ་ད་ ཐ་ཏ། ཋཀ་ཤ་ཥ་ཉྥ་ས། ཧ་ཡ་ར་ཝ་ལ། ཌྷྜྷ་ཌ་ཡ་ཝ་ལ། དཔེ་བྱད་བརྒྱད་བཅུའི་ངོ་བོ་དེ་རྣམས་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་དེས་མཚན་པ་མཉམ་པ་ཉིད་ཀྱི་ཡེ་ཤེས། ཟླ་བའི་དབུས་སུ་ཧཱུྃ་ཡིག་ཟླ་བའི་མཚན་མ་ལྟ་བུ་སོ་སོར་རྟོག་པའི་ཡེ་ཤེས། ཐམས་ཅད་གཅིག་ཏུ་འདྲེས་ནས་རྡོ་རྗེར་གྱུར་པ་བྱ་བ་གྲུབ་པའི་ཡེ་ཤེས། དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་དྲི་མ་མེད་པའི་འོད་ཟེར་ལྔ་འཕྲོ་བ། སྐུ་མདོག་སྔོན་པོ་སྔོ་དམར་དཀར་བའི་མགྲིན་པ་གསུམ་དང་ལྡན་པ། རྩ་ཞལ་སྔོན་པོ་དྲག་ཅིང་མཆེ་བ་གཙིགས་པ། གཡས་ཞལ་དམར་པོ་ཆགས་པ་དང་བཅས་པ་རྒྱབ་ཞལ་སེར་པོ་ཏིང་ངེ་འཛིན་གནས་པ། གཡོན་ཞལ་དཀར་པོ་རབ་ཏུ་ཞི་བ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། རལ་པའི་ཅོད་པན་ལ་སྣ་ཚོགས་རྡོ་རྗེ་དང་། ཟླ་བ་ཕྱེད་པ་དང་། རྡོ་རྗེ་ནོར་བུ་དང་། རྡོ་རྗེ་རྣ་རྒྱན་དང་། རྡོ་རྗེ་མགུལ་རྒྱན་དང་། རྡོ་རྗེ་གདུ་བུ་དང་། རྡོ་རྗེ་སྐ་རགས་དང་། རྡོ་རྗེ་རྐང་གདུབ་དང་། རྡོ་རྗེ་དར་དཔྱངས་དང་། རྡོ་རྗེ་འཕྲེང་བ་དང་། སྟག་གི་པགས་པའི་ཤམ་ཐབས་གྲོལ་བ། གཡས་གཡོན་གྱི་ཕྲག་པ་མདུན་ཞེས་ནས། བཞི་པར་ཚངས་མགོ་གདོང་བཞི་པ་པདྨས་སྤྲས་པ་འཛིན་པ། ཟླ་ཉི་སྒྲ་གཅན་གྱི་སྟེང་དུ་ཤིན་ཏུ་རོལ་པའི་གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པའི་ཞབས་གཡས་པ་དམར་པོའི་འོག་ཏུ་འདོད་ལྷ་དམར་པོ་གདོང་གཅིག་པ་ལག་པ་བཞི་པ། ལག་ན་མེ་ཏོག་གི་མདའ་ལྔ་དང་། གཞུ་དང་ཞགས་པ་ལྕགས་ཀྱུ་འཛིན་པ། གཡོན་པ་དཀར་པོའི་འོག་ཏུ་དྲག་པོ་དཀར་པོ་གདོང་གཅིག་པ་མིག་གསུམ་པ་ལག་པ་བཞི་པ། རྩེ་གསུམ་དང་། ཌ་མ་རུ་དང་། ཐོད་པ་དང་། ཁ་ཊྶཱཾ་ག་འཛིན་པ། བདུད་དང་དྲག་པོའི་ལྷ་མོ་དགའ་མ་དང་དབུ་མས་ཞབས་ཀྱི་མཐིལ་ལ་འཛིན་ཅིང་གདོང་དམན་པར་བྱེད་བཞིན་པ། དེ་ལ་མདུན་ནས་འཁྱུད་པའི་སྣ་ཚོགས་ཡུམ་གསེར་མདོག་གཡས་སྐོར་གྱིས་སེར་དཀར་སྔོ་དམར་བའི་ཞལ་བཞི་རེ་རེ་ལ་སྤྱན་གསུམ་གསུམ། ཕྱག་བརྒྱད་ཀྱི་གཡས་ཀྱིས་གྲི་གུག་ལྕགས་ཀྱུ་སྒྲ་དང་བཅས་པའི་ཌ་མ་རུ་བགྲང་འཕྲེང་། གཡོན་ན་ཐོད་པ་ཞགས་པ་པདྨ་དཀར་པོ་འདབ་མ་བརྒྱད་པ་དང་རིན་པོ་ཆེ་བསྣམས་པ། ཕྱག་རྒྱ་ལྔས་བརྒྱན་པ་གཡོན་བརྐྱང་གི་སྟབས་ཀྱིས་བཅོམ་ལྡན་འདས་དང་སྙོམས་པར་འཇུག་པས་གནས་པ། དེ་ལྟར་ཡེ་ཤེས་ལྔའི་རང་བཞིན་རྡོ་རྗེ་སེམས་དཔས་དབུ་བརྒྱན་པ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱིས་དབྱིངས་ཀྱི་བདག་ཉིད་ཅན་ཡེ་ཤེས་ཀྱི་འཁོར་ལོའི་ཤར་དང་མེའི་འདབ་མར་ནས་ཤིང་སེར་པོ་ཞེས་པའི་བར་འོད་བཞིན་འདོན། གསལ་བཏབ་པའི་ཡབ་ཡུམ་གཉིས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། ཡུམ་ལ་ལྟེ་བར་ཧོཿ གསང་བར་སྭཱ། སྤྱི་བོར་ཧ། ཡུམ་གྱི་གསང་གནས་མི་དམིགས་པ་སྟོང་པའི་ངང་ལས་ཨ་ལས་པདྨ་འདབ་མ་བརྒྱད་པ་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་མཚན་པ། ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་ཨཱཿལས་སྐྱེས་པའི་པདྨས་མཚན་པ་སྙོམས་པར་ཞུགས་པ་ཧཱུྃ་ཕཊ྄་ཀྱི་དོན་མངོན་དུ་བྱས་པའི་མཐར་འདོད་ཆགས་ཆེན་པོས་གདུལ་བར་བྱ་བའི་སེམས་ཅན། དང་པོའི་སངས་རྒྱས་བསྟན་པར་བྱ་བའི་སྣོད་དུ་གཟིགས་ནས་ཤིན་ཏུ་དགའ་བའི་སྒྲས་ཕུང་པོ་ཁམས་སྐྱེ་མཆེད་སོགས་རང་བཞིན་གྱི་ལྷར་སྣང་བ་རྣམས་རང་གི་ལུས་ལ་བཅུག་དྭངས་མར་སྦྱངས། དེ་ནས་ཡུམ་གྱི་ནང་དུ་སྤྲོས་པ་རྣམ་པ་ཐམས་ཅད་པའི་ལྷའི་འཁོར་ལོར་ཤར་བ་ཡུམ་གྱི་ལུས་ནས་སླར་ཡང་རང་གི་ལུས་ལ་ཞུགས་ཏེ་ཟླ་བར་ཞུ་བ་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨའི་ནང་དུ་སྤྲོས་པ་མ་འདྲེས་པར་ཐིག་ལེའི་རྣམ་པ་སོ་སོ་ལས་མི་བསྐྱོད་པས་གཙོ་བོ་བྱས་པའི་ཐུགས་གསུང་སྐུའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་སུ་གྱུར་པ་རིམ་པ་བཞིན་ཕྱིར་ཕྱུང་བའི་དང་པོ་མི་བསྐྱོད་པ་དང་། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་གཉིས་གཙོ་བོ་ཡབ་ཡུམ་ལ་ཐིམ། དོན་གྲུབ་སོགས་གཞན་རྣམས་བདེ་གཤེགས་འཕར་མའི་ལིང་ཚེ་ནས་ཁོར་ཡུག་བར་སོ་སོའི་གདན་ལ་འཁོད་པར་གྱུར། མདོར་ན་འོག་བཞིན་མངོན་རྟོགས་འདོན་པར་བྱའོ། །དེ་ནས་དཀྱིལ་འཁོར་དེར་སེམས་ཅན་རྣམས་ལ་དབང་བསྐུར་བའི་ཕྱིར། འགྲོ་བ་དྲུག་ན་གནས་པའི་སེམས་ཅན་ཐམས་ཅད་བཀུག་ནས་ཡབ་ཀྱི་ཞལ་ནས་ཞུགས། ཨ་བ་དྷཱུ་ཏཱི་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་བྷ་གར་བབས་སླར་རྣམ་པར་སྣང་མཛད་སོགས་དེ་བཞིན་གཤེགས་པ་དང་། སེམས་དཔའ་ཁྲོ་བོའི་དབང་པོ་རྣམས་ཡབ་དང་། སྤྱན་མ་ལ་སོགས་པའི་གཤེགས་མ། སེམས་མ། ཁྲོ་མོ་རྣམས་ཡུམ་གྱི་སྙིང་གར་བསྡུས། བྱང་ཆུབ་ཀྱི་སེམས་དཀར་དམར་དུ་ཞུ་བ་གསང་བའི་སྣ་རྩེ་གཉིས་ནས་རིམ་པས་སྤྲོས་པས་དེ་དག་ལ་གཉིས་སུ་མེད་པར་དབང་བསྐུར་བས་འཁོར་ལོ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་མཆོག་གི་དགའ་བའི་བདེ་བས་གང་། དེ་དག་གི་ལས་ཀྱི་ཕུང་པོ་ལྡེ་ཀྵ་ཀྵི་ྀ་ཀྵུ་ྀ་གྱུར་པ་ལས་དེ་བཞིན་གཤེགས་པ་ལྔ། ཁམས་ལྔ་ཀྵཱ་ཀྵཱི་ྀུ་ཀྵཱུ་ྀུ་ལས་གཤེགས་མ་ལྔ། དབང་པོ་དྲུག ཀྵ་ཀྵེ་ཀྵ་ར་ཀྵོ་ཀྵ་ལ་ཀྵཾ་ལས་སེམས་དཔའ་དྲུག ཡུལ་དྲུག་ཀྵཱ་ཀྵཻ་ཀྵཱ་ར་ཀྵཽ་ཀྵཱ་ལ་ཀྵཱཾ་ལས་སེམས་མ་དྲུག ལས་དབང་ལྔ། ཀྵཧ་ཀྵཡ་ཀྵཱ་ཀྵཝ་་ལས་ཁྲོ་བོ་ལྔ་བྱ་བ་ལྔ་ཀྵཧཱ་ུ་ཀྵརཱུ་ཀྵཝཱ་ུ་ལས་ཁྲོ་མོ་ལྔ་སྟེ་ལྷ་སོ་གཉིས་པོ་རྣམས་སྐྱེས་བུ་ཆེན་པོ་གཉིས་སུ་གྱུར་པས་བརྒྱན་པ་རྣམས་ཕྱིར་ཕྱུང་ནས་རང་རང་གི་ཞིང་དུ་གཤེགས་པར་གྱུར། དེ་ཡན་དཀྱིལ་འཁོར་རྒྱལ་མཆོག་གོ །གཙོ་བོའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿསྙིང་གར་ཧཱུྃ། གཙུག་ཏོར་དུ་ཧཾ། ལྟེ་བར་ཧོཿ གསང་བར་ཀྵཿ དེ་ལས་གཏུམ་མོ་ཡེ་ཤེས་ཀྱི་མེ་རྗེས་སུ་ཆགས་པས་སྦར་བས་གཙོ་བོ་ཡབ་ཡུམ་གཉིས་བདེ་བ་ཆེན་པོར་འོད་དུ་ཞུ་བ་ལས། བྱམས་པའི་རང་བཞིན་སྒྲོལ་མས་ཐུགས་རྡོ་རྗེ་དང་། སྙིང་རྗེས་རང་བཞིན་མཱ་མ་ཀཱིས་སྐུ་རྡོ་རྗེ་དང་། དགའ་བའི་རང་བཞིན་གོས་དཀར་མོས་གསུང་རྡོ་རྗེ་དང་། བཏང་སྙོམས་ཀྱི་རང་བཞིན་སྤྱན་མས་ཡེ་ཤེས་རྡོ་རྗེ་བསྐུལ་བའི་གླུ་དག་མཛད་པ། བཅོམ་ལྡན་ཁྱོད་ནི་སེམས་ཅན་ཀུན་ལ་ཕན་པར་མཛད་པ་པོ། །བདག་ཅག་བསྲུང་ཤིག་ལྷ་མིའི་བླ་མ་རྡོ་རྗེ་ལྡན་པ་འདོད་པ་དོན་གཉེར་རྣམས་ལ་འདོད་པ་མཛོད། །ཅེས་བསྐུལ་བ་ཐུགས་དང་སྐུ་དང་གསུང་དང་ཡེ་ཤེས་ཀྱི་བདག་ཉིད་རྡོ་རྗེ་ཅན་དེས་གསན་ནས་སྲིད་པ་གསུམ་པོ་མཐའ་དག་མིག་འཕྲུལ་ལྟ་བུར་གཟིགས་ནས་སེམས་ཅན་གྱི་དོན་གྱི་སླད་དུ་སླར་ཡང་སྐྱེ་བར་མཛད་པའི་ཕྱིར་ཟླ་བ་བཞིན་དུ་ཞུ་བ་དེ་ལས་ཧཱུྃ་སྔོན་པོ་དྲི་མ་མེད་པའི་འོད་ཟེར་འཕྲོ་ཞིང་བསྐུམ་པ་ཡོངས་སུ་གྱུར་པ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་དེ་ལས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཞེས་ནས། ཡབ་ཡུམ་རྫོགས་པར་བསྐྱེད། རིགས་གསུམ་འགོད་པ་ནས་སྙོམས་པར་ཞུགས་པའི་བར་སྔར་བཞིན་ལ་མི་བསྐྱོད་པས་དབུ་རྒྱན་པ་ཞེས་འདོན་པ་བསྒྱུར་བ་ཙམ་མོ། །དཀྱིལ་འཁོར་ལྔའི་བདག་ཉིད་ཀྱི་སངས་རྒྱས་ནམ་མཁར་བཞུགས་པ་རྣམས་ཕུང་ཁམས་སྐྱེ་མཆེད་ལ་སོགས་པའི་རང་བཞིན་གྱིས་དམ་ཚིག་གི་དཀྱིལ་འཁོར་གྱི་དོན་དུ་ཡབ་ཀྱི་ཞལ་ནས་ཞུགས་ཨ་ཝ་དྷཱུ་ཏཱི་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་བྷ་གར་བབས་པ་སྔགས་ཀྱི་རང་བཞིན་དཀྱིལ་འཁོར་དུ་ཇི་ལྟར་འགོད་པ་བཞིན་དབུས་དང་ཕྱོགས་མཚམས་སུ་ཨཿཨ་ཨཱ། ཨཾ་ཨཿཧ་ཧཱ། ཧཾ་ཧཱཿནུས་མའི་ཨོཾ་ཨཱཿཧཱུྃ་ཧོཿདུང་སོགས་ཀྱི། ཨ་རྀ་ཨུ་ལྀ། གཤེགས་པ། ཨཱ་རཱྀ་ཨཱུ་ལཱི། གཤེགས་མ། ཧི་ཧཱི་སྲྀ་སྲཱྀ་ཧུ་ཧཱུ་ྀ་ུ་ཧཾ་ཧཿབུམ་པའི། ཡཾ་ལཱ་རཾ་ཝཱ་ཝཾ་རཱ་ལཾ་ཡཱ། ཁྲོ་བོའི། ཨ་ཨེ་ཨར་ཨོ་ཨལ་ཨཾ། སེམས་དཔའི། ཨཱ་ཨཻ་ཨཱར་ཨཽ་ཨཱ་ལ་ཨཱཾཿསེམས་མའི། གསུང་གི ཧ་དབུས། ཧི་ཡ་ཡི་ཡརྀ་ཧཱི་ཡུ་ཡལ་ཡཾ་བརྒྱད་ཀྱིས་བསྐོར་བ། དེ་བཞིན། ཀྵ་ཀྵི་ཡཱ་ཡཱི་ཡརྀ་ཀྵཱྀ་ཡཱུ་ཡལཱྀ་ཡཱཿདང་། ཧཿསྲྀར་རི་རྀ་སྲཱི་རུ་རླྀ་རཾ་དང་། ཀྵཿཀྵྀ་རྀ་རཱྀ་རཱྀ་ཀྵཱྀ་རཱ་རླཱྀ་རཿདང་། ཧཾ་ཧུ་ཝ་ཝི་ཝརྀ་ཧཱུ་ཝུ་ཝལྀ་ཝཾ་དང་། ཀྵཾ་ཀྵ་ཝཱ་ཝཱི་ཝརཱྀ་ཀྵུ་ཝུ་ཝལཱྀ་ཝཱཿདང་། ཧཱ་ྀ་ལ་ལྀ་ལརྀ་ྀུ་ལུ་ལླྀ་ལཾ། ཀྵཱ་ཀླལྀ་ལཱ་ལཱྀ་ལརཱྀ་ཀླལྀ་ྀ་ལཱུ་ལླྀུ་ལཿལྷ་མོ་རྣམས། ཛཱ་ཙ། ཉ་ཉི་ཉྀ་ཉུ་དང་ཉྴྀ་ཉྭཾ། ཛྷྱ་ཛྷྱི་ཛྷྱརྀ་ཛྷྱུ་ཊྐྀ་ཛྷྱཾ་དང་། ཛ་ཛི་ཛུ་ཛལྀ་ཛྀ། ཚྀ་ཚི་ཚརྀ་ཚུ་ཚླྀ་ཚཾ། ཙ་ཙི་ཙརྀ་ཙུ་ཙླྀ་ཙཾ་དང་། ཛྭཱྀ་ཉཿཙཱ་ཙཱྀ་ཙྲྀ་ཙུ་དང་། ཙླཱྀ་ཙཿཚཱ་ཚཱྀ་ཚྲཱ་ཚཱུ་ཚླཱྀ་ཚཿཛཱ་ཛཱྀ་ཛཱུ་ཛལཱྀ་ཛཿཛྷྱཱ་ཛྷྱཱི་ཛྷྱཱྀ་ཛྷྱཱ་ཛལཱྀ་ཛྷྱཿཉཱ་ཉཱི་རཱྀ་ཉཱུ་ཉྴཱྀ་ཉཿཊརྀཊཾ། ཎ་ཎི་ཎརྀ་ཎུ་དང་། ཎལྀ་ཎཾ། ཌྷྜྷ་ཌྷྜྷི་ཌྷྜྷརྀ་ཌྷྜྷ་ཌྷྜྷལྀ་ཌྷྜྷཾ་དང་། ཌ་ཌ་ཌུ་ཌཱི་ཌ། ཋ་ཋི་ཌྒྀ་ཋུ་ཋལྀ་ཋཾ། ཊ་ཊི་ཊརྀ་ཊུ་ཊཱཾ་ཊ། ཊྶཱྀ་ཎཿཊཱ་ཊཱི་ཊྶཱྀ་ཊཱུ་དང་། ལཱ་ཊཱཿཋཱ་ཋཱི་ཋ྄རཱྀ་ཋཱུ་ཐལཱྀ་ཋཱཿདང་། ཌཱུ་ཌཱི་ཌཱུ་ལཱྀ་ཌཱཿ ཌྷྜྷཱ་ཌྷྜྷཱི་ཌྷྭཱྀ་ཌྷྜྷཱུ་ཌྷྜྷཱྀ་ཌྷྜྷཿཎཱ་ཎཱི་ཎ྄རྀའ་ཎཱུ་ནལཱྀ་ཎཿབྲྀ་བཾ། མ་མི་མྲྀ་མུ་དང་། མླྀ་མཾ། བྷ་བྷི་བྷྲྀ་བྷུ་བྷལྀ་བྷ་དང་། བ་བི་བུ་བླྀ་བཾ། ཕ་ཕི་ཕྲྀ་ཕུ་ཕལྀ་ཕཾ། པ་པི་པྲྀ་པུ་པླྀ་པཾ། པྲཱྀ་མཿཔཱ་པཱི་པྲཱྀ་པཱུ་དང་། པླཱྀ་པཿཕཱ་ཕཱི་ཕྲཱྀ་ཕཱུ་ཕལཱྀ་ཕ་དང་། བཱ་བཱི་བཱུ་བླཱྀ་བཿབྷཱ་བྷཱི་བྷྲཱྀ་བྷཱུ་བྷལཱྀ་བྷཿམཱ་མཱི་མྲཱྀ་མཱུ་མླཱྀ་མཿདྲྀ་ཏ། ན་ནི་ནྲྀ་ནུ་དང་། ནལ་ནཾ། དྷ་དྷི་དྷྲྀ་དྷུ་དྷལ་དྷཾ་དང་། ད་དི་དུ་དལྀ་དཾ། ཐ་ཐི་ཐྲི་ཐུ་ཐལཱྀ་ཐཾ། ཏ་ཏི་ཏྲཾ་ཏུ་ཏལྀ་ཏཾ། དྲཱྀ་ཎཿ ཏཱ་ཏཱ་ཏྲཱྀ་ཏཱུ་དང་། ཏལྀ་ཏཱུ་དང་། ཏལྀ་ཏཿཐཱ་ཐཱི་ཐྲཱྀ་ཐཱུ་ཐལཱྀ་ཐཿདང་། དཱ་དཱི་དཱུ་དལྀ་དཿདྷཱ་དྷཱི་དྷྲཱྀ་དྷཱུ་ངཱ་དྷཿནཱ་ནཱི་ནྲཱྀ་ནཱུ་ནལཱྀ་ནཿཥརྀསཾ། ཐཀ་ཐཀི་ཐཀྲྀ་ཐཀུ་དང་། ཐཀླྀ་ཐཀཾ། ཤ་ཤི་ཤྲྀ་ཤུ་ཤླྀ་ཤཾ་དང་། ཥ་ཥི་ཥུ་ཥལྀ་ཥཾ། པ་པི་པྲྀ་པུ་པླྀ་པཾ། ས་སི་སྲྀ་སུ་སླྀ་སཾ། ཥརྀ་ཐཀཿསཱ་སཱི་སྲཱྀ་སཱུ་དང་། སླཱྀ་སཾཿཔཱ་པཱི་པྲཱྀ་པཱུ་པླཱྀ་པཱཿ དང་། ཥཱ་ཥཱི་ཥཱུ་ཥལཱྀ་ཥཿཤཱ་ཤཱ་ཤྲཱྀ་ཤཱུ་ཤླྀུ་ཤཿཐཀཱཐཀཱི་ཐཀྲཱྀ་ཐཀཱུ་ཐཀླཱྀ་ཐཀཿ གྲྀ་ཀཾ། ང་ངི་ངརྀ་ངུ་དང་། ངླྀ་ངཾ། གྷ་གྷི་གྷྲྀ་གྷུ་གྷླྀ་གྷཾ་དང་། ག་གི་གུ་གླྀ་གཾ །ཁ་ཁི་ཁྲི་ཁུ་ཁླྀ་ཁཾཾ། ཀ་ཀི་ཀྲྀ་ཀུ་ཀླྀ་ཀཾ། གྲཱྀ་ངཿཀཱ་ཀཱི་ཀྲཱྀ་ཀཱུ་དང་། ཀླྀ་ཀཿཁཱ་ཁཱི་ཁྲཱྀ་ཁཱུ་ཁླཱྀ་ཁཿདང་། གཱ་གཱི་གཱུ་གླཱྀ་གཿགྷཱ་གྷཱི་གྷཱྀ་གྷཱུ་གྷླཱྀ་གྷཿངཱ་ངཱི་ངརཱྀ་ངཱུ་ངླཱྀ་ངཿཚེས་ལྷ་རྣམས་ཀྱི། ཧཾ་ཧཿཡཾ་ལཱཿརཾ་ཝཱཿཝཾ་རཱཿལཾ་ལཱཿ ཧཾ་ཧཱཿསྒོ་བསྲུང་གི ་ུ་སྲ་སྲཱ་སྲ་སྲཱ་་ུ། ཀླུའི། ཀྑགྒྷང་ཙྪཛྫ་ལཝརྻཀྵ་ཋཋ་ལཝརྻཧ་པཕབྦྷ་སཔྈྐ་ཏྠདྡྷྣ། འབྱུང་པོའི། ཙྪཛྫ་ཙྪཛྫུ་ཋཌྜྷ་ཋཌྜྷཱ་པཕབྦྷ་པཕབབྷྨཱ་ཏྠདྡྷྣ་ཏྠདྡྷྣཱ་ཀྑགྒྷང་ཀྑགྒྷངཱ་སཔྈྐ་སཔྈྐཱ། མཆོད་ལྷ། ཙཿཚཿཛཿཛྷྱཿཉཿཊཿཋཿཌཿཌྷྜྷཿཎཿཔཿཕཿབཿབྷཿམཿཏཿཐཿ དཿདྷཿནཿསཿཉྥཿཥཿཤཿཐཀཿལཿཝཿརཿཡཿཧཿཀཿཁཿགཿབྷཿདཿཀྵཿ ཉཾ་ཛྷྱཾ་ཛཾ་ཚཾ་ཙཾ། ཎཾ་ཌྷྜྷཾ་ཌཾ་ཋཾ་ཊཾ། མཾ་བྷཾ་བཾ་ཕཾ་པཾ། ནཾ་དྷཾ་དཾ་ཐཾ་ཏཾ། ཐཀཾ་ཤཾ་ཥཾ་ཉྥཾ་སཾ་ཧཾ་ཡཾ་རཾ་ཝཾ་ལཾ་དཾ་གྷཾ་གཾ་ཁཾ་ཀཾ་ཀྵཾ། འདོད་མ་དང་ཕྱིར་འདོད་མ་རྣམས་ཀྱི། ས་བོན་དེ་རྣམས་ཡོངས་སུ་གྱུར་པ་ལས་ཡེ་ཤེས་ཀྱི་དབུས་ཀྱི་རྡོ་རྗེ། ཕྱོགས་སྤོས་སྣོད། མར་མེ། འོ་མའི་སྣོད། དུང་། མཚམས་རྔ་ཡབ། ཐུགས་ཀྱི་དུང་སོགས་དང་བུམ་པའི་རྣམས་དེ་དག་ཉིད། ལིང་ཚེ་ཤར་དང་སྒོ་དེའི་གཡས་མ་གཉིས། རལ་གྲི། ལྷོ་དང་སྒོ་དེའི་གཡས་བདེན་བྲལ་གཉིས་རིན་པོ་ཆེ། བྱང་དང་སྒོ་དེའི་གཡས་དབང་ལྡན་གཉིས་པདྨ། ནུབ་དང་སྒོ་དེའི་གཡས་རླུང་གཉིས་འཁོར་ལོ། །སྒོའི་གཡོན་རྣམས་རྡོ་རྗེ། གསུང་གི་གྲི་གུག འཁོར་ལོ། དབྱུག་པ། མདུང་ཐུང་། རྩེ་གསུམ། པདྨ། རྡོ་རྗེ། སྣོད་རེ་ལ་བརྒྱད་བརྒྱད་ཀྱིས་བསྐོར་བ། སྐུ་ལ་རལ་གྲི། རལ་གྲི་ཉི་ཤུ་རྩ་བརྒྱད་ཀྱིས་བསྐོར་བ། དེ་བཞིན་དཔག་བསམ། ཤཱཀྟི། མདུང་། ཞགས་པ། དགྲ་སྟ། རྡོ་རྗེ། ཁབ། རྩེ་གསུམ། བེ་ཅོན། འཁོར་ལོ། དབྱུག་པ། ཚེས་ཀྱི། དབྱུག་པ། མདའ། གཏུན་ཤིང་། བེ་ཅོན། སྟེང་དུ་རྡོ་རྗེ། འོག་ཏུ་རྩེ་གསུམ། སྒོ་བའི། རྒྱལ་མཚན་བཀྲ་ཤིས་པདྨ་རྡོ་རྗེ་ཟུང་། ཀླུའི། གྲི་གུག་བརྒྱད། འབྱུང་པོའི། ལྷག་མ་རྣམས་ཕྱག་མཚན་དང་པོ་དེ་རྣམས་ཡོངས་སུ་གྱུར་པ་ལས། ཡེ་ཤེས་དང་ཐུགས་གསུང་སྐུའི་ལྷ་ཚོགས་སུ་གྱུར་པ་བྷ་ག་ནས་ཕྱིར་རིམ་པ་བཞིན་འཐོན་པའི་མི་བསྐྱོད་པ་དང་རྡོ་རྗེ་དབྱིངས་ཕྱུག་མ་གཉིས་ཀ་ལྗང་ཁུ་ལྗང་དམར་དཀར་བའི་ཞལ་ཅན་ནས་གཙོ་བོ་ཡབ་ཡུམ་ལ་ཐིམ། ཡེ་ཤེས་ཀྱི་འཁོར་ལོའི་ཤར་དང་མེའི་འདབ་མར་ནག་མོ་འབར་མ་དང་དུ་བ་མ་གཉིས་ནག་མོ་ནག་དམར་དཀར་སེར་བའི་ཞལ་ཅན་དང་པོའི་ཕྱག་བརྒྱད་ཀྱི་གཡས་སྤོས། ཙན་དན་གུར་ཀུམ་ག་པུར་གླ་རྩི་སྦྱར་བའི་སྣོད་གཡོན་དྲིལ་བུ། པདྨ། ལྷ་ཤིང་གི་མེ་ཏོག འཕྲེང་བ་འཛིན་པ། ལྷོ་དང་སྲིན་པོར་དམར་མོ་འབར་བ་དང་སྨིག་སྒྱུ་མ་གཉིས་དམར་མོ་དམར་སེར་སྔོ་དཀར་བའི་ཞལ་ཅན་དང་པོའི་ཕྱག་བརྒྱད་ཀྱི་གཡས་མར་མེ། དོ་ཤལ། ཅོད་པན། གདུ་བུ། གཡོན་ན་བཟའ། སྐ་རགས། རྣ་རྒྱན། རྐང་གདུབ་འཛིན་པ། བྱང་དང་དབང་ལྡན་དུ་དཀར་མོ་འབར་མ་དང་མཁའ་སྣང་མ་གཉིས་དཀར་མོ་དཀར་ནག་སེར་དམར་བའི་ཞལ་ཅན། དང་པོའི་ཕྱག་བརྒྱད་ཀྱི་གཡས་འོ་མ་ཆུ། མཆོག་གི་སྨན། ཆང་གི་སྣོད། གཡོན་བདུད་རྩི། གྲུབ་པའི་བཅུད། ཨ་རུ་ར། ཟན་གྱི་སྣོད་འཛིན་པ། ནུབ་དང་རླུང་དུ་སེར་མོ་འཕར་མ་དང་མར་མེ་མ་གཉིས་སེར་མོ་སེར་དཀར་དམར་སྔོ་བའི་ཞལ་ཅན། དང་པོའི་ཕྱག་བརྒྱད་གྱི་གཡས་དུང་། གླིང་བུ། ནོར་བུ། ཌ་མ་རུ། གཡོན་རྒྱུད་མངས། རྔ། མཁར་རྔ། ཟངས་དུང་། མཚམས་མ་ཐམས་ཅད་ཕྱག་བརྒྱད་ན་རང་རང་གི་མདོག་ཅན་གྱི་རྔ་ཡབ་འཛིན་པ། ཞལ་རེ་རེ་ལ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་རྒྱ་ལྔས་བརྒྱན་པ། རྡོ་རྗེ་སེམས་དཔའ་ཅོད་པན་ཅན་མཉམ་པའི་འདུག་སྟངས་ཀྱིས་བཞུགས་པའོ། །ཟུར་བཞིའི་དབང་ལྡན་དུ་ཆོས་ཀྱི་དུང་དཀར་པོ། བདེན་བྲལ་དུ་ཆོས་ཀྱི་གཎྜྻི་དམར་པོ། མེར་ནོར་བུ་ནག་པོ། རླུང་དུ་དཔག་བསམ་གྱི་ཤིང་སེར་པོ། དོན་གྲུབ་སྤྱན་མས་འཁྱུད་པ་བདེ་གཤེགས་འབར་མའི་ཤར་གྱི་ལིང་ཚེར། སྒྲོལ་མ་རྣམ་སྣང་གིས་འཁྱུད་པ་མེར། ཁྲོ་བོ་བགེགས་མཐར་བྱེད་རེངས་བྱེད་མས་འཁྱུད་པ་ཤར་སྒོ། ནམ་མཁའི་སྙིང་པོ་དྲི་རྡོ་རྗེ་མས་འཁྱུད་པ་ཤར་སྒོའི་གཡས་སུ། རེག་བྱ་རྡོ་རྗེ་མ་སྒྲིབ་པ་རྣམ་སེལ་གྱིས་འཁྱུད་པ་མེར། འཁྱུད་བྱ་ཐམས་ཅད་ནག་པོ་གཡས་སྐོར་གྱི་ནག་དམར་དཀར་བའི་ཞལ་ཅན། འཁྱུད་བྱེད་ཐམས་ཅད་སེར་པོ་སེར་དཀར་ནག་པའི་ཞལ་ཅན། རིན་འབྱུང་མཱ་མ་ཀཱིས་འཁྱུད་པ་ལྷོའི་ལིང་ཚེར། གོས་དཀར་མོའི་དཔག་མེད་ཀྱིས་འཁྱུད་པ་བདེན་བྲལ། ཁྲོ་བོ་ཤེས་རབ་མཐར་བྱེད་ཁེངས་བྱེད་མས་འཁྱུད་པ་ལྷོ་སྒོར། ས་སྙིང་གཟུགས་རྡོ་རྗེ་མས་འཁྱུད་པ་ལྷོ་སྒོའི་གཡས་སུ། རོ་རྡོ་རྗེ་མ་འཇིག་རྟེན་དབང་ཕྱུག་གིས་འཁྱུད་པ་བདེན་བྲལ་དུ་འཁྱུད་བྱ་ཐམས་ཅད་དམར་པོ་དམར་དཀར་ནག་པའི་ཞལ་ཅན། འཁྱུད་བྱེད་ཐམས་ཅད་དཀར་པོ་དཀར་ནག་དམར་བའི་ཞལ་ཅན། འོད་དཔག་མེད་གོས་དཀར་མོས་འཁྱུད་པ་བྱང་གི་ལིང་ཚེར། མཱ་མ་ཀཱི་རིན་འབྱུང་གིས་འཁྱུད་པ་དབང་ལྡན། ཁྲོ་བོ་པདྨ་མཐར་བྱེད་རྨུགས་བྱེད་མས་འཁྱུད་པ་བྱང་སྒོར། འཇིག་རྟེན་དབང་ཕྱུག་རོ་རྡོ་རྗེ་མས་འཁྱུད་པ་བྱང་སྒོའི་གཡས་སུ། གཟུགས་རྡོ་རྗེ་མ་སའི་སྙིང་པོས་འཁྱུད་པ་དབང་ལྡན་དུ། འཁྱུད་བྱ་ཐམས་ཅད་དཀར་པོ་དཀར་ནག་དམར་བའི་ཞལ་ཅན། འཁྱུད་བྱེད་ཐམས་ཅད་དམར་པོ་དམར་དཀར་ནག་པའི་ཞལ་ཅན། རྣམ་སྣང་སྒྲོལ་མས་འཁྱུད་པ་ནུབ་པའི་ལིང་ཚེར། སྤྱན་མ་དོན་གྲུབ་གྱིས་འཁྱུད་པ་རླུང་དུ། ཁྲོ་བོ་གཤིན་རྗེ་མཐར་བྱེད་རབ་བརྩེན་མས་འཁྱུད་པ་ནུབ་སྒོར། སྒྲིབ་པ་རྣམ་སེལ་རེག་བྱ་རྡོ་རྗེ་མས་འཁྱུད་པ་ནུབ་སྒོའི་གཡས་སུ། དྲི་རྡོ་རྗེ་མ་ནམ་མཁའི་སྙིང་པོས་འཁྱུད་པ་རླུང་དུ། འཁྱུད་བྱ་ཐམས་ཅད་སེར་པོ་སེར་དཀར་ནག་པའི་ཞལ་ཅན། འཁྱུད་བྱེད་ཐམས་ཅད་ནག་པོ་ནག་དམར་སེར་བའི་ཞལ་ཅན། ཕྱག་ན་རྡོ་རྗེ་སྒྲ་རྡོ་རྗེ་མས་འཁྱུད་པ་ལྷོ་སྒོའི་གཡས་སུ། ཆོས་དབྱིངས་རྡོ་རྗེ་མ་ཀུན་ཏུ་བཟང་པོས་འཁྱུད་པ་ནུབ་སྒོའི་གཡོན་དུ། གཉིས་ལྗང་ཁུ་ལྗང་དམར་དཀར་བའི་ཞལ་ཅན་དང་། ཀུན་ཏུ་བཟང་པོ་ཆོས་དབྱིངས་རྡོ་རྗེ་མས་འཁྱུད་པ་ཤར་སྒོའི་གཡོན་དུ། སྒྲ་རྡོ་རྗེ་མ་ཕྱག་རྡོར་གྱིས་འཁྱུད་པ་བྱང་སྒོའི་གཡོན་དུ། གཉིས་སྔོན་པོ་སྔོ་དམར་དཀར་བའི་ཞལ་ཅན་བརྒྱད་ཀ་ཕྱག་དྲུག་གི སངས་རྒྱས་དང་སེམས་དཔའ་པདྨ་དཀར་པོ་དང་ཉི་མ་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་ལ། ཡུམ་པདྨའི་འདུག་སྟངས་ཀྱིས་འཁྱུད་པ། གཤེགས་མ་དང་སེམས་མ་པདྨ་དམར་པོ་དང་ཟླ་བའི་གདན་གྱི་སྟེང་དུ་པདྨའི་གདན་གྱིས་བཞུགས་པ་ལ་ཡབ་རྡོ་རྗེའི་གདན་གྱིས་འཁྱུད་པ། ཐམས་ཅད་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་པ། དོན་གྲུབ། རིན་འབྱུང་། རིན་འབྱུང་། འོད་དཔག་མེད། འོད་དཔག་མེད། རྣམ་སྣང་། རྣམ་སྣང་། མི་བསྐྱོད་པའི་ཅོད་པཎ་ཅན། གཞན་རྣམས་ལ་རང་རིགས་ཀྱི་གཙོ་བོའི་ཕྱག་མཚན་གྱིས་རྒྱས་བཏབ་པ་ཡབ་ཕྱག་རྒྱ་དྲུག ཡུམ་རྣམས་ལ་ཕྱག་རྒྱ་ལྔས་བརྒྱན་ཅིང་ལྷ་རྫས་གྱིས་ན་བཟའ་མཛེས་པ། ཁྲོ་བོ་ཐམས་ཅད་ཀྱང་ནས། ཤམ་ཐབས་ཞེས་པའི་བར་སྲུང་འཁོར་བཞིན་པད་དཀར་ཉི་མའི་སྟེང་དུ་གཡས་བརྐྱང་གིས་བཞུགས་པ་ལ་ཁྲོ་མོ་རྣམས་གཡོན་བརྐྱང་གི་སྟབས་ཀྱིས་འཁྱུད་པ། བདེ་གཤེགས་བཞིའི་གཡོན་དང་གཡས་ཀྱི་ལིང་ཚེར། རྐང་དག་པའི་བུམ་པ་གཉིས་ཤར་དུ། ཁྲག་དག་པའི་བུམ་པ་གཉིས་ལྷོར། དྲི་ཆུ་དག་པའི་བུམ་པ་གཉིས་བྱང་དུ། །དྲི་ཆེན་དག་པའི་བུམ་པ་གཉིས་ནུབ་ཏུ། ཁུ་བ་དང་རྡུལ་དག་པའི་བུམ་པ་གཉིས་སྟེང་འོག་ཏུ་པདྨའི་གདན་ལ་གནས་ཤིང་པདྨས་ཁ་བརྒྱན་པ། གསུང་དཀྱིལ་ཀྱི་པདྨ་ཤར་མར་ཙ་རྩི་ཀ་དབང་པོས་འཁྱུད་པ་རོ་དམར་པོའི་སྟེང་གི་པདྨའི་ལྟེ་བ། འདབ་མར་གཡས་སྐོར་གྱིས་འཇིགས་མ་དང་། དྲག་མོ་དང་། དུས་ཀྱི་མཆེ་བ་མ་དང་། མེ་འབར་གདོང་མ་དང་། རླུང་ཤུགས་མ་དང་། རབ་གཏུམ་མ་དང་། དྲག་སྤྱན་མ་དང་། སྣ་ཆེན་མས་བསྐོར་བ། ཐམས་ཅད་ནག་པོ་ཞལ་གཅིག་ཕྱག་བཞིའི་གཡས་ན་གྲི་གུག་དང་རྩེ་གསུམ། གཡོན་ཐོད་པ་དང་ཁ་ཊཱཾ་ག མེར་ཁྱབ་འཇུག་མ་ཚངས་པ་གདོང་བཞིས་འཁྱུད་པ་མཁའ་ལྡིང་གི་སྟེང་གི་པདྨའི་ལྟེ་བ། འདབ་མར། གཡང་མོ་དང་། སྒྱུ་མ་དང་། གྲགས་མ་དང་། དཔལ་མོ་དང་། རྣམ་པར་རྒྱལ་མ་དང་། དཔལ་ལྡན་རྒྱལ་མ་དང་། རྒྱལ་བྱེད་མ་དང་། དཔལ་ལྡན་འཁོར་ལོ་ཅན་མས་བསྐོར་བ་ཐམས་ཅད་ནག་མོ་ཞལ་གཅིག་ཕྱག་བཞིའི་གཡས་ན་འཁོར་ལོ་དང་བེ་ཅོན། གཡོན་ན་པདྨ་དང་དུང་། ལྷོར་ཕག་མོ་དྲག་པོས་འཁྱུད་པ་མ་ཧེའི་སྟེང་གི་པདྨའི་ལྟེ་བ། འདབ་མར། ཀེང་རུས་མ་དང་། དུས་མཚན་མ་དང་། རབ་ཏུ་ཁྲོས་པའི་གདོང་མ་དང་། དུས་ཀྱི་ལྕེ་དང་། གཙིགས་མ་དང་། ནག་མོ་དང་། འཇིགས་རུང་མ་དང་། གཟུགས་ངན་མས་བསྐོར་བ། ཐམས་ཅད་དམར་བ་ཞལ་གཅིག་ཕྱག་བཞིའི་གཡས་ན་དབྱུག་པ་དང་རལ་གྲི། གཡོན་ན་ལྕགས་སྒྲོག་དང་ཕུར་བུ། བདེན་བྲལ་དུ་གཞོན་ནུ་མ་ཚོགས་བདག་གིས་འཁྱུད་པ་རྨ་བྱའི་སྟེང་གི་པདྨའི་ལྟེ་བ། འདབ་མར། པདྨ་དང་། ལུས་མེད་མ་དང་། གཞོན་ནུ་མ་དང་། རི་དྭགས་བདག་པོས་འགྲོ་མ་དང་། རིན་ཆེན་འཕྲེང་དང་། མིག་བཟང་མ་དང་། རུལ་མ་དང་། བཟང་མོས་བསྐོར་བ། ཐམས་ཅད་དམར་པོ་ཞལ་གཅིག་ཕྱག་བཞིའི་གཡས་ན་མདུང་ཐུང་དང་ལྕགས་ཀྱུ། གཡོན་ན་རིན་པོ་ཆེ་དང་ཞགས་པ། བྱང་དུ་དྲག་མོ་གཤིན་རྗེས་འཁྱུད་པ་ཁྱུ་མཆོག་གི་སྟེང་གི་པདྨའི་ལྟེ་བ། འདབ་མར། གཽ་རཱི་མ་དང་། གདྒཱ་མ་དང་། རྟག་མ་དང་། མྱུར་མ་དང་། ཏོ་ཏི་ལཱ་དང་། མཚན་བྱེད་མ་དང་། དམར་སེར་མ་དང་། ནག་མོས་བསྐོར་བ། ཐམས་ཅད་དཀར་མོ་ཞལ་གཅིག་ཕྱག་བཞིའི་གཡས་ན་རྩེ་གསུམ་དང་ཌ་མ་རུ། གཡོན་ན་ཁ་ཊྶཱཾ་དང་སྦྲུལ། དབང་ལྡན་དུ་དཔལ་ཆེན་མོ་གདོང་དྲུག་གིས་འཁྱུད་པ་སེང་གེའི་སྟེང་གི་པདྨའི་ལྟེ་བ། འདབ་མར། དཔལ་ལྡན་དཀར་མོ་དང་། ཟླ་བའི་རི་མོ་དང་། རི་བོང་འཛིན་པའི་གདོང་མ་དང་། ངང་པའི་མདོག་མ་དང་། འཛིན་མ་དང་། པདྨའི་དབང་མོ་དང་། སྐར་མིག་མ་དང་། དྲི་མེད་རི་བོང་འཛིན་མས་བསྐོར་བ། ཐམས་ཅད་དཀར་མོ་ཞལ་གཅིག་ཕྱག་བཞིའི་གཡས་ན་པདྨ་དང་བགྲང་འཕྲེང་། གཡོན་ན་མེ་ཏོག་དང་རིན་པོ་ཆེ། ནུབ་ཏུ་དབང་མོ་བདེན་བྲལ་གྱིས་འཁྱུད་པ་གླང་པོ་ཆེའི་སྟེང་གི པདྨའི་ལྟེ་བ། འདབ་མར། རྡོ་རྗེའི་འོད་མ་དང་། རྡོ་རྗེའི་ལུས་མ་དང་། གསེར་ལྡན་མ་དང་། ཨུར་བ་སཱི་དང་། བཀྲ་བའི་རི་མོ་དང་། རམྦྷ་དང་། ཟུག་རྔུ་མེད་མ་དང་། ཤིན་ཏུ་སྒྲོལ་མས་བསྐོར་བ། ཐམས་ཅད་སེར་མོ་ཞལ་གཅིག་ཕྱག་བཞིའི་གཡས་ན་རྡོ་རྗེ་དང་མདའ། གཡོན་ན་དྲིལ་བུ་དང་གཞུ། རླུང་དུ་ཚངས་མ་གདོང་བཞི་ཁྱབ་འཇུག་གིས་འཁྱུད་པ་ངང་པའི་སྟེང་གི་པདྨའི་ལྟེ་བ། འདབ་མར། སཱ་བི་ཏྲཱི་དང་། པདྨའི་མིག་དང་། ཆུ་སྐྱེས་ཅན་མ་དང་། གློག་མ་དང་། ངག་གི་དབང་ཕྱུག་མ་དང་། ག་མ་ཏྲཱི་དང་། གློག་མ་དང་། དྲན་མས་བསྐོར་བ། ཐམས་ཅད་སེར་མོ་ཞལ་གཅིག་ཕྱག་བཞིའི་གཡས་ན་པདྨ་དང་ཚངས་པའི་དབྱུག་པ། གཡོན་ན་སྤྱི་བླུགས་དང་ལྷུང་བཟེད། གཙོ་བོ་རྣམས་ས་གའི་སྟབས་ཀྱིས་བཞུགས་ཤིང་དཀྱིལ་འཁོར་གྱི་གཙོ་བོ་ལ་མངོན་དུ་ཕྱོགས་པ་ཡབ་རྣམས་ས་གའི་སྟབས་ཀྱིས་འཁྱུད་པ། འཁོར་རྣམས་ནི་རོལ་པའི་སྟབས་ཀྱིས་བཞུགས་ཤིང་། ཐམས་ཅད་ཀྱང་སྤྱན་གསུམ་པ། རང་རིགས་ཀྱི་ཕྱག་རྒྱས་བཏབ་པའི་ཅོད་པན་སོགས་ལྷའི་རྒྱན་དང་གོས་ཀྱིས་སྤྲས་པ། སྐུའི་དཀྱིལ་འཁོར་གྱི་སྣམ་བུའི་ཤར་སྒོའི་གཡས་སུ་སྲིན་པོ་ཛྭཾ་རྡོ་རྗེ་མས་འཁྱུད་པ་རོ་དམར་པོའི་སྟེང་གི་པདྨའི་ལྟེ་བ། འདབ་མར་ཉ་རྡོ་རྗེ་མ་སོགས་ནག་པོ་ཟླ་བའི་ཚེས་ཀྱི་ལྷ་མོ་ཉེར་བརྒྱད་འདབ་མ་རིམ་པ་གསུམ་ལ་རིམ་པ་བཞིན་བསྐོར་བ་ཐམས་ཅད་ནག་པོ་ཞལ་གཅིག་ཕྱག་བཞི་པ་ཞེས་ནས་ཐོད་པ་འཛིན་པའི་བར་བསྲུང་འཁོར་གྱི་བདེན་བྲལ་བཞིན། མེར་རླུང་ལྷ་ཛྭཱྀ་རྡོ་རྗེ་མས་འཁྱུད་པ་ཤ་བའི་སྟེང་གི་པདྨའི་ལྟེ་བ་འདབ་མར་ཙཱ་རྡོ་རྗེ་མ་སོགས་ས་ག་ཟླ་བའི་ཚེས་ཀྱི་ལྷ་མོ་རྣམས་ཀྱིས་བསྐོར་བ། ཐམས་ཅད་ནག་པོ་ཞལ་གཅིག་ཨུཏྤལ་སྔོན་པོ་འཛིན་པ་རླུང་ལྷ་བཞིན། ལྷོ་སྒོའི་གཡས་སུ་མེ་ལྷ་རི་རྡོ་རྗེ་མས་འཁྱུད་པ་ལུག་གི་སྟེང་གི་པདྨའི་ལྟེ་བ། འདབ་མར་ཎ་རྡོ་རྗེ་མ་སོགས་སྣོན་གྱི་ཟླ་བའི་ཚེས་ཀྱི་ལྷ་མོ་རྣམས་ཀྱིས་བསྐོར་བ། ཐམས་ཅད་དམར་པོ་ཞལ་གཅིག་སྤྱི་བླུགས་འཛིན་པ་མེ་ལྷ་བཞིན། ལྷོ་ནུབ་ཏུ་གདོང་དྲུག་རྀ་རྡོ་རྗེ་མས་འཁྱུད་པ་རྨ་བྱའི་སྟེང་གི་པདྨའི་ལྟེ་བ། འདབ་མར་ཊཱ་རྡོ་རྗེ་མ་སོགས་ཆུ་སྟོད་ཟླ་བའི་ཚེས་ཀྱི་ལྷ་མོ་རྣམས་ཀྱིས་བསྐོར་བ། ཐམས་ཅད་དམར་པོ་ཞལ་གཅིག་ཕྱག་བཞིའི་གཡས་ན་མདུང་ཐུང་དང་མདུང་། གཡོན་ན་རིན་པོ་ཆེ་དང་མེ་ལོང་འཛིན་པ། བྱང་སྒོའི་གཡས་སུ་ཆུ་ལྷ་བརྀ་རྡོ་རྗེ་མས་འཁྱུད་པ་ཆུ་སྲིན་གྱི་སྟེང་གི་པདྨའི་ལྟེ་བ་འདབ་མར་མ་རྡོ་རྗེ་མ་སོགས་གྲོ་བཞིན་ཟླ་བའི་ཚེས་ཀྱི་ལྷ་མོ་རྣམས་ཀྱིས་བསྐོར་བ། ཐམས་ཅད་དཀར་པོ་ཞལ་གཅིག་ཆུ་ཤེལ་འཛིན་པ་ཆུ་ལྷ་བཞིན། དབང་ལྡན་དུ་ཚོགས་བདག་བརྀ་རྡོ་རྗེ་མས་འཁྱུད་པ་བྱི་བའི་སྟེང་གི་པདྨའི་ལྟེ་བ་འདབ་མར་སྭ་རྡོ་རྗེ་མ་སོགས་ཁྲུམས་སྟོད་ཟླ་བའི་ཚེས་ཀྱི་ལྷ་མོ་རྣམས་ཀྱིས་བསྐོར་བ། ཐམས་ཅད་དཀར་པོ་ཞལ་གཅིག་ཕྱག་བཞི་གཡས་ན་དགྲ་སྟ་དང་རྡོ་རྗེ། གཡོན་ན་ཞགས་པ་དང་རིན་པོ་ཆེ། ནུབ་སྒོའི་གཡས་སུ་དབང་པོ་ངརྀ་རྡོ་རྗེ་མས་འཁྱུད་པ་གླང་པོ་ཆེའི་སྟེང་གི་པདྨའི་ལྟེ་བ། འདབ་མར་ན་རྡོ་རྗེ་མ་སོགས་ཐ་སྐར་ཟླ་བའི་ཚེས་ཀྱི་ལྷ་མོ་རྣམས་ཀྱིས་བསྐོར་བ། ཐམས་ཅད་སེར་པོ་ཞལ་གཅིག་གཞུ་འཛིན་པ་དབང་པོ་བཞིན། རླུང་དུ་ཚངས་པ་དྲཱྀ་རྡོ་རྗེ་མས་འཁྱུད་པ་ངང་པའི་སྟེང་གི་པདྨའི་ལྟེ་བ། འདབ་མར་ཏཱ་རྡོ་རྗེ་མ་སོགས་སྨིན་དྲུག་ཟླ་བའི་ཚེས་ཀྱི་ལྷ་མོ་རྣམས་ཀྱིས་བསྐོར་བ། ཐམས་ཅད་སེར་པོ་ཞལ་གཅིག་སྤྱི་བླུགས་འཛིན་པ་ཚངས་པ་བཞིན། བྱང་སྒོའི་གཡོན་དུ་དྲག་པོ་ཥྀ་རྡོ་རྗེ་མས་འཁྱུད་པ་ཁྱུ་མཆོག་གི་སྟེང་གི་པདྨའི་ལྟེ་བ་འདམ་མར་ཐཀ་རྡོ་རྗེ་མ་སོགས་མགོའི་ཟླ་བའི་ཚེས་ཀྱི་ལྷ་མོ་རྣམས་ཀྱིས་བསྐོར་བ། ཐམས་ཅད་ལྗང་ཁུ་ཞལ་གཅིག་གཞུ་འཛིན་པ་དྲག་པོ་བཞིན། ནུབ་སྒོའི་གཡོན་དུ་གནོད་སྦྱིན་ྀུ་རྡོ་རྗེ་མས་འཁྱུད་པ་སེང་གེའི་སྟེང་གི་པདྨའི་ལྟེ་བ་འདབ་མར་སཱ་རྡོ་རྗེ་མ་སོགས་རྒྱལ་གྱི་ཟླ་བའི་ཚེས་ཀྱི་ལྷ་མོ་རྣམས་ཀྱིས་བསྐོར་བ། ཐམས་ཅད་སྔོན་པོ་ཞལ་གཅིག་པདྨ་འཛིན་པ་གནོད་སྦྱིན་བཞིན། ཤར་སྒོའི་གཡོན་དུ་ཁྱབ་འཇུག་གྲྀ་རྡོ་རྗེ་མས་འཁྱུད་པ་ནམ་མཁའ་ལྡིང་གི་སྟེང་གི་པདྨའི་ལྟེ་བ། འདབ་མར་ང་རྡོ་རྗེ་མ་སོགས་མཆུའི་ཟླ་བའི་ཚེས་ཀྱི་ལྷ་མོ་རྣམས་ཀྱིས་བསྐོར་བ། ཐམས་ཅད་ལྗང་ཁུ་ཞལ་གཅིག་དུང་འཛིན་པ་ཁྱབ་འཇུག་བཞིན། ལྷོ་སྒོའི་གཡོན་དུ་གཤིན་རྗེ་གྲཱི་རྡོ་རྗེ་མས་འཁྱུད་པ་མ་ཧེའི་སྟེང་གི་པདྨའི་ལྟེ་བ་འདབ་མར་ཀཱ་རྡོ་རྗེ་མ་སོགས་དབོའི་ཟླ་བའི་ཚེས་ཀྱི་ལྷ་མོ་རྣམས་ཀྱིས་བསྐོར་བ། ཐམས་ཅད་སྔོན་པོ་ཞལ་གཅིག་ཞགས་པ་འཛིན་པ་གཤིན་རྗེ་བཞིན། ཐམས་ཅད་ཀྱང་གོང་བཞིན་དཀྱིལ་འཁོར་གྱི་དབང་པོ་ལ་ཕྱོགས་པའི་ཚུལ་གྱིས་གཙོ་བོ་རྣམས་རྡོ་རྗེའི་གདན་གྱིས་ལྷ་མོ་རྣམས་རོལ་པའི་སྟབས་ཀྱིས་བཞུགས་པ། གནོད་མཛེས་ལྟ་བུའི་ཤིན་ཏུ་སྔོན་མོས་འཁྱུད་པའི་གཙུག་ཏོར་ཅན་ལྗང་ཁུ་ཞལ་གཅིག་ཕྱག་བཞི་པ་གཡས་གཉིས་ན་དགྲ་སྟ་དང་རྩེ་གསུམ། གཡོན་གཉིས་སྦྲུལ་ཞགས་དང་ཁ་ཊྶཱཾ་ག་འཛིན་པ་སྟེང་གི་ནམ་མཁར་མཁའ་ལྡིང་ཨ་ནཱི་ལས་དྲངས་པའི་ཤིང་རྟ་ལ། ཤར་སྒོར་སྟོབས་པོ་ཆེ་ལྟ་བུའི་འོད་ཟེར་ཅན་མས་འཁྱུད་པའི་དབྱུག་སྔོན་ཅན་ནག་པོ་ཞལ་གཅིག་ནས་སྦྲུལ་འཛིན་པ། ཕག་ནག་པོ་བདུན་གྱིས་དྲངས་པའི་ཤིང་རྟའི་སྟེང་དུ། ལྷོ་སྒོར་མི་གཡོ་བ་ལྟ་བུའི་ཙུན་དས་འཁྱུད་པའི་འདོད་རྒྱལ་དམར་པོ་ཞལ་གཅིག་ཞགས་པ་འཛིན་པ་རྟ་དམར་པོ་བདུན་ཀྱིས་དྲངས་པའི་ཤིང་རྟའི་སྟེང་དུ། བྱང་སྒོར་འདོད་རྒྱལ་ལྟ་བུའི་ཁྲོ་གཉེར་ཅན་མས་འཁྱུད་པའི་མི་གཡོ་བ་དཀར་པོ་ཞལ་གཅིག་མེ་ལོང་འཛིན་པ་སེང་གེ་དཀར་མོ་བདུན་གྱིས་དྲངས་པའི་ཤིང་རྟའི་སྟེང་དུ། ནུབ་སྒོར་དབྱུག་སྔོན་ལྟ་བུའི་ལྕགས་སྒྲོག་མས་འཁྱུད་པའི་སྟོབས་པོ་ཆེ་སེར་པོ་ཞལ་གཅིག་རིན་པོ་ཆེ་འཛིན་པ་གླང་པོ་ཆེ་སེར་པོ་བདུན་གྱིས་དྲངས་པའི་ཤིང་རྟའི་སྟེང་དུ་གཙུག་ཏོར་ཅན་ལྟ་བུའི་དྲག་ཅན་མས་འཁྱུད་པའི་གནོད་མཛེས་ཞལ་གཅིག་ཕྱག་བཞི་པ་གཡས་གཉིས་ན་གྲི་གུག་དང་རྡོ་རྗེ་གཡོན་གཉིས་ན་ཐོད་པ་དང་དྲིལ་བུ་འཛིན་པ། ས་འོག་ཏུ་སེང་གེ་རྐང་པ་བརྒྱད་པས་དྲངས་པའི་ཤིང་རྟའི་སྟེང་དུ། ཐམས་ཅད་ནས་ཤམ་ཐབས་ཅན་གཡས་བརྐྱང་གིས་བཞུགས་པ་ལ་ཁྲོ་བོ་རྣམས་གཡོན་བརྐྱང་གིས་འཁྱུད་པ་སྐུ་དཀྱིལ་འཁོར་གྱི་རྟ་བབས་བཞིའི་ཀ་བ་བརྒྱད་ཀྱི་འོག་ཏུ་འབྱུང་བཞིའི་དཀྱིལ་འཁོར་ལ་སྟོབས་རྒྱུད་དང་པདྨ་ནག་པོ་ཅེ་སྤྱང་གདོང་མ་དང་མཁའ་ལྡིང་གདོང་མས་འཁྱུད་པ་ཤར། ནོར་རྒྱས་དང་དུང་སྐྱོང་དམར་པོ་སྟག་གདོང་མ་དང་འུག་གདོང་མས་འཁྱུད་པ་ལྷོར། རིགས་ལྡན་དང་མཐའ་ཡས་དཀར་པོ་ཕག་གདོང་མ་དང་བྱ་རྒོད་གདོང་མས་འཁྱུད་པ་བྱང་། འཇོག་པོ་དང་པདྨ་ཆེན་པོ་སེར་པོ་ཁྱི་གདོང་མ་དང་བྱ་རོག་གདོང་མས་འཁྱུད་པ་ནུབ། ཐམས་ཅད་ཀྱང་སྦྲུལ་མགོ་ལྔ་པ་ནས་རྡོ་རྗེའི་གདན། སའི་དཀྱིལ་འཁོར་གྱི་དབང་ལྡན་དུ་ཟླ་བ། བདེན་བྲལ་དུ་ཉི་མ། མེ་དང་རླུང་གི་དཀྱིལ་འཁོར་གྱི་མཚམས་ཤར་རྩེ་མོས་འབིགས་པའི་དུར་ཁྲོད་དུ་བསེའི་སྟེང་གི་འཁོར་ལོའི་ལྟེ་བར་ཁྱི་གདོང་མ་ནག་མོ། མེ་ལྷ་མ་ཟ་བའི་དུར་ཁྲོད་དུ་བྷེ་རུཎྜྻའི་སྟེང་གི་འཁོར་ལོའི་ལྟེ་བར་བྱ་རོག་གདོང་མ་ནག་མོ། ལྷོར་རོ་སྲེག་པའི་དུར་ཁྲོད་དུ་དོམ་གྱི་སྟེང་གི་འཁོར་ལོའི་ལྟེ་བར་ཕག་གདོང་མ་དམར་མོ། ལྷོ་ནུབ་མི་བཟད་པའི་གཡུལ་གྱི་དུར་ཁྲོད་དུ་ཁྲུང་ཁྲུང་གི་སྟེང་གི་འཁོར་ལོའི་ལྟེ་བར་བྱ་རྒོད་གདོང་མ་དམར་མོ། བྱང་རུལ་པ་དང་བཅས་པའི་དུར་ཁྲོད་དུ་འབྲིའི་སྟེང་གི་འཁོར་ལོའི་ལྟེ་བར་སྟག་གདོང་མ་དཀར་མོ། དབང་ལྡན་བྱིས་པ་ཤི་བའི་དུར་ཁྲོད་དུ་སྤྱང་གདོང་གི་སྟེང་གི་འཁོར་ལོའི་ལྟེ་བར་འུག་གདོང་མ་དཀར་མོ། ནུབ་རྣག་གི་དྲིའི་དུར་ཁྲོད་དུ་སེང་གེའི་སྟེང་གི་འཁོར་ལོའི་ལྟེ་བར་ཅེ་སྤྱང་གི་གདོང་མ་སེར་མོ། རླུང་སྦྲུལ་གྱིས་ཟོས་པའི་དུར་ཁྲོད་དུ་མིག་སྔོན་གྱི་སྟེང་གི་འཁོར་ལོའི་ལྟེ་བར་མཁའ་ལྡིང་གདོང་མ་སེར་མོ། ཐམས་ཅད་ཀྱང་ཞབས་ཟླུམ་པོའི་སྟབས་ཀྱིས་བཞུགས་པ་ཀླུས་འཁྱུད་པ། གཞན་ཡང་མ་མོ་དང་ཀླུ་དང་སྲིན་པོ་དང་། ཕྱོགས་སྐྱོང་བ་དང་ཞིང་སྐྱོང་བ་དང་ཞིང་ཆེན་དང་གཟའ་དང་རི་བོ་དང་མེ་ལྷ་དང་མཆོད་རྟེན་དང་རྣལ་འབྱོར་པ་དང་རོ་དང་ཅེ་སྤྱང་དང་ལོ་དང་ཟླ་བ་དང་ཞག་དང་དུས་ཀྱིས་ལྷ་རྒྱུ་སྐར་དང་དགའ་བྱེད་དབང་ཕྱུག་དང་དྲིལ་བུའི་རྣ་བ་ཅན་དང་། ནག་པོ་ཆེན་པོ་དང་། ཞིང་སྐྱོང་ཐམས་ཅད་དང་། ཕོ་ཉ་ཐམས་ཅད་དང་། འཕྲོག་མ་དང་། གྲུབ་པ་བྱེ་བ་ཕྲག་ཕྱེད་དང་བཞིས་གང་བ། ཐུགས་ཀྱིས་སྣམ་བུའི་ཁ་ཁྱེར་ལ་མཆོད་པའི་གཟུངས་མ། གསུང་ལ་འདོད་མ་སོ་དྲུག སྐུ་ལ་ཕྱིར་འདོད་མ་སུམ་ཅུ་སོ་དྲུག་སྟེང་འོག་གནས་པའི་ཀླུ་རྒྱལ་བ་རྣམ་རྒྱལ་དང་རབ་གཏུམ་མ་སྔོན་པོ་རྡོ་རྗེའི་མིག་གཉིས་རྣམས་འཁོད་པ་ལ་ཐིམ་པར་གྱུར། ཨོཾ་སུ་བི་ཤུདྡྷ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ལྷའི་ང་རྒྱལ་གཟུང་། བདུན་པ་བྱིན་གྱིས་བརླབ་པའི་ཡན་ལག་ནི། དེ་ནས་གཙོ་བོའི་ཐུགས་ཀར་ཟླ་བ་ལ་རྡོ་རྗེ་ཧཱུྃ་གིས་མཚན་པ་དེ་ལས་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་ཤུགས་རྐང་པ་བརྒྱད་པའི་ཤིང་རྟ་ལ་གནས་པ་ཕྱིར་འཕྲོས། ལྕགས་ཀྱུའི་ཕྱག་རྒྱ་དང་ཛཿཞེས་བརྗོད་པས། དེས་ཡེ་ཤེས་པ་གཙོ་འཁོར་གྱི་ལྟེ་བར་རྡོ་རྗེ་ལྕགས་ཀྱུས་བསྣུན། སྦྲུལ་ཞགས་ཀྱིས་བཅིངས། མཚོན་ཆ་ལྷག་མ་རྣམས་ཀྱིས་འཇིགས་པར་བྱས་ཏེ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་བསམ་ཞིང་། དེ་ནས་སྔར་བཞིན་ལྷ་མོ་བཅུ་གཉིས་ཀྱིས་མཆོད། དག་དང་ཡེ་ཤེས་གཅིག་སྦྱོར་རྒྱལ་བ་མཆོག་གི་འདུས་པ་ཐུགས་དང་ཆོས་ན་གཅིག་ཏུ་སྦྱོར། །གསུང་དང་ལོངས་སྤྱོད་རྫོགས་པ་གཅིག་སྦྱོར་སྲིད་གསུམ་གྱིས་མཆོད་སྐུ་དང་སྤྲུལ་པ་སྦྱོར་བ་སྟེ། །ཤེས་བྱ་ཤེས་བྱེད་གཉིས་མེད་སྲིད་བྲལ་སྲིད་གནས་འདི་ནི་རྡོ་རྗེ་སེམས་དཔའ་རྣམ་པ་བཞི། །རྡོ་རྗེ་རྣལ་འབྱོར་ཐབས་དང་ཤེས་རབ་བདག་ཉིད་ལྷ་མི་ལྷ་མིན་གྱིས་བསྟོད་དེ་ལ་འདུད། །ཧཱུྃ་དང་རྡོ་རྗེའི་ཕྱག་རྒྱས་ཁྲོ་བོ་ཤེས་རབ་མཐར་བྱེད་ཀྱིས་རྡོ་རྗེ་ཐོགས་ཏེ་དམ་ཚིག་པ་ལ་གཞུག བཾ་དང་ཞགས་པའི་ཕྱག་རྒྱས་ཁྲོ་བོ་གཤིན་རྗེ་མཐར་བྱེད་ཀྱིས་ཞགས་པ་ཐོགས་ཏེ་དབྱེར་མེད་དུ་བཅིངས། ཧོཿདང་དྲིལ་བུའི་ཕྱག་རྒྱས་ཁྲོ་བོ་པདྨ་མཐར་བྱེད་ཀྱིས་དྲིལ་བུ་ཐོགས་ཏེ་མཉེས་པར་བྱས། ཧཱི་དང་དབྱུག་པའི་ཕྱག་རྒྱས་ཁྲོ་བོ་བགེགས་མཐར་བྱེད་ཀྱིས་དབྱུག་པ་ཐོགས་ཏེ་ཡེ་ཤེས་པ་དམ་ཚིག་པ་ལ་རོ་མཉམ་པར་བྱས། གཙོ་བོའི་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ལ་སྲཱཾ་སྲཱིཾ་སྲཱཾྀ་སྲཱུཾ་སྲཱུཾ་སྲཱྀ་སྲཿ དཔྲལ་བར་ཨཱཿལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་ལས་འཁོར་ལོ་རྩིབས་བརྒྱད་པ་ཡོངས་སུ་གྱུར་པ་ལས་སྐུ་རྡོ་རྗེ་དཀར་པོ་དཀར་ནག་དམར་བའི་ཞལ་ཅན། ཕྱག་དྲུག་གི་གཡས་ན་འཁོར་ལོ་རྡོ་རྗེ་པདྨ། གཡོན་ན་རལ་གྲི་ནོར་བུ་འཛིན་པ། ཤེས་རབ་མ་དང་བཅས་པ་ནམ་མཁའི་ཁམས་གང་བར་སྤྲོས། སྐུ་རྡོ་རྗེས་འདུལ་བར་བྱ་བའི་སེམས་ཅན་རྣམས་ལ་ཆོས་བསྟན་ནས་སླར་ལོག་སྟེ་བདག་ཉིད་ཀྱི་མདུན་དུ་འཁོད་པ་ལ། ཨོཾ་ཨ་བྷི་ཥིཉྩྨ་ཏུ་མཱཾ་ཀཱ་ཡ་བཛྭ་དྷ་ར། ཞེས་གསོལ་བ་བཏབ་པས་སྐུའི་རིགས་ཀྱི་ལྷ་མོ་རྣམས་ཀྱིས་བདུད་རྩིའི་བུམ་པས་དབང་བསྐུར་ཞིང་བཀྲུས་ནས། སྐུ་རྡོ་རྗེ་རྣམས་དཔྲལ་བར་ཟླ་བ་ལ་བཅུག དཔལ་ལྡན་སྐུ་ཡི་རྡོ་རྗེ་འཛིན། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །སྐུ་ཡི་རྡོ་རྗེ་ཅན་གྱིས་ནི། །བྱིན་རླབས་གནས་སུ་དེང་བདག་མཛོད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །སྐུ་ཡི་རྡོ་རྗེ་ཅན་གྱིས་ནི། །བྱིན་རླབས་གནས་སུ་དིང་བདག་མཛོད། །ཅེས་བརྗོད་པས་རོ་མཉམ་པར་གྱུར་ཏེ་ལུས་སྐུ་རྡོ་རྗེར་གྱུར་པར་བསམ། དེ་ནས་མགྲིན་པར་ར་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་ལས་པདྨ་དམར་པོ་འདབ་མ་བརྒྱད་པ་གསུང་རྡོ་རྗེ་དམར་པོ་དམར་དཀར་ནག་པའི་ཞལ་ཅན། གཡས་ན་པདྨ་རྡོ་རྗེ་འཁོར་ལོ། གཡོན་ན་ནོར་བུ་དྲིལ་བུ་རལ་གྲི་འཛིན་པ། ཤེས་རབ་མ་དང་བཅས་པ་སྤྲོ་བ་སོགས། སྐུ་དང་གསུང་བརྗེ་བ་མ་གཏོགས་སྔར་དང་འདྲ་བར་བྱས་ཏེ། ཨོཾ་ཨ་བྷི་ཥིཉྩྨ་ཏུ་མཾ་བཛྭ་བཛྭི་ན། དབང་བསྐུར་ལ། གསུང་རྡོ་རྗེ་རྣམས་ཉི་མའི་དཀྱིལ་འཁོར་ལ་བཀོད་ནས། སྐུའི་གནས་སུ་གསུང་གི་ཞེས་བཅུག་ནས་ཚིགས་བཅད་བརྗོད་ལ། ངག་གསུང་རྡོ་རྗེར་གྱུར་པར་བསམ། སྙིང་གར་ཐིག་ལེ་སྒྲ་གཅན་གྱི་དཀྱིལ་འཁོར་སྔོན་པོ་གྱུར་བའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་ཡོངས་སུ་གྱུར་པ་ལས། ཐུགས་རྡོ་རྗེ་ནག་པོ་ནག་དམར་དཀར་བའི་ཞལ་ཅན། གཡས་རྡོ་རྗེ་འཁོར་ལོ། པདྨ། གཡོན་ན་དྲིལ་བུ་རལ་གྲི་ནོར་བུ་འཛིན་པ། ཤེས་རབ་དང་བཅས་སྤྲོས་པ་སོགས་སྐུ་དང་ཐུགས་བརྗེ་བ་ཙམ་མ་གཏོགས་སྔར་བཞིན་བྱས་ནས། ཨོཾ་ཨ་བྷི་ཥིཉྩྨ་ཏུ་མཱཾ་ཙིཏྟ་བཛྭིན། ཐུགས་རྡོ་རྗེ་རྣམས་སྙིང་གར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་བཀོད། སྐུའི་གནས་སུ་ཐུགས་ཀྱི་ཞེས་པའི་ཚིགས་བཅད་བརྗོད་ལ་ཡིད་ཐུགས་རྡོ་རྗེར་གྱུར་པས་བསམ། ཐབས་ལ་རིགས་གསུམ་པོ་དེ་ཉིད་ཀྱིས་དང་། ཤེས་རབ་ལ་ལྟེ་བར་ཧོཿ གསང་བར་སྭཱ། གཙུག་ཏོར་དུ་ཧཱ་བསྣན་ཏེ་རིགས་དྲུག་བཀོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། བརྒྱད་པ་དབང་བསྐུར་བའི་ཡན་ལག་ནི། ཐུགས་ཀའི་ཧཱུྃ་ཡིག་གི་འོད་ཟེར་གྱིས་ཐུགས་དཀྱིལ་གྱི་འཁོར་ལོ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་ཧཾ་ཧཱཾ་ཧིཾ་ཧཱིཾ་སྲཾི་སྲཱཾི་ཧུཾ་ཧཱུྃ་ཾྀ་ུཾྀ་ཨཱ་ཨཱྀ་རཱྀ་ཨཱུ་ལཱྀ་བཛྭ་ཌཱ་ཀི་ནྱཽ་བཛྭ་ཨ་མྲྀ་ཏེ། གྷ་ཊཻ་ར་ཨ་བྷི་ཥིཉྩྨ་ཏུ་མཱཾ་སྭཱ་ཧཱ། ཞེས་པས་ཆུའི་དབང་དང་། ཨོཾ་ཨཾ་ཨིཾ་རཾྀ་ཨུཾ་ལྀ། སརྦ་བུདྡྷ། བཛྭ་མུ་ཀུ་ཊཾ། མ་མ་པཉྩྨ་བུདྡྷ་ཨཱདྨ་ཀཾ །བནྟ་ཡནྟུ་ཧུཾ་ཧཱུྃ་ཕཊ྄། ཅེས་པས་ཅོད་པན་གྱི་དང་། ཨོཾ་ཨ་ཨཱ་ཨཾ་ཨཿཧ་ཧཱ་ཧཾ་ཧཿཕྲེཾ་ཧོཿསརྦ་པཱ་ར་མི་ཏཱ་མ་མ་བཛྭ་པཊྚྷ་བནྡྷ་ཡནྟུ་ཧུཾ་ཧཱུྃ་ཕཊ྄་ཅེས་པས་དར་དཔྱངས་ཀྱིས་དང་། ཨོཾ་ཧུཾ་ཧོཿབི་ཛྙྱཱ་ན་ཛྙྱཱ་ན་སྭ་བྷཱ་བེ་ཀ་རུ་ཎཱ་པྲ་ཛྙྱཱ་ཨཱཏྨ་ཀེ་བཛྭ་བཛྭ་གྷནྜཻ་ས་བྱེ་ཏ་ར་ཀ་ར་ཡོར། མ་མ་བཛྭ་ས་ཏྭ་ས་པྲཛྙྱཱོ་ད་དཱ་ཏུཾ། ཞེས་པས་རྡོ་རྗེ་དྲིལ་བུའི་དང་། ཨོཾ་ཨ་ཨཱ་ཨེ་ཨཻ་ཨ་ར་ཨཱ་ར་ཨོ་ཨཽ་ཨ་ལ་ཨཱ་ཝ་ཨཾ་ཨཿསརྦ་བོ་བྷི་སཏྭཿས་བྷཱརྻུཿསརྦ་དཱ་སརྦ་ཀཱ་མ་ཨུ་པ་བྷོ་གཾ་བཛྭ་པྲ་ཏཾ་མ་མ་ད་དནྟུ་སྭཱ་ཧཱ། ཞེས་པས་བརཏལ་ཞུགས་ཀྱི་དང་། ཨོཾ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་སརྦ་ཀྲོ་དྷ་རཱ་ཛཱཿས་བྷཱརྻ་མི་ཏྲི་ཀ་རུ་ཎཱ་མུ་དི་ཨུ་དེཀྵ་སརྦ་ས་མ་ཏཱ་ཧཱ་བྷཱ་བཾ་བཛྭ་པཱུརྦ་ག་མ་ནཱ་མ་མེད་དནྟུ་ཧུཾ་ཧཱུྃ་ཕཊ྄། ཅེས་པས་མིང་གི་དང་། ཨོཾ་ཨཻ་ཝཾ་པདྨ་བཛྭ་ཙི་པྲཛྙྱཱོ་པཱ་ཡཽ་མནྜ་ལ་ཨ་བྷི་པ་ཏཱི་བཛྭ་སུ་ཁ་ཛྙྱཱ་ནཱཾ་གཾ་མ་མ་དེ་བཱ་ཧཾ་ཧཾ་ཧཿཧཱུྃ་ཕཊ྄། ཅེས་པས་རྗེས་གནང་གི་དབང་གི་དོན་དུ་གསོལ་བ་བཏབ་པས་དབང་བདུན་རིམ་པ་བཞིན་དུ་བསྐུར་བར་བསྒོམ་ཞིང་། ཨོཾ་སརྦ་ཏ་ཐཱ་ག་ཏ་སཔྟ་ཨི་བྷ་ཥེ་ག་སཔྟ་བྷཱུ་མི་པྲཱ་བྟཱོཧཾ། ཞེས་པས་དབང་བདུན་ཐོབ་པས་ས་བདུན་ཐོབ་པའི་ང་རྒྱལ་གཟུང་ངོ་། །དེ་ནས་དབང་གོང་བའི་དོན་ནུ། ཨོཾ་ཨོཾ་པྲཛྙྱཱོ་པཱ་ཡཽ་ཀ་ལ་ཤ་ཨ་བྷིཥ་ཀ་མེད་དཱ་ཏཱཾ་ཧུཾ་ཧཱུྃ་ཕཊ྄། ཅེས་པས་གསོལ་བ་བཏབ་པས། བུམ་དབང་བསྐུར་བར་བསམ་ཞིང་། ཨོཾ་ཨོཾ་བཛྭ་སཏྭ་ན་བཛྭ་ཀ་ལ་ཤཱ་ཨ་བྷི་ཥེ་ཀེ་ཎ་ཨ་བྷི་ཥིཀྟོ་བཛྭ་སཏྭ་པུ་ཏྲ་ཨ་ཙ་ལཱ་བྷཱུ་མི་ལ་བྡྷཱོཧཾ། ཞེས་པས་བུམ་དབང་ཐོབ་པའི་ང་རྒྱལ་གཟུང་ངོ་། །དེ་ནས་ཨོཾ་ཨཱཿཔྲཛྙྱཱོ་པཱ་ཡཽ་གུ་་ཨ་བྷི་ཥེ་ཀཾ་མེད་ད་ཧཱཾ་ཧུཾ་ཧཱུྃ་ཕཊ྄། ཅེས་གསོལ་བ་བཏབ་པས་གསང་དབང་བསྐུར་བར་བསམ་ཞིང་། ཨོཾ་ཨཱ་བཛྭ་ས་ཏྭེ་ན་གུ་་ཨ་བྷི་ཥི་ཀེ་ཎ་ཨ་བྷི་ཥིཀྟོ་བཛྭ་ས་ཏྭ་ཡུ་པ་ར་ཇོ་ན་བ་བྷུ་མི་ལ་བྡྷཱོཧཾ། ཞེས་པས་གསང་དབང་ཐོབ་པའི་ང་རྒྱལ་བཟུང་ངོ་། །དེ་ནས་ཨོཾ་ཧུཾ་པྲཛྙྱཱོ་བཱ་ཡཽ་བཛྭ་ས་ཏྭ་བི་ཤྭ་མཱ་ཏ་རཽ་པྲ་ཛྙྱཱ་ཛྙྱཱ་ནཱ་ཨ་བྷི་ཥེ་ཀཾ་མེད་ད་ཏཾ་ཧུཾ་ཧཱུྃ་ཕཊ྄། ཅེས་གསོལ་བ་བཏབ་པས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བར་བསམ་ཞིང་། ཨོཾ་ཧུཾ་བཛྭ་ས་ཏྭེ་ན་པྲ་ཛྙྱཱ་ཛྙྱཱ་ནེ་ན་ཨ་བྷི་ཥིཀྟོ་དྭི་ཏཱེ་ཡ་བཛྭ་བདྷ་རཱོཧཾ། དྷརྨ་མེགྷཱ་བྷཱ་མི་ལ་བྡྷོཿཧཾ། ཞེས་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པའི་ང་རྒྱལ་གཟུང་ངོ་། །དེ་ནས་དབང་གོང་མའི་དོན་དུ། ཨོཾ་ཧོཿཔྲཛྙྱཱ་པཱ་ཡ་ཨཱཏྨ་ཀཾ་བཛྭ་ས་ཏྭ་མཧཱ་མུ་དྲཱ་ཛྙྱཱ་ན་ཨ་བྷི་ཥེ་ཀཾ་མེ་པྲ་ཡ་ཡཙྪ། ཨོཾ་ཨཱཿཧུཾ་ཧོ་ཕཊ྄། ཅེས་གསོལ་བ་བཏབ་པས་ཤེས་རབ་ཡེ་ཤེས་ཆེན་པོའི་དབང་བསྐུར་བར་བསམ་ཞིང་། ཨོཾ་ཧོཿདྷརྨ་དྷཱ་ཏྭཱ་ཀྵ་ར་ཙ་ཏུཐ་ཨ་བྷི་ཥེ་ཀ་ཎ་ཨ་བྷི་ཥིཀྟོ་བཛྭ་ས་ཏྭེ་ན་ཨཱཏྨ་ནཱ་ཧཾ་དྭི་ཏཱི་ཡོ་དྭཱ་ད་ཤ་བྷཱུ་མི་བྡྷོ་བཛྭ་ས་ཏྭ་མཧཱ་ཨཐཿཔཱ་ར་མ་ཨ་ཀྵརཿཏྲཻ་ལོ་ཀྱ་བི་ཛ་ཡཱཿཀྲཱ་ལ་ཙ་ཀྲོ་དྷ་གཝཱ་ན་ཨ་ཝཾ་ཀཱ་རཿཞེས་པས་ཤེས་རབ་ཆེན་པོའི་དབང་ཐོབ་པའི་ང་རྒྱལ་གཟུང་ངོ་། །དེ་ནས་ཕྱག་རྒྱ་དྲུག་བཅས་ལ། ཨོཾ་ཧཾ་ཧཿབཱ་མ་དཀྵི་ཎ་ཀཎྡྲ་ཡོར་བཛྭ་ཀུཎྜྻ་ལེ་ཧུཾ་ཧཱུྃ་ཕཊ྄་ཕཊ྄། ཨོཾ་ཨཾ་ཨཿཀཌྲ་ཀཎྜེ་བཛྭ་མེ་ཁལ་བཛྭ་ཀཎྜི་ཀེ་ཧུཾ་ཧཱུྃ་ཕཊ྄་ཕཊ྄། ཨོཾ་ཨ་ཨཱ་པཱ་མ་དཀྵི་ཎ་ཀ་ར་ཡོར་བཛྭ་རུ་ཙ་ཀཽ་ཧུཾ་ཧཱུྃ་ཕཊ྄་ཕཊ྄། ཨོཾ་ཧ་ཧཱ་བཱ་མ་དཀྵི་ཎ་པཱ་ད་ཡོར་བཛྭ་ནཱུ་པུ་རེ་ཧུཾ་ཧཱུྃ་ཕཊ྄་ཕཊ྄། ཨོཾ་ཧཾ་པཾ་པཉྩྨ་ཨ་ཀཱ་ར་མཧཱ་ཤཱུནྱ་སྭ་བྷཱ་ཝ་བཛྭ་ཤི་རོ་མ་ཎི་ཤི་ར་སི་སརྦཱཾ་གེ་བྷ་སྨ་ཧུཾ་ཧཱུྃ་ཕཊ྄་ཕཊ྄། ཨོཾ་ཨཾ་ཨདྷ་ནཱ་རཱི་ཤཱ་ར་བཛྭ་ཨདྷ་ཙནྡྲ་བཛྭ་པཊྚྷོ་རདྷྭེ་ཧུཾ་ཧཱུྃ་ཕཊ྄་ཕཊ྄། ཨོཾ་ཨ་ཨཱཿཨཾ་སརྦ་སྭ་རེ་ཀ་ཏྲི་སྭ་ར་སྭ་བྷཱ་ཝ་བཛྭ་ཡཛྙྱཱོ་པ་བའི་ཏ་སྐནྡྷེ་ཧུཾ་ཧཱུྃ་ཕཊ྄་ཕཊ྄། དེ་ནས་ཕྱག་རྒྱ་བཞིའི་དང་པོ་ལས་གཞན་ཁྲོ་བོའི་ཁྱད་ཆོས་ཡིན་པས་འདིར་མི་བྱའོ། །ཨོཾཀྵཿདུར་དཱནྟ་བྷི་མ་ནཀྵ་ཡཾ་ཀར་བྱཱ་གྷྲ་ཙ་ར་མ་ཀ་ཌཽ་ཧུཾ་ཧཱུྃ་ཕཊ྄་ཕཊ྄། དེ་ནས་གཡས་ཀྱི་ཕྱག་རྒྱ་བཅའ། ཨོཾ་ཿབཛྭ་ཀྲོ་དྷ་བཛྭ་ཧུཾ་ཕཊ྄། ཨོཾ་ཿབཛྭ་ཁག་ཧུཾ་ཕཊ྄། ཨོཾ་ཿབཛྭ་ཏྲི་ཤཱུ་ལཾ་ཧུཾ་ཕཊ྄། ཨོཾ་ཿབཛྭ་ཀརྟྟ་རི་ཧུཾ་ཕཊ྄། ཨོཾ་ཿབཛྭ་བཱ་ཎ་ཧུཾ་ཕཊ྄། ཨོཾ་ཿབཛྭ་ཨཾ་ཀུ་ཤ་ཧུཾ་ཕཊ྄། ཨོཾ་ཿབཛྭ་ཌ་མ་རུ་ཀ་ཧུཾ་ཕཊ྄། ཨོཾ་ཿབཛྭ་མུད་ག་ར་ཧུཾ་ཕཊ྄། ཨོཾ་ཿབཛྭ་ཙཀྲ་ཧུཾ་ཕཊ྄། ཨོཾ་ཿབཛྭ་ཀུནྟ་ཧུཾ་ཕཊ྄། ཨོཾ་ཿབཛྭ་དཎྜྻ་ཧུཾ་ཕཊ྄། ཨོཾ་ཿབཛྭ་པརྴཀྵྭ་ཧུཾ་ཕཊ྄། དེ་ནས་གཡོན་གྱི་ཕྱག་རྒྱ་བཅའ། ཨོཾ་ཧྭཱཾ་བཛྭ་གྷཎྜྻེ་ཧོ་ཕྲེཾ་ཕཊ྄། ཨོཾ་ཧྭཱཾ་བཛྭ་ཁ་ཊ་ཧོ་ཕྲེཾ་ཕཊ྄། ཨོཾ་ཧྭཱཾ་བཛྭ་ཁ་ཊྶཱཾ་ག་ཕྲེཾ་ཕཊ྄། ཨོཾ་ཧྭཱཾ་བཛྭ་ཀ་པཱ་ལ་ཧོ་ཕྲེཾ་ཕཊ྄། ཨོཾ་ཧྭཱཾ་བཛྭ་ཙཱ་པ་ཧོ་ཕྲེཾ་ཕཊ྄། ཨོཾ་ཧྭཱཾ་བཛྭ་པཱ་ཤ་ཧོ་ཕྲེཾ་ཕཊ྄། ཨོཾ་ཧྭཱཾ་བཛྭ་རཏྣ་ཧོ་ཕྲེཾ་ཕཊ྄། ཨོཾ་ཧྭཱཾ་བཛྭ་པདྨ་ཧོ་ཕྲེཾ་ཕཊ྄། ཨོཾ་ཧྭཱཾ་བཛྭ་ཤཾ་ཁ་ཧོ་ཕྲེཾ་ཕཊ྄། ཨོཾ་ཧྭཱཾ་བཛྭ་ཨཱ་དརྴ་ཧོ་ཕྲེཾ་ཕཊ྄། ཨོཾ་ཧྭཱཾ་བཛྭ་ཤྲྀཾ་ཁ་ལེ་ཧོ་ཕྲེཾ་ཕཊ྄། ཨོཾ་ཧྭཱཾ་བཛྭ་ཙ་ཏུ་རྦད་སྭ་བྷཱ་ཝ་བྲ་ཤི་རཿཧོ་ཕྲེཾ་ཕཊ྄། ཀླུའི་ཕྱག་རྒྱའང་འདིར་མི་དགོས་སོ། །ཞེས་པས་ང་རྒྱལ་གཟུང་། དགུ་པ་མཆོད་བསྟོད་ཀྱི་ཡན་ལག་ནི། སྔར་བཞིན་ལྷ་མོ་བཅུ་གཉིས་སོགས་དང་། བྱིན་གྱིས་བརླབས་པའི་བདུད་རྩི་ལྷ་སྔགས་ལན་མཿབཏགས་པས་འབུལ་ལོ། །གང་ལ་ཐོག་མཐའ་དབུས་མེད་གནས་དང་འཆི་དང་སྲིད་པ་དང་ནི་སྒྲ་དང་དྲི་དང་རོ་དག་དང་། །རེག་བྱ་གཟུགས་དང་སེམས་མེད་རང་བཞིན་དང་ནི་སྐྱེས་བུ་མེད་ཅིང་འཆིང་དང་གྲོལ་དང་བྱེད་པོ་མེད། །ས་བོན་དང་ནི་གསལ་བའི་དུས་མེད་མཐའ་དག་སྲིད་པར་སྡུག་བསྔལ་བདེ་བ་ཉིད་ཀྱི་རང་བཞིན་མེད། །མྱ་ངན་འདས་པ་མཚན་མ་མེད་ཅིང་བྱེད་པ་རྣམ་གྲོལ་ཡོན་ཏན་མེད་པ་དེ་ལ་ཕྱག་འཚལ་ལོ། །དུས་དང་སྣ་ཚོགས་ལ་སོགས་རྡོ་རྗེ་སྐྱེས་བུ་དཔེ་ཟླ་མེད་ཅིང་ཐམས་ཅད་དུ་འགྲོ་སྤྲོས་པ་མེད། །བརྩེགས་པ་ལ་གནས་རྣ་བ་སྣ་དང་ཁ་དང་མིག་དང་མགོ་སྟེ་ཐམས་ཅད་ནས་ནི་ཕྱག་དང་ཞབས། །འབྱུང་བའི་མཐའ་སྟེ། འབྱུང་པོའི་མགོན་པོ་སྲིད་པ་གསུམ་པོ་མཆོག་འཛིན་རྒྱུ་རྣམས་དག་གི་རྒྱུར་གྱུར་པ། །རིགས་པ་ལ་སོགས་རྣལ་འབྱོར་དག་གི་བགྲོད་བྱ་མཆོག་བདེའི་གོ་འཕང་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ། །སྤྲོ་བྱེད་ནུས་པའི་ངོ་བོ་གློག་གི་མེ་དང་མཚུངས་ཤིང་ཉི་མ་བཅུ་གཉིས་དག་གི་གཟི་བརྗིད་ཅན། །ཡེ་ཤེས་རྡོ་རྗེའི་སྣང་བ་མཆོག་གི་གོ་འཕང་བགྲོད་བྱེད་རྣམ་པར་བཅད་པ་དེ་ལ་ཕྱག་འཚལ་ལོ། །དཀར་པོ་འཇིག་རྟེན་གསུམ་གྱི་མགོན་པོ་རི་བོང་འཛིན་པ་ལས་འཛག་འཇིག་རྟེན་སྤྱི་བོར་ཡང་དག་གནས། །བདུད་རྩིས་འཆི་བ་སེལ་ཞིང་སྲིད་པའི་འཇིགས་པ་འཇོམས་པར་བྱེད་པ་ཐིག་ལེའི་གཟུགས་ལ་ཕྱག་འཚལ་ལོ། །སེམས་ཙམ་སྔགས་ཀྱི་ངོ་བོ་ལྷ་ཡིས་ཡོངས་སུ་བསྐོར་བ་སྡུག་བསྔལ་དང་ནི་བདེ་བའི་རང་བཞིན་ཏེ། །དམ་པ་རྣམས་ལ་ཞི་བའི་གཟུགས་ནི་རང་གིས་བྱས་པའི་ཉམས་མྱོང་མི་ཟད་རྣམ་པ་མི་ཟད་པ། །གང་གི་ལས་གང་རབ་བྱས་རང་གི་སེམས་ལ་ཆོ་ག་བཞིན་དུ་དེ་ཡི་འབྲས་བུ་དེ་བསྐྱེད་པ། །འཇིག་རྟེན་དབང་པོ་སྣ་ཚོགས་གཟུགས་ཅན་སྲིད་གསུམ་བསྐྱེད་མཛད་རྡོ་རྗེ་སེམས་དཔའ་ལ་ཡང་ཕྱག་འཚལ་ལོ། །གཅིག་དང་དུ་མ་དག་ཀྱང་གཅིག་ཅིང་མཉམ་དང་མི་མཉམ་མཉམ་པ་གཡས་དང་གཡོན་དང་མདུན་དང་རྒྱབ། །སྟེང་འོག་ཀུན་ནས་དཀར་ལྗང་སྣ་ཚོགས་ཁ་དོག་ཆེན་པོ་གཅིག་གི་གཟུགས་ཏེ་ཐུང་ངུ་རིང་པོ་དང་། །ཤིན་ཏུ་རིང་པོ་ཡོན་ཏན་མེད་ཅེས་ཡོན་ཏན་དང་བཅས་བུད་མེད་སྐྱེས་པའང་སྐྱེས་བུ་བུད་མེད་མིན། །གང་ཞིག་ཀུན་གྱི་རྟེན་ཅིག་བྷ་ག་བཟང་མོ་མཆོག་གི་བྷ་ག་ཁྱོད་ལ་འདུད་དེ་ཁྱོད་ལ་འདུད། །ཨོཾ་སརྦ་ཏ་ཐཱ་ག་ཏ་མཧཱ་པཱུ་ཛ་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ཞེས་པས་ང་རྒྱལ་གཟུང་། བཅུ་པ་ནི། དུས་ཀྱི་དག་པས་དཔལ་ལྡན་རྡོ་རྗེ་ཅན་འགྱུར་མི་བདག་ལོ་དང་ཟླ་བ་ལ་སོགས་དབྱེ་བས་སོ། །ཐུགས་ཀྱི་རྣམ་པའི་ཉི་མ་མ་ཡིན་ཉིན་ཞག་སོ་སོའི་དབང་གིས་སྣ་ཚོགས་ཡུམ་ནི་རྣམ་པར་དག རླུང་གི་དག་པས་དུ་བ་ལ་སོགས་རང་གི་སྙིང་གའི་པདྨར་རྩ་ཡི་འཁོར་ལོ་ལ་གནས་རྣམས། །ཉོན་མོངས་རྣམས་ཀྱི་དྲག་པོ་ཆུང་མར་བཅས་པ་ཁྱབ་བདག་ཞབས་ཀྱི་འོག་ཏུ་བདུད་ཀྱི་ཚོགས་ཀྱི་བདུད། །དུང་དང་གཎྜྻི་མ་ཎི་ལྗོན་པ་དག་ཀྱང་དེ་བཞིན་སྐུ་ཡི་རྡོ་རྗེ་ལ་སོགས་ཀྱིས། །བུམ་པ་བརྒྱད་ནི་བདུད་རྩིའི་ཡན་ལག་གིས་དེ་རྒྱལ་དང་རྣམ་རྒྱལ་བུམ་པ་བྱང་ཆུབ་སེམས་སོགས་ཀྱིས། །འདུ་བྱེད་དོན་ཡོད་གྲུབ་པ་ཚོར་བ་དྲི་མེད་ནོར་བུའི་ཕྱག་དང་འདུ་ཤེས་སྣང་བ་མཐའ་ཡས་ཏེ། །གཟུགས་ནི་འཁོར་ལོ་ཅན་ནོ་རི་བོང་ཅན་དང་སྟོབས་ཁྲག་བཤང་བ་གཅི་བ་རྣམ་པར་དག་པའོ། །ལྷ་མོ་དྲུག་ནི་ཁམས་རྣམས་ཀྱིས་ཏེ་ཡུལ་དང་ཡུལ་ཅན་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ཕྱག་རྒྱར་བཅས། །ཁྲོ་བོ་ལྔ་ནི་སྟོབས་རྣམས་ཀྱིས་ཏེ་ངེས་པར་སླར་ཡང་གཞན་པ་ལྔ་ནི་དབང་པོ་གཞན་རྣམས་ཀྱིས། །ཙཱ་མུནྜི་སོགས་ཐུན་བརྒྱད་ཀྱིས་ཏེ་པདྨའི་འདབ་མར་གནས་རྣམས་ཉི་མའི་དུས་སྦྱོར་ཆུ་ཚོད་ཀྱི། །ལྷ་མིན་ལ་སོགས་ཉི་མའི་ཟླ་བས་འདབ་མར་གནས་རྣམས་ཆུ་ཚོད་དབུགས་ཀྱི་གྲངས་ཀྱིས་སོ། །གསང་བར་མི་བདག་ཉིད་འགྱུར་ཆུ་ཚོད་རྣམས་ཀྱི་ཀླུ་རྣམས་དང་ནི་གཏུམ་མོ་རྣམས་ཀྱང་རྣམ་པར་དག དེ་བཞིན་འདོད་མ་ལ་སོགས་དེ་དག་རང་བཞིན་ཡོན་ཏན་དབང་གིས་ལུས་ཀྱི་བྱ་བས་རྣམ་པར་དག སྐྲ་རྣམས་ཀྱིས་ནི་གྲུབ་པ་མཐའ་དག་བ་སྤུ་རྣམས་ཀྱི་དུར་ཁྲོད་ས་གཞི་ལ་གནས་འབྱུང་པོའི་ཚོགས། །ཁམས་གསུམ་པོ་ཐམས་ཅད་སངས་རྒྱས་ཀྱི་ངོ་བོར་བསྒོམ་པར་བྱའོ། །དེ་ཡན་ལས་རྒྱལ་མཆོག དེ་ནས་སྔར་བཞིན་མཁའ་གསང་བྱིན་གྱིས་བརླབས་ནས་ཧཱུྃ་ཕཊ྄་ཀྱི་དོན་མངོན་དུ་བྱས་པས་ལྟེ་བའི་རྩ་འདབ་བདུན་ཅུ་རྩ་གཉིས་ཀྱི་ལྟེ་བའི་རྩེ་མོར་ན་ཧོ་ཡིག་ཡེ་ཤེས་རྡོ་རྗེའི་རང་བཞིན་གཏུམ་མོ་ཡེ་ཤེས་ཀྱི་མེ་གསང་གནས་ཀྱི་གཡས་ཀྱི་རྩེ་མོ་ནས་འབབས་པས་ཕུང་པོ་ཁམས་སོགས་བསྐུལ་བར་བྱེད་པ་དེ་རབ་ཏུ་འབར་བས་གཡོན་གྱི་དཀྱིལ་འཁོར་སངས་རྒྱས་ལྔ་དང་། གཡས་ཀྱི་དཀྱིལ་འཁོར་ཡུམ་ལྔ་དང་། མིག་སོགས་དབང་པོ་དྲུག་དང་གཟུགས་སོགས་ཡུལ་དྲུག་པོ་ཐམས་ཅད་བསྲེགས་ཏེ་རླུང་རྒྱུ་བ་མེད་ཅིང་དབང་པོ་ཡུལ་ལ་འཇུག་པ་མེད་པར་བྱས་ནས་མེ་དེ་ཨ་ཝ་དྷཱུ་ཏཱི་ནས་སོང་སྟེ་སྤྱི་བོའི་ཧཾ་ཡིག་ཐིག་ལེའི་གཟུགས་ཅན་ལ་རེག་པས་ཧཾ་བཞུ་ནས་ཐིག་ལེའི་གཟུགས་ཀྱི་དཔྲལ་བ་ནས་མགྲིན་པར་འཛག་པ་དགའ་བ་དང་། མགྲིན་པ་ནས་སྙིང་གར་མཆོག་དགའ་དང་། སྙིང་ག་ནས་ལྟེ་བར་ཁྱད་དགའ་དང་། ལྟེ་བ་ནས་གསང་བའི་པདྨར་ལྷན་ཅིག་སྐྱེས་དགའ་སྟེ་ཟླ་བའི་ཆ་བཅོ་ལྔ་ཡོངས་སུ་གང་བའི་ཚུལ་དུ་བྱོན་པར་བསྒོམ་པ་ནི་ཐིག་ལེའི་རྣལ་འབྱོར་རོ། །དེ་ནས་ཤེས་རབ་ཀྱི་པདྨའི་དབུས་ཀྱི་ཨ་ཝ་དྷཱུ་ཏིར་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཡུངས་ཀར་གྱི་ཚད་ཙམ་བསམ་ལ། ཇི་ལྟར་བྱོན་པ་དེ་བཞིན་དུ་རྒྱུ་མཐུན་ལ་སོགས་པའི་དབྱེ་བས་སྟེང་དུ་གཤེགས་པའི་དྲི་མ་མེད་པའི་ཐིག་ལེ་དེ་ཡིས་པྲ་ཕབ་པ་ལྟ་བུའི་ཡེ་ཤེས་ཀྱི་འཁོར་ལོ་སྤྲོ་སྟེ། དེས་ཁམས་གསུམ་པོ་ཐམས་ཅད་སྐུ་གསུང་ཐུགས་ཀྱི་ཐིག་ལེ་བསྐྱེད་པའི་རིམ་པ་སྦྱངས་ནས་མི་འཕོ་བའི་བདེ་བའི་འོད་ཟེར་གྱིས་སྲིད་གསུམ་མཐའ་དག་དུས་གསུམ་ཅིག་ཅར་དུ་ཤེས་པའི་ལྷའི་རྣལ་འབྱོར་གྱི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་སྤྲོ་བར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ཞེས་བརྗོད་ནས་ང་རྒྱལ་གཟུང་ངོ་། །དེ་དྲང་དོན། ངེས་པའི་དོན་དུ་ཡིད་བཟང་མའི་རྩའི་ནང་དུ་ཁུ་བ་ཡང་དག་པར་སྦྱོར་བ་ལས་འཕོ་བ་མེད་པའི་བདེ་བ་ནི་ཕྲ་མོའི་རྣལ་འབྱོར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏི་བཛྭ་ས་ཏྭ་ཧཾ། དུར་དཱ་ན་ཏ་ད་མ་ཀ་ཧུཾ་ཧཱུྃ་ཕཊ྄་སྭཱ་ཧཱ། ཞེས་པས་ང་རྒྱལ་གཟུང་། བཅུ་གཅིག་པ་རྗེས་ཀྱི་བྱ་བའི་ཡན་ལག་ནི། བསྒོམ་པས་སྐྱོན་སྔགས་བཟླ་སྟེ། །ལས་ལ་ཤིས་པའི་འཕྲེང་བ་གཟུང་། །དགྲ་སྤངས་གྲོགས་བརྩིས། ཨོཾ་ཨཱཿཧུཾ་ཧོཿཀྵམླཝརྻྃཧཱུྃ་ཕཊ྄། སྙིང་པོ་དང་། ཨོཾ་སྲཱཾ་སྲཱིཾ་སྲཱཾྀ་སྲཱུཾ་སྲལཱྀ་སྲཿསྭཱ་ཧཱ། རྩ་བའི་སྔགས་རྐང་པ་བཅུ་དྲུག་པ། འཕྲེང་བའི་སྔགས་བདུན་ཅུ་པ། ལྷ་སྔགས་སོ་སོ་གཞན་དུ་བཤད་པ་ལྟར་མན་ངག་བཞིན་ བཟླའོ། །ཁྲོ་བོའི་བསྙེན་པ་ལ། བསྲུང་འཁོར་གྱི་ང་རྒྱལ་འཛིན་པའི་བར་བྱས། གཙོ་བོའི་དཔྲལ་བར་ཨོཾ་ཞེས་སོགས་རིགས་དྲུག་བཀོད། བྱིན་བརླབ་དབང་བསྐུར་གྱི་ཡན་ལག་ཇི་ ལྟ་བ་ལ། རྒྱས་བཏབ་སྔར་གྱི་མཐར། ཨོཾ་ཧཾ་ཀྵཿསྲིཾ་ཤ་ཏྲ་སྭ་ང་སཔྟ་ཏེ་སྲ་སྲ་ངཱིརྒྷ་བྱཉྫྱ་ན་སྭ་བྷ་ཝ་དེ་དྱ་ཀུ་ལ་ཤ་ཏ་ས་ར་བྷི་ར་མུཎྜྻ་མཱ་ལཱ་སྐནྡྷ་ཨ་ཝ་ལམྦི་ནི་སྐནྡྷེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཧ་ཧི་སྲྀ་ཧུ་ྀ་པཉྩྨ་སྐནྡྷ་བི་ཤུདྡྷ་སྭ་བྷཱ་ཝེ་ཤི་ར་སི་ག་པཱ་ལ་མཱ་ལེ་ཧུཾ་ཧཱུྃ་ཕཊ྄་ཕཊ྄། ཨོཾ་ཀྵ་ཀྵཱ་ཀྵི་ཀྵཱི་ྀ་ྀུ་ཀྵུ་ཀྵཱུ་ྀ་ྀུ་ཀྵཾ་ཀྵཿཧ་ཧཱ་ཧི་ཧཱི་སྲྀ་སྲཱྀ་ཧུ་ཧཱུ་ྀ་ྀུ་ཧཾ་ཧཿསརྦ་བི་གྷྣ་བི་དཱ་ར་ཏ་གི་ཛ་ཙ་ར་མ་པ་ཊཱ་ར་དྲ་རཀྟ་ཤྲ་བ་ཏ་ཧཱུྃ་ཕྲེཾ། ཞེས་གདགས་པ་མཚོན་ཆ་འདྲ། ཀླུའི་ཕྱག་རྒྱ། ཨོཾ་ཧུཾ་བཛྭ་ཛ་ཡ་ནཱ་གེ་ནྡྲ་བཛྭ་ཛ་ཊཱ་མུ་ཀུ་ཊ་བནྡྷ་ཏིཥྛ་ཧུཾ་ཧཱུྃ་ཕཊ྄་ཕཊ྄། ཨོཾ་དཀྵཾ་བཛྭ་བི་ཛ་ཡ་ནཱ་གེནྡྲ་བཛྭ་པཊྚྷ་བནྡྷེ་ཏིཥྛ་ཏིཥྛ་ཧུཾ་ཧཱུྃ་ཕཊ྄་ཕཊ྄། ཨོཾ་ཾ་་བཛྭ་ཀརྐོ་ཊ་བཛྭ་པདྨོ་བཱ་མ་དཀྵི་ན་ཀུཎྜྻ་ལ་ཡོཿཏིཥྛ་ཏིཥྛ་ཧུཾ་ཧཱུྃ་ཕཊ྄་ཕཊ྄། ཨོཾ་སྲཾ་སྲཱ་བཛྭ་བཱ་སུ་ཀི་ཤངྑ་བཱ་ལཽ་བཱ་མ་དཀྵི་ཎ་རུ་ཙ་ཀ་ཡོཿཏིཥྛ་ཏིཥྛ་ཧུཾ་ཧཱུྃ་ཕཊ྄་ཕཊ྄། ཨོཾ་ཧྭཾ་ཧྭཱ་བཛྭ་ཨ་ནནྟ་ཀུ་ལི་ཀཽ་མེ་ཁ་ལཱ་གཎྜི་ཀ་ཡཽཿཏིཥྛ་ཏིཥྛ་ཧུཾ་ཧཱུྃ་ཕཊ྄་ཕཊ྄། ཨོཾ་ཾ་ུ་བཛྭ་ཏཀྵ་ཀཱ་མཧཱ་པདྨཽ་བཱ་མ་དཀྵི་ཎ་པཱ་ད་ནུ་པཱུ་ར་ཡོཿཏིཥྛ་ཏིཥྛ་ཧུཾ་ཧཱུྃ་ཕཊ྄་ཕཊ྄། ང་རྒྱལ་གཟུང་། མཆོད་པ་མཚུངས། བསྟོད་པ་གཏོར་མ་བཞིན་བྱས་ཏེ་རྐང་པ་བཅུ་དྲུག་པ་བྱེ་བ་བསྙེན་ནོ། །དེ་ནས་གཏོར་མ་བདུད་རྩི་ལྟར་བྱིན་གྱིས་བརླབས་ལ། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་ཁྲོ་བོ་རྣམས་དང་། གྲི་གུག་གི་ཕྱག་རྒྱས་ཟད་པར་རྣམས་དང་། རལ་གྲིའི་ཕྱག་རྒྱས་ཕྱོགས་སྐྱོང་རྣམས་དང་། རིན་པོ་ཆེའི་ཕྱག་རྒྱས་གཟའ་རྣམས་དང་། པདྨའི་ཕྱག་རྒྱས་ཀླུ་རྣམས་དང་། འཁོར་ལོའི་ཕྱག་རྒྱས་འབྱུང་པོ་རྣམས་སྤྱན་དྲངས་ཤིང་། དེ་རྣམས་ལ་ལྷ་མོ་ཞལ་ཟས་མས་བདུད་རྩི་འདྲེན་པར་བསམ་པའམ། ཡང་ན་ཧཱུྃ་ལས་ལྗགས་རྡོ་རྗེ་སྦུ་གུ་ཅན་གྱི་འོད་ཟེར་གྱིས་བདུད་རྩི་དྲངས་ནས་གསོལ་བར་བསམ་ཞིང་། ཁྲོ་བོ་རྣམས་ལ། ཨོཾ་ཨཱཿཧུཾ་ཧོཿཨུཥྞིུཥ་སུམྦྷ་ནི་སུམྦྷ། བི་གྷ་ནྟ་ཀ་ནཱི་ལ་དཎྜྻ་པྲ་ཛྙྱཱནྟ་ཀ་ཊ་ཀྐི་རཱ་ཛ་པདྨཱནྟ་ཀ་ཨ་ཙ་ལ། ཡ་མཱནྟ་ཀ་མཧཱ་བ་ལེ་བྷྱཿ ཞེས་དང་། ཟད་པར་ལ། ཨོཾ་ཨཱཿཧུཾ་ཧོཾ་ཨཱ་ཀཱ་ཤ་བཱ་ཡུ། དེ་ཛ། ཨུད་ཀ པྲི་ཐི་ཝཱི། སཱ་བྷི་ཏ་བྷྱཿདང་། ཕྱོགས་སྐྱོང་ལ། ཨོཾ་ཨཱཿཧུཾ་ཧོ་བྲ། བིཥྞཀྵྭ་ནཻརི་ཏྱ། པ་ཡུ། ཡ་མ། ཨགྣི། ས་མུ་དྲེ། ཤྭ་ར་ཨིནྡྲ། ཡཀྵ་བྷྱཿདང་། གཟའ་རྣམས་ལ། ཨོཾ་ཨཱཿཧུཾ་ཧོཿརཱ་ཧུ་ཀཱ་ལ་ཨགྣི། ཙནྡྲ། སཱུརྻ། བུདྷ། མཾ་ག་ལ། ཤུཀྲ། བྲྀ་ཧ་སྤ་ཏི། ཀེ་ཏུ་ཤ་ནི་བྷྱཿ ཀླུ་རྣམས་ལ། ཨོཾ་ཨཱཿཧུཾ་ཧོཿཛ་ཡ། བི་ཛ་ཡ། པདྨ། ཀར་ཀོ་ཊ་ཀ བཱ་སུ་ཀི ཤཾ་ཁ་པཱ་ལ། ཀུ་ལིཀ ཨ་ནནྟ། ཏཀྵ་ཀ མཧཱ་པདྨ་བྷྱཿ འབྱུང་པོ་རྣམས་ལ། ཨོཾ་ཨཱཿཧུཾ་ཧོ། བེ་ཏཱ་ཌ། བི་ཀྲྀ་ཏ་མུ་ཁ། ཤྭ། ཀཱ་ཀ སཱུ་ཀ་ར། གྲྀ་དྷྲ། བྱཱ་བྷྲོ་ལཱུ་ཀ ཛམྦུ་ཀ ག་རུ་ཌ། མུཥེ་བྷྱཿ ཐམས་ཅད་ལ་གཤམ་དུ། ས་པ་རི་ཝཱ་རེ་བྷྱཿཨི་དཾ་བ་ལིཾ། གནྡྷཾ། པུཥྤཾ། དྷཱུ་པཾ། ནལི་པཾ། ཨཀྵ་ཧཾ། ད་དཱ་མཧེ། ཏེ་ཙ། ཨཱ་ག་ཏྱ་ས་པ་རི་ཝཱ་རཿཤི་གྷྲཾ། ཨི་དཾ་བ་ལིཾ། གྲྀ་ཧནྟུ་ཁ་དནྟུ། པི་ཝནྟུ། ཛཿཧཱུྃ་བཾ་ཧོཿསཾ་ཏྲི་པྟཱཿསརྦ་ས་ཏྭཱ་ནཾ་ཤཱནྟྀ་པིུཾཥྚ་རཀྵ་བ་ར་ཎ་གུཔྟིཾ་ཀུརྦནྟུ་ཧུཾ་ཧཱུྃ་ཕཊ྄། བཛྭ་དྷ་ར་ཨ་ཛྙྱཱ་པ་ཡ་ཏི་སྭཱ་ཧཱ། ཞེས་གཏོར་མ་ཕུལ་ཏེ། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །དཔའ་བོ་གདུལ་དཀའ་འདུལ་བ་པོ། །དུས་ཀྱི་འཁོར་ལོ་ཐོད་པ་ཅན། །ཁམས་གསུམ་རྣམ་རྒྱལ་ལ་ཕྱག་འཚལ། །རྗེ་བོ་སྣ་ཚོགས་རྡོ་རྗེ་འཛིན། །ཁྲོ་བོའི་རྒྱལ་པོ་རྣམས་ཀྱི་གཙོ། །རྡོ་རྗེ་ཤུགས་ལ་ཕྱག་འཚལ་ཞིང་། །སྲུང་མ་དྲུག་ཅུའི་ཚོགས་ལ་འདུད། །ཅེས་པས་བསྟོད། ཡི་གེ་ཀྵ་དང་ལག་པའི་རྒྱབ་བསྟན་པའི་སེ་གོལ་གྱིས་སྔར་བཞིན་གཤེགས་སུ་གསོལ། མཚན་མ་ངན་པ་བཟློག་པ་ལ་གཏོར་མ་དེ་ཉིད་དང་། སྦྱང་སྔགས། ཨོཾ་ཕྲེཾ་བཛྭ་ཌཱ་ཀི་ནཱི་བཛྭ་དྷཱི་ཏྲཱ་ཤྭ་རིག་ག་ན་སྭ་བྷཱ་ཝ་སརྦ་དྲ་བྱ་བི་ཤྭ་དྷེ་ནི་སརྦ་དྲ་བྱཱ་ཎི་བི་ཤྭ་དྷ་ཡ་ཧུཾ་ཕྲེཾ་ཕཊ྄། ཅེས་དང་། བདུད་རྩི་བཞིན་བྱིན་གྱིས་བརླབས། མཐེབ་སྲིན་གྱིས་བདུད་རྩི་བླངས་ཏེ་ཟླུམ་པོའི་དལ་བྱས་དེར་སྐད་ཅིག་གིས་དཀྱིལ་འཁོར་བསམ་ནས། སྤྱན་འདྲེན་གྱི་ཚིགས་བཅད། སངས་རྒྱས་ལ་སོགས་པས་སྤྱན་དྲངས་སོ་སོར་བསྟིམ་གཏོར་མ་ན་མ་མཆོད་པས་འབུལ། སྤར། ཨོཾ་ཧ་ཧཱུ་ཧི་ཧཱི་བཛྭ་བྷཻ་ར་བ་ཨཱ་ཀརྵ་ཡ་ཨཱ་ཀརྵ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བནྡྷ་ཡ་བནྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། ཛཿཧཱུྃ་བཾ་ཧོཿ སརྦ་ཌཱ་ཀི་ནཱི་ནཱི་སྲི་ད་ཡཾ་ཧུཾ་ཧཱུྃ་ཕྲེཾ་ཕྲེཾ་ཕཊ྄། ཅེས་པས་རྡོ་རྗེ་ཤུགས་ལ་མཁའ་འགྲོ་མ་རྣམས་ཀྱིས་བསྐོར་བ་བཀུག དེ་དག་ལ་རྡོ་རྗེའི་ཕྱག་རྒྱས། རང་མིང་གི་མཐར་ས་པ་རི་མན་ཆད་ཀྱིས་གཏོར་མ་ལ་སོགས་འབུལ་བས་ཕྱི་རོལ་དུར་ཁྲོད་ཀྱི་ས་ལ་བཟའ་བཏུང་བྱེད་པར་བསམ་མོ། །ས་ག་ཟླ་བའི་ཉ་ལ་མཚན་མོའི་དུས་ནི་འདས་ཤིང་ཉིན་པར་རབ་ཏུ་མ་ཞུགས་པ་དག་ལ། །ཐུབ་པའི་སྐྱེ་བོ་དང་བཅས་ཉི་མ་སྣ་ཚོགས་གཙོ་བོས་བྱིན་གྱིས་བརླབས་པས་ཕྱག་རྒྱའི་དངོས་གྲུབ་འཐོབ། །སེམས་ཅན་རྣམས་ཀྱི་ཐར་པའི་ཆེད་དུ་མཐའ་དག་སྲིད་པར་གནས་པའི་ཐུགས་ཀྱི་རྡོ་རྗེ་བདག་ལ་ནི། །ཇི་ལྟ་བཞིན་དུ་དུས་ཀྱི་འཁོར་ལོའི་མཐུ་ལས་སེམས་ཅན་རྣམས་ཀྱིས་རྣམ་གསུམ་སྲིད་པ་རྟོག་གྱུར་ཅིག སྟེང་ནས་བྱང་ཆུབ་སེམས་དཔའ་གང་དག་བདུད་ཀྱི་ཕྱོགས་གནས་ལྷ་མ་ཡིན་རྣམས་མཆོག་ཏུ་འཇིགས་བྱེད་དང་། །མི་ཡི་འཇིག་རྟེན་དག་ན་ཕྱོགས་དང་ཕྱོགས་བྲལ་དུ་གནས་ཁྲོ་བོའི་རྒྱལ་པོ་བཙུན་མོར་བཅས་རྣམས་དང་། །ས་འོག་དག་ན་གདེངས་ཅན་དབང་པོ་གང་དག་གདོན་ཚོགས་མི་དགེ་དུས་ཀུན་ན་ནི་འཆིང་བྱེད་ལ། །དེ་རྣམས་ཐམས་ཅད་ཉིན་ཞག་སོ་སོའི་དུས་སུ་མི་ཤེས་འཇིག་རྟེན་ཀུན་ནས་སྐྱེད་པར་བྱེད་གྱུར་ཅིང་། །དེ་ནས་གཙུག་ཏོར་དུ་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་བདེ་ཆེན་འཁོར་ལོ་དང་། སྙིང་གར་རྡོ་རྗེ་རྩེ་དགུ་པའི་ལྟེ་བར་ནུས་མ་དང་། དཔྲལ་བར་རྡོ་རྗེ་རྩེ་མོ་བཅུ་བདུན་པའི་ལྟེ་བར་གཤེགས་པ་གཤེགས་མ་དང་། མགྲིན་པར་རྡོ་རྗེ་རྩེ་མོ་སུམ་ཅུ་སོ་གསུམ་པའི་ལྟེ་བར་སེམས་དཔའ་སེམས་མ་ཐུགས་ཀྱི་སྒོ་བ་དང་བཅས་པ་དང་། ལྟེ་བར་རྡོ་རྗེ་རྩེ་མོ་དྲུག་ཅུ་རྩེ་ལྔ་པའི་ལྟེ་བར་གསུང་གི་རྣལ་འབྱོར་མ་རྣམས་དང་། གསང་བར་རྡོ་རྗེ་རྩེ་མོ་སུམ་ཅུ་རྩ་གསུམ་པའི་ལྟེ་བར་སྐུ་སྒོ་བ་དང་། ལས་ཀྱི་འཁོར་ལོ་ཚིགས་ཆེན་གྱི་རྡོ་རྗེ་རྩེ་མོ་སུམ་ཅུ་རྩ་གཅིག་པ་བཅུ་གཉིས་ཀྱི་ལྟེ་བར་སྐུའི་ལྷ་འཁོར་བཅས་དང་། བྱ་བའི་འཁོར་ལོ་རྐང་ལག་གི་སོར་ཚིགས་ཀྱི་རྡོ་རྗེ་རྩེ་མོ་བདུན་པའི་ལྟེ་བར་ཀླུ་དང་། རབ་གཏུམ་རྣམས་གཤེགས་སུ་གསོལ། ཨོཾ་སྲལཱི་སྲྀ་ད་ཡཱ་ཡ་ན་མཿཞེས་པས་ཡན་ལག་དྲུག་ལ་བཀོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏི་བཛྭ་ས་ཏྭཱཧཾ། དུ་རྡནྟ་དཱ་མ་ཀ་ཧུཾ་ཧཱུྃ་ཕཊ྄་སྭཱ་ཧཱ། ལྷའི་ང་རྒྱལ་གྱིས་སྤྱོད་ལམ་བྱའོ། །ཞེས་དུས་འཁོར་ཞབས་ཆེན་པོའི་སྒྲུབ་པའི་ཐབས་ཡན་ལག་བཅུ་གཅིག་པ་འགྲེལ་ཆེན་ནས་ཇི་ལྟར་བཤད་པ་འདི་ཡང་། པདྨ་དཀར་པོས་ཕོ་བྲང་ཆེན་པོ་རྩེ་ཆེན་དུ་སྦྱར་བའི་དག་པས་དུས་ཀྱི་འཁོར་ལོའི་བསྟན་པ་ཟླ་བ་ཡར་གྱི་ངོ་ལྟར་འཕེལ་ཞིང་རྒྱས་པར་གྱུར་ཅིག། །།བརྩེགས་མའི་ཡི་གེ་རྣམས་མ་ཕྱིར་གཟིགས་པར་བྱའོ། །


previousདུས་ཀྱི་འཁོར་ལོའི་མངོན་པར་རྟོགས་པ་དུས་ཞབས་པ་ཆེན་པོའི་ཞལ་ལུང་།next