Nitartha Digital Library
Tibetan
རིག་འཛིན་གྲུབ་པའི་དབང་ཕྱུག་སྟོབས་ལྡན་རྟ་ཁྱུང་རོལ་པའི་རྡོ་རྗེའི་གསུང་ཆོས་སྐོར།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
  
 
  
ནང་སྒྲུབ་རིག་འཛིན་ཐུགས་ཐིག
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousནང་སྒྲུབ་རིག་འཛིན་ཐུགས་ཐིག next

ནང་སྒྲུབ་རིག་འཛིན་ཐུགས་ཐིག

དག་སྣང་དགོངས་པའི་བརྡ་སྒྲོམ་ལསཿ ནང་སྒྲུབ་རིག་འཛིན་ཐུགས་ཐིག་བཞུགསཿ

ཧཱུྃ་ཧྲཱིཿ དམིགས་མེད་སྟོང་གསལ་ཆེན་པོའི་གདངསཿ ནམ་མཁས་གར་ཁྱབ་པདྨ་འོདཿ རྩལ་སྣང་ལྷུན་གྲུབ་གཞལ་མེད་དབུསཿ སྣ་ཚོགས་པདྨ་ཉི་ཟླའི་སྟེངཿ ཧཱུྃ་ལས་སྐད་ཅིག་དྲན་རྫོགས་སུཿ བདག་ཉིད་སངས་རྒྱས་པདྨ་འབྱུངཿ གནས་གསུམ་རྩ་གསུམ་དཀྱིལ་འཁོར་རྫོགསཿ དབྱིངས་ནས་ཡེ་ཤེས་སྤྱན་དྲངས་བསྟིམཿ ཐུགས་ཀློང་ཉི་ཟླའི་གའུའི་སྦུབསཿ རྩལ་སྣང་ཧཱུྃ་ལ་སྔགས་ཀྱིས་བསྐོརཿ འཁོར་གསུམ་དམིགས་མེད་ཆོས་སྐུའི་ངངཿ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ ས་མ་ཡཱཿ རྟེན་སྙིང་ཡི་གེ་བརྒྱ་པ་བཟླཿ རིག་འཛིན་ཐུགས་ཀྱི་ཡང་སྙིང་འདིཿ འབུམ་ཐེར་བཅུ་གཉིས་སམ་བཅུ་བཞི་བཟླ་ནུས་ནཿ ནམ་ཞིག་ཚེ་འདི་དུས་བྱས་ཚེཿ ལྷོ་ནུབ་རྔ་ཡབ་དཔལ་གྱི་རིཿ ཐེ་ཚོམ་མེད་དོ་ས་མ་ཡཱཿ ༢ དག་སྣང་ལསཿ རིག་འཛིན་ཚོགས་མཆོད་བསྡུས་པ་བཞུགསཿ རྡོ་རྗེའི་ཚིག་བདུན་སྤྱན་འདྲེན་ཚར་གཅིག་བརྗོད་ལཿ ཨོཾ་ཨཱཿཧཱུྃཿ ཧཱུྃཿ དོན་གྱི་འོག་མིན་བརྡལ་ཁྱབ་ནསཿ དང་པོའི་སངས་རྒྱས་ཀུན་ཏུ་བཟངཿ རྒྱལ་བ་རིགས་ལྔ་ཡབ་ཡུམ་སོགསཿ འགྲོ་འདུལ་པད་འབྱུང་ཡབ་ཡུམ་གཙོཿ རྒྱ་གར་གྲུབ་ཆེན་བརྒྱད་ཅུ་དངཿ བོད་ཀྱི་རྗེ་འབངས་ཉེར་ལྔ་སོགསཿ རྩ་གསུམ་དཔའ་བོ་ཆོས་སྐྱོང་འཁོརཿ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལཿ ཨོཾ་ཨཱཿཧཱུྃ་དང་ཧ་ཧོ་ཧྲཱིཿ ཅུང་ཟད་མཉམ་པར་བཞག་ལཿ ཧཱུྃཿ ཁྱད་པར་རིག་འཛིན་ཐུགས་ཐིག་དངཿ རང་ལུས་རྒྱལ་བའི་དཀྱིལ་འཁོར་ལཿ འདོད་ཡོན་བཟའ་བཏུང་ཚོགས་མཆོད་འབུལཿ མཆོག་ཐུན་དངོས་གྲུབ་བསྐང་བའི་ཕྱིརཿ དམ་ཚིག་ཉམས་ཆགས་མཐོལ་ལོ་བཤགསཿ གཟུང་འཛིན་རྟོག་པ་ཐད་ཀར་སྒྲོལཿ བདེ་སྟོང་མཉམ་ཉིད་ཆེན་པོ་ཡིསཿ ཨ་ལ་ལ་ཧོ་དགྱེས་པར་རོལཿ ཅེས་གྲངས་མང་བཟླའོཿ ཧོཿ གསང་སྔགས་དཀྱིལ་འཁོར་སྒོར་ཞུགས་འདིརཿ སྦྱིན་བདག་ལམ་གྱི་ཚོགས་རྫོགས་ནསཿ བཟའ་བཏུང་སྲེད་པ་རང་སར་གྲོལཿ བླ་མེད་མཆོག་གི་ས་ཐོབ་ཤོགཿ ས་མ་ཡཱཿ ཨཱཿ རིག་འཛིན་ཐུགས་ཐིག་འདུས་པ་ཡིཿ ལྷག་མཐོང་དཀྱིལ་འཁོར་ཆོས་སྐུར་བསྡུཿ སྣང་ཆའི་རྗེས་ཐོབ་སྤྲུལ་སྐུར་སྤྱོདཿ ཡེ་ཤེས་དབྱིངས་སུ་བཛྲ་མུཾཿ ན་མོཿ རིག་འཛིན་འདུས་པའི་བྱིན་རླབས་དངཿ དཀོན་མཆོག་གསུམ་གྱི་བདེན་པ་དངཿ རྩ་གསུམ་བསྲུང་མའི་ལྷར་སྣང་བཅསཿ དམིགས་མེད་ཆོས་སྐུའི་བཀྲ་ཤིས་ཤོགཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ གཏད་རྒྱཿ གཏེར་རྒྱཿ སྦས་རྒྱཿ གུ་ཧྱཿ བརྡ་ཐིམཿ ཨེ་མཿ མ་འོངས་དུས་ཀྱི་ཐ་མ་ནཿ གདུལ་བྱའི་བསོད་ནམས་རྒུད་པའི་ཚེཿ རིག་འཛིན་ཐུགས་ཀྱི་སྒྲུབ་པ་ལཿ ཉམས་སུ་བླང་ནུས་གང་ཟག་འདིཿ དེ་འབྲེལ་རྔ་ཡབ་དཔལ་རི་ལཿ སྐྱེ་བ་གཅིག་གམ་གསུམ་མཐའ་ནསཿ མི་བསླུ་ངེས་པ་པདྨའི་བཀའཿ ཐེ་ཚོམ་མེད་དོ་ས་མ་ཡཱཿ རྒྱ་རྒྱ་རྒྱཿ བརྡ་ཐིམཿ ཅེས་པ་ས་ཕོ་སྤྲེལ་གྱི་ལོ་ལ་མ་དང་མཁའ་འགྲོའི་ཡང་ཞུན་འདི་ནི་འགྲོ་འདུལ་བདེ་མཆོག་གླིང་པས་དག་པར་ཕབ་པའོཿ


previousནང་སྒྲུབ་རིག་འཛིན་ཐུགས་ཐིག next