Nitartha Digital Library
Tibetan
བར་དོ་ཐོས་གྲོལ་ཆེན་མོའི་ཆོས་སྐོར་ཕྱོགས་བསྒྲིགས།

129 occurrences of དགོངས་པ་
[Clear Hits]


  
13   
 
 
ཆོས་སྤྱོད་བག་ཆགས་རང་གྲོལ་དང་བསྒོམ་རིམ་ལྷན་སྐྱེས་ཡེ་ཤེས་ཀྱི་ཟིན་བྲིས།
 
 
24   
10   
 
17   
 
expand section
  
11   
 
 
  
 
 
 
 
 
  
 
 
 
 
  


129 occurrences of དགོངས་པ་
[Clear Hits]

 
previousཆོས་སྤྱོད་བག་ཆགས་རང་གྲོལ་དང་བསྒོམ་རིམ་ལྷན་སྐྱེས་ཡེ་ཤེས་ཀྱི་ཟིན་བྲིས།next

ཆོས་སྤྱོད་བག་ཆགས་རང་གྲོལ་དང་བསྒོམ་རིམ་ལྷན་སྐྱེས་ཡེ་ཤེས་ཀྱི་ཟིན་བྲིས།

ཟབ་ཆོས་ཞི་ཁྲོ་previous hit དགོངས next hit་རང་གྲོལ་ལས། །ཆོས་སྤྱོད་བག་ཆགས་རང་གྲོལ་དང་བསྒོམ་རིམ་ལྷན་སྐྱེས་ཡེ་ཤེས་ཀྱི་ཟིན་བྲིས་ཞལ་ཤེས་བཞུགས་སོ། །

ཞི་ཁྲོ་སྐུ་གསུམ་ལྷ་ལ་ཕྱག་འཚལ་ལོ། །དེའི་དབང་བསྐུར་ལེགས་པར་ཐོབ་པ་ཡིས། །ཨ་ནུ་ཡོ་གའི་རྒྱུད་ཀྱི་previous hit དགོངས next hit་ལྟར། ནང་ལྟར་ལས་ཀྱི་དཀྱིལ་འཁོར་བསྒོམ་པའི་ཚུལ། །དེ་ལ་ཕྱི་ནང་གསང་བ་གསུམ་ཡིན་ཏེ། །ཕྱི་ལྟར་ཆོས་སྤྱོད་བག་ཆགས་རང་གྲོལ་ནི། །དང་པོ་རང་ཉིད་ཐ་མར་པར་གནས་པས། །དད་པ་རྩེ་གཅིག་མོས་པའི་གདུང་ཤུགས་ཀྱིས། །ཞི་ཁྲོའི་ལྷ་ཚོགས་ནམ་མཁར་སྤྱན་དྲངས་ཏེ། །ཡན་ལག་བཅུ་པ་ཕུལ་ནས་ཚོགས་བསགས་བྱ། །ལྷ་ཚོགས་རང་གི་སྙིང་ཀར་ཐིམ་པའི་མཐུས། །རང་ལུས་རྡོ་རྗེ་སེམས་དཔའི་སྐུར་གྱུར་ཏེ། །ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་དཀར་པོའི་མཐར། །ཡིག་བརྒྱའི་སྔགས་ཕྲེང་གཡས་སུ་འཁོར་བ་ལས། །བདུད་རྩི་འོ་མ་ལྟ་བུས་རྒྱུན་བབས་ནས། །བདག་ལུས་ནད་གདོན་སྡིག་སྒྲིབ་ཐམས་ཅད་ནི། །འོག་སྒོ་རྐང་མཐིལ་བ་སྤུའི་བུ་ག་ནས། །དུད་ཁུ་སོལ་ཁུ་བཞིན་དུ་ཕྱིར་ཐོན་ནས། །བདག་ལུས་དྲི་མེད་ཤེལ་སྒོང་ལྟ་བུར་བསྒོམ། །ཡི་གེ་བརྒྱ་པ་ཅི་ནུས་བཟླས་པར་བྱ། །དེ་གཉིས་ཚོགས་བསགས་སྒྲིབ་སྦྱོང་མཆོག་ཏུ་གསུངས། །དེ་ནས་བདག་ལུས་རྡོ་རྗེ་སེམས་དཔའ་ཡི། །སྙིང་གར་ཞི་བ་བཞི་བཅུ་རྩ་གཉིས་དང་། །མགྲིན་པར་དག་པ་རིག་འཛིན་ལྷ་ཚོགས་དང་། །ཀླད་པའི་ནང་དུ་ཁྲག་འཐུང་ལྔ་བཅུ་བརྒྱད། །རྩ་གནས་དྲུག་ལ་སྤྲུལ་སྐུ་ཐུབ་པ་དྲུག །དེ་རྣམས་རྩ་རླུང་ཐིག་ལེ་ངོ་བོར་བཞུགས། །

དེ་ཉིད་སྐུ་མདོག་ཕྱག་མཚན་ཆ་ལུགས་བཅས། །བག་ཆགས་རང་གྲོལ་གཞུང་ལས་འབྱུང་བ་ལྟར། །དང་པོ་མོས་པ་ཙམ་དུ་ཐམས་ཅད་ཀུན། །དུས་གཅིག་གསལ་བཏབ་དེ་ནས་རིམ་པ་ལྟར། །བག་ཆགས་རང་གྲོལ་འདོན་ཚེ་དམིགས་རིམ་ནི། །རང་ལུས་རྡོ་རྗེ་སེམས་དཔར་གསལ་བ་དང་། །ལུས་དཀྱིལ་ཞི་ཁྲོའི་ལྷ་ཚོགས་གསལ་བ་དེ། །རང་ལུས་གདོད་ནས་དམ་ཚིག་སེམས་དཔའ་ཡིན། །རང་སེམས་ཡེ་ནས་ཡེ་ཤེས་སེམས་དཔའ་ཉིད། །དེ་བས་ལྷག་པའི་ལྷ་གཞན་མེད་པའི་ཕྱིར། །སྤྱན་འདྲེན་བཞུགས་གསོལ་ལ་སོགས་མི་དགོས་པའི། །ཨ་ཏིི་ཡོ་གའི་རྒྱུད་ཀྱི་previous hit དགོངས next hit་ཡིན། །རང་གི་ཐུགས་ལས་སྤྲུལ་བའི་ལྷ་མོ་ནི། །བྱེ་བ་དུང་ཕྱིར་དཔག་མེད་ཕྱིར་སྤྲོས་ལ། །རང་ལུས་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ་བ་དང་། །བར་དོའི་འཇིགས་སྐྱོབས་གསོལ་བ་འདེབས་པར་བསྒོམ། །བག་ཆགས་རང་གྲོལ་རྫོགས་པར་འདོན་པར་བྱེད། །དེ་ནི་ལུས་དཀྱིལ་ཕྱི་བསྒྲུབ་གསོལ་འདེབས་ལུགས། །ཨྠྀི༔ ནང་བསྒྲུབ་བསྒོམ་ལུགས་ལྷན་སྐྱེས་ཡེ་ཤེས་ནི། །མངོན་རྟོག་གཞུང་བཞིན་ཚར་གཅིག་ངག་ཏུ་འདོན། །བཏོན་པ་བཞིན་དུ་ཡིད་ཀྱིས་གསལ་བཏབ་སྟེ། །འདི་ལ་ཡེ་ཤེས་སྤྱན་འདྲེན་མི་དགོས་པའི། །ཡེ་ནས་ཀུན་བཟང་ཞི་ཁྲོ་རིགས་བརྒྱ་ནི། །ལུས་དང་སེམས་ལ་ལྷུན་གྱིས་གྲུབ་པར་བཞུགས། །ལྷ་ཚོགས་ཕྱི་ན་མེད་དེ་ནང་ན་བཞུགས། །དེ་ཕྱིར་གསང་སྔགས་ནང་གི་རྒྱུད་ཅེས་བྱ། །ཕྱི་ན་དཀྱིལ་འཁོར་བྲིས་ཤིང་བསྒོམ་པ་ནི། །དཀྱིལ་འཁོར་མིན་ལ་ཡིན་པར་བསྒོམ་པའི་ཕྱིར། །ཀུན་བཏགས་དཀྱིལ་འཁོར་ཞེས་བྱ་ཟབ་པ་མིན། །རྩ་རླུང་ཐིག་ལེ་ཡེ་ནས་དཀྱིལ་འཁོར་དངོས། །ཡིན་ལ་ཡིན་བཞིན་བསྒོམ་པ་ཟབ་པ་སྟེ། །ཡང་གྲུབ་དཀྱིལ་འཁོར་ཞེས་བྱ་ཨེ་མ་ཧོ། །གཙོ་བོའི་སྙིང་དབུས་ཀུན་ཏུ་

བཟང་པོ་ཡི། །ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་སྔོན་པོའི་མཐར། །བཟླས་བྱས་སྔགས་ཀྱིས་གཡས་སུ་བསྐོར་བར་བསྒོམ། །རྩ་གནས་ལྷ་ཚོགས་དེ་དག་ཐམས་ཅད་ཀྱང་། །སྔགས་སྒྲ་ཏིར་ཏིར་སྒྲོགས་པར་བསྒོམ་བྱ་ཞིང་། །བྷོ་དྷི་ཙིཏྟའི་བསྙེན་པ་བྱེད་པ་ནི། །ཞི་ཁྲོ་ནང་བསྒྲུབ་ལུས་དཀྱིལ་དཀྱིལ་འཁོར་ཡིན། །ན་རཀ་དོང་སྤྲུགས་ལུས་དཀྱིལ་བསྒྲུབ་ཐབས་ནི། །རིག་འཛིན་མ་གཏོགས་རིགས་བརྒྱ་སྔོན་ལྟར་བསྒོམ། །ཀུན་ཏུ་བཟང་པོའི་ཐུགས་ཀར་ཡི་གེ་ༀ། །སྒོ་མ་སྦྲུལ་གདོང་ཐུགས་ཀར་མཇུག་གི་ཨཱཿ། །ཡིག་འབྲུ་བརྒྱད་༼བརྒྱ་༽པོ་རིགས་བརྒྱའི་ཐུགས་ཀར་བསྒོམ། །སྔགས་ཕྲེང་ལ་སོགས་འཁོར་རྒྱུ་མེད་པ་སྟེ། །སྒྲིབ་སྦྱང་ཉམས་ཆགས་བསྐང་བའི་མཆོག་ཏུ་གསུངས། །ཨྠྀི༔ དེ་ནས་ལུས་དཀྱིལ་གསང་བའི་བསྒྲུབ་ཐབས་ནི། །སེམས་ཀྱིས་དམིགས་པ་ཁོ་ན་བསྒོམ་པ་ལས། །ངག་དུ་མངོན་རྟོག་ཙམ་ཡང་འདོན་མི་བྱ། །རང་ལུས་རྡོར་སེམས་རིགས་བརྒྱ་རིག་འཛིན་བཅས། །དྲན་རྫོགས་ཉིད་དུ་སྔོན་ལྟར་གསལ་གདབ་ནས། །རླུང་ནི་ནང་དུ་འཇུག་པ་ཡི་གེ་ༀ། །ཁོག་དུ་གནས་པ་ཡི་གེ་ཨཱཿཡིན་ཏེ། །ཕྱི་རུ་འབྱུང་བ་ཡི་གེ་ཧཱུྃ་དུ་བསམ། །དེ་དག་ཡིན་པ་ཤེས་པར་བྱ་བ་ལ། །ངག་ཏུ་བཟླས་དང་ཡིག་འབྲུ་བསྒོམ་རྒྱུ་མིན། །དེ་ནས་ཐུན་མགོར་བདུན་ནམ་ཉེར་གཅིག་ཙམ། །ཉལ་ཁ་དེ་ཙམ་བརྩི་བའི་ཆོག་པ་དེ། །ཉིན་གྱིས་དུས་དང་ནུབ་མོ་གཉིད་པའི་དུས། །རླུང་གིས་འབྱུང་འཇུག་གནས་པ་གསུམ་པོ་དེ། །ཡིག་འབྲུ་གསུམ་པོ་ཡིན་པའི་ངེས་ཤེས་བསྐྱེད། །ཞག་གཅིག་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་སྟེ། །དེ་ཕྱིར་སྔགས་བཟླས་མི་དགོས་བསྙེན་པ་བསྒྲུབ། །དེ་ལ་འབྲུ་གསུམ་རྡོ་རྗེའི་བཟླས་པ་ཟེར། །གསར་རྙིང་རྒྱུད་སྡེ་ཀུན་ནས་རྒྱ་ཆེར་གསུངས། །ལག་པ་ཡེ་ནས་དགངས་གཟར་བླུགས་གཟར་ཏེ། །ཁ་ནི་ཡེ་ནས་སྦྱིན་སྲེགས་ཐབས་ཀྱི་ཁུང་། །ལྟེ་

འོག་གཏུམ་མོ་མེ་ཡིན་ལྕེ་མེ་ལྕེ། །བཟའ་བཏུང་བསྲེགས་རྫས་ལ་དམིགས་ལྷ་ལ་འབུལ། །དེ་ནི་ནང་གི་སྦྱིན་སྲེག་ཡིན་པར་གསུངས། །ཕོ་སྡེར་རང་བྱུང་ཀ་པཱ་ལ་རུ་བསམ། །བཟའ་བཏུང་ཤ་ལྔ་བདུད་རྩི་ལྔ་རུ་དམིགས། །ཡིག་འབྲུ་གསུམ་གྱིས་ཡེ་ཤེས་བདུད་རྩི་བསྒྱུར། །ལུས་ལྷ་མཆོད་ཕྱིར་མཆོད་གཏོར་གཞན་མི་དགོས། །རང་གི་སེམས་ཉིད་ཆོས་སྐུ་ཀུན་ཏུ་བཟང་། །ཕུང་ཁམས་སྐྱེ་མཆེད་དམ་པ་རིགས་བརྒྱའི་ལྷ། །ཡིན་ལ་ཡིན་བཞིན་བརྟན་པ་ཐོབ་པའི་མིས། །ཕྱོགས་བཅུར་རྟེན་ལ་ཕྱག་སྐོར་མི་རུང་གསུངས། །ཅི་ཕྱིར་ཕྱོགས་བཅུར་ཀུན་རྫོབ་མཆོད་པ་བརྩམས། །ནང་གི་ལྷ་ནི་དོན་དམ་ལྷུན་གྲུབ་ཡིན། །འོན་ཀྱང་རང་རེ་བརྟན་པ་མ་ཐོབ་པའི། །ཕྱག་སྐོར་བྱེད་ཚེ་ལུས་དཀྱིལ་མི་བསྒོམ་མོ། །དེ་ལྟར་ཞི་ཁྲོ་དམ་པ་རིགས་བརྒྱ་ཡི། །ལུས་དཀྱིལ་ཕྱི་ནང་གསང་གསུམ་བསྒོམ་པའི་ཐབས། །རྫོགས་ཆེན་རྒྱུད་སྡེའི་ནང་ནས་གསུངས་པའི་དོན། །གསང་སྔགས་ནང་པ་ཨ་ནུ་ཡོ་གའི་ལུགས། །སྤྲོས་མེད་བྱ་བཏང་རྣལ་འབྱོར་ཆེན་པོའི་ལམ། །འཇའ་དང་རང་བསྲེལ་སྐུ་གདུང་འབྱུང་བའི་རྒྱུ། །ཟབ་ཆོས་ཞི་ཁྲོ་previous hit དགོངས next hit་རང་གྲོལ་གྱིས། །ཆོས་སྤྱོད་བག་ཆགས་རང་གྲོལ་ཞེས་བྱ་དང་། །བསྒོམ་རིམ་ལྷན་སྐྱེས་ཡེ་ཤེས་ཞེས་བྱ་ཡིན། །དེ་གཉིས་དར་ཆ་ཆེ་ཞིང་ཁ་གསལ་བས། །ཟིན་བྲིས་ལ་སོགས་དགོས་པ་མི་སྣང་ཡང་། །གང་ཟག་བློ་དམན་གསར་བུ་འགའ་ཞིག་ལ། །ཕན་པའི་བསམ་པས་ར་ག་ཨ་སྱེས་ཡིས། །ཐུན་མཚམས་གཅིག་ཏུ་རྫོགས་པར་སྨྲས་པ་དེས། །རིག་སྔགས་འཆང་བ་པདྨ་མཐར་ཕྱིན་གྱིས། །ལག་པ་རླུང་གི་རྟ་ལ་ཞོན་ནས་བྲིས། །འདི་ལ་སྦ་འོས་གསལ་བཀོད་ཉེས་མཆིས་ན། །སྡེ་བདུན་དབང་ཕྱུག་ཉེར་བརྒྱད་ཚོགས་ལ་བཤགས། །དགེ་བས་ངེས་མེད་བྱ་བྲལ་སྤྲང་པོ་འགའ། །ཁྱིམ་ཁ་རིང་བསྲེལ་ཐ་རེ་འགྲོ་བར་

ཤོག །མངྒ་ལཾ། ལེགས་སོ། །


previousཆོས་སྤྱོད་བག་ཆགས་རང་གྲོལ་དང་བསྒོམ་རིམ་ལྷན་སྐྱེས་ཡེ་ཤེས་ཀྱི་ཟིན་བྲིས།next