སྔ་འགྱུར་བཀའ་མའི་དཀར་ཆག་སྡེབ་སྒྲིག་ཚིག་ཉུང་དོན་གསལ་བདུད་འཇོམས་རིན་པོ་ཆེའི་གསུང་།
སྔ་འགྱུར་བཀའ་མའི་དཀར་ཆག་སྡེབ་སྒྲིག་ཚིག་ཉུང་དོན་གསལ་བདུད་འཇོམས་རིན་པོ་ཆེའི་གསུང་བཞུགས་སོ། །ༀ་སྭ་སྟི། གངས་ཅན་རྒྱལ་བསྟན་ཡོངས་རྫོགས་ཀྱི་ཕྱི་མོ་གསང་སྔགས་སྔ་འགྱུར་བ་ལ་བཀའ་གཏེར་གྱི་བབས་སོ་ཆེན་པོ་གཉིས་སུ་མཆིས་པ་ལས། འདིར་རིང་བརྒྱུད་བཀའི་ཆུ་བོ་མ་ཉམས་པར་བཞུགས་པ་བཀའ་མའི་ཆོས་སྡེ། དེ་ལ་མདོ་སྔགས་རྒྱུད་སྡེ་རབ་འབྱམས་ཀྱི་རྩ་གཞུང་མན་ངག་སྒྲུབ་ཕྲིན་ཡན་ལག་དང་བཅས་པའི་སྐོར་དང་། རྒྱབ་ཆོས་རྒྱ་བོད་མཁས་གྲུབ་དུ་མས་བཀྲལ་བའི་རྒྱུད་ཀྱི་དགོངས་འགྲེལ་རྣམ་བཤད་སྤྱི་ཆིངས་མན་ངག་གི་བསྟན་བཅོས་དང་བཅས་པའི་སྐོར་ཏེ་སྐོར་ཚོ་གཉིས་སུ་ཡོད་པ་ལས། སྐོར་ཚོ་དང་པོ་བཀའ་མ་རྩ་བའི་ཆོས་སྡེ་གླེགས་བམ༼ཀ༽པ་འདིར། ཐོག་མའི་ལམ་གྱི་འཇུག་སྒོ་སྐྱབས་འགྲོ་ཡན་ལག་དྲུག་པ་ལྡེབ་༢། དེའི་འགྲེལ་པ་ཟིན་མ་ཊིཀ་ལྡེབ་༡༠བཅས་བཞུགས། ༈ རྒྱུ་མཚན་ཉིད་ཀྱི་ཐེག་པ་ལས། ལམ་གྱི་གཞི་མ་སོ་ཐར་སྐོར་ལ། སོ་སོར་ཐར་པའི་མདོ་རྩ་བ་ལྡེབ་༣༤། སྡོམ་རྒྱུན་མཁན་བརྒྱུད་རྣམ་ཐར་ལྡེབ་༢༨། དེའི་ཁ་སྐོང་ལྡེབ་༡༡། སོ་ཐར་སྡོམ་བརྒྱུད་གསོལ་འདེབས་ལྡེབ་༣། ལོ་ཆེན་དྷརྨ་ཤྲཱིའི་རྣམ་ཐར་ལྡེབ་༢༤། ཁྱིམ་པ་རྗེས་འཛིན་སོ་ཐར་སྡོམ་པའི་ཆོ་ག་ལྡེབ་༡༢། རབ་བྱུང་གི་གཞིའི་ཆོ་ག་ལྡེབ་༤༢། ལོ་མིང་རེའུ་མིག་ལྡེབ་༡། སྡོམ་པ་འབུལ་ཆོ ག་ལྡེབ་༢། བསླབ་པ་ཡོངས་སུ་སྦྱོང་བ་གཞི་གསུམ་གྱི་ཆོ་ག་དུས་བརྗོད་རེའུ་མིག་བཅས་ལྡེབ་༣༠བཅས་བཞུགས། ༈ ལམ་གྱི་སྙིང་པོ་བྱང་སེམས་སྐོར་ལ། བྱང་ཆུབ་སེམས་ཀྱི་མདོ་སྡུད་པ་ཚིགས་སུ་བཅད་པ་ལྡེབ་༣༣། ཤེས་རབ་སྙིང་པོའི་མདོ་བམ་པོ་གཅིག་པ་ལྡེབ་༤། བྱང་ཆུབ་སེམས་སྡོམ་བརྒྱུད་འདེབས་ལྡེབ་༢། ཐེག་ཆེན་དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་ལྡེབ་༢༡བཅས་བཞུགས། ༈ འབྲས་བུ་སྔགས་ཀྱི་ཐེག་པ་ལས། བྱ་རྒྱུད་སྐོར་ལ། སྨན་བླའི་ཆོ་ག་རྒྱས་པ་ལྡེབ་༧༦། དེའི་འགྲེས་བྱང་ལྡེབ་༡། མིང་བསྒྱུར་ལྡེབ་༡། སྨན་ཆོག་བསྡུས་པ་ལྡེབ་༢༡། དེའི་འགྲེས་བྱང་ལྡེབ་༡། རྗེས་གནང་ལྡེབ་༡༠། བརྒྱུད་འདེབས་ལྡེབ་༢། བསྙེན་ཡིག་ལྡེབ་༣། བསྒོམ་བཟླས་རྒྱུན་ཁྱེར་ལྡེབ་༢། དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡། བཅས་བསྡོམས་ཆོས་ཚན་ཉེར་ལྔ་ལ་ལྡེབ་གྲངས་༣༧༧བཅས་བཞུགས། སྔ་འགྱུར་བཀའ་མ་རྩ་བའི་ཆོས་སྡེའི་གླེགས་བམ༼ཁ༽ པ་འདིར། འབྲས་བུ་སྔགས་ཀྱི་ཐེག་པ་ལས། བྱ་རྒྱུད་སྐོར་ལ། འོད་ཟེར་དྲི་མེད་ཀྱི་དཀྱིལ་ཆོག་ལྡེབ་༣༣། དེའི་ལྷན་ཐབས་དབང་ཆོག་དང་བཅས་པ་ལྡེབ་༣༦། དཀྱིལ་ཆོག་ཁ་སྐོང་དབང་ཆོག་ལྡེབ་༡༡། དཀྱིལ་འཁོར་གྱི་ལས་རིམ་ལྡེབ་༡༡། གཟུགས་ཀྱི་དཀྱིལ་ཆོག་ལྡེབ་༤༥། རྒྱུན་བཟླས་བྱ་ཚུལ་ལྡེབ་༢བཅས་བཞུགས། ༈ གཙུག་ཏོར་དྲི་མེད་ལྷ་ལྔའི་ཆོག་ཁྲིགས་ལྡེབ་༣༠། དེའི་གཟུངས་དང་འབྲེལ་བར་སཱཙྪ་གདབ་ཆོག་ལྡེབ་༡༡། དྲི་མེད་རྣམ་གཉིས་ཀྱི་གཟུངས་ལ་བརྟེན་ཏེ་མཆོད་རྟེན་བཞེངས་པ་ལ་ཉེར་མཁོ་བཀླག་གྲུབ་ལྡེབ་༦༠། བསྐོར་བའི་ཚིགས་བཅད་དང་གསལ་རྒྱལ་གྱི་ཚིགས་བཅད་ལྡེབ་༡༡། མཆོད་རྟེན་བརྒྱ་རྩ་བརྒྱད་གདབ་པའི་ཆོ་ག་ལྡེབ་༢༢། དྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན་བཞེངས་སྐབས་ཉེར་མཁོའི་ཟིན་བྲིས་ལྡེབ་༨། དྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན་དཀྱིལ་འཁོར་དུ་གཞུག་པའི་ཆོ་ག་དང་། མཆོད་རྟེན་གྱི་ཐིག་ཡིག་ལྡེབ་༡༠བཅས་བཞུགས། ༈ གདུགས་དཀར་མཆོག་གྲུབ་མ་ལྡེབ་༡༣། དེའི་ཆོ་ག་ལྡེབ་༡༨། རིག་གཏད་ལྡེབ་༩། བཅས་བཞུགས། ༈ རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ལྡེབ་༤། དེའི་ཆོ་ག་རིག་གཏད་དང་བཅས་པ་ལྡེབ་༩། ཡང་གཟུངས་ཆོག་བུམ་ཁྲུས་རིག་གཏད་དང་བཅས་པ་ལྡེབ་༡༦། རྣམ་འཇོམས་ཁྲོ་དཀར་གྱི་གཟུངས་ཆོག་དབང་བསྐུར་དང་བཅས་ལྡེབ་༢༧། ཁྲོ་ནག་ལྷ་བཅོ་ལྔ་བའི་སྒྲུབ་ཐབས་གཟུངས་ཆོག་ལྡེབ་༢༡། དེའི་དབང་ཆོག་ལྡེབ་༢༨དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡། བཅས་བསྡོམས་ཆོས་ཚན་ཉེར་གཉིས་ལ་ལྡེབ་གྲངས་༤༣༦བཅས་བཞུགས། ༈ སྔ་འགྱུར་བཀའ་མ་རྩ་བའི་ཆོས་སྡེའི་གླེགས་བམ༼ག༽ པ་འདིར། ནང་རྒྱུད་བླ་ན་མེད་པ་མ་ཧཱ་ཡོ་ག་ལས། སངས་རྒྱས་མཉམ་སྦྱོར་གྱི་སྐོར་ལ། སངས་རྒྱས་མཉམ་སྦྱོར་གྱི་རྩ་རྒྱུད་ལྡེབ་༢༨། བརྒྱུད་འདེབས་ལྡེབ་༡། སྒྲུབ་ཐབས་ལྡེབ་༣༩། དཀྱིལ་འཁོར་གྱི་ཆོ་ག་ལྡེབ་༡༥། དབང་ཆོག་ལྡེབ་༣༠བཅས་བཞུགས། ༈ ཡང་དག་གི་སྐོར་ལ། དཔལ་ཧེ་རུ་ཀ་ཐུགས་ཀྱི་རྒྱུད་ལྡེབ་༡༣། བརྒྱུད་འདེབས་ལྡེབ་༡། སྒྲུབ་ཐབས་ལྡེབ་༢༩། དཀྱིལ་ཆོག་ལྡེབ་༡༡། དབང་མཆོག་ལྡེབ་༢༧། སྒྲུབ་ཁོག་པྲ་ཁྲིད་ལྡེབ་༧༨བཅས་བཞུགས། ༈ །བདུད་རྩི་ཡོན་ཏན་གྱི་སྐོར་ལ། དམ་རྫས་བདུད་རྩིའི་སྒྲུབ་ཐབས་ལྡེབ་༥༦། དེའི་ཟིན་བྲིས་ལྡེབ་༢༡། སྨན་སྒྲུབ་མདོར་བསྡུས་ལྡེབ་༥། ཞི་ཁྲོའི་ཛཔ྄་བྱང་ལྡེབ་༢དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡། བཅས་བསྡོམས་ཆོས་ཚན་བཅོ་ལྔ་ལ་ལྡེབ་གྲངས་༣༥༧བཅས་བཞུགས། ༈ སྔ་འགྱུར་བཀའ་མ་རྩ་བའི་ཆོས་སྡེའི་གླེགས་བམ༼ང༽པ་འདིར། ནང་རྒྱུད་བླ་ན་མེད་པ་མ་ཧཱ་ཡོ་ག་ལས། གཤིན་རྗེ་གཤེད་ཀྱི་སྐོར་ལ། འཇམ་དཔལ་རྩ་རྒྱུད་ལྡེབ་༡༣། དེའི་བཀླག་ཐབས་ལྡེབ་༤། ཁ་ཐུན་ནག་པོའི་གཞུང་པོད་ལྡེབ་༣༠༩། བརྒྱུད་འདེབས་ལྡེབ་༢། སྒྲུབ་ཐབས་ལྡེབ་༣༦། དཀྱིལ་ཆོག་ལྡེབ་༦། དབང་ཆུ་ལྡེབ་༨། དབང་ཆོག་ལྡེབ་༧དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡། བཅས་བསྡོམས་ཆོས་ཚན་བརྒྱད་ལ་ལྡེབ་གྲངས་༣༨༦བཅས་བཞུགས། ༈ སྔ་འགྱུར་བཀའ་མ་རྩ་བའི་ཆོས་སྡེའི་གླེགས་བམ༼ཅ༽པ་ནང་གསེས་ཨེ་རྟགས་ཅན་འདིར། ནང་རྒྱུད་བླ་ན་མེད་པ་མ་ཧཱ་ཡོ་ག་ལས། གཤིན་རྗེ་གཤེད་ཀྱི་སྐོར་ལ། འཇམ་དཔལ་གཤིན་རྗེ་གཤེད་དམར་གྱི་གཞུང་པོད་སྟོད་ཆ་ནང་གསེས་ཆོས་ཚན་ཉེར་བདུན་དཀྱུས་གཅིག་ཏུ་བཞུགས་པ་ལ་ལྡེབ་༢༨༠དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡། བཅས་བསྡོམས་ལྡེབ་གྲངས་༢༨༡བཅས་བཞུགས། ༈ སྔ་འགྱུར་བཀའ་མ་རྩ་བའི་ཆོས་སྡེའི་གླེགས་བམ༼ཆ༽ པ་ནང་གསེས་ཝཾ་རྟགས་ཅན་འདིར། ནང་རྒྱུད་བླ་ན་མེད་པ་མ་ཧཱ་ཡོ་ག་ལས། འཇམ་དཔལ་གཤིན་རྗེ་གཤེད་དམར་གྱི་གཞུང་པོད་སྨད་ཆ་ནང་གསེས་ཆོས་ཚན་ཉེར་གསུམ་དཀྱུས་གཅིག་ཏུ་བཞུགས་པ་ལ་ལྡེབ་༡༥༦། བརྒྱུད་འདེབས་ལྡེབ་༢། ལས་བྱང་ལྡེབ་༢༤། དཀྱིལ་ཆོག་ལྡེབ་༧། ཕྲིན་ལས་རྡོ་རྗེ་རྩེ་བརྒྱ་པ་ལྡེབ་༣༥། རྗེས་གནང་ལྡེབ་༥། རྒྱུན་ཁྱེར་ལྡེབ་༢བཅས་བཞུགས། ༈ གདོང་དྲུག་གི་སྐོར་ལ། བརྒྱུད་འདེབས་ལྡེབ་༡། ལས་བྱང་ལྡེབ་༣༤། དཀྱིལ་ཆོག་ལྡེབ་༡༡། དབང་ཆོག་ལྡེབ་༣༩དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡། བཅས་བསྡོམས་ཆོས་ཚན་བཅུ་གཅིག་ལ་ལྡེབ་གྲངས་༣༡༧བཅས་བཞུགས། ༈ སྔ་འགྱུར་བཀའ་མ་རྩ་བའི་ཆོས་སྡེའི་གླེགས་བམ༼ཇ༽པ་འདིར། ནང་རྒྱུད་བླ་ན་མེད་པ་མ་ཧཱ་ཡོ་ག་ལས། ཕུར་པ་རྒྱུད་ལུགས་ཀྱི་སྐོར་ལ། ཆོས་འབྱུང་ལྡེབ་༧། སྟོད་ལས་སྤྱི་ཆིངས་ལྡེབ་༦། བརྒྱུད་འདེབས་ལྡེབ་༢། སྒྲུབ་ཐབས་ལྡེབ་༤༣། ཛཔ྄་བསྐུལ་ལྡེབ་༢། བསྙེན་པའི་ལས་བྱང་ལྡེབ་༢༢། མངོན་རྟོགས་བསྡུས་པ་ལྡེབ་༡༠། རྒྱུན་ཁྱེར་ལྡེབ་༢། ཚེ་སྒྲུབ་ལྡེབ་༥། དམ་ཅན་མཆོད་བསྐུལ་ལྡེབ་༣། ཉུ་ལེ་སྐྲོད་པའི་སྒོས་བསྐུལ་ལྡེབ་༣། དབང་མཆོག་ལྡེབ་༦༩། བདག་འཇུག་ལྡེབ་༡༡། བསྙེན་ཡིག་ལྡེབ་༡༤། བྱུག་བདུག་བྲབ་གསུམ་ལྡེབ་༦། སྨད་ལས་ངན་སྔགས་ཉེ་བསྙེན་ལྡེབ་༣༣། ཉེ་བསྙེན་ཕྲིན་ལས་ལྡེབ་༨། ལྷ་དབྱེའི་བསྐུལ་ལྡེབ་༡། ཉེ་བསྙེན་གྱི་མན་ངག་ལྡེབ་༦། ཟོར་ལས་ལྡེབ་༤༠། མནན་པ་ལྡེབ་༦། ཞི་བའི་སྦྱིན་སྲེག་ལྡེབ་༩། དྲག་པོའི་སྦྱིན་སྲེག་ལྡེབ་༡༣། ཕུར་སྲུང་ལྕམ་དྲལ་གྱི་གནད་ཡིག་ལྡེབ་༡༠། ལས་ཚོགས་ལྡེབ་༥། ཡན་ལག་བརྒྱད་འགྲེལ་ལྡེབ་༤། བདུད་རྩི་གསང་ནན་གྱི་འགྲེལ་པ་ལྡེབ་༣། བསྐྱེད་རིམ་གྱི་དོགས་སེལ་ལྡེབ་༤དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡། བཅས་བསྡོམས་ཆོས་ཚན་ཉེར་བརྒྱད་ལ་ལྡེབ་གྲངས་༣༤༨བཅས་བཞུགས། ༈ སྔ་འགྱུར་བཀའ་མ་རྩ་བའི་ཆོས་སྡེའི་གླེགས་བམ༼ཉ༽པ་འདིར། ནང་རྒྱུད་བླ་ན་མེད་པ་མ་ཧཱ་ཡོ་ག་ལས། ཕུར་པ་རོང་ལུགས་ཀྱི་སྐོར་ལ། དཔལ་རྡོ་རྗེ་ཕུར་པ་རོང་ཟོམ་ལུགས་ཀྱི་གཞུང་པོད་ནང་གསེས་ཆོས་ཚན་ཞེ་གཅིག་དཀྱུས་གཅིག་ཏུ་བཞུགས་པ་ལ་ལྡེབ་༢༧༥། བརྒྱུད་འདེབས་ལྡེབ་༢། ལས་བྱང་ལྡེབ་༤༠། དཀྱིལ་ཆོག་ལྡེབ་༧། དབང་ཆོག་གཞུང་པོད་ལས་ཁོལ་ཕྱུངས་ལྡེབ་༡༣། ཁྲོ་བཅུ་དབང་གི་འགྲེས་བྱང་ལྡེབ་༡། དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡། བཅས་བསྡོམས་ཆོས་ཚན་དྲུག་ལ་ལྡེབ་གྲངས་༣༣༨བཅས་བཞུགས། ༈ སྔ་འགྱུར་བཀའ་མ་རྩ་བའི་ཆོས་སྡེའི་གླེགས་བམ༼ཏ༽པ་འདིར། ནང་རྒྱུད་བླ་ན་མེད་པ་མ་ཧཱ་ཡོ་ག་ལས། ཕུར་པ་རོག་ལུགས་ཀྱི་སྐོར་ལ། རོག་ཕུར་གྱི་གཞུང་པོད་ནང་གསེས་ཆོས་ཚན་བཞི་དཀྱུས་གཅིག་ཏུ་བཞུགས་པ་ལ་ལྡེབ་༩༠། དེའི་འགྲེལ་པ་ལྡེབ་༡༣༤། བརྒྱུད་འདེབས་ལྡེབ་༢། སྒྲུབ་ཐབས་ལས་བྱང་ལྡེབ་༤༡། སྒྲུབ་ཁོག་ལྡེབ་༢༩། སྨད་ལས་ལྡེབ་༢༢། དབང་ཆོག་ལྡེབ་༡༤དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡། བཅས་བསྡོམས་ཆོས་ཚན་བདུན་ལ་ལྡེབ་གྲངས་༣༣༣བཅས་བཞུགས། ༈ སྔ་འགྱུར་བཀའ་མ་རྩ་བའི་ཆོས་སྡེའི་གླེགས་བམ༼ཐ༽ པ་འདིར། ནང་རྒྱུད་བླ་ན་མེད་པ་མ་ཧཱ་ཡོ་ག་ལས། ཕུར་པ་རྩ་བའི་རྒྱུད་ཀྱི་དུམ་བུའི་སྐོར་ལ། རྩ་རྒྱུད་ལྡེབ་༥། དེའི་འགྲེལ་པ་ལྡེབ་༡༠༠བཅས་བཞུགས། ༈ ཕུར་འགྲེལ་འབུམ་ནག་གི་སྐོར་ལ། འབུམ་ནག་གཞུང་པོད་ཆོས་ཚན་བརྒྱད་ལ་ནང་གསེས་ལེ་ཚན་གྱ་ལྔ་དཀྱུས་གཅིག་ཏུ་བཞུགས་པ་ལ་ལྡེབ་༡༧༢། བརྒྱུད་འདེབས་ལྡེབ་༡། བདག་བསྐྱེད་ཉུང་བསྡུས་ལྡེབ་༡༠། སྨད་ལས་ལྡེབ་༢༢། དབང་ཆོག་ལྡེབ་༡༣དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡། བཅས་བསྡོམས་ཆོས་ཚན་བདུན་ལ་དེབ་གྲངས་༣༢༥བཅས་བཞུགས། ༈ སྔ་འགྱུར་བཀའ་མ་རྩ་བའི་ཆོས་སྡེའི་གླེགས་བམ༼ད༽པ་ནང་གསེས་ཨེ་རྟགས་ཅན་འདིར། ནང་རྒྱུད་བླ་ན་མེད་པ་མ་ཧཱ་ཡོ་ག་ལས། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་རྩ་བའི་རྒྱུད་ལྡེབ་༤༢། རྒྱུད་བཀླག་ཐབས་ལྡེབ་༩། རྒྱུད་འཆད་ཐབས་ལྡེབ་༤བཅས་བཞུགས། ༈ སྒྱུ་འཕྲུལ་ཞི་བའི་སྐོར་ལ། བརྒྱུད་འདེབས་ལྡེབ་༡། སྒྲུབ་ཐབས་ལྡེབ་༤༠། ལས་བྱང་ལྡེབ་༢༥། དཀྱིལ་ཆོག་ལྡེབ་༢༡། སྔགས་བྱང་ལྡེབ་༡། དབང་ཆོག་ལྡེབ་༥༢། ཞི་བའི་སྦྱིན་སྲེག་ལྡེབ་༧བཅས་བཞུགས། ༈ ལུང་ལུགས་ཚེ་དཔག་མེད་ཀྱི་སྐོར་ལ། བརྒྱུད་འདེབས་ལྡེབ་༡། སྒྲུབ་ཐབས་ལྡེབ་༡༧། ཕྲིན་དབང་ལྡེབ་༡༡། ཚེའི་རྣམ་བཞག་ལྡེབ་༣༡དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡བཅས་བསྡོམས་ཆོས་ཚན་བཅུ་བཞི་ལ་ལྡེབ་གྲངས་༢༦༣བཅས་བཞུགས། སྔ་འགྱུར་བཀའ་མ་རྩ་བའི་ཆོས་སྡེའི་གླེགས་བམ༼ན༽པ་ནང་གསེས་ཝཾ་རྟགས་ཅན་འདིར། ནང་རྒྱུད་བླ་ན་མེད་པ་མ་ཧཱ་ཡོ་ག་ལས། སྒྱུ་འཕྲུལ་ཁྲོ་བོའི་སྐོར་ལ། བརྒྱུད་འདེབས་ལྡེབ་༡། སྒྲུབ་ཐབས་ལྡེབ་༥༠། ལས་བྱང་སྙིང་པོ་ལྡེབ་༢༧། དཀྱིལ་ཆོག་ལྡེབ་༢༣། དབང་ཆོག་ལྡེབ་༧༠། ཞི་བའི་སྦྱིན་སྲེག་ལྡེབ་༧། ཁྲོ་འཆམས་ཀྱི་བརྗེད་བྱང་ལྡེབ་༤༦། མཆོད་གར་ལྡེབ་༡༦། སྙིང་པོའི་དོན་ཁྲིད་ལྡེབ་༧། གཞལ་ཡས་ཁང་གི་རྣམ་བཞག་རྩ་བ་ལྡེབ་༧། དེའི་འགྲེལ་པ་ལྡེབ་༤༠། དབང་གི་རྒྱུག་བྱང་ལྷན་ཐབས་ལྡེབ་༢༦། དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡བཅས་བསྡོམས་ཆོས་ཚན་བཅུ་གཉིས་ལ་ལྡེབ་གྲངས་༣༢༡བཅས་བཞུགས། ༈ སྔ་འགྱུར་བཀའ་མ་རྩ་བའི་ཆོས་སྡེའི་གླེགས་བམ༼པ༽པ་འདིར། ནང་རྒྱུད་བླ་ན་མེད་པ་མ་ཧཱ་ཡོ་ག་ལས། ན་རག་དོང་སྤྲུགས་ཀྱི་སྐོར་ལ། དྲི་མེད་བཤགས་རྒྱུད་ལྡེབ་༦༡། བརྒྱུད་འདེབས་ལྡེབ་༡། ཁྲོམ་སྤྲུགས་ཀྱི་ཆོ་ག་ལྡེབ་༥༧། དེའི་ལྷན་ཐབས་ལྡེབ་༨། པདྨ་བརྒྱ་ལྡན་གྱི་ཆོ་ག་ལྡེབ་༦༣། ཕྱག་གི་བཀོལ་བྱང་ལྡེབ་༡༢། ཕྱག་རྒྱ་གཅིག་པའི་སྔོན་འགྲོ་བླ་མའི་རྣལ་འབྱོར་ལྡེབ་༡། ཆོ་ག་ལྡེབ་༡༠། རྒྱུན་ཁྱེར་ལྡེབ་༥། ཁྲིད་ཡིག་ལྡེབ་༡༠། དབང་ཆོག་ལྡེབ་༣༩། ཞི་བའི་སྦྱིན་སྲེག་ལྡེབ་༦། ཞི་སྲེག་སྙིང་པོར་དྲིལ་བ་ལྡེབ་༤། གཤིན་པོ་རྗེས་འཛིན་ལྡེབ་༧བཅས་བཞུགས། ༈ དྲག་དམར་བཀའ་མ་འོ་བྲན་ལུགས་ཀྱི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་ལྡེབ་༩། ༈ བཀའ་བརྒྱད་བཀའ་མ་རྫོང་འཕྲང་གི་སྐོར་ལ། བརྒྱུད་འདེབས་ལྡེབ་༡། ཕྲིན་ལས་ཆོག་ཁྲིགས་ལྡེབ་༡༦། དབང་ཆོག་ལྡེབ་༣༡དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡བཅས་བསྡོམས་ཆོས་ཚན་བཅོ་བརྒྱད་ལ་ལྡེབ་གྲངས་༣༤༢བཅས་བཞུགས། ༈ སྔ་འགྱུར་བཀའ་མ་རྩ་བའི་ཆོས་སྡེའི་གླེགས་བམ༼ཕ༽པ་ནང་གསེས་ༀ་རྟགས་ཅན་འདིར། ནང་རྒྱུད་བླ་ན་མེད་པ་ཨ་ནུ་ཡོ་ག་ལས། འདུས་པ་མདོའི་སྐོར་ལ། འདུས་མདོའི་དབང་གི་སྤྱི་དོན་ལྡེབ་༡༧༡། བརྒྱུད་འདེབས་ལྡེབ་༡། སྒྲུབ་ཐབས་ལྡེབ་༤༨། དེའི་ལྷན་ཐབས་ལྡེབ་༧། དཀྱིལ་ཆོག་ལྡེབ་༢༤། སྒྲུབ་ཁོག་ལྡེབ་༧༦། རྒྱུན་ཁྱེར་ལྡེབ་༢དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡བཅས་བསྡོམས་ཆོས་ཚན་བདུན་ལ་ལྡེབ་གྲངས་༣༣༠། བཅས་བཞུགས། ༈ སྔ་འགྱུར་བཀའ་མ་རྩ་བའི་ཆོས་སྡེའི་གླེགས་བམ༼བ༽པ་ནང་གསེས་ཨཱཿརྟགས་ཅན་འདིར། ནང་རྒྱུད་བླ་ན་མེད་པ་ཨ་ནུ་ཡོ་ག་ལས། འདུས་པ་མདོའི་སྐོར་ལ། འདུས་མདོའི་དཀྱིལ་འཁོར་རྣམས་ཀྱི་སྒྲུབ་ཐབས་ནང་གསེས་ལེ་ཚན་བཅུ་གཉིས་ལ་ལྡེབ་༡༨༢། རྩ་དཀྱིལ་ལས་བྱང་ཁོལ་བཏོན་ལྡེབ་༢༩། ཆོ་གའི་ཟུར་འདེབས་ནང་གསེས་ལེ་ཚན་དྲུག་ལ་ལྡེབ་༡༠༧། ལས་བཞིའི་སྦྱིན་སྲེག་ནང་གསེས་ལེ་ཚན་བཞི་ལ་ལྡེབ་༢༣། དེའི་འཕྲོས་དོན་ལྡེབ་༢། དམ་རྒྱ་འཆིང་ཚུལ་ལྡེབ་༢། ལས་རྒྱ་ཁོལ་ཕྱུངས་ལྡེབ་༢། སྔགས་རྒྱ་ལྡེབ་༢། གསལ་ཤིང་ཟུར་བཀོལ་ལྡེབ་༢དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡བཅས་བསྡོམས་ཆོས་ཚན་དགུ་ལ་ལྡེབ་གྲངས་༣༥༢བཅས་བཞུགས། ༈ སྔ་འགྱུར་བཀའ་མ་རྩ་བའི་ཆོས་སྡེའི་གླེགས་བམ༼མ༽པ་ནང་གསེས་ཧཱུྃ་རྟགས་ཅན་འདིར། ནང་རྒྱུད་བླ་ན་མེད་པ་ཨ་ནུ་ཡོ་ག་ལས། འདུས་པ་མདོའི་སྐོར་ལ། འདུས་མདོའི་དབང་ཆོག་ནང་གསེས་ལེ་ཚན་བཅུ་གཅིག་ལ་ལྡེབ་༣༤༡། དབང་གི་བསྙེལ་ཐོ་ལྡེབ་༣དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡བཅས་བསྡོམས་ཆོས་ཚན་གཉིས་ལ་ལྡེབ་གྲངས་༣༤༥བཅས་བཞུགས། ༈ སྔ་འགྱུར་བཀའ་མ་རྩ་བའི་ཆོས་སྡེའི་གླེགས་བམ ༼ཙ༽པ་འདིར། ནང་རྒྱུད་བླ་ན་མེད་པ་ཨ་ཏི་ཡོ་ག་ལས། སེམས་སྡེའི་སྐོར་ལ། ཀུན་བྱེད་རྒྱལ་པོའི་རྒྱུད་ནང་གསེས་ལེ་ཚན་གསུམ་པ་ལྡེབ་༡༤༡། སེམས་སྡེའི་རྒྱུད་ལུང་གི་རྩ་བ་གཅེས་བཏུས་ནང་གསེས་ལེ་ཚན་བདུན་ལ་ལྡེབ་༡༡༦། བརྒྱུད་འདེབས་ལྡེབ་༧། རིག་པའི་རྩལ་དབང་ལྡེབ་༤༥། རྒྱུག་བྱང་སྨོན་ལམ་ལྡེབ་༡དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡བཅས་བསྡོམས་ཆོས་ཚན་ལྔ་ལ་ལྡེབ་གྲངས་༣༡༡བཅས་བཞུགས། ༈ སྔ་འགྱུར་བཀའ་མ་རྩ་བའི་ཆོས་སྡེའི་གླེགས་བམ༼ཚ༽པ་ནང་གསེས་ཨེ་རྟགས་ཅན་འདིར། ནང་རྒྱུད་བླ་ན་མེད་པ་ཨ་ཏི་ཡོ་ག་ལས། ཀློང་སྡེའི་སྐོར་ལ། ཀློང་སྡེའི་རྒྱུད་ལུང་གི་རྩ་བ་གཅེས་བཏུས་ལྡེབ་༦། ཀློང་སྡེའི་གཞུང་པོད་སྟོང་ཆ་ནང་གསེས་ལེ་ཚན་བཅོ་ལྔ་ལ་ལྡེབ་༣༡༨དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡བཅས་བསྡོམས་ཆོས་ཚན་ལྔ་ལ་ལྡེབ་གྲངས་༣༢༥བཅས་བཞུགས། ༈ སྔ་འགྱུར་བཀའ་མ་རྩ་བའི་ཆོས་སྡེའི་གླེགས་བམ༼ཛ༽པ་ནང་གསེས་ཝཾ་རྟགས་ཅན་འདིར། ནང་རྒྱུད་བླ་ན་མེད་པ་ཨ་ཏི་ཡོ་ག་ལས། ཀློང་སྡེའི་སྐོར་ལ། ཀློང་སྡེའི་གཞུང་པོད་སྨད་ཆ་ནང་གསེས་ལེ་ཚན་བརྒྱད་ཅུ་ལ་ལྡེབ་༢༣༥། བརྒྱུད་འདེབས་ལྡེབ་༡། ཆོ་ག་རྒྱས་པ་ལྡེབ་༣༤། མངོན་རྫོགས་རྒྱལ་པོའི་ཕྲིན་ལས་ལྡེབ་༣༡། དབང་ཆོག་ལྡེབ་༡༧དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡བཅས་བསྡོམས་ཆོས་ཚན་ལྔ་ལ་ལྡེབ་གྲངས་༣༡༩བཅས་བཞུགས། ༈ སྔ་འགྱུར་བཀའ་མ་རྩ་བའི་ཆོས་སྡེའི་གླེགས་བམ༼ཝ༽པ་འདིར། ནང་རྒྱུད་བླ་ན་མེད་པ་ཨ་ཏི་ཡོ་ག་ལས། མན་ངག་སྡེའི་སྐོར་ལ། འདས་རྗེས་དང་ཞལ་ཆེམས་ལྡེབ་༡༢། རྒྱུད་བཅུ་བདུན་གྱི་དབང་ཆོག་ལྡེབ་༤༢། ཁྲིད་ཡིག་ལྡེབ་༨༥བཅས་བཞུགས། ༈ རྗེས་འབྲེལ་རྒྱུད་ཀྱི་བསྟན་སྲུང་སྐོར་ལ། ལེགས་ལྡན་སྒྲུབ་ཐབས་རྒྱས་པ་ལྡེབ་༢༦། འབྲིང་པོ་ལྡེབ་༡༠། བསྡུས་པ་དབང་ཆོག་བཅས་ལྡེབ་༡༨། མཚོན་ཆ་གཏད་པའི་ཟུར་བྱང་ལྡེབ་༢བཅས། ༈ ཚོགས་བདག་ཁམས་བྱོན་མའི་མངོན་རྟོགས་ལྡེབ་༢༡། དེའི་སྔགས་འགྲིགས་ལྡེབ་༢། མཇུག་ཆོག་ལྡེབ་༢། གབ་ཐིག་ལྡེབ་༧། སྐོང་བསྡུས་དང་མངའ་གསོལ་ལྡེབ་༦། དབང་ཆོག་ལྡེབ་༡༥བཅས། ༈ མཁོན་ལུགས་གུར་མགོ་སྒྲུབ་དབང་ལྡེབ་༩དང་། ༈ ཏྲཀྵད་སྒྲུབ་ཐབས་ཁག་བཞི་རྗེས་གནང་དང་བཅས་པར་ལྡེབ་༢༢། ༈ སྟག་ཞོན་སྒྲུབ་ཐབས་དབང་བཅས་ལྡེབ་༨། ༈ བེང་གི་སྒྲུབ་ཐབས་དབང་བཅས་ལྡེབ་༣། ༈ ཨེ་ཀ་ཛཱ་ཊི་སྡེ་བདུན་ནམ་སྡེ་ལྔའི་སྒྲུབ་ཐབས་དབང་བཅས་ལྡེབ་༡༣། ༈ རེ་ཏཱིའི་སྒྲུབ་ཐབས་དབང་བཅས་ལྡེབ་༨། ༈ རྣམ་སྲས་ཕྱི་སྒྲུབ་དབང་བཅས་ལྡེབ་༩། ནང་སྒྲུབ་དབང་བཅས་ལྡེབ་༦། གསང་སྒྲུབ་དབང་བཅས་ལྡེབ་༧། ཡང་གསང་གི་སྒྲུབ་པ་རྗེས་གནང་བཅས་ལྡེབ་༢། སྲོག་གཏད་ཀྱི་བཀའ་བསྒོ་ལྡེབ་༢དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ཀྱི་ལྡེབ་༡བཅས་བསྡོམས་ཆོས་ཚན་ཉེར་བཞི་ལ་ལྡེབ་གྲངས་༣༣༨བཅས་བཞུགས། ༈ སྔ་འགྱུར་བཀའ་མ་རྩ་བའི་ཆོས་སྡེའི་གླེགས་བམ༼ཞ༽པ་འདིར། སྒྲུབ་ཕྲིན་སྤྱི་ལ་ཉེར་མཁོ་ཟབ་གནད་ཡན་ལག་གི་སྐོར་ལ། ཐིག་ཚོན་གྱི་བྱ་བ་ལྡེབ་༢༨། རབ་གནས་ལྡེབ་༣༢། གཏོང་ཐུན་ལྡེབ་༡༥། གཏོང་ཐུན་བསྡུས་པ་ལྡེབ་༥། རྫས་བརྒྱད་དང་སྣ་བདུན་འབུལ་བའི་ཟུར་བྱང་ལྡེབ་༢། རབ་གནས་ལག་ལེན་ལྡེབ་༢༨། ཆ་གསུམ་ལྡེབ་༦། བརྒྱ་བཞི་ལྡེབ་༡༣། བསངས་ཀྱི་ཆོ་ག་ལྡེབ་༢༡། མནོལ་བསང་ལྡེབ་༡༣། དེའི་སྤྱི་ཆིངས་ལྡེབ་༢། བླ་བླུ་ལྡེབ་༡༨། དེའི་འགྲེས་བྱང་ལྡེབ་༡། ཟློག་བྱང་ལྡེབ་༡། བླ་བླུ་འཆི་བདག་གཡུལ་རྒྱལ་ལྡེབ་༦། དེའི་ཟིན་བྲིས་ལྡེབ་༣། དབང་བཤད་དཔེར་བརྗོད་ལྡེབ་༢༨། བར་དོའི་ཆོས་བཤད་ལྡེབ་༤༨། ཡན་ལག་བརྒྱད་པའི་འགྲེལ་པ་ལྡེབ་༣། བྱིན་འབེབས་འགྲེལ་པ་ལྡེབ་༩། རྒྱུད་ལུང་མན་ངག་གི་བཤགས་འགྲེལ་ལྡེབ་༩། སྐོང་གི་བཤད་པ་ལྡེབ་༡༤། སྨོན་ལམ་ལྡེབ་༡། དེའི་འགྲེལ་པ་ལྡེབ་༣༢། ཚིག་བདུན་གསོལ་འདེབས་དང་འབྲེལ་བའི་བླ་མའི་རྣལ་འབྱོར་ལྡེབ་༣། འཕགས་པ་བཀྲ་ཤིས་བརྒྱད་པའི་ཚིགས་སུ་བཅད་པ་ལྡེབ་༢། ཚིག་བདུན་གསོལ་འདེབས་ཀྱི་རྣམ་བཤད་པདྨ་དཀར་པོ་ལྡེབ་༤༧། བསྟན་རྒྱས་སྨོན་ལམ་ལྡེབ་༤། བཀྲ་ཤིས་ལྡེབ་༢དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡བཅས་བསྡོམས་ཆོས་ཚན་ཉེར་དགུ་ལ་ལྡེབ་གྲངས་༣༩༧བཅས་བཞུགས། ༈ སྔ་འགྱུར་བཀའ་མའི་རྒྱབ་ཆོས་སྐོར་གྱི་ཆོས་སྡེའི་གླེགས་བམ༼ཟ༽པ་འདིར། ཤེར་སྙིང་གི་འགྲེལ་པ་ལྡེབ་༨། རྣམ་འཇོམས་རྣམ་བཤད་ལྡེབ་༢༧། ཡང་རྣམ་འཇོམས་མཆན་འགྲེལ་ལྡེབ་༡༣། དགའ་རབ་རྡོ་རྗེའི་མཚན་བརྗོད་འགྲེལ་པ་ལྡེབ་༤༧། ཡང་སློབ་དཔོན་ཆེན་པོའི་མཚན་བརྗོད་འགྲེལ་པ་ལྡེབ་༡༥༠། དེའི་ཁོག་དབུབ་བསྡུས་དོན་ལྡེབ་༡༥། བི་མ་ལའི་མཚན་བརྗོད་འགྲེལ་པ་ལྡེབ་༦༣དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡བཅས་བསྡོམས་ཆོས་ཚན་བདུན་ལ་ལྡེབ་གྲངས་༣༢༣བཅས་བཞུགས། ༈ སྔ་འགྱུར་བཀའ་མའི་རྒྱབ་ཆོས་སྐོར་གྱི་ཆོས་སྡེའི་གླེགས་བམ༼འ༽པ་འདིར། སངས་རྒྱས་གསང་བའི་ལམ་རིམ་ཆེན་མོ་ལྡེབ་༦༥དང་། ལམ་རིམ་ཆུང་ངུ་ལྡེབ་༡༢། སློབ་དཔོན་པདྨའི་མན་ངག་ལྟ་ཕྲེང་ལྡེབ་༩། དེའི་འགྲེལ་པ་རོང་ཟོམ་གསུང་སྡེབ་༥༡། ཡང་འགྲེལ་པ་འཇམ་མགོན་གསུང་ལྡེབ་༤༡། སྐ་བ་དཔལ་བརྩེགས་ཀྱི་ལྟ་རིམ་ལྡེབ་༥། སློབ་དཔོན་པདྨའི་མ་མོ་གསང་བའི་ལས་ཐིག་ལྡེབ་༩། གསང་འགྲེལ་སྤར་ཁབ་སྒེག་རྡོར་གསུང་ལྡེབ་༡༡༦དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡། བཅས་བསྡོམས་ཆོས་ཚན་བརྒྱད་ལ་ལྡེབ་གྲངས་༣༠༩བཅས་བཞུགས། ༈ སྔ་འགྱུར་བཀའ་མའི་རྒྱབ་ཆོས་སྐོར་གྱི་ཆོས་སྡེའི་གླེགས་བམ༼ཡ༽ པ་འདིར། གསང་སྙིང་གི་འགྲེལ་པ་སློབ་དཔོན་ཉི་མའི་སེང་གེའི་འོད་ཀྱི་གསུང་ལྡེབ་༢༨༨དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡བཅས་བསྡོམས་ལྡེབ་གྲངས་༢༨༩བཞུགས། ༈ སྔ་འགྱུར་བཀའ་མའི་རྒྱབ་ཆོས་སྐོར་གྱི་ཆོས་སྡེའི་གླེགས་བམ༼ར༽པ་འདིར། གསང་སྙིང་གི་འགྲེལ་པ་རོང་ཟོམ་གསུང་ལྡེབ་༢༡༦དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡བཅས་བསྡོམས་ལྡེབ་གྲངས་༢༡༧བཅས་བཞུགས། ༈ སྔ་འགྱུར་བཀའ་མའི་རྒྱབ་ཆོས་སྐོར་གྱི་ཆོས་སྡེའི་གླེགས་བམ་༼ལ༽པ་འདིར། གསང་སྙིང་གི་འགྲེལ་པ་ཕྱོགས་བཅུའི་མུན་སེལ་ལྡེབ་༣༤༠དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡བཅས་བསྡོམས་ལྡེབ་གྲངས་༣༤༡བཞུགས། ༈ སྔ་འགྱུར་བཀའ་མའི་རྒྱབ་ཆོས་སྐོར་གྱི་ཆོས་སྡེའི་གླེགས་བམ༼ཤ༽པ་འདིར། གསང་སྙིང་སྤྱི་དོན་ཀུན་མཁྱེན་གསུང་ལྡེབ་༨༩དང་། བསྡུས་དོན་ལྡེབ་༡༣བཅས། ཡང་སྤྱི་དོན་མི་ཕམ་གསུང་ལྡེབ་༡༣༠དང་། བཤད་བརྒྱུད་བླ་མའི་གསོལ་འདེབས་ལྡེབ་༢། གླེགས་བམ་གྱི་དཀར་ཆག་རང་ཉིད་ཀྱི་ལྡེབ་༡བཅས་བསྡོམས་ཆོས་ཚན་བཞི་ལ་ལྡེབ་གྲངས་༢༣༥བཅས་བཞུགས། ༈ སྔ་འགྱུར་བཀའ་མའི་རྒྱབ་ཆོས་སྐོར་གྱི་ཆོས་སྡེའི་གླེགས་བམ༼ས༽པ་འདིར། གསང་སྙིང་གི་འགྲེལ་པ་གཡུང་སྟོན་གྱི་གསུང་ལྡེབ་༢༩༣། ཁོག་དབུབ་སྒྲོལ་མ་བ་བསམ་འགྲུབ་རྡོ་རྗེའི་གསུང་ལྡེབ་༦༢། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡བཅས་བསྡོམས་ཆོས་ཚན་གཉིས་ལ་ལྡེབ་གྲངས་༣༥༦བཅས་བཞུགས། སྔ་འགྱུར་བཀའ་མའི་རྒྱབ་ཆོས་སྐོར་གྱི་ཆོས་སྡེའི་གླེགས་བམ༼ཧ༽པ་ནང་གསེས་ཨེ་རྟགས་ཅན་འདིར། གསང་སྙིང་གི་འགྲེལ་པ་སྔགས་འཆང་ནམ་མཁའི་རིན་ཆེན་གྱི་གསུང་སྔ་པོད་ལྡེབ་༢༤༣དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡བཅས་བསྡོམས་ལྡེབ་གྲངས་༢༤༤བཞུགས། ༈ སྔ་འགྱུར་བཀའ་མའི་རྒྱབ་ཆོས་སྐོར་གྱི་ཆོས་སྡེའི་གླེགས་བམ༼ཨ༽པ་ནང་གསེས་ཝཾ་རྟགས་ཅན་འདིར། གསང་སྙིང་འགྲེལ་པ་སྔགས་འཆང་ནམ་མཁའི་རིན་ཆེན་གྱི་གསུང་ཕྱི་པོད་ལྡེབ་༢༦༩དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡བཅས་བསྡོམས་ལྡེབ་གྲངས་༢༧༠བཅས་བཞུགས།'༈ སྔ་འགྱུར་བཀའ་མའི་རྒྱབ་ཆོས་སྐོར་གྱི་ཆོས་སྡེའི་གླེགས་བམ༼ཀི༽པ་འདིར། གསང་སྙིང་གི་འགྲེལ་པ་སྨན་ལུང་མི་བསྐྱོད་རྡོ་རྗེའི་གསུང་ལྡེབ་༢༤༩དང་། དེའི་ཆོས་ཚོམས་ངོས་བཟུང་ལྡེབ་༨། སྤྱི་དོན་ལྡེབ་༥༩། བསྡུས་དོན་ལྡེབ་༡༣དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡བཅས་བསྡོམས་ཆོས་ཚན་བཞི་ལ་ལྡེབ་གྲངས་༣༣༠བཅས་བཞུགས། ༈ སྔ་འགྱུར་བཀའ་མའི་རྒྱབ་ཆོས་སྐོར་གྱི་ཆོས་སྡེའི་གླེགས་བམ༼ཁི༽པ་འདིར། གསང་སྙིང་གི་འགྲེལ་པ་ལོ་ཆེན་དྷརྨ་ཤྲཱིའི་གསུང་ལྡེབ་༢༢༩། དེའི་སྤྱི་དོན་ཡན་གྱི་བཤད་པའི་ཟིན་བྲིས་རབ་འབྱམས་པ་ཆོས་གྲགས་ཀྱི་གསུང་ལྡེབ་༡༢༧དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡བཅས་བསྡོམས་ཆོས་ཚན་གཉི ས་ལ་ལྡེབ་གྲངས་༣༥༧བཅས་བཞུགས། ༈ སྔ་འགྱུར་བཀའ་མའི་རྒྱབ་ཆོས་སྐོར་གྱི་ཆོས་སྡེའི་གླེགས་བམ༼གི༽པ་ནང་གསེས་ཨེ་རྟགས་ཅན་འདིར། གསང་སྙིང་གི་སྤྱི་དོན་ལོ་ཆེན་དྷརྨ་ཤྲཱིའི་གསུང་སྔ་པོད་ལ་ལྡེབ་༢༡༩དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡བཅས་བསྡོམས་ལྡེབ་གྲངས་༢༢༠བཅས་བཞུགས། ༈ སྔ་འགྱུར་བཀའ་མའི་རྒྱབ་ཆོས་སྐོར་གྱི་ཆོས་སྡེའི་གླེགས་བམ༼ངི༽པ་ནང་གསེས་ཝཾ་རྟགས་ཅན་འདིར། གསང་སྙིང་གི་སྤྱི་དོན་ལོ་ཆེན་དྷརྨ་ཤྲཱིའི་གསུང་ཕྱི་པོད་ལ་ལྡེབ་༢༤༦དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡བཅས་བསྡོམས་ལྡེབ་གྲངས་༢༤༧བཅས་བཞུགས། ༈ སྔ་འགྱུར་བཀའ་མའི་རྒྱབ་ཆོས་སྐོར་གྱི་ཆོས་སྡེའི་གླེགས་བམ༼ཅི༽པ་འདིར། གསང་སྙིང་གི་སྤྱི་དོན་པདྨ་འགྱུར་མེད་རྒྱ་མཚོའི་གསུང་ལྡེབ་༧༤དང་། ཡང་སྤྱི་དོན་ཀཿཐོག་པ་འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱི་གསུང་ལྡེབ་༩༩། གསང་སྙིང་འཆད་ཐབས་ལྡེབ་༨། ཡང་སྤྱི་དོན་རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མའི་གསུང་ལྡེབ་༡༡༣དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡བཅས་བསྡོམས་ཆོས་ཚན་བཞི་ལ་ལྡེབ་གྲངས་༢༩༥བཅས་བཞུགས། ༈ སྔ་འགྱུར་བཀའ་མའི་རྒྱབ་ཆོས་སྐོར་གྱི་ཆོས་སྡེའི་གླེགས་བམ༼ཆི༽པ་ལ་དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་པ་ཟབ་དོན་སྒོ་བརྒྱ་འབྱེད་པའི་སྡེ་མིག་ཕན་བདེའི་འོད་ཟེར་བདེ་བའི་ཉི་མས་མཛད་པ་ལྡེབ་༢༧༩དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡བཅས་བསྡོམས་ལྡེབ་གྲངས་༢༨༠བཅས་བཞུགས། ༈ སྔ་འགྱུར་བཀའ་མའི་རྒྱབ་ཆོས་སྐོར་གྱི་ཆོས་སྡེའི་གླེགས་བམ༼ཇི༽པ་འདིར། སྡོམ་པ་གསུམ་རྣམ་པར་ངེས་པའི་བསྟན་བཅོས་མངའ་རིས་པཎྜི་ཏའི་གསུང་ལྡེབ་༡༩། དེའི་འགྲེལ་པ་ལོ་ཆེན་དྷརྨ་ཤྲཱིའི་གསུང་ལྡེབ་༣༡༧དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡བཅས་བསྡོམས་ཆོས་ཚན་གཉིས་ལ་ལྡེབ་གྲངས་༣༣༧བཅས་བཞུགས། ༈ སྔ་འགྱུར་བཀའ་མའི་རྒྱབ་ཆོས་སྐོར་གྱི་ཆོས་སྡེའི་གླེགས་བམ༼ཉི༽པ་ནང་གསེས་ༀ་རྟགས་ཅན་འདིར། ཡོན་ཏན་རིན་པོ་ཆེའི་མཛོད་ཀུན་མཁྱེན་འཇིགས་མེད་གླིང་པའི་གསུང་ལྡེབ་༧༣། དེའི་འགྲེལ་པ་མཁན་ཆེན་ཡོན་ཏན་རྒྱ་མཚོའི་གསུང་པོད་སྔ་མའི་སྟོད་ཆར་ལྡེབ་༢༡༢དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡བཅས་བསྡོམས་ཆོས་ཚན་གཉིས་ལ་ལྡེབ་གྲངས་༢༨༦བཅས་བཞུགས། ༈ སྔ་འགྱུར་བཀའ་མའི་རྒྱབ་ཆོས་སྐོར་གྱི་ཆོས་སྡེའི་གླེགས་བམ་༼ཏི༽པ་ནང་གསེས་ཨཱཿརྟགས་ཅན་འདིར། ཡོན་ཏན་མཛོད་ཀྱི་འགྲེལ་པ་མཁན་ཆེན་ཡོན་ཏན་རྒྱ་མཚོའི་གསུང་པོད་སྔ་མའི་སྨད་ཆར་ལྡེབ་༢༩༩དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡བཅས་བསྡོམས་ལྡེབ་གྲངས་༣༠༠བཅས་བཞུགས། ༈ སྔ་འགྱུར་བཀའ་མའི་རྒྱབ་ཆོས་སྐོར་གྱི་ཆོས་སྡེའི་གླེགས་བམ༼ཐི༽པ་ནང་གསེས་ཧཱུྃ་རྟགས་ཅན་འདིར། ཡོན་ཏན་མཛོད་ཀྱི་འགྲེལ་པ་མཁན་ཆེན་ཡོན་ཏན་རྒྱ་མཚོའི་གསུང་པོད་ཕྱི་མར་ལྡེབ་༤༢༦དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡བཅས་བསྡོམས་ལྡེབ་གྲངས་༤༢༧བཅས་བཞུགས། ༈ སྔ་འགྱུར་བཀའ་མ་རྩ་བའི་ཆོས་སྡེའི་གླེགས་བམ་༼དི༽པ་ནང་གསེས་ༀ་རྟགས་ཅན་འདིར། ནང་རྒྱུད་བླ་ན་མེད་པ་ཨ་ནུ་ཡོ་ག་འདུས་པ་མདོའི་སྐོར་ལ། འདུས་མདོའི་སྒྲུབ་དཀྱིལ་དབང་ཆོག་དང་བཅས་པ་རིག་འཛིན་པདྨ་ཕྲིན་ལས་ཀྱི་གསུང་པོད་དང་པོར་ལྡེབ་༤༤༢དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡བཅས་བསྡོམས་ལྡེབ་གྲངས་༤༤༣བཅས་བཞུགས། ༈ སྔ་འགྱུར་བཀའ་མ་རྩ་བའི་ཆོས་སྡེའི་གླེགས་བམ་༼ནི༽པ་ནང་གསེས་ཨཱཿརྟགས་ཅན་འདིར། ནང་རྒྱུད་བླ་ན་མེད་པ་ཨ་ནུ་ཡོ་ག་འདུས་པ་མདོའི་སྐོར་ལ། འདུས་མདོའི་སྒྲུབ་དཀྱིལ་དབང་ཆོག་དང་བཅས་པ་རིག་འཛིན་པདྨ་ཕྲིན་ལས་ཀྱི་གསུང་པོད་གཉིས་པར་ལྡེབ་༣༡༢དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡བཅས་བསྡོམས་ལྡེབ་གྲངས་༣༡༣བཅས་བཞུགས། ༈ སྔ་འགྱུར་བཀའ་མ་རྩ་བའི་ཆོས་སྡེའི་གླེགས་བམ་༼པི༽པ་ནང་གསེས་ཧཱུྃ་རྟགས་ཅན་འདིར། ནང་རྒྱུད་བླ་ན་མེད་པ་ཨ་ནུ་ཡོ་ག་འདུས་པ་མདོའི་སྐོར་ལ། འདུས་མདོའི་སྒྲུབ་དཀྱིལ་དབང་ཆོག་དང་བཅས་པ་རིག་འཛིན་པདྨ་ཕྲིན་ལས་ཀྱི་གསུང་པོད་གསུམ་པར་ལྡེབ་༣༢༠དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡བཅས་བསྡོམས་ལྡེབ་གྲངས་༣༢༡བཅས་བཞུགས། ༈ སྔ་འགྱུར་བཀའ་མ་རྩ་བའི་ཆོས་སྡེའི་གླེགས་བམ་༼ཕི༽པ་ནང་གསེས་ༀ་རྟགས་ཅན་འདིར། ནང་རྒྱུད་བླ་ན་མེད་པ་ཨ་ཏི་ཡོ་ག་ལས། མན་ངག་སྡེ་བི་མ་སྙིང་ཐིག་གི་སྐོར་ལ། ཟབ་པ་པོད་བཞིའི་ཁ་བྱང་ནང་གསེས་ཅན་ལ་ལྡེབ་༣༢། གསེར་ཡིག་ཅན་སྔ་མ་ལྡེབ་༩༠། གསེར་ཡིག་ཅན་ཕྱི་མ་ནང་གསེས་དང་བཅས་པར་ལྡེབ་༣༠། ཟངས་ཡིག་ཅན་ནང་གསེས་དང་བཅས་པར་ལྡེབ་༤༠། ཕྲ་ཡིག་ཅན་ནང་གསེས་དང་བཅས་པར་ལྡེབ་༡༠༣། དུང་ཡིག་ཅན་ལ་ལྡེབ་༦༠དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡བཅས་བསྡོམས་ཆོས་ཚན་དྲུག་ལ་ལྡེབ་གྲངས་༣༥༦བཅས་བཞུགས། ༈ སྔ་འགྱུར་བཀའ་མ་རྩ་བའི་ཆོས་སྡེའི་གླེགས་བམ་༼བི༽པ་ནང་གསེས་ཨཱཿརྟགས་ཅན་འདིར། ནང་རྒྱུན་བླ་ན་མེད་པ་ཨ་ཏི་ཡོ་ག་ལས། མན་ངག་སྡེ་བི་མ་སྙིང་ཐིག་གི་སྐོར་ལ། གཡུ་ཡིག་ཅན་ལ་ལྡེབ་༦༦། མན་ངག་ངེས་པའི་ཁ་བྱང་ལྡེབ་༤། མན་ངག་དུམ་དུམ་ཁྲིགས་ནང་གསེས་ཅན་ལ་ལྡེབ་༡༧༩། སྙིང་ཐིག་ལོ་རྒྱུས་ཆེན་མོ་ནང་གསེས་སྟོད་སྨད་ཅན་ལ་ལྡེབ་༧༨དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡བཅས་བསྡོམས་ཆོས་ཚན་བཞི་ལ་ལྡེབ་གྲངས་༣༢༨བཅས་བཞུགས། ༈ སྔ་འགྱུར་བཀའ་མ་རྩ་བའི་ཆོས་སྡེའི་གླེགས་བམ༼མི༽པ་ནང་གསེས་ཧཱུྃ་རྟགས་ཅན་འདིར། ནང་རྒྱུད་བླ་ན་མེད་པ་ཨ་ཏི་ཡོ་ག་ལས། མན་ངག་སྡེ་བི་མ་སྙིང་ཐིག་གི་སྐོར་ལ། འདས་རྗེས་གསུམ་གྱིས་དབུ་དྲངས་པའི་ནང་གསེས་ཅན་ལྡེབ་༡༣༣། ཚིག་དོན་བཅུ་པ་ལྡེབ་༡༢། ཚིག་དོན་བཅུ་གཅིག་པ་༢༩། བླ་མ་ཞང་གི་རྣམ་ཐར་ལྡེབ་༧། སེང་གེ་རྒྱབ་པའི་རྣམ་མཐར་ལྡེབ་༩། གྲུབ་ཆེན་མེ་ལོང་རྡོ་རྗེའི་རྣམ་ཐར་ལྡེབ་༤། རིག་འཛིན་ཀུ་མ་རཱ་ཛའི་རྣམ་ཐར་ལྡེབ་༢༠། ཀུན་མཁྱེན་ཆེན་པོའི་རྣམ་ཐར་ལྡེབ་༤༠། འོད་གསལ་རང་གྲོལ་གྱི་རྣམ་ཐར་ལྡེབ་༩། སངས་རྒྱས་དབོན་པོའི་རྣམ་ཐར་ལྡེབ་༢༣། གྲགས་པ་རྒྱ་མཚོའི་རྣམ་ཐར་ལྡེབ་༢༡། གླེགས་བམ་དཀར་ཆག་རང་ཉིད་ལྡེབ་༡བཅས་བསྡོམས་ཆོས་ཚན་བཅུ་གཅིག་ལ་ལྡེབ་གྲངས་༣༠༨བཅས་བཞུགས། ༈ སྔ་འགྱུར་བཀའ་མའི་རྒྱབ་ཆོས་སྐོར་གྱི་ཆོས་སྡེའི་གླེགས་བམ༼ཙི༽པ་འདིར། ཡང་དག་གསང་འགྲེལ་ཆེན་པོ་ཨོ་རྒྱན་གྱི་སློབ་དཔོན་པདྨ་ཀ་རའི་གསུང་ལྡེབ་༢༩༡། ཡང་དག་གི་ཚིག་འགྲེལ་མདོར་བསྡུས་མི་ཕམ་གྱི་གསུང་ལྡེབ་༡༥དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡བཅས་བསྡོམས་ཆོས་ཚན་གཉིས་ལ་ལྡེབ་གྲངས་༣༠༧བཅས་བཞུགས། ༈ སྔ་འགྱུར་བཀའ་མའི་རྒྱབ་ཆོས་སྐོར་གྱི་ཆོས་སྡེའི་གླེགས་བམ༼ཚི༽ པ་ནང་གསེས་ཨེ་རྟགས་ཅན་འདིར། རྩ་རྒྱུད་གསང་བ་སྙིང་པོའི་འགྲེལ་པ་བཀའ་མཆིམས་ཕུ་མ་གུ་རུ་པདྨ་རྒྱལ་པོའི་གསུང་སྟོད་ཆར་ལྡེབ་༢༩༩དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡བཅས་བསྡོམས་ལྡེབ་གྲངས་༣༠༠བཅས་བཞུགས། ༈ སྔ་འགྱུར་བཀའ་མའི་རྒྱབ་ཆོས་སྐོར་གྱི་ཆོས་སྡེའི་གླེགས་བམ་༼ཛི༽པ་ནང་གསེས་ཝཾ་རྟགས་ཅན་འདིར། རྩ་རྒྱུད་གསང་བ་སྙིང་པོའི་འགྲེལ་པ་བཀའ་མཆིམས་ཕུ་མ་གུ་རུ་པདྨ་རྒྱལ་པོའི་གསུང་སྨད་ཆར་ལྡེབ་༣༠༢དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡བཅས་བསྡོམས་ལྡེབ་གྲངས་༣༠༣བཅས་བཞུགས། ༈ སྔ་འགྱུར་བཀའ་མའི་རྒྱབ་ཆོས་སྐོར་གྱི་ཆོས་སྡེའི་གླེགས་བམ༼ཝི༽པ་ནང་གསེས་ཨེ་རྟགས་ཅན་འདིར། མདོ་དགོངས་པ་འདུས་པའི་འགྲེལ་པ་གནུབས་ཆེན་གསུང་སྟོད་ཆར་ལྡེབ་༣༣༧དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡བཅས་བསྡོམས་ལྡེབ་གྲངས་༣༣༨བཅས་བཞུགས། ༈ སྔ་འགྱུར་བཀའ་མའི་རྒྱབ་ཆོས་སྐོར་གྱི་ཆོས་སྡེའི་གླེགས་བམ༼ཞི༽ པ་ནང་གསེས་ཝཾ་རྟགས་ཅན་འདིར། མདོ་དགོངས་པ་འདུས་པའི་འགྲེལ་པ་གནུབས་ཆེན་གསུང་སྨད་ཆར་ལྡེབ་༣༢༧དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡བཅས་བསྡོམས་ལྡེབ་གྲངས་༣༢༨བཅས་བཞུགས། ༈ སྔ་འགྱུར་བཀའ་མའི་རྒྱབ་ཆོས་སྐོར་གྱི་ཆོས་སྡེའི་གླེགས་བམ་༼ཟི༽པ་འདིར། འདུས་པ་མདོའི་ཁོག་དབུབ་ལྡེབ་༤དང་། ཡང་ཁོག་དབུབ་ལྡེབ་༢༤། བསྡུས་དོན་ལྡེབ་༧༣། དཀའ་འགྲེལ་ལྡེབ་༣༦། སྐུ་བཞིའི་གླེང་འགྲེལ་ལྡེབ་༢༠། འཆད་ཐབས་ལྡེབ་༧། བསྙེན་ཡིག་༧༩བཅས། སྒྱུ་འཕྲུལ་ཞི་བའི་བསྙེན་ཡིག་ལྡེབ་༣༩། ཁྲོ་བོའི་བསྙེན་ཡིག་ལྡེབ་༢༦བཅས་དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡བཅས་བསྡོམས་ལྡེབ་གྲངས་༣༠༩བཅས་བཞུགས། ༈ སྔ་འགྱུར་བཀའ་མའི་རྒྱབ་ཆོས་སྐོར་གྱི་ཆོས་སྡེའི་གླེགས་བམ༼འི༽པ་ནང་གསེས་ཨེ་རྟགས་ཅན་འདིར། མདོ་དགོངས་པ་འདུས་པའི་འགྲེལ་པ་མཁན་ནུས་ལྡན་གསུང་པོད་དང་པོར་ལྡེབ་༤༡༡དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡བཅས་བསྡོམས་ལྡེབ་གྲངས་༤༡༢བཅས་བཞུགས། ༈ སྔ་འགྱུར་བཀའ་མའི་རྒྱབ་ཆོས་ཀྱི་སྐོར་གྱི་ཆོས་སྡེའི་གླེགས་བམ༼ཡི༽པ་ནང་གསེས་ཝཾ་རྟགས་ཅན་འདིར། མདོ་དགོངས་པ་འདུས་པའི་འགྲེལ་པ་མཁན་ནུས་ལྡན་གསུང་པོད་གཉིས་པར་ལྡེབ་༣༧༢དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡བཅས་བསྡོམས་ལྡེབ་གྲངས་༣༧༣བཅས་བཞུགས། ༈ སྔ་འགྱུར་བཀའ་མའི་རྒྱབ་ཆོས་སྐོར་གྱི་ཆོས་སྡེའི་གླེགས་བམ༼རི༽པ་ནང་གསེས་མ་རྟགས་ཅན་འདིར། མདོ་དགོངས་པ་འདུས་པའི་འགྲེལ་པ་མཁན་ནུས་ལྡན་གསུང་པོད་གསུམ་པར་ལྡེབ་༤༠༡དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡བཅས་བསྡོམས་ལྡེབ་གྲངས་༤༠༢བཅས་བཞུགས། སྔ་འགྱུར་བཀའ་མའི་རྒྱབ་ཆོས་སྐོར་གྱི་ཆོས་སྡེའི་གླེགས་བམ༼ལི༽པ་ནང་གསེས་ཡ་རྟགས་ཅན་འདིར། མདོ་དགོངས་པ་འདུས་པའི་འགྲེལ་པ་མཁན་ནུས་ལྡན་གསུང་པོད་བཞི་པར་ལྡེབ་༣༥༦དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡བཅས་བསྡོམས་ལྡེབ་གྲངས་༣༥༧བཅས་བཞུགས། ༈ སྔ་འགྱུར་བཀའ་མའི་རྒྱབ་ཆོས་སྐོར་གྱི་ཆོས་སྡེའི་གླེགས་བམ༼ཤི༽པ་འདིར། སྐྱབས་འགྲོ་ཡན་ལག་དྲུག་པའི་འགྲེལ་པ་དཔལ་གྱི་སེང་གེའི་གསུང་ལྡེབ་༡༦༤དང་། དེའི་ལུང་སྦྱོར་ལྡེབ་༡༤། ཡང་ལུང་སྦྱོར་ལྡེབ་༡༧། སྤྱི་དོན་ལྡེབ་༡༤། བརྒྱུད་འདེབས་ཁག་གཉིས་ལ་ལྡེབ་༢། བཀླག་ཐབས་ལྡེབ་༢། སྐྱབས་གནས་གསལ་གདབ་ལྡེབ་༢། བསྟོད་ཕྱག་དང་དཀོན་མཆོག་རྗེས་དྲན་ལྡེབ་༧། སྨོན་ལམ་ཉི་ཤུ་པ་ལྡེབ་༢། དཀོན་མཆོག་རྗེས་དྲན་གྱི་བསྡུས་དོན་ལྡེབ་༣དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡བཅས་བསྡོམས་ཆོས་ཚན་བཅུ་ལ་ལྡེབ་གྲངས་༢༢༨བཅས་བཞུགས། ༈ སྔ་འགྱུར་བཀའ་མའི་རྒྱབ་ཆོས་སྐོར་གྱི་ཆོས་སྡེའི་གླེགས་བམ༼སི༽པ་འདིར། སྡོམ་གསུམ་རྣམ་པར་ངེས་པའི་འབྲུ་འགྲེལ་ཁོ་བོས་བྲིས་པ་ལྡེབ་༢༠༣། སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་གྱི་འགྲེལ་པ་ལྡེབ་༡༣༢དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡བཅས་བསྡོམས་ཆོས་ཚན་གཉིས་ལ་ལྡེབ་གྲངས་༣༣༦བཅས་བཞུགས་པ་ལགས་སོ། །རིག་འཛིན་སྡེ་སྣོད་བྱེ་བའི་དགོངས་པའི་བཅུད། །རིག་འཛིན་བརྒྱུད་པ་མ་ཉམས་བཀའ་མའི་གཞུང་། །རིག་འཛིན་སྨྱུ་གུས་སྤར་དུ་གཏབ་སྤེལ་དགེས། །རིག་འཛིན་ཚོམ་བུས་ས་སྟེང་མཛེས་བྱེད་ཤོག །མཁན་སློབ་ཆོས་གསུམ་རིང་ལུགས་ཆེ། །འཛམ་གླིང་ས་གསུམ་ཁྱབ་པར་འཕེལ། །འགྲོ་རྒྱུད་མཆོག་གསུམ་སྣང་བ་དང་། །མི་འབྲལ་དུས་གསུམ་དགེ་ལེགས་ཤོག།