Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
ངས་ནུས་གསོལ་ཀ་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousངས་ནུས་གསོལ་ཀ་བསྡུས་པ།next

ངས་ནུས་གསོལ་ཀ་བསྡུས་པ།


CMR015_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ངས་ནུས་གསོལ་ཀ་བསྡུས་པ་ནི། ཨོཾ་བཛྲ་ཨ་མྲྀ་ཏས་བསང་། ཨོཾ་སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་ཧཱུཾ་ལས་རིན་པོ་ཆེའི་སྣོད་དུ་དགྲ་རྐུན་ཇག་གསུམ་བསྒྲལ་བ་ལས་བྱུང་བའི་། གཏོར་མ་འདོད་པའི་ཡོན་ཏན་སྣ་ཚོགས་ཀྱིས་གང་བར་གྱུར། ཨོཾ་ཨ་ཀཱ་རོས་བྱིན་གྱིས་བརླབས། མདུན་དུ་ཧཱུཾ་ལས་རིན་ཆེན་གཞལ་ཡས་ཁང་། །པད་ཟླའི་སྟེང་དུ་བྷྱོ་ཡིག་ཡོངས་གྱུར་ལས། །དུར་ཁྲོད་བདག་མོ་མཁའ་འགྲོ་ངས་ནུས་མ། །དཀར་མོ་འཛུམ་མདངས་ནོར་བུ་ནེའུ་འཛིན། །གཟིག་ཤམ་དར་དང་རིན་ཆེན་རྒྱན་གྱིས་བཀླུབས། །རྫུ་སྒྱུ་འཕྲུལ་ཤུགས་ལྡན་བོང་བུ་གྲྭ་དམར་ཆིབས། །འོད་འཕྲོས་དུར་ཁྲོད་གནས་ནས་སྤྱན་དྲངས་གྱུར། །བྷྱོ༔ བསིལ་བ་ཚལ་དང་ཉེ་བའི་ཚནོ་ཧ། །བདེན་བྲལ་མུན་པ་ཅན་གྱི་དུར་ཁྲོད་ནས། །དཀོར་གྱི་སྲུང་མ་རྡོ་རྗེ་ངས་ནུས་མ། །འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་བཞེས། །དཀོར་རྣམས་སྲུང་ཞིང་སྤེལ་བའི་ཕྲིན་ལས་མཛོད། །ཨོཾ་ར་ལི་པྲ་མ་ཡ་ཛཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བྷྱོ༔ དཀོར་སྲུང་དུར་ཁྲོད་བདག་མོ་འཁོར་བཅས་ལ། །དགྱེས་པའི་མཆོད་པ་སྣ་ཚོགས་འབུལ་བ་ནི། །མེ་ཏོག་སྣ་ཚོགས་


CMR015_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

སྤོས་དཀར་དུད་པ་དང་། །གསེར་དངུལ་བྱི་རུ་མུ་ཏིག་ཤེལ་གྱི་འོད། །ཇ་ཆང་ཕུད་རྒོད་དཀར་གསུམ་མངར་གསུམ་བཤོས། །རྔ་དུང་ཌཱ་རུ་དྲིལ་བུ་པི་ཝང་སྒྲ། །བདུད་རྩིར་ཁྲག་དམར་གཏོར་ར་ཤས་བརྒྱན། །མདའ་མོ་རྒོད་སྒྲོ་དར་སྣ་སྟག་གཟིག་རིས། །དངུལ་དཀར་མེ་ལོང་སྦ་སྨྱུག་གླིང་བུ་སོགས། །དངོས་འབྱོར་ཡིད་སྤྲུལ་དུ་མས་མངའ་གསོལ་ལོ། །ཁྱད་པར་དགྲ་ཇག་རྐུན་པོའི་ཤ་ཁྲག་རུས། །རྣམ་པ་དཀར་གསུམ་བདུད་རྩིར་བྱིན་བརླབས་ནས། །དུར་ཁྲོད་བདག་མོ་ངས་ནུས་མ་ལ་འབུལ། །དམར་མོ་ཁྲག་མདོག་སྔོ་མོ་གཡུ་མདོག་མ། །སེར་མོ་གསེར་མདོག་སྔོན་མོ་ལྕགས་མདོག་མ། །ནག་མོ་སོལ་མདོག་སྔོ་སྐྱ་ཐལ་མདོག་མ། དབུ་ལྔ་དྲེད་མགོ་ལ་སོགས་འཁོར་བཅས་ལ། །འབུལ་ལོ་རབ་ཏུ་མཉེས་ཤིང་ཚིམ་གྱུར་ཅིག །ཨོཾ་ར་ལི་པྲ་མ་ཡ་ཛ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨ་རཱ་གས་སོ། །དགེའོ།། །།


previousངས་ནུས་གསོལ་ཀ་བསྡུས་པ།next