མཁས་འཇུག་གི་ས་བཅད་མདོར་བསྡུས་པད་དཀར་ཕྲེང་བ།
མཁས་འཇུག་གི་ས་བཅད་མདོར་བསྡུས་པད་དཀར་ཕྲེང་བ་བཞུགས་སོ། །
ན་མོ་ཨཱརྱ་མཉྫུ་ཤྲཱི་ཛྙཱ་ན་ས་ཏྭཱ་ཡ། འདིར་སྤོབས་པའི་གཏེར་ཆེན་པོ་བརྒྱད་ཀྱི་འབྱུང་གནས། སོ་སོ་ཡང་དག་པའི་རིག་པ་བཞིའི་མཛོད་ཐེག་པ་ཆེན་པོའི་ཆོས་མངོན་པ་གསལ་བར་བྱེད་པ་མཁས་པའི་ཚུལ་ལ་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས་འདི་འཆད་པ་ལ། ཐོག་མར་དགེ་བ་བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག་བཟང་པོ། བར་དུ་དགེ་བ་བརྩམ་བྱ་བསྟན་བཅོས་ཀྱི་ལུས་ཕུན་སུམ་ཚོགས་པ། ཐ་མར་དགེ་བ་མཇུག་ཡོངས་སུ་རྫོགས་པའི་བྱ་བ་གྲུབ་པ་དང་གསུམ་གྱི་དང་པོ་ལ། དོན་དང་ལྡན་པའི་བསྟན་བཅོས་ཀྱི་མཚན་སྨོས་པ། གཞུང་རྩོམ་པའི་དང་པོར་ཕྱག་འཚལ་བ། གཞུང་གི་དོན་དང་མཐུན་པར་ཤིས་
པ་བརྗོད་པ་དང་གསུམ། དང་པོ། རྒྱ་གར་སྐད་དུ། པཎྜི་ཏ་སོགས། གཉིས་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཞེས་སོ། །གསུམ་པ། དོན་བཅུ་ཡང་དག་སོགས། གཉིས་པ་བསྟན་བཅོས་ཀྱི་ལུས་དངོས་བཤད་པ་ལ། རྒྱ་ཆེ་བ་མཁས་བྱའི་གནས་བཅུའི་རྣམ་གྲངས་རྒྱས་པར་བཤད་པ། ཟབ་པ་ཐེག་པ་ཆེན་པོའི་ཆོས་ཀྱི་སྡོམ་བཞིའི་དོན་རིགས་པས་གཏན་ལ་ཕབ་པ། ཟབ་ཅིང་རྒྱ་ཆེ་བའི་ཆོས་དེ་ལྟ་བུ་སོ་སོ་ཡང་དག་པ་རིག་པ་བཞིའི་སྒོ་ནས་ལེགས་པར་འཛིན་ཚུལ་དང་གསུམ། དང་པོ་ལ་ཁུངས་དང་འབྲེལ་བར་དགོས་པ་བསྟན་པ་དང་བཅས་ཏེ་མདོར་བསྟན། དེ་དག་གི་དོན་རྣམ་པར་ཕྱེ་ཞིང་བཤད་པ་གཉིས། དང་པོ། འདིར་ཤེས་བྱའི་གནས་སོགས། གཉིས་པ་ལ། ཕུང་པོ་ལ་མཁས་
པ། དེ་བཞིན་དུ་ཁམས་དང་། སྐྱེ་མཆེད་དང་། རྟེན་འབྲེལ་དང་། གནས་དང་གནས་མིན། དབང་པོ་དང་། དུས་དང་། བདེན་པ་དང་། ཐེག་པ་དང་། འདུས་བྱས་དང་འདུས་མ་བྱས་ལ་མཁས་པ་དང་བཅུ་ལས། དང་པོ་ལ། མདོར་བསྟན། རྒྱས་བཤད། མིང་གི་རྣམ་གྲངས་བསྟན་ཅིང་སྐབས་བསྡུ་བ་གསུམ། དང་པོ། ཕུང་པོ་ནི་ལྔ་སྟེ་སོགས། གཉིས་པ་ལ། ཕུང་པོའི་སྒྲ་དོན་དང་དབྱེ་བ་བཤད་པ་གཉིས། དང་པོ། གཟུགས་གང་ཅི་ཡང་སོགས། གཉིས་པ་ལ་གཟུགས་ཀྱི་ཕུང་པོ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་ཤེས་ཀྱི་ཕུང་པོ་དང་ལྔ་ལས། དང་པོ་ལ་མདོར་བསྟན་རྒྱས་བཤད་གཉིས། དང་པོ། གཟུགས་སུ་རུང་བའི་སོགས། གཉིས་པ་ལ་རྒྱུ་གཟུགས་བཞི་བཤད་པ། འབྲས་གཟུགས་བཅུ་གཅིག་བཤད་པ་གཉིས། དང་པོ། རྒྱུ་ནི་འབྱུང་བ་ཆེན་པོ་སོགས། གཉིས་པ་ལ་མདོར་བསྟན་པ་གཟུགས་སུ་འཇོག་པའི་འཐད་པ་དང་བཅས་པ་བསྟན་པ་དང་། དེ་དག་སོ་སོའི་དོན་རྒྱས་པར་བཤད་པ། གཟུགས་རྡུལ་གྱི་མཐའ་བཤད་པ་གསུམ། དང་པོ། འབྲས་གཟུགས་བཅུ་གཅིག་ནི་སོགས། གཉིས་པ་ལ་ཡུལ་ཅན་དབང་པོ་ལྔ་དང་། ཡུལ་དོན་ལྔ། ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་གསུམ་གྱི་དང་པོ། དབང་
པོ་ནི་ལྔ་སྟེ་སོགས། གཉིས་པ་ལ་སྤྱིར་བསྟན་པ། བྱེ་བྲག་ཏུ་བཤད་པ་གཉིས། དང་པོ། དོན་ལྔ་ནི་གཟུགས་སྒྲ་དྲི་རོ་རེག་བྱའོ་ཞེས་པས་བསྟན། གཉིས་པ་ལ་གཟུགས་སྒྲ་དྲི་རོ་རེག་བྱ་ལྔའི་དང་པོ། གཟུགས་ནི་མིག་ཉིད་སོགས། གཉིས་པ། སྒྲ་ནི་རྣ་བའི་སོགས། གསུམ་པ་དྲི་ནི། སྣའི་ཡུལ་སོགས། བཞི་པ་རོ་ནི། ལྕེའི་ཡུལ་སོགས། ལྔ་པ་རེག་བྱ་ནི་ལུས་ཀྱི་སོགས། གསུམ་པ་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་བཤད་པ་ལ་སྤྱིར་བསྟན་པ་དང་། རྣམ་རིག་མིན་པའི་གཟུགས་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ། ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ལྔ་སྟེ་སོགས། གཉིས་པ། རྣམ་པ་རིག་བྱེད་མིན་པ་འདི་གཟུགས་སོགས། གསུམ་པ་གཟུགས་མཐའ་བཤད་པ། དབང་དོན་བཅུ་པོ་དེ་དག་སོགས། གཉིས་པ་ཚོར་ཕུང་བཤད་པ། ཚོར་བ་ནི། ཉམས་སུ་མྱོང་སོགས། གསུམ་པ་འདུ་ཤེས་ཀྱི་ཕུང་པོ་བཤད་པ། འདུ་ཤེས་ནི་སོགས། བཞི་པ་འདུ་བྱེད་ཕུང་པོ་ལ། ངོ་བོ་དང་དབྱེ་བ་གཉིས། དང་པོ། འདུ་བྱེད་ཀྱི་ཕུང་པོ་ནི་སོགས། གཉིས་པ་ལའང་མཚུངས་ལྡན་གྱི་འདུ་བྱེད་དང་། ལྡན་མིན་འདུ་བྱེད་གཉིས། དང་པོ་ལ་མདོར་བསྟན། རྒྱས་བཤད། དོན་བསྡུ་གསུམ། དང་པོ། དེ་ཡང་སེམས་
བྱུང་སོགས། གཉིས་པ་ལ། ཀུན་འགྲོ་ལྔ། ཡུལ་ངེས་ལྔ། དགེ་བ་བཅུ་གཅིག་རྩ་ཉོན་དྲུག་དང་། ཉེ་ཉོན་ཉི་ཤུ། གཞན་འགྱུར་བཞི་རྣམས་རིམ་པས་རང་མིང་གིས་གསལ་བ་ལྟར་རོ། །གསུམ་པ་དོན་བསྡུ། སེམས་སེམས་བྱུང་གིས་སོགས། གཉིས་པ་ལྡན་མིན་འདུ་བྱེད་ལ། དེར་འཇོག་པའི་འཐད་པ། འཐད་པ་དེ་ལྡན་གྱི་ལྡན་མིན་འདུ་བྱེད་ཀྱི་དབྱེ་བ། དེས་མཚོན་ཏེ་ཤེས་པར་བྱ་བ་གསུམ། དང་པོ་སེམས་བྱུང་ལྟ་བུའི་སོགས། གཉིས་པ་ལྡན་མིན་འདུ་བྱེད་ཉེར་བཞི་པོ་རིམ་པར། ལྡན་མིན་འདུ་བྱེད་དེ་གང་ཞེ་ན་སོགས་ནས་རིམ་པར་གསལ་ལོ། །གསུམ་པ། ཉེར་བཞི་པོ་འདི་དག་གིས་སོགས། ལྔ་པ་རྣམ་ཤེས་ཕུང་པོ་ནི་སོགས། འདི་ལ་ནང་གསེས་དབྱེ་བ་ཡོད་ཀྱང་འདི་ཙམ་འཇུག་བདེ། དེས་མཚོན་སྐབས་ཕྱི་མ་རྣམས་སུའང་ཤེས་པར་བྱའོ། །གསུམ་པ་ཕུང་པོའི་རྣམ་གྲངས་བཅས་སྐབས་བསྡུ་བ་ནི། དེ་ལྟར་ཕུང་པོ་ལྔ་པོ་དེས་སོགས། ༈ །གཉིས་པ་ཁམས་ལ་མཁས་པར་བྱ་བ་ལ། ཁམས་བཅོ་བརྒྱད་ངོས་བཟུང་བ། ཁམས་ཀྱི་རབ་དབྱེ་བཤད་པ། སྐབས་བསྡུ་བ། དང་པོ་ལ། ཁམས་བཅོ་བརྒྱད་བཤད་པ། ཁམས་ཀྱི་སྒྲ་དོན་ཁམས་ཀྱིས་མིང་ཅན་གཞན་འདིར་འདུ་ཚུལ་གསུམ། དང་པོ། ཁམས་བཅོ་བརྒྱད་ནི་སོགས། གཉིས་པ། དེ་ལྟར་མིག་གི་
ཁམས་སོགས། གསུམ་པ། གཞན་ཡང་སྐྱེས་བུ་ཁམས་དྲུག་སོགས། གཉིས་པ་ཁམས་ཀྱི་རབ་དབྱེ་ལ། གཟུགས་ཅན་ཡིན་མིན། ༡ བསྟན་དུ་ཡོད་མེད། ༢ ཐོགས་བཅས་ཐོགས་མེད། ༣ ཟག་བཅས་ཟག་མེད། ༤ ཁམས་གསུམ་ཡོད་མེད་ཀྱི་ཁྱད་པར། ༥ དགེ་སྡིག་ལུང་མ་བསྟན་གྱི་ཁྱད་པར། ༦ ཕྱི་དང་ནང་གི་ཁྱད་པར། ༧ དེ་བཞིན་དུ་དམིགས་བཅས་དམིགས་མེད་ཀྱི། ༨ རྟོག་བཅས་རྟོག་མེད་ཀྱི། ༩ རང་རྒྱུད་ཀྱི་ཚོར་བས་ཟིན་མ་ཟིན། ༡༠ རྟག་མི་རྟག ༡༡ འཛིན་པ་དང་གཟུང་བ། ༡༢ རྟོག་དཔྱོད་དང་བཅས་མ་བཅས། ༡༣ རྡུལ་ཕྲན་བསགས་པ་ཡིན་མིན། ༡༤ གཅོད་བྱེད་གཅད་བྱ་ཡིན་མིན། ༡༥ མཐོང་སྒོམ་གྱི་སྤང་བྱ་ཡིན་མིན། ༡༦ བྱུང་བ་གསུམ་གྱི་ཁྱད་པར་དང་། ཞར་བྱུང་དབང་པོའི་ཁྱད་པར་བཅས། ༡༧ དང་པོ་ནས་བཅུ་བདུན་བར་གཞུང་ལྟར་རིམ་བཞིན་གསལ་ལོ། །བཅོ་བརྒྱད་པ་དབང་པོའི་ཁྱད་པར་ནི། དབང་པོ་རྣམས་ལ་རང་གི་ཤེས་པ་སོགས། འདི་ལ་རྟེན་བཅས་དང་དེ་མཚུངས་ཀྱི་ཁྱད་པར། ཁམས་གོང་འོག་གི་དབང་པོའི་ཁྱད་པར། ལྷའི་མིག་དང་རྣ་བ་ཐོབ་ཚུལ། དེ་ལ་གཟུགས་ལ་སོགས་པའི་ཁྱད་པར། མ་བཤད་པ་གཞན་དུ་ཁ་འཕང་བ་དང་ལྔ་ཡོད་དོ། །གསུམ་པ་རབ་དབྱེའི་སྐབས་བསྡུ་བ་ནི། ཁམས་ཀྱི་སྐབས་སོ་ཞེས་པས་བསྟན་ཏོ། ༈ །གསུམ་པ་སྐྱེ་མཆེད་ཀྱི་སྐབས་བཤད་པ་ལ། སྤྱིར་
བསྟན་པ་དང་། བྱེ་བྲག་ཏུ་བཤད་པ། ཞར་བྱུང་དུ་ཁམས་སྐྱེ་མཆེད་ཀྱི་བསྡུ་བ་བཤད་ཅིང་སྐབས་བསྡུ་བ་དང་གསུམ་གྱི་དང་པོ་ལ། སྐྱེ་མཆེད་བཅུ་གཉིས་ངོས་བཟུང་བ། དེའི་ངེས་ཚིག་བསྟན་པ། དེར་ཆོས་ཐམས་ཅད་འདུ་ཚུལ། དེའི་རབ་དབྱེ་གཞན་དུ་ཁ་འཕང་བ་དང་བཞི། དང་པོ་སྐྱེ་མཆེད་བཅུ་གཉིས་སོགས། གཉིས་པ་དེ་ཡང་མི་གནས་སོགས། གསུམ་པ། ཕུང་པོ་ལྔས་འདུས་བྱས་ཐམས་ཅད་སོགས། བཞི་པ་གོང་དུ་ཁམས་ཀྱི་སོགས། གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་ཁམས་ཐ་མ་གཉིས་ལས་འཕྲོས་པའི་ཐ་སྙད་ཀྱི་རྣམ་བཞག་བསྟན་པ་ལ་ཡིད་ཤེས་ཀྱི་ཐ་སྙད་བྱེད་ཚུལ་སྤྱིར་བསྟན། ཐ་སྙད་ཀྱི་རྣམ་གྲངས་གཙོ་ཆེ་བ་བྱེ་བྲག་ཏུ་བཤད། དེས་མཚོན་གཞན་ཡང་རྟོགས་པར་བྱ་བ་གསུམ་གྱི་དང་པོ་སྐབས་འདིར་ཡིད་ཆོས་ཀྱི་སོགས། གཉིས་པ། དེའི་ཕྱིར་ཤེས་བྱེད་ཐམས་ཅད་བློ་དང་སོགས། འདི་ལ་རྟོག་བཅས་དང་རྟོག་མེད་དང་། དེའི་ཚུལ་གྱི་ཁྱད་པར། དབྱེ་བསྡུ། སྤྱི་བྱེ་བྲག །རྫས་རྟགས། སྣང་སེལ། ཡུལ་ཡུལ་ཅན། འགལ་འབྲེལ། མཚན་མཚོན་གཞི་གསུམ། ཆོས་ཆོས་ཅན། བརྗོད་བྱ་རྗོད་བྱེད། ཤེས་བརྗོད་འཇུག་གསུམ་སོགས་ཀྱི་དབྱེ་བ་ཡོད་དོ། །གསུམ་པ་འདི་རྣམས་ཀྱིས་མཚོན་ནས་སོགས། གསུམ་པ་ཕུང་ཁམས་སྐྱེ་མཆེད་ཀྱི་བསྡུ་བ་བཤད་པ་ནི། དེ་ལྟར་
ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་སོགས། ༈ །བཞི་པ་རྟེན་འབྲེལ་ལ་དོན་གྱི་ངོ་བོ་མདོར་བསྟན། དེའི་དོན་རྒྱས་པར་བཤད། དགོས་པ་དང་བཅས་ཏེ་སྐབས་བསྡུ་བ་དང་གསུམ། དང་པོ། རྟེན་ཅིང་འབྲེལ་བར་འབྱུང་བ་གང་ཞེ་ན་སོགས། གཉིས་པ་ལ་ཕྱིའི་རྟེན་འབྲེལ་དང་། ནང་གི་རྟེན་འབྲེལ་དང་། དེ་གཉིས་ཐུན་མོང་གི་རྟེན་འབྲེལ་གྱི་དོན་བཤད་པ་གསུམ། དང་པོ། དེ་ཇི་ལྟར་ན་ཕྱིའི་རྟེན་འབྲེལ་ནི་སོགས། གཉིས་པ་ལ་རྒྱུ་དང་འབྲེལ་བ་དང་། རྐྱེན་དང་འབྲེལ་བའི་རྟེན་འབྲེལ་གཉིས། དང་པོ་ལ་མདོར་བསྟན། རྒྱས་བཤད་གཉིས། དང་པོ། ནང་གི་རྟེན་འབྲེལ་ལ་རྒྱུ་དང་འབྲེལ་བ་སོགས། གཉིས་པ། བདེན་དོན་མི་ཤེས་ཤིང་སོགས། གཉིས་པ་རྐྱེན་དང་འབྲེལ་བ་ནི་སོགས། གསུམ་པ་དེ་གཉིས་ཐུན་མོང་གི་རྟེན་འབྲེལ་གྱི་དོན་བཤད་པ་ལ། ཕྱི་ནང་གི་རྟེན་འབྲེལ་ཐུན་མོང་བའི་དོན་བཤད་པ་དང་། ནང་གི་རྟེ་འབྲེལ་གྱི་དོན་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ་དངོས་དང་། དེ་ལྟར་རྟོགས་པའི་ཕན་ཡོན་བཤད་པ་གཉིས། དང་པོ། དེ་ལྟར་ཕྱི་དང་ནང་གི་ཆོས་ཐམས་ཅད་སོགས། གཉིས་པ། དེ་ལྟར་རྟོགས་ན་སོགས། གཉིས་པ་ནང་གི་རྟེན་འབྲེལ་བྱེ་བྲག་ཏུ་བཤད་པ་ལ། དབྱེ་བ་དང་། བསྡུ་བ་གཉིས། དང་པོ་ལ།
རྒྱུན་ཆགས་པའི་རྟེན་འབྲེལ་དང་། སྐད་ཅིག་མའི་རྟེན་འབྲེལ་གཉིས། དང་པོ་ལ། སྤྱིར་བསྟན་པ་དང་། བྱེ་བྲག་ཚེ་དུ་ལ་རྫོགས་དཔྱད་པ་གཉིས་ཀྱི་དང་པོ། དེ་ལྟར་རྟེན་འབྲེལ་ཡན་ལག་སོགས། གཉིས་པ། དེ་ལྟར་རྒྱུན་ཆགས་སུ་སོགས། གཉིས་པ། གཞན་ཡང་བྱ་བ་རྫོགས་པའི་སོགས། གཉིས་པ་བསྡུ་བ་ལ། བཞིར་སྡུད་པ། གསུམ་དུ་སྡུད་པ། གཉིས་སུ་སྡུད་པའོ། །དང་པོ་རྒྱུན་ཆགས་པའི་རྟེན་འབྲེལ་སོགས། གཉིས་པ། ཡང་གསུམ་དུ་སྡུད་དེ་སོགས། གསུམ་པ་ལ། རྒྱུ་འབྲས་གཉིས་སུ་སྡུད་པ། སྡུག་ཀུན་གཉིས་སུ་སྡུད་ཚུལ་གཉིས། དང་པོ་ནི། ཡན་ལག་བཅུ་གཉིས་ཀྱི་ནང་ནས་སོགས། གཉིས་པ་ལ་དངོས་དང་། ཞར་ལ་རྣམ་བྱང་གི་རྟེན་འབྲེལ་བསྟན་པ་གཉིས། དང་པོ། ལུགས་འབྱུང་གི་རྟེན་འབྲེལ་དེ་དག་སོགས། གཉིས་པ། ལུགས་ལྡོག་གི་དབང་དུ་བྱས་ན་སོགས། གསུམ་པ་དགོས་པ་བསྟན་ཅིང་སྐབས་བསྡུད། དེ་ལྟར་རྟེན་ཅིང་སོགས། ༈ །ལྔ་པ་གནས་དང་གནས་མིན་ལ་མཁས་པར་བྱ་བའི་སྐབས་ལ། གནས་གནས་མིན་གྱི་ངོ་བོ་མདོར་བསྟན། དེ་ཉིད་དཔེས་མཚོན་ནས་རྒྱས་པར་བཤད་པ་གཉིས། དང་པོ། གནས་དང་གནས་མ་ཡིན་པ་ནི་སོགས། གཉིས་པ་ལ་གཞན་དབང་བདུན་བཤད་པ། རིག་པའི་གནས་བཅུ་བཤད་པ་གཉིས།
དང་པོ། མཚོན་བྱེད་ཙམ་དུ་སོགས། གཉིས་པ་ལ། རིག་པའི་གནས་བཅུ་སྤྱིར་བཤད། ནང་རིག་པའི་གྲུབ་མཐའི་གནད་མདོར་བསྡུས་བརྗོད་པ་དང་གཉིས། དང་པོ། མདོར་ན་ཤེས་བྱ་རིག་པའི་གནས་སོགས། གཉིས་པ་ལ་དགོས་པ་བསྟན་པ་དང་། དགོས་པ་དེ་ལྡན་གྱི་གྲུབ་མཐའ་དངོས་བཤད་པ་གཉིས། དང་པོ། འདིར་ནི་ནང་རིག་པ་ལས་སོགས། གཉིས་པ་གྲུབ་མཐའ་དངོས་བཤད་པ་ལ་ཕྱི་པ་དང་ནང་པའི་ཁྱད་པར་མདོར་བསྟན། དེ་དག་གི་གྲུབ་མཐར་རྒྱས་པར་བཤད་པ། དེ་ལས་གནས་གནས་མིན་གྱི་དོན་ལ་མཁས་པ་འབྱུང་ཚུལ་བསྟན་པས་མཇུག་བསྡུ་བ་གསུམ་གྱི་དང་པོ། དེ་ཡང་གྲུབ་པའི་མཐའ་ལ་སོགས། གཉིས་པ་ལ། སྤང་བྱ་ཕྱི་རོལ་པའི་གྲུབ་མཐའ་དང་། བླང་བྱ་ནང་པའི་གྲུབ་མཐའ་གཉིས། དང་པོ་ནི། དེ་དག་གི་གྲུབ་མཐའ་ལས་ཕྱི་རོལ་པ་སོགས། འདི་ལ་རྟག་ཆད་ཀྱི་གྲུབ་མཐའ་སྨྲ་བས་འདོད་པ་བརྗོད་པ། དེ་བཀག་པ་གཉིས་སུ་ཡོད། གཉིས་པ་ནང་པའི་གྲུབ་མཐའ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ། ནང་པའི་གྲུབ་མཐའ་བྱེ་མདོ་དབུ་སེམས་བཞི་ལས། ཞེས་པས་བསྟན། གཉིས་པ་ལ། བྱེ་སྨྲ་བ། མདོ་སྡེ་པ། སེམས་ཙམ་པ། དབུ་མ་པ་ཞེས་སོགས་ཀྱིས་བསྟན་ཏོ། །གསུམ་པ་མཇུག་བསྡུ་བ། དེ་ལྟར་གྲུབ་པའི་མཐའ་སོགས་ཀྱིས་
བསྟན་ཏོ། ༈ །དྲུག་པ་དབང་པོ་ལ་མཁས་པར་བྱ་བའི་སྐབས་ལ། དབང་པོ་ཉེར་གཉིས་བཤད་པ། དེ་དག་གི་རབ་དབྱེ་བཤད་པ་གཉིས། དེ་གཉིས་ཀྱི་སྐབས་བསྡུ་བ་གསུམ། དང་པོ་ལ། དབང་པོ་ཉེར་གཉིས་སུ་སྤྱིར་བསྟན། དེ་ལ་རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ། དབང་པོ་ཉེར་གཉིས་ནི་སོགས། གཉིས་པ། དེ་ལ་མིག་སོགས་དབང་པོ་དྲུག་ནི་སོགས། འདི་ལའང་ནང་གི་དབྱེ་བ་ཅུང་ཟད་འདུག །གཉིས་པ་དབང་པོའི་རབ་དབྱེ་ལ། ཟག་བཅས་ཟག་མེད་ཀྱི་ཁྱད་པར། ༡ དེ་བཞིན་དུ། རྣམ་སྨིན་ལས་བྱུང་བ་ཡིན་མིན། ༢ རང་ལ་རྣམ་སྨིན་གྱི་འབྲས་བུ་ཡོད་མེད། ༣ དགེ་མི་དགེ་ལུང་མ་བསྟན་གྱི་ཁྱད་པར། ༤ ཁམས་གསུམ་ཡོད་མེད། ༥ མཐོང་སྒོམ་གྱི་སྤང་བྱ་ཡིན་མིན། ༦ དབང་པོ་རྙེད་ཚུལ། ༧ འགག་ཚུལ། ༨ དགེ་སྦྱོང་གི་འབྲས་བུ་བཞི་པོ་དབང་པོ་གང་གིས་ཐོབ་ཚུལ། ༩ གང་ཟག་ལ་ལྡན་ཚུལ། ༡༠ མང་ལྡན་ཉུང་ལྡན་གྱི་ཁྱད་པར་བཅས་བཅུ་གཅིག་པོ་ནི་རིམ་པར། དབང་པོ་དེ་དག་གི་རབ་ཏུ་དབྱེ་བ་ལ། ཞེས་སོགས་ཀྱིས་བསྟན་ཏོ། །སྐབས་བསྡུ་བ། དབང་པོའི་སྐབས་སོ། །ཞེས་པས་བསྟན། ༈ །བདུན་པ་དུས་ལ་མཁས་པར་བྱ་བའི་སྐབས་ལ། དུས་གསུམ་གྱི་ངོ་བོ་ངོས་བཟུང་བ། དེའི་ཡུན་ཚད་ཕྲ་བ་ནས་བསྟན་པ། དེ་ལ་དུས་སུ་འདོགས་ཚུལ་གྱི་རྣམ་གྲངས་བཤད། དེ་ལྟར་ཤེས་པའི་དགོས་
པ་དང་བཅས་ཏེ་སྐབས་བསྡུ་བ་དང་བཞི། དང་པོ། དུས་ཞེས་བྱ་བ་ནི་སོགས། གཉིས་པ་ལ་སྤྱིར་བསྟན་པ། བྱེ་བྲག་ཏུ་བཤད་པ་གཉིས། དང་པོ། དུས་གསུམ་གྱི་བསྡུས་པའི་དུས་སོགས། གཉིས་པ་སྐར་རྩིས་ཀྱི་གཞུང་ནས་སོགས། གསུམ་པ་ལ་སྐད་ཅིག་མ་གཉིས་སུ་འདོགས་ཚུལ། དུས་གསུམ་དུ་འཇོག་ཚུལ། ཆགས་གནས་འཇིག་སྟོང་སོགས་ཀྱི་རྣམ་བཞག །ཞག་གསུམ་གྱི་རྣམ་བཞག །ཟླ་བ། ཞག །ཟ་མ། ཉིན་མཚན། ཐུན་བཞི་སོགས་ཀྱི་རྣམ་གྲངས་ཏེ་ལྔ་པོ་རིམ་པར། སྐད་ཅིག་མ་འདི་ལ་ཞེས་སོགས་དང་། དེ་ལྟར་དངོས་པོ་རྣམས་ཀྱི་ཡུན་ལ། ཞེས་སོགས་དང་། དེའི་ཕྱིར་འཇིག་རྟེན་ལ་བརྟེན་ཏེ། ཞེས་སོགས་དང་། ཉི་ཟླའི་བགྲོད་པ་ལ། ཞེས་སོགས་དང་། དེ་ཡང་ལོ་གཅིག་ལ་ཞེས་སོགས་ཀྱིས་གསལ་ལོ། །བཞི་པ་དེ་ལྟར་ཤེས་པའི་དགོས་པ་དང་བཅས་ཏེ་སྐབས་བསྡུ་བ་ལ། འཇིག་རྟེན་ཐ་སྙད་ཀྱི་དོན་ཤེས་པའི་དགོས་པ་དང་། དོན་དམ་པའི་གནས་ལུགས་ཡང་དག་པའི་དོན་རྟོགས་པའི་དགོས་པ་གཉིས། དང་པོ། དེ་ལྟར་དུས་ཀྱི་རྣམ་བཞག་ལ། ཞེས་སོགས་དང་། གཉིས་པ། ད་ལྟ་ཇི་ལྟར་སྣང་བའི་དངོས་པོ་ལ། ཞེས་སོགས་ཀྱིས་བསྟན། དུས་ཀྱི་སྐབས་སོ་ཞེས་པས་ལེའུ་འམ་རབ་བྱེད་ཀྱི་སྐབས་རྫོགས་པར་བསྟན་པ་ཡིན་ནོ། ༈ །བརྒྱད་པ་བདེན་པ་ལ་མཁས་པར་བྱ་བའི་
སྐབས་ལ། བླང་དོར་དུ་བྱ་བའི་ཆ་ནས་བདེན་པ་བཞི་བཤད་པ་དང་། གཏན་ལ་དབབ་པར་བྱ་བའི་ཆ་ནས་བདེན་པ་གཉིས་སུ་བཤད་པའོ། །དང་པོ་ལ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་སོ། །དང་པོ། བདེན་པ་ལ་མཁས་པ་སོགས། གཉིས་པ་ལ། སྡུག་བསྔལ། ཀུན་འབྱུང་། འགོག་པ། ལམ་གྱི་བདེན་པ་བཞི་ལས། དང་པོ་ལ། སྡུག་བསྔལ་གྱི་གཞི་རྟེན་མ་དག་པའི་སྣོད་བཅུད་ཀྱི་འཇིག་རྟེན་བཤད་པ་དང་། དེ་སྡུག་བསྔལ་བ་ཉིད་དུ་བདེན་པའི་དོན་བཤད་པ་གཉིས། དང་པོ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ། སྡུག་བསྔལ་བདེན་པའི་གཞི་ནི་སོགས། གཉིས་པ་ལ་གང་དུ་སྐྱེ་བ་སྣོད་ཀྱི་འཇིག་རྟེན་གཉིས། དང་པོ་ལ། གང་དུ་སྐྱེ་བ་སྣོད་ནི་སོགས། གཉིས་པ་དངོས་དང་དེའི་རྣམ་གཞག་འགའ་ཞིག །དེ་ལས་འཕྲོས་པའི་དོན་བཤད་པ་གསུམ། དང་པོ་གང་སྐྱེ་ན་ནང་བཅུད་ཀྱི་སོགས། གཉིས་པ་ལ་འདིར་མ་བཤད་པ་གཞན་དུ་ཁ་འཕང་བ། སྟོང་ཆེན་པོའི་འཇིག་རྟེན་གྱི་རྣམ་གཞག །དེ་ལ་དོགས་པ་གཞན་བཅད་པ། གནས་རིས་དེ་དག་ཏུ་སྐྱེ་ཚུལ་སོགས་ཀྱི་རྣམ་གྲངས་བསྟན་པ་བཞི་ལས། དང་པོ། གནས་རིས་སོ་སོའི་སོགས། གཉིས་པ། གླིང་བཞི་རི་རབ་སོགས། གསུམ་པ། དེ་ལྟར་བཤད་པ་ནི་སོགས། བཞི་པ། གོང་དུ་སྣོད་བཅུད་བཤད་པ་སོགས། འདི་
ལ་སྐྱེ་གནས་བཞི། སྲིད་པ་བཞི། ཟས་བཞི། མཐའ་བཞི། འཆི་འཕོ་ཚུལ། རིགས་དྲུག །རྒྱུད་ལྔ། ཕུང་པོ་གསུམ་མོ། །གསུམ་པ་འཕྲོས་དོན་ནི། སེམས་ཅན་གྱི་འཇིག་རྟེན་དེའི་ཆོས་ཀྱི་རྣམ་གྲངས་སོགས། འདི་ལ་ནང་གསེས་དལ་འབྱོར་བཅོ་བརྒྱད། སྒྲིབ་པ་གསུམ། འཁོར་ལོ་བཞི་སོགས་ཡོད་པ་སོ་སོའི་སྐབས་ཀྱིས་གསལ་ལོ། །གཉིས་པ་སྡུག་བདེན་གྱི་འཐད་པ་དགོད་པ་ནི། དེ་ཡང་མ་དག་པའི་སྣོད་བཅུད་རྣམས་སོགས། གཉིས་པ་ཀུན་འབྱུང་བདེན་པ་བཤད་པ་ལ། མདོར་བསྟན། རྒྱས་བཤད། ཀུན་འབྱུང་བདེན་པ་ཡིན་པར་དོན་བསྡུ་བ་གསུམ། དང་པོ། རྒྱུ་གང་གིས་འཁོར་བར་སྐྱེ་བར་བྱེད་པ་སོགས། གཉིས་པ་ལ་ལས་ཀྱི་ཀུན་འབྱུང་དང་། ཉོན་མོངས་པའི་ཀུན་འབྱུང་གཉིས། དང་པོ་ལ་སེམས་ཅན་རྣམས་ལས་ལས་བྱུང་ཚུལ་བསྟན་པ་དང་། ལས་དེའི་རྣམ་གྲངས་བཤད་པ་གཉིས། དང་པོ། ཇི་ལྟར་བྱུང་ན་སོགས། གཉིས་པ་ལ་ལས་ཀྱི་རྣམ་གྲངས་སྣ་ཚོགས་སྤྱིར་བསྟན། དགེ་སྡིག་ལུང་མ་བསྟན་གྱི་ཁྱད་པར་བྱེ་བྲག་ཕྱེས་ཏེ་བཤད། དགེ་སྡིག་གི་ལས་ཀྱི་རྣམ་གཞག་འགའ་ཞིག་དམིགས་བསལ་ཏེ་བརྗོད་པ་གསུམ། དང་པོ། ལས་དེ་དག་ལ་རྣམ་གྲངས་དུ་ཡོད་ཅེ་ན་སོགས་འདི་ལ་ནང་གསེས་སུ་ཕྱེ་བར་འདོད་ན་དགེ་སྡིག་ལུང་མ་བསྟན་གྱི་ལས་གསུམ། ཡང་སེམས་པ་དང་
བསམ་པའི་ལས་གཉིས། ཡང་སྒོ་གསུམ་གྱི་ལས་གསུམ། ཟག་བཅས་ཟག་མེད་གཉིས། བདེ་བ་མྱོང་འགྱུར་སོགས་གསུམ། བསོད་ནམས་དང་བསོད་ནམས་མིན་པ་མི་གཡོ་བ་གསུམ། རྣམ་པར་རིག་བྱེད་དང་རིག་བྱེད་མིན་པའི་ལས་གཉིས། རྒྱུ་དང་འཇུག་པའི་ཀུན་སློང་གི་རྣམ་པ་གཉིས། མཐོང་ཆོས་མྱོང་འགྱུར་སོགས་བཞི། བྱས་ལ་བསགས་མ་བསགས་གཉིས། འཕན་རྫོགས་གཉིས། དཀར་པོ་སོགས་གསུམ། སྟོབས་ཆེ་ཆུང་གཉིས་ཡོད་པ་རྣམས་སོ་སོའི་སྐབས་ཀྱིས་གསལ། རིག་བྱེད་ཡིན་མིན་གྱི་སྐབས་སུ། རྣམ་པར་རིག་བྱེད་མིན་པའི་ལས་ལ་མདོར་བསྟན། རྒྱས་བཤད་གཉིས། དང་པོ། རིག་བྱེད་མིན་པའི་ལས་ནི་སོགས། གཉིས་པ་ལ་སྡོམ་སྡོམ་མིན་བར་སྡོམ་དང་། དེ་དག་གི་གཏོང་ཐོབ། ཞར་ལ་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་བཤད་པ་སོགས་ཡོད་ཀྱང་མདོར་བསྡུས་པའོ། །གཉིས་པ་དགེ་སྡིག་ལུང་མ་བསྟན་གྱི་ལས་གསུམ་གྱི་ཁྱད་པར་ངོས་བཟུང་བ་ལ། དགེ་བ། མི་དགེ་བ། ལུང་མ་བསྟན་གསུམ་གྱི་དང་པོ། དེ་ལ་དགེ་བ་སོགས། གཉིས་པ་མི་དགེ་བ་ལ་ཡང་སོགས། གསུམ་པ། དུག་གསུམ་དང་དེ་མེད་པའི་སེམས་སོགས། གསུམ་པ་ལས་དགེ་སྡིག་གི་བྱེ་བྲག་འགའ་ཞིག་དམིགས་བསལ་ཏེ་བཤད་པ་ལ་སྤྱིར་བསྟན་པ་
དང་། བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ་བསོད་ནམས་བྱ་བའི་དངོས་པོ་གསུམ་སྨྲོས་པས་མཚོན་ནས་བསྟན་པ་དང་། ལས་སྨིན་ཚུལ་འཕྲོས་དོན་བཅས་བཤད་པ་གཉིས། དང་པོ། ཡང་དགེ་མི་དགེའི་ལས་བྱེ་བྲག་སོགས། གཉིས་པ། སྨིན་པར་ངེས་པའི་ལས་ནི་སོགས། གཉིས་པ་བྱེ་བྲག་ཏུ་བཤད་པ་ལ། ལས་ཀྱི་རྣམ་གྲངས་འགའ་ཞིག་བསྟན་པ་དང་། འཕྲོས་དོན་སྟོབས་ཆེ་ཆུང་དངོས་བཤད་པ་གཉིས། དང་པོ་ལ་མི་དགེ་བ་བཅུ་དང་། དགེ་བ་བཅུ། མཚམས་མེད་ལྔ། ཉེ་བ་ལྔ། ཚངས་པའི་བསོད་ནམས་སྐྱེད་པའི་ལས་བཞི་རྣམས་སོ་སོའི་སྐབས་ཀྱིས་གསལ། མི་དགེ་བཅུའི་སྐབས་ན་ནང་གསེས་འགའ་ཞིག་དབྱེར་ཡོད་ཀྱང་འདིར་མ་སྤྲོས་སོ། །གཉིས་པ་འཕྲོས་དོན། ཞིང་གི་དབང་དུ་བྱས་ཏེ་སོགས། གཉིས་པ་ཉོན་མོངས་པའི་ཀུན་འབྱུང་ལ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པ། ལས་ཉོན་ཀུན་འབྱུང་ཐུན་མོང་དུ་མཇུག་བསྡུ་བ་གསུམ། དང་པོ་ལ། ཉོན་མོངས་པའི་དབང་གིས་ལས་འབྱུང་ཚུལ། དེའི་དབྱེ་བ། མིང་གི་རྣམ་གྲངས་དང་གསུམ་གྱི། དང་པོ་ནི། དེ་ལྟ་བུར་འཁོར་བར་སྐྱེ་བ་སོགས། གཉིས་པ། ཉོན་མོངས་པའི་དབྱེ་བ་ནི་སོགས། གསུམ་པ། དེ་དག་ཕྲ་བ་ནས་སོགས། གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་ཉོན་མོངས་པ་དེ་དག་སྐྱེ་བའི་རྒྱུ་བཤད་པ། དེའི་བྱེད་ལས་
བཤད་པ། དེའི་དབང་གིས་ཟག་བཅས་སུ་འགྱུར་ཚུལ་བཤད་པ་གསུམ། དང་པོ་ནི། ཉོན་མོངས་དེ་དག་སྐྱེ་བའི་རྒྱུ་ནི་སོགས། གཉིས་པ་ཉོན་མོངས་པ་དེའི་བྱེད་ལས་སོགས། གསུམ་པ་ལ་མདོར་བསྟན། རྒྱས་པར་བཤད་པ། ཉོན་མོངས་པ་དེ་དག་གི་རྣམ་གྲངས་བཤད་པ་གསུམ། དང་པོ། དེ་ཡང་འདིས་འཁོར་བར་ཟག་སོགས། གཉིས་པ་ལ་དམིགས་པ་དང་། མཚུངས་ལྡན་གྱི་སྒོ་ནས་ཟག་པ་རྒྱས་ཚུལ། དེ་ལས་ཟག་པའི་སྒོ་དྲུག་ཏུ་དབྱེ་ཚུལ་གཉིས། དང་པོ་ལ་དམིགས་པས་རྒྱས་ཚུལ་དང་། མཚུངས་ལྡན་གྱི་སྒོ་ནས་རྒྱས་ཚུལ་གཉིས། དང་པོ་ལ་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པ་གཉིས། དང་པོ། དེ་ལ་དམིགས་པས་ཇི་ལྟར་རྒྱས་པ་སོགས། གཉིས་པ། དམིགས་པས་རྒྱས་ཚུལ་ལ་ཡང་སོགས། གཉིས་པ་མཚུངས་ལྡན་གྱི་སྒོ་ནས་སོགས། འདི་ལ་ཉོན་མོངས་པ་གང་དང་གང་མཚུངས་པར་ལྡན་པ་དང་། ཚོར་བ་གང་དང་གང་མཚུངས་པར་ལྡན་པ་དང་། རྣམ་ཤེས་གང་དང་མཚུངས་པར་ལྡན་པ། ཞར་བྱུང་དངོས་པོ་ལ་དམིགས་ཚུལ་བཅས་བཞིར་ཡོད་དོ། །གཉིས་པ། ཡང་ཟག་པའི་སྒོ་དྲུག་ཏུ་ཕྱེ་ན་སོགས། གསུམ་པ་རྣམ་གྲངས་ལ་དངོས་དང་། དེ་དག་སྤོང་ཚུལ་གཉིས། དང་པོ་ལ་ཀུན་སྦྱོར་དགུ། ཐ་མའི་ཆ་མཐུན་ལྔ། ཡང་ཀུན་སྦྱོར་གསུམ། གོང་མའི་ཆ་མཐུན་ལྔ། དྲི་མ་དྲུག །བག་ཉལ་བདུན། ཀུན་དཀྲིས་བརྒྱད། ཆུ་བོ་བཞི། ཉེར་ལེན་བཞི། མདུད་པ་བཞི། སྒྲིབ་པ་ལྔ། དུག་གསུམ་གྱི་མིང་གི་རྣམ་གྲངས་འཆིང་བ་གསུམ་སོགས་དང་། ཟག་པ་གསུམ། མཐོང་སྒོམ་གྱིས་
སྤང་བྱའི་རྣམ་གྲངས་ཡང་ཟག་པ་གསུམ་སོགས་ཀྱི་དབྱེ་བ་རྣམས་ལས་སྔ་མ་རྣམས་སོ་སོའི་སྐབས་ཀྱིས་གསལ་ལ། བཅུ་བཞི་པ་མཐོང་སྒོམ་གྱི་སྤང་བྱའི་རྣམ་གྲངས་ལ་མཛོད་ཀྱི་ལུགས་དང་། ཀུན་བཏུས་ཀྱི་ལུགས་གཉིས། དང་པོ། ཁམས་གསུམ་ན་ཡོད་པའི་སོགས། གཉིས་པ། མངོན་པ་ཀུན་བཏུས་ལྟར་ན་སོགས། བཅོ་ལྔ་པ་ཟག་པ་གསུམ་སོགས་ཀྱི་དབྱེ་བ་ལ། མངོན་པ་འོག་མའི་ལུགས་དང་། གོང་མ་ལྟར་དབྱེ་བ་གཉིས། དང་པོ་ལ་མདོར་བསྟན། རྒྱས་བཤད་གཉིས། དང་པོ། དེ་ལས་མཛོད་ཀྱི་ལུགས་ལྟར་སོགས། གཉིས་པ་ལ། ཟག་པ་གསུམ་དུ་དབྱེ་བ། ཆུ་བོ་བཞི་དང་སྦྱོར་བ་བཞིར་དབྱེ་བ། ཉེ་བར་ལེན་པ་བཞིར་དབྱེ་བ་དང་གསུམ་ལས། དང་པོ། དང་པོ་ཁམས་གསུམ་གྱི་མ་རིག་པ་བཅོ་ལྔ་ལ་སོགས། གཉིས་པ། ཆུ་བོ་བཞིར་ནི་སོགས། གསུམ་པ། ཡང་ཉེ་བར་ལེན་པ་བཞིར་དབྱེ་བ་སོགས། གཉིས་པ་གལ་ཏེ་མངོན་པ་གོང་མའི་ལུགས་སོགས། གཉིས་པ་ཉོན་མོངས་པ་དེ་དག་སྤོང་ཚུལ་ལ་དངོས་དང་། ཞར་བྱུང་གཉེན་པོ་དང་སྤང་བའི་འབྲས་བུ་བཤད་པ་གཉིས། དང་པོ། དེ་ལ་མཐོང་བས་སྤོང་བྱ་ནི་སོགས། གཉིས་པ། སྤྱིར་གཉེན་པོ་ལ་བཞི་སྟེ་སོགས། གསུམ་པ་གོང་འོག་གཉིས་ཀྱི་ཀུན་འབྱུང་གི་བདེན་པ་ཡིན་པར་མཇུག་བསྡུ་བ། གོང་དུ་ཇི་སྐད་བཤད་པའི་
སོགས། གསུམ་པ་འགོག་བདེན་བཤད་པ་ལ། ངོ་བོ་ངོས་བཟུང་། རྣམ་གྲངས་ཀྱི་དབྱེ་བ་བསྟན། འགོག་པ་ཐོབ་པ་དེའི་ཡོན་ཏན་བརྗོད་པ་གསུམ། དང་པོ། འགོག་པའི་བདེན་པ་ནི་སོགས། གཉིས་པ། འགོག་པ་དེ་ལ་རྣམ་གྲངས་ཀྱི་དབྱེ་བ་སོགས། འདི་ལ་རྫོགས་མ་རྫོགས། བརྡ་དང་དོན་དམ་པའི་འགོག་པ། རྒྱན་བཅས་རྒྱན་མེད། ལྷག་བཅས་ལྷག་མེད་དུ་དབྱེ་བ་ཡོད། གསུམ་པ་ཡོན་ཏན་བསྟན་པ་ལ་འགོག་བདེན་མངོན་དུ་བྱས་པའི་ཡོན་ཏན་སྤྱིར་བསྟན། འགོག་པ་ཐོབ་པའི་གང་ཟག་ཡོན་ཏན་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ། འགོག་པ་དེ་ནི་སོགས། གཉིས་པ། འགོག་པ་མངོན་དུ་བྱས་པའི་སོགས། བཞི་པ་ལམ་བདེན་བཤད་པ་ལ་མདོར་བསྟན། རྒྱས་བཤད། འཕྲོས་དོན་གསུམ། དང་པོ། ལམ་གྱི་བདེན་པ་ནི་སོགས། གཉིས་པ་ལམ་ལྔ་སོ་སོར་བཤད་པ་དང་། ཐུན་མོང་དུ་དོན་བསྡུ་བ་གཉིས། དང་པོ་ཚོགས། སྦྱོར། མཐོང་། སྒོམ། མི་སློབ་པའི་ལམ་ལྔ་ལས། དང་པོ། དང་པོ་ཚོགས་ལམ་ནི་སོགས། གཉིས་པ་སྦྱོར་བའི་ལམ་ནི་སོགས། གསུམ་པ་མཐོང་ལམ་ནི་སོགས། འདི་རྣམས་ལ་ནང་གསེས་ཕྲན་ཚེགས་ཡོད་ཀྱང་འཇུག་པ་བདེ་ཕྱིར་རྒྱས་པར་མ་སྤྲོས་ལ། དོན་དེ་དག་གཞུང་ཉིད་གསལ་བས་འཆད་དུས་ས་བཅད་མེད་ཀྱང་གོ་ནུས་སོ། །བཞི་པ་སྒོམ་ལམ་ལ་བསྟན་བཤད་གཉིས།
དང་པོ་སྒོམ་པའི་ལམ་ནི་སོགས། གཉིས་པ་ལ་འཇིག་རྟེན་པའི་ལམ་དང་། འཇིག་རྟེན་ལས་འདས་པའི་ལམ། སྤྱིར་ལམ་གྱི་རྣམ་གྲངས་ཞར་བྱུང་དུ་བཤད་པ་གསུམ་གྱི། དང་པོ་ལ་ཉེར་བསྡོགས་བཤད་པ། དངོས་གཞིའི་ཡན་ལག་བཤད་པ། དེ་དག་གི་རྣམ་གྲངས་བསྟན་པ་གསུམ། དང་པོ། དང་པོ་འཇིག་རྟེན་པའི་ལམ་ནི་སོགས། གཉིས་པ། བསམ་གཏན་དང་པོ་ནི་ཡན་ལག་ལྔ་དང་སོགས། གསུམ་པ་བསམ་གཏན་གྱི་རྣམ་གྲངས་ལ། རྒྱུ་དང་འབྲས་བུའི་བསམ་གཏན། དག་པ་དང་ཉོན་མོངས་ཅན་གྱི་ཁྱད་པར། ཞར་བྱུང་སངས་རྒྱས་བྱང་སེམས་ཀྱི་བསམ་གཏན་ཚད་མེད་པ་ཡོད་ཚུལ་གསུམ། དང་པོ། རྒྱུ་སྙོམས་འཇུག་གི་སོགས། གཉིས་པ། བསམ་གཏན་དང་གཟུགས་མེད་ཀྱི་སོགས། གསུམ་པ། བསམ་གཏན་དང་པོས་བསྡུས་པའི་སོགས། གཉིས་པ་འདས་ལམ་གྱི་བསམ་གཏན་ལ་དངོས་དང་། དེ་ལ་བརྟེན་པའི་ཆོས་འགའ་ཞིག་བཤད་པ་གཉིས། དང་པོ། རབ་ཀྱི་མཐའི་ཆ་ལས་སོགས། འདི་ལ་བསམ་གཏན་ས་དྲུག་ས་བདུན་ས་དགུ་སོགས་ཕྱེ་ཡང་རུང་། གཉིས་པ་ལ་མངོན་ཤེས་འགོག་སྙོམས། ཐོད་རྒལ་གྱི་ཏིང་འཛིན་གསུམ། དང་པོ། མངོན་ཤེས་དང་པོ་ལྔ་ནི་སོགས། གཉིས་པ་འགོག་པའི་སྙོམས་འཇུག་ནི་སོགས། གསུམ་པ། མཐར་གྱིས་གནས་པའི་སོགས།
གསུམ་པ་ཞར་བྱུང་ལམ་གྱི་རྣམ་གྲངས་བཤད་པ་ནི། སྤྱིར་ལམ་དེ་ལ་ཆུང་འབྲིང་སོགས། འདི་ལ་ཆུང་སོགས་གསུམ། སྦྱོར་སོགས་གསུམ། ༼ བཞི་འདྲ་གསུངས། ༽ སྒོམ་ལམ་གྱི་དགོས་པ། དེ་ལ་ཡོད་པའི་ཡོན་ཏན་འཕགས་ལམ་བརྒྱད། དངོས་པོ་ལ་ཡོངས་སུ་རྟོགས་པ་སོགས་དང་། དབང་མངོན་ཐ་དད་པའི་ལམ། བསླབ་གསུམ་ཡོངས་སུ་སྦྱོང་བའི་ལམ། ཡོན་ཏན་ཐམས་ཅད་སྒྲུབ་པར་བྱེད་པའི་ལམ། ལམ་གཞན་སྡུད་པ་གསུམ་ཡོད་དོ། །ལྔ་པ་མི་སློབ་ལམ་ལ་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པ་གཉིས། དང་པོ། མཐར་ཕྱིན་པ་མི་སློབ་པའི་ལམ་ནི་སོགས། གཉིས་པ་ལ་ཐེག་པ་ཆེ་ཆུང་གི་མི་སློབ་པའི་ཁྱད་པར་བཤད་པ་དང་། མི་སློབ་པའི་ལམ་དངོས་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་བཤད་པ། མི་སློབ་པའི་ཡོན་ཏན་ཆོས་བཅུ་བཤད་པ་གསུམ། དང་པོ། དེ་ལ་ཐེག་དམན་གྱི་མི་སློབ་པ་སོགས། གཉིས་པ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་པ་གང་ཞེ་ན་སོགས། གསུམ་པ་མི་སློབ་པ་དེ་ནི་སོགས། གཉིས་པ་ཐུན་མོང་དུ་དོན་བསྡུ་བ། དེ་ལྟར་ལམ་གྱི་བདེན་པ་ནི་སོགས། གསུམ་པ་འཕྲོས་དོན་ལ་དངོས་དང་སྐབས་བསྡུ་བ་གཉིས། དང་པོ། སྐབས་འདིར་མངོན་པར་རྟོགས་པ་ལམ་དང་སོགས། འདི་ལ་སངས་རྒྱས་ཀྱི་ཟག་པ་མེད་པའི་ཕུང་པོ་ལྔ་བཤད་པ། བདུད་བཞི་བཅོམ་པ། ཡོན་ཏན་དྲུག་དང་ལྡན་པ། རྗེས་དྲན་
དྲུག་སོགས་ཡོད་པ་གཞུང་གིས་གསལ་ལ། སྤྱོད་པ་རྣམ་སྦྱོང་གི་སྐོར་སོགས་ལ་ནང་གསེས་དབྱེ་འདོད་ན་གཞུང་བཞིན་རང་བློས་སྤྲོ་བར་བྱའོ། །གཉིས་པ། དེ་རྣམས་ནི་ལམ་བདེན་དང་སོགས། གཉིས་པ་བདེན་པ་གཉིས་ནི། ཡང་སངས་རྒྱས་རྣམས་ཀྱིས་སོགས། གཉིས་པ་རབ་བྱེད་ཀྱི་སྐབས་བསྡུ་བ། བདེན་པ་ལ་མཁས་པའི་སྐབས་སོགས། ༈ །དགུ་པ་ཐེག་པ་ལ་མཁས་པའི་སྐབས་ལ་སྒྲ་དོན་གྱི་སྒོ་ནས་མདོར་བསྟན། དེའི་དབྱེ་བ་རྒྱས་པར་བཤད། དེ་ལྟར་བཤད་ཟིན་ནས་སྐབས་བསྡུ་བ་གསུམ། དང་པོ། ཐེག་པ་ལ་མཁས་པ་སོགས། གཉིས་པ་ལ་མདོར་བསྟན། རྒྱས་བཤད་གཉིས། དང་པོ། ཐེག་པ་དེའི་དབྱེ་བ་ལ་སོགས། གཉིས་པ་ལ་ཐེག་པ་སྔ་མ་བཞི་པོ་མདོ་ཙམ་བཤད། ཐེག་པ་ཆེན་པོ་རྒྱས་པར་བཤད་པ་གཉིས། དང་པོ་ལ་འཇིག་རྟེན་པའི་ཐེག་པ་དང་། འཇིག་རྟེན་ལས་འདས་པའི་ཐེག་པ་གཉིས། དང་པོ་ལ་ལྷ་མིའི་ཐེག་པ། ཚངས་པའི་ཐེག་པ། དེ་གཉིས་ཀྱི་དོན་བསྡུ་བ་གསུམ། དང་པོ། ལྷ་མིའི་ཐེག་པ་ནི་སོགས། གཉིས་པ། ཚངས་པའི་ཐེག་པ་ནི་སོགས། གསུམ་པ། དེ་དག་གི་གནས་སྐབས་སོགས། གཉིས་པ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ། འཇིག་རྟེན་ལས་འདས་པའི་སོགས། གཉིས་པ་ལ། ཐེག་དམན་གྱི་ལམ་མདོར་
བསྡུས་སུ་བཤད་པ་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་གཉིས། དང་པོ་ལ་དངོས་དང་ལམ་གྱིས་ཐོབ་པ་ཤེས་བཅུ་བཤད་པ་གཉིས། དང་པོ། དེ་ལ་ཉན་ཐོས་ཀྱི་སོགས། གཉིས་པ། སློབ་པ་དང་མི་སློབ་པའི་སོགས། གཉིས་པ། རང་སངས་རྒྱས་ཀྱི་ཐེག་པ་ནི་སོགས། གཉིས་པ་ཐེག་པ་ཆེན་པོའི་ལམ་རྒྱས་པར་བཤད་པ་ལ། མདོར་བསྟན་པ། རྒྱས་པར་བཤད་པ་གཉིས། དང་པོ། ཐེག་པ་ཆེན་པོའི་ལམ་ནི་སོགས། གཉིས་པ་ལ་ཐེག་ཆེན་དེ་ཐེག་དམན་ལས་ཁྱད་པར་འཕགས་ཚུལ། ཐེག་ཆེན་གྱི་ལམ་དངོས། ལམ་དེས་ཐོབ་པའི་འབྲས་བུ་བཤད་པ་དང་གསུམ། དང་པོ་ལ་ཆེན་པོ་བདུན་གྱིས་འཕགས་པ། བླ་མེད་གསུམ་གྱིས་འཕགས་པ། ཁྱད་པར་གསུམ་གྱིས་འཕགས་པ་གསུམ་ལས། དང་པོ། ཐེག་པ་ཆེན་པོ་དེ་ནི་སོགས། གཉིས་པ། ཡང་རྣམ་གྲངས་ཀྱི་སྒོ་གཞན་ཡང་སོགས། གསུམ་པ། ཡང་ཁྱད་པར་གསུམ་གྱིས་འཕགས་ཏེ་སོགས། འདི་རྣམས་ཀྱི་ནང་གི་དབྱེ་བ་འདོད་ན་རང་བློས་ཤེས་པར་བྱའོ། །གཉིས་པ་ལམ་དངོས་ལ་ལམ་ཉིད་བཤད་པ་དང་། ལམ་བསྒྲོད་ཚུལ་བཤད་པ་གཉིས། དང་པོ་ལ་མདོར་བསྟན་པ། རྒྱས་པར་བཤད་པ། དེ་དག་གི་ཉམས་སུ་ལེན་ཚུལ་གྱི་རིམ་པ་བརྗོད་པ་གསུམ། དང་པོ། ཐེག་པ་ཆེན་པོའི་ལམ་ནི་སོགས། གཉིས་པ་ལམ་གྱི་
ངོ་བོ་མི་ཟད་པ་བརྒྱད་ཅུ་བཤད་པ་དང་། དེ་དག་ལམ་ལྔ་དང་སྦྱར་བ་གཉིས། དང་པོ་ལ་འདུན་སོགས་བཞི་བཤད་པ་དང་། ཕར་ཕྱིན་དྲུག །ཚད་མེད་བཞི། མངོན་ཤེས་ལྔ། བསྡུ་དངོས་བཞི། སོ་སོ་ཡང་དག་རིག་པ་བཞི། རྟོན་པ་བཞི། ཚོགས་གཉིས། བྱང་ཆོས་སོ་བདུན། ཞི་ལྷག་གཉིས། གཟུངས་སྤོབས་གཉིས། སྡོམ་བཞི། གཅིག་བསྒྲོད་ལམ། ཐབས་མཁས་བཤད་པ་སྟེ། བཅུ་བཞི་ལས། དང་པོ་ལ་ལམ་ལ་འཇུག་པའི་སྒོ་འདུན་སོགས་བཞི་བསྟན་པ་དང་། ལམ་གྱི་ངོ་བོ་གཞན་སྡོམ་དུ་བསྟན་པ་གཉིས། དང་པོ། དེ་ཡང་ཐེག་ཆེན་གྱི་ཐོག་མར་སོགས། གཉིས་པ། ཚུལ་དེ་དང་ལྡན་པས་སོགས། གཉིས་པ་ལ་ཕྱིན་དྲུག་རང་རང་གི་ངོ་བོ་བཤད་པ། དེ་དག་གི་ཁྱད་པར་བཤད་པ། དེ་དང་མཚུངས་ལྡན་དུ་གྱུར་པའི་སེམས་བསྐྱེད་ཀྱི་དཔེ་བཤད་པ། ཕྱིན་དྲུག་ལས་བཅུར་དབྱེ་ཚུལ་བཤད་པ་བཞི་ལས། དང་པོ། དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་སོགས། གཉིས་པ། སྦྱིན་པ་ལ་སོགས་པ་དེ་དག་སོགས། གསུམ་པ། སེམས་བསྐྱེད་དང་མཚུངས་ལྡན་སོགས། བཞི་པ། གཞན་ཡང་ཤེས་རབ་སོགས། གསུམ་པ་ཚད་མེད་དངོས་དང་དེའི་ཁྱད་པར། ཚད་མེད་དུ་འཇོག་པའི་འཐད་པ་འཕྲོས་དོན་དང་བཅས་པ། དེ་དང་མཚུངས་ལྡན་གྱི་སེམས་བསྐྱེད་ཀྱི་དཔེ་བསྟན་པ་བཞི། དང་པོ།
ཚད་མེད་པ་བཞི་ལས་སོགས། གཉིས་པ། བྱམས་སོགས་འདི་དག་གི་སྐབས་སུ་སོགས། གསུམ་པ། འདི་དག་ཡུལ་སོགས། བཞི་པ། འདི་བཞི་དང་ལྡན་པའི་སོགས། བཞི་པ་མངོན་ཤེས་ལ། དངོས་དང་། དེའི་ཁྱད་པར། དེའི་དཔེ། ཞར་བྱུང་མངོན་ཤེས་དྲུག་བཤད་པ་བཞི། དང་པོ། མངོན་ཤེས་ལྔ་ལས་སོགས། གཉིས་པ། འདི་ལྔ་བསམ་གཏན་བཞི་སོགས། གསུམ་པ། མངོན་ཤེས་འདི་དག་གི་སོགས། བཞི་པ། འདི་ལྔའི་སྟེང་དུ་སོགས། ལྔ་པ་བསྡུ་དངོས་ལ་དངོས་དང་། དེའི་དཔེ་གཉིས། དང་པོ། བསྡུ་བའི་དངོས་པོ་བཞི་ལས་སོགས། གཉིས་པ། ཚུལ་འདི་དག་གིས་སོགས། དྲུག་པ་སོ་སོ་ཡང་དག་རིག་པ་བཞི་ལ་དངོས་དང་། དེའི་དཔེ་གཉིས། དང་པོ། སོ་སོ་ཡང་དག་པར་སོགས། གཉིས་པ། འདི་བཞི་དང་མཚུངས་ལྡན་སོགས། བདུན་པ་ལ་དངོས་དང་། དེའི་དཔེ་བཤད་པ་གཉིས། དང་པོ། རྟོན་པ་བཞི་སྟེ་སོགས། གཉིས་པ། བྱང་སེམས་གང་ཞིག་སོགས། བརྒྱད་པ་ཚོགས་གཉིས་ལ་དངོས་དང་། དེའི་དཔེ་བསྟན་པ་གཉིས། དང་པོ། ཚོགས་གཉིས་ལས་སོགས། གཉིས་པ། ཚོགས་གཉིས་པོ་འདི་ནི་སོགས། དགུ་པ་བྱང་ཕྱོགས་ལ་དངོས་དང་། དེ་ཡི་ཁྱད་པར། དཔེ་བསྟན་པ་གསུམ། དང་པོ་ལ། དྲན་པ་ཉེ་བར་བཞག་པ་བཞི།
ཡང་དག་པར་སྤོང་བ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི། དབང་པོ་ལྔ། སྟོབས་ལྔ། བྱང་ཆུབ་ཀྱི་ཡན་ལག་བདུན། འཕགས་ལམ་བརྒྱད་བཤད་པའོ། །དང་པོ་ལ་དངོས་དང་། དགོས་པ། ངོ་བོ། གྲོགས་དམིགས། སྒོམ་ཚུལ། འབྲས་བུ་སྟེ་བདུན་གྱིས་ཤེས་པར་བྱ་བ་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་སོགས་ཀྱིས་རིམ་བཞིན་བསྟན་ཏེ་གཞུང་གི་ཚིག་ཟིན་ལྟར་བཤད་པར་བྱའོ། །གཉིས་པ། ཡང་དག་པར་སྤོང་བ་བཞི་ནི་སོགས། ནང་གསེས་དབྱེ་བ་གོང་བཞིན་ནོ། །གསུམ་པ་རྫུ་འཕྲུལ་གྱི་རྐང་པ་བཞི་ནི་སོགས། བཞི་པ། དབང་པོ་ལྔ་ནི་སོགས། ལྔ་པ། སྟོབས་ལྔ་ནི་སོགས། དྲུག་པ་བྱང་ཆུབ་ཀྱི་ལམ་ཡན་ལག་བདུན་ནི་སོགས། བདུན་པ། འཕགས་པའི་ལམ་ཡན་ལག་བརྒྱད་ནི་སོགས། གཉིས་པ་བྱང་ཕྱོགས་དེའི་ཁྱད་པར་ནི། དེ་ཡང་བྱང་ཕྱོགས་འདི་དག་སོགས། གསུམ་པ་དེའི་དཔེ་བསྟན་པ། བྱང་ཕྱོགས་སོ་བདུན་པོ་འདི་ནི་སོགས། བཅུ་པ་ཞི་ལྷག་ལ་དངོས་དང་། དེའི་དཔེ་གཉིས། དང་པོ་ལ་ཞི་གནས་དང་། ལྷག་མཐོང་གཉིས། དང་པོ་ལ་རྒྱུ་གང་ཡིན་པ་དང་། བཞག་ཐབས་ཇི་ལྟ་བུ་ཡིན་པ་དང་། དེ་ཡི་མི་མཐུན་ཕྱོགས་གཡེང་བ་སྤོང་ཚུལ་གསུམ། དང་པོ། ཞི་ལྷག་གཉིས་ཀྱི་ཞི་གནས་ནི་སོགས། གཉིས་པ་ལ་སེམས་གནས་པའི་ཐབས་
དགུ། སྟོབས་དྲུག །ཡིད་བྱེད་བཞི་བཤད་པ་གསུམ་གྱི་དང་པོ། ཞི་གནས་དེ་ཇི་ལྟར་སྒྲུབ་སོགས། གཉིས་པ། དེ་དག་སྟོབས་དྲུག་གིས་སོགས། གསུམ་པ། དེ་རྣམས་ཡིད་ལ་བྱེད་པ་བཞིས་སོགས། གསུམ་པ་ཞི་གནས་ཀྱི་མི་མཐུན་ཕྱོགས་གཡེངས་པ་ལ་སོགས། གཉིས་པ་ལྷག་མཐོང་ནི་སོགས། གཉིས་པ་དཔེ། ཞི་ལྷག་དང་ལྡན་པའི་སོགས། བཅུ་གཅིག་པ་གཟུངས་སྤོབས་ལ། དངོས་དང་། དེའི་དཔེ་གཉིས། དང་པོ་ལ་གཟུངས་དང་། སྤོབས་པ་གཉིས། དང་པོ་ལ་ངོ་བོ་དང་། རྣམ་གྲངས་གཉིས། དང་པོ། གཟུངས་སྤོབས་གཉིས་ཀྱི་དང་པོ་སོགས། འདི་ལ་རྒྱུ་དང་ངོ་བོ་འབྲས་བུ་གསུམ་དུ་དབྱེ་བ་ཡོད། གཉིས་པ་རྣམ་གྲངས་ལ་གསུམ་དང་། བརྒྱད་དུ་དབྱེ་བའོ། །དང་པོ། གཟུངས་དེ་དག་སོགས། གཉིས་པ། གཟུངས་ཀྱི་རྣམ་གྲངས་ལ་སོགས། གཉིས་པ་མི་འཇིགས་པའི་སྤོབས་པ་ནི་སོགས། གཉིས་པ་དཔེ། གཟུངས་སྤོབས་དང་མཚུངས་ལྡན་སོགས། བཅུ་གཉིས་པ་སྡོམ་བཞི་ལ་དངོས་དང་། དེའི་དཔེ་གཉིས། དང་པོ། ཆོས་ཀྱི་སྡོམ་བཞི་ནི་སོགས། གཉིས་པ། དེ་བཞི་ནི་མཚུངས་
སྡོམ་བཞི་ལ་དངོས་དང་། དེའི་དཔེ་གཉིས། དང་པོ། ཆོས་ཀྱི་སྡོམ་བཞི་ནི་སོགས། གཉིས་པ། དེ་བཞིན་ནི་མཚུངས་ལྡན་གྱི་སོགས། བཅུ་གསུམ་པ་ལ་དངོས་དང་། དཔེ་གཉིས། དང་པོ། བགྲོད་པ་གཅིག་པའི་ལམ་ནི་སོགས། གཉིས་པ། འདི་དང་མཚུངས་ལྡན་གྱི་སོགས། བཅུ་བཞི་པ་ཐབས་མཁས་ལ་དངོས་དང་། དཔེ་གཉིས། དང་པོ། ཐབས་ལ་མཁས་པ་ནི་སོགས། གཉིས་པ། ཐབས་མཁས་འདི་དང་སོགས། གཉིས་པ་དེ་དག་ལམ་ལྔ་དང་སྦྱར་བ། དེ་ལྟར་བརྒྱད་ཅུ་པོའི་སོགས། གསུམ་པ་ལམ་དེ་དག་ཉམས་སུ་ལེན་ཚུལ་གྱི་རིམ་པ་ལ། སྤྱིར་བསྟན་པ་དང་། རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ། དེ་ལྟར་བྱང་ཆུབ་སེམས་དཔའི་ལམ་དེ་དག་སོགས། གཉིས་པ་ལ་ལམ་གྱི་གཞི་རྟེན་རིགས་བཤད་པ། དེ་ལ་བརྟེན་ནས་མོས་སོགས་འབྱུང་ཚུལ་གཉིས། དང་པོ། དེ་ཡང་ཐེག་པ་ཆེན་པོའི་རིགས་དང་ལྡན་པ་དེ་སོགས། གཉིས་པ། དེ་བཞི་དང་ལྡན་ན་རིགས་སད་པའི་སྟོབས་ཀྱིས་སོགས། གཉིས་པ་ལམ་བགྲོད་ཚུལ་ལ་སློབ་པ་དང་། མི་སློབ་པའི་ལམ་གཉིས་ལས། དང་པོ་ལ། གཉེན་པོ་སློབ་པའི་ས་བཅུ་ཐོབ་ཚུལ། སྤང་བྱ་སྒྲིབ་གཉིས་སྤོང་ཚུལ། སའི་ཡོངས་སྦྱོང་ལ་བརྩོན་ཚུལ། རྣམ་གྲངས་གཞན་དུ་ཁ་འཕང་བ། འབྲས་བུ་གནས་
འགྱུར་གྱི་རྣམ་གྲངས་ལྔ་ལས། དང་པོ། ཐེག་པ་ཆེན་པོའི་ལམ་བསྒྲོད་ཚུལ་ནི་སོགས། གཉིས་པ། ས་བཅུ་པོ་འདི་དག་གི་སྐབས་སུ་སོགས། གསུམ་པ། དེའི་ཕྱིར་ས་རང་རང་གི་སོགས། བཞི་པ། ས་འདི་དག་གི་སྐབས་སུ་སོགས། ལྔ་པ། དེ་ཡང་ས་དང་སར་སོགས། གཉིས་པ་མི་སློབ་ལམ། ས་བཅུའི་རྒྱུན་གྱི་ཐ་མར་རྡོ་རྗེ་ལྟ་བུའི་སོགས། གསུམ་པ། ལམ་དེས་ཐོབ་པའི་འབྲས་བུ་ལ་སྐུ་བཞི་ཡེ་ཤེས་ལྔའི་ཚུལ་གྱིས་མདོར་བསྟན་པ་དང་། སྐུ་དེ་དག་གི་ཡོན་ཏན་རྒྱས་པར་བཤད་པ། བསམ་གྱིས་མི་ཁྱབ་པར་བསྟན་ཏེ་མཇུག་བསྡུ་བ་གསུམ། དང་པོ། འབྲས་བུ་སངས་རྒྱས་ཀྱི་ས་དེ་ནི་སོགས། ནང་གསེས་སྐུ་བཞི་བཤད་པ་དང་། ཡེ་ཤེས་ལྔ་བཤད་པ་གཉིས་སུ་ཡོད་དོ། །གཉིས་པ་ལ་ཆོས་སྐུའི་ཡོན་ཏན། ལོངས་སྐུའི་ཡོན་ཏན། སྤྲུལ་སྐུའི་ཡོན་ཏན་བཤད་པ་གསུམ། དང་པོ་ལ་མདོར་བསྟན། རྒྱས་བཤད་གཉིས། དང་པོ། དེ་ལ་ཆོས་ཀྱི་སྐུ་ནི་སོགས། གཉིས་པ་ལ་བྱང་ཕྱོགས་སོ་བདུན་སོགས་སྡེ་ཚན་ཉེར་གཅིག་གི་དང་པོ་བྱང་ཕྱོགས་ནི་གང་ཞེ་ན་སོགས། གཉིས་པ། ཚད་མེད་བཞི། གསུམ་པ། རྣམ་ཐར་བརྒྱད། བཞི་པ། སྙོམས་འཇུག་དགུ། ལྔ་པ། ཟིལ་གནོན་བརྒྱད། དྲུག་པ་ཟད་པར་བཅུ་འཕྲོས་དོན་དང་བཅས་པ། བདུན་པ་ཉོན་མོངས་མེད་པ། བརྒྱད་པ་སྨོན་ནས་མཁྱེན་པ། དགུ་པ་མངོན་
ཤེས་དྲུག །བཅུ་པ་སོ་སོ་ཡང་དག་པ་རིག་པ་བཞི། བཅུ་གཅིག་པ་རྣམ་པ་ཐམས་ཅད་དག་པ་བཞི། བཅུ་གཉིས་པ་དབང་བཅུ། བཅུ་གསུམ་པ་སྟོབས་བཅུ། བཅུ་བཞི་པ་མི་འཇིགས་པ་བཞི། བཅོ་ལྔ་པ་མ་འདྲེས་པ་བཅོ་བརྒྱད། བཅུ་དྲུག་པ་བསྲུང་བ་མེད་པ་གསུམ། བཅུ་བདུན་པ་དྲན་པ་ཉེ་བར་བཞག་པ་གསུམ། བཅོ་བརྒྱད་པ་བསྙེལ་བ་མི་མངའ་བ། བཅུ་དགུ་པ་བག་ཆགས་ཡང་དག་པར་བཅོམ་པ། ཉི་ཤུ་པ་ཐུགས་རྗེ་ཆེན་པོ། ཉེར་གཅིག་པ་རྣམ་པ་ཐམས་ཅད་མཁྱེན་པ་སྟེ་འདི་དག་རང་རང་གི་མིང་གཞུང་ན་གསལ་བ་བཞིན་ནོ། །གཉིས་པ་ལོངས་སྐུའི་ཡོན་ཏན་ལ་ཐུན་མིན་ངེས་པ་ལྔ་དང་། གཟུགས་སྐུ་གཉིས་ཀྱི་ཐུན་མོང་བའི་མཚན་དཔེ་བཤད་པ་གཉིས། དང་པོ་ལོངས་སྤྱོད་རྫོགས་པའི་སྐུ་ནི་སོགས། གཉིས་པ་ལ་མདོར་བསྟན་པ། རྒྱས་པར་བཤད་པ་གཉིས། དང་པོ། གཟུགས་ཀྱི་སྐུའི་ཡོན་ཏན་ནི་སོགས། གཉིས་པ་ལ་མཚན་སོ་གཉིས་བཤད་པ། དཔེ་བྱད་བརྒྱད་ཅུ་བཤད་པ། མཚན་དཔེའི་ཡོན་ཏན་བཤད་པ། མཚན་གྱི་བྱེ་བྲག་གསུང་དབྱངས་ཡན་ལག་དྲུག་ཅུ་བཤད་པ་བཞི། དང་པོ། དེ་ཡང་མཚན་བཟང་པོ་སོགས། གཉིས་པ། དཔེ་བྱད་ནི་སོགས། གསུམ་པ། གཙུག་ཏོར་ལྟར་མི་མངོན་པ་སོགས། བཞི་པ། གསུང་དབྱངས་ཡན་ལག་དྲུག་ཅུ་ནི་
སོགས། གསུམ་པ་སངས་རྒྱས་སྤྲུལ་པའི་སྐུའི་རྣམ་གྲངས་བསྟན་པ། སངས་རྒྱས་ཀྱི་ཕྲིན་ལས་བསྟན་པ་གཉིས། དང་པོ། སངས་རྒྱས་སྤྲུལ་པའི་སྐུ་ནི་སོགས། གཉིས་པ། སངས་རྒྱས་དེའི་ཕྲིན་ལས་ནི་སོགས། གསུམ་པ་བསམ་གྱིས་མི་ཁྱབ་པར་བསྟན་ཏེ་མཇུག་བསྡུ་བ། དེ་ལྟར་སངས་རྒྱས་ཀྱི་ཡོན་ཏན་ནི་སོགས། གསུམ་པ་དེ་ལྟར་བཤད་ཟིན་ནས་སྐབས་བསྡུ་བ་ནི། ཐེག་པ་ལ་མཁས་པའི་སྐབས་སོ། །ཞེས་པའོ།། ༈ མཁས་བྱའི་གནས་བཅུ་པ། འདུས་བྱས་དང་འདུས་མ་བྱས་ཀྱི་སྐབས་ལ། མདོར་བསྟན། རྒྱས་བཤད། སྐབས་བསྡུ་གསུམ། དང་པོ། འདུས་བྱས་དང་འདུས་མ་བྱས་སོགས། གཉིས་པ་ལ་འདུས་བྱས་རྒྱས་བཤད་དང་། འདུས་མ་བྱས་རྒྱས་བཤད་གཉིས། དང་པོ་ལ་བསྟན། བཤད། དགོས་པ་གསུམ། དང་པོ། འདུས་བྱས་དེ་དག་སོགས། གཉིས་པ་ལ། རྒྱུ་དྲུག །འབྲས་བུ་ལྔ། དེ་དག་གི་སྐྱེ་ཚུལ། རྐྱེན་བཞི་བཤད་པ་བཞི། དང་པོ་ལ་བསྟན་བཤད་གཉིས་ཀྱི་དང་པོ། རྒྱུ་དྲུག་ནི་སོགས། གཉིས་པ་ལའང་དྲུག་ལས། དང་པོ་བྱེད་རྒྱུ་ལ་སྤྱིར་བསྟན་པ། དེའི་རྣམ་གྲངས་འགའ་ཞིག་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་བྱེད་རྒྱུ་ནི་སོགས། གཉིས་པ། བྱེད་རྒྱུ་འདིའི་སྐབས་སུ་སོགས། གཉིས་པ། ལྷན་ཅིག་འབྱུང་བའི་རྒྱུ་ནི་སོགས། གསུམ་པ་སྐལ་མཉམ་གྱི་རྒྱུ་ནི་སོགས།
བཞི་པ། མཚུངས་ལྡན་གྱི་རྒྱུ་ནི་སོགས། ལྔ་པ། ཀུན་འགྲོའི་རྒྱུ་ནི་སོགས། དྲུག་པ། རྣམ་སྨིན་གྱི་རྒྱུ་ནི་སོགས། གཉིས་པ་འབྲས་བུ་ལྔ་ཡི་དང་པོ་རྣམ་སྨིན་གྱི་འབྲས་བུ་ནི་སོགས། གཉིས་པ། བདག་པོའི་འབྲས་བུ་ནི་སོགས། གསུམ་པ། རྒྱུ་མཐུན་གྱི་འབྲས་བུ་ནི་སོགས། བཞི་པ། སྐྱེས་བུ་བྱེད་པའི་འབྲས་བུ་ནི་སོགས། ལྔ་པ། བྲལ་བའི་འབྲས་བུ་ནི་སོགས། གསུམ་པ་རྒྱུ་འབྲས་དེ་དག་གིས་སྐྱེད་ཚུལ་ནི། ཉོན་མོངས་ཅན་ཐམས་ཅད་སོགས། བཞི་པ། རྐྱེན་ནི་བཞི་སྟེ་སོགས། གསུམ་པ་རྒྱུ་འབྲས་རྐྱེན་གསུམ་བསྟན་པའི་དགོས་པ་ནི། དེ་ལྟར་རྒྱུ་རྐྱེན་འབྲས་བུའི་ཚུལ་སོགས། གཉིས་པ་འདུས་མ་བྱས་རྒྱས་བཤད་ལ་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པ་གཉིས། དང་པོ། འདུས་མ་བྱས་ནི་སོགས། གཉིས་པ་དེ་བཞིན་ཉིད་ཀྱི་རྣམ་གྲངས་ཀྱི་དབྱེ་བ་བྱེ་བྲག་ཏུ་བཤད་པ་ལ་གཉིས་དང་། གསུམ་དང་། བཅུ་དྲུག་དང་། བཞི་དང་། ཡང་བཅུ་དྲུག་གི་འཆད་ཚུལ་གཞན་དང་། ཉི་ཤུ་དང་། ནང་གི་རྟོགས་ཚུལ་གྱི་དབྱེ་བ་རྣམས་ཀྱི་གོང་མ་རྣམས་གཞུང་གིས་གསལ། ཕྱི་མ་ལ་བསྟན་བཤད་གཉིས། དང་པོ། སྟོང་ཉིད་དེ་ལ་སོགས། གཉིས་པ་ལ་རྣམ་གྲངས་པའི་དོན་དམ་དང་། རྣམ་གྲངས་མིན་པའི་དོན་དམ་གཉིས། དང་པོ་ནི། དང་པོ་ཆོས་
ཀུན་ལ་སོགས། གཉིས་པ་ལ་ཟུང་འཇུག་རྣམ་གྲངས་མིན་པའི་དོན་དམ་དངོས་བཤད་པ་དང་། ཟུང་འཇུག་གི་དོན་ལེགས་པར་བཤད་པ་གཉིས། དང་པོ། དེ་ལྟར་དངོས་དངོས་མེད་ཀྱི་ཆོས་སོགས། གཉིས་པ་ལ། དོགས་པ་བསལ་ནས་བདེན་གཉིས་འགལ་མེད་དུ་བསྒྲུབ་པ་དང་། དེ་ལྟར་རྟོགས་པའི་ཕན་ཡོན་བཅས་སྐབས་བསྡུ་བ་གཉིས། དང་པོ། འོ་ན་བདེན་པ་གཉིས་སུ་སོགས། གཉིས་པ། དེ་ལྟ་བུ་བདེན་གཉིས་ཟུང་འཇུག་སོགས། ༈ །རྩ་བའི་ས་བཅད་གཉིས་པ་ཟབ་མོ་ཐེག་པ་ཆེན་པོའི་ཆོས་ཀྱི་སྡོམ་བཞིའི་དོན་རིགས་པའི་སྒོ་ནས་བཤད་པ་ལ། སྐབས་གོང་འོག་མཚམས་སྦྱར་ཏེ་བརྗོད་དོན་མདོར་བསྟན། དེའི་དོན་རྒྱས་པར་བཤད། མཇུག་རྫོགས་པའི་སྐབས་ཀྱི་དོན་བསྡུ་བ་གསུམ། དང་པོ། དེ་ལྟར་མཁས་པར་བྱ་བའི་སོགས། གཉིས་པ་ལ། འདུས་བྱས་མི་རྟག་པ། ཟག་བཅས་སྡུག་བསྔལ་བ། མྱང་འདས་ཞི་བ། ཆོས་ཐམས་ཅད་སྟོང་པ་བསྒྲུབ་པ་བཞི་ལས། དང་པོ་ལ་འདུས་བྱས་མི་རྟག་པ་སྤྱིར་བསྟན་པ། དེའི་འཐད་པ་དགོད་པ། དེ་ལྟར་ཕྱི་དང་ནང་གི་ཆོས་ཐམས་ཅད་ལ་སྦྱར་བ། དེ་རྟོགས་པའི་ཕན་ཡོན་དང་བཞི་ལས། དང་པོ། དང་པོ་འདུ་བྱེད་པ་ཞེས་པ་སོགས། གཉིས་པ། དེ་ཅིའི་ཕྱིར་ཞེ་ན་སོགས། འདི་ལ་འཐད་པ་དགོད་པ། དེའི་ལན་བསྟན་པ་སོགས་
ཡོད་དོ། །གསུམ་པ་ལ་ཕྱི་སྣོད་མི་རྟག་པ། ནང་བཅུད་མི་རྟག་པ་གཉིས། དང་པོ། དེ་ལྟར་བྱེད་ན་ཕྱི་རོལ་སྣོད་སོགས། གཉིས་པ་ལ། སེམས་ཅན་གྱི་ལུས་མི་རྟག་པ་དང་། སེམས་མི་རྟག་པའི་ཚུལ་གཉིས། དང་པོ། ནང་སེམས་ཅན་སོ་སོའི་ལུས་སོགས། གཉིས་པ། ཤེས་པས་བསྡུས་པ་ཁམས་གསུམ་གྱི་སོགས། བཞི་པ་དེ་ལྟར་རྟོགས་པའི་ཕན་ཡོན་ནི། དེ་ལྟར་འདུས་བྱས་ཐམས་ཅད་རྒྱུ་རྐྱེན་འདུས་པའི་སོགས། གཉིས་པ་ཟག་བཅས་སྡུག་བསྔལ་བར་བསྒྲུབ་པ་ལ་མདོར་བསྟན། རྒྱས་བཤད། དེ་ལྟར་རྟོགས་པའི་ཕན་ཡོན་གསུམ། དང་པོ། གཉིས་པ་འདུ་བྱེད་པའམ་སོགས། གཉིས་པ་རྒྱས་བཤད་ལ་སྡུག་བསྔལ་གྱིས་བཅིངས་ཚུལ་བཤད་པ་དང་། དེའི་ཕྱིར་འཁོར་བ་མཐའ་དག་གི་སྐྱོན་རིག་པར་བྱ་ཚུལ་གཉིས། དང་པོ་ལ། སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་བཤད་པ་གསུམ། དང་པོ། ཇི་ལྟར་ན་ངན་སོང་གི་སོགས། གཉིས་པ། འགྱུར་བའི་སྡུག་བསྔལ་ནི་སོགས། གསུམ་པ། འདུ་བྱེད་ཀྱི་སྡུག་བསྔལ་ནི་སོགས། གཉིས་པ། སྡུག་བསྔལ་གསུམ་གྱི་སོགས། གསུམ་པ་ཕན་ཡོན། དེ་ལྟར་ཤེས་ན་སོགས། གསུམ་པ། མྱང་འདས་ཞི་བདེར་སྒྲུབ་པ་ལ། དངོས་དང་། དེ་ལྟར་རྟོགས་པའི་
ཕན་ཡོན་གཉིས། དང་པོ་ལ་མྱང་འདས་སྤྱིར་བསྒྲུབ་པ་དང་། མི་གནས་པའི་མྱང་འདས་ཁྱད་པར་དུ་བསྒྲུབ་པ་གཉིས། དང་པོ་ལ་རིགས་པའི་འཐད་པ་བཀོད་པ་དང་། དོགས་པའི་ལན་བཟློག་པ་གཉིས། དང་པོ། གསུམ་པ་ནི་བཤད་མ་ཐག་པ་ལྟར་སོགས། གཉིས་པ་གལ་ཏེ་སྐྱེ་བོ་རྣམས་ཀྱི་རྒྱུད་ལ་སོགས། གཉིས་པ། དེ་ལས་ཀྱང་སེམས་ཀྱི་རང་བཞིན་འོད་གསལ་བ་སོགས། གཉིས་པ་ཕན་ཡོན། དེ་ལྟར་ཐར་པ་མྱ་ངན་ལས་འདས་པ་སོགས། བཞི་པ་ཆོས་ཐམས་ཅད་སྟོང་ཞིང་ བདག་མེད་དུ་སྒྲུབ་པ ་ལ། མདོར་བསྟན། རྒྱས་བཤད། དེ་ལྟར་རྟོགས་པའི་ཕན་ཡོན་གསུམ། དང་པོ། བཞི་པ་འདི་ལྟར་སོགས། གཉིས་པ་ལ་གང་ཟག་གི་ བདག་མེད་རིགས་པས་བསྒྲུབ་པ ་དང་། ཆོས་ཀྱི་ བདག་མེད་རིགས་པས་བསྒྲུབ་པ ་གཉིས། དང་པོ་ལ་རྩ་བ་གཅིག་དུ་བྲལ་གྱི་རིགས་པ་བསྟན་པ་དང་། དེ་ལས་སྤྲོས་ཏེ་རྣམ་བདུན་ཤིང་རྟའི་རིགས་པ་བརྗོད་པ་གཉིས། དང་པོ་ལ་གཅིག་དུ་བྲལ་གྱི་རིགས་པས་བདག་བཀག་པ་དང་། དེས་མི་འགྲུབ་པར་དོགས་པ་བསལ་བ། བདག་ཏུ་ལྟ་བའི་རྣམ་པ་གཞན་བཀག་པ་གསུམ། དང་པོ་ལ་མདོར་བསྟན། རྒྱས་བཤད་གཉིས། དང་པོ། ཇི་ལྟར་ན་ལས་བྱེད་པ་པོ་དང་སོགས། གཉིས་པ་ལ་བདག་དང་ཕུང་པོ་གཅིག་ཏུ་མ་གྲུབ་པ་དང་། ཐ་དད་དུ་མ་གྲུབ་པ་གཉིས། དང་པོ། གལ་
ཏེ་བདག་དེ་ཕུང་པོ་དང་གཅིག་ཡིན་ན་སོགས། གཉིས་པ། ཕུང་ལྔ་ལས་ཐ་དད་པའི་བདག་ཡོད་ན་སོགས། གཉིས་པ་དོགས་བསལ། གནས་མ་བུའི་སྡེ་པ་དག་གིས་སོགས། གསུམ་པ་བདག་ལྟ་གཞན་བཀག་པ། དེ་ལྟར་གཟུགས་བདག་མ་ཡིན་ལ་སོགས། གཉིས་པ་རྣམ་བདུན་ཤིང་རྟའི་རིགས་པ་ནི། དེ་ཡང་དཔེར་ན་ཤིང་རྟ་ཞེས་པ་སོགས། གཉིས་པ་ཆོས་ཀྱི་ བདག་མེད་བསྒྲུབ་པ ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ། གལ་ཏེ་གང་ཟག་གི་བདག་རིགས་པས་ཁེགས་སོགས། གཉིས་པ་ལ། རྒྱུ་ལ་སྤྱོད་པ་རྡོ་རྗེ་གཟེག་མ། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག །ངོ་བོ་ལ་དཔྱོད་པ་གཅིག་དུ་བྲལ། ཐམས་ཅད་ལ་དཔྱོད་པ་རྟེན་འབྲེལ་ཆེན་མོ་བཞི་ལས། དང་པོ་ལ་མཐའ་བཞི་སྐྱེ་འགོག་གི་རིགས་པ་དང་། མུ་བཞི་སྐྱེ་འགོག་གི་རིགས་པ་གཉིས། དང་པོ། དེ་ཡང་ཐ་སྙད་ཙམ་དུ་སོགས། འདི་སོགས་ནང་གསེས་ཀྱི་དབྱེ་བ་ཡོད་ཀྱང་འདིར་འཇུག་བདེར་བྱས་སོ། །གཉིས་པ། ཡང་རྒྱུ་དུ་མས་འབྲས་བུ་གཅིག་སྐྱེད་པ་སོགས། གཉིས་པ་ཡོད་མེད་སྐྱེ་འགོག་ནི། ཡང་བསྐྱེད་བྱ་འབྲས་བུ་དེ་སོགས། འདི་ལ་དངོས་དང་། དོགས་པ་བསལ་བ་གཉིས་ཡོད། གསུམ་པ་ངོ་བོ་ལ་དཔྱོད་པ་གཅིག་དུ་བྲལ་ནི་སོགས། བཞི་པ། ཐམས་ཅད་ལ་སྤྱི་དཔྱོད་རྟེན་
འབྲེལ་ཆེན་མོའི་སོགས། གསུམ་པ་དེ་ལྟར་རྟོགས་པའི་ཕན་ཡོན་ནི། དེ་ལྟར་ཀུན་རྫོབ་ཏུ་རྒྱུ་འབྲས་སོགས། གསུམ་པ་སྡོམ་བཞི་བཤད་ཟིན་པའི་སྐབས་བསྡུ་བ་ནི། ཐེག་ཆེན་བཀར་བཏགས་ཀྱི་ཕྱག་རྒྱ་སོགས། ༈ །རྩ་བའི་ས་བཅད་གསུམ་པ་ཟབ་རྒྱས་ཀྱི་ཆོས་དེ་ལྟ་བུ་འཛིན་ཅིང་སྤེལ་ཕྱིར་སོ་སོ་ཡང་དག་རིག་པ་བཞི་བཤད་པ་ལ། སྐབས་སྔ་ཕྱི་མཚམས་སྦྱར་ཞིང་མདོར་བསྟན། དེའི་དོན་རྒྱས་པར་བཤད། སྐབས་བསྡུ་བའི་ཚིག་དང་གསུམ་གྱི་དང་པོ། དེ་ལྟར་གནས་བཅུ་དང་སོགས། གཉིས་པ་ལ། དོན། ཆོས། ངེས་ཚིག །སྤོབས་པ་བཞི་ལས། དང་པོ། དང་པོ་དོན་སོ་སོ་ཡང་དག་པར་རིག་པ་ནི་སོགས། གཉིས་པ་ལ་རྗོད་བྱེད་དམ་པའི་ཆོས་ཀྱི་རྣམ་གཞག །དམ་ཆོས་དེའི་དམིགས་པ་འཚོལ་བ་གཉིས། དང་པོ། གཉིས་པ་ཆོས་སོ་སོ་ཡང་དག་པར་རིག་པ་ནི་སོགས། གཉིས་པ། དེ་ཡང་ཇི་ལྟ་བུས་དམ་པའི་ཆོས་ཀྱི་དམིགས་པ་ཚོལ་ཞེ་ན་སོགས། གསུམ་པ་ངེས་པའི་ཚིག་སོ་སོ་ཡང་དག་རིག་པ་ལ་སྤྱིར་བསྟན། བྱེ་བྲག་ཏུ་བཤད་པ། ངག་ཁྱད་པར་ཅན་གྱི་ཡོན་ཏན་ངོས་བཟུང་བ་གསུམ། དང་པོ། གསུམ་པ་ངེས་པའི་ཚིག་སོགས། གཉིས་པ་ལ་མིང་ཚིག་ཐམས་ཅད་ཀྱི་རྩོམ་གཞི་ཡི་གེའི་ཁྱད་པར། དེ་ལས་མིང་ཚིག་འབྱུང་ཚུལ། སྒྲ་ཡི་མཚན་ཉིད་བསྟན་པ་གསུམ། དང་པོ། དེའི་བྱེ་བྲག་
འཛམ་གླིང་འདི་ལ་སོགས། གཉིས་པ། དེ་ཡང་སྤྱིར་ཡིག་འབྲུ་སིལ་བུ་སོགས། གསུམ་པ་ལ་འཕགས་ཡུལ་བའི་ལུགས་ཀྱི་སྒྲ་ཡི་རྣམ་གཞག་དང་། བོད་ཀྱི་བརྡ་སྤྲོད་པའི་ལུགས་ཀྱི་རྣམ་གཞག་གཉིས། དང་པོ། རྗོད་བྱེད་ཀྱི་ངག་འདི་དག་ལ་ལེགས་སྦྱར་ལྟར་ན་སོགས། གཉིས་པ་རྗོད་བྱེད་ཀྱི་རྣམ་གཞག་དང་། དེས་བརྡ་གཞན་ལ་འཕྲོད་ཚུལ། མིང་དང་པོར་འདོག་ཚུལ་བསྟན་པ་གསུམ། དང་པོ་ལ་འཕགས་ཡུལ་དང་ཆ་མཚུངས་ཙམ་བཤད་པ་དང་། ཕྲད་ཀྱི་དོན་བཤད་པ་དང་། ཡང་འཇུག་གི་དོན་བཤད་པ་དང་། ཚིག་སྡུད་ཀྱི་དོན་བཤད་པ་དང་། བརྗོད་འདོད་ཀྱི་སྒྲ་ཚིག་སྦྱར་ཚུལ་དང་ལྔ། དང་པོ། བོད་སྐད་ལ་བྱིངས་སོགས་དེ་འདྲའི་སོགས། གཉིས་པ་ལ་རྣམ་དབྱེ་བཤད་པ་དང་། ལྷག་བཅས་སོགས་གཞན་བཤད་པ་གཉིས། དང་པོ། རྒྱ་གར་གྱི་སྐད་ལ་སོགས། གཉིས་པ། གཞན་ཡང་སྟེ་སོགས་ལྷག་བཅས་ཀྱི་སྒྲ་དང་སོགས། གསུམ་པ་ཡང་འཇུག་གི་དོན་བཤད་པ། དེ་ཡང་སྔོན་འཇུག་གི་ནུས་པས་སོགས། བཞི་པ་ཚིག་སྡུད་དང་རྣམ་དབྱེ་སོགས་ཕྲད་རྣམས་སོགས། ལྔ་པ་བརྗོད་འདོད་ཀྱི་བརྡ་སྦྱར་ཚུལ། གཞན་ཡང་མིང་ཚིག་དང་སོགས། གཉིས་པ་མིང་དེས་གཞན་ལ་བརྡ་འཕྲོད་ཚུལ། མིང་འདི་དག་གིས་སོགས། གསུམ་པ་
མིང་གི་བརྡ་འདོགས་ཚུལ་བཤད་པ་ལ་འདོད་རྒྱལ་དང་རྗེས་གྲུབ། དངོས་མིང་དང་བཏགས་མིང་། བཤད་འཇུག་གི་མུ་བཞི། ལོག་པར་སྒྲུབ་པ་དང་ཟློས་སྒྲ་ཅན་སོགས་བཤད་པ་བཞི། དང་པོ། དེས་མཚོན་པའི་མིང་དེ་ཡང་སོགས། གཉིས་པ། ཡང་དང་པོར་གང་གི་སོགས། གསུམ་པ། དེ་ལྟར་བཏགས་པའི་མིང་རྣམས་ལ་སྒྲ་བཤད་འཇུག་གི་སོགས། བཞི་པ། ཁྱི་ནག་པོ་ལ་དུང་ཞེས་སོགས། གསུམ་པ་ངག་ཁྱད་པར་ཅན་གྱི་ཡོན་ཏན་ངོས་བཟུང་བ་ནི། མིང་དང་ཚིག་གིས་བསྟན་པའི་ངག་སོགས། བཞི་པ་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ལ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པ། སྐབས་བསྡུ་བ་གསུམ། དང་པོ། བཞི་པ་སྤོབས་པ་སོ་སོ་ཡང་དག་པར་སོགས། གཉིས་པ་ལ་སྤོབས་པ་སྒྲུབ་བྱེད་རིགས་པ་བཞི་བཤད་པ་དེ་ལས་རྟོན་པ་བཞི་འབྱུང་ཚུལ། དེ་ལས་སྤོབས་པའི་གཏེར་བརྒྱད་གྲོལ་ཚུལ་བཤད་པ་གསུམ། དང་པོ་ལ་མདོར་བསྟན། རྒྱས་བཤད་གཉིས། དང་པོ། སྐབས་འདིར་གསུང་རབ་ཀྱི་སོགས། གཉིས་པ་ལ། རིགས་པ་སྔ་མ་གསུམ་བཤད་པ། འཐད་སྒྲུབ་ཀྱི་རིགས་པ་བཤད་པ་གཉིས། དང་པོ་ལ། བྱ་བྱེད་དང་ལྟོས་པའི་རིགས་པ་བཤད་པ། ཆོས་ཉིད་ཀྱི་རིགས་པ་བཤད་པ་གཉིས། དང་པོ་ལ། བྱ་བ་བྱེད་པའི་རིགས་པ། ལྟོས་པའི་རིགས་པ། དེ་གཉིས་ཐུན་
མོང་བའི་དགོས་པ་བསྟན་པ་གསུམ། དང་པོ། འདི་ལྟར་འཁོར་འདས་ཀྱི་ཆོས་སོགས། གཉིས་པ་མྱུ་གུ་ལ་སོགས་པ་འབྲས་བུར་སོགས། གསུམ་པ། དེ་ལྟར་རྒྱུ་གང་གིས་སོགས། གཉིས་པ་ཆོས་ཉིད་ཀྱི་རིགས་པ་ལ་ཐ་སྙད་ཀྱི་ཆོས་ཉིད་དང་། དོན་དམ་པའི་ཆོས་ཉིད་གཉིས་ཀྱི་དང་པོ། ཆོས་ཉིད་ཀྱི་རིགས་པ་ནི་སོགས། གཉིས་པ་དེ་ལྟར་རྒྱུ་འབྲས་སོགས། ༈ གཉིས་པ་འཐད་སྒྲུབ་ཀྱི་རིགས་པ་ལ་མདོར་བསྟན། རྒྱས་བཤད། རྣམ་གྲངས་བསྟན་ཏེ་དོན་བསྡུ་བ་གསུམ། དང་པོ། དེ་ལྟར་གཞལ་བྱ་བདེན་གཉིས་ཀྱི་སོགས། གཉིས་པ་མངོན་སུམ་ཚད་མ་དང་། རྗེས་དཔག་ཚད་མ་གཉིས། དང་པོ་ལ་དངོས་དང་། དེའི་ཡུལ་དེ་དག་གི་དགོས་པ་གསུམ། དང་པོ་ལ། དབང་མངོན། ཡིད་མངོན། རྣལ་མངོན། རང་རིག་མངོན་སུམ་བཞི་ཡི་དང་པོ། མངོན་སུམ་ཚད་མ་དེ་ལ་སོགས། གཉིས་པ་བདག་རྐྱེན་ཡིད་དབང་ལ་སོགས། གསུམ་པ། བདག་རྐྱེན་ཞི་ལྷག་གི་སོགས། བཞི་པ། སེམས་སེམས་བྱུང་ཐམས་ཅད་སོགས། གཉིས་པ་མངོན་སུམ་ཚད་མའི་ཡུལ་ནི། མངོན་སུམ་བཞི་པོ་འདི་དག་གི་ཡུལ་ནི་སོགས། གསུམ་པ། དེ་དག་གི་དགོས་པ། སྤྱིར་འཇིག་རྟེན་པའི་མངོན་སུམ་ཞེས་པ་སོགས། ༈ གཉིས་པ་རྗེས་དཔག་ཚད་མ་ལ་རང་དོན་རྗེས་དཔག་
དང་། གཞན་དོན་རྗེས་དཔག་གཉིས། དང་པོ་ལ་བློ་གང་གིས་རྗེས་སུ་དཔོག་པར་བྱེད་པ་སྒྲ་དོན་འདྲེས་འཛིན་གྱི་རྟོག་བཅས་ཀྱི་ཡིད་བཤད་པ། རྟགས་གང་ལས་རྗེས་སུ་དཔག་པར་བྱེད་པ་ཚུལ་གསུམ་བཤད་པ་གཉིས། དང་པོ་ལ་རྟོག་བཅས་ཀྱི་ཡིད་ངོས་བཟུང་བ། དེས་དགག་སྒྲུབ་ཀྱི་ཐ་སྙད་བྱེད་ཚུལ་གཉིས། དང་པོ། གཉིས་པ་རྗེས་དཔག་ལ་བློ་གང་གིས་སོགས། གཉིས་པ། ཡིད་རྟོག་བཅས་འདིས་སོགས། གཉིས་པ་རྟགས་གང་ལས་རྗེས་སུ་དཔག་པ་ལ། རྟགས་ཡང་དག་ཚུལ་གསུམ་ཚང་བའི་མཚན་ཉིད་བཤད་པ། མཚན་ཉིད་དེ་ལྡན་གྱི་རྟགས་ཀྱི་དབྱེ་བ་བཤད་པ་གཉིས། དང་པོ། རྟོག་བཅས་ཀྱི་བློ་དེས་སོགས། གཉིས་པ། རྟགས་ཡང་དག་ཏུ་གྱུར་པ་དེ་ལ་སོགས། གཉིས་པ་གཞན་དོན་རྗེས་དཔག་ལ་མདོར་བསྟན། རྒྱས་བཤད་གཉིས། དང་པོ། དེ་ལྟར་གཏན་ཚིགས་ཡང་དག་གི་སྒོ་ནས་སོགས། གཉིས་པ་ལ་བསྒྲུབ་བྱ་ཕྱོགས་ཀྱི་མཚན་ཉིད། སྒྲུབ་བྱེད་གཏན་ཚིགས་འགོད་ཚུལ། ཚུལ་དེ་དང་ལྡན་པར་འབེལ་བའི་གཏམ་བྱ་ཚུལ་གསུམ། དང་པོ། རྩོད་པའི་གཞི་ཕྱོགས་ནི་སོགས། གཉིས་པ་ལ་སྒྲུབ་ངག་བརྗོད་ཚུལ། སུན་འབྱིན་བརྗོད་ཚུལ་གཉིས། དང་པོ། དེ་ཡང་སྒྲུབ་པའི་ཚེ་སོགས། གཉིས་པ། སུན་འབྱིན་ལ་ནི་སོགས། གསུམ་པ། གང་ཞིག་འབེལ་
བའི་གཏམ་སོགས། གསུམ་པ་འཐད་སྒྲུབ་ཀྱི་རིགས་པའི་རྣམ་གྲངས་བསྟན་ཞིང་དོན་བསྡུ་བ། གོང་དུ་བསྟན་པའི་རིགས་པ་བཞི་ལས་སོགས། གཉིས་པ་དེ་ལས་རྟོན་པ་བཞི་འབྱུང་ཚུལ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ། དེ་ལྟར་བདེན་པ་གཉིས་ཀྱི་གནས་ཚུལ་ལ་སོགས། གཉིས་པ་ལ་བཞི་ལས། དང་པོ། གང་ཟག་ལ་མི་རྟོན་ཆོས་ལ་རྟོན་པ་ནི། གང་ཟག་ནི་ཅི་ལྟ་བུ་ཡང་སོགས། གཉིས་པ་ཚིག་ལ་མི་རྟོན་དོན་ལ་རྟོན་པ་ནི། ཆོས་དེ་ལ་ཡང་སོགས། གསུམ་པ་དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་པ་མདོར་བསྟན། རྒྱས་བཤད། དོན་བསྡུ་གསུམ། དང་པོ། གསུང་རབ་ཀྱི་བསྟན་བྱའི་དོན་ལ་སོགས། གཉིས་པ་ལ་དགོངས་པ་བཞི་དང་ལྡེམ་དགོངས་བཞི་དཔེར་མཚོན་ནས་བཤད་པ། དེ་ལྟར་ཤེས་ནས་དྲང་ངེས་འབྱེད་པར་གདམས་པ་གཉིས། དང་པོ་ལ་དགོངས་པ་དང་། ལྡེམ་དགོངས་གཉིས། དང་པོ། དེ་ཡང་དཔེར་ན་དགོས་པའི་དབང་གིས་སོགས། གཉིས་པ་ལ་གཞུག་པ་ལྡེམ་དགོངས། མཚན་ཉིད་ལྡེམ་དགོངས། གཉེན་པོ་ལྡེམ་དགོངས། བསྒྱུར་བ་ལྡེམ་དགོངས་བཞི། དང་པོ། ཡང་ལྡེམ་པོར་དགོངས་པ་ཞེས་སོགས། གཉིས་པ། མཚན་ཉིད་ལྡེམ་པོར་དགོངས་པ་སོགས། གསུམ་པ་ལ་གཉེན་པོར་དགོངས་པ་བརྒྱད་བསྟན་པ་དང་། དོན་དེ་
ལྡན་གྱི་ཚིགས་བཅད་གཉིས་བཟུང་བའི་ཕན་ཡོན་གཉིས། དང་པོ། གཉེན་པོ་ལྡེམ་པོར་དགོངས་པ་ནི་སོགས། གཉིས་པ། གང་ཞིག་ཚིག་བློ་ལ་འཛིན་པའམ་སོགས། བཞི་པ་བསྒྱུར་བ་ལྡེམ་པོར་དགོངས་པ་ནི་སོགས། གཉིས་པ་དེ་ལྟར་ཤེས་ནས་དྲང་ངེས་འབྱེད་པར་གདམས་པ། དེ་ལྟར་དགོངས་ལྡེམ་དགོངས་ཀྱི་ཚུལ་སོགས། གསུམ་པ་དོན་བསྡུ་བ་ནི། དོན་དེ་ལྟ་བུའི་ཕྱིར་ན་སོགས། བཞི་པ་རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པ་ནི། ངེས་པའི་དོན་དེ་ལའང་སོགས། ༈ བཞི་པ་དེ་ལས་སྤོབས་པའི་གཏེར་ཆེན་པོ་བརྒྱད་གྲོལ་ཚུལ་ནི། ཇི་ལྟར་བཤད་པ་ལྟར་རྟོན་པ་བཞི་དང་སོགས། གསུམ་པ་སྐབས་བསྡུ་བ། སོ་སོ་ཡང་དག་རིག་པ་བཞིའི་སྐབས་སོ། །ཞེས་པས་བསྟན་ཏོ། ༈ །།གསུམ་པ་ཐ་མར་དགེ་བ་མཇུག་ཡོངས་སུ་རྫོགས་པའི་བྱ་བ་གྲུབ་པའི་ཚུལ་ལ། བསྟན་བཅོས་འདིའི་དབུ་ནས་ཞབས་སུ་བསྡུས་པའི་དོན་བསྡུས་ཏེ་གདམས་ནས་དོན་ཆེ་བར་བསྟན་པ། བསྟན་བཅོས་ཀྱི་མཚོན་དོན་ལས་བརྩམ་སྟེ་དགོས་པ་ཁྱད་པར་ཅན་གྱི་བསྔགས་པ་བརྗོད་པ། དེ་ལྟ་བུའི་གཞུང་བརྩམ་པའི་དགེ་བ་བསྔོ་བ། རྩོམ་པ་པོ་དང་གནས་དུས་སོགས་ཀྱི་ངེས་པ་སྨྲོས་པའི་སྦྱར་བྱང་སྨྲོས་པ་སྟེ་སྡེ་བཞིའི་གྲངས་དང་ལྡན་པ་ལས། དང་པོ། དེ་ལྟར་མཁས་བྱའི་གནས་བཅུ་དང་སོགས། གཉིས་པ། ཅིའི་ཕྱིར་བསྟན་བཅོས་འདི་ལ་སོགས། གསུམ་པ་ལ་དགོས་པ་གང་གི་ཕྱིར་
རྩོམ་པ། ཚུལ་ཇི་ལྟར་བརྩམ་པ། དེ་ལྟར་བརྩམས་པའི་དགེ་བ་བསྔོ་བ་རང་དང་གཞན་ལ་ཕན་པའི་སྨོན་ལམ་བཅས་བཞི་ལས། དང་པོ། སོ་སོ་ཡང་དག་རིག་པ་སོགས། གཉིས་པ། རྙེད་བཀུར་གྲགས་འདོད་སོགས། གསུམ་པ། འདི་འཛིན་རྣམས་ཀྱི་སོགས། བཞི་པ། བདག་ཀྱང་བླ་མེད་སོགས། བཞི་པ ་མཛད་བྱང་ནི། ཞེས་པའི་གཞུང་འདི་ཉིད་སོགས། ས་བཅད་བསྡུས་པ་འདི་ཙམ་འཇུག་པ་བདེ། །སྐབས་འགར་ཅུང་རྒྱས་འདོད་ན་རང་བློས་སྤྲོས། །འདི་བྲིས་དགེ་བས་མཐའ་ཡས་འགྲོ་ཀུན་གྱི། །བདེ་གཤེགས་སྤོབས་པ་བདེ་བླག་འགྲུབ་པར་ཤོག །ཅེས་པའང་བསླབ་གསུམ་འཛིན་པ་མཁན་པོ་བསོད་ནམས་ཆོས་འཕེལ་དཔལ་བཟང་པོ་སོགས་དམ་པ་དུ་མས་བསྐུལ་ནས་མི་ཕམ་པས་རུ་དམ་ཡང་དབེན་དུ་ཁྲོ་མོ་ཤིང་འབྲུག་གི་ལོའི་དབོ་ཟླའི་ཡར་ཚེས་བཟང་པོ་ལ་སྤེལ་བ་འདིས་ཀྱང་ཕྱོགས་དུས་ཀུན་ཏུ་ཁྱབ་ཅིང་རྒྱས་ཏེ་བསྟན་འགྲོ་ལ་ཕན་པ་དང་དགེ་ལེགས་འཕེལ་བར་གྱུར་ཅིག །མངྒ་ལམ། ༈ མཁས་ཀུན་འཇུག་གནས་ལེགས་བཤད་རིན་ཆེན་གྱི། །ས་བཅད་མི་ཕམ་འཇམ་དཔལ་དབྱངས་ཀྱི་གསུང་། །སྤར་དུ་བསྐྲུན་པས་རིས་མེད་བསྟན་འགྲོ་ལ། །ཀུན་ཕན་ལུང་རྟོགས་དཔལ་ཀུན་རབ་རྒྱས་ཤོག །ཅེས་སྐྱབས་རྗེ་མདོ་ཁམས་པ་ཆེན་པོས་བཀའ་བཞིན་གུས་སློབ་མཁྱེན་སྤྲུལ་བས་བྲིས་པ་དགེ་ལེགས་འཕེལ།། །།