Nitartha Digital Library
Tibetan
 
previousཞི་བའི་བསྡུས་དོན་འབྱེད་འགྲེལ།next

ཞི་བའི་བསྡུས་དོན་འབྱེད་འགྲེལ།

༈ ཞི་བའི་བསྡུས་དོན་འབྱེད་འགྲེལ། སློབ་དཔོན་སངས་རྒྱས་གསང་བས་མཛད་པའི་ཞི་བ་རིན་ཆེན་དྲྭ་བ་འདི་ལ་གསུམ་སྟེ། ཀླད་དང་། གཞུང་དང་མཇུག་གོ། །ཀླད་ལ་གཉིས་ཏེ། ཕྱག་དང་། དམ་བཅའ་བའོ། །གཞུང་ལ་གསུམ་སྟེ། དང་པོ་མངོན་དུ་བྱ་བའི་ལས་དང་། བར་དུ་ཏིང་ངེ་འཛིན་བསྒོམ་པ་དང་། ཐ་མར་ཚོགས་སྒྲུབ་པའོ། །དང་པོ་སྔོན་དུ་བྱ་བའི་ལས་ལ་དྲུག་སྟེ། སྦྱིན་༼ཐོས་བསམ་༽པའི་སྣོད་དང་། སྣོད་ངན་པ་ལ་༼སློབ་དཔོན་༽ བྱིན་པའི་སྐྱོན་དང་། མཉམ་པའི་༼མཉམ་ལ་༽དམ་ཚིག་བསྲུང་བ་དང་། དངོས་གྲུབ་༼དུས་བཞི་༽ སེམས་ཡིན་པས་ལོགས་ན་མྱེད་པ་དང་། མཉམ་བཞག་༼གང་གིས་༽ བསྒོམ་པ་ལས་འབྲས་བུ་འབྱུང་བ་དཔེའ་བསྟན་པ་དང་། བསྒོམ་པའི་༼དགོན་པ་༽གནས་བསྟན་པའོ། །བར་དུ་ཏིང་ངེ་འཛིན་བསྒོམ་པ་ལ་དྲུག་སྟེ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་པ་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་བ་ལ་སོགས་པ་དང་། མཇུག་གི་ལས་སོ། །ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་བཞི་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཏིང་ངེ་འཛིན་གསུམ་བསྒོམ་པ་དང་། དཀྱིལ་འཁོར་དངོས་བསྒོམ་པ་དང་། བསྒོམ་༼པ་ལ་སོགས་ལ་༽པའི་ཆེ་བའོ། །སེམས་བསྐྱེད་པ་ལ་གཉིས་ཏེ། དམ་བཅའ་༼བདག་དང་༽བ་དང་། སེམས་༼ཨེ་མའོ་༽ ཡེ་ཤེས་ལྔར་བསྐྱེད་པའོ། །ཏིང་ངེ་འཛིན་ལ་བཞི་སྟེ། ཏིང་ངེ་༼སྒྲུབ་པའི་༽འཛིན་གྱི་དགོངས་པ་དཔེས་སྟན་པ་དང་། དེ་བཞིན་༼དངོས་རྣམས་༽ ཉིད་དང་། ཀུན་ཏུ་༼དེ་བཞིན་༽སྣང་དང་། རྒྱུའི་ཏིང་ངེའོ། །དེ་ལ་བཞི་སྟེ། དམ་༼གཞིའ་རྩ་༽ བཅའ་བ་དང་། ཡི་གེ་༼ཨ་རབ་ཏུ་༽ཨ་ལ་སེམས་སྦྱང་བ་དང་། མིང་ཚོགས་༼དེ་ལས་མིང་༽ གཞན་ལ་སེམས་སྦྱང་པ་དང་། མིང་ཚོགས་གཞན་ལ་སེམས་ལ་སྦྱང་བ་དང་། སེམས་སྦྱངས་༼འདི་ནི་༽བའི་ཡོན་ཏན་ནོ། །དཀྱིལ་འཁོར་དངོས་བསྒོམ་པ་ལ་གཉིས་ཏེ། རྟེན་གཞལ་ཡས་ཁང་དང་། རྟེན་པ་ལྷའོ། །རྟེན་གཞལ་ཡས་ཁང་ལ་གཉིས་ཏེ། འབྱུང་བ་༼དེ་ལས་༽ དབང་ཆེན་དང་། གཞལ་ཡས་ཁང་ངོ་། །དེ་ལ་གསུམ་སྟེ། བསྐྱེད་པའི་༼བྲུྃ་༽སྔགས་དང་། ཅིག་ཆར་༼ ཡེ་ཤེས་ཕྱོགས་༽བའི་དཀྱིལ་འཁོར་དང་། རིམས་བསྐྱེད་པའོ། །དེ་ལ་གསུམ་སྟེ། དཀྱིལ་འཁོར་༼འཁོར་ལོ་༽ གྱི་མཚན་ཉིད་དང་། རྒྱན་༼རོལ་མོ་༽དང་། གདན་༼སེང་གེ་༽ ནོ། །རྟེན་པ་ལྷ་ལ་གཉིས་ཏེ། བདག་སྔོན་གྱི་སངས་རྒྱས་ཡིན་པའི་ཕྱིར་བདག་གི་སྲས་སུ་དེ་བཞིན་གཤེགས་པ་དང་། རིགས་མི་ནུབ་ཅིང་ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་སྲས་སུ་བདག་བྱ་བའོ། །བདག་སྲས་ལ་ལྔ་སྟེ། གཙོ་བོ་༼ཨ་ནི༽བསྐྱེད་པ་དང་། བདག་སྲས་༼བདག་ཉིད་སངས་རྒྱས་༽ ཀྱི་གཏན་ཚིགས་དང་། གསང་༼ཐབས་དང་༽ བའི་དཀྱིལ་འཁོར་བསྐྱེད་པ་དང་། སྔགས་༼དེ་ལ་རྐྱེན་༽ ཀྱིས་ཕྱིར་གདོན་པ་དང་། དེ་དག་རྒྱུ་རྐྱེན་༼སྒྱུ་འཕྲུལ་༽འཚོགས་པ་ལས་འབྱུང་བར་བསྟན་པའོ། །དེ་བཞིན་གཤེགས་པའི་སྲས་སུ་བདག་བྱ་བ་གཉིས་ཏེ། འཇུ་འདུལ་བྱ་བ་དང་། དཀྱིལ་འཁོར་བསྐྱེད་པའོ། །འཇུ་འདུལ་བྱ་བ་ལ་བཞི་སྟེ། སྐུལ་བར་༼དེ་ནས་༽དམ་བཅའ་བ་དང་། བསྐུལ་༼ཨཱོཾ་༽བ་དངོས་དང་། རྟོག་པ་སྦྱངས་༼ཐབས་དང་༽པའི་དང་། ལྷ་༼ལྷ་རྣམས་༽ཀུན་འོད་དུ་ཞུ་བའོ། །དཀྱིལ་འཁོར་བསྐྱེད་པ་ལ་བཞི་སྟེ། གཙོའ་བོ་བསྐྱེད་པ་དང་། འཁོར་བསྐྱེད་པ་དང་། ལྷའི་ཚུལ་བསྟན་པ་དང་། ནུས་པ་༼ༀ་མ་ཧཱ་༽དང་ལྡན་པར་བྱའོ། །གཙོའ་བོ་བསྐྱེད་པ་ལ་བཞི་སྟེ། ཡབ་ཡུམ་བསྐྱེད་༼དེ་ནས་སྙིང་པོ་དྲན་༽པ་དང་། དབང་དང་༼འབྲུ་གསུམ་༽ བྱིན་བརླབས་བྱ་བ་དང་། ༼སེང་ཕྲུག་ཡོད་༽མཁའ་༼ཧཱུྃ་ལས་༽ འདས་བྱིན་གྱིས་བརླབས་ཏེ་བརྡས་བསྐུལ་བ་དང་། བྱང་སེམས་༼ༀ་སརྦ་༽ སྤྲོས་ཏེ་ཆགས་མཆོད་བྱ་བའོ། །འཁོར་བསྐྱེད་པ་ལ་གཉིས་ཏེ། ཡུམ་གྱི་མཁར་༼ཡུམ་གྱི་པད་མ་༽བྱང་ཆུབ་སེམས་ལས་ལྷར་བསྐྱེད་པ་དང་། སྔགས་ཀྱིས་༼སོ་སོའི་སྔགས་༽ ཕྱིར་གདོན་པའོ། །ལྷའི་ཚུལ་ལ་དྲུག་སྟེ། བཞུགས་༼གདན་ལ་༽ ཚུལ་དང་། བཞུགས་༼འཁོར་ལོ་༽གནས་དང་། ཕྱག་མཚན་༼རྡོ་རྗེ་འཁོར་ལོ་༽དང་། སྐུ་མདོག་༼མཐིང་ཀ་༽དང་། ཞི་བའི་༼གཉེན་ལྕུག་༽ཚུལ་དགུའ་དང་། འོད་གཟེར་༼འོད་ཟེར་༽ རོ། །ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་བ་ལ་སོགས་པ་ལ་གཉིས་ཏེ། སྤྱན་དྲང་བ་དང་། མཆོད་པའོ། །སྤྱན་དྲངས་བ་ལ་དྲུག་སྟེ། དམ་༼ཕྱག་རྒྱའི་༽བཅའ་བ་དང་། ཚིག་གིས་སྤྱན་དྲངས་བ་དང་། ༼ཨཱོཾ་ཨེ་ཧ་༽སྔགས་ཀྱིས་སྤྱན་དྲངས་བ་དང་། རིག་པའི་མེ་ཏོག་༼མེ་ཏོག་དོར་ལ་༽དོར་བ་དང་། དངོས་གྲུབ་བསྐུལ་བ་༼ༀ་བཛྲ་༽ དང་། གཉིས་༼ཛ་ཧཱུྃ་༽ མྱེད་དུ་བསྟིམ་པའོ། །མཆོད་པ་ལ་བརྒྱད་དེ། ཕྱག་རྒྱ་གར་གྱི་མཆོད་པ་དང་། ལྷག་པ་ཏིང་ངེ་འཛིན་གྱི་དང་། སྟ་ན་༼ཐོག་མར་༽ སྒྲོལ་བའི་འགའ་ན་༼གསལ་ལྡན་༽སྦྱོར་བའི་དང་། བདུད་རྩིའི་༼མཉམ་པའི་༽ དང་། ཚོགས་༼བཟའ་དང་༽ ཀྱི་དང་། བསྟོད་པ་དང་། བཟླས་༼དེའི་༽ པའི་མཆོད་པའོ། །༼སེང་ཕྲུག་༽ཕྱག་རྒྱ་ལ་གསུམ་སྟེ། ཅིག་ཆར་༼སེང་ཕྲུག་༽བར་ཕྱིའི་ཕྱག་རྒྱ་དང་། སྙོམས་འཇུག་༼ཨཱོཾ་དང་མུཾ་༽གསང་བའི་ཕྱག་རྒྱ་དང་། རིམས་ཀྱིས་པ་ནང་གི་ཕྱག་རྒྱའོ། །ཅིག་ཆར་བ་ལ་གཉིས་ཏེ། སེམས་༼སྒྱུ་འཕྲུལ་༽ཀྱི་ཕྱག་རྒྱ་དང་། ལུས་ཀྱི་༼སྐྱོད་ཆེན་༽ དང་། ཕྱག་རྒྱ་སྤྱིའི་ངེས་༼གསང་བ་དེ་ཉིད་༽ཚིག་ཞར་བྱུང་ངོ་། །རིམས་ཀྱིས་པ་ལ་གཉིས་ཏེ། ཕྱག་རྒྱ་འབྱུང་༼མི་བསྐྱོད་༽བའི་རྒྱུ་དང་། ལྷ་སོ་སོའི་ཕྱག་༼འབྲུ་བཞིའ་༽རྒྱ་བཅའ་ཐབས་སོ། །ལྷག་པ་ཏིང་ངེ་འཛིན་གྱི་མཆོད་པ་ལ་གཉིས་ཏེ། ལྷག་པའི་༼མཆོད་པའི་༽ཏིང་ངེ་འཛིན་དངོས་དང་། འབྱུང་༼སྐལ་ལྡན་༽ཚུལ་ལོ། །བསྟོད་པ་ལ་དྲུག་སྟེ། སྐུ་ལ་༼ཨཱོཾ་ཕྱོགས་༽བསྟོད་པ་དང་། གསུང་༼ཨཱོཾ་༽ལ་དང་། ཐུགས་༼ཨཱོཾ་༽ ལ་དང་། ཡོན་༼ཨཱོཾ་༽ ཏན་ལ་དང་། འཕྲིན་༼ཨཱོཾ་༽ལས་ལ་དང་། སྤྱིར་༼ཨཱོཾ་༽ དང་བསྡུས་ཏེ་བསྟོད་པའོ། །འཇུག་ལས་ལ་གསུམ་སྟེ། དཀྱིལ་འཁོར་༼བསྙེན་པ་༽ བསྡུའ་བ་དང་། རྒྱུན་༼ སྟོང་པའི་༽གྱི་སྤྱོད་༼འགྲོ་ཉལ་༽ ལམ་དང་། རྩ་འཁོར་༼དཀྱིལ་འཁོར་༽ལོའི་རྫོགས་རིམས་སོ། །ཐ་མར་ཚོགས་བསྒྲུབ་པའི་ལ་བདུན་ཏེ། མཚན་༼སེང་ཕྲུག་༽ ཉིད་གསུམ་གྱིས་གཞིའ་༼ཤེས་འཇུག་༽གཟུང་བ་དང་། ཡོ་བྱད་དང་དུ་བླངས་༼སྒྱུ་འཕྲུལ་དྲ་བ་༽ཤིང་སྤྱོད་པའི་ཡོན་ཏན་དང་། ཚོགས་༼ཆོ་ག་སྔགས་དང་༽བསྒྲུབས་པས་ཚེ་དབང་ཐོབ་པ་དང་། དེས་༼དེ་ཚེ་བཅུ་དྲུག་༽ ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ་དུས་དང་། དེས་ལྷུན་གྲུབ་ཐོབ་པའི་༼ཕྱོགས་བཅུ་དུས་བཞི་༽པའི་མཚན་ཉིད་དང་། དེས་འབྲས་བུ་༼གཅིག་དང་དུ་མར་༽ཆོས་སྐུ་ཐོབ་པ་དང་། ཡོན་ཏན་དེ་གཞན་ནས་མ་༼ཕྱོགས་བཅུ་དུས་བཞི་༽བྱུང་བར་བསྟན་པའོ། །ཞི་བའི་བསྡུས་དོན་འབྱེད་འགྲེལ་རྫོགས་ས྄ོཧ྅྅྅། །སརྦ་མདྒ་ལཾ། །དགེའོ།། །།


previousཞི་བའི་བསྡུས་དོན་འབྱེད་འགྲེལ།next