Nitartha Digital Library
Tibetan
རྙིང་མ་རྒྱུད་འབུམ་པོད་ཉེར་དྲུག་པ། ལ༽

102 occurrences of གཙང་
[Clear Hits]


102  collapse section
10   
79   
 
  
རྒྱུད་ཀྱི་བཞུགས་བྱང་དཀར་ཆག་དངོས་ལེགས་པར་བཤད་པའི་སྐབས།
 


102 occurrences of གཙང་
[Clear Hits]

 
previousརྒྱུད་ཀྱི་བཞུགས་བྱང་དཀར་ཆག་དངོས་ལེགས་པར་བཤད་པའི་སྐབས།next

རྒྱུད་ཀྱི་བཞུགས་བྱང་དཀར་ཆག་དངོས་ལེགས་པར་བཤད་པའི་སྐབས།


DNG026_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

པྲ ཡོ བི དི ཏ བ སྟོ སྟ ནྟྲ ཏ ཏྭ། མུ པཱ ཡ པ ཐི མུ གྱཻ རྦེ ད ཏ ནྟྲ། ཀྲྀ ད ནྟ ག ཏ དེ ཧ ཛྙཱ ན ཏ ནྟྲ། སྭ བེ དྱ ཏ བི དི ཏྭཱ ྅ བྷེ ད ན ཏྭཱ།
གང་ཞིག་རྟོགས་པ་དེ་ཁོ་ན་ཉིད་གཞི་ཡི་རྒྱུད། །གང་གིས་རྟོགས་བྱེད་ཐབས་གྲོལ་བྱེད་སྩོལ་ལམ་གྱི་རྒྱུད། །གང་དུ་ཅི་ཆིབ་སྐུ་དང་ཡེ་ཤེས་འབྲས་བུའི་རྒྱུད། །རང་རིག་ངོ་བོར་དབྱེར་མེད་ཤེས་པས་རབ་བཏུད་ནས། །


DNG026_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ཀུན་ཏུ་བདེ་བ་མ་ལུས་རྒྱལ་བའི་བསྟན་ལས་བྱུང་། །དེ་དག་ཐོས་བསམ་བསྒོམ་པ་ལས་བྱུང་དེ་ཉིད་ཀྱང་། །མིང་ཚིག་ཡི་གེའི་ལུང་གི་དམ་ཆོས་ལས་བྱུང་ཕྱིར། །སྟོན་ཟླ་ལྟ་བུའི་མི་བདག་བློ་གྲོས་དེ་རྗེས་སོང་། །སྙིང་རྗེའི་འོ་མཚོར་ཁྲུས་ལ་ཞུགས་པའི་ཞལ། །སྟོན་མཚན་ཟླ་རྒྱས་ལྟ་བུར་རབ་ངོམ་ཞིང་། །སྡུག་བསྔལ་མཚོ་ལས་འགྲོ་བ་གདོན་པའི་ཕྱག །རིང་པོར་རྐྱོང་ལ་རྨ་མེད་འཕགས་རྣམས་ཀྱིས། །རབ་གསུང་མང་པོའི་མཆོད་སྦྱིན་འདོད་འཇོའི་གཟུགས། །རྣམ་པ་ཀུན་ལྡན་གསེར་གྱི་མཆོད་སྡོང་ཆེ། །འདི་ན་སྐྱེ་དགུའི་བསོད་ནམས་བགོ་སྐལ་དུ། །འབད་པ་མེད་པར་ལྷུན་གྱིས་གྲུབ་པར་མཐོང་། །སྐལ་བ་དགེ་བའི་ངང་ཚུལ་རྒྱ་མཚོའི་སྤྲིན། །ས་བླའི་ལམ་ལས་འདས་པར་འཕེལ་བ་ཡི། །མི་འཛད་བདུད་རྩིའི་ཆར་ཆེན་འདི་འབེབས་ཀྱིས། །མྱང་འདོད་སྐྱེ་བོའི་ཚོགས་རྣམས་ད་འདུས་ཤིག། ད་ནི་ཡོ་ག་སྡེ་གསུམ་གྱི་རྒྱུད་སྡེའི་རིམ་པ་དེང་སང་གངས་རིའི་ཁྲོད་དུ་གཙོ་ཆེ་བ་དཔེ་ལུང་གཉི་གའི་རྒྱུན་ཇི་ཙམ་སྙེད་པའི་བཞུཊ་བྱང་དཀར་ཆག་དངོས་འགོད་པ་ལ་ཉང་དང་ཆོས་དབང་རྡོ་རྗེ་གླིང་པའི་ཟབ་གཏེར་ལས་བྱོན་པའི་རྒྱུད་ཀྱང་ཇི་སྙེད་ཅིག་བཞུགས་མོད་ཀྱི། འདིར་ནི་བཀའ་བརྒྱད་དང་། དགོངས་འདུས་ཀྱི་གཏེར་རྒྱུད་རྣམས་གཏེར་མའི་སྒྲུབ་སྡེའི་གཙོ་བོར་མཐོང་ནས་བཀོད་ལ་རྫོགས་ཆེན་གྱི་གཏེར་རྒྱུད་རྣམས་ཀྱང་། རགས་བསྡུས་ཙམ་བཀོད་པ་རང་རང་གི་སྐབས་སུ་གསལ་བ་ལྟར་ཡིན། གཏེར་རྒྱུད་མཐའ་དག་པ་ནི་འདིར་བཀོད་པས་མི་ལང་ཞིང་ལུང་གི་རྒྱུན་ཀྱང་ཡོངས་སུ་རྫོགས་པ་བཞུགས་པར་དཀའ། རྒྱུད་སོ་སོ་གང་དུ་གཏོགས་ཀྱི་ངོས་འཛིན་སྤྱིར་རྫོགས་ཆེན་དུ་མ་ཟད། ཡོ་ག་གསུམ་གའི་སྐབས་སློབ་དཔོན་སོ་སོའི་བཞེད་ཚུལ་མི་འདྲ་ཞིང་། རྫོགས་ཆེན་རང་ལའང་སྡེ་གསུམ་བཞེད་དགོངས་མི་མཐུན་པའི་རྣམ་གྲངས་མང་བ་འདུག་པ་དོན་ལ་མི་འགལ་ཡང་། གནས་སྐབས་སུ་དགོངས་པ་འགྲེལ་ཚུལ་མི་གཅིག་པ་མཐའ་དག་དགོངས་ཕྱོགས་གཅིག་ཏུ་སྒྲིག་པར་རྔོ་མི་ཐོགས་ཤིང་། གཙོ་བོ་ཀུན་མཁྱེན་ཆོས་རྗེའི་གསུང་རབ་རྣམས་དང་


DNG026_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་ཆེན་རཏྣ་གླིང་པ། མངའ་རིས་པཎ་ཆེན་རིན་པོ་ཆེ་སྐུ་མཆེད་སོགས་ཀྱི་དགོངས་པ་ཀུན་མཁྱེན་ལྔ་པ་ཆེན་པོས་བཞེད་པ་ལྟར་འདིར་བཀོད་ཅིང་། དེའང་དཔེ་རྒྱུན་གཅིག་ཏུ་ཐམས་ཅད་མ་ཚང་བས། གོ་རིམ་ལྟར་སྟབས་གཅིག་ཏུ་སྒྲིག་མ་ཐུབ་ཀྱང་ས་ཁོངས་མི་སྟོངས་པའི་ཆེད་འདིར་འདི་འཛུད་ཅེས་བྲིས་ཤིང་། ཡོ་ག་གསུམ་གའི་རྒྱུད་ཀྱི་དཔེ་མ་ཚང་བ་སླར་རིམ་གྱིས་འབྱོར་པ་རྣམས་གཤམ་དུ་མ་ཚང་ཁ་སྐོང་དུ་བཀོད། གཞན་རྣམས་གོ་རིམ་གང་འགྲིགས་སུ་བྲིས་པ་ལ། དང་པོ་ཨ་ཏི་ཡོ་ག་ལ། ཡང་ཏིའི་སྐོར། སྤྱི་ཏིའི་སྐོར། མན་ངག་གི་སྡེའི་སྐོར། ཀློང་སྡེའི་སྐོར། སེམས་སྡེའི་སྐོར་དང་ལྔ་ལས་དང་པོ། ཀ་པ་ལ། གུ་རུ་ཆོས་ཀྱི་དབང་ཕྱུག་གིས་སྤྱན་དྲངས་པའི་ཡང་ཏི་རྫོགས་པ་ཆེན་པོ། སངས་རྒྱས་མཉམ་སྦྱོར་གྱི་ཆོས་སྡེར་བཞུགས་པའི་མ་རྒྱུད་སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལེའུ་བརྒྱ་དང་ཉི་ཤུ་རྩ་གསུམ་པ་དཔལ་ཨོ་རྒྱན་ཆེན་པོས་སྒྲ་རང་འགྱུར་དུ་མཛད་པ། རྒྱུད་ཐམས་ཅད་ཀྱི་རྩེ་རྒྱལ་ནམ་མཁའ་འབར་བའི་རྒྱུད་ལེའུ་སོ་དགུ་པ་ཤྲཱི་བཛྲ་གྱིས་བཤད་ཅིང་དཔལ་ཧེ་རུ་ཀས་བསྒྱུར་བ། རྒྱུད་ཐམས་ཅད་ཀྱི་སྤྱི་ཕུད་ཉི་ཟླ་བཀོད་པ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལེའུ་བཅོ་ལྔ་པ་རྒྱ་གར་གྱི་སློབ་དཔོན་པདྨ་འབྱུང་གནས་དང་། ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པ། ནམ་མཁའ་འབྲུག་སྒྲོག་ཐོག་བབ་ཀློང་འདུས་སྤྱི་རྒྱལ་རྒྱ་མདུད་ཀྱི་རྒྱུད་ལེའུ་བཅུ་པ། སློབ་དཔོན་པདྨ་དང་། སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་ནས་ཁྲི་སྲོང་ལྡེའུ་བཙན་ལ་གདམས་པ། ལྟ་བ་ལ་ཤན་རིན་ཆེན་སྒྲོན་མ་ལེའུ་བཅུ་བཞི་པ། ལོ་པཎ་དེ་ཉིད་ཀྱིས་བསྒྱུར་བ། རྩ་རླུང་ཐིག་ལེའི་རྒྱུད་ལེའུ་བདུན་པ་འཇམ་དཔལ་འདུས་པའི་རྒྱུད་ལས་བཏུས་པ། རྩ་རླུང་གི་རྩ་བ་ཞེས་པ་རྫོགས་སོའི་མཐའ་ཅན། སྲོག་གི་འཁོར་ལོའི་རྒྱུད་རྣམས་འགྱུར་བྱང་མ་འཁོད་པ། བརྒྱུད་པ་གསུམ་པ་ལྟ་བ་ལ་ཐལ་གྱི་རྒྱུད། སྣང་བྱེད་སྤུ་གྲིའི་རྒྱུད། ཀུན་ཏུ་བཟང་པོ་སྲོག་གི་ཐིགས་པ་འབྲས་བུ་ཡེ་གྲོལ་ཆེན་པོའི་རྒྱུད། ཐིག་ལེ་མཐོང་བརྡོལ་ཡང་ཏི་ནག་པོའི་རྒྱུད་རྣམས་འགྱུར་བྱང་མ་འཁོད་པ། རྒྱུད་ཀྱི་རྩེ་


DNG026_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཉི་ཟླ་འོད་འབར་མཁའ་ཀློང་རྣམ་དག་རྒྱ་མཚོ་ཀློང་གསལ་གྱི་རྒྱུད་ལེའུ་ཉེར་བཞི་པ་སློབ་དཔོན་པདྨ་དང་། སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་བ་མངའ་བདག་ཉང་དང་སྙེ་མོ་ཞུ་ཡས་ཀྱིས་གཏེར་ནས་བཏོན་པ། རྡོ་རྗེ་སེམས་དཔའ་ཡི་གེ་བརྒྱ་པ་དབང་མཆོག་རྒྱལ་པོའི་རྒྱུད་ལེའུ་ཉེར་གཅིག་པ་འགྱུར་བྱང་མ་འཁོད་པ། རྡོ་རྗེ་སེམས་དཔའ་ཡི་གེ་བརྒྱ་པ་དབང་མཆོག་རྒྱལ་པོའི་རྒྱུད་ཕྱི་མ་ལེའུ་ཉེར་བརྒྱད་པ། སློབ་དཔོན་པདྨ་ཀ་ར་དང་། ལོ་ཙཱ་བ་ནམ་མཁའི་སྙིང་པོས་བསྒྱུར་བ། རྡོ་རྗེ་སེམས་དཔའ་ཡི་གེ་བརྒྱ་པ་ཐུགས་ཕྲིན་ལས་ཐམས་ཅད་ཀྱི་དམ་ཚིག་གི་རྒྱུད། ལེའུ་ཉེར་བདུན་པ་ལོ་པཎ་དེ་ཉིད་ཀྱིས་བསྒྱུར་བ། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལེའུ་བརྒྱད་ཅུ་གཅིག་པ་རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། བོད་ཀྱི་ལོ་ཙཱ་བ་ཨཱ་ཙརྱ་དྲན་པ་ཡེ་ཤེས་ཀྱིས་བསྒྱུར་བ། རྫོགས་པ་ཆེན་པོ་རིན་པོ་ཆེ་འཁོར་བ་རྩད་གཅོད་ཀྱི་རྒྱུད་ལེའུ་བདུན་པ་འགྱུར་བྱང་མ་འཁོད་པ། རྫོགས་པ་ཆེན་པོ་འཁོར་བ་རྩད་ནས་གཅོད་པ་ཆོས་སྐུ་རིག་པའི་རྒྱུད། ལེའུ་ཉི་ཤུ་བཞི་པ་རྒྱ་གར་གྱི་མཁན་པོ་བི་མ་ལ་དང་དྲན་པ་ཡེ་ཤེས་ཀྱིས་བསྒྱུར་བ། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ནམ་མཁའ་ཀློང་ཡངས་ཀྱི་རྒྱུད། ལེའུ་ང་གསུམ་པ། ལོ་པཎ་དེ་ཉིད་ཀྱིས་བསྒྱུར་བ། རྫོགས་པ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན་རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད། ལེའུ་དྲུག་ཅུ་ལྔ་པ། ལོ་པཎ་དེ་ཉིད་ཀྱིས་བསྒྱུར་བ། རྫོགས་པ་ཆེན་པོ་ཤིན་ཏུ་རྣལ་འབྱོར་སངས་རྒྱས་ཐམས་ཅད་འབྱུང་བའི་རྒྱུད་ཡེ་ཤེས་ཆོས་ཀྱི་སྐུ་དོན་འདུས་རིག་པའི་གསུང་ལེའུ་དྲུག་ཅུ་རྩ་བདུན་པ་ལོ་པཎ་དེ་ཉིད་ཀྱིས་བསྒྱུར་བ། རྫོགས་པ་ཆེན་པོ་ངེས་དོན་འདུས་པའི་ཡང་སྙིང་ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་རིན་པོ་ཆེ་གསེར་གྱི་ཡང་ཞུན་ཞེས་བྱ་བ་ལེའུ་སོ་བདུན་པ་ལོ་པཎ་དེ་ཉིད་ཀྱིས་བསྒྱུར་བ། ཁ་པ་ལ། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལེའུ་ཉིས་བརྒྱ་བཅུ་གཉིས་པ་རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། བོད་ཀྱི་ལོ་ཙཱ་


DNG026_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

བ་གཉགས་ཛྙཱ་ན་ཀུ་མཱ་ར་དྲན་པ་ཡེ་ཤེས་ཀྱིས་ཞུས་ཏེ་གཏན་ལ་ཕབ་པ། རྫོགས་པ་ཆེན་པོ་ངེས་དོན་རིག་པའི་གསུང་རང་བྱུང་བདེ་བའི་འཁོར་ལོ་ལེའུ་སོ་གསུམ་པ་བི་མ་ལ་དང་གཉགས་ཀྱིས་བསྒྱུར་བ། རྫོགས་པ་ཆེན་པོ་མ་རིག་མུན་པ་རབ་ཏུ་སེལ་བར་བྱེད་པ་ལྟ་བ་ཡེ་ཤེས་གཏིང་ནས་རྫོཊ་པའི་རྒྱུད་ལེའུ་ཞེ་གཅིག་པ་རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། བོད་ཀྱི་ལོ་ཙཱ་བ་ཨཱ་ཙརྱ་དྲན་པ་ཡེ་ཤེས་ཀྱིས་བསྒྱུར་བ། རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོའི་རྒྱུད་ལེའུ་ཉི་ཤུ་བཞི་པ། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ལེའུ་བཅུ་གཉིས་པ། དེའི་རྒྱུད་ཕྱི་མ་ལེའུ་བཞི་པ་རྡོ་རྗེ་ཡང་དབང་གཏེར་གྱིས་བསྒྱུར་བ། དེའི་ཕྱི་མའི་ཡང་ཕྱི་མ་ལེའུ་བཞི་པ་ཤྲཱི་སིངྷ་དང་ཡང་དབང་གཏེར་གྱིས་བསྒྱུར་བ། ཡེ་ཤེས་འཁོར་ལོའི་རྒྱུད། ལེའུ་བདུན་པ།རྫོགས་པ་ཆེན་པོ་ཡེ་ཤེས་འཁོར་ལོ་གསང་བ་ཐུགས་ཀྱི་རྒྱུད་ལེའུ་བཅུ་དགུ་པ། འཇམ་དཔལ་འདུས་པའི་རྒྱུད་ལེའུ་བཅུ་དྲུག་པ། འཕགས་པ་སྤྱན་རས་གཟིགས་ཏིང་འཛིན་རྩེ་གཅིག་པའི་རྒྱུད་ལེའུ་བཅུ་གསུམ་པ་རྣམས་འགྱུར་བྱང་མ་འཁོད་པ། གཉིས་པ་རྫོགས་པ་ཆེན་པོ་སྤྱི་ཏིའི་སྐོར་ལ། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད། ལེའུ་བརྒྱ་རྩ་བརྒྱད་པ་སློབ་དཔོན་པདྨས་བཤད་པ། ཞུ་ཆེན་གྱི་ལོ་ཙཱ་བ་ཆེན་པོ་སྐ་བ་དཔལ་བརྩེགས་ཀྱིས་གཏན་ལ་ཕབ་པ། རིན་པོ་ཆེ་བཅུད་ཀྱི་ཡང་སྙིང་ཐོག་ཐ་དྲས་ཐག་གཅོད་པ་སྤྲོས་གཅོད་རྩ་བའི་རྒྱུད། ལེའུ་བཅུ་གཅིག་པ། སྤྲོས་པ་གཅོད་པ་སྡེ་ལྔའི་རྒྱུད་སློབ་དཔོན་གུ་རུ་པདྨ་སཾ་བྷ་བ་དང་། བོད་ཀྱི་ལོ་ཙཱ་བ་ཆེན་པོ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་བ། རིན་པོ་ཆེ་བདུད་རྩི་བཅུད་ཐིགས་ཀྱི་རྒྱུད། ལེའུ་བཅོ་ལྔ་པ་ལོ་པཎ་དེ་ཉིད་ཀྱིས་བསྒྱུར་བ། རིན་པོ་ཆེ་སྣང་གསལ་སྤུ་གྲི་འབར་བ་འཁྲུལ་སྣང་ཐམས་ཅད་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལེའུ་སོ་ལྔ་པ་རྒྱ་གར་གྱི་གུ་རུ་པདྨ་སཾ་བྷ་བ་དང་། བོད་ཀྱི་ལོ་ཙཱ་བ་ཆེན་པོ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་བ། རིན་པོ་ཆེ་སྤྱི་གནད་སྐྱོན་སེལ་ཐིག་ལེ་ཀུན་འདུས་ཀྱི་རྒྱུད་ལེའུ་བཅུ་པ། ལོ་པཎ་དེ་ཉིད་ཀྱིས་བསྒྱུར་བ། གཏེར་སྙིང་རིན་པོ་ཆེ་སྤུངས་པའི་རྒྱུད། ལེའུ་དགུ་པ་ལོ་པཎ་དེ་ཉིད་


DNG026_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བསྒྱུར་བ། ཐིག་ལེ་ཡེ་ཤེས་བཅུད་སྤུངས་སྒྲོན་མ་འོད་འབར་བའི་རྒྱུད། ལེའུ་བཅུ་བདུན་པ་ལོ་པཎ་དེ་ཉིད་ཀྱིས་བསྒྱུར་བ། བདུད་རྩི་བཅུད་ཐིགས་སྒྲོན་མ་བརྩེགས་པའི་རྒྱུད་ལེའུ་ཉེར་གཉིས་པ་ལོ་པཎ་དེ་ཉིད་ཀྱིས་བསྒྱུར་བ། སྙིང་པོ་བཅུད་སྤུངས་ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལེའུ་ཉི་ཤུ་པ་ལོ་པཎ་དེ་ཉིད་ཀྱིས་བསྒྱུར་བ། ཐུགས་ཀྱི་ཡང་སྙིང་དགོངས་པའི་བཅུད་འདུས་པ་བཀའ་བརྒྱུད་རྣམས་ཀྱི་གསང་དོན་བཅུད་དྲིལ་བ་མ་རིག་མུན་སེལ་ཉི་ཟླ་འབར་བའི་རྒྱུད།ལེའུ་བཅུ་གསུམ་པ་ལོ་པཎ་དེ་ཉིད་ཀྱིས་བསྒྱུར་བ། ག་པ་ལ། རི་བོ་བརྩེགས་པའི་རྒྱུད་ལེའུ་ཉེར་གཅིག་པ། དྲི་མེད་ཀ་དག་གི་རྒྱུད་རིན་པོ་ཆེ་གསལ་བ་ཆེན་པོ་ཞེས་བྱ་བ། ལེའུ་བཅུ་པ་གཉིས་འགྱུར་བྱང་མ་འཁོད་པ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ཉི་ཟླའི་སྙིང་པོ་འོད་འབར་བ་བདུད་རྩིའི་རྒྱ་མཚོ་འཁྱིལ་པའི་རྒྱུད་ལེའུ་གྱ་གཅིག་པ་ཨུ་རྒྱན་པདྨས་བཤད་ཅིང་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་བ། སྐྱེ་མེད་ཀ་དག་ཟང་ཀའི་རྒྱུད་ལེའུ་བཅུ་པ་འགྱུར་བྱང་མ་འཁོད་པ། གསུམ་པ་མན་ངག་སྡེའི་སྐོར་ལའང་། ཤིན་ཏུ་ཟབ་པ་ཡང་གསང་བླ་ན་མེད་པ། གསང་སྐོར། ཕྱི་སྐོར་ནང་སྐོར་གྱི་མན་ངག་སྡེ་དང་བཞི་ལས་དང་པོ་ནི། སྐུ་ཐམས་ཅད་ཀྱི་སྣང་བ་སྟོན་པ་དབང་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལེའུ་ཉེར་ལྔ་པ་རྫོགས་པ་རང་བྱུང་གི་རྒྱུད་དུམ་བུ་བཅུ་གཉིས་པ་རྫོགས་སོའི་མཐའ་ཅན། ཡི་གེ་མེད་པའི་རྒྱུད་ཆེན་པོ་ཞེས་བྱ་བ་རིན་པོ་ཆེ་རྒྱལ་མཚན་གྱི་རྒྱུད། རྒྱལ་པོའི་གདུང་བརྒྱུད། ལྟ་བ་ནམ་མཁའ་དང་མཉམ་པའི་རྒྱུད་ཆེན་པོ་ལེའུ་དྲུག་པ་རྣམས་འགྱུར་བྱང་མ་འཁོད་པ། རིག་པ་རང་ཤར་ཆེན་པོའི་རྒྱུད་ལེའུ་བརྒྱད་ཅུ་གྱ་དྲུག་པ་བི་མ་ལ་མི་ཏྲ་ཆེན་པོ་དང་། སྐ་ཅོག་གསུམ་གྱིས་དཔལ་བསམ་ཡས་སུ་གཏན་ལ་ཕབ་ནས་བསྒྱུར་བ། རིག་པ་རང་གྲོལ་ཆེན་པོའི་རྒྱུད་ལེའུ་བཅུ་པ། རིན་ཆེན་སྤུངས་པ་ཡོན་ཏན་ཆེན་པོ་སྟོན་པ་རྒྱུད་ཀྱི་རྒྱལ་པོ་ལེའུ་ལྔ་པ་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་བཅུད་ཕྱུང་བ་རྫོགས་སོའི་མཐའ་ཅན། རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། བོད་ཀྱི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་


DNG026_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པ། སྐུ་གདུང་འབར་བ་ཆེན་པོའི་རྒྱུད་ལེའུ་གསུམ་པ་ལོ་པཎ་དེ་ཉིད་ཀྱིས་བསྒྱུར་བ། སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད་ལེའུ་དྲུག་པ་རྫོགས་པ་ཆེན་པོ་ཤློ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ལས་ཁྱད་པར་དུ་བཀོད་པ་རྫོགས་སོའི་མཐའ་ཅན་འགྱུར་བྱང་མ་འཁོད་པ། ང་པ་ལ། བཀྲ་ཤིས་མཛེས་ལྡན་ཆེན་པོའི་རྒྱུད་ལེའུ་ལྔ་པ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་། ལེའུ་བརྒྱད་པ་མཁས་པ་ཆེན་པོ་བི་མ་ལ་མི་ཏྲས་སྒྲ་རང་འགྱུར་དུ་གསུངས་པ། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་གི་རྒྱུད། ལེའུ་བཞི་པ་འགྱུར་བྱང་མ་འཁོད་པ། ངོ་སྤྲོད་རིན་པོ་ཆེ་སྤྲས་པ་ཞིང་ཁམས་བསྟན་པའི་རྒྱུད་ལེའུ་གསུམ་པ་རྒྱ་གར་གྱི་མཁན་པོ་བི་མ་ལ་དང་བོད་ཀྱི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་བ། མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད་ལེའུ་བརྒྱད་པ་འགྱུར་བྱང་མ་འཁོད་པ། ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད་སྐབས་དྲུག་པ་འགྱུར་བྱང་མ་འཁོད་པ། གསེར་གྱི་མེ་ཏོག་མཛེས་པ་རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལེའུ་བཞི་པ། རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་བ། ཉི་མ་དང་ཟླ་བ་ཁ་སྦྱོར་བ་ཆེན་པོ་གསང་བའི་རྒྱུད་ལེའུ་བཞི་པ། སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ལེའུ་བཅུ་གསུམ་པ། ནོར་བུ་ཕྲ་བཀོད་རང་གི་དོན་ཐམས་ཅད་གསལ་བར་བྱེད་པའི་རྒྱུད་ལེའུ་བཅུ་བཞི་པ་རྣམས་འགྱུར་བྱང་མ་འཁོད་པ། སྐབས་འདིར་བཀའ་སྲུང་ཁྲོས་མ་ནག་མོའི་རྒྱུད་ནི་ཤིན་ཏུ་བཀའ་གཉན་ཅིང་དོགས་པས་གཞན་དུ་འགོད་དོ། །རྒྱུད་ཀྱི་ཁོག་སྙིང་སྡེབ་པ་གསལ་བའི་ལྡེ་མིག་ཅེས་བྱ་བ་གསང་བའི་ཐེམ་རྫོགས་སོ། །ཞེས་པའི་མཐའ་ཅན་འགྱུར་བྱང་མ་འཁོད་པ། གཉིས་པ་གསང་སྐོར་ལ། རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་དོན་འགྲེལ་ཐིག་ལེ་ཀུན་གསལ་ཆེན་པོའི་རྒྱུད་ལེའུ་གོ་བདུན་པ་རྒྱ་གར་གྱི་མཁན་པོ་དཔལ་ལྡན་སེང་གེའི་འོད་ཅན་དང་། བོད་ཀྱི་ལོ་ཙཱ་བ་བཻ་རོ་ཙ་ནས་བསྒྱུར་བ། ཡེ་ཤེས་མར་མེའི་རྒྱུད་ལེའུ་གསུམ་པ། སངས་རྒྱས་རྡོ་རྗེ་སེམས་དཔའི་དགོངས་པ་


DNG026_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་གསུམ་པའི་རྒྱུད་ལེའུ་གསུམ་པ། ཐིག་ལེ་ཀུན་འདུས་ཆེན་པོའི་རྒྱུད་ལེའུ་བཅུ་གཉིས་པ། སྐུའི་རྒྱུད་པདྨ་འཁྱིལ་པ་ལེའུ་ཉེར་གཅིག་པ་རྣམས་འགྱུར་བྱང་མ་འཁོད་པ། རྡོ་རྗེ་རྩེ་མོ་འདུས་པའི་རྒྱུད་ཅེས་བྱ་བ་ལེའུ་དང་པོའི་མཐའ་ཅན། རྡོ་རྗེ་རྩེ་མོ་འདུས་པའི་རྒྱུད་ལེའུ་གཉིས་པའི་མཐའ་ཅན། བྱང་ཆུབ་ཀྱི་སེམས་ཀྱི་མུན་པའི་སྒྲོན་མ་ཞེས་བྱ་བ་ལེའུ་གསུམ་པའི་མཐའ་ཅན། རིན་པོ་ཆེ་དྲ་བའི་མཛོད་ལེའུ་བཞི་པའི་མཐའ་ཅན། རིན་པོ་ཆེ་སྤྱི་བཅིངས་ཀྱི་མན་ངག་ལེའུ་ལྔ་པའི་མཐའ་ཅན། རྡོ་རྗེ་སེམས་དཔའ་རིན་པོ་ཆེའི་ཟ་མ་ཏོག་སྤྲས་པའི་མན་ངག་ལེའུ་དྲུག་པའི་མཐའ་ཅན། བྱང་ཆུབ་སེམས་ཐུགས་ཀྱི་ཉི་མ་ཞེས་བྱ་བ་ལེའུ་བདུན་པའི་མཐའ་ཅན།སངས་རྒྱས་ཐམས་ཅད་ཀྱི་རྒྱུད་ལྔ་གདམས་པར་བཞག་པ་ཞེས་བྱ་བ་ལེའུ་བཅུ་པའི་མཐའ་ཅན་རྣམས་སློབ་དཔོན་བི་མ་ལ་དང་། ལོ་ཙཱ་བ་སྐ་ཅོག་ཞང་གསུམ་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ཡེ་ཤེས་བླ་མ་ཆེན་པོའི་རྒྱུད་ལེའུ་བདུན་པ་ལོ་པཎ་དེ་དག་གིས་བསྒྱུར་བ། རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་རྒྱལ་མཚན་རྩེ་མོའི་རྒྱུད། ལེའུ་ལྔ་པ། རྫོགས་པ་ཆེན་པོ་ཐིག་ལེ་གསང་བ་དེ་ཁོ་ན་ཉིད་ངེས་པའི་རྒྱུད། ལེའུ་གྲངས་མེད་པ་གཉིས་འགྱུར་བྱང་མ་འཁོད་པ། རྡོ་རྗེ་སྲིན་པོ་རྣོ་བ་རྡོ་རྗེའི་མཆུ་ཅན་གྱི་རྒྱུད་ཅེས་བྱ་བ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་འཁོར་བ་དོང་སྤྲུགས་ཆེན་པོའི་རྒྱུད་ལེའུ་བདུན་པ་བི་མ་ལས་གདམས་སོའི་མཐའ་ཅན། གསུམ་པ་ཕྱི་སྐོར་ནང་སྐོར་གྱི་མན་ངག་སྡེ་ལ། རིན་པོ་ཆེ་སྲིད་པ་བར་མ་དོ་སྣང་བའི་རྒྱུད་ལེའུ་བཅུ་དྲུག་པ། ལྷ་མ་ཡིན་གཡུལ་ངོ་བཟློག་པའི་རྒྱུད་ལེའུ་སུམ་ཅུ་པ། རོ་སྲེག་ཐལ་བ་ནག་པོའི་རྒྱུད། ལེའུ་བཅུ་དྲུག་པ་རྣམས་འགྱུར་བྱང་མ་འཁོད་པ། ཅ་པ་ལ། ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལེའུ་སོ་གསུམ་པ་འགྱུར་བྱང་མ་འཁོད་པ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་བཤད་རྒྱུད་རིན་པོ་ཆེའི་ཕྲེང་བ། ལེའུ་དགུ་པ། པཎ་ཆེན་བི་མ་ལ་དང་གཉགས་ཛྙཱ་ན་ཀུ་མཱ་རས་བསྒྱུར་ཅིང་རྒྱལ་པོ་ལ་གཏད། དེས་ཉང་ཏིང་འཛིན་ལ་གཏད་པ། འཇམ་དཔལ་དགོངས་པ་འདུས་པ་གསང་སྔགས་ཆེན་པོའི་རྒྱུད་ལེའུ་དྲུག་པ་འགྱུར་བྱང་མ་འཁོད་པ། དུར་ཁྲོད་ཕུང་པོ་འབར་བ་མན་ངག་


DNG026_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྒྱུད་ལེའུ་བཅུ་གཅིག་པ་བི་མ་ལས་མངའ་བདག་ལ་གདམས་པ། རྡོ་རྗེ་ཡང་རྩེའི་རྒྱུད་ལེའུ་ཉེར་གཅིག་པ། རྡོ་རྗེ་ཡང་ཏོག་གི་རྒྱུད་ལེའུ་བཅོ་ལྔ་པ་པདྨ་འབྱུང་གནས་ཀྱིས་ནམ་མཁའི་སྙིང་པོ་ལ་གདམས་པ། སྙིང་པོ་རྡོ་རྗེ་རིན་པོ་ཆེ་ཐམས་ཅད་གཅིག་པའི་རྒྱུད་ལེའུ་ཉེར་གསུམ་པ་པདྨས་རྗེ་འབངས་གྲོགས་གསུམ་ལ་གདམས་པ། དམ་ཚིག་བཀོད་པ་ས་གཞིའི་རྒྱུད་རིན་པོ་ཆེ་སྤུངས་པའི་རྒྱན་ལེའུ་གསུམ་པ་རྫོགས་སོའི་མཐའ་ཅན། འབྱུང་པོ་ཀུན་འདུལ་གྱི་རྒྱུད་ལེའུ་སོ་གཉིས་པ་རྫོགས་སོའི་མཐའ་ཅན། ལྷ་རྒྱུད་དབང་རིན་པོ་ཆེ་འཁོར་ལོ་ལེའུ་བཅུ་གསུམ་པ་རྣམས་འགྱུར་བྱང་མ་འཁོད་པ། རྡོ་རྗེ་གསང་བ་ཆེན་པོ་སྐུ་རིན་པོ་ཆེ་དབྱིག་གི་སྒྲོན་མ་ཤེས་རབ་ཆེན་པོའི་མདོ་ལེ་མེད་གྲུ་གུ་སྨོན་སེང་ནས་བརྒྱུད་པ། བཞི་པ་ཀློང་སྡེའི་སྐོར་ལ། ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལེའུ་བཞི་བཅུ་རྩ་བརྒྱད་པ་འགྱུར་བྱང་མ་འཁོད་པ། ཀུན་ཏུ་བཟང་པོ་ནམ་མཁའ་ཆེ་རྩ་བ་བསྡུས་པའི་རྒྱུད་ལེའུ་བཅུ་བདུན་པ་རྒྱ་གར་གྱི་མཁས་པ་ཤྲཱི་སེང་ཧ་དང་། བོད་ཀྱི་བནྡི་བཻ་རོ་ཙ་ནས་བསྒྱུར་བ། བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་རིག་པ་རང་རྩལ་ཤར་བའི་རྒྱུད་ལེའུ་བཅུ་བཞི་པ་ལོ་པཎ་དེ་ཉིད་ཀྱིས་བསྒྱུར་བ། རིན་པོ་ཆེ་གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ཕྱི་མ། ལེའུ་བཅུ་དྲུག་པ། རིན་པོ་ཆེ་འཕགས་ལམ་བཀོད་པའི་རྒྱུད་ལེའུ་བཅུ་པ་གཉིས་འགྱུར་བྱང་མ་འཁོད་པ། རྡོ་རྗེ་སེམས་དཔའ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལེའུ་ཉེར་བདུན་པ་རྒྱ་གར་གྱི་མཁན་པོ་ཤྲཱི་སེང་ཧ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་བཻ་རོ་ཙ་ནས་དྷ་ཧེ་ནའི་འདུ་ཁང་དུ་བསྒྱུར་བ། ཡེ་ཤེས་གསང་བའི་སྒྲོན་མ་རིན་པོ་ཆེ་མན་ངག་གི་རྒྱུད་ལེའུ་བཅུ་དྲུག་པ་ཤྲཱི་སེང་ཧ་དང་ལོ་ཙཱ་བ་བཻ་རོ་ཙ་ནས་མན་ངག་གི་རྒྱུད་གཏན་ལ་ཕབ་པ། རིན་པོ་ཆེ་འཁོར་ལོའི་རྒྱུད་ལེའུ་བརྒྱད་པ་འགྱུར་བྱང་མ་འཁོད་པ། ཡེ་ཤེས་གསང་བའི་རྒྱུད་ལེའུ་བཅུ་གཉིས་པ་ཤྲཱི་སེང་ཧ་དང་བཻ་རོའི་འགྱུར། བྱང་ཆུབ་ཀྱི་སེམས་ཡེ་ཤེས་རྫོགས་པའི་རྒྱུད་ལེའུ་བཅུ་པ་ལོ་པཎ་དེ་དག་གིས་བསྒྱུར་བ། རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་ལ་འཇུག་པ་རྣམ་དག་སྟོན་པའི་རྒྱུད་ལེའུ་ལྔ་པ་རྒྱ་གར་གྱི་མཁན་པོ་བི་མ་ལ་མི་


DNG026_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲ་དང་། བོད་ཀྱི་སྒྲ་སྒྱུར་གྱི་ལོ་ཙཱ་བ་གཡུ་སྒྲ་སྙིང་པོས་བསྒྱུར་ཅིང་གཏན་ལ་ཕབ་པ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་འོད་འཕྲོའི་རྒྱུད་ལེའུ་བཅུ་གཉིས་པ་ཤྲཱི་སེང་ཧ་དང་བཻ་རོ་ཙ་ནས་བསྒྱུར་བ། ལྔ་པ་སེམས་སྡེའི་སྐོར་ལ། ཀུན་བྱེད་རྒྱལ་པོའི་སྐོར་དང་། སེམས་སྨད་བཅོ་བརྒྱད་ཀྱི་སྐོར་དང་། དེར་མ་འདུས་པའི་སེམས་སྡེ་སྤྱིའི་སྐོར་དང་གསུམ་མོ།། དང་པོ་ནི། ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལེའུ་ལྔ་བཅུ་རྩ་བདུན་པ་རྒྱ་གར་གྱི་མཁན་པོ་ཤྲཱི་སེང་ཧ་པྲ་བྷ་དང་། བོད་ཀྱི་ལོ་ཙཱ་བ་པ་གོར་བཻ་རོ་ཙ་ནས་བསྒྱུར་བ། དེའི་རྒྱུད་ཕྱི་མ་གོང་གི་འཕྲོས་ལེའུ་ང་བརྒྱད་ནས་བརྒྱད་ཅུ་རྩ་བཞིའི་བར་རྒྱ་གར་གྱི་མཁན་པོ་དཔལ་གྱི་སེང་གེ་མགོན་པོ་དང་དགེ་སློང་བཻ་རོ་ཙ་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ཆ་པ་ལ། ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་སེམས་སུ་འདུས་པའི་མདོ་ལེའུ་བཞི་པ། དེའི་དོན་འགྲེལ་རྫོགས་སོའི་མཐའ་ཅན། རྣམ་པར་བགྲང་བའི་མདོ། ལེའུ་གསུམ་པ། ཕུན་སུམ་ཚོགས་པའི་མདོ། ལེའུ་གཅིག་པ་དོན་འགྲེལ་རྫོགས་སོའི་མཐའ་ཅན། བྱེ་བྲག་འབྱེད་པའི་མདོ། ལེའུ་གཅིག་པ་དོན་འགྲེལ་རྫོགས་སོའི་མཐའ་ཅན། ཁྱད་པར་འཕགས་པའི་མདོ་རྩ་བ་དང་དོན་འགྲེལ་རྫོགས་སོའི་མཐའ་ཅན། གོལ་སྒྲིབ་བསྟན་པའི་མདོ་རྩ་བ་དང་དོན་འགྲེལ་རྫོཊ་སོའི་མཐའ་ཅན། གཏན་ལ་འབེབས་པའི་མདོ་རྩ་བ་དང་དོན་འགྲེལ་རྫོགས་སོའི་མཐའ་ཅན། ངེས་པར་བསྟན་པའི་མདོ་རྩ་བ་དང་དོན་འགྲེལ། ཐེག་པ་ཡས་འབུབས་ཀྱི་མདོ་དང་དོན་གྱི་འགྲེལ་པ་དགུ་པ་རྫོགས་སོའི་མཐའ་ཅན། ཡོངས་སུ་རྫོགས་པའི་མདོ་རྩ་བ་དང་དོན་འགྲེལ་བཅུ་པ་རྫོགས་སོའི་མཐའ་ཅན། དོན་གྱི་འགྲེལ་པ་ལྔ་པ་རྫོགས་སོའི་མཐའ་ཅན་དང་། ཡོངས་སུ་གཏད་པའི་ལེའུ་མདོ་འགྲེལ་ཆེན་པོ་བཅུ་པ་རྫོགས་སོའི་མཐའ་ཅན་རྣམས་འགྱུར་བྱང་མ་འཁོད་པ། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་རྫོགས་པ་ཆེན་པོ་འཁོར་བ་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད་


DNG026_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་བཅུ་གསུམ་པ་ཤྲཱི་སེང་ཧ་དང་བཻ་རོས་བསྒྱུར་བ། ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་འཁོར་བ་རྩད་ནས་གཅོད་པ་རྒྱ་མཚོ་དང་མཉམ་པ་རྙོག་པ་མེད་པའི་རྒྱུད། ལེའུ་བདུན་པ་ལོ་པཎ་དེ་ཉིད་ཀྱིས་བསྒྱུར་བ། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་རྫོགས་པ་ཆེན་པོ་འཁོར་བ་རྩད་ནས་གཅོད་པ་ཉི་ཟླ་དང་མཉམ་པ་དྲི་མ་མེད་པའི་རྒྱུད་ལེའུ་བཅུ་གཅིག་པ་ལོ་པཎ་དེ་ཉིད་ཀྱིས་བསྒྱུར་བ། གཅོད་པ་ཉི་ཟླ་དང་མཉམ་པའི་རྒྱུད་ཀྱི་དཀའ་འགྲེལ་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེས་མཛད་པ་འགྱུར་བྱང་མ་འཁོད་པ། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་རྫོགས་པ་ཆེན་པོ་འཁོར་བ་རྩད་ནས་གཅོད་པ་རིན་པོ་ཆེ་དང་མཉམ་པ་སྐྱེ་བ་མེད་པའི་རྒྱུད་ལེའུ་བཅུ་བཞི་པ་རྒྱ་གར་གྱི་མཁན་པོ་ཤྲཱི་སེང་ཧ་དང་། བོད་ཀྱི་ལོ་ཙཱ་བ་བཻ་རོ་ཙ་ནས་བསྒྱུར་བ། གཉིས་པ་སེམས་སྨད་བཅོ་བརྒྱད་ལ། བྱང་ཆུབ་སེམས་རྩལ་ཆེན་གྱི་རྒྱུད་ལེའུ་དགུ་ལོ་པཎ་དེ་ཉིད་ཀྱིས་བསྒྱུར་བ། བྱང་ཆུབ་ཀྱི་སེམས་ཁྱུང་ཆེན་གྱི་རྒྱུད་ལེའུ་བཅུ་པ་འགྱུར་བྱང་མ་འཁོད་པ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་རྒྱས་པ་ཡི་གེ་མེད་པའི་རྒྱུད། ལེའུ་བརྒྱད་པ་བོད་ཀྱི་དགེ་སློང་བཻ་རོ་ཙ་ན་དང་། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷས་བསྒྱུར་ཅིང་གཏན་ལ་ཕབ་པ། བདེ་བ་རབ་འབྱམས། ནམ་མཁའི་རྒྱལ་པོ། རྩེ་མོ་བྱུང་རྒྱལ། སྲོག་གི་འཁོར་ལོ། བྱང་ཆུབ་ཀྱི་སེམས་བདེ་བའི་མྱུ་གུ། བྱང་ཆུབ་ཀྱི་སེམས་བདེ་བ་ཕྲ་བཀོད། བྱང་ཆུབ་ཀྱི་སེམས་རྫོགས་པ་སྤྱི་གཅོད་རྣམས་ལེའུ་གྲངས་མེད་པ་རྫོགས་སོའི་མཐའ་ཅན་འགྱུར་བྱང་མ་འཁོད་པ། གསུམ་པ་སེམས་སྡེ་སྤྱིའི་སྐོར་ལ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་གསེར་གྱི་རུས་སྦལ་རྡོ་རྗེ་ཐེག་པ་རྩ་བའི་རྒྱུད་ལེའུ་སུམ་ཅུ་པ་བཻ་རོ་ཙ་ནས་བསྒྱུར་བ་ལྷོ་བྲག་ནས་གུ་རུ་ཡེ་ཤེས་ཁྱུང་གྲགས་ཀྱིས་གཏེར་ནས་བཏོན་པ། བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡི་གེ་མེད་པ་སྐབས་རྫོགས་སོའི་མཐའ་ཅན། བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡི་གེ་མེད་པའི་རྒྱུད་བསྡུ་བ་གསུངས་པའི་སྐབས་རྫོགས་སོའི་མཐའ་ཅན། བྱང་ཆུབ་ཀྱི་སེམས་རྫོགས་པ་ཆེན་པོ་ཡེ་ཤེས་བདུན་འབྱུང་བའི་རྒྱུད། ལེའུ་བརྒྱད་པ་རྣམས་འགྱུར་བྱང་མ་འཁོད་པ། རྫོགས་པ་ཆེན་པོ་ཆོས་ཉིད་


DNG026_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཀྱི་སེམས་བཀྲ་ཤིས་མི་འགྱུར་བར་གསལ་བར་གནས་པའི་རྒྱུད། ལེའུ་བཅུ་པ་རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། སྒྲ་སྒྱུར་གྱི་ལོ་ཙཱ་བ་ཆེན་པོ་གཡུ་སྒྲ་སྙིང་པོས་འགྲེལ་པ་དང་བཅས་པས་བཤད་པ། བྱང་ཆུབ་སེམས་ཀྱི་མན་ངག་རིན་པོ་ཆེའི་ཕྲེང་བ་བང་མཛོད་འཕྲུལ་གྱི་ལྡེ་མིག །ལེའུ་དྲུག་ཅུ་གཅིག་པ། རྫོགས་སོའི་མཐའ་ཅན། ཡང་འབྱེད་འཕྲུལ་གྱི་ལྡེ་མིག །ལེའུ་བཅུ་བཞི་པ་ཚིག་ལེའུར་བྱས་པ་རྫོགས་སོའི་མཐའ་ཅན། བང་མཛོད་འཕྲུལ་གྱི་མེ་ལོང་། ལེའུ་བཅུ་པ་མ་ཚང་བ་ཁ་སྐོང་བ་རྫོགས་སོའི་མཐའ་ཅན་རྣམས་འགྱུར་བྱང་མ་འཁོད་པ། འཁོར་ལོ་རྡོ་རྗེའི་རྒྱུད་ལེའུ་བཞི་པ། རྒྱ་གར་གྱི་པཎྜི་ཏ་ཛྙཱ་ན་གརྦྷ་དང་། བོད་ཀྱི་དགེ་སློང་བཻ་རོ་ཙ་ནས་བསྒྱུར་བ་ལ་ཕྱིས་སྐད་གསར་བཅད་ཀྱིས་ཀྱང་བཅོས་པ། བྱང་ཆུབ་ཀྱི་སེམས་རིན་ཆེན་འཁོར་ལོའི་རྒྱུད། ལེའུ་བཅུ་པ་འགྱུར་བྱང་མ་འཁོད་པ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་རྒྱས་པ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད། ལེའུ་བཅོ་ལྔ་པ་རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང་བོད་ཀྱི་དགེ་སློང་བཻ་རོ་ཙ་ནས་བསྒྱུར་ཅིང་གཏན་ལ་ཕབ་པ་ལ་ཕྱིས་སྐད་གསར་བཅད་ཀྱིས་ཀྱང་བཅོས་པ། རིན་པོ་ཆེ་འཁོར་ལོ་བརྩེགས་པའི་རྒྱུད། ལེའུ་བཅུ་གསུམ་པ་འགྱུར་བྱང་མ་འཁོད་པ། བྱང་ཆུབ་ཀྱི་སེམས་ཉ་མོ་བག་ལ་ཉལ་གྱི་རྒྱུད་ལེའུ་དྲུག་པ་བཻ་རོའི་འགྱུར། རིན་པོ་ཆེ་སྣང་བྱེད་ཀྱི་རྒྱུད་ལེའུ་བཅུ་དགུ་པ་བི་མ་ལ་དང་གཡུ་སྒྲས་བསྒྱུར་བ། བྱང་ཆུབ་སེམས་རྨ་བྱ་མཇིང་བསྣོལ་གྱི་རྒྱུད་ལེའུ་དྲུག་པ། ཆོས་ཆེན་པོ་རྨད་དུ་བྱུང་བ་ལེའུ་ཉི་ཤུ་པ་གཉིས་འགྱུར་བྱང་མ་འཁོད་པ། རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བཀོད་པ་རྣམ་པར་དབྱེ་བའི་རྒྱུད་ལེའུ་ལྔ་པ་རྒྱ་གར་གྱི་མཁན་པོ་ཤྲཱི་ལེནྡྲ་མི་ཏྲ་དང་། བོད་ཀྱི་ལོ་ཙཱ་བ་འཇིང་གསལ་འབར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ལེའུ་སུམ་ཅུ་རྩ་དགུ་པ། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བའི་རྒྱུད། ལེའུ་བཅུ་གཅིག་པ་གཉིས་འགྱུར་བྱང་མ་འཁོད་པ། བཀྲ་ཤིས་པའི་དཔལ་རིག་པའི་ཁུ་བྱུག་གི་རྒྱུད་ལེའུ་བདུན་པ་ཤྲཱི་སེང་ཧ་དང་བོད་ཀྱི་ལོ་ཙཱ་བ་བཻ་རོ་ཙ་ནས་བསྒྱུར་བ།


DNG026_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་རྫོགས་ཀྱི་རྒྱུད། ལེའུ་ཉི་ཤུ་རྩ་བདུན་པ་སིངྒ་ལའི་སློབ་དཔོན་དྷརྨ་གརྦྷས་ཨོ་རྒྱན་གྱི་སློབ་དཔོན་མ་ཧཱ་བོ་དྷི་ལ་བཤད་ནས་ཨཱ་ཙརྱ་དྲན་པའི་ཡེ་ཤེས་ཀྱིས་བོད་ཡུལ་དུ་བསྣམས་ནས་བྱོན་པ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་གསང་བའི་སྙིང་པོ་རྣལ་མ་དོན་གྱི་རྒྱུད་ལེའུ་བཅུ་གཉིས་པ། བྱང་ཆུབ་ཀྱི་སེམས་བསྒོམ་པའི་རྒྱུད་ལེའུ་བཅུ་གཅིག་པ་གཉིས་འགྱུར་བྱང་མ་འཁོད་པ། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པ་གསང་སྔགས་ལམ་མཆོག་འདུས་པའི་རྒྱུད། ལེའུ་ལྔ་པ། རྒྱ་གར་གྱི་མཁན་པོ་ཤྲཱི་སེང་ཧ་དང་། རྡོ་རྗེ་ཡང་དབང་གཏེར་གྱིས་བསྒྱུར་བ། བྱང་ཆུབ་སེམས་བསྒོམ་པ་རྡོ་ལ་གསེར་ཞུན་ལེའུ་མེད་པ་འགྱུར་བྱང་མ་འཁོད་པ། ཐུགས་ཀྱི་རྒྱུད་རིན་པོ་ཆེ་སྤུངས་པའི་རྒྱུད་ལེའུ་ལྔ་པ་ཤྲཱི་སེང་ཧ་དང་བཻ་རོའི་འགྱུར། སེམས་ལུང་ཆེན་མོའི་མདོ་གསང་བ་སྤྱིའི་རྒྱུད་ལེའུ་ཉེར་ལྔ་པ་པཎྜི་ཏ་དྲི་མེད་བཤེས་གཉེན་དང་ཞུ་ཆེན་གྱི་ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མཱ་རས་རྒྱལ་པོ་ཡོན་མཆོད་ཀྱི་དོན་དུ་དབུ་ཚལ་གསེར་ཁང་དུ་ཞུས་ཤིང་གཏན་ལ་ཕབ་པ། རིན་པོ་ཆེ་རྒྱས་པའི་རྒྱུད་ལེའུ་དྲུག་ཅུ་གཅིག་པ་ཤྲཱི་སེང་ཧ་དང་བཻ་རོ་ཙ་ནས་བསྒྱུར་བ། ཇ་པ་ལ། གཉིས་པ་ལུང་ཨ་ནུ་ཡོ་ག་ལ། སྤྱིར་རྒྱུད་ལུང་ཉེར་གཅིག །མདོ་བཅུ། ལུང་གི་ཡི་གེ་བདུན་ཅུ་སོགས་མང་དུ་སྣང་ལ། དེ་ཡང་རྩ་བའི་མདོ་བཞི། མཐའ་དྲུག་གསལ་བར་བྱེད་པའི་རྒྱུད་དྲུག །དཀོན་རྒྱུད་བཅུ་གཉིས་རྣམས་ཀྱི་རིམ་པ་ལ། ཐོག་མར་རྩ་བའི་མདོ་བཞི་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གསང་བའི་ཡེ་ཤེས་དོན་གྱི་སྙིང་པོ་ཁྲོ་བོ་རྡོ་རྗེའི་རིགས་ཀུན་འདུས་རིག་པའི་མདོ་རྣལ་འབྱོར་གྲུབ་པའི་རྒྱུད། ལེའུ་སུམ་ཅུ་རྩ་གསུམ་པ་འགྱུར་བྱང་མ་འཁོད་ཀྱང་རྒྱ་གར་གྱི་མཁན་པོ་དྲི་མེད་བཤེས་གཉེན་དང་བོད་ཀྱི་ལོ་ཙཱ་བ་ཆེན་པོ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གསང་བའི་ཡེ་ཤེས་དོན་གྱི་སྙིང་པོ་རྡོ་རྗེ་བཀོད་པ་རྣལ་འབྱོར་གྲུབ་པའི་ལུང་ཀུན་འདུས་རིག་པའི་མདོ་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པ་ཞེས་བྱ་བའི་མདོ་


DNG026_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་བདུན་ཅུ་དོན་ལྔ་པ། རྒྱ་གར་གྱི་མཁན་པོ་དྷརྨ་བོ་དྷི་དང་། རིང་ལུགས་པ་ཆེན་པོ་དཱ་ན་རཀྵྀ་ཏ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་ཆེ་བཙན་སྐྱེས་ཀྱིས་བྲུ་ཤའི་ཡི་གེ་ལས་བྲུ་ཤའི་ཡུལ་གྱི་ཁྲོམ་དུ་བསྒྱུར་ཅིང་གཏན་ལ་ཕབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ། གསང་བའི་མཛོད་ཆེན་པོ་མི་ཟད་པ་གཏེར་གྱི་སྒྲོན་མ། བརྟུལ་ཞུགས་ཆེན་པོ་སྒྲུབ་པའི་རྒྱུད་ཡེ་ཤེས་རྔམ་པ་གློག་གི་འཁོར་ལོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལེའུ་བཅུ་བདུན་པ་འགྱུར་བྱང་མ་འཁོད་ཀྱང་པཎྜི་ཏ་དྲི་མེད་བཤེས་གཉེན་དང་། ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་བ། ཉ་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་དུར་ཁྲོད་ཁུ་བྱུག་རོལ་པའི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ། ལེའུ་བཅུ་བཞི་པ། བྱང་ཆུབ་ཀྱི་སེམས་ལུང་རྣལ་འབྱོར་ཆེན་པོའི་རྒྱུད་ཐེག་པ་ཆེན་པོའི་མདོ། ལེའུ་བཞི་བཅུ་ལྔ་པ་པ་གོར་བཻ་རོ་ཙ་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། གཉིས་པ་མཐའ་དྲུག་གི་རྒྱུད་ལ། ལྟ་བ་ཐམས་ཅད་ཀྱི་རྒྱལ་པོ་ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པའི་རྒྱུད། ལེའུ་བཅུ་དྲུག་པ་མན་ཆད་ལེའུ་གྲངས་མེད་པ་རྫོགས་སོའི་མཐའ་ཅན་འགྱུར་བྱང་མ་འཁོད་པ། དབང་གི་རྒྱལ་པོ་དབང་བསྐུར་རྒྱལ་པོའི་རྒྱུད། ལེའུ་བཅུ་པ་རྡོ་རྗེ་ཡང་དབང་གཏེར་གྱི་མན་ངག་ཏིང་ངེ་འཛིན་ཐམས་ཅད་ཀྱི་རྒྱལ་པོ་ཏིང་འཛིན་མཆོག་གི་རྒྱུད་ལེའུ་བཅུ་གཅིག་པ་འགྱུར་བྱང་མ་འཁོད་པ། ཕྲིན་ལས་ཐམས་ཅད་ཀྱི་རྒྱལ་པོ་སྐབས་སྦྱོར་བདུན་པའི་རྒྱུད་རྡོ་རྗེ་ཡང་དབང་གཏེར་གྱིས་བསྒྱུར་བ། སྤྱོད་པ་ཐམས་ཅད་ཀྱི་རྒྱལ་པོ་བརྩོན་པ་དོན་ལྡན་གྱི་རྒྱུད་ལེའུ་དྲུག་པ་འགྱུར་བྱང་མ་འཁོད་པ། བར་འདིར་དམ་ཚིག་བཀོད་པའི་རྒྱུད་ཡོད་དགོས་ཀྱང་ཕྱི་མོ་དག་པ་མ་རྙེད་པས་བཞག་ལ་སླར་དག་ངེས་རྙེད་ཚེ་འཇུག་དགོས། ཞི་བ་ལྷ་རྒྱུད་ཆེན་པོ་ལེའུ་དགུ་པ། རྒྱ་གར་གྱི་མཁན་པོ་པྲ་མ་སཏྭ་ལས། ལོ་ཙཱ་བ་པདྨ་རུ་ཙེས་བསྒྱུར་བ། ཆོས་ཉིད་ཞི་བའི་ལྷ་རྒྱུད་ལེའུ་གྲངས་མེད་པ་པཎྜི་ཏ་བི་མ་


DNG026_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མི་ཏྲ་དང་བོད་ཀྱི་ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མཱ་རས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ཁྲོ་བོའི་ལྷ་རྒྱུད་ཆེན་མོ་ཞེས་བྱ་བ། ལེའུ་བདུན་པ་ལོ་པཎ་དེ་ཉིད་ཀྱིས་བསྒྱུར་བ། ཁྲོ་བོ་ལྷ་རྒྱུད་ཀྱི་རྟོག་པ་ཆེན་པོ་ལེའུ་གྲངས་མེད་པ་རྫོགས་སོའི་མཐའ་ཅན་འགྱུར་བྱང་མ་འཁོད་པ། ཐུགས་རྗེ་ཆེན་པོའི་གཏོར་མ་དང་ཤ་ཁྲག་རུས་པའི་གཏོར་རྒྱུད་ཆེན་པོ་ལེའུ་ཞེ་གསུམ་པ་རྒྱ་གར་གྱི་མཁན་པོ་པདྨ་སཾ་བྷ་བ་དང་། བི་མ་ལ་མི་ཏྲ་དང་། ལོ་ཙཱ་བ་གནུབས་ནམ་མཁའི་སྙིང་པོས་བསྒྱུར་བ་ལས་ཕྱིས་བ་སུ་དྷ་ར་དང་སངས་རྒྱས་ཡེ་ཤེས་ཀྱིས་ཞུས་གཏུགས་པ། རྣལ་འབྱོར་ནང་པའི་ཚོགས་རྒྱུད་ཆེན་པོ་ལེའུ་དྲུག་པ་འགྱུར་བྱང་མ་འཁོད་པ། དཔལ་འབར་ཁྲོ་མོའི་རྒྱུད་ལེའུ་མེད་པ་སློབ་དཔོན་རྡོ་རྗེ་གྲོ་ལོད་རྩལ་དང་། ལོ་ཙཱ་བ་ཞང་དྲུང་གིས་བསྒྱུར་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རཀྟ་དམར་གྱི་རྒྱུད་ལེའུ་བཅོ་ལྔ་པ་གྲོ་ལོད་རྩལ་གྱིས་བསྒྱུར་བ། རིན་པོ་ཆེ་མེ་ལྷ་ཞི་བར་གྱུར་པ་འབར་བའི་རྒྱུད་ལེའུ་ཉེར་དྲུག་པ། རྡོ་རྗེ་དུར་མོའི་ཏནྟྲ་ཞེས་བྱ་བ་ཁྲོ་བོའི་སྦྱིན་སྲེག་ལེའུ་བཅུ་པའི་མཐའ་ཅན་གཉིས་འགྱུར་བྱང་མ་འཁོད་པ། ཧཱུཾ་མཛད་ཆེན་པོའི་རྒྱུད་ལེའུ་བཅུ་གཅིག་པ་སློབ་དཔོན་རྡོ་རྗེ་གྲོ་ལོད་དང་། ལོ་ཙཱ་བ་རྡོ་རྗེ་ཞང་དྲུང་གི་འགྱུར། ཟླ་གསང་ཆེན་པོའི་མདོ་ལེའུ་ཉེར་ལྔ་པ་འགྱུར་བྱང་མ་འཁོད་པ་རྣམས་སོ།། ཏ་པ་ལ། གསུམ་པ་བསྐྱེད་པ་མ་ཧཱ་ཡོ་ག་ལ། རྩ་བར་གྱུར་པ་སྒྱུ་འཕྲུལ་དང་། བཤད་པ་དང་ཆ་མཐུན་གྱི་རྒྱུད་ཏནྟྲ་སྡེ་བཅོ་བརྒྱད། སྒྲུབ་སྡེ་བཀའ་བརྒྱད་དང་གསུམ་གྱི་དང་པོ་སྒྱུ་འཕྲུལ་སྡེ་བརྒྱད་ལས། སེམས་དང་ཡེ་ཤེས་རང་སྣང་དུ་སྟོན་པ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་དཔལ་གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ་པོ། ལེའུ་ཉི་ཤུ་རྩ་གཉིས་པ་ཐོག་མར་སློབ་དཔོན་ཆེན་པོ་པདྨའི་རང་འགྱུར། དེ་རྗེས་ལོ་ཆེན་བཻ་རོ་དང་རྨ་གཉགས་གསུམ་གྱིས་བསྒྱུར། ཕྱིས་ཐར་པ་ལོ་ཙཱ་བ་ཉི་མ་རྒྱལ་མཚན་དཔལ་བཟང་པོས། ཐར་པ་གླིང་གི་གཙུག་ལག་ཁང་དུ་བསྒྱུར་བ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདིའི་ཊི་ཀ་གྲོལ་ལམ་གཙོ་བོར་


DNG026_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་གསང་བདག་དགོངས་པའི་རྒྱན་དང་། སྤྱི་དོན་གྱིས་གཏན་ལ་འབེབས་པའི་ལེགས་བཤད་གསང་བདག་ཞལ་གྱི་ལུང་གཉིས་པོ་ནི་གཡུ་སྒྲའི་སྤྲུལ་པ་ཐམས་ཅད་མཁྱེན་པ་དྷརྨ་ཤྲཱིའི་ཞལ་སྔ་ནས། མཛད་པ་པོ་འཕགས་པའི་སར་བཞུགས་པའི་སྐྱེས་ཆེན་དམ་པར་ནི་རྩོད་པ་མེད་ལ། བསྟན་བཅོས་ཀྱི་ལྡོག་པས། སྔོན་གྱི་སློབ་དཔོན་གྲུབ་པའི་གོ་འཕང་མཐོན་པོ་བརྙེས་པ་རྣམས་ཀྱི་གསུང་དང་དབྱེར་མེད་ཅིང་ཁྱད་པར་ཞལ་གསལ་བ་དང་སྔགས་རང་གཞུང་གི་གྲུབ་མཐའི་རྩ་བ་སློང་ནུས་ངེས་པའི་ཁྱད་པར་གྱི་ཡོན་ཏན་དུ་མ་དང་ཡང་ལྡན་པའི་ཕྱིར་དུས་ཀྱི་འཁོར་ལོའི་འགྲེལ་པ་དྲི་མ་མེད་པའི་འོད་ལ་སོགས་པ་བཞིན་ཏེ། རྗེ་བཙུན་བྱམས་པས། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི། །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ནི་དྲང་སྲོང་བཀའ་བཞིན་སྤྱི་བོར་བླང་། །ཞེས་བསྟན་བཅོས་ཀྱི་ངོ་བོའི་སྒོ་ནས་བཙན་པར་གསུངས་པ་ལྟར། ཕྱི་མའི་དུས་སུ་སྐལ་བ་དང་ལྡན་པའི་གང་ཟག་རྒྱུད་འདི་ཉིད་འཆད་ཉན་ལ་འཇུག་པ་རེ་ཟུང་འབྱུང་དུ་རེ་བས་རྩ་འགྲེལ་སྟབས་གཅིག་ཏུ་བཀོད་པ་ཡིན་ནོ།། ཐ་པ་ལ། གསང་བདག་ཞལ་ལུང་གི་སྨད། སྒྱུ་འཕྲུལ་བརྒྱད་པ་ལེའུ་བརྒྱད་པ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ལེའུ་བཅུ་བཞི་པ། སྒྱུ་འཕྲུལ་བཞི་བཅུ་པ། ལེའུ་བཞི་བཅུ་པ་ཞེ་དྲུག་པ། སྒྱུ་འཕྲུལ་ལེ་ལྷག་ལེའུ་སོ་གསུམ་པ་རྣམས་འགྱུར་བྱང་མ་འཁོད་པ། བཤད་རྒྱུད་སྡེ་བཞིའི་གྲོལ་ལམ་ཅིག་ཅར་སྟོན་པའི་རྒྱུད་སྒྱུ་འཕྲུལ་རོལ་པ་ཆེན་པོའི་རྒྱུད་ལེའུ་བཅུ་གསུམ་པ། ཐབས་ལམ་རིམ་གྱིས་སྟོན་པ་སྒྱུ་འཕྲུལ་རྒྱ་མཚོ་ལེའུ་ཉེར་གཉིས་པ་འགྱུར་བྱང་མ་འཁོད་པ། སྒྱུ་འཕྲུལ་བླ་མ་ལེའུ་བཅུ་གསུམ་པ། ད་པ་ལ། ལྷ་མོ་སྒྱུ་འཕྲུལ་དྲ་བ་ལེའུ་བཅུ་གསུམ་པ་སློབ་དཔོན་སྒེག་རྡོར་དང་རྨ་རིན་ཆེན་མཆོག་གི་འགྱུར། སྒྱུ་འཕྲུལ་བླ་མ་ལེའུ་བཅུ་གསུམ་པ། དཔལ་རྩ་རྒྱུད་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་


DNG026_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལེའུ་ཉེར་གཉིས་པ་གཉིས་འགྱུར་བྱང་མ་འཁོད་པ། བཤད་རྒྱུད་སྡེ་བཞིའི་གྲོལ་ལམ་རིམ་གྱིས་སྟོན་པའི་རྒྱུད་སྒྱུ་འཕྲུལ་དྲ་བ་གསང་བ་ཐབས་ཀྱི་མེ་ལོང་གི་རྒྱུད། ལེའུ་བཅུ་གསུམ་པ། བི་མ་ལ་དང་གཉགས་ཛྙཱ་ན་ཀུ་མཱ་རས་བསྒྱུར་བ། སྒྱུ་འཕྲུལ་བརྒྱད་ཅུ་པ། ལེའུ་བརྒྱད་ཅུ་གྱ་གཉིས་པདྨ་སཾ་བྷ་བ་དང་ལོ་ཙཱ་བ་ནམ་མཁའི་སྙིང་པོས་བསྒྱུར། ཐབས་ལམ་ཅིག་ཅར་སྟོན་པའི་རྒྱུད་སྒྱུ་འཕྲུལ་ཐལ་བ་ལེའུ་ཉེར་དྲུག་པ་འགྱུར་བྱང་མ་འཁོད་པ། ཁྲོ་བོ་ཆེན་པོ་སྟོབས་ཀྱི་རྣལ་འབྱོར་དབང་ཕྱུག་གྲུབ་པའི་སྒྱུ་འཕྲུལ་དྲ་བའི་རྒྱུད། ལེའུ་མེད་པ་བི་མ་ལ་དང་བཻ་རོས་བསྒྱུར་བ། ཁྲོ་བོ་ཆེན་པོ་སྟོབས་ཀྱི་རྒྱུད་རྒྱལ་ལེའུ་མེད་པ་རྫོགས་སོའི་མཐའ་ཅན། གཉིས་པ་བཤད་པ་དང་ཆ་མཐུན་གྱི་རྒྱུད་ཏནྟྲ་སྡེ་བཅོ་བརྒྱད་ལ། རྩ་བ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྒྱུད་ལྔ་ལས། སྐུའི་རྒྱུད་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་མཁའ་འགྲོ་སྒྱུ་མ་བདེ་བའི་རྒྱུད་མཆོག་ཅེས་བྱ་བ་རྟོག་པ་བཅུ་གཅིག་པ། ན་པ་ལ། རྟོག་པ་ཐམས་ཅད་འདུས་པ་སངས་རྒྱས་མཉམ་སྦྱོར་མཁའ་འགྲོ་སྒྱུ་མ་བདེ་མཆོག་གི་རྒྱུད་ཕྱི་མའི་ཕྱི་མ་དང་བཅས་པའི་རྟོག་པ་ཉེར་གསུམ་པ། རྒྱ་གར་གྱི་སློབ་དཔོན་གུ་ཧྱ་གསང་བ་དང་། བོད་ཀྱི་ལོ་ཙཱ་བ་འབྲོག་མི་དཔལ་གྱི་ཡེ་ཤེས་ཀྱིས་བསྒྱུར་བ། གསུང་གི་རྒྱུད་ཟླ་གསང་ཐིག་ལེ། ལེའུ་ལྔ་པ་མན་ལ་ལེའུ་གྲངས་མེད་པ་རྫོགས་སོའི་མཐའ་ཅན་རྒྱ་གར་གྱི་མཁན་པོ་པདྨ་སཾ་བྷ་བ་དང་། བནྡི་དཔལ་བརྩེགས་ཀྱིས་བསྒྱུར་བ། ཐུགས་ཀྱི་རྒྱུད་གསང་བ་འདུས་པ་ལེའུ་བཅུ་བདུན་པ་བི་མ་ལ་དང་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་བ། དེའི་རྒྱུད་ཕྱི་མ་ལེའུ་བཅོ་བརྒྱད་པ་སློབ་དཔོན་བུཌྜྷ་གུ་ཧྱ་དང་འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བ། ཡོན་ཏན་གྱི་རྒྱུད་དཔལ་མཆོག་དང་པོ་རྫོགས་ཚིག་བཅུ་གསུམ་པ་རྒྱ་གར་གྱི་མཁན་པོ་སངས་རྒྱས་གསང་བ་དང་རྨ་རིན་ཆེན་མཆོག་གིས་བསྒྱུར་བ། དཔལ་མཆོག་དང་པོ་སྔགས་ཀྱི་རྟོག་པའི་དུམ་བུ། པཎྜི་ཏ་ཆེན་པོ་མནྟྲ་ཀཱ་ལ་ཤ་དང་ལྷ་བཙན་པོ་དགེ་སློང་ཞི་བ་འོད་ཀྱིས་བསྒྱུར་བ།


DNG026_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་ཀྱི་རྒྱུད་ཀརྨ་མཱ་ལ་ལེའུ་དགུ་པ་སློབ་དཔོན་དྷརྨ་ཤྲཱི་པྲ་བྷཱ་དང་ཨཱ་ཙརྱ་བི་མ་ལ་སོགས་པ་ལས་རཏྣ་ཨ་གྲས་ཞུས་པ། པ་པ་ལ། སྒྲུབ་པའི་ལག་ལེན་སྟོན་པའི་རྒྱུད་སྡེ་ལྔ་ལས། ཧེ་རུ་ཀ་རོལ་པའི་རྒྱུད་ནི་མ་རྙེད། དཔལ་རྟ་མཆོག་རོལ་པའི་རྒྱུད་ཆེན་པོ། ལེའུ་སུམ་ཅུ་པ་པཎྜི་ཏ་བཛྲ་རཏྣ་དང་། ལོ་ཙཱ་བ་རྡོ་རྗེ་དཔལ་བརྩེགས་ཀྱིས་བསྒྱུར་བ། ཐུགས་ཀྱི་རྒྱུད་དཔལ་སྙིང་རྗེ་རོལ་པ། ལེའུ་བཅུ་པ། བིདྱཱ་ཀ་ར་སིངྷ་དང་བི་ཤྭ་མི་ཏྲ་ལས་ལོ་ཙཱ་བ་ཁུ་བྱིན་བཙུན་པ་མཆོག་གིས་བསྒྱུར་བ། ཡོན་ཏན་གྱི་རྒྱུད་ཆེན་པོ་དཔལ་བདུད་རྩི་རོལ་པ་རིམ་པར་ཕྱེ་བ་བརྒྱད་པ། བི་མ་ལ་མི་ཏྲ་དང་ཛྙཱ་ན་ཀུ་མཱ་རས་བསྒྱུར་བ། ཕྲིན་ལས་ཀྱི་རྒྱུད་ཕུར་པ་བཅུ་གཉིས་ཀྱི་རྒྱུད་ལེའུ་ཉེར་བཞི་པ་འགྱུར་བྱང་མ་འཁོད་པ་རྣམས་སོ། །སྤྱོད་པའི་ཡན་ལག་ཏུ་འགྲོ་བའི་རྒྱུད་སྡེ་ལྔ་ལས་གཞན་བཞི་པོ་ཨ་ནུའི་སྐབས་སུ་སོང་། གླང་བོ་ཆེ་རབ་འབོག་གི་རྒྱུད་ལེའུ་ཉེར་བརྒྱད་པ་རྒྱ་གར་གྱི་པཎྜི་ཏ་བི་ཤྭ་མི་ཏྲ་དང་ལོ་ཙཱ་བ་འཇིང་གསལ་འབར་གྱི་འགྱུར། མ་ཚང་བ་ཁ་སྐོང་བའི་རྒྱུད་གཉིས་ལས། ཐབས་ཀྱི་ཞགས་པ་པདྨོའི་ཕྲེང་བ་ལེའུ་ཞེ་གཅིག་པ་བི་མ་ལ་མི་ཏྲ་དང་ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མཱ་རས་བསྒྱུར་བ། ཕ་པ་ལ། ཏནྟྲའི་ལེ་ལག་ཏུ་གཏོགས་པ་དྲི་མེད་བཤགས་པའི་རྒྱུད་ལེའུ་བཅུ་དྲུག་པ། པཎ་ཆེན་བི་མ་ལ་དང་གཉགས་ཛྙཱ་ན་ཀུ་མཱ་རས་བསྒྱུར་བ། རྡོ་རྗེ་གཟི་ལྡན་འབར་བའི་རྒྱུད་ལེའུ་གྲངས་མེད་པ་འགྱུར་བྱང་མ་འཁོད་པ་རྣམས་སོ།། གསུམ་པ་སྒྲུབ་སྡེའི་ཕྱོགས་ལ། གཏེར་བྱོན་དང་བཀའ་མ་གཉིས་ཀྱི་དང་པོ་ལའང་བླ་མ་དང་ཡི་དམ་གཉིས་ལས། དང་པོ་སྤྲུལ་སྐུ་སངས་རྒྱས་གླིང་པས་པུ་རི་ཕུག་མོ་ཆེ་ནས་སྤྱན་དྲངས་པའི་ཟབ་ཆོས་བླ་མ་དགོངས་པ་འདུས་པའི་སྐོར་ལ། རྒྱུད་འཆང་ཐབས་དང་རྒྱུད་ཀྱི་ཆེ་བ་བསྟན་པ་ལེའུ་གྲངས་མེད་པ། རྩ་རྒྱུད་པད་སྡོང་བརྩེགས་པ། ལེའུ་ཉེར་གཅིག་པ། སྐུ་རྒྱུད་ཤེལ་གྱི་རི་བོ་ལེའུ་སུམ་ཅུ་པ། གསུང་རྒྱུད་རིན་ཆེན་འབྲུག་སྒྲ་ལེའུ་བཅུ་གསུམ་པ།


DNG026_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ལེའུ་དྲུག་ཅུ་པ། ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་། ལེའུ་བརྒྱ་དང་བརྒྱད། ཕྲིན་ལས་ཀྱི་རྒྱུད་སྤུ་གྲི་རེག་གཅོད་ལེའུ་ལྔ་པ། བླ་མའི་གསང་རྒྱུད་བཀའི་བང་མཛོད་ལེའུ་དྲུག་པ། ཡི་དམ་གསང་རྒྱུད་བཀའི་ཐ་རམ་ལེའུ་ལྔ་པ། མཁའ་འགྲོའི་གསང་རྒྱུད་བཀའི་ལྡེ་མིག་ལེའུ་བརྒྱད་པ། སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པུ་ལེའུ་དྲུག་པ་རྣམས་སོ།། གཉིས་པ་ནི། མངའ་བདག་ཉང་ཉི་མ་འོད་ཟེར་གྱིས་ལྷོ་བྲག་མཁོན་མཐིང་ལྷ་ཁང་ནས་སྤྱན་དྲངས་པའི་བདེ་གཤེགས་འདུས་པ་གཏེར་མའི་སྐོར་ལ། རྩ་བའི་རྒྱུད་ཀྱི་རྒྱལ་པོ། བདེ་གཤེགས་འདུས་པ་ཕྱི་མའི་རྒྱུད། བདེ་གཤེགས་འདུས་པ་ཕྱི་མའི་ཕྱི་མ། མ་ཚང་བ་ཁ་སྐོང་བའི་རྒྱུད། འབྱེད་པར་བྱེད་པ་ལྡེ་མིག་གི་རྒྱུད། འབྱེད་ལྡེ་ཁྲོ་བོའི་སྐབས། ཞི་བ་འདུས་པ་རྩ་བའི་རྒྱུད། ཆེ་མཆོག་འདུས་པ་རྩ་བའི་རྒྱུད། བ་པ་ལ། ཁྲག་འཐུང་འདུས་པ་རྩ་བའི་རྒྱུད། གཤིན་རྗེ་འདུས་པ་རྩ་བའི་རྒྱུད། དབང་ཆེན་འདུས་པ་རྩ་བའི་རྒྱུད། ཕྲིན་ལས་འདུས་པ་རྩ་བའི་རྒྱུད། མ་མོ་འདུས་པ་རྩ་བའི་རྒྱུད། རིག་འཛིན་འདུས་པ་རྩ་བའི་རྒྱུད། མཆོད་བསྟོད་བསྒྲུབ་པ་རྩ་བའི་རྒྱུད། འདི་གཉིས་འོག་བཀའ་སྲུང་སྐབས་ཡོད་སྙམ། དྲག་སྔགས་འདུས་པ་རྡོ་རྗེ་རྩ་བའི་རྒྱུད་རྣམས་སོ། །བདེ་གཤེགས་འདུས་པའི་རྒྱུད། བཀའ་བརྒྱད་གསང་བ་འདུས་པའི་རྒྱུད། གཉིས་པ་ཡི་དམ་སྒྲུབ་པ་བཀའ་བརྒྱད་བྱེ་བྲག་གི་སྐོར་ལ། འཇམ་དཔལ་སྐུ། པདྨ་གསུང་། ཡང་དག་ཐུགས། བདུད་རྩི་ཡོན་ཏན། ཕུར་པ་ཕྲིན་ལས། མ་མོ་རྦོད་གཏོང་། བསྟན་སྲུང་མཆོད་བསྟོད། དྲག་སྔགས་སྐོར་དང་བརྒྱད་ལས། དང་པོ་འཇམ་དཔལ་སྐུའི་སྐོར་ལ། འཕགས་པའི་ཡུལ་དུ་འཇམ་དཔལ་ཁྲི་དྲུག་སྟོང་བཞུགས་པར་གྲགས་པ་ལས། བོད་ཀྱི་ལྗོངས་འདིར་ཡེ་ཤེས་དང་ལས་ཀྱི་རྒྱུད་དྲུག་ཅུ་རྩ་ལྔ་འགྱུར་


DNG026_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྲགས་པ་ལས། དཔལ་ཟླ་གསང་ནག་པོ་དྲེགས་པ་ཚར་གཅོད་ཀྱི་རྒྱུད། ལེའུ་ལྔ་བཅུ་ང་བརྒྱད་པ་འགྱུར་བྱང་མ་འཁོད་པ། འཇམ་དཔལ་གཤིན་རྗེ་གསང་བ་དེ་ཁོ་ན་ཉིད་ཁ་ཐུན་ནམ་འཇམ་དཔལ་གསང་རྒྱུད་ཕྱི་མར་གྲགས་པ། ལེའུ་བརྒྱད་པ་འགྱུར་བྱང་མ་འཁོད་པ། ཟླ་གསང་ནག་པོ་ངན་སྔགས་ཐམས་ཅད་ཀྱི་རྩ་བའི་རྒྱུད། ལེའུ་དོན་བཞི་པ་ནམ་མཁའི་སྙིང་པོས་སིནྡྷུའི་ནགས་ཚལ་དུ་བསྒྱུར་བ། འདི་མ་ཕྱི་གཅིག་ལས་མ་རྙེད་པས་དཔྱད་མི་བཟོད་པ་མང་ཡང་རྒྱུན་ལ་བསམས་ནས་བཀོད། མ་པ་ལ། ཟླ་གསང་མེ་ལྕེ་ཕྲེང་བའི་རྒྱུད་ལེའུ་བདུན་ཅུ་དོན་གསུམ་པ་ལོ་ཙཱ་བ་གསུམ་གྱིས་ལན་གྲངས་གསུམ་དུ་བཅོས་པ། དྲག་སྔགས་ཟླ་གསང་ནག་པོ་ཤན་པ་སྤུ་གྲིའི་རྒྱུད། ལེའུ་བརྒྱ་དང་གཅིག་པ། བལ་པོའི་རྒྱལ་པོ་བ་སུ་དྷ་ར་དང་། གནུབས་ཀྱི་བན་ཆུང་ཡང་དབང་གཏེར་གྱིས་བསྒྱུར་བ། དྲག་སྔགས་ཟླ་གསང་ནག་པོ་ལེའུ་བཅུ་བཞི་པ། འཇམ་དཔལ་དྲི་མ་མེད་པ་གསང་བའི་རྒྱུད་ལེའུ་ཉེར་དྲུག་པ། དཔལ་གཤིན་རྗེ་ནག་པོ་མེ་རླུང་སྐྱིན་འདང་འཁྲུག་པའི་རྒྱུད། ལེའུ་ང་གསུམ་པ། གཤིན་རྗེ་གཤེད་ནག་པོ་ཆེན་པོ་གསང་བའི་རྒྱུད། ལེའུ་སོ་བཞི་པ། འཕགས་པ་འཇམ་དཔལ་གསང་བ་རྒྱུད་ཀྱི་རྒྱལ་པོ་པྲ་ཁོག་སྣང་གི་བརྟག་པ་ལེའུ་བདུན་པ་མན་ངེས་གཟུང་མེད་པ་རྫོགས་སོའི་མཐའ་ཅན། ཁྲོ་བོ་རྣམ་པར་རྒྱལ་བའི་རྩ་བའི་རྟོག་པ་ལེའུ་ཉི་ཤུ་རྩ་གཉིས་པའི་མཐའ་ཅན། ཚེ་བདག་ནག་པོ་ཕྲིན་ལས་ཀྱི་དགོངས་པ་ཐམས་ཅད་རྫོགས་པའི་རྒྱུད་ཆེན་པོ། ལེའུ་སུམ་ཅུ་པ་རྣམས་འགྱུར་བྱང་མ་འཁོད་པ། སྡིག་པ་སྙིང་འཛིངས་གསང་བའི་རྒྱུད་ལེའུ་བཅོ་ལྔ་པ་བ་སུ་དྷ་ར་དང་གནུབས་སངས་རྒྱས་ཡེ་ཤེས་ཀྱི་འགྱུར། དྲག་པོ་སྔགས་རྒོད་སྡིག་པ་སྙིང་འཛིངས་ཀྱི་རྒྱུད་འགྱུར་གོང་འདྲ། དྲག་སྔགས་མཚོན་ཆ་ནག་པོའི་རྒྱུད་ལེའུ་དགུ་པ། ཚེ་བདག་ནག་པོའི་རྒྱུད་དྲག་


DNG026_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་དེ་ཁོ་ན་ཉིད་སྲོག་དམར་ལེན་སྤུ་གྲིའི་རྒྱུད་ལེའུ་བཅུ་གཉིས་པ་རྣམས་འགྱུར་གོང་འདྲ། འཇམ་དཔལ་ལས་བཞིའི་འཁོར་ལོ་གསང་བའི་རྒྱུད་ལེའུ་བཅུ་བདུན་པ་འགྱུར་བྱང་མ་འཁོད་པ། ཙ་པ་ལ། གཤིན་རྗེའི་རྒྱལ་པོ་སྡིག་པ་སྟོབས་ཆེན་གསང་བའི་རྒྱུད་ལེའུ་ཉེར་གཅིག་པ་རྡོ་རྗེ་ཁྲི་གཙུག་གིས་བསྒྱུར་བ། གཤིན་རྗེ་ནག་པོ་གསང་བ་དེ་ཁོ་ན་ཉིད་ཁ་ཐུན་རྒྱུད་ལེའུ་བརྒྱད་པ་འཇམ་དཔལ་ནས་ཡང་དབང་གཏེར་གྱི་བར་རིམ་གྱིས་བཀའ་བབས་པ། དེའི་རྒྱུད་ཕྱི་མ་ལེའུ་ལྔ་པ། ཚེ་བདག་ནག་པོ་དྲག་སྔགས་མངོན་དུ་ཕྱུང་བའི་རྒྱུད། ལེའུ་ཉེར་གཅིག་པ། འཇམ་དཔལ་ཁྲོ་བོ་སྙིང་གཟེར་གསང་བའི་རྒྱུད་གདུག་པ་ཀླུ་འདུལ་བྱེད་ལེའུ་བཀོད་པའི་མཐའ་ཅན། དྲག་པོ་ཕུང་བྱེད་མཆོག་རྟེན་ནག་པོའི་རྒྱུད་ལེའུ་ཉེར་གཅིག་པ། ངན་སྔགས་གཙུག་ལག་གི་རྒྱུད་ཕྱི་མ་ལེའུ་བརྒྱད་པ་རྣམས་འགྱུར་བྱང་མ་འཁོད་པ། འཇིག་རྟེན་གསུམ་གྱི་ཤེས་པ་བསྒྲལ་བའི་རྒྱུད་ལེའུ་བརྒྱད་པ་བ་སུ་དྷ་ར་དང་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་བསྒྱུར་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ཁྲོ་བོ་འདུས་པའི་རྒྱུད་ལེའུ་དགུ་པ་ལོ་པཎ་དེ་ཉིད་ཀྱི་འགྱུར། གནོད་སྦྱིན་གདོང་གསུམ་པ་ཆུ་ཐིགས་སྔོན་མོའི་རྒྱུད། ལེའུ་བཅོ་བརྒྱད་པ་འགྱུར་བྱང་མ་འཁོད་པ། གནོད་སྦྱིན་གདོང་གསུམ་པའི་རྒྱུད་རྒྱལ་པོ། སྤྲིན་གྱི་ཤུགས་ཅན་དང་འགོས་ལྷས་བཙས་ཀྱིས་བསྒྱུར། འདི་ཟུར་པའི་མཐུ་བྱུང་ནས་འགོས་དཔོན་སློབ་དམར་བཤལ་གྱིས་བསྙུན་པ་བཟློག་པའི་ཆེད་དུ་བསྒྱུར་སྐད། འདི་ལ་འཆར་ཀ་ནག་པོ་བཟློག་པའི་རྒྱུད་དང་། འཆི་བདག་བྷེ་བ་ས་ཏྭོའི་རྒྱུད་དང་། རཱ་ཧུ་ནག་པོ་རྔམ་བྱེད་ཀྱི་རྒྱུད་དང་། གཤིན་རྗེ་འཆར་ཀ་ནག་པོ་གནོད་སྦྱིན་གདོང་གསུམ་པའི་རྒྱུད་རྣམས་ཞེས་གསན་ཡིག་ཏུ་སོ་སོ་ལྟ་བུར་མཛད་འདུག་ཀྱང་། རྒྱུད་འདིའི་མཚན་གྱི་རྣམ་གྲངས་ཡིན་ནམ་སྙམ་ཞིང་། འདི་དཔེ་ཤིན་ཏུ་མ་དག་པས་འཆོས་དཀའ་བར་སྣང་ཡང་དཔེ་ལུང་གི་རྒྱུན་ལ་བསམས་ནས་བཀོད། ངན་སྔགས་ཕྱིར་བཟློག་པའི་རྒྱུད་


DNG026_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་བདུན་པ། འཇམ་དཔལ་མ་རུ་ཙེ་མཆེད་བཞིའི་རྩ་བའི་སྔགས་རྒྱུད་ལེའུ་དགུ་པ། འཇམ་དཔལ་གསང་རྒྱུད་ཕྱི་མ། ལེའུ་བདུན་པ་དབང་ཕྱུག་ཆེན་པོས་བསྟོད་པ་ཕྱི་མའི་ཕྱི་མ་དང་བཅས་ཡོད་པ། གནོད་སྦྱིན་མ་རུ་ཙེ་རོ་ལངས་གསང་བའི་རྒྱུད། ལེའུ་བརྒྱད་པ་རྫོགས་སོའི་མཐའ་ཅན། མ་རུ་ཙེའི་སྔགས་རྒྱུད་ལེའུ་བདུན་པ། དྲེགས་པ་ཕོ་མོའི་ལས་རྒྱུད་ལེའུ་བཅུ་བདུན་པ་རྣམས་འགྱུར་བྱང་མ་འཁོད་པ། གཉིས་པ་པདྨ་གསུང་གི་རྒྱུད་ལ། རྟ་མཆོག་རོལ་པའི་རྒྱུད། ལེའུ་ཉིས་བརྒྱ་དགུ་པ་ལྕེ་ཀུ་ཀུ་རཱ་ཛས་བསྒྱུར་བ། དབང་རྒྱལ་རྟ་མཆོག་རོལ་པའི་རྒྱུད་ཆེན་པོ། ལེའུ་དྲུག་ཅུ་པ་ཨོ་རྒྱན་ཆེན་པོ་དང་ལོ་ཙཱ་བ་གཉགས་ཀུ་མཱ་རས་བསྒྱུར་བ། ཚ་པ་ལ། པདྨ་དབང་ཆེན་དྲེགས་པ་སྲུང་ཟློག་ཡོན་ཏན་གྱི་རྒྱུད་ལེའུ་དགུ་པ་པདྨ་སཾ་བྷ་བ་དང་ལོ་ཙཱ་བ་ཁ་ཆེ་ཨཱ་ནནྡས་བསྒྱུར་བ། པདྨ་དབང་ཆེན་དྲེགས་པ་ཅན་གཟན་ལ་འབེབས་པ་ཕྲིན་ལས་ཀྱི་རྒྱུད་ལེའུ་བཅུ་གཉིས་པ་ལོ་པཎ་གོང་འདྲ། པདྨ་དབང་ཆེན་དྲེགས་པ་གནད་འབེབས་ཀྱི་རྒྱུད། ལེའུ་བཅུ་གཅིག་པ། པདྨ་དབང་ཆེན་དྲེགས་པ་དབང་སྡུད་ཀྱི་རྒྱུད་ལེའུ་བཅུ་གསུམ་པ་གཉིས་འགྱུར་བྱང་མ་འཁོད་པ། དབང་ཆེན་འདུས་པའི་རྒྱུད་དམ་གལ་པོའི་རྒྱུད་དུ་གྲགས་པ་ལེའུ་སོ་ལྔ་པ་རྒྱ་གར་གྱི་མཁས་པ་རཀྵ་སིདྡྷི་དང་བོད་ཀྱི་བནྡི་ཀུ་ཀུ་རཱ་ཛས་བསྒྱུར་བ། དབང་ཆེན་བསྡུས་པའི་ཏནྟྲ་ལེའུ་དྲུག་ཅུ་གཉིས་པ་འགྱུར་བྱང་མ་འཁོད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ལུང་བསྟན་པ་རྣལ་འབྱོར་ཆེན་པོའི་གསང་བ་རྣམ་པར་ཕྱེ་བ་རྣལ་འབྱོར་སྤྱོད་པའི་ས་རྡོ་རྗེ་ཕྲེང་བའི་རྣམ་པར་བརྗོད་པ་རྟ་མཆོག་རོལ་པའི་ལུང་རྒྱུད་ཐམས་ཅད་ཀྱི་སྙིང་པོ་ལེའུ་ཉེར་བཞི་པ་སློབ་དཔོན་པདྨ་དང་། ལོ་ཙཱ་བ་རྦ་སང་ཤི་ཏ་དང་། ངན་ལམ་རྒྱལ་མཆོག་དབྱངས་ཅོག་རོ་རྣམས་ཀྱི་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ཁྲོ་བོ་འདུས་པ་བདེ་གཤེགས་སྤྱི་དྲིལ་རྟ་མགྲིན་རྔོག་མ་ལེ་


DNG026_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

བརྒན་གྱི་རྒྱུད་ལེའུ་བཅུ་བདུན་པ་ཨོ་རྒྱན་ཆེན་པོ་དང་ཁ་ཆེ་ཨཱ་ནནྡ་བཻ་རོ་གསུམ་གྱི་འགྱུར། དཔལ་རྟ་མགྲིན་ལས་རྒྱུད་ལེའུ་བཅུ་གཅིག་པ། ཨོ་རྒྱན་དང་རྒྱལ་བ་མཆོག་དབྱངས་ཀྱིས་བསྒྱུར་བ། པདྨ་དབང་ཆེན་དྲེགས་པ་ཚར་གཅོད་ཀྱི་རྒྱུད། ལེའུ་ཉེར་དགུ་པ་པདྨ་སཾ་བྷ་བའི་རང་འགྱུར། པདྨ་དབང་ཆེན་ཡང་གསང་ཁྲོས་པའི་རྒྱུད། ལེའུ་བཅུ་གསུམ་པ་སློབ་དཔོན་གྱིས་མངའ་བདག་ལ་གདམས་པ་བཻ་རོའི་འགྱུར། གཏེར་སྟོན་གསུམ་གྱིས་སེ་བ་ལུང་ནས་སྤྱན་དྲངས་པ། རྟ་མགྲིན་དཔའ་བོ་གཅིག་པ་གསང་བ་ཕྲིན་ལས་ཀྱི་རྒྱུད་ལེའུ་ཉེར་གཉིས་པ་གནམ་སྐས་བྲག་ནས་རཏྣ་གླིང་པས་བཏོན་པ། ཕྱིར་བཟློག་སྟོབས་ཆེན་རྟ་མགྲིན་གྱི་རྒྱུད་ལེའུ་དྲུག་པ་ཨོ་རྒྱན་ཆེན་པོ་དང་འདན་མ་རྩེ་མང་གིས་བསྒྱུར་བ། རྟ་མགྲིན་ནཱ་ག་ཀླུ་འདུལ་གྱི་རྒྱུད་ལེའུ་སོ་བདུན་པ་འགྱུར་བྱང་མ་འཁོད་པ་རྣམས་སོ།། གསུམ་པ་ཡང་དག་ཐུགས་ཀྱི་རྒྱུད་ལ། ཧེ་རུ་ཀའི་གལ་པོ་ཞི་ཁྲོ་འབུམ་རྒྱུད། ལེའུ་བཅུ་དྲུག་པ་འགྱུར་བྱང་མ་འཁོད་པ། འདི་དཔེ་རྒྱུན་ཤིན་ཏུ་མ་དག་པས་འཆོས་དཀའ་བར་འདུག་ཡང་རྒྱུན་ལ་བསམས་ནས་བཀོད། ཧེ་རུ་ཀ་ཐུགས་ཀྱི་རྒྱུད་གལ་པོ་ལེའུ་དགུ་པ་པདྨ་སཾ་བྷ་བ་དང་ནམ་མཁའི་སྙིང་པོས་བསྒྱུར་བ། ཛ་པ་ལ། ཁྲག་འཐུང་གལ་པོ་ཆེ་རྒྱུད་ལུང་ཐམས་ཅད་ཀྱི་རྒྱལ་པོ་བརྟག་པ་ཉེར་གསུམ་པ་འགྱུར་བྱང་མ་འཁོད་པ། དཔལ་ཧེ་རུ་ཀ་གལ་པོ་དུར་ཁྲོད་མངོན་པར་འབྱུང་བའི་རྒྱུད་ཕྱི་མ། ཧེ་རུ་ཀ་འདུས་པའི་རྒྱུད་ལེའུ་གཅིག་གིས་རྫོགས་པ་ཤྲཱི་སེངྷ་དང་བཻ་རོའི་འགྱུར། རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་ཁྲོ་བོ་པུཎྜ་རཱི་ཀའི་རྒྱུད་སྒྲུབ་ལུགས་ཉེར་གཅིག་པ། དེ་བཞིན་རིགས་ཀྱི་སྒྲུབ་ལུགས་གསང་བ་མེ་དཔུང་གི་རྒྱུད་ལེའུ་གཉིས་པ་འགྱུར་བྱང་མ་འཁོད་པ་རྣམས་སོ།། བཞི་པ་བདུད་རྩི་ཡོན་ཏན་གྱི་རྒྱུད་ལ། ཐམས་ཅད་བདུད་རྩི་ལྔའི་རང་བཞིན་དངོས་གྲུབ་ཉེ་བའི་སྙིང་པོ་བདུད་རྩི་མཆོག་གི་ལུང་བམ་པོ་བརྒྱད་པ་འགྱུར་བྱང་མ་འཁོད་པ། ཐམས་ཅད་བདུད་རྩི་ལྔའི་རང་བཞིན་གྱི་རྒྱུད་རྫོགས་


DNG026_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

སོའི་མཐའ་ཅན་འགྱུར་བྱང་མེད་པ། བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བའི་འཁོར་ལོའི་རྒྱུད་ལེའུ་ཉེར་གཉིས་པ་འགྱུར་བྱང་མ་འཁོད་པ། ཝ་པ་ལ། བདུད་རྩི་ཆེན་པོ་འཁོར་ལོ་འབར་བའི་རྒྱུད་ལེའུ་བདུན་པ་རྒྱ་གར་གྱི་མཁན་པོ་བི་མ་ལ་དང་། བོད་ཀྱི་ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མཱ་རས་བསྒྱུར་བ། ཐམས་ཅད་བདུད་རྩི་ལྔའི་རང་བཞིན་རིན་པོ་ཆེ་ཕྲེང་བའི་རྒྱུད་ལེའུ་བཅུ་བདུན་པ་འགྱུར་གོང་འདྲ། བདུད་རྩི་བདེ་བ་ཆེན་པོའི་རྒྱུད་ལེའུ་བཅུ་པ་འགྱུར་གོང་འདྲ། ཐམས་ཅད་བདུད་རྩི་ལྔའི་རང་བཞིན་དུ་འཁྲུངས་ཤིང་སྐྱེ་བར་བྱེད་པ། འབྲས་བུ་རིན་པོ་ཆེ་འོད་ལྟར་འབར་བའི་རྒྱུད་ལེའུ་ཉེར་བདུན་པ་འགྱུར་གོང་འདྲ། འདི་ཡིག་རྒྱུན་མ་དག་པ་མང་ཡང་རྒྱུན་ལ་བསམས་ནས་བཀོད། བདུད་རྩི་ལས་རྒྱ་མཚོའི་རྒྱུད་ལེའུ་ཉི་ཤུ་པ་འགྱུར་གོང་འདྲ། ཐམས་ཅད་བདུད་རྩི་ལྔའི་རང་བཞིན་དངོས་གྲུབ་ཆེན་པོ་ཉེ་བའི་སྙིང་པོའི་མཆོག་གི་རྒྱུད། ལེའུ་བཅོ་ལྔ་པ། ཡང་དབང་གཏེར་གྱིས་སྲུ་ལེགས་པའི་སྒྲོན་མ་ལ་གཏད་པ། བདུད་རྩི་ཆེན་པོ་ཆོས་ཉིད་གསང་བའི་རྒྱུད་ལེའུ་དྲུག་པ་འགྱུར་གོང་འདྲ། བདུད་རྩི་འཁྱིལ་པ་འཆི་མེད་ཚེའི་རྒྱུད། ལེའུ་བཅུ་བཞི་པ། བི་མ་ལ་དང་འཇིང་གསལ་འབར་གྱིས་བསྒྱུར་བ། སངས་རྒྱས་ཐམས་ཅད་ཀྱི་བདུད་རྩི་ཡེ་ཤེས་འོད་ལྡན་གྱི་རྒྱུད་ལེའུ་དྲུག་ཅུ་པ་མངའ་བདག་ཉང་གིས་སྤྱན་དྲངས་པ་རྣམས་སོ།། ལྔ་པ་ཕྲིན་ལས་ཕུར་པའི་སྐོར་ལ། རྡོ་རྗེ་ཁྲོས་པ་ཕུར་པ་རྩ་བའི་རྒྱུད་ལེའུ་བཅུ་བདུན་པ་སློབ་དཔོན་པདྨ་དང་ངམ་འདྲེ་ས་ལེའུ་འགྱུར། ཐུགས་རྗེ་ཁྲོས་པ་རྩ་བའི་རྒྱུད་ཀྱི་བཤད་པ། ལེའུ་བཅུ་གསུམ་པ་དངོས་གྲུབ་བརྙེས་པའི་རྗེ་བཙུན་རྡོ་རྗེ་སེམས་མ་དང་ལོ་ཙཱ་བ་འགར་ཤེས་རབ་འབྱུང་གིས་བསྒྱུར་བ། རྡོ་རྗེ་ཕུར་བུ་གསང་བའི་རྩ་བ་རྣལ་འབྱོར་ཆེན་པོ་ཡང་དག་པའི་རྒྱུད། ལེའུ་ཉི་ཤུ་པ་ཕྱི་མ་དང་བཅས་པ་པདྨ་འབྱུང་གནས་དང་བྲང་ཏི་ཛ་ཡ་རཀྵྀ་ཏའི་འགྱུར། རྡོ་རྗེ་ཕུར་པའི་བཤད་རྒྱུད་དྲི་མེད་འོད་ལྡན་ལེའུ་ཞེ་བཞི་པ་འགྱུར་བྱང་མ་འཁོད་པ། ཕྲིན་


DNG026_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཕུན་སུམ་ཚོགས་པའི་རྒྱུད་ཀརྨ་གུ་རུ་ལེའུ་བཅོ་ལྔ་པ་རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་བོད་ཀྱི་ལོ་ཙཱ་བ་གཉགས་ཛྙཱ་ནའི་འགྱུར། ཞ་པ་ལ། ཕུར་པ་ཕྲིན་ལས་ཀརྨ་ལས་ཀྱི་རྒྱུད་ལེའུ་བཅུ་བཞི་པ་སླར་ཡང་སློབ་དཔོན་ཆེན་པོ་མཁའ་འགྲོའི་གནས་ནས་བྱོན་པ་ལས་རོང་ཟོམ་གཞོན་བློས་བསྒྱུར་བ། རྡོ་རྗེ་ཕུར་པ་ཞེས་བྱ་བ་དྲག་པོ་ལས་ཀྱི་རྟོག་པ་ལེའུ་བཅོ་བརྒྱད་པ་ས་ལོས་བསྒྱུར་ཟེར་བ། རྡོ་རྗེ་ཕུར་པ་ཆེན་པོ་གཏོར་མའི་རྒྱུད། ལེའུ་བདུན་པ་གཏན་ཚིགས་དང་བཅས་པ། ཕུར་པ་ཟ་བྱེད་ཡཀྴ་འབར་བའི་རྒྱུད། ལེའུ་བཅུ་གཅིག་པ་གཉིས་འགྱུར་བྱང་མ་འཁོད་པ། རྡོ་རྗེ་ཕུར་བུ་ཆོས་ཐམས་ཅད་མྱ་ངན་ལས་འདས་པའི་རྒྱུད། ལེའུ་ཉེར་བརྒྱད་པ་སློབ་དཔོན་བྷ་ཥི་ཏའི་འགྱུར། སྐུ་དང་ཡེ་ཤེས་ཐམས་ཅད་འདུས་པ་སངས་རྒྱས་འདུས་པའི་རྒྱུད་ལེའུ་བཅོ་ལྔ་པ་ཛྙཱ་ན་གརྦྷ་དང་བཻ་རོའི་འགྱུར། ཡན་ལག་གི་རྒྱུད་བཅུ་ལ། ཁྲོ་བོ་ཧཱུཾ་ཀཱ་རའི་རྒྱུད་ལེའུ་ལྔ་པ། རྣམ་པར་རྒྱལ་བའི་རྒྱུད། ལེའུ་བདུན་པ། དབྱུག་པ་སྔོན་པོའི་རྒྱུད། ལེའུ་ལྔ་པ། གཤིན་རྗེ་གཤེད་པོའི་རྒྱུད། ལེའུ་བཞི་པ། མི་གཡོ་མགོན་པོའི་རྒྱུད། ལེའུ་ལྔ་པ། རྟ་མགྲིན་གྱི་རྒྱུད། ལེའུ་དྲུག་པ། གཞན་གྱིས་མི་ཐུབ་པའི་རྒྱུད། ལེའུ་ལྔ་པ། བདུད་རྩི་འཁྱིལ་པའི་རྒྱུད། ལེའུ་དྲུག་པ། ཁམས་གསུམ་རྣམ་རྒྱལ་གྱི་རྒྱུད། ལེའུ་བདུན་པ། སྟོབས་པོ་ཆེའི་རྒྱུད། ལེའུ་ལྔ་པ་རྣམས་འགྱུར་བྱང་མ་འཁོད་པ། རྡོ་རྗེ་ཕུར་པ་མེ་ལོང་གསལ་བ་སྤུ་གྲི་རེག་གཅོད་འཁོར་ལོ་རྩིབས་ཀྱི་རྒྱུད་ལེའུ་བདུན་པ་འགྱུར་བྱང་མ་འཁོད་པ། རྒྱུད་ཀྱི་རྒྱལ་པོ་དཔལ་འཇིག་རྟེན་སྣང་བྱེད་ལེའུ་ཉེར་བདུན་པ་རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང་ལོ་ཙཱ་བ་པ་གོར་བཻ་རོ་ཙ་ནས་བསྒྱུར་བ། ཕུར་པ་དམ་པ་གསང་ཆེན་རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་ཕྲེང་བའི་རྒྱུད་ལེའུ་བཅུ་དྲུག་པ་འགྱུར་གོང་འདྲ། དཔལ་རྡོ་རྗེ་བཀོད་པ་རྣལ་འབྱོར་ཆེན་པོའི་རྒྱུད། ལེའུ་བཅོ་ལྔ་པ་ཤྲཱི་ཛྙཱ་ནའི་འགྱུར་ལ་དཔལ་གྱི་ཡེ་ཤེས་ཀྱིས་བཅོས་པ། འཕགས་པ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རྩེ་མོའི་རྒྱུད་ལེའུ་ལྔ་བཅུ་ང་གཉིས་པ། རྡོ་རྗེ་ཕུར་པ་ཆོས་ཐམས་ཅད་ཀྱི་གསང་བ་དོན་དབྱིངས་


DNG026_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡེ་ཤེས་གཉིས་སུ་མེད་པའི་རྒྱུད་ལེའུ་ལྔ་པ་གཉིས་འགྱུར་བྱང་མ་འཁོད་པ། སྦས་པ་གསང་བ་ཟབ་མོ་མདུང་རྩེའི་རྒྱུད། ལེའུ་དགུ་པ་ཛྙཱ་ན་གརྦྷ་དང་བཻ་རོ་ཙ་ནའི་འགྱུར། རྡོ་རྗེ་ཕུར་པ་མདུང་རྩེ་དམར་པོའི་རྒྱུད། ལེའུ་བཅུ་དགུ་པ་པདྨ་འབྱུང་གནས་དང་ཛྙཱ་ན་ཀུ་མཱ་རའི་འགྱུར། བསེ་སྒྲོམ་དམར་པོའི་རྒྱུད། ལེའུ་བཞི་པ་པདྨས་ལྷ་སྲས་ལྕམ་སྲིང་ལ་གཏད་པ། ཤོ་ན་དཀར་ནག་གི་རྒྱུད། ལེའུ་བཞི་པ་འགྱུར་བྱང་མ་འཁོད་པ། རྡོ་རྗེ་ཕུར་པ་ཕྲིན་ལས་འཁོར་ལོ་གབ་པ་གསང་བའི་རྒྱུད་ལེའུ་བཅུ་གཉིས་པ། རྡོ་རྗེ་ཐོད་ཕྲེང་རྩལ་དང་ལྕེ་ཀུ་ཀུ་རཱ་ཛ་དང་བྲང་ཏི་ཛ་ཡ་རཀྵྀ་ཏས་བསྒྱུར་བ། རྡོ་རྗེ་འབར་བ་གསང་བའི་རྒྱུད་ཀལྤ་དུམ་བུ་ཕྱི་མ་ལེའུ་བཅུ་དང་བཅས་པ་འགྱུར་བྱང་མ་འཁོད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་མཆོག་དམ་པ་གསང་ཆེན་རྡོ་རྗེ་འབར་བའི་རྒྱུད། ལེའུ་བཅུ་བདུན་པ་རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང་བཻ་རོའི་འགྱུར་ལ། སླར་ཡང་རིན་བཟང་གིས་ཞུས་པ། ཟ་པ་ལ། རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་ལེའུ་བཞི་བཅུ་བཞི་པ་འགྱུར་བྱང་མ་འཁོད་པ། ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ཆེན་མོ་ལེའུ་བརྒྱད་ཅུ་གྱ་གསུམ་པ་ཨོ་རྒྱན་གྱི་མཁན་པོ་རྡོ་རྗེ་ཐོད་ཕྲེང་དང་། བོད་ཀྱི་ལོ་ཙཱ་བ་མང་ཡུལ་གྱི་ལོ་ཙཱ་བ་ལྕེ་ཀུ་ཀུ་རཱ་ཛ་དང་བྲང་ཏི་ཛ་ཡ་རཀྵྀ་ཏས་བསྒྱུར་ཅིང་གཏན་ལ་ཕབ་པ། ཞེ་སྡང་ཡོངས་སུ་དག་པའི་རྒྱུད་ཀྱི་རྒྱལ་པོ་ལེའུ་ཉེར་གཉིས་པ་སློབ་དཔོན་ནག་པོའི་ཞབས་དང་ལོ་ཙཱ་བ་ཤྲཱི་བྷ་ལ་ཀུ་ཏྲ་དྷ་ན་དེ་བས་བསྒྱུར་བ། ཕུར་པ་གསང་བའི་སྔགས་རྒྱུད་འབྱུང་པོ་ཀུན་འདུལ་ཕྲིན་ལས་རྫོགས་པ་ལེའུ་བཅུ་དྲུག་པ་ལྕེ་ཀུ་ཀུ་རཱ་ཛ་དང་བྲང་ཏི་ཛ་ཡ་རཀྵྀ་ཏས་བསྒྱུར་བ། ཕུར་པ་གསང་བ་གདམས་ངག་ཅན་གྱི་རྒྱུད་ལེའུ་བཅོ་བརྒྱད་པ། ཕུར་པ་བཅུ་གཉིས་འབྱུང་བའི་རྒྱུད་ཆུང་ངུ་ལེའུ་བཅུ་གཉིས་པ་གཉིས་འགྱུར་བྱང་མ་འཁོད་པ། ཕུར་པ་བཅུ་གཉིས་ཀྱི་རྒྱུད་དམ་ཀཱི་ལ་ཡ་བཅུ་གཉིས་ཀྱི་ཏནྟྲ་ལེའུ་བཅུ་གཉིས་པ། ཨོ་རྒྱན་གྱི་སློབ་དཔོན་རྡོ་རྗེ་ཐོད་ཕྲེང་རྩལ་དང་། བོད་ཀྱི་ལོ་ཙཱ་བ་མང་ཡུལ་གྱི་ལྕེ་ཀུ་ཀུ་རཱ་ཛ་དང་བྲང་ཏི་ཛ་ཡ་རཀྵྀ་ཏས་བསྒྱུར་བ། དྲུག་པ་མ་མོ་རྦོད་གཏོང་གི་སྐོར་ལ། ཡུམ་གཟུངས་མའི་དངོས་གྲུབ་ཆེན་པོའི་རྒྱུད་མ་མོ་སྲིད་པའི་རྫོང་ལུང་


DNG026_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་མོ། །དེའི་རྒྱུད་ཕྱི་མ་དང་བཅས་པ་ལེའུ་ང་གསུམ་པ་འགྱུར་བྱང་མ་འཁོད་པ། སྲིད་པའི་རྒྱུད་ལུང་གི་རྒྱུད་ཕྱི་མ་ཁ་འབར་ནག་མོ་ལས་རྒྱ་མཚོའི་རྒྱུད་ལེའུ་དགུ་པ། མ་མོ་ལམ་རྒྱུད་ལུང་ཞེས་བྱ་ལེའུ་བཅུ་གཉིས་པ་གཉིས་འགྱུར་བྱང་མ་འཁོད་པ། མ་མོ་འབུམ་གྱི་ཏི་ཀ་སྔགས་ཀྱི་སྲུང་མ་དཔལ་ཨེ་ཀ་ཛ་ཊིའི་རྒྱུད་དེའི་ཕྱི་མ་དང་བཅས་པར་ལེའུ་གོ་དྲུག་པ། རྒྱ་གར་གྱི་མཁན་པོ་དྷ་ན་སཾ་སྐྲི་ཏ་དང་། འབྲོག་མི་དཔལ་གྱི་ཡེ་ཤེས་དང་། གནུབས་ཀྱིས་བསྒྱུར་བ། འ་པ་ལ། རལ་གཅིག་མ་ཆོས་དབྱིངས་བདག་མོ་སྤུ་གྲི་ཡ་མའི་རྒྱུད་ལེའུ་ཉེར་ལྔ་པ་དཱ་ན་ཤཱི་ལ་དང་ཡང་དབང་གཏེར་གྱིས་བསྒྱུར་བ། ཨེ་ཀ་ཛ་ཊི་སྦས་པ་ནག་མོའི་རྒྱུད་ལེའུ་ལྔ་པ། ཨེ་ཀ་ཛ་ཊི་ཟ་བྱེད་སྤྱང་རྒྱལ་ནག་མོའི་རྒྱུད་ལེའུ་སོ་གཉིས་པ་གཉིས་འགྱུར་བྱང་མ་འཁོད་པ། མཁའ་འགྲོ་མ་མེ་ལྕེ་འབར་མའི་རྒྱུད་ལེའུ་ཉེར་བཞི་པ་མཁའ་འགྲོ་དོམ་པ་ཀ་དང་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་ཞུས་པ། ཧེ་སྡུད་འབར་མ་རེ་ཏི་མཆེད་བཞིའི་རྒྱུད་ལེའུ་བཅུ་གཅིག་པ་འགྱུར་བྱང་མ་འཁོད་པ། ལས་ཀྱི་མཁའ་འགྲོ་མ་དེ་ཁོ་ན་ཉིད་གསུམ་འདུས་པ་ཞེས་བྱ་བའི་རྩིབས་ཀྱི་རྒྱུད། ལེའུ་བཞི་པ་ཤཱནྟིཾ་གརྦྷ་དང་། ལྕེ་བཀྲ་ཤིས་ཀྱི་འགྱུར། སྲིད་པ་མཚོ་བཞིའི་རྒྱུད་བསྟན་མ་ལས་རྒྱ་མཚོ་ལེའུ་ཉེར་གཉིས་པ། མ་མོ་འདུས་པའི་རྒྱུད་དམ་གསང་བ་གཏན་ཚིགས་ཀྱི་རྒྱུད་ལེའུ་བརྒྱད་པ་གཉིས་འགྱུར་བྱང་མ་འཁོད་པ། མ་མོ་སྲིད་པ་ཟླ་གསང་ཐིག་ལེའི་རྒྱུད། ལེའུ་བཅུ་གཉིས་པ། པཎྜི་ཏ་གུ་ཧྱ་གསང་བ་དང་། འབྲོག་མི་དཔལ་གྱི་ཡེ་ཤེས་ཀྱིས་བསྒྱུར་བ། བསྟན་པ་སྲུང་བའི་མན་ངག་ཐུགས་ཀྱི་ཡང་སྙིང་མ་མོ་འབུམ་ཏིག་གི་རྒྱུད་ལེའུ་ཞེ་བརྒྱད་པ། དེའི་ཕྱི་མ་མ་མོ་བྱང་ཆུབ་ཀྱི་སེམས་གསང་བའི་རྒྱུད་གོང་གི་འཕྲོས་ལེའུ་ཞེ་དགུ་ནས་བརྒྱ་ཞེ་གཅིག་པ་རྫོགས་སོའི་མཐའ་ཅན་འགྱུར་བྱང་མེད་པ། མ་མོ་སྣང་སྲིད་ཐིག་ལེའི་རྒྱུད་ལུང་བྱང་སྐོར་གྱི་རྩ་རྒྱུད་ལེའུ་སོ་གཉིས་པ་གནུབས་ནམ་མཁའི་སྙིང་པོས་བསྒྱུར་བ། བྱང་སྐོར་བྱ་རྒྱུད་ཕྱི་མ་ལེའུ་བཅུ་གཉིས་པ། འཕགས་པ་ལྷ་མོ་རྡོ་རྗེ་ནག་མོ་དབང་ཕྱུག་མའི་སྔགས་རྒྱུད། ལེའུ་བཅོ་ལྔ་པ། དེའི་རྒྱུད་ཕྱི་མ་ལེའུ་བཅུ་གཉིས་པ། དེའི་ཕྱི་མའི་ཕྱི་མ་ཚིག་རྐང་ཡོངས་སུ་གཅོད་པ་ལེའུ་བདུན་པ། འཕགས་པ་ལྷ་མོ་ནག་མོའི་སྔགས་རྒྱུད་ལེའུ་བཅུ་གཅིག་པ། དེའི་


DNG026_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་མའི་རྒྱུད་ལེའུ་བཅུ་གཉིས་པ། ལྷ་མོ་ནག་མོའི་ཐུགས་ཀྱི་སྲོག་སྒྲུབ་ཙིཏྟ་གསང་བའི་རྒྱུད་ལེའུ་བཅོ་བརྒྱད་པ་རྣམས་འགྱུར་བྱང་མ་འཁོད་པ། སྙིང་ཏིག་བཀོལ་བའི་རྒྱུད་ལེའུ་དགུ་པ། ཡང་ཏིག་བཀོལ་བའི་རྒྱུད་ལེའུ་བཅུ་པ་ཤྲཱི་སེངྷ་དང་བཻ་རོའི་འགྱུར། སྙིང་ཏིག་བཀོལ་བའི་རྒྱུད་འུག་པའི་གདོང་ཅན་ལེའུ་ཉི་ཤུ་པ། དབྱིངས་གསང་བ་འཁོར་ལོའི་རྒྱུད། ལེའུ་དགུ་པ། ཕྲ་མེན་སྤྱང་ཀི་ལས་ཀྱི་རྒྱལ་མོའི་རྒྱུད། ལེའུ་ཉེར་བཞི་པ། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས་སྲིད་པ་ཕྲ་མེན་རྒྱ་མཚོས་བསྡུས་པ་སྲིད་པ་རྡོ་རྗེ་མཁའ་འགྲོ་ཕྲ་མེན་ལས་རྒྱུད་ལེའུ་ཉེར་བཞི་པ་རྣམས་ལ་འགྱུར་བྱང་མ་འཁོད་པ། ཡ་པ་ལ། བདུན་པ་བསྟན་སྲུང་མཆོད་བསྟོད་དང་། བརྒྱད་པ་དྲག་སྔགས་སྐོར་ལ། དྲེགས་པ་འདུས་པ་རྩ་བའི་རྒྱུད་ལེའུ་བཅུ་གཅིག་པ་སློབ་དཔོན་པདྨ་སཾ་བྷ་བ་དང་ལོ་ཆེན་བཻ་རོས་བསྒྱུར་བ། དྲག་སྔགས་འདུས་པ་རྩ་བའི་རྒྱུད་ལེའུ་བཅུ་གཅིག་པ་འགྱུར་གོང་འདྲ། དཔལ་མགོན་པོ་གསང་བ་སྙིང་གི་འཁོར་ལོ་དངོས་གྲུབ་ཆེན་པོ་འབྱུང་བའི་རྒྱུད། ལེའུ་བཅོ་ལྔ་པ་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་བསྒྱུར་བ། དཔལ་ནག་པོ་ཆེན་པོ་མེ་ལྕེ་ཕྲེང་བའི་རྒྱུད་ལེའུ་ཞེ་ལྔ་པ་དྷ་ན་སཾ་སྐྲི་ཏ་དང་བཻ་རོ་ཙ་ནས་བསྒྱུར་བ། དཔལ་ནག་པོ་ཆེན་པོ་དུར་ཁྲོད་ནག་པོའི་རྒྱུད་བརྟག་པ་བཅུ་གཉིས་པ་བླ་མ་ནག་པོ་རོ་འཛིན་དང་གྱི་ལྗང་དབུ་དཀར་གྱིས་བསྒྱུར་བ། ནག་པོ་ཆེན་པོ་མན་ངག་བརྩེགས་པ་གྲི་གུག་གི་རྒྱུད་ལེའུ་ཉེར་གཅིག་པ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བ། ནག་པོ་ཆེན་པོ་སྐུ་གསུང་ཐུགས་ཁྲོས་པའི་རྒྱུད་ལེའུ་བཅོ་བརྒྱད་པ་ཉང་གི་གཏེར་བྱོན། མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད། ལེའུ་སུམ་ཅུ་རྩ་དྲུག་པ་བྲམ་ཟེ་གསལ་བའི་རྒྱན་དང་བལ་པོའི་རྒྱལ་པོ་བ་སུ་དྷ་རས་བསྒྱུར་བ། ནག་པོ་ཆེན་པོ་དྲག་པོའི་བརྟག་པ་དུར་ཁྲོད་ཆེན་པོའི་རྒྱུད་ལེའུ་བཅུ་པ་སྣ་ནམ་རྡོ་རྗེ་བླ་མས་བསྒྱུར་བ། ནག་པོ་ཆེན་པོ་གཟུགས་ཅན་གཅེར་བུའི་རྒྱུད་ལེའུ་བཅུ་གཉིས་པ། རྣལ་འབྱོར་དབང་ཕྱུག་ཆེན་མོ་རལ་གཅིག་མའི་རྒྱུད་ལེའུ་བཅུ་བཞི་པ་གཉིས་ལ་འགྱུར་བྱང་མ་འཁོད་པ། མ་མོ་སྲིད་པའི་བེམ་ཆེན་མོ་ལེའུ་སོ་ལྔ་པ་མན་ཆད་མི་གསལ་བ་གུ་རུ་འཕྲུལ་གྱི་གཤོག་རྒོད་རྩལ་དང་བན་ཆུང་ཡང་དབང་གཏེར་གྱིས་བསྒྱུར་བ།


DNG026_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་གྱི་རྒྱུད་ལེའུ་བཅོ་ལྔ་པ་སྣ་ནམ་གྱིས་བསྒྱུར་བ། ཀི་ཀང་རོག་ཏིའི་མདོ་སྙིང་གཟེར་ནག་པོའི་རྒྱུད་ལེའུ་བཅོ་ལྔ་པ་འགྱུར་བྱང་མ་འཁོད་པ། ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ལེའུ་ང་གསུམ་པ་འགྱུར་བྱང་མ་འཁོད་པ། དེ་རྣམས་ཀྱི་མཐར་བདེ་ལེགས་སུ་བྱེད་པའི་བཀྲ་ཤིས་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ་དང་བཅས་པ་བཞུགས་སོ། །དེ་ནས་གོང་གི་གོ་རིམ་དུ་ཕྱི་མོ་མ་འབྱོར་བས་སྐབས་འདིར་རྒྱུད་འདི་འཛུད་ཅེས་བྲིས་པ་རྣམས་ཕྱིས་འབྱོར་པ་ཕྱོགས་གཅིག་ཏུ་ཁ་སྐོངས་སུ་བཀོད་པའི་གླེགས་བམ། ར་པ་ལ། རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལེའུ་ཉེར་བདུན་པ་བི་མ་ལ་དང་གཉགས་ཀྱི་འགྱུར། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་ཕྱི་མ་གསང་བའི་རྒྱུད་ལེའུ་བཞི་པ། རྒྱུད་ཕྱི་མའི་ཕྱི་མ་མཐར་ཐུག་གི་རྒྱུད་ལེའུ་བཞི་པ། བསྟན་པ་ཐམས་ཅད་ཀྱི་སྙིང་པོ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་རང་ཆས་སུ་བཞུགས་པ་ལེའུ་བརྒྱད་པ་བི་མ་ལས་ཉང་ཏིང་འཛིན་བཟང་པོ་ལ་གཏད་པ། རྒྱལ་བ་རྡོ་རྗེ་སེམས་དཔའི་དགོངས་པ་བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པུ་ལེའུ་བརྒྱད་པ་འགྱུར་གོང་འདྲ། མན་ངག་སྙིང་གི་དགོངས་པ་རྒྱལ་བའི་བཀའ་ལེའུ་བཅུ་གསུམ་པ་འགྱུར་བྱང་མ་འཁོད་པ། ཐིག་ལེ་གསང་བའི་བརྡ་བརྒྱད་ལེའུ་བཅུ་དགུ་པ་བི་མ་ལ་དང་གཉགས་ཛྙཱ་ན་ཀུ་མཱ་རས་བསྒྱུར་བ། སྐུ་གསུམ་གྱི་སྣང་བ་གསལ་བར་ངོ་སྤྲད་པ་ངོ་སྤྲོད་བཞིའི་རྒྱུད་ལེའུ་བརྒྱད་པ་འགྱུར་བྱང་མ་འཁོད་པ། སྐུ་གསུང་ཐུགས་རྡོ་རྗེ་རྩ་བ་ཐམས་ཅད་རྫོགས་པ་ལེའུ་སོ་ལྔ་པ་སློབ་དཔོན་ཆེན་པོས་རྗེ་འབངས་གྲོགས་གསུམ་ལ་གདམས་པ། ཐེག་པ་ཐམས་ཅད་ཀྱི་སྤྱི་ཕུད་ལྟ་བ་ཀློང་ཆེན་ཡངས་པ་ལེའུ་ལྔ་བཅུ་རྩ་གསུམ་པ་རྡོ་རྗེ་གླིང་པས་སྤྱན་དྲངས་པ། རིན་པོ་ཆེ་གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ལེའུ་བཞི་པ་རྗེ་འབངས་གཉིས་ཀྱི་མནོག་ཆོས་ཡིན་ཞེས་པ་དང་། དེའི་རྒྱུད་ཕྱི་མ་ལེའུ་བཅུ་དྲུག་པ་འགྱུར་བྱང་མ་འཁོད་པ། ཀུན་ཏུ་བཟང་པོ་གསང་བའི་སྙིང་པོ་བདེ་བ་ཆེན་པོ་སྤུ་གྲི་པདྨ་རལ་གྲི་འཁོར་ལོའི་རྒྱུད། ལེའུ་ཉེར་དྲུག་པ་ཤྲཱི་སེངྷ་དང་བཻ་རོའི་འགྱུར། ལ་ཟློ་གསང་བའི་འཁོར་ལོ་ལེའུ་བཅུ་གཅིག་པ། རྗེ་བཙུན་དམ་པ། རིན་ཆེན་ཀུན་འདུས། ཁམས་གསུམ་སྒྲོན་མ་རྣམས་ཚིགས་སུ་བཅད་པ་འགྱུར་བྱང་མ་འཁོད་པ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པ་ལེའུ་བཅུ་དྲུག་པ་འགྱུར་བྱང་མ་འཁོད་པ། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ལེའུ་ཞེ་གཉིས་པ་ཤྲཱི་སེངྷ་དང་བཻ་རོའི་འགྱུར། ཆོས་ཐམས་ཅད་སེམས་ཉིད་ཡེ་ཤེས་ཀྱི་རྒྱལ་པོ་དངོས་གྲུབ་


DNG026_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

རང་བྱུང་དུ་སྤྱོད་པ་དབང་བསྐུར་བ་རྣ་བརྒྱུད་ཟམ་པ་ལེའུ་མེད་པ་རྫོགས་སོའི་མཐའ་ཅན་འགྱུར་བྱང་མ་འཁོད་པ། ཐིག་ལེ་རྒྱ་མཚོ་གནས་པ་ལ་འཇུག་པའི་རྒྱུད། ལེའུ་བཅུ་པ་བི་མ་ལ་དང་གཡུ་སྒྲས་བསྒྱུར་བ། བང་མཛོད་འཕྲུལ་གྱི་ལྡེ་མིག །ལེའུ་མེད་པ་འགྱུར་བྱང་མ་འཁོད་པ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་རྒྱས་པ་རྣལ་འབྱོར་མའི་རྒྱུད། ལེའུ་བཅོ་ལྔ་པ་འགྱུར་བྱང་མེད་པ། རྨ་བྱ་མཇིང་བསྣོལ་ཕྱི་མཐའི་མུན་སེལ་ཆེན་པོ་ལེའུ་ལྔ་པ་འགྱུར་བྱང་མ་འཁོད་པ། ཀུན་ཏུ་ ཉ་ནང་ལེའུ་བཅུ་དྲུག་ཅན་ཡོད་ཀྱང་འདི་དང་འདྲ་མིན་འདུག་པས་བཞག་ བཟང་པོ་ཆེ་བ་རང་ལ་གནས་པ་ལེའུ་སུམ་ཅུ་གཅིག་པ། སྐུ་གདུང་འབར་བ་སཱཙྪ་མཆོད་རྟེན་གྱི་རྒྱུད་ལེའུ་དགུ་པ། སློབ་དཔོན་རྡོ་རྗེ་གྲོ་ལོད་དང་ལོ་ཙཱ་བ་ཞང་དྲུང་གི་འགྱུར། ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་རཏྣ་གླིང་པའི་གཏེར་བྱོན། རྫོགས་ཆེན་ཆིག་ཆོད་ཀུན་གྲོལ་རཏྣ་གླིང་པའི་གཏེར་བྱོན། ཨ་པ་ལ། རྒྱུད་སྡེ་རིན་པོ་ཆེའི་རྟོགས་པ་བརྗོད་པ་ལྷའི་རྔ་བོ་ཆེ་ལྟ་བུའི་གཏམ་དང་བཅས་གླེགས་བམ་གྱི་ཕྲེང་བ་བཅུ་ཕྲག་གཉིས་ལ་དྲུག་གིས་ལྷག་པ་ཉིད་ལེགས་པར་བཞུགས་སོ།། །། སླར་ཡང་སྨྲས་པ། གྲགས་པ་རྨད་བྱུང་རོ་ཡི་གཏེར་གྱུར་ཆོས་དོན་གངྒཱའི་ལྷ་མོ་ནི། །སྙིགས་མའི་སྤྱོད་ཚུལ་རལ་པར་འཕྱན་ལས་རྣམ་འབྱེད་སྐལ་ལྡན་ཤིང་རྟ་འདིས། །ཆགས་སྡང་རྨོངས་པའི་ལམ་གསུམ་རྒྱུད་འབབ་ལུས་ཅན་དྲུག་ཁྲིའི་བཀྲུ་བྱེད་དུ། །སྨོན་ལམ་རབ་ཟབ་བརྩོན་པའི་རིམ་གྲོས་ལེགས་སྤྱད་ཚངས་པ་མགུ་ལས་བྱུང་། །འདིར་འབད་རྣམ་པ་ཀུན་ཏུ་དོན་ཡོད་པའི། །ཞགས་པས་བྱང་ཆེན་མིའམ་ཅི་མོ་ལ། །རབ་བཏབ་རྣམ་མཁྱེན་རྩེ་དགའ་ཆེར་རྒོད་པའི། །བློ་ལྡན་ནོར་བཟང་གཞོན་ནུའི་སྤུན་ཟླ་འདིས། །ཆོས་རྣམས་ཀུན་ལ་ཚད་མའི་གཏེར་གྱུར་པ། །རྐང་གཉིས་གཙོ་བོའི་ཞལ་གྱི་ཆུ་སྐྱེས་ལས། །ལྷུང་བ་རྒ་ཤི་འཇོམས་པ་སྨན་གྱི་མཆོག །ཐར་པའི་བཅུད་དུ་ལེན་ལ་མཐུ་ཆེ་བ། །སྲིད་པའི་མཐར་ཡང་ཞི་བའི་བདུད་རྩི་ཡིས། །བགོ་སྐལ་བཟང་པོས་འཁྱུད་པ་མི་གཏོང་བར། །དོགས་པ་བྲལ་བའི་དགེ་ཚོགས་འཛུམ་རླབ་བརྒྱས། །སྲིད་གསུམ་སྣང་བྱེད་ཟླ་བ་འདི་བསྐྲུན་པས། །བྱང་ཆུབ་རི་མོ་སྙིང་ལ་རྫོགས་པའི་ཁམས། །ཡིད་སྲུབས་སྟོང་གི་སྦྱོར་བས་མི་ཤིགས་པས། །དཔག་དཀའི་ཡོན་ཏན་ཤིང་གི་གྲིབ་བསིལ་དུ། །མངོན་པར་བསྡི་བའི་ཆོས་ཀྱིས་དགའ་བར་འགྱུར། །བདེ་བར་གཤེཊ་པའི་བསྟན་པ་ཐམས་ཅད་ཀྱི་སྙིང་པོ་རིག་པ་འཛིན་པའི་སྡེ་སྣོད། རྡོ་རྗེ་ཐེག་པ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྟོགས་པ་བརྗོད་པ་ལྷའི་རྔ་བོ་ཆེ་ལྟ་བུའི་གཏམ་ལས། རྒྱུད་ཀྱི་བཞུགས་བྱང་དཀར་ཆག་དངོས་ལེགས་པར་བཤད་པའི་སྐབས་ཏེ་བཞི་པའོ།། །།


previousརྒྱུད་ཀྱི་བཞུགས་བྱང་དཀར་ཆག་དངོས་ལེགས་པར་བཤད་པའི་སྐབས།next