Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།

1 occurrence of ཧ་ཅང་བྱེད་པ་
[Clear Hits]


  
  
མཆོད་པ་བརྗོད་ཅིང་བརྩམས་པར་དམ་བཅའ་བ།
  
  
  
  
  
 
  
  
  
  
  
  


1 occurrence of ཧ་ཅང་བྱེད་པ་
[Clear Hits]

 
previousམཆོད་པ་བརྗོད་ཅིང་བརྩམས་པར་དམ་བཅའ་བ།next

མཆོད་པ་བརྗོད་ཅིང་བརྩམས་པར་དམ་བཅའ་བ།


MLP010_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

ཊཱིཀཱཁྱཱཏདེཤཱིཡབིདིཔྟཱབྷིསམཡཱལཾཀརསྻནཱམབིཧརཏིསྨསཱདྷུ་པ་ཤྱ་ཧོ། མངོན་རྟོགས་རྒྱན་གྱི་འགྲེལ་བཤད་ཉུང་ངུ་རྣམ་གསལ་ཞེས་བྱ་བ་བཞུགས་སོ། །སཱདྷུ་པ་ཤྱ་ཧོ།
ༀ་སྭ་སྟི། མངོན་རྟོགས་རྒྱན་གྱི་འགྲེལ་བཤད་ཉུང་ངུ་རྣམ་གསལ་ཞེས་བྱ་བ། བླ་མ་དང་མགོན་པོ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །རྣམ་དག་སྐུ་བཞིའི་གོ་འཕང་མཆོག་བརྙེས་ནས། །རྣམ་མང་འགྲོ་ལ་ཆོས་ཕུང་དབྱངས་སྙན་པོས། །རྣམ་གྲོལ་ལམ་སྟོན་ཐུབ་དབང་ལྷའི་བླ་མ། །རྣམ་ཀུན་གཙུག་གི་རྒྱན་དུ་གུས་པར་མཆོད། །རྒྱལ་བའི་རྒྱལ་ཚབ་འཕགས་མཆོག་མ་ཕམ་མགོན། །ཀླུ་སྒྲུབ་ཐོགས་མེད་དབྱིག་གཉེན་འཕགས་པ་ལྷ། །ཕྱོགས་ཀྱི་གླང་པོ་ཆོས་ཀྱི་གྲགས་པ་སོགས། །བསྟན་པའི་སྒྲོན་མེ་རྣམས་ལ་གུས་པས་འདུད། །རྣམ་གྲོལ་གྲོལ་སྡེ་མཆོག་སྡེ་དུལ་བའི་སྡེ། །སྣང་མཛད་སེང་བཟང་རྔོག་ལོ་གཡག་རོང་དང་། །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་སྡེ། །ཤེར་ཕྱིན་བརྒྱུད་པའི་བླ་མ་ཕྱག་གི་གནས། །ཁྱད་པར་གངས་རིའི་ལྗོངས་འདིར་ཤེར་ཕྱིན་གྱི། །ལུང་རིགས་གད་རྒྱངས་སྒྲོག་པའི་ཤིང་རྟ་ཆེ། །སྐལ་བཟང་རྒྱ་མཚོའི་ངོ་མཚར་མཚན་དབྱངས་ཀྱིས། །སྲིད་ཞིའི་ཁམས་ཀུན་ཁྱབ་
དེའི་ཞབས་ལ་འདུད། །ཤེར་ཕྱིན་ཟབ་དོན་བདག་ལྟའི་ཡུལ་མིན་ཡང་། །སྔོན་བྱོན་ལེགས་བཤད་རྒྱ་ཆེ་རྟོགས་དཀའ་བས། །ལྷག་བསམ་བཟང་པོས་དང་པོའི་འགྲོ་བ་ལ། །ཕན་པའི་ཉུང་ངུ་རྣམ་གསལ་འདི་ན་སྤྲོ། །


previousམཆོད་པ་བརྗོད་ཅིང་བརྩམས་པར་དམ་བཅའ་བ།next