Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

85 occurrences of དགོངས་པ་
[Clear Hits]


  
  
10   
 
 
 
ཞི་ཁྲོ་དགོངས་པ་རང་གྲོལ་གྱི་རྒྱུན་ཁྱེར་སྙིང་པོར་དྲིལ་བ་ཟུང་འཇུག་ལམ་བཟང་།
 
  
 
 
  
 
  
  
 
  
 
 
  
  
 
 
  
 
  
  
 
  
 
  
 
  
  
10   
  
 
  
 
  
 
  
 
  
 
  
  


85 occurrences of དགོངས་པ་
[Clear Hits]

 
previousཞི་ཁྲོ་དགོངས་པ་རང་གྲོལ་གྱི་རྒྱུན་ཁྱེར་སྙིང་པོར་དྲིལ་བ་ཟུང་འཇུག་ལམ་བཟང་།next

ཞི་ཁྲོ་previous hit དགོངས next hit་རང་གྲོལ་གྱི་རྒྱུན་ཁྱེར་སྙིང་པོར་དྲིལ་བ་ཟུང་འཇུག་ལམ་བཟང་།


JKT014_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཁྲོ་previous hit དགོངས next hit་རང་གྲོལ་གྱི་རྒྱུན་ཁྱེར་སྙིང་པོར་དྲིལ་བ་ཟུང་འཇུག་ལམ་བཟང་ཞེས་བྱ་བ་བཞུགས་སོ།། །།


JKT014_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བྷྱཿ འདིར་ཟབ་ཆོས་ཞི་ཁྲོ་previous hit དགོངས next hit་རང་གྲོལ་གྱི་བསྐྱེད་རིམ་མདོར་བསྡུས་ཏེ་ཉམས་སུ་བླང་བའི་ཚུལ་ལ། ཐོག་མར་སྐྱབས་སེམས་ནི། བླ་མ་མཆོག་གསུམ་ཡི་དམ་ལྷར། །གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ། །བླ་མེད་བྱང་ཆུབ་མཆོག་ཐོབ་ཕྱིར། །ཞི་ཁྲོའི་ལྷ་ཚོགས་བསྒོམ་པར་བགྱི། །ལན་གསུམ། སྤྲོ་ན། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། ཞེས་སོགས་རྒྱུན་བཤགས་ཀྱང་བྱ། དངོས་གཞི་ནི། སྐད་ཅིག་མི་དམིགས་སྟོང་པའི་ངང་༔ ཆུ་ནང་ཉ་འཕར་ཇི་བཞིན་དུ༔ ཨོཾ་ཨཱཿཧཱུྃ། སྐྱེ་མེད་ཆོས་དབྱིངས་ཞིང་ཁམས་སུ༔ འགག་མེད་ཐིག་ལེའི་གཞལ་ཡས་ན། ཐབས་ཤེས་ཉི་ཟླ་པདྨའི་སྟེང་༔ རང་ཉིད་རྡོ་རྗེ་སེམས་དཔའ་ནི༔ དཀར་གསལ་ཞལ་གཅིག་


JKT014_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཉིས་པ༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན༔ གཡོན་པས་དྲིལ་བུ་དཀུ་ལ་བརྟེན༔ ལོངས་སྤྱོད་རྫོགས་སྐུའི་རྒྱན་རྣམས་རྫོགས༔ ཞབས་གཉིས་རོལ་པའི་སྟབས་ཀྱིས་བཞུགས༔ ཙིཏྟ་སྙིང་གི་གཞལ་ཡས་སུ༔ དྭངས་མ་ལྔ་ཡི་དབུས་ཉིད་དུ༔ འོད་ལྔའི་ཐིག་ལེའི་དཀྱིལ་འཁོར་བསམ༔ སེང་གེ་གླང་ཆེན་རྟ་མཆོག་དང་༔ རྨ་བྱ་ཤང་ཤང་ཁྲི་ཡི་སྟེང་༔ ཉི་ཟླ་པདྨ་བརྩེགས་པ་ལ༔ སངས་རྒྱས་བཞི་བཅུ་རྩ་གཉིས་ནི༔ སྟོང་གསལ་འོད་ཀྱི་སྐུ་རུ་བསྒོམ༔ ཀླད་པ་དུང་ཁང་གཞལ་ཡས་སུ༔ ཡེ་ཤེས་ལྔ་ཡི་ཐིག་ལེ་ལསཿ འོད་འབར་དྲོད་ཀྱི་མེ་ཕུང་ཀློང་༔ ཁྱུ་མཆོག་མ་ཧེ་གཟིག་དང་སྟག༔ གཏུམ་པོ་དོམ་གྱི་ཁྲི་སྟེང་དུ༔ དྲེགས་པ་ཕོ་མོ་


JKT014_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་དང་༔ ཉི་ཟླ་བརྩེགས་པའི་གདན་སྟེང་དུ༔ ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་བཞུགས༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ ཨོཾ་ཨཱཿཧཱུྃ༔ བཛྲ་ས་མཱ་ཛ༔ ཨེ་ཀྱེ་ཧི༔ ཛཿཧཱུྃ་བ་ཧོ༔ བཛྲ་ས་མ་ཡ་ཏིཥྛ༔ ཨ་ཏི་པཱུ་ཧོ༔ པྲ་ཏིཙྪ་ཧོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨགྷཾ་ནས། ཤབྡའི་བར་དང་། རཱུ་པ། ཤསྡ། གནྡྷེ། རཱ་ས། སྤརེ། བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། མ་ཧཱ་བ་ལཾ་ཏ་ཁ་རཾ་ཁཱ་ཧི། ཧཱུྃ༔ ཆོས་སྐུ་ནམ་མཁའ་ལྟ་བུར་ཁྱབ་པ་ལ༔ ལོངས་སྐུ་ཉི་འོད་ལྟ་བུར་སོ་སོར་གསལ༔ སྤྲུལ་སྐུ་འཇའ་ཚོན་ལྟ་བུས་འགྲོ་དོན་མཛདི༔ རྒྱལ་བ་ཞི་ཁྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཨོཾ་ཨཱཿཧཱུྃ། ཆོས་ཉིད་དམིགས་སུ་མེད་པ་ལ༔ ཕྱི་སྣོད་འཇིག་རྟེན་གཞལ་ཡས་ཁང་༔ ནང་བཅུད་སེམས་ཅན་ལྷ་ཡི་ཚོགས༔ འཁོར་བ་སྡུག་བསྔལ་ཆོས་ཉིད་རོལ༔ ཨ་ལ་ལ་ཧོ་བཞེས་སུ་གསོལ༔ ཨོཾ་དང་ཨཱཿདང་ཧཱུྃ་དང་གསུམ༔ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས༔ བོ་དྷི་ཙིཏྟ་བྱང་ཆུབ་སེམས༔ མ་ཧཱ་སུ་ཁ་བདེ་བ་ཆེ༔ ཛྷཱ་ན་དྷ་ཏུ་ཡེ་ཤེས་དབྱིངས༔ ཨཱ་ནི་སྐྱེ་བ་མེད་པ་སྟེ༔ ཞི་བ་ལྷུན་གྱིས་གྲུབ་པའི་ལྷ༔ བཞི་བཅུ་རྩ་གཉིས་སྙིང་པོའོ༔ ཞི་བའི་ཐུགས་ཀར་ཟླ་བའི་སྟེང་༔ ཧཱུྃ་ལ་སྔགས་ཀྱི་ཕྲེང་བས་བསྐོར༔ མགལ་མེ་ཀླད་འཁོར་ལྟར་གསལ་བཟླས༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་


JKT014_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ སྔགས་ཕྲེང་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། འཁོར་འདས་ཀྱི་དྭངས་བཅུད་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྤྱན་དྲངས་ཏེ་རང་གི་སྙིང་གའི་ས་བོན་ལ་སིབ་སིབ་ཐིམ་པས་དངོས་གྲུབ་རྣམ་པ་གཉིས་ཐོབ། སྣོད་བཅུད་ཐམས་ཅད་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པ་གཅིག་ཏུ་གསལ་བར་བསམས་ལ་བཟླས་པ་ཅི་ནུས་བྱ། ཨོཾ་ནི་ཡེ་ཤེས་ལྔ་དང་ལྡན༔ རུ་ལུ་གནས་ལུགས་ཆོས་ཀྱི་དབྱིངསཿ འོག་མ་སྣང་ལུགས་ཆོས་ཀྱི་སྐུ༔ ཧཱུྃ་ནི་འགག་མེད་ཐིག་ལེ་ཉིད༔ སྦྱོཝནི་སྐྱེ་མེད་previous hit དགོངས་པའི་ངང་༔ ཧཱུྃ་ནི་སྐྱེ་འགག་མེད་ next hit་སྟེ༔ ཁྲོ་བོ་ཁྲག་འཐུང་རིག་ལཔའི་རྩལ༔ དྲུག་ཅུ་ཐམ་པའི་སྙིང་པོའོ༔ ཁྲོ་བོའི་ཐུགས་ཀར་ཉི་མའི་སྟེང་༔ ཧཱུྃ་ལ་སྔགས་ཀྱི་ཕྲེང་བས་བསྐོར༔ མགལ་མེ་ཀླད་འཁོར་ལྟར་གསལ་བཟླས༔ ཨོ་རུ་ལུ་རུ་ལུ་ཧཱུྃ་བྷོ་ཧཱུྃ༔ འོད་ཟེར་སྤྲོ་བསྡུའི་དམིགས་གནད་སྔར་བཞིན་སྦྱར་ལ་ཅི་ནུས་བཟླ། ཐུན་མཐར་མཆོད་ཅིང་བསྟོད་ལ། རྩ་སྔགས་ཀྱི་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཕ་ལ་ཧོ༔ ཞེས་པས་དངོས་གྲུབ་བླང་། ཡི་གེ་བརྒྱ་པས་ནོངས་པ་བཤགས། སྣང་གྲགས་རིག་པའི་དཀྱིལ་འཁོར་གསུམ། །འོད་གསལ་ཆོས་སྐུའི་ཀློང་དུ་ཐིམ། །སླར་ཡང་ཟུང་འཇུག་སྒྱུ་མའི་ངང་། །སྒོ་གསུམ་ལྷ་སྔགས་ཆོས་སྐུར་ཤར། །ཅེས་རྟག་ཆད་ཀྱི་མཐའ་བསལ། དགེ་བ་འདི་ཡིས་མྱུར་དུ་བདག །རྒྱལ་བ་ཞི་ཁྲོ་


JKT014_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་གྱུར་ནས། །སོགས་ཀྱིས་དགེ་བ་བསྔོ་ཞིང་སྨོན་ལམ་བཏབ་ནས་ཐུན་མཚམས་ཀྱི་རིམ་པ་ལ་འཇུག་པར་བྱའོ། །ཞེས་པའང་རིག་འཛིན་གྱི་བཙུན་པ་རྡོ་རྗེ་ཐུགས་མཆོག་རྩལ་གྱིས་སྦྱར་བ་སརྦ་དཱ་མངྒ་ལཾ།། །།


previousཞི་ཁྲོ་དགོངས་པ་རང་གྲོལ་གྱི་རྒྱུན་ཁྱེར་སྙིང་པོར་དྲིལ་བ་ཟུང་འཇུག་ལམ་བཟང་།next