Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

85 occurrences of གཙང་
[Clear Hits]


 
  
 
 
ཞི་བརྔན་བསང་གསུམ་གྱི་ཆོ་ག་ཕྱོགས་གཅིག་ཏུ་བསྡུས་ཏེ་ཁྱེར་བདེ་བར་བྱས་པ་མགྲོན་རིགས་ཚིམ་བྱེད་ཡིད་བཞིན་རེ་བཀང་སྨན་སྤོས་བདུད་རྩིའི་སྤྲིན་སྤུངས།
 
 
 
 
 
 
 
 
 
 
 
 
 
 
  
  
  
  
  
 
  
  
  
  
  
  
  
 
 
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
 
 
 
  
  
  
  
 
  
  
  
  
  
  
  
  
  
  
  
  
  
 
  
  
  
 
  
 
  
  
  
  
 
 
  
  
  
  


85 occurrences of གཙང་
[Clear Hits]

 
previousཞི་བརྔན་བསང་གསུམ་གྱི་ཆོ་ག་ཕྱོགས་གཅིག་ཏུ་བསྡུས་ཏེ་ཁྱེར་བདེ་བར་བྱས་པ་མགྲོན་རིགས་ཚིམ་བྱེད་ཡིད་བཞིན་རེ་བཀང་སྨན་སྤོས་བདུད་རྩིའི་སྤྲིན་སྤུངས།next

ཞི་བརྔན་བསང་གསུམ་གྱི་ཆོ་ག་ཕྱོགས་གཅིག་ཏུ་བསྡུས་ཏེ་ཁྱེར་བདེ་བར་བྱས་པ་མགྲོན་རིགས་ཚིམ་བྱེད་ཡིད་བཞིན་རེ་བཀང་སྨན་སྤོས་བདུད་རྩིའི་སྤྲིན་སྤུངས།


CMR036_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བརྔན་བསང་གསུམ་གྱི་ཆོ་ག་ཕྱོགས་གཅིག་ཏུ་བསྡུས་ཏེ་ཁྱེར་བདེ་བར་བྱས་པ་མགྲོན་རིགས་ཚིམ་བྱེད་ཡིད་བཞིན་རེ་བཀང་སྨན་སྤོས་བདུད་རྩིའི་སྤྲིན་སྤུངས་ཞེས་བ་བཞུགས་སོ།།


CMR036_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་རྒྱན་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ༔ དང་པོ་བརྔན་གྱི་བྱུང་ཁུངས་ནི༔ འཛམ་བུ་གླིང་གི་བོད་ཡུལ་དབུས༔ བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ བསམ་ཡས་གཙུག་ལག་བཞེངས་པའི་དུས༔ ས་བདག་ཀླུ་གཉན་འཁྲོས་གྱུར་ནས༔ ལྷ་ཁང་ཉིན་རྩིག་མཚན་མོ་བསྐྱེལ༔ རི་རྡོ་ཐམས་ཅད་ཀླུང་དུ་ཕབ ཀླུང་རྡོ་ཐམས་ཅད་རི་ལ་བསྐྱལ རྩི་ཤིང་ཐམས་ཅད་མེ་ལ་བསྲེགས༔ ནད་དང་གནོད་པ་སྣ་ཚོགས་བྱུང་༔ རྒྱལ་པོས་ལྷ་ཁང་བཤོལ་ལ་ཐུག༔ དེ་ཚེ་རྒྱལ་བློན་བཀའ་གྲོས་མཛད༔ སློབ་དཔོན་པདྨ་སྤྱན་དྲངས་ནས༔ བྲག་དམར་དཔལ་གྱི་བསམ་ཡས་


CMR036_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

སུ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ རྡོ་རྗེ་ཕུར་པའི་དཀྱིལ་འཁོར་བཞེངས༔ ལྷ་འདྲེ་ཐམས་ཅད་དམ་ལ་བཏགས༔ དཀོན་མཆོག་གསུམ་ལ་མཆོད་པ་ཕུལ༔ ལྷ་དང་སྲུང་མ་ཐམས་ཅད་དང་༔ ས་བདག་ཀླུ་གཉན་ཐམས་ཅད་བརྔན༔ དེ་ཡིས་བསམ་ཡས་ཆོས་འཁོར་འགྲུབ༔ རྗེ་འབངས་བདེ་ཞིང་བཀྲ་ཤིས་པ༔ རྒྱལ་བློན་སྐུ་ཚེ་རིང་བ་དང་༔ རྩི་ཤིང་མེ་ཏོག་སྣ་ཚོགས་དང་༔ ལེགས་པའི་ཡོན་ཏན་བསམ་མི་ཁྱབ༔ བདྲེན་གྱི་བྱ་བ་ལ་དགོས་པ་ནི༔ དེ་ཡང་ཕྱི་རབས་རྣལ་འབྱོར་པས༔ གང་འདོད་ཕྲིན་ལས་བསྒྲུབ་པ་དང་༔ སངས་རྒྱས་བསྟན་པ་


CMR036_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་བ་དང་༔ སྒྲུབ་པའི་བར་ཆད་སེལ་བ་དང་༔ འཁོར་སྲུང་རྐྱེན་བཟློག་གྲགས་པ་སྤེལ༔ ལྷ་ཁང་བཞེངས་དང་མཆོད་རྟེན་བརྩེགས༔ མི་ནད་ཡམས་ནད་བཅད་པ་དང་། མཁར་ལས་བྱེད་དང་བཀྲ་ཤིས་འདོད༔ ཐག་རིང་མགྲོན་ལ་འགྲོ་བ་དང་༔ ཆུ་ཆེན་གྲུ་ལ་འགྲོ་བ་དང་༔ ལམ་འཕྲང་བསྒྲོད་དང་དམག་ལ་འགྲོ༔ ལྷོ་བལ་སྦས་ཡུལ་འགྲོ་བ་དང་༔ ཆེ་དྲག་བྱ་བ་ཐམས་ཅད་ལ༔ སྔོན་དུ་བརྔན་འདི་བྱས་པས་འགྲུབ༔ བརྔན་གྱི་ཆོ་གའི་རིམ་པ་ནི༔ ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརཿསྭ་བྷཱ་ཝ་ཤུདྡྷོཉཧཾ༔ ཤིན་ཏུ་previous hit གཙང next hit་མའི་སྣོད་ནང་དུ༔ དཀར་གསུམ་མངར་གསུམ་བརྒྱན་པ་དང་༔ དམར་གཏོར་ཤ་ཆེན་བརྒྱན་པ་དང་༔ བསང་བཤོས་ཟས་སྣས་བརྒྱན་པ་དང་༔ ཕྱེ་མར་ཅི་འབྱོར་སྣོད་ཁེངས་དང་༔ དྲི་བཟང་འབྲུ་སྣ་སྨན་སྤོས་དང་༔ རིན་ཆེན་མེ་ཏོག་སྣ་ཚོགས་དང་༔ ཁྱད་པར་རྟ་གླང་ར་ལུག་དང་༔ མཛོ་གཡག་སྦལ་སྦྲུལ་ལ་སོགས་དང་༔ གཟུགས་འགྲོས་སྣ་ཚོགས་བྱས་པ་དང་༔ སྦ་སྨུག་ཤུག་པ་ལྕང་མ་དང་༔ མཁན་པ་སེ་བ་འོམ་བུ་དང་༔ བལ་བུ་གླང་མ་ལ་སོགས་པ༔ རྩི་ཤིང་སྣ་ཚོགས་མཆོད་པ་དང་༔ སྟག་གཟིག་དར་ཟབ་ལ་སོགས་


CMR036_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

པཿ མདའ་མདུང་དར་ཆེན་ཕྱར་བ་དང་༔ རྔ་དུང་ལ་སོགས་རོལ་མོའི་སྒྲ༔ སྤྱན་གཟིགས་མཆོད་པ་སྣ་ཚོགས་དང་༔ རང་ཉིད་པདྨའི་ང་རྒྱལ་གྱིསཿ མཆོད་རྫས་ཀུན་ལ་སྤོས་ཆུ་གཏོརཿ ཐམས་ཅད་ཅི་དགོས་འབྱུང་བའི་ལྷ༔ མཆོད་སྤྲིན་ཡིད་བཞིན་གཏེར་གྱུར་པ༔ ས་གཞི་བར་སྣང་གང་བར་གྱུར༔ ཤིང་སྣ་མེ་སྦར་བསང་དུད་དང་༔ རོལ་མོ་སྒྲ་ཡིས་བྱིན་དབབ་བོ༔ ན་མ་སརྦ་ཏ་ཐཱ་ག་ཏ་བྷོ་བི་ཤྭ་མུ་ཁེ་བྷཱ སརྦ་ཐ་ཁཾ་ཨུཏྤ་གེ་སྤ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭ་ཧཱཿ ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ༔ ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མ་ས་མན་སྤ་ར་ཎ་ཨ་མྲྀ་ཏ་ཨ་བྷ་ཝ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཡ་ཛྭ་ལ་ནི་སྭཱ་ཧྭ༔ ན་མ་ས་མནྟ་བྷུདྡྷཱ་ནཾ་ག་རི་ཀྲོ་དྷི་ཤྭ་རི་པྲ་བྷ་ཛྷཱ་ན་མཱ་ར་ཡ་སྭ་ཧཱཿ དེ་ནས་དངོས་གཞི་བརྔན་པ་ནི༔ རང་ཉིད་པདྨའི་ང་རྒྱལ་གྱིས མགྲོན་རྣམས་སྤྱན་དྲངས་བཞུགས་པ་ལ༔ རིམ་བཞིན་མཆོད་ཅིང་བརྔན་པ་ནི༔ མཆོད་གཏོར་གཟུགས་འགྲོས་བཤམ་པ་ལ༔ བསང་ཆུ་ཕུད་ཆུ་འཐོར་ཕུད་དང་༔ ཕྱེ་མར་རིན་ཆེན་འབྲུ་སྣ་རྣམསཿ མེ་ནང་ཕུལ་ལ་འདི་སྐད་བརྗོད༔ ཧཱུྃ༔ བསྟན་པ་འདི་ལ་ངོ་མཚར་རྨད་བྱུང་བའི༔ འཇིག་རྟེན་སྐྱབས་གྱུར་པདྨའི་


CMR036_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ནི༔ རིགས་ནི་ཟ་ཧོར་རྒྱལ་པོའི་སྲས་སུ་འཁྲུངས༔ ཨོ་རྒྱན་ཡུལ་དུ་སྒྲོ་འདོགས་མ་ལུས་བཅད༔ བསིལ་བ་ཚལ་དུ་དངོས་གྲུབ་རྣམ་གཉིས་བརྙེས༔ ཁ་བ་ཅན་དུ་བསྟན་པ་དར་བར་མཛད༔ ལྷོ་ནུབ་མཚམས་སུ་སྲིན་པོའི་ཁ་གནོན་མཛད༔ མྱ་ངན་མི་འདའི་འགྲོ་བའི་གཉེན་གཅིག་པོ༔ སྐུ་གསུམ་ཆེ་མཆོག་བཛྲ་ཧེ་རུ་ཀ༔ དུས་གསུམ་མཉམ་ཉིད་བླ་མ་དུས་འདིར་དྲནི༔ བདག་དང་བླ་མ་དབྱེར་མེད་ཧེ་རུ་ཀ༔ རྒྱལ་བའི་ཞིང་ཁམས་དག་པ་ཆེན་པོ་འདིརཿ མི་འགྱུར་ལྷུན་གྲུབ་པདྨའི་རྒྱལ་པོ་དང་༔ བླ་མ་ཡི་དམ་མཁའ་འགྲོས་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ སངས་རྒྱས་ཆོས་དང་དགེ་འདུན་དང་༔ ཞི་རྒྱས་དབང་དང་མངོན་སྤྱོད་ལ༔ ཕྱི་ནང་སྲུང་མའི་ཚོགས་རྣམས་དང་༔ གསང་སྔགས་རིག་སྔགས་ལྷ་ཚོགས་དང་༔ འདས་དང་མ་བྱོན་ད་ལྟ་ཡི༔ ལྷ་དང་སྲུང་མ་དམ་ཚིག་ཅན༔ མ་མོ་མཁའ་འགྲོ་ཤུགས་འགྲོ་དང་༔ འཇིག་རྟེན་འདས་ཀྱི་མཆོག་གྱུར་པའི༔ སྒྲུབ་གནས་བྱིན་ཆེན་ཐམས་ཅད་དང་༔ གཞན་ཡང་ས་འོག་ས་སྟེང་གི གནས་བདག་ཆེན་པོ་ཐམས་ཅད་དང་༔ འཁོར་དུ་


CMR036_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པའི་སྡེ་བརྒྱད་པོ༔ སྟོང་གསུམ་ཁྱབ་པའི་མཐུ་རྩལ་ཅན༔ ཆེ་དགུ་གཉན་དགུ་ཐམས་ཅད་དང་༔ གཙུག་ལག་ཁང་དང་སྒྲུབ་གནས་ཀྱི༔ སྲུང་མ་གཉན་པོ་ཐམས་ཅད་དང་༔ གཞན་ཡང་ལྷ་ཀླུ་གནོད་སྦྱིན་དང་༔ དྲི་ཟ་གྲུལ་བུམ་མཁའ་འགྲོ་སོགསཿ བརྔན་པར་འོས་པའི་མགྲོན་རྣམས་དང་༔ ས་བདག་ཀླུ་གཉན་ཐམས་ཅད་ཀུན༔ སངས་རྒྱས་བསྟན་པ་བསྲུང་བ་དང་༔ བསྒྲུབ་པའི་སྡོང་གྲོགས་བྱེད་པ་དང་༔ དགོན་གནས་བར་ཆད་སེལ་བ་དང་༔ དགྲ་དང་བགེགས་རྣམས་གཞོམ་པ་དང་། ནད་གདོན་གནོད་པ་ལ་སོགས་པ༔ ཆག་ཆེན་ཉམ་ང་བཟློག་པ་དང་༔ འདོད་པ་ཐམས་ཅད་བསྒྲུབ་པའི་ཕྱིར༔ མགྲོན་རྣམས་སྤྱན་འདྲེན་གཤེགས་སུ་གསོལ༔ འདིར་གཤེགས་བསང་དང་མཆོད་པ་བཞེས༔ བསྟན་པ་དར་ཞིང་རྒྱས་པར་མཛོད༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ ཡིད་ལ་རེ་བ་སྐོང་བ་དང་༔་ཀུན་ཀྱང་བཤད་པའི་ཆོས་ལ་ཉོན༔མཆོད་པ་གཅིག་བྱས་ལ། བསང་ཕྲན་གསེར་ལོ་མ་བཞུགས་པའི་དབུ་ཕྱོགས་ལགས་སོ། །དེ་ནས་བསང་གྱེར་བ་ནི། མཆོད་པ་གཅིག་བྱས་ལ། ཀྱི།བསང་གི་རྒྱུད་བྱུང་གང་


CMR036_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བྱུང་༔ བསང་གི་རྒྱུད་བྱུང་གནམ་ནས་བྱུང་༔ ཕ་གནམ་ལ་འབྲུག་ཆེན་ལྡར་མ་ལྡིརཿ མ་ས་ལ་གློག་ཆེན་གྱ་མ་གྱུ བུ་སྟག་རྒོད་གང་གི་ཐེག་པ་ཡིན༔ མ་ཕམ་གཡུ་མཚོའི་ཁ་ཞིག་ཡིན༔ བཟང་དྲུག་སྨན་གྱི་ནུས་པ་ཡིན༔ དྲི་ཞིམ་སྤོས་ཀྱི་ངད་པ་ཡིན༔ ཕྱེ་མར་འོ་སྐོལ་གསུར་གྱིས་མཆོད༔ གསེར་ལོ་འབར་བའི་སྟག་པ་དང་༔ གཡུ་ལོ་འབར་བའི་ཤུག་པ་དང་༔ དུང་ལོ་འབར་བའི་བལ་བུ་དང་མཁན་པ་སྤོས་དཀར་ཨ་ག་རུ༔ ཤིང་བདུད་རྩི་ཅན་གྱི་དུད་པ་དང་༔ ཕྱེ་མར་ཟས་ཕུད་གསེར་སྐྱེམས་ཀྱིསཿ ལྷ་འདྲེ་ཐམས་ཅད་བསང་བའི་ཕྱིརཿ སྐྱབས་མཆོག་མགོན་གནས་ཡོན་ཏན་ཞིང་༔ རྩ་བར་བརྒྱུད་པའི་བླ་མ་བསང་༔ ལས་དང་སྐལ་པར་ལྡན་པ་ཡི༔ ཡི་དམ་ལྷ་ཚོགས་ཐམས་ཅད་བསང་སྔ་རབས་འདས་དང་ད་ལྟར་བཞུགས༔ སླད་ནས་འབྱོན་དང་དུས་གསུམ་གྱི༔ སངས་རྒྱས་ནམ་མཁའ་གང་བ་བསང་༔ རྣམ་པར་སྣང་མཛད་ལ་སོགས་པའི༔ རིགས་ལྔ་བདེ་བར་གཤེགས་པ་བསང་༔ རིགས་གསུམ་མགོན་པོ་ལ་སོགས་པའི༔ བྱང་ཆུབ་སེམས་དཔའ་ཐམས་ཅད་བསང་༔ སྟོན་པ་བླ་མེད་སངས་རྒྱས་བསང་༔ སྐྱོབ་པ་


CMR036_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མེད་དམ་ཆོས་བསང་༔ འདྲེན་པ་བླ་མེད་དགེ་འདུན་བསང་༔ བླ་མེད་དཀོན་མཆོག་གསུམ་པོ་བསང་༔ བུདྡྷ་བཞི་བཅུ་རྩ་གཉིས་བསང་༔ ཁྲོ་བོ་རྨ་བྱུང་བ་བསང་༔ ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་བསང་༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་བསང་༔ པདྨ་གསུང་གི་ལྷ་ཚོགས་བསང་༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་བསང་༔ ཆེ་མཆོག་ཡོན་ཏན་ལྷ་ཚོགས་བསང་༔ ཕུར་པ་ཕྲིན་ལས་ལྷ་ཚོགས་བསང་༔ བདུད་རྩི་སྨན་གྱི་ལྷ་ཚོགས་བསང་༔ མ་མོ་རྦོད་གཏོང་ལྷ་ཚོགས་བསང་༔ བླ་མ་རིག་འཛིན་ལྷ་ཚོགས་བསང་༔ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་བསང་༔ དམོད་པ་དྲག་སྔགས་ལྷ་ཚོགས་བསང་༔ དཔལ་མགོན་བདུད་ཅུ་རྩ་གཉིས་བསང་༔ ནམ་མཁའ་གང་བའི་ལྷ་ཚོགས་བསང་༔ བར་སྣང་གང་བའི་གཉན་རྣམས་བསང་༔ ས་གཞི་གང་བའི་ཀླུ་རྣམས་བསང་༔ སྡེ་བརྒྱད་དམ་ལ་གནས་པ་བསང་༔ ལྷ་མིན་གཡུལ་ངོ་བཟློག་པ་བསང་༔ ལྷ་སྤྱི་དམག་བྱེ་བ་དུང་ཕྱུར་བསང་༔ དཔལ་ལྡན་ལྷ་མོ་ནག་མོ་བསང་༔ ལྷ་མོ་བྱེ་བ་དུང་ཕྱུར་བསང་༔ འཇིག་རྟེན་བརྟན་མ་བཅུ་གཉིས་བསང་༔ གསང་སྔགས་ཕྱི་ནང་བསྟན་སྲུང་


CMR036_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

བསང་༔ རིག་འཛིན་བརྒྱུད་པའི་སྲུང་མ་བསང་༔ སློབ་དཔོན་རྒྱུད་ཀྱི་སྲུང་མ་བསང་༔ ཕ་མྱེས་རྒྱུད་ཀྱི་སྲུང་མ་བསང་༔ དབེན་གནས་གཉེན་གྱི་སྲུང་མ་བསང་༔ ཕྱི་ཨ་ཀར་དཀར་གྱི་སྲུང་མ་བསང་༔ ཚངས་པ་ལ་སོགས་ལྷ་བརྒྱད་བསང་༔ ཉི་མ་ལ་སོགས་གཟའ་བརྒྱད་བསང་༔ སྨིན་དྲུག་ལ་སོགས་རྒྱུ་སྐར་བསང་༔ མཐའ་ཡས་ལ་སོགས་ཀླུ་བརྒྱད་བསང་༔ ཛཾ་ལྷ་ལ་སོགས་ནོར་ལྷ་བསང་༔ དྲི་ཟ་ལ་སོགས་ཕྱོགས་སྐྱོང་བསང་༔ ཕྱི་ནང་གསང་བའི་ཆོས་སྐྱོང་བསང་༔ མེད་པ་ཡོད་ཅེས་དགྲ་བླ་བསང་༔ སྟོང་ལ་ཆགས་པའི་དགྲ་བླ་བསང་༔ འབྱུང་བ་ཆགས་པའི་དགྲ་བླ་བསང་༔ སྲིད་པའི་ལྷ་ལུག་དཀར་པོ་བསང་༔ འདོད་རིགས་སྨན་པ་བཅོ་བརྒྱད་བསང་༔ མ་ཆགས་སྟོང་གི་དགྲ་བླ་བསང་༔ ཡེ་ནས་སྲིད་པའི་དགྲ་བླ་བསང་༔ འདོད་དགུ་ཆགས་པའི་དགྲ་བླ་བསང་༔ མི་ཐུབ་དགྲ་བླ་སྤྱན་གསུམ་བསང་༔ ཕ་མྱེས་རྒྱུད་ཀྱི་དགྲ་བླ་བསང་༔ མི་རབས་རྒྱུད་ཀྱི་དགྲ་བླ་བསང་༔ གཙུག་རབས་རྒྱུད་ཀྱི་དགྲ་བླ་བསང༔ བོད་མིའུ་གདུང་དྲུག་དགྲ་བླ་བསང་༔ སྨོན་པའི་རྗེའུ་འཕྱོ་བ་བསང་༔ ཕ་མཚུན་ཡབ་ལྷ་བདལ་དྲུག་བསང་༔ མ་


CMR036_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

མཚུན་རྒྱལ་བུ་མཐིང་གེ་བསང་༔ སྨན་བཙུན་དེ་མོ་དབུ་དཀར་བསང་༔ རྗེ་ཡི་མགུར་ལྷ་བཅུ་གསུམ་བསང་༔ སྲིད་པ་ཆགས་པའི་དགྲ་བླ་བསང་༔ མ་སངས་རྡོ་རྗེ་ལེགས་པ་བསང་༔ བཙན་རྒོད་འབར་བ་སྤུན་བདུན་བསང་༔ ཤར་གྱི་རྨ་གཉན་སྤོམ་ར་བསང་༔ རྨ་རིགས་སུམ་བརྒྱ་དྲུག་ཅུ་བསང་༔ ལྷོ་ཡི་འཛམ་བུ་གླིང་ཆུང་བསང་༔ ཀླུ་འཁོར་སུམ་བརྒྱ་དྲུག་ཅུ་བསང་༔ ནུབ་ཀྱི་གཉན་ཆེན་ཐང་ལྷ་བསང་༔ ལྷ་འཁོར་སུམ་བརྒྱ་དྲུག་ཅུ་བསང་༔ བྱང་གི་ལྷ་བཙུན་བུ་ལེ་བསང་༔ བཙན་འཁོར་སུམ་བརྒྱ་དྲུག་ཅུ་བསང་༔ ཤར་ལྷོ་ནུབ་བྱང་གར་འགྲོ་བའི༔ ལམ་ལྷ་གཉན་པོ་ཐམས་ཅད་བསང་༔ དམན་རེ་མཆེད་དང་ལྕམ་དྲལ་བསང་༔ ཡར་ལྷ་དེ་ནི་ཤམ་པོ་བསང་༔ འོ་དེ་དེ་ནི་གུང་རྒྱལ་བསང་༔ གཉན་པོ་སྐུ་ལྷ་གེར་མཛོད་བསང་༔ ཕོ་ལྷ་ལྷའུ་གཡང་དཀར་བསང་༔ ལྷ་ཆེན་ཚོགས་བདག་གུ་རུ་བསང་༔ ཁམས་གསུམ་ཀླུ་དང་ས་བདག་བསང་༔ ཕོ་ལྷ་དགྲ་བླ་གཉན་པོ་བསང་༔ ཡུལ་འདིའི་ས་བདག་གཉན་པོ་བསང་༔ གཞི་ལ་གནས་པའི་གཞི་བདག་བསང་༔ མཁར་ལ་གནས་པའི་རྩེ་ལྷ་བསང་༔ ཇག་


CMR036_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཡག་ཅང་སེ་གཉན་པོ་བསང་༔ ཐབ་ལ་གནས་པའི་ཐབ་ལྷ་བསང་༔ ལམ་ལ་གནས་པའི་ལམ་ལྷ་བསང་༔ དུད་པ་གནམ་དུ་སོང་བ་ཡིས༔ ནམ་མཁའ་གང་བའི་ལྷ་ཚོགས་བསང་༔ མེ་ལྕེ་བར་སྣང་སྦྱར་བ་ཡིས༔ བར་སྣང་གང་བའི་ལྷ་ཚོགས་བསང་༔ མེ་ལྕེ་ས་གཞིའི་སྟེང་དུ་འབར༔ ས་གཞི་གང་བའི་ལྷ་ཚོགས་བསང་༔ མེ་སྟག་དྲག་པོ་ཐོད་རྒོད་འཕྲོ༔ གདུག་པའི་དགྲ་བགེགས་ཁོང་ཐག་ཆོད༔ ཐལ་བ་ཆེན་པོ་རླུང་ལ་བསྐུར༔ དགྲ་བགེགས་ཐལ་བ་རྡུལ་དུ་རློགས ཀྱཻ༔ ཕྱི་སྣོད་འཇིག་རྟེན་ལྷ་ཚོགས་བསང་༔ རྩི་ཤིང་ནགས་ཚལ་ལྷ་ཚོགས་བསང་༔ ནང་བཅུད་སེམས་ཅན་ལྷ་ཚོགས་བསང་༔ ཕ་རི་གཡས་ལ་གནས་པ་བསང་༔ ཚུར་རི་གཡོན་ལ་གནས་པ་བསང་༔ ཉིན་དང་སྲིབ་ལ་གནས་པ་བསང་༔ ཕྱི་རབས་རྒྱུད་ཀྱི་སྲུང་མ་བསང་༔ དམུ་རབས་རྒྱུད་ཀྱི་སྲུང་མ་བསང་༔ གཙུག་རབས་རྒྱུད་ཀྱི་སྲུང་མ་བསང་༔ ལྡོང་གི་ལྡོང་ལྷ་མོ་ཆུང་བསང་དབྲ་ཡི་དབྲ་མོ་དབྲ་ཁྲ་བསང་༔ འབྲུ་ཡི་འབྲུ་མོ་ཕྲོམ་ཕྲོམ་བསང་༔ སྒ་ཡི་སྒྲ་མོ་ལེ་ལེ་བསང་༔ དབང་ལྷ་དགྲ་བླ་མཚལ་དར་བསང་༔ རང་ལ་ཡོད་པའི་དགྲ་བླ་བསང་༔


CMR036_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་ལ་མཁོ་བའི་དགྲ་བླ་བསང་༔ དགྲ་བསད་གྲུབ་པའི་དགྲ་བླ་བསང་༔ དར་མ་ཐོབ་པའི་དགྲ་བླ་བསང་༔ ཆེ་བཙུན་སྨོན་པའི་དགྲ་བླ་བསང་༔ ཐུགས་དཀར་སུམ་བརྒྱ་དྲུག་ཅུ་བསང་༔ འབར་བ་ཉིས་བརྒྱ་ལྔ་བཅུ་བསང་༔ ཝེར་མ་བརྒྱ་དང་བརྒྱད་ཅུ་བསང་༔ མེད་པ་ཡོད་སྲིད་དགྲ་བླ་བསང་༔ སྲིད་པའི་ལྷ་ལུག་དཀར་པོ་བསང་༔ གླིང་བཞི་དར་བའི་དགྲ་བླ་བསང་༔ སྐུ་གསུང་ཐུགས་ཀྱི་དགྲ་བླ་བསང་ཕ་མྱེས་དར་བའི་དགྲ་བླ་བསང་༔ མ་ཕྱི་སྔ་བའི་སྨན་བཙུན་བསང་༔ རྩེད་ཁམས་བཟང་པོའི་ཟོ་དོར་བསང་༔ ཚེ་རབས་རྒྱུད་ཀྱི་ཟོ་དོར་བསང་༔ དམུ་རབས་རྒྱུད་ཀྱི་ཟོ་དོར་བསང་༔ གཙུག་རབས་རྒྱུད་ཀྱི་ཟོ་དོར་བསང་༔ མིའུ་གདུང་དྲུག་ཟོ་དོར་བསང་༔ བོད་ཀྱི་མགུར་ལྷ་བཅུ་གསུམ་བསང་༔ དགེ་བསྙེན་སུམ་བརྒྱ་དྲུག་ཅུ་བསང་༔ གནམ་གྱི་བརྒྱ་བྱིན་ནག་པོ་བསང་༔ ས་ཡི་བརྒྱ་བྱིན་དཀར་པོ་བསང་༔ བར་གྱི་བརྒྱ་བྱིན་ཁྲ་བོ་བསང་༔ ཕྱི་previous hit གཙང next hit་བཙན་དང་དབུས་བཙན་བསང་༔ ལྷ་དགོང་བཙན་རྒོད་འཁོར་བཅས་བསང་༔ རིགས་ལྡན་ཁྲོ་རྒྱལ་ནུབ་རེ་བསང་༔ མཆེད་འཁོར་སུམ་བརྒྱ་དྲུག་ཅུ་


CMR036_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

བསང་༔ རི་རབ་ཆེན་པོའི་ས་བདག་བསང་༔ གསེར་གྱི་རི་བདུན་ས་བདག་བསང་༔ རོལ་པའི་མཚོ་བདུན་ས་བདག་བསང་༔ མངའ་རིས་བསྐོར་གསུམ་ས་བདག་བསང་དབུས་previous hit གཙང next hit་རུ་བཞིའི་ས་བདག་བསང་༔ མདོ་ཁམས་སྒང་གསུམ་གནས་པ་བསང་༔ ཏི་སེ་གངས་ཀྱི་ས་བདག་བསང་༔ ཕུ་དྲུག་གནས་པའི་ས་བདག་བསང་༔ མཐོ་བ་གནམ་ལ་གནས་པ་བསང་༔ དམའ་བ་ས་ལ་གནས་པ་བསང་༔ ས་བདག་གཙོ་འཁོར་བཅས་པ་བསང་༔ ས་ཡི་ལྷ་མོ་བརྟན་མ་བསང་༔ ས་འཛིན་ལག་པ་ཆེན་པོ་བསང་། ལོ་སྐོར་བཅུ་གཉིས་ལྷ་རྣམས་བསང་༔ གབ་རྩེ་དགུ་ཡི་ལྷ་རྣམས་བསང་༔ ས་བདག་ཀླུ་གཉན་འཁོར་བཅས་བསང་༔ ཕོ་ལྷ་དགྲ་བླ་གཉན་པོ་བསང་༔ མ་ལྷ་བུ་རྫི་ཞང་ལྷ་བསང་༔ དགྲ་ལྷ་རི་བོ་གཉན་པོ་བསང་༔ རྣོ་མཐོང་སྟོན་པའི་རྣོ་ལྷ་བསང་༔ འདོད་ལྷ་སུམ་བརྒྱ་དྲུག་ཅུ་བསང་༔ ཟ་ཁ་འབྱེད་པའི་ཞལ་ལྕེ་བསང་༔ ཝེར་མ་སུམ་བརྒྱ་དྲུག་ཅུ་བསང་༔ ཁས་དྲག་སུམ་བརྒྱ་དྲུག་ཅུ་བསང་༔ སྤྱན་རྣོན་སུམ་བརྒྱ་དྲུག་ཅུ་བསང་༔་རྫིའུ་སུམ་བརྒྱ་དྲུག་ཅུ་བསང་༔ ཉིན་གྱི་དྲོ་མཁན་ཉི་མ་བསང་༔ མཚན་གྱི་གྲང་མཁན་


CMR036_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་བསང་༔ སྒྲ་གཅན་ལ་སོགས་གཟའ་བརྒྱད་བསང་༔ ཇག་ལ་འགྲོ་ན་ཇག་དཔོན་བསང་༔ དམག་ལ་འགྲོ་ན་དམག་དཔོན་བསང་༔ སྐུ་ལྷ་དེ་ནི་འཇིགས་མེད་བསང་༔ ས་གཞི་འདི་ལ་གནས་པ་བསང་༔ བདག་ཅག་ཡོན་མཆོད་འཁོར་བཅས་ལ༔ མགོན་སྐྱབས་སྡོང་གྲོགས་རྒྱབ་རྟེན་མཛོད༔ ཆོས་དང་མཐུན་པའི་སྡོང་གྲོགས་མཛོད༔ མི་མཐུན་དགྲ་བགེགས་མེད་པར་མཛོད༔ ལྷ་རྒྱལ་ལོ༔ ཞེས་སྨོན་ལམ་བཏབ་བོ༔ མཆོད་པ་གཅིག་བྱ༔ སེམས་ཅན་ཀུན་གྱི་མགོན་གྱུར་པའི༔ རྒྱལ་བ་ཤཱཀྱ་ཐུབ་པ་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ བཅོམ་ལྡན་རྒྱལ་བ་རིགས་ལྔ་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ ཡུམ་ལྔའི་རིན་ཆེན་ཕྲེང་བ་ལཿ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ དུས་གསུམ་སངས་རྒྱས་ཐམས་ཅད་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ ཞི་ཁྲོ་དཔལ་ཆེན་འཁོར་བཅས་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ རིགས་གསུམ་མགོན་པོ་འཁོར་བཅས་ལ་ཕྱག་འཚལ་མཆོད་


CMR036_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྣ་ཚོགས་འབུལ༔ གདུང་བ་སེལ་བ་ལ་སོགས་པའི༔ འཕགས་པ་རང་རྒྱལ་འཁོར་བཅས་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ འོད་སྲུང་ཆེན་པོ་ལ་སོགས་པའི༔ ཉན་ཐོས་ཆེན་པོ་ཐམས་ཅད་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ བྷ་ར་དྷ་ཛ་ལ་སོགས་པ༔ གནས་བརྟན་ཆེན་པོ་བཅུ་དྲུག་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ ནམ་མཁའི་སྙིང་པོ་ལ་སོགས་པའི༔ བྱང་ཆུབ་སེམས་དཔའ་ཐམས་ཅད་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ ཀུན་ཏུ་བཟང་པོ་ལ་སོགས་པའི༔ རྩེ་བརྒྱུད་བླ་མ་ཐམས་ཅད་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ ཨིནྡ་བྷ་ཏི་ལ་སོགས་པའི༔ གྲུབ་ཆེན་བརྒྱད་པོ་ཐམས་ཅད་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ ཀླུ་ཡི་བྱང་ཆུབ་ལ་སོགས་པའི༔ གྲུབ་ཆེན་བརྒྱད་ཅུ་ཐམས་ཅད་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ ཀླུ་སྒྲུབ་སྙིང་པོ་ལ་སོགས་པའི༔ རྒྱན་དྲུག་མཆོག་གཉིས་ཐམས་ཅད་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ འཇམ་དཔལ་སྐུ་དང་པདྨ་གསུང་༔ ཕུར་པ་ཕྲིན་ལས་ལ་སོགས་པའི༔ སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་


CMR036_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ ནུབ་ཕྱོགས་ཨོ་རྒྱན་ལ་སོགས་པའི༔ དུར་ཁྲོད་ཆེན་པོ་བརྒྱད་རྣམས་ཀྱི༔ མ་སྲིང་མཁའ་འགྲོ་རྒྱ་མཚོ་ལཿ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ གནས་དང་ཉེ་བའི་གནས་དང་ཡུལ༔ ཉི་ཤུ་རྩ་བཞིའི་མཁའ་འགྲོ་དང་༔ སྲུང་མ་ཞིང་སྐྱོང་ཐམས་ཅད་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ ཁྱད་པར་འགྲོ་བའི་གཉེན་གཅིག་པུ༔ ཨོ་རྒྱན་པདྨ་འབྱུང་གནས་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ འདོད་པའི་རེ་བ་བསྐང་དུ་གསོལ༔ དམར་གཏོར་བྱ་ནག་ཅན་བཀྱག་ལ༔ ཧཱུྃ༔ མཆོད་ཡོན་མེ་ཏོག་བདུག་སྤོས་དྲི༔ ཞལ་ཟས་རོལ་མོ་གཏོར་མ་དང་༔ སྐུ་གླུད་གསང་ཕུད་སྣ་ཚོགས་ཀྱིས༔ འཇིག་རྟེན་འདས་དང་མ་འདས་ཀྱི༔ སྲུང་མ་གཉན་པོ་ཐམས་ཅད་དང་༔ ལྷ་ཀླུ་གནོད་སྦྱིན་དྲི་ཟ་སོགས༔ ཆེ་དགུ་གཉན་དགུ་ཐམས་ཅད་བརྔན༔ ཤེལ་སྒོང་ནག་པོ་སྤྱི་དཀར་དང་༔ ཤ་ཁྲག་དམར་གྱི་ཀླུ་གཏོར་མ་ཡིས༔ མ་ཧཱ་ཀཱ་ལ་ལྕམ་དྲལ་དང་༔ ལེགས་ལྡན་ནག་པོ་འཁོར་བཅས་བརྔན༔ རྒྱ་ཆེའི་མཆོད་པ་སྣ་ཚོགས་དང་༔ བདུད་རྩི་ཤ་ཁྲག་གསེར་སྐྱེམས་དང་༔ མཁའ་


CMR036_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ལྡིང་ནག་པོ་གསེར་མིག་གིསཿ དཔལ་ལྡན་ལྷ་མོ་འཁོར་བཅས་བརྔན༔ རྟེན་རྫས་བསྒྲུབ་རྫ་ས་བསྐང་རྫས་དཔག་ཏུ་མེད་པ་ནམ་མཁའི་ཁམས་གང་བར་གྱུརཿ མགོན་པོ་ལྕམ་དྲལ་མངའ་གསོལ་བར་འདོད་པསཿ གཏོར་མ་ཆེན་པོ་དུ་མ་བཤམས༔ གསུར་ཆེན་གྱི་དུད་པའམ༔ དྲི་བཟང་པོའི་དུད་པ་བྱ༔ རཀྟའི་ཨགྷོ་ཕྱར་ཞིང་༔ དར་ནག་གི་བ་དན་བསྒྲེངས༔ རོལ་མོ་སྤྱན་གཟིགས་དུ་མ་དང་༔ བདུད་རྩི་ཕུད་ཀྱིས་མཆོད་ཅིང་འདི་སྐད་དོ༔ ཧཱུྃ༔ འོག་མིན་བྱང་ཕྱོགས་དུར་ཁྲོད་ནས༔ དཔལ་ལྡན་རྡོ་རྗེ་ནག་པོ་ཆེ༔ རྣལ་འབྱོར་གདུང་བས་སྤྱན་འདྲེན་ན༔ འདིར་གཤེགས་མངའ་གསོལ་མཆོད་པ་བཞེས༔ བྱང་ཤར་ཐོད་མཁར་བརྩེགས་པ་ནས༔ རྡོ་རྗེ་ནག་མོ་རེ་མ་ཏི༔ རྣལ་འབྱོར་གདུང་བས་སྤྱན་འདྲེན་ན༔ འདིར་གཤེགས་མངའ་གསོལ་མཆོད་པ་བཞེས༔ འཇིག་རྟེན་འཇིག་རྟེན་འདས་པ་ཡི༔ ཆོས་སྐྱོང་སྲུང་མ་མ་ལུས་པ༔ རྣལ་འབྱོར་གདུང་བས་སྤྱན་འདྲེན་ན༔ འདིར་གཤེགས་མངའ་གསོལ་མཆོད་པ་བཞེས༔ ཤ་ཆེན་གཏོར་མ་རི་ལྟར་སྤུངས༔ ཁྲག་ཆེན་ཨབྷཾ་མཚོ་ལྟར་བསྐྱིལ༔ གསུར་ཆེན་དུད་པ་སྤྲིན་ལྟར་གཏིབས༔ འདོད་ཡོན་སྣ་ཚོགས་གཅལ་དུ་བཀྲམ དར་ནག་རྒྱལ་མཚན་བ་དན་བསྒྲེངས༔


CMR036_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་མོ་སིལ་སྙན་འབྲུག་ལྟར་ལྡིར༔ ཏིང་འཛིན་མཆོད་པ་བསམ་མི་ཁྱབ༔ གསོལ་ལོ་མཆོད་དོ་མངའ་གསོལ་ལོ༔ མ་ཧཱ་ཀཱ་ལ་མངའ་གསོལ་ལོ༔ ལྷ་ཆེན་དཔལ་འབར་མངའ་གསོལ་ལོ༔ ལེགས་ལྡན་ནག་པོ་མངའ་གསོལ་ལོ༔ མཁའ་འགྲོའི་གཙོ་མོ་མངའ་གསོལ་ལོ༔ རིག་འཛིན་སྲུང་མ་མངའ་གསོལ་ལོ༔ རྣལ་འབྱོར་དགྲ་བླ་མངའ་གསོལ་ལོ༔ དམ་ཉམས་སྲོག་གཅོད་མངའ་གསོལ་ལོ༔ འཇིགས་བྱེད་ཆེན་པོ་མངའ་གསོལ་ལོ༔ མ་གཅིག་ལྷ་མོ་མངའ་གསོལ་ལོ༔ ཟ་བྱེད་ཆེན་མོ་མངའ་གསོལ་ལོ༔ དབུགས་ལེན་བཅུ་དྲུག་མངའ་གསོལ་ལོ༔ ཕྱོགས་བཅུའི་མགོན་པོ་མངའ་གསོལ་ལོ༔ དྲེགས་པ་དོན་གཉིས་མངའ་གསོལ་ལོ༔ དྲེགས་པ་རྣམ་གསུམ་མངའ་གསོལ་ལོ༔ མ་བདུན་སྲིང་བཞི་མངའ་གསོལ་ལོ༔ འབར་དུས་ལྷ་མོ་མངའ་གསོལ་ལོ༔ དམག་གི་རྒྱལ་མོ་མངའ་གསོལ་ལོ༔ དབང་ཕྱུག་ཉེར་བརྒྱད་མངའ་གསོལ་ལོ༔ བརྟན་མ་བཅུ་གཉིས་མངའ་གསོལ་ལོ༔ སྤྲུལ་པ་ཡང་སྤྲུལ་མངའ་གསོལ་ལོ༔ བྱ་རོག་མཚན་ཅན་མངའ་གསོལ་ལོ༔ སྐུ་ལྔ་མགོན་པོ་མངའ་གསོལ་ལོ༔ བྱ་སེང་ཡུམ་གསུམ་མངའ་


CMR036_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་ལོ༔ ནག་པོ་སྟོང་ལ་མངའ་གསོལ་ལོ༔ ཤ་ཟ་འབུམ་ལ་མངའ་གསོལ་ལོ༔ མ་མོ་བྱེ་བ་མངའ་གསོལ་ལོ༔ གནོད་སྦྱིན་ཁྲི་ལ་མངའ་གསོལ་ལོ༔ དུད་སོལ་ལྷ་མོ་མངའ་གསོལ་ལོ༔ སྙིང་འཕྲོག་མ་གསུམ་མངའ་གསོལ་ལོ༔ མ་མོ་བརྒྱད་ལ་མངའ་གསོལ་ལོ༔ ཕྲ་མེན་མ་བརྒྱད་མངའ་གསོལ་ལོ༔ མྱུར་མཛད་མགོན་པོ་མངའ་གསོལ་ལོ༔ མགོན་དཀར་ཡིད་བཞིན་མངའ་གསོལ་ལོ༔ རེ་མ་ཏི་ལ་མངའ་གསོལ་ལོ༔ གནོད་སྦྱིན་བཞི་ལ་མངའ་གསོལ་ལོ༔ མ་ནིང་སྡེ་ལྔ་མངའ་གསོལ་ལོ༔ སྲོག་བདུད་ཡབ་ཡུམ་མངའ་གསོལ་ལོ༔ ཡང་འཁོར་བརྒྱད་པོ་མངའ་གསོལ་ལོ༔ སྲིན་མགོན་ཡབ་ཡུམ་མངའ་གསོལ་ལོ༔ གཉན་མགོན་ཡབ་ཡུམ་མངའ་གསོལ་ལོ༔ དབང་ཕྱུག་ཡབ་ཡུམ་མངའ་གསོལ་ལོ༔ སེང་གདོང་ཡབ་ཡུམ་མངའ་གསོལ་ལོ༔ བམ་རོ་ཕོ་མོ་མངའ་གསོལ་ལོ༔ དྲེགས་པ་སྡེ་བརྒྱད་མངའ་གསོལ་ལོ༔ དུར་ཁྲོད་བདག་པོ་མངའ་གསོལ་ལོ༔ དུར་ཁྲོད་བདག་མོ་མངའ་གསོལ་ལོ༔ ངན་ནེ་མ་ལ་མངའ་གསོལ་ལོ༔ བྲག་ལྷ་མགོན་པོ་མངའ་གསོལ་ལོ༔ ལས་མཁན་མདུང་འཛིན་མངའ་གསོལ་ལོ༔ ཨེ་ཀ་ཙ་ཏི་མངའ་


CMR036_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་ལོ༔ རྒྱལ་ཆེན་རྣམ་སྲས་མངའ་གསོལ་ལོ༔ མདུང་དམར་ཅན་ལ་མངའ་གསོལ་ལོ༔ ནོར་ལྷ་མཆེད་བརྒྱད་མངའ་གསོལ་ལོ༔ ཛམ་ལྷ་རིགས་དགུ་མངའ་གསོལ་ལོ༔ ཚོགས་ཀྱི་བདག་པོ་མངའ་གསོལ་ལོ༔ རེ་མན་ཡང་མངའ་གསོལ་ལོ༔ དམ་ཅན་རྒྱ་མཚོ་མངའ་གསོལ་ལོ༔ གསོལ་དང་མཆོད་པའི་བྱིན་རླབས་ཀྱིས་བསམ་པ་བསྒྲུབས་ལ་རེ་བ་སྐོངས༔ བར་དུ་གཅོད་པ་མཐའ་དག་སོལ༔ དངོས་གྲུབ་མ་ལུས་ཀུན་སྩོལ་ཅིག༔ ཅེས་ཕུལ་ལོ༔ ཡང་དམར་གཅིག་གཏོར་བཀྱག་ལ༔ ཕྱི་ནང་གསང་བའི་མཆོད་པ་དང་༔ བྱ་ནག་ཁྱི་ནག་དོམ་དྲེད་དང་༔ བསང་ཕུད་སྤྱན་གཟིགས་སྣ་ཚོགས་ཀྱིས༔ སྔགས་བདག་ཤན་པ་གཟའ་མཆོག་དང་༔ དམར་ནག་དམ་ཅན་ལ་སོགས་པའི༔ སྲུང་མ་རྒྱ་མཚོ་འཁོར་བཅས་བརྔན༔ ༈ གཏོར་མ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་གྱུར་པ་དང་༔ གཞན་ཡང་རྟེན་རྫས་སྒྲུབ་རྫས་བསྐང་རྫས་འདོད་པའི་ཡོན་ཏན་ཡྻ དཔག་ཏུ་མེད་པས་ནམ་མཁའི་ཁམས་གང་བར་གྱུར༔ ཨོཾ་ཨཱཿཧཱུྃ། ཞེས་བྱིན་གྱིས་བརླབས་ལ། ཧཱུྃ༔ རྡོ་རྗེ་འཛིན་པའི་དམ་ཚིག་ཅན༔ རྡོ་རྗེ་ལེགས་པ་འདིར་གཤེགས་ཤིག༔


CMR036_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

མགར་བ་ནག་པོ་འདིར་གཤེགས་ཤིག༔ དམག་དཔོན་ཆེན་པོ་འདིར་གཤེགས་ཤིག༔ ཚོང་དཔོན་ཆེན་པོ་འདིར་གཤེགས་ཤིག༔ འཁོར་དུ་གནས་པའི་གིང་ཆེན་བཞི༔ དམ་ཅན་ཐུགས་ཀྱི་དགྱེས་སྡེ་མོ༔ གངས་དཀར་རྡོ་རྗེ་དཔལ་གྱི་ཡུམ༔ གཞན་ཡང་ཁ་རག་ཁྱུང་བཙུན་སོགས༔ བོད་ཁམས་སྐྱོང་བའི་བརྟན་མ་རྣམས༔ ཁྱོད་ཀྱི་འཁོར་དང་གཡོག་ཡིན་པས༔ འདིར་གཤེགས་མངའ་གསོལ་མཆོད་པ་བཞེས༔ ལྷ་བཙན་བདུད་ཀྱི་དགེ་བསྙེན་ཏེ༔ སུམ་བརྒྱ་དྲུག་ཅུ་བཅས་པ་རྣམས༔ ཕོ་ཉ་གཅན་གཟན་གདུག་པའི་ཚོགས༔ ཟ་བྱེད་མཆེ་བ་ཅན་རྣམས་ཀུན༔ འདིར་གཤེགས་མངའ་གསོལ་མཆོད་པ་བཞེསཿ ཕྱི་ནང་གསང་བའི་དམ་རྫས་དང་༔ འདོད་ཡོན་མཆོད་པ་གཏོར་མ་དང་༔ རཀྟ་དམར་གྱི་ཨགྷཾ་དང་༔ བདུད་རྩི་སྨན་དང་རིན་ཆེན་འབྲུ༔ སྙིང་པོ་ལྔ་དང་དར་ཚོན་ལྔ༔ གསུར་ཆེན་སྤོས་དང་གསེར་སྐྱེམས་བཅས༔ རོལ་མོ་སིལ་སྙན་སྒྲ་དབྱངས་ཀྱིས༔ རྡོ་རྗེ་ལེགས་པ་མངའ་གསོལ་ལོ༔ གིང་ཆེན་སྡེ་བཞི་མངའ་གསོལ་ལོ༔ བརྟན་མ་བཅུ་གཉིས་མངའ་གསོལ་ལོ༔ མཆེད་ཟླ་སུམ་བརྒྱ་དྲུག་ཅུ་དང་༔ གཞན་ཡང་སྤྲུལ་


CMR036_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་སྤྲུལ་ཚོགས༔ དམ་ཅན་འཁོར་དུ་གནས་པ་ཡི༔ ཕོ་ཉ་གཅན་གཟན་བྱ་ཁྲིའི་ཚོགས༔ ཟ་བྱེད་ཚོགས་རྣམས་མངའ་གསོལ་ལོ༔ སྐྱེས་བུ་ལུང་བཙན་མངའ་གསོལ་ལོ༔ སྲིང་གཅིག་ཆེན་མོ་མངའ་གསོལ་ལོ༔ རྡོ་རྗེ་གཡུ་སྒྲོན་མངའ་གསོལ་ལོ༔ གཡུ་སྒྲོན་མཆེད་ལྔ་མངའ་གསོལ་ལོ༔ སྨན་ཕྲན་འབུམ་ལ་མངའ་གསོལ་ལོ༔ དྲང་སྲོང་ཆེན་པོ་མངའ་གསོལ་ལོ༔ གཟའ་ཆེན་བརྒྱད་པོ་མངའ་གསོལ་ལོ༔ གདོང་མོ་མཆེད་བཞི་མངའ་གསོལ་ལོ༔ ཤན་པ་དམར་ནག་མངའ་གསོལ་ལོ༔ གསོད་བྱེད་དམར་མོ་མངའ་གསོལ་ལོ༔ ཕྱོགས་མཚམས་སྡེ་བརྒྱད་མངའ་གསོལ་ལོ༔ བཙན་རྒོད་བེག་རྩེ་མངའ་གསོལ་ལོ༔ འབར་བ་སྤྱན་བདུན་མངའ་གསོལ་ལོ༔ རོལ་པ་སྐྱ་བདུན་མངའ་གསོལ་ལོ༔ ཚེ་རིང་མཆེད་ལྔ་མངའ་གསོལ་ལོ༔ ཨ་ཕྱི་མཆེད་ལྔ་མངའ་གསོལ་ལོ༔ སྤུ་གྲི་མཆེད་གསུམ་མངའ་གསོལ་ལོ༔ སྔགས་ཀྱི་བདག་པོ་མངའ་གསོལ་ལོ༔ གཞོན་གླུ་ནུ་གཏུམ་པོ་མངའ་གསོལ་ལོ༔ རྡོ་རྗེ་རྒྱལ་པོ་མངའ་གསོལ་ལོ༔ དགེ་བསྙེན་སྨྱོ་ཁ་མངའ་གསོལ་ལོ༔ མཁའ་རི་ལྕམ་དྲལ་མངའ་གསོལ་ལོ༔ སྤྲུག་གི་བཙན་རྒོད་མངའ་


CMR036_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་ལོ༔ སྡེ་དཔོན་སུམ་ཅུ་མངའ་གསོལ་ལོ༔ དྲེགས་ཆེན་བཅོ་བརྒྱད་མངའ་གསོལ་ལོ༔ དྲེགས་པ་ཉི་ཤུ་མངའ་གསོལ་ལོ༔ དགེ་བསྙེན་ཉེར་གཅིག་མངའ་གསོལ་ལོ༔ གསོལ་དང་མཆོད་པ་ལ་བརྟེན་ནས༔ སྔོན་གྱི་དམ་ཚིག་གཉེན་པོ་ལྟར༔ དཀོན་མཆོག་གསུམ་གྱི་བསྟན་པ་སྲུངས༔ བདག་དང་དཔོན་སློབ་འཁོར་བཅས་ལ༔ མི་ལ་ན་ཚ་མ་བཏང་ཞིག༔ ཕྱུགས་ལ་གོད་ཁ་མ་བཏང་ཞིག༔ ཞིང་ལ་བཙའ་སད་མ་བཏང་ཞིག༔ ཕྱི་མའི་མུ་མཐར་ཐུག་གི་བར༔ བསམ་པ་སྒྲུབས་ལ་རེ་བ་སྐོངས༔ བར་དུ་གཅོད་པ་མཐའ་དག་སོལ༔ དངོས་གྲུབ་མ་ལུས་ཀུན་སྩོལ་ཅིག༔ ཅེས་ཕུལ་ལོ༔ བརྔན་བཤོས་གཙོ་བོ་བཀྱག་ལ༔ ན་བཟའ་ལྷབ་ལྷུབ་དར་དང་ནི༔ རྒྱན་ཆའི་མཆོད་པ་སྣ་ཚོགས་ཀྱིས་ལྷ་ཡི་དབང་པོ་བརྒྱ་བྱིན་བརྔན༔ ཚངས་པ་གསེར་གྱི་ཕྱེ་མས་བརྔན༔ རྒྱལ་ཆེན་སྡེ་བཞི་སྟག་གིས་བརྔན༔ ལྷ་རྣམས་འདོད་ཡོན་ལྔ་ཡིས་བརྔན༔ ལྷ་མོ་མེ་ཏོག་ཕྲེང་བས་བརྔན༔ ཀླུ་རྣམས་དཀར་གསུམ་གཏོར་མས་བརྔན༔ གཉན་རྣམས་མངར་གསུམ་དར་ཟབ་བདྲེན༔ ས་བདག་གསེར་དངུལ་རིན་ཆེན་བརྔན༔ ལྷ་མོ་བརྟན་མ་བུམ་པས་


CMR036_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

བརྔན༔ དྲི་ཟ་དྲི་དང་གསུར་གྱི་བརྔན༔ གཤིན་རྗེ་ཤ་ཡི་གཏོར་མས་བརྔན༔ ལྟོ་འཕྱེ་གྲུམ་བུམ་མིའམ་ཅི༔ མཁའ་ལྡིང་མཆོད་སྦྱིན་གཏོར་མས་བརྔན། གནོད་སྦྱིན་རླུང་ལྷ་དྲང་སྲོང་རྣམས༔ གསེར་དངུལ་སྦ་དང་སྨྱུག་མས་བརྔན༔ དགེ་བསྙེན་ཤ་དང་ཆང་གིས་བརྔན༔ ལྷ་འདྲེ་ཡིད་ཀྱི་གཟུགས་ཅན་རྣམས༔ ཡིད་དང་མཐུན་པའི་གཏོར་མས་བརྔན༔ བཙན་རྣམས་བྱ་དང་རི་དྭགས་བརྔན༔ ཀླུ་བདུད་སྦྲུལ་དང་སྦལ་པས་བརྔན༔ ལན་ཆགས་མགྲོན་རྣམས་གཏོར་མས་བརྔན༔ སྡེ་བརྒྱད་དམ་སྲི་འབྱུང་པོ་རྣམས༔ སྐུ་གླུད་དར་ཟབ་གཏོར་མས་བརྔན༔ རྒྱ་མཚོ་ནང་གི་ཀླུ་ཆེན་བརྒྱད༔ ཀླུ་རྟ་རྒྱན་དང་བཅས་པས་བརྔན༔ བར་སྣང་གནས་པའི་གཟའ་ཆེན་བརྒྱད༔ ནས་ནག་བྲ་ནག་སྙིང་གིས་བརྔན༔ རྒྱུ་སྐར་ཉི་ཤུ་རྩ་བདུན་དང་༔ བློན་པོ་སུམ་ཅུ་རྩ་གཉིས་རྣམས༔ རིན་ཆེན་གསེར་དངུལ་ཕྱེ་མས་བརྔན༔ འཕྲོག་མ་མ་བུ་ལྔ་བརྒྱའི་ཚོགས་ཀླུ་ཆངས་བུ་དག་གི་གཏོར་མས་བརྔན༔ རིགས་ཀྱི་སྲུང་མ་ཐམས་ཅད་ལ༔ སོ་སོར་དགྱེས་པའི་གཏོར་མས་བརྔན༔ སྒོ་བཞི་སྲུང་མ་འཁོར་བཅས་རྣམས༔ རིན་ཆེན་དར་ཟབ་


CMR036_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མས་བརྔན༔ ལྷ་སྲུང་གཉེན་པོ་ཁྱེད་རྣམས་ཀྱིས༔ བདག་ཅག་ཡོན་མཆོད་འཁོར་བཅས་རྣམས༔ བསམ་པ་སྒྲུབས་ལ་རེ་བ་སྐོངས༔ འཁོར་སྲུང་རྐྱེན་བཟློག་བར་ཆད་སོལ༔ བདེ་ལེགས་ཕུན་སུམ་ཚོགས་པར་མཛོད༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ བྱང་ཆུབ་ཐུགས་སུ་ཆུད་པའི་ས༔ རྡོ་རྗེ་གདན་གྱི་ས་བདག་བརྔན༔ རྒྱ་གར་ཤར་ནུབ་རི་བོ་ཆེ༔ མ་མོ་མཁའ་འགྲོ་འདུ་བའི་གནས༔ རི་བོ་ཏ་ལའི་ས་བདག་བརྔན༔ རྡོ་རྗེ་གདན་གྱི་བྱང་ཕྱོགས་ན༔ བྱ་རྒོད་ཕུང་པོའི་རི་བོ་ནི༔ ས་བདག་གཉན་པོ་ཐམས་ཅད་བརྔན༔ ཙཱ་རི་ཙཱ་ཁང་ལ་སོགས་པའི༔ རྒྱ་གར་ཤར་ཕྱོགས་ཡུལ་རྣམས་ཀྱིས༔ ས་བདག་གཉན་པོ་འཁོར་བཅས་བརྔན༔ བསིལ་བ་ཚལ་གྱི་དུར་ཁྲོད་དང་རྔམ་པ་སྒྲ་སྒྲོགས་ཚང་ཚིང་འཁྲིགས༔ ཧ་ཧར་རྒོད་པ་ལ་སོགས་པའི༔ དུར་ཁྲོད་བརྒྱད་ཀྱི་ས་བདག་བརྔན༔ རྒྱལ་པོའི་ཁབ་དང་ཡངས་པ་ཅན༔ མཉན་ཡོད་གནས་ལ་སོགས་པ་ཡི༔ གྲོང་ཁྱེར་ཡུལ་འཁོར་ཐམས་ཅད་ཀྱི༔ ས་བདག་གཉན་པོ་ཐམས་ཅད་བརྔན༔ གཞན་ཡང་ཁ་ཆེ་ཨོ་རྒྱན་ཡུལ༔ ལི་ཡུལ་བལ་ཡུལ་ལ་སོགས་པའི༔ ས་བདག་གཉན་


CMR036_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཐམས་ཅད་བརྔན༔ འཇིག་རྟེན་གསུམ་ན་མནྡཱ་ར༔ འབིག་བྱེད་ལ་སོགས་འཛམ་གླིང་རི༔ ས་བདག་གཉན་པོ་ཐམས་ཅད་བརྔན༔ མ་དྲོས་ལ་སོགས་མཚོ་རྣམས་དང༔ གང་པཀྵ་སིནྡྲ་སོགས༔ ཆུ་ཆེན་རྣམས་ལ་གནས་པ་བརྔན༔ ཏི་སེ་གངས་རི་ལ་སོགས་པའི༔ མགུལ་ལྷ་གཉན་པོ་ཐམས་ཅད་བརྔན༔ མ་དྲོས་ཀླུ་ལ་སོགས་པ་སྟེ༔ ས་བདག་ཀླུ་གཉན་ཐམས་ཅད་བརྔན་རི་བོ་གནྡྷོ་ལ་སོགས་པའི༔ ལི་ཡི་ས་བདག་ཐམས་ཅད་བརྔན༔་previous hit གཙང next hit་ལྷ་སྨུག་པོ་ལ་སོགས་པ༔ སོག་ཡུལ་གཞི་ཀྱི་བདག་གཉན་རྣམས་བརྔན༔ གཞན་ཡང་གྲུ་གུ་ཞང་ཞུང་ཡུལ༔ གར་ལོགས་ལ་སོགས་མཐའ་འཁོབ་ཡུལ༔ གཞི་བདག་གཉན་པོ་ཐམས་ཅད་བརྔན༔ རྒྱ་གར་རྒྱ་ནག་ཧོར་དང་འཇང་༔ བལ་ཡུལ་ལི་ཡུལ་ལ་སོགས་པའི༔ གཞི་བདག་གཉན་པོ་ཐམས་ཅད་བརྔན༔ བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི༔ འཁོར་སྲུང་རྐྱེན་ཟློག་བར་ཆད་སོལ༔ ཀླུ་བསམ་པ་སྒྲུབས་ལ་རེ་བ་སྐོངས༔ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད༔ དེའི་རྩེ་མོ་ཕུལ༔ བརྟན་མའི་བཤོས་བུ་བཀྱག་ལ༔ ཧཱུྃ༔ ཡུལ་ནི་རྡོ་རྗེ་བྲག་དམར་ན༔ སྲིང་གཅིག་


CMR036_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

གངས་དཀར་ཤ་མེད་མ༔ ཆིབས་སུ་དྲེལ་རྟ་རྐང་གསུམ་ཆིབས༔ བཤོས་བུ་སྙིང་དང་གཏོར་མས་བརྔནུ༔ ཡུལ་ནི་རྨ་གཉན་སྤོམ་ར་ཡི༔ སྲིང་གཅིག་ཁ་རག་ཁྱུང་བཙུན་མ༔ ཆིབས་སུ་གྱི་ལིང་ཁ་དཀར་ཆིབས༔ བཤོས་བུ་སྙིང་དང་གཏོར་མས་བརྔན༔ ཡུལ་ནི་དབུ་རུ་སྙིང་ཚལ་གྱི༔ སྲིང་གཅིག་རྡོ་རྗེ་གཡུ་སྒྲོན་མ༔ ཆིབས་སུ་ཆུ་རྟ་སྔོན་པོ་ཆིབས༔ བཤོས་བུ་སྙིང་དང་གཏོར་མས་བརྔན༔ ཡུལ་ནི་མ་ཧཱ་དེ་ཝ་ཡི༔ སྲིང་གཅིག་རྡོ་རྗེ་ཀུན་གྲགས་མ༔ ཆིབས་སུ་ཆུ་གླང་སྔོན་པོ་ཆིབས༔ བཤོས་བུ་སྙིང་དང་གཏོར་མས་བརྔན༔ ཡུལ་ནི་ལྷོ་ཡུལ་དེ་སྙིང་ན༔ སྲིང་གཅིག་སྐྱི་འཐིང་ཡ་མ་སྐྱོང་༔ ཆིབས་སུ་གསེར་ཤ་ཡུ་མོ་ཆིབས༔ བཤོས་བུ་སྙིང་དང་གཏོར་མས་བརྔན༔ ཡུལ་ནི་སྔ་ཕྱི་དེ་གྲོང་ན༔ སྲིང་གཅིག་ཨུག་ཆོས་གཡའ་མོ་བསིལ༔ ཆིབས་སུ་རུས་སྦལ་མགོ་དགུ་ཆིབས༔ བཤོས་བུ་སྙིང་དང་གཏོར་མས་བརྔན༔ ཡུལ་ནི་བལ་ཡུལ་གསེར་ཕུག་གི་ཨེ་ཀ་ཙ་ཏི་རལ་གཅིག་མ༔ ཆིབས་སུ་གཡུ་འབྲུག་སྔོན་མོ་ཆིབས༔ བཤོས་བུ་སྙིང་དང་གཏོར་མས་བརྔན༔ ཡུལ་ནི་ན་ལེན་ཤིང་ལེན་ན༔ བཙན་ལ་རོལ་པའི་སྨན་གཅིག་པ༔ ཆིབས་སུ་


CMR036_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

དྲེལ་རྟ་རྐང་གསུམ་ཆིབས༔ བཤོས་བུ་སྙིང་དང་གཏོར་མས་བརྔན༔ ཡུལ་ནི་རྐང་ཡུལ་རྐང་ཕུག་ན༔ གངས་ཀྱི་ཡུམ་ཆེན་གཡུ་བུན་མ༔ ཆིབས་སུ་སྟག་མོ་རི་བཀྲ་ཆིབས༔ བཤོས་བུ་སྙིང་དང་གཏོར་མས་བརྔན༔ ཡུལ་ནི་མང་ཡུལ་མང་ཏིང་ན༔ ཆེ་ཞེས་གཙུག་གི་འོད་འཆང་མ༔ ཆིབས་སུ་འབྲོང་བུ་དར་མ་ཆིབས༔ བཤོས་བུ་སྙིང་དང་གཏོར་མས་བརྔན༔ ཡུལ་ནི་དབུ་རུ་སྙིང་པོ་ཡི༔ བྱང་གི་མ་ཏིང་ཏིང་མོ་བཙུན༔ ཆིབས་སུ་འབྲོང་ཆེན་འགྱིང་བ་ཆིབས༔ བཤོས་བུ་སྙིང་དང་གཏོར་མས་བརྔན༔ ཡུལ་ནི་སྒྲུབ་ཡུལ་ཀ་ཚལ་གྱིས༔ ལྡང་ལྷ་བཙན་པོ་གདུག་པ་འདུལ༔ ཆིབས་སུ་དོམ་བུ་སྙིང་ཀར་ཆིབས༔ བཤོས་བུ་སྙིང་དང་གཏོར་མས་བརྔན༔ བརྟན་མ་ཆེན་མོ་ཁྱེད་རྣམས་ཀྱིས༔ བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི༔ བསམ་པ་སྒྲུབས་ལ་རེ་བ་སྐོངས༔ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད༔ ཅེས་འབུལ་ལོ༔ དེ་ནས་དཀར་གཏོར་བྱ་དཀར་ཅན་བཀྱག་ལ༔ ཧཱུྃ༔ བོད་ཡུལ་ཀུན་གྱི་གཞི་བདག་ནི༔ ཆེ་དགུ་གཉན་དགུ་ཐམས་ཅད་བརྔན༔ རྡོ་རྗེ་ལེགས་པ་ལ་སོགས་པའི༔ previous hit གཙང next hit་གི་གཡས་རུ་ཉིན་སྲིབ་ཀྱིས༔


CMR036_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་བདག་གཉན་པོ་ཐམས་ཅད་བརྔན༔ ཐང་ལྷ་བར་ལྷ་ལ་སོགས་པའི༔ དབུས་རུ་ཉིན་སྲིབ་གཞི་བདག་བརྔན༔ ཤམ་པོ་གངས་བཟང་ལ་སོགས་པའི༔ གཡོན་རུ་ཉིན་སྲིབ་གཞི་བདག་བརྔན༔ ཡར་འབྲོག་གཡུ་མཚོ་ཕྱུག་མོ་བརྔན་བྱང་གི་ན་མཚོ་ཕྱུག་མོ་བརྔན་སྟེང་གི་ལྷ་རྒོད་མདུང་རྩེ་བརྔན༔ འོད་དེ་གུང་རྒྱལ་ལ་སོགས་པའི༔ ཉང་པོ་འོལ་ཁའི་གཞི་བདག་བརྔན༔ སྒམ་པོ་དཔལ་རི་ལ་སོགས་པའི༔ དྭགས་པོའི་གཞི་བདག་གཉན་པོ་བརྔན༔ ཀོང་བཙུན་དེ་མོ་ལ་སོགས་པའི༔ ཀོང་པོའི་གཞི་བདག་གཉན་པོ་བརྔན༔ རྡོ་རྗེ་བྲག་སྐྱེས་ལ་སོགས་པའི༔ མོན་ཡུལ་རྡོ་དང་གློ་རྣམས་ཀྱིས༔ གཞི་བདག་གཉན་པོ་ཐམས་ཅད་བརྔན༔ ཡག་ལ་སེ་བོ་ལ་སོགས་པའི༔ སོག་གི་གཞི་བདག་ཐམས་ཅད་བརྔན༔ སྐུ་ལྷ་མཁའ་རི་ལ་སོགས་པའི༔ ལྷོ་བྲག་ཡུལ་གྱི་གཞི་བདག་བརྔན༔ ནག་པོ་རྨ་རྒྱུད་དགེ་བསྙེན་དང་༔ ཨ་ལ་སྟོད་ཀྱི་གཞི་བདག་བརྔན༔ རྫུ་ཡི་ཉིན་སྲིབ་ས་བདག་དང་གཞི་བདག་གཉན་པོ་ཐམས་ཅད་བརྔན༔ ལྷོ་ཡི་རོང་ལྷ་རྒྱལ་མཚན་དང་༔ རོང་བཙན་ཁ་བ་དཀར་པོ་དང་༔ དབང་ལྷ་མོ་ནམ་མཆེད་བརྒྱད་དང་༔


CMR036_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

དམག་དཔོན་དགྲ་འདུལ་དབང་ཕྱུག་དང་༔ སྨུག་རི་མོ་ནོམ་ལ་སོགས་པའི༔ ཚ་བ་སྒང་གི་གཞི་བདག་བརྔན༔ སྐམ་གྱི་མཐོང་ལྷ་རྨོད་ཞུ་དང་༔ གཟེ་ཡི་རྔ་མོང་ག་པ་དང་༔ ལྕི་ཡི་བྲག་ལ་མདའ་ཟུག་དང་༔ ཟླ་སྙིང་དཀར་ནག་སུམ་མདོ་དང་༔ རྩི་ཡི་དཔའ་རྒོད་མཐོན་པོ་དང་༔ རྒྱམ་རྒྱལ་གངས་དཀར་མཆེད་བརྒྱད་དང་༔ ཟླ་ཡི་གཞི་བདག་ཐམས་ཅད་བརྔན༔ ཀླུ་ཡི་མི་མགོན་དཀར་པོ་སོགས༔ སྨར་ཁམས་སྒང་གི་གཞི་བདག་བརྔན༔ ལྷ་ཡི་དགེ་བསྙེན་ཆེན་པོ་ས༔ སྐྱོགས་ཆེན་གདོང་ར་ལ་སོགས་པའི༔ འབྲི་ལུང་ཉིན་སྲིབ་གཞི་བདག་བརྔན༔ འདན་གྱི་བེར་རྩེ་མེ་དགུ་དང་༔ གེར་མཛོ་རི་བོ་དབང་ཞུ་དང་༔ འཚམས་ལྔའི་གཞི་བདག་གཉན་རྣམས་བརྔན༔ བཛྲ་བྲམ་ཟེ་ལ་སོགས་པའི༔ བུ་འབོར་སྒང་གི་གཞི་བདག་བརྔན༔ བཞག་ར་ལྷ་རྩེ་ལ་སོགས་པའི༔ རབ་སྒང་ས་བདག་ཐམས་ཅད་བརྔན༔ ཤར་གྱི་རྨ་གཉན་སྤོ་ར་ནི༔ རྨ་རིགས་སུམ་བརྒྱ་དྲུག་ཅུའི་མཆེད༔ སྲིད་ལྕམ་བཞི་བཅུ་རྩ་ལྔར་བཅས༔ རྨ་ཆུ་ཉིན་སྲིབ་གཞི་བདག་བརྔན༔ ཝེར་ཕུག་ཡི་ནི་དུག་མཚོ་དང་༔ སྟོང་ར་ཡི་ནི་མཚོ་ནག་དང་༔ དཱའུ་ཚྭ་


CMR036_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་དཀར་མོ་དང་༔ ཁྲི་ཤོར་རྒྱལ་མོའི་མཚོ་དང་ནི༔ previous hit གཙང next hit་ཁ་ཡི་ནི་མཚོ་སྔོན་དང་༔ མཚོ་སྨན་རྒྱལ་མོ་མཆེད་ལྔ་བརྔན༔ དགེ་རི་གཉན་པོ་ལ་སོགས་པའི༔ previous hit གཙང next hit་ཁའི་གཞི་བདག་ཐམས་ཅད་བརྔན༔ བྷ་དང་བྱ་རོག་ཧ་ལ་ཤན༔ གྷ་དང་བྱང་ངོ་བརྔན༔ གྷ་དང་བཙན་རྒོད་ལ་སོགས་པའི༔ གནས་རི་གནས་དམར་ས་བདག་བརྔན༔ རྨ་ལུང་དན་ཏིག་ལ་སོགས་པའི༔ རྨ་ཡི་ཡུལ་གྱི་ས་བདག་བདྲེན༔ གཞོན་ནུ་དཀར་ཏི་ལ་སོགས་པའི༔ ཧྲ་ཡི་ཡུལ་གྱི་ས་བདག་བརྔན༔ གཞང་ནག་ལའོ་ཆེ་ལ་སོགས༔ གསེར་མོ་ཐང་གི་ས་བདག་བརྔན༔ སྤྱི་ཡི་མདུང་རི་མཐོན་པོ་དང་༔ སྤོ་ཏིའི་བྲག་དམར་སྒང་རྒྱུད་བརྔན༔ སྤོ་ཟེའི་ཤེལ་ལུང་ཕྱུག་མོ་བརྔན༔ གྲོལ་གྱི་མ་ལུང་གྲོལ་གསུམ་བརྔན༔ རྨ་གྲོལ་ར་གསུམ་གཞི་བདག་བརྔན༔ དགུ་མིག་དགུ་གསུམ་གཞི་བདག་བརྔན༔ བྲག་དམར་བྱ་རྒོད་ལ་སོགས་པའི༔ ཏི་ཆུའི་ས་བདག་ཀླུ་གཉན་བརྔན༔ ལྷ་སྲིན་གདུག་པ་མ་བྱེ་བའི༔ འོ་དེ་རོང་གསུམ་གཞི་བདག་བཛན༔ ཤིན་ཏུ་ཁྲོ་གཏུམ་ཆེ་བ་ཡི༔ རྒྱལ་མོ་རང་གི་གཞི་བདག་བརྔན༔ འཇང་རི་སྨུག་པོ་ལ་སོགས་པའི༔


CMR036_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

འཇང་ཡུལ་གཞི་བདག་ཐམས་ཅད་བརྔན༔ ཅོག་ལྷ་མཚལ་རྩེ་ལ་སོགས་པའི༔ ཧོར་ཡུལ་གཞི་བདག་ཐམས་ཅད་བརྔན༔ རི་བོ་རྩེ་ལྔ་ལ་སོགས་པའི༔ རྒྱ་ནག་ཡུལ་གྱི་གཞི་བདག་བརྔན༔ ཤར་ཕྱོགས་བ་རེ་འོ་དེ་ཡི༔ ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་༔ ཆེ་དགུ་གཉན་དགུ་ཐམས་ཅད་བརྔན༔ བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི༔ རེ་བ་ཐམས་ཅད་བསྐང་བ་དང་༔ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད༔ ཧཱུྃ༔ གཞན་ཡང་སྟོང་གསུམ་འཛམ་གླིང་ཡུལ༔ ས་འོག་ས་སྟེང་ས་བླ་ཡི༔ གཞི་བདག་གཉན་པོ་ཐམས་ཅད་བརྔན༔ ས་ལ་གནས་པའི་ས་བདག་བརྔན༔ ཆུ་ལ་གནས་པའི་ཀླུ་རྣམས་བརྔན༔ བྲག་ལ་གནས་པའི་བཙན་རྣམས་བརྔན༔ བར་སྣང་གནས་པའི་ལྷ་རྣམས་བརྔན༔ ཡུལ་ལྷ་གཞི་བདག་གཉན་པོ་བརྔན༔ ལ་ལ་གནས་པའི་བཙན་རྣམས་བརྔན༔ འཕྲང་ལ་གནས་པའི་གཞི་བདག་བརྔན༔ གྲུ་ཟམ་གནས་པའི་གཞི་བདག་བརྔན༔ ལམ་ལ་གནས་པའི་གཞི་བདག་བརྔན༔ གཞི་བདག་གཉན་པོ་ཁྱེད་རྣམས་ཀྱིས༔ མཐུ་སྟོབས་རྫུ་འཕྲུལ་སོ་སོར་ཕྱེས༔ དཔལ་དང་འབྱོར་པ་སོ་སོར་ཕྱེས༔ མངའ་


CMR036_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

རིས་མངའ་ཐང་སོ་སོར་ཕྱེས༔ མཛད་པ་ཕྲིན་ལས་སོ་སོར་ཕྱེས༔ མཆོད་པའི་འོས་སུ་སོ་སོར་ཕྱེས༔ དེ་བས་གཞི་བདག་གཉན་རྣམས་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས། འབུལ༔ འདོད་པའི་དོན་ལ་གསོལ་འདེབས་ཀྱི༔ སྔོན་གྱི་ཐུགས་དམ་བརྩེར་དགོངས་ལ༔ དགྱེས་པའི་མཆོད་པ་བཞེས་ནས་སུ༔་བདག་གིས་རེ་བ་བསྐང་དུ་གསོལ༔ བརྔན་འོས་ཁྱེད་རྣམས་བརྔན་པ་ཡིས༔ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད༔ ཅེས་ཕུལ་ལོ༔ ཡང་དཀར་གཏོར་གཅིག་བཀྱག་ལ༔ ཧཱུྃ༔ གཞན་ཡང་བསང་ཞིང་བརྔན་པ་ནི༔ སྐུ་རྒྱལ་ཤེ་ནེ་འཁོར་བཅས་བརྔན༔ སྐྱེས་བུ་ངོམ་རྒྱལ་འཁོར་བཅས་བརྔན༔ སྨོས་སྐྱེས་གང་ཞུར་མཆེད་གསུམ་བརྔན༔ དམག་དཔོན་དབྱི་རྒྱལ་འཁོར་བཅས་བརྔན༔ ཛོ་རྒྱལ་རེ་ཏི་འཁོར་བཅས་བརྔན༔ ཀླུ་རྒྱལ་སྤོ་ཏོ་འཁོར་བཅས་བརྔན༔ གོ་རྒྱལ་ལྕམ་དྲལ་འཁོར་བཅས་བརྔན༔ གཏམ་རྒྱལ་དབྱི་དོ་དགེ་བསྙེན་བརྔན༔ འབོ་རང་རྡོ་རྗེ་བདུད་འདུལ་བརྔན༔ ཡུལ་འདིའི་གཞི་བདག་ཐམས་ཅད་བརྔན༔ ཧཱུྃ༔ གཞན་ཡང་བརྔན་པར་འོས་པའི་མགྲོན༔ མིང་དང་མཚན་ནས་མ་ཐོས་པའི༔ བླ་མ་ཡི་དམ་མཁའ་འགྲོ་དང་༔


CMR036_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་མ་དམ་ཅན་རྒྱ་མཚོ་དང་༔ ལྷ་དང་སྲུང་མ་ཐམས་ཅད་དང་༔ ཡུལ་ལྷ་ནོར་ལྷ་ཞང་ལྷ་དང་༔ ལམ་ལྷ་གཉན་པོ་ཐམས་ཅད་དང་༔ གཞན་ཡང་དུས་གསུམ་ཕ་མ་དང་༔ ཁམས་གསུམ་རིགས་དྲུག་ཐམས་ཅད་བརྔན༔ ཡི་དྭགས་རྣམས་དང་བགེགས་རྣམས་དང་༔ ལན་ཆགས་སྙིང་རྗེའི་མགྲོན་རྣམས་བརྔན༔ རྒྱལ་ཕམ་མེད་པར་ཐོབ་ནས་ཀྱང་༔ ཡིད་ལ་རེ་བ་རྫོགས་པར་ཤོག༔ ཧཱུྃ༔ དེ་ལྟར་མགྲོན་རིགས་ཐམས་ཅད་ཀྱིས༔ མངའ་རིས་སྤྱན་ལམ་སོ་སོ་རུ༔ མཆོད་སྦྱིན་དམ་པ་འདི་བསྔོས་པས༔ ལོངས་སྤྱོད་ནམ་མཁའི་མཛོད་བཞིན་དུ༔ གང་ལ་ཅི་འདོད་ཐོབ་པར་ཤོག༔ མགྲོན་རྣམས་བརྔན་པའི་བྱིན་རླབས་ཀྱིས༔ བདག་གིས་དོན་རྣམས་འགྲུབ་པར་ཤོག༔ སྔོན་ཚེ་སློབ་དཔོན་པདྨ་ཡི༔ རྒྱལ་བརྔན་ཆེན་པོ་འདི་མཛད་པས༔ གཙུག་ལག་འགྲུབ་ཅིང་མཐའ་དམག་ཟློག༔ རྗེ་ཡི་དགོངས་པ་འགྲུབ་པ་ལྟར༔ བདག་གི་དོན་ལ་བསྔགས་པ་ཡི༔ བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི༔ འཁོར་སྲུང་རྐྱེན་ཟློག་བར་ཆད་སོལ༔ ཚེ་བསྲིང་དཔལ་དང་འབྱོར་བ་སྤེལ༔ སྙན་པ་སྒྲུབ་ལ་གྲགས་པ་སྒྲོགས༔ རྟག་ཏུ་


CMR036_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

འགོ་ཞིང་སྡོང་གྲོགས་མཛོད༔ མགྲོན་ལམ་བདེ་ཞིང་འཇིགས་པ་མེད༔ ལམ་འཕྲང་བདེ་བར་བགྲོད་པ་དང་༔ རྙེད་པ་ཆེན་པོ་ཐོབ་པར་ཤོག༔ གཞི་བྱེས་ཀུན་ཏུ་བཀྲ་ཤིས་ཤོག༔ ལྷ་དང་སྲུང་མ་ཐམས་ཅད་ཀྱང་༔ དགེ་ཞིང་ཞི་བའི་ལས་མཛོད་ལ༔ དམ་ཆོས་རིན་ཆེན་སྤྱོད་པར་ཤོག༔ ཀུན་ཀྱང་རྒྱལ་བའི་བཀའ་ལ་ཉོན༔ སྡིག་པ་ཅི་ཡང་མི་བྱ་ཞིང་༔ དགེ་བ་ཕུན་སུམ་ཚོགས་པར་སྤྱད༔ རང་གི་སེམས་ནི་ཡོངས་སུ་འདུལ༔ འདི་ནི་སངས་རྒྱས་བསྟན་པ་ཡིན༔ ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ༔ དག་ཅིང་གསལ་ལ་རྙོག་པ་མེད༔ བཟུང་དུ་མེད་ཅིང་བརྗོད་དུ་མེད༔ རྒྱུ་དང་ལས་ལས་ཀུན་ཏུ་འབྱུང་༔ དེ་ལྟར་ཆོས་རྣམ་ཤེས་གྱིས་ལ༔ སེམས་ཅན་དོན་ལ་མཉམ་མེད་བྱོས༔ འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེ་དེ་ལྟར་ཆོས་དང་ཟང་ཟིང་གི༔ སྦྱིན་པས་ཚོགས་ཆེན་ཀུན་རྫོགས་ཏེ༔ ཐམས་ཅད་མཁྱེན་པར་སངས་རྒྱས་ཤོག༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ༔ གཞན་དོན་ནུས་པ་མཐར་ཕྱིན་ནས༔ བྱིན་རླབས་དངོས་གྲུབ་རིན་ཆེན་གཏེར༔ ཀུན་བཟང་ཡེ་ཤེས་ཐོབ་པར་ཤོག༔ གནས་སྐབས་གནས་དང་ལམ་བགྲོད་དང་༔ རྩོད་དང་


CMR036_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

དམག་དང་དགྲ་འཐབ་ལས༔ བདག་ཅག་ཡོན་མཆོད་རྒྱལ་གྱུར་ཅིག༔ གང་འདོད་དོན་ཀུན་འགྲུབ་པར་ཤོག༔ མགྲོན་པོ་དག་ནི་དོན་གཉེར་ཞིང་༔ ཕྱོགས་རྣམས་སུ་ནི་འགྲོ་བ་ན༔ བདག་གི་དོན་ཀུན་འགྲུབ་པ་དང་༔ རྙེད་པ་ཆེན་པོ་ཐོབ་པར་ཤོག༔ ཕྱོགས་རྣམས་སྐྱོང་བའི་ལྷ་རྣམས་དང་༔ འཇིག་རྟེན་སྐྱོང་བའི་གྲགས་དང་ལྡན༔ བཀྲ་ཤིས་བདེ་ལེགས་བྱེད་པ་པོ༔ སྐྱེ་དགུ་ཀུན་གྱིས་སྲུངས་བར་ཤོག༔ ཅེས་ཕུལ་ལོ༔ དེ་ནས་ཡང་དཀར་གཏོར་གཅིག་བཀྱག་ལ་གནམ་ཆོས་དཀར་གཏོར་གྱིས་ཕུལ་ལོ༔ འདོད་གསོལ། ཀྱཻ། བསང་དང་མཆོད་པ་སོགས་སྨོན་ལམ་དང་ཁུ་ཡེ་བྱ། རྗེས་ཆོག་ནི། ཨོཾ་ཛྙཱ་ན་སརྦ་ཏ་ཐཱ་ག་ཏ་ཨཧཱུྃ་པྲ་ཏིཙྪ་སྭཱ་ཧཱ། སོགས། ཤབྟ་པྲ་ཏིཙྪསྭཱ་ཧཱ། བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱིས་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམས་ཀུན་ཏུ། །མཆོག་ཏུ་དད་པས་བསྟོད་པར་བགྱི། །མགྲོན་རྣམས་ཀུན་གྱི་སྤྱན་ལམ་དུ། །བདག་གིས་སྤྱི་མཆོད་སྦྱིན་བསག་པ་ལས། །འགལ་འཁྲུལ་ནོངས་པ་ཅི་མཆིས་དང་། །ཐམས་ཅད་མ་ལུས་བཟོད་པར་གསོལ། །གཙོ་བོ་ནུས་པ་མ་མཆིས་པས། །དེ་ཕྱིར་མ་རྙེད་མ་ཚང་


CMR036_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

བ། །འདིར་ནི་བྱ་མིན་གང་བྱས་པ། །དེ་དག་ཐམས་ཅད་བཟོད་པར་གསོལ། །མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་བསྩལ་བ། །དེ་ཀུན་མགོན་པོས་བཟོད་མཛོད་ཅིག །ཅེས་བརྗོད་ལ་ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་ངོ།། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཡེ་ཤེས་པ་འཁོར་བཅས་བཛྲ་མུ། །དམ་ཚིག་པ་བདག་ལ་ཐིམ་པར་གྱུར། མཆོད་སྦྱིན་གནས་འདིར་གང་ལྷགས་པ། །འབྱུང་པོ་ས་འོག་རྒྱུ་བ་དང་། །གང་ཡང་ས་སྟེང་འཁོད་པ་དང་། །ས་བླར་རྒྱུ་བ་གང་ཡིན་པ། །མགུ་བར་གྱིས་ལ་རང་གནས་སུ། །ཐམས་ཅད་ཐམས་ཅད་འགྲོ་བར་གྱིས། །སརྦ་བྷུ་ཏ་གཙྪཿ བཀྲ་ཤིས་ནི། སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །བླ་མེད་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །མི་འགྱུར་ལྷུན་པོ་སྐུ་ཡི་བཀྲ་ཤིས་ཤོག །ཡན་ལག་དྲུག་ཅུ་གསུང་གི་བཀྲ་ཤིས་ཤོག །


CMR036_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་བྲལ་འཁྲུལ་མེད་ཐུགས་ཀྱི་བཀྲ་ཤིས་ཤོག །རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག །གནས་འདིར་ཉིན་མོ་བདེ་ལེགས་མཚན་བདེ་ལེགས།ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །བདག་གཞན་དུས་གསུམ་དགེ་བ་ཅི་བསགས་པ། །ནམ་མཁའི་མཐའ་ཀླས་གྱུར་པའི་སེམས་ཅན་རྣམས། །བླ་མེད་ཐེག་པ་ཆེན་པོའི་སྒོར་ཞུགས་ནས། །ཀུན་ཀྱང་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག །ཅེས་བསང་གོང་འོག་གི་ཆིངས་འདི་ནི། བསང་མཆོད་རབ་ཏུ་མང་པོ་ལ་གོམས་ཤིང་འདྲེས་པར་བྱས་པ། ཤཱཀྱའི་བསྟན་པ་ལ་ཚངས་པར་སྤྱོད་པ་ལ་ཁས་ཆེས་པ། དགེ་སློང་ཨ་རཱ་གས་སྦྱར་བ་འདིས་ཀྱང་འགྲོ་བ་མཐའ་དག་མི་གནས་པའི་མྱ་ངན་ལས་འདས་པ་ཆེན་པོའི་དབྱིངས་སུ་འགོད་ནུས་པར་གྱུར་ཅིག །མངྒ་ལཾ། །བཀྲ་ཤིས་ཤོག། །།


CMR036_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཞི་བརྔན་བསང་གསུམ་གྱི་ཆོ་ག་ཕྱོགས་གཅིག་ཏུ་བསྡུས་ཏེ་ཁྱེར་བདེ་བར་བྱས་པ་མགྲོན་རིགས་ཚིམ་བྱེད་ཡིད་བཞིན་རེ་བཀང་སྨན་སྤོས་བདུད་རྩིའི་སྤྲིན་སྤུངས།next