Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་བརྒྱད་པ།

48 occurrences of གཙང་
[Clear Hits]


  
བླ་མ་གསང་འདུས་ལས་གསུངས་པའི་ཁྱད་པར་བླ་སྒྲུབ་ཚིག་བདུན་གསོལ་འདེབས། གུ་རུ་ཆོས་དབང་།
  
  
  
  
  
 
  
  
 
 
27   
  
  
  
 
  
  
 
 
 
 
  
  


48 occurrences of གཙང་
[Clear Hits]

 
no previousབླ་མ་གསང་འདུས་ལས་གསུངས་པའི་ཁྱད་པར་བླ་སྒྲུབ་ཚིག་བདུན་གསོལ་འདེབས།གུ་རུ་ཆོས་དབང་།next

བླ་མ་གསང་འདུས་ལས་གསུངས་པའི་ཁྱད་པར་བླ་སྒྲུབ་ཚིག་བདུན་གསོལ་འདེབས།
གུ་རུ་ཆོས་དབང་།

ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་ཡང་ཡང་བསྐྱལ་ཏེ་གསོལ་བ་བཏབ་པའི་ཕན་ཡོན་ནི། དེ་ཉིད་ལས། འདི་ལྟར་གསོལ་བ་བཏབ་པའི་བུ༔ ང་ཡིས་སྐྱོབ་པ་སྨོས་ཅི་དགོས༔ དུས་གསུམ་རྒྱལ་བའི་སྲས་སུ་འགྱུར༔ ཞེས་གསུངས་སོ། །


no previousབླ་མ་གསང་འདུས་ལས་གསུངས་པའི་ཁྱད་པར་བླ་སྒྲུབ་ཚིག་བདུན་གསོལ་འདེབས།གུ་རུ་ཆོས་དབང་།next