Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་བརྒྱད་པ།

48 occurrences of གཙང་
[Clear Hits]


  
  
  
  
བར་ཆད་ལམ་སེལ་བསྡུས་པ། མཆོག་གྱུར་གླིང་པ།
  
  
 
  
  
 
 
27   
  
  
  
 
  
  
 
 
 
 
  
  


48 occurrences of གཙང་
[Clear Hits]

 
previousབར་ཆད་ལམ་སེལ་བསྡུས་པ།མཆོག་གྱུར་གླིང་པ།next

བར་ཆད་ལམ་སེལ་བསྡུས་པ།
མཆོག་གྱུར་གླིང་པ།

དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ། །དངོས་གྲུབ་ཀུན་བདག་བདེ་བ་ཆེན་པོའི་ཞབས། །བར་ཆད་ཀུན་སེལ་བདུད་འདུལ་དྲག་པོ་རྩལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔ ཕྱི་ནང་གསང་བའི་བར་ཆད་ཞི་བ་དང༌། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་སེང་ཆེན་གནམ་བྲག་གི་གཡས་ཟུར་བྲག་རི་རིན་ཆེན་བརྩེགས་པ་ནས་སྤྱན་དྲངས་པ་དུས་བབས་ཀྱི་གསོལ་འདེབས་འདི་ཉིད་བྱིན་རླབས་ཤིན་ཏུ་ཆེ་བས་ཀུན་གྱིས་ཁ་ཏོན་དུ་གཅེས་པར་ཟུངས་ཤིག །ནད་གདོན་བར་ཆད་ཞི་བར་མཛད་པ་དང༌། །འཆི་མེད་ཚེ་དབང་མཆོག་གི་དངོས་གྲུབ་སྩོལ། ༈། ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །འགལ་རྐྱེན་པར་ཆད་མི་འབྱུང་ཞིང༌། །མཐུན་རྐྱེན་བསམ་པ་འགྲུབ་པ་དང༌། །མཆོག་དང་ཐུན་མོང་དངོས་གྲུབ་རྩོལ། །ཞེས་པ་འདི་འང་ཀུན་བཟང་གཞན་ཕན་བཟང་པོས་ཙ་རི་ཏྲ་ནས་ཨོ་རྒྱན་རིན་པོ་ཆེའི་ཞལ་མངོན་སུམ་དུ་མཇལ་སྐབས་གསོལ་བ་བཏབ་པ་དགེའོ། །མངྒ་ལཾ། །


previousབར་ཆད་ལམ་སེལ་བསྡུས་པ།མཆོག་གྱུར་གླིང་པ།next