Nitartha Digital Library
Tibetan
བར་དོ་ཐོས་གྲོལ་ཆེན་མོའི་ཆོས་སྐོར་ཕྱོགས་བསྒྲིགས།

4 occurrences of གཡེམ་པ་
[Clear Hits]


  
  
  
  
  
  
ཟབ་ཁྲིད་བདེ་བ་རང་གྲོལ་གྱི་ས་བཅད་རྡོ་རྗེའི་མཛོད་འཛིན།
  
 
  
 
  
  
  
 
  
  
  
  
  
  
  
  
  
  
  
  
  


4 occurrences of གཡེམ་པ་
[Clear Hits]

 
previousཟབ་ཁྲིད་བདེ་བ་རང་གྲོལ་གྱི་ས་བཅད་རྡོ་རྗེའི་མཛོད་འཛིན།next

ཟབ་ཁྲིད་བདེ་བ་རང་གྲོལ་གྱི་ས་བཅད་རྡོ་རྗེའི་མཛོད་འཛིན།

མཚན་བཅས་རྫོགས་རིམ་ཀྱིས་ལྷན་ཐབས་གཉིས་པའོ། །ཟབ་ཁྲིད་བདེ་བ་རང་གྲོལ་གྱི་ས་བཅད་རྡོ་རྗེའི་མཛོད་འཛིན་ཞེས་བྱ་བ་བཞུགས་སོ། །

བདེ་ཆེན་རང་གྲོལ་སྐུ་གསུམ་ལྷ་ལ་འདུད། ཟབ་ཁྲིད་བདེ་བ་རང་གྲོལ་འདི་ལ་སྤྱི་དོན་གསུམ་སྟེ། སྔོན་འགྲོ། དངོས་གཞི། རྗེས་གསུམ་མོ། །དང་པོ་ལ་གཉིས་ཏེ་སྤྱི་དང་ཁྱད་པར་རོ། །སྤྱི་ལ་བདུན་ནམ་བཞི། ཁྱད་པར་ལ་གཉིས། སྟོང་ར་གསུམ་དང་། འབར་འཛག་གཉིས་སོ། །དང་པོ་ལ་གསུམ་སྟེ། རྩ་རླུང་ཐིག་ལེའི་སྟོང་ར་སྦྱང་བའོ། །གཉིས་པ་དངོས་གཞི་ལ་གསུམ། འོད་རིག །རང་ལུས། གཞན་ལུས་གསུམ་མོ། །གཉིས་པ་ལ་ལྔ། དབབ་བསྐྱིལ་བཟློག་བཀྲམ་རྗེས་བསྔོ་བའོ། །གསུམ་པ་གཞན་ལུས་ལ་དྲུག །བརྟག་པ། དགུག་པ། སྒྲིབ་པ། རང་ལུས་ཚགས་སུ་གཞུག་པ། སྒྱུ་ལུས་སྦྱང་བ། ཉམས་ལེན་དངོས་གཞིའོ། །དང་པོ་ལ་གཉིས། རང་ལུས་དང་། གཞན་ནོ། །རང་ལ་སྤང་བླང་གཉིས། གཞན་ཕྱག་རྒྱ་ལ་ཡང་སྤང་བླང་གཉིས་སོ། །གཉིས་པ་ལ་གསུམ། རྫས་སྔགས་ཏིང་ངེ་འཛིན་གསུམ་མོ། །གསུམ་པ་ལ་གསུམ། ཐབས། རྫས། སྔགས་ཀྱིས་སྒྲིབ་པ་དང་གསུམ་མོ། །བཞི་པ་ལ་གཉིས། བཅུད་སྦྱར་བརྟེན་པ་དང་། སྤྱོད་ལམ་མོ། །ལྔ་པ་ལ་གཉིས། སྒྱུ་ལུས་སྦྱང་བ་དང་། བྱང་བ་གཉིས་སོ། །དྲུག་པ་དངོས་གཞི་ལ་བཅུ། ལྷར་བསྐྱེད། སྐྱབས་འགྲོསེམས་བསྐྱེད། བཤགས་པ། མཁའ་གསང་བྱིན་རླབས། སྦྱོར་བ་དངོས་གཞི། དབབ་བསྐྱིལ་བཟློག །བཀྲམ་བཅུ། དྲུག་པ་སྦྱོར་བ་དངོས་གཞི་ལ་གཉིས། ཆགས་

པ་བསླང་བ་དང་། བདེ་བ་སྦྱང་བའོ། །དང་པོ་ལ་ལྔ། གཟུགས་སྒྲ་དྲི་རོ་རེག་གི་སྒོ་ནས་སོ། །གཉིས་པ་དབབ་པ་ལ་བཞི། དགའ་བ། མཆོག་དགའ་ལྷན་སྐྱེས། དགའ་བྲལ་དང་བཞིའོ། །བརྒྱད་པ་བསྐྱིལ་བ་ལ་གཉིས། དགའ་བ་བཞི་ངོས་འཛིན་པ་དང་། ངོ་སྤྲད་པའོ། །དང་པོ་ལ་བཞི། རང་བཞིན་བརྒྱད་ཅུ་འགག་ཚུལ། དགའ་བ་བཞི་ངོས་འཛིན་ཚུལ། བདེ་ཉམས་དང་པོ་དང་སྣང་མཆེད་ཐོབ་གསུམ་འཆར་ཚུལ། སྐུ་བཞིར་ངོ་སྤྲད་པའོ། །དགུ་པ་བཟློག་པ་ལ་གསུམ། ལུས་ཀྱི་འཁྲུལ་འཁོར་། ངག་གི་རླུང་། ཡིད་ཀྱི་དམིགས་པའོ། །བཅུ་པ་བཀྲམ་པ་ལ་གསུམ། འཁྲུལ་འཁོར་རླུང་། དམིགས་པ་དང་གསུམ་མོ། །སྤྱི་དོན་གསུམ་པ་རྗེས་ལ་བརྒྱད། ཤེས་རབ་མའི་བདེ་བ་དྲང་བ་དྭངས་སྙིགས་འབྱེད་པ། གེགས་སེལ་བ་བོག་འདོན། འབྱོངས་རྟགས་ངོ་སྤྲོད་ཡོན་ཏན། བསྔོ་བས་རྒྱས་གདབ་པ་དང་བརྒྱད་དོ། །ཟབ་ལམ་ཉམས་ཁྲིད་བདེ་བ་རང་གྲོལ་གྱི། །ས་བཅད་དོན་བསྡུས་མདོ་ཚིག་གསལ་བ་འདི། །ནམ་མཁའི་མིང་ཅན་སྐྱེས་བུས་བསྐུལ་བའི་ངོར། །ཉི་ཟླའི་མིང་ཅན་ཁོ་བོས་ཅུང་ཟད་བསྡུས། །འདི་བྲིས་དགེ་བས་ཁམས་གསུམ་རིགས་དྲུག་ཀུན། །དགའ་བཞིའི་དོན་རྟོགས་སྐུ་བཞི་མངོན་གྱུར་ཤོག །དགེའོ།། །།


previousཟབ་ཁྲིད་བདེ་བ་རང་གྲོལ་གྱི་ས་བཅད་རྡོ་རྗེའི་མཛོད་འཛིན།next