ལེའུ་ལྔ་པ་ཕུང་པོ་གཟན་བསྐྱུར་གྱི་སྐོར།
ལེའུ་ལྔ་པ། ཕུང་པོ་གཟན་བསྐྱུར་གྱི་སྐོར། དེ་ནས་ཐོད་སྨྱོན་ཟླ་བ་གསུམ་སོང་བའི་
ནུབ་ཅིག་གི་རྨི་ལམ་དུ་བུད་མེད་ཁ་དོག་སྣ་ལྔའི་འོད་འཕྲོ་བ་ཞིག་གིས་རྣལ་འབྱོར་པ་ཁྱོད་
ཀྱིས་མ་ལབ་སྒྲོན་གྱི་ཆོས་ལུགས་ཐམས་ཅད་ལ་མ་ཤེས་པ་མེད་པ་ཡོད་དམ་ཟེར་སྐད།
ཐོད་སྨྱོན་ན་རེ། མ་ཅིག་གི་ཆོས་ལུགས་གང་ལ་ཡང་ངས་མ་ཤེས་པ་མེད་བྱས་པས། བུད་མེད་
དེ་ན་རེ། རྣལ་འབྱོར་པ་ཁྱོད་མ་ལབ་སྒྲོན་མའི་ཆོས་ལུགས་ཀྱི་སྤྱི་ཁོག་རྣམས་ཤེས་ཤིང་། ཁྱད་
90
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
པར་དུ་གསང་སྔགས་ཀྱི་ཆོས་སྤྲོས་བྲལ་ལ་མཁས་པའི་གདེང་ཡོད་མོད་ཀྱང་ཆོས་ལུགས་
ཐམས་ཅད་ཀྱི་མདོ་དོན། ཉམས་ལེན་གྱི་རྩ་བ་ཕུང་པོ་མཆོད་སྦྱིན་གྱི་དོན་ལ་ད་ལྟ་རྩ་བདར་
ཆོད་ཅིག་ཟངས་རིར་སོང་ཟེར་ནས་འོད་དུ་ཡལ་ནས་ཐལ་ལོ། །དེ་ནས་ཐོད་སྨྱོན་གྱིས་བུད་
མེད་འདི་མ་ཅིག་གི་སྤྲུལ་པ་ཡིན་ནམ། ད་རུང་ཕུང་པོའ་ིམཆོད་སྦྱིན་བྱེད་པ་ལ་མ་ཤེས་པ་
གཅིག་འདུག་པ་དེ་མ་ཅིག་ལ་ཞུར་འགྲོ་དགོས་སྙམ་ནས། ཐོད་སྨྱོན་དཔོན་སློབ་རྣམས་
ཟངས་རིར་བྱོན་ཏེ། མ་ཅིག་གིས་ཕག་མོ་ལྷ་ལྔའི་དབང་མཛད་པ་དང་ཕྲད། ཐོད་སྨྱོན་གྱིས་
མ་ཅིག་ཕག་མོ་གཙོ་འཁོར་ལྔ་ལ་དངོས་སུ་མཐོང་། སྲས་མོ་རྒྱན་བཞིས་ཀྱང་མ་ཅིག་ཕག་
མོར་མཐོང་བའི་ཕྱོགས་བཞིར་འོད་དཀར་པོ་སེར་པོ་དམར་པོ་ལྗང་ཁུ་མེ་ལོང་ཙམ་བཞི་
རླུང་གིས་གཡབ་པ་ལྟར་རབ་ཏུ་འབར་བའི་རྣམ་པ་ཅན་དུ་མཐོང་། དེའི་ཕྱི་ཉིན་ཉི་མ་རྩེ་
ཤར་དུས་ལ། མ་ཅིག་གིས་ཐོད་སྨྱོན་ཁྱེད་དཔོན་སློབ་ཅི་ལ་འོངས་གསུངས། ཐོད་སྨྱོན་ན་རེ།
བུད་མེད་ཁ་དོག་སྣ་ཚོགས་པ་ཞིག་གིས་ལུས་མཆོད་སྦྱིན་གྱི་ཆོས་ལུགས་ཞུ་བ་ལ་སོང་ཟེར་
ཏེ་འོངས་སོ་ཞུས། མ་ཅིག་ན་རེ། དེ་སྣ་ཚོགས་གཟུགས་ཞེས་པའི་ཞིང་སྐྱོང་གི་མཁའ་འགྲོ་
མ་ཡིན། དེ་འདིར་སླེབས་ནས་ཐོད་སྨྱོན་འོངས་ཟེར་བ་བྱུང་གསུངས།
དེ་ནས་ཐོད་སྨྱོན་དང་སྲས་མོས་སྔར་མ་ཅིག་ཕག་མོར་མཐོང་ཚུལ་རྣམས་ཞུས་ཏེ།
མ་ཅིག་གི་ཞལ་ནས། ང་ཕྱི་ལྟར་ན་རྒྱལ་བའི་ཡུམ་ཆེན་ཡིན། །ནང་ལྟར་ན་རྗེ་བཙུན་སྒྲོལ་
མ་ཡིན། །གསང་བ་ལྟར་ན་རྡོ་རྗེ་ཕག་མོ། །འཁོར་གྱི་མཁའ་འགྲོ་བཞི་པོ་ཡང་། །ཕྱི་ལྟར་
ན་འབྱུང་བ་བཞི་རུ་གསལ། །ནང་ལྟར་ན་ཡེ་ཤེས་མཁའ་འགྲོ་བཞི། །གསང་བ་ལྟར་ན་ཡི་
གེ་རྣམ་པ་བཞི། །སངས་རྒྱས་མཁའ་འགྲོ་ཧ་ཡིག་དཀར། །རིན་ཆེན་མཁའ་འགྲོ་རི་ཡིག་
སེར། །པདྨ་མཁའ་འགྲོ་ནི་ཡིག་དམར། །ལས་ཀྱི་མཁའ་འགྲོ་ས་ཡིག་ལྗང་། །ང་ཉིད་པཾ་
ཡིག་མཐིང་ག་སྟེ། །གཙོ་འཁོར་ལྔ་པོ་ཡི་གེ་ལྔ། །ས་ནི་སངས་རྒྱས་མཁའ་འགྲོ་མ། །ཆུ་ནི་
རིན་ཆེན་མཁའ་འགྲོ་མ། །མེ་ནི་པདྨ་མཁའ་འགྲོ་མ། །རླུང་ནི་ལས་ཀྱི་མཁའ་འགྲོ་མ། །ནམ་
91
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
མཁའ་དག་པ་ང་ཉིད་དེ། །གཙོ་འཁོར་ལྔ་པོ་འབྱུང་བ་ལྔ། །ང་ཉིད་གཙོ་འཁོར་ལྔ་པོ་ཡང་། །
ཕྱི་ལྟར་ན་སྐུ་ལྔའི་རང་བཞིན་ལ། །ནང་ལྟར་ན་ཡེ་ཤེས་མཁའ་འགྲོ་ལྔ། །གསང་བ་ལྟར་ན་ཡེ་
ཤེས་ཆེན་པོ་ལྔ། །སངས་རྒྱས་མཁའ་འགྲོ་ཆོས་ཀྱི་སྐུ། །རིན་ཆེན་མཁའ་འགྲོ་སྤྲུལ་པའི་སྐུ། །
པདྨ་མཁའ་འགྲོ་ངོ་བོ་ཉིད་ཀྱི་སྐུ། །ལས་ཀྱི་མཁའ་འགྲོ་མངོན་པར་བྱང་ཆུབ་སྐུ། །ང་ཉིད་
ལོངས་སྤྱོད་རྫོགས་པའི་སྐུ། །ཞེས་གསུངས་སོ། །སངས་རྒྱས་མཁའ་འགྲོ་ཆོས་དབྱིངས་ཡེ་
ཤེས་ལ། །རིན་ཆེན་མཁའ་འགྲོ་མཉམ་ཉིད་ཡེ་ཤེས་ཏེ། །པདྨ་མཁའ་འགྲོ་སོར་རྟོག་ཡེ་ཤེས་
དང་། །ལས་ཀྱི་མཁའ་འགྲོ་བྱ་གྲུབ་ཡེ་ཤེས་དང་། ང་ཉིད་མེ་ལོང་ཡེ་ཤེས་ཡིན། །དུག་ལྔ་དག་
པ་ཡེ་ཤེས་ལྔ། །ལྟ་བསྒོམ་སྤྱོད་འབྲས་དམ་ཚིག་ལྔ། །ང་ཉིད་ཕག་མོ་ལྟ་བ་སྟེ། །ང་སྒོམ་པ་རྡོ་
རྗེ་མཁའ་འགྲོ་མ། །སྤྱོད་པ་རིན་ཆེན་མཁའ་འགྲོ་མ། །འབྲས་བུ་པདྨ་མཁའ་འགྲོ་མ། །དམ་
ཚིག་ལས་ཀྱི་མཁའ་འགྲོ་མ། །ཐ་མལ་བུད་མེད་ལབ་སྒྲོན་ང་། །ཡེ་ཤེས་མཁའ་འགྲོ་གཙོ་
འཁོར་ལྔ། །རྣམ་ཤེས་ང་ཉིད་ཕག་མོ་ལ། །གཟུགས་ཕུང་སངས་རྒྱས་མཁའ་འགྲོ་མ། །
ཚོར་བ་རིན་ཆེན་མཁའ་འགྲོ་མ། །འདུ་ཤེས་པདྨ་མཁའ་འགྲོ་མ། །འདུ་བྱེད་ལས་ཀྱི་
མཁའ་འགྲོ་མ། །བྱང་སེམས་བཅུད་ལྔ་ང་ཉིད་ཡིན། །ཤ་རུས་སངས་རྒྱས་མཁའ་འགྲོ་མ། །
དྲོད་ནི་རིན་ཆེན་མཁའ་འགྲོ་མ། །ཁྲག་ནི་པདྨ་མཁའ་འགྲོ་མ། །དབུགས་ནི་ལས་ཀྱི་
མཁའ་འགྲོ་ཡིན། །དེ་ལྟར་ཐ་མལ་ལབ་སྒྲོན་ང་། །སངས་རྒྱས་ཡབ་ལྔ་ཡུམ་ལྔ་དང་། །
དཔའ་བོ་དཔའ་མོ་མཁའ་འགྲོའ་ིཚོགས། །བཞུགས་སམ་འདུས་པའི་ཕོ་བྲང་ནི། །ང་
ཉིད་ཡིན་ནོ་སྐལ་ལྡན་བུ། །རྟེན་བྱེད་ས་ཡི་ཕུང་པོ་ལ། །རྩི་བཅུད་འདོད་དགུ་འབྱུང་བ་
བཞིན། །ང་ཡི་ཕུང་ཁམས་སྐྱེ་མཆེད་རྣམས། །ལྷ་དང་ལྷ་མོའ་ིརང་བཞིན་ཡིན་ནོ་བུ། །
དྲི་ལྡན་པདྨ་ཚལ་རབ་རྒྱས་པ་ལ། །སྒྲ་ལྡན་བུང་བའི་ཚོགས་རྣམས་རང་བཞིན་འདུ། །དེ་
བཞིན་ང་ཉིད་གང་དུ་གནས་པའི་སར། །དཔའ་བོ་མཁའ་འགྲོ་སྤྲིན་བཞིན་འདུ་བ་ཡིན་
ནོ་བུ། །ཞེས་གསུངས་ཏེ། ཐོད་སྨྱོན་ན་རེ།
92
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
ཨེ་མ་ཧོ། མ་དག་ངོ་བོར་ཐ་མལ་བུད་མེད་ལ། །དག་སྣང་ངོ་བོར་རྡོ་རྗེ་ཕག་མོ་
ཉིད། །སངས་རྒྱས་རགི ས་ལྔ་ཡུམ་ལྔ་དང་། །དཔའ་བ་ོདཔའ་མའོ ་ིམཁའ་འགྲའོ ་ིཚགོ ས། །བྱེ་
བ་དཔག་མེད་འཕྲོ་ཞིང་འདུ། །གང་འདུལ་ཐབས་མཁས་འཕྲིན་ལས་ཀྱིས། །གྲངས་མེད་
འགྲོ་བ་འདྲེན་མཛད་མ། །གངས་ཅན་ཁྲོད་འདིར་སྙིགས་མའི་དུས། །བཀའ་དྲིན་ཆེ་བའི་
ཡུམ་ཆེན་ལ། །བདག་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །སྨོན་ལམ་ལས་དང་རྟེན་
འབྲེལ་གྱིས། །བདག་ཀྱང་ཁྱེད་ཀྱི་སྲས་སུ་གྱུར། །ཐེག་ཆེན་ཆོས་ཀྱི་བསྟན་ལ་ཞུགས། །དམ་
ཆོས་བདུད་ཀྱི་གཅོད་ཡུལ་འདི། །མ་ཅིག་ཇི་ལྟར་གསུངས་པ་བཞིན། །སྤར་ཟིན་བྱས་
པས་ཉམས་སུ་བླངས། །རྟགས་དང་དྲོད་ཚད་གཉིས་ཀ་ལ། །བརྟན་ཐོབ་བྱུང་བ་མ་ཡི་
དྲིན། །ཡང་ཡང་དྲན་པ་བྱིན་གྱིས་རློབས། །དྲིན་ལན་འཁོར་མཐའ་མེད་པའི་མ་ཅིག་
གིས། །དགོངས་པ་ཐུགས་ཀྱི་སྒོ་ཕྱེ་ནས། །གདམས་པ་གསུང་གི་ཟབ་ཆོས་རྣམས། །ལུས་
པ་མེད་པར་གནང་ལགས་ཀྱང་། །ད་རུང་བཀའ་དྲིན་ཞུ་བ་ལགས། །ཞིང་སྐྱོང་མཁའ་
འགྲོས་ལུང་བསྟན་པའི། །ལུས་མཆོད་སྦྱིན་ཇི་ལྟར་བྱེད་པའི་ཚུལ། །སྒྲིབ་མེད་གསལ་
བོར་གནང་བར་ཞུ། །བདག་དང་བདག་འདྲའི་འགྲོ་ཀུན་གྱིས། །ཡིད་གུས་ཤིང་བློ་བརྟན་
དང་བས་མཉན། །ཞེས་ཞུས་པས། མ་ཅིག་གི་ཞལ་ནས། བུ་དད་ལྡན་བརྩོན་འགྲུས་ཤེས་
རབ་ལྡན། རིགས་སད་ལས་ཀྱི་འཕྲོ་ལ་སྤྱོད་པའི་མཚུངས་མེད་ཆོས་ལ་ངོམས་པ་མེད་པའི་
སྐྱེས་བུ་དམ་པ་ཉོན་དང་། ལུས་མཆོད་སྦྱིན་བྱེད་པ་སྔར་ཡང་བཤད་པ་དེ་ཡིན་ཀྱང་། ད་
རུང་ལུས་མཆོད་སྦྱིན་བྱེད་པའི་རིམ་པ་དང་། ཁྱད་པར་དམིགས་པའི་རིམ་པ་དང་། དེའི་
བྱེད་ཚུལ་རྣམས་ཞིབ་པར་ངས་བཤད་དོ། །ཡིད་ལ་ཟུངས་དང་འདི་ལྟར་ཡིན་ནོ། །
དེ་ཡང་འཁོར་བ་སྤྱི་དང་བྱེ་བྲག་གི་ཆོས་ཐམས་ཅད་ཀྱི་དོན་ལ་དགེ་དང་མི་དགེ་
འབྱེད་པར་བྱེད་ཅིང་། དལ་འབྱོར་རྙེད་དཀའ་འཇིག་སླ་དང་། དོན་ཡོད་དོན་མེད་ལ་
སོགས་པ་རྒྱུ་འབྲས་ལས་ཀྱི་རྣམ་གྲངས་ལེགས་པར་ཤེས་པ་དང་། ཁྱད་པར་དུ་ངའི་ཆོས་
93
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
ལུགས་བློ་ལ་ཆུད་ཅིང་ཐེག་ཆེན་གྱི་བློ་སྦྱངས་ནས་ཐར་པ་དོན་དུ་གཉེར་བའི་གང་ཟག་
རིག་པ་དང་ལྡན་པས། རི་ཁྲོད་རྟག་ཏུ་བྱེད་པ་ལ། ཕུང་པོ་མཆོད་སྦྱིན་བྱེད་པ་གལ་ཆེ་སྟེ།
དེ་ལྟ་བུའི་གང་ཟག་གི་ལུས་མཆོད་སྦྱིན་གྱི་རིམ་པ་ལ་འཇུག་པར་བྱེད་པ་ལ་དོན་བདུན་ཏེ་
ཉི་ཤུ་རྩ་བཞིས་ཀྱང་ཚང་བའོ། །
དེ་ཡང་ཐོག་མར་སེམས་བསྐྱེད་ནས་མགྲོན་སྡུད་པ་དང་གཅིག །སྐྱབས་ཡུལ་
བསྒོམ་ཞིང་ཚད་མེད་བཞི་ལ་བློ་སྦྱངས་ཤིང་ཚོགས་ཞིང་སྤྱན་དྲངས་པ་དང་གཉིས། ཡན་
ལག་བརྒྱད་པས་ཕྱག་འཚལ་ཞིང་མཆོད་པ་འབུལ་བ་དང་གསུམ། ལུས་སེམས་ཕྲལ་ཞིང་
མཎྜལ་འབུལ་བ་དང་བཞི། གསོལ་བ་བཏབ་ཅིང་བྱིན་རླབས་ཕབ་པ་དང་ལྔ། ལུས་
མཆོད་པར་འབུལ་ཞིང་སྦྱིན་པ་གཏོང་བ་དང་དྲུག །བསྔོ་བ་སྨོན་ལམ་གྱིས་མཇུག་བསྡུ་བ་
དང་བདུན་ཏེ། དེ་ཡང་དང་པོ་གཉན་སའི་བྱེ་བྲག་ལེགས་པར་བརྟགས་ནས་དམིགས་པ་
གནོན་པར་བྱོས་ལ། སྟན་བདེ་བ་ལ་འདུག་སྟེ། སེམས་བསྐྱེད་པའི་ཡུལ་གྱི་གཙོ་བོ་བརྒྱད་
དང་བཅས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སེམས་སྐྱེད་པར་བྱེད་དགོས་པའི་གཙོ་
བོ་བརྒྱད་ནི། བདག་ལ་སྡང་བའི་དགྲ། གནོད་པའི་བགེགས། བར་ཆད་བྱེད་པའི་རྐྱེན།
ལས་གདོན། ལུས་གདོན། གཉན་སའི་གདོན་དང་དྲུག་རྩ་བའི་ཕ་མ་གཉིས་དང་བརྒྱད་
ཡིན་ཏེ། སྡང་བའི་དགྲ་ཞེས་པ་ནི། བདག་མ་ལན་པ་ལ་རྡུང་རྡེག་འཕྲོག་བཅོམ་གཤེ་
འབར་སྒྲོ་སྐུར་ངན་པ་སྣ་ཚོགས་བདག་ལ་བྱེད་པའི་གཟུགས་ཅན་གྱི་མི་དང་། བདག་ལ་
མཐོང་སྣང་དང་། མིག་ལམ་དུ་མི་འདྲ་བའི་ཆོ་འཕྲུལ་སྣ་ཚོགས་པ་བསྟན་ནས་བདག་
འཇིགས་ཤིང་ཡ་ང་ནས་བྲེད་ཅིང་དངངས་བ་དང་འདར་ཞིང་བ་སྤུ་གཡོ་བར་བྱེད་པའི་
གཟུགས་མེད་ཀྱི་ལྷ་འདྲེ་གང་ཡིན་པ་དེ་ལ་ནི་སྡང་བར་བྱེད་པའི་དགྲ་ཟེར་རོ། །
བདག་གི་ལུས་སེམས་ལ་ནད་དང་གདོན་གྱིས་ཉེན་པར་བྱས་ནས་བདག་སྡུག་བསྔལ་
བར་བྱེད་དུ་འཇུག་པ་གང་ཡིན་པ་དེ་ལ་གནོད་པར་བྱེད་པའི་བགེགས་ཟེར་བའོ། །བདག་གི་
94
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
ལུས་སྲོག །ཁ་རྗེ། དབང་ཐང་། བསོད་ནམས་དང་། ཐར་པ་བསྒྲུབ་པ་ལ་བར་དུ་གཅོད་
པར་བྱེད་པ་གང་ཡིན་པ་དེ་ལ་བར་དུ་གཅོད་པར་བྱེད་པའི་རྐྱེན་ཟེར་བ་ཡིན་ཏེ། ཕྱི་ཡི་
གནོད་བྱེད་གསུམ་ཡིན་ནོ། །ལས་གདོན་ཞེས་པ་ནི། ལྷན་ཅིག་སྐྱེས་པའི་མ་རིག་པའམ།
ངའོ་སྙམ་པའི་བདག་འཛིན་ནམ། མཉམ་པོར་འོང་བའི་བདུད་ཅེས་སམ། མིང་གང་ལྟར་
བཏགས་ཀྱང་ཐར་བ་འཐོབ་ཏུ་མི་སྟེར་ཞིང་ཉེས་པ་ཐམས་ཅད་སྐྱེད་པར་བྱེད་པའི་རྩ་བ།
མི་འདོད་པ་ཐམས་ཅད་འབྱུང་བའི་བློ་ཕྲའུ་ཤིན་ཏུ་རིག་དཀའ་བའི་འཕུང་བྱེད་ཕུགས་སུ་
ཉལ་ནས། ཚེ་རབས་ཐོག་མ་མེད་པའི་དུས་ནས་ལས་ངན་པ་འབའ་ཞིག་ལ་སྦྱོར་བར་བྱེད་
མཁན་དེ་ལ་ལས་ཀྱི་གདོན་ཟེར་བ་ཡིན།
བདག་གི་བར་དོའ་ིརྣམ་ཤེས་དྲི་ཟ་ཞེས་པ་དེ་མའི་མངལ་དུ་ཞུགས་ནས། ལུས་འདི་
ཡོངས་སུ་རྫོགས་པར་གྲུབ་པའི་དུས་ནས་ནམ་ཞིག་འཆི་བའི་དུས་བྱེད་ཅིང་ཤ་རུས་ལྤགས་
པ་རྣམས་སོ་སོར་མ་ཕྱེ་བའི་བར་དུ་ཤ་ཁྲག་ལས་གྲུབ་པའི་གདོས་བཅས་འདིའི་བདག་པོ་ང་
ཡིན་ཟེར་བའི་མི་མ་ཡིན་གདུག་པ་ཅན་ཞིག་ཡོད་དོ། །དེས་ལས་གདོན་གྱི་སྣ་ཁྲིད་ནས་
བདག་ལས་ངན་པ་ལ་སྦྱོར་བར་བྱེད་པ་དེ་ལ་ནི་ལུས་གདོན་ཟེར་རོ། །བདག་གང་དུ་འདུག་
པའི་གཉན་པོ་དེ་ལ་གཉན་སའི་གདོན་ཟེར་ཏེ། ནང་གི་གདོན་བྱེད་གསུམ་ཟེར་བ་དང་། །
ཕྱི་ནང་གི་གདོན་དྲུག་གོ། །དེ་ལྟར་གདོན་དྲུག་དང་ཁམས་གསུམ་གྱི་སེམས་ཅན་ཐམས་
ཅད་ལ་ཕ་མར་མ་གྱུར་པ་མེད་ཅིང་། ཕ་མ་ཡིན་ཨང་སྙམ་ནས་ཕ་མར་བསྒོམ་དགོས་སོ། །
ཁྱད་པར་དུ་ད་ལྟའི་ལུས་འདི་བསྐྱེད་པའི་ཕ་མ་གཉིས་ལ་རྩ་བའི་ཕ་མ་ཟེར་ཏེ་གཅེས་པར་
བཟུང་ནས། གདོན་དྲུག་དང་ཕ་མ་གཉིས་དང་བརྒྱད་ཀྱིས་གཙོ་བོ་བྱས་པའི་ཁམས་གསུམ་
གྱི་སེམས་ཅན་ཐམས་ཅད་འཁོར་བ་སྤྱིའི་སྡུག་བསྔལ་དང་། ཁྱད་པར་དུ་ངན་སོང་གསུམ་
གྱི་སྡུག་བསྔལ་དང་། བྱེ་བྲག་ཏུ་སེམས་ཅན་རེ་རེའི་སྡུག་བསྔལ་ཕྲ་མོ་གང་དང་གང་གིས་
གདུང་བ་ལ་སོགས་སྡུག་བསྔལ་མཐའ་དག་ལས་གྲོལ་ནས་བླ་ན་མེད་པའི་བྱང་ཆུབ་ལ་
95
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
དགོད་པར་བྱ་བའི་ཕྱིར་བདག་གིས་སངས་རྒྱས་འཐོབ་པར་བྱ། དེའི་ཆེད་དུ་བདག་གིས་
ཕྱག་རྒྱ་ཆེན་པོའ་ིགཅོད་ཡུལ་ཉམས་སུ་ལེན་པར་བྱེད་ཅིང་ཕུང་པོ་མཆོད་སྦྱིན་གྱི་རིམ་པ་ལ་
འཇུག་པར་བྱའོ་སྙམ་ནས། རང་དོན་གྱི་དྲི་མ་སྐྲའི་རྩེ་མོ་ཙམ་ཡང་མེད་པའི་སྒོ་ནས་གཞན་
ཕན་གྱི་བློ་ཐུན་མོང་མ་ཡིན་པ་གྲུང་ངེ་བ་གཅིག་མ་སྐྱེས་ཀྱི་བར་དུ་བློ་སྦྱོང་ཞིང་ཡང་ཡང་
སེམས་བསྐྱེད་པར་བྱའོ། །དེ་ལྟ་བུའི་སེམས་དེ་མ་སྐྱེས་ཀྱི་བར་དུ་ཡང་ཡང་སྒོམ་པར་བྱེད་
པ་དང་། དེ་ནས་ངེས་པ་ཅན་དུ་གྲུང་ངེ་བ་སྐྱེད་པ་དང་། སེམས་བསྐྱེད་དེའི་རྩི་མ་ཡལ་བའི་
ངང་ལ་སྣང་ཞིང་སྲིད་ཚད་ཀྱི་འབྱུང་པོ་ཐམས་ཅད་བདག་གི་མདུན་དུ་བསྡུས་ནས། འཁོར་
བའི་སྡུག་བསྔལ་ལས་བསྐྱབ་པར་བྱ་བའི་ཕྱིར་དུ། ལྷ་ཡང་དག་པའི་དཀོན་མཆོག་གསུམ་
ལ་སྐྱབས་སུ་འགྲོ་བར་བྱའོ་སྙམ་སྟེ། དེ་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ཡང་
དག་དོན་གྱི་སྐྱབས་གནས་མཐར་ཐུག་ཡིན་པས། དེ་ལྟ་བུའི་ཡང་དག་དོན་གྱི་དཀོན་
མཆོག་གསུམ་ལ་སྐྱབས་སུ་སོང་ན། འཁོར་བའི་སྡུག་བསྔལ་ལས་ངེས་པར་སྐྱོབ་པར་
ནུས་ལ། གཞན་འཇིག་རྟེན་པའི་ལྷ་རྫུ་འཕྲུལ་ནུས་པ་མཐུ་སྟོབས་དང་ལྡན་པ་དག་ཡོད་
ཀྱང་། ལྷ་དེ་རྣམས་ཁོང་རང་ཡང་འཁོར་བ་ལས་མ་གྲོལ་བའི་སེམས་ཅན་ཡིན་པས་ན།
འཇིག་རྟེན་པའི་ལྷ་ལ་སྐྱབས་སུ་འགྲོ་བར་མི་བྱེད་པ་ཡིན་ཏེ། ལྷ་དེ་དག་གིས་གཞན་
སེམས་ཅན་འཁོར་བ་ལས་སྐྱོབ་པར་མི་ནུས་པ་མངོན་སུམ་དུ་གྱུར་པ་ཡིན་ཀྱང་། ལྷ་ཁོང་
རང་ཡང་འཁོར་བ་ལས་སྒྲོལ་བར་བྱེད་པའི་དེད་དཔོན་བདག་གིས་བྱེད་དགོས་པས་ན།
འཇིག་རྟེན་པའི་ལྷ་ལ་རེ་ལྟོས་མི་བྱེད་དོ། །
དེ་བས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མཐར་ཐུག་དོན་གྱི་སྐྱབས་
གནས་ཡིན་པས། དེ་ལ་སྐྱབས་སུ་འགྲོ་བར་བྱེད་ཅིང་། སྐྱབས་སུ་འགྲོ་བའི་ཆེད་དུ་འབྱུང་
པོ་མི་མ་ཡིན་གདུག་པ་ཅན་ལ་སོགས་པ་ཐམས་ཅན་བདག་གི་མདུན་དུ་བསྡུས་ནས། ལྷ་
དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བྱའོ་སྙམ་ནས། ཐོག་མར་ཕཊཿདྲག་པོ་གསུམ་
96
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
བརྗོད་ཅིང་། རྐང་གླིང་ཡན་ལག་གསུམ་བུས་ཏེ་ལྷ་འདྲེ་བསྡུ་བར་བྱའོ། །དེའང་རྐང་གླིང་
མ་ཉམས་པའི་སྒྲ་སྙན་ལ་གྲིམ་པའི་སྐད་ངར་དང་བཅས་པ་ལན་གསུམ་འབུད་དོ། །
རྐང་མ་ཉམས་པ་ནི་མགོ་མཇུག་གི་ཚིགས་སུ་མགོ་གཉིས་དང་བཅས་ཏེ། མདོག་
དཀར་པོ་རབ། སྨུག་པོ་འབྲིང་། ཁྲ་བོ་ཐ་མ། ཐལ་སྐྱ་ལ་སོགས་པ་ཕལ་བ་སྐྱོན་དུ་འགྱུར་
བས་མི་རུང་ངོ་། དབྱིབས་ནི་ཅུང་ཟད་གུག་པ་དང་རུས་པའི་གདོང་གྲིང་གྲིང་པོ་ནང་ངོས་སུ་
བྱིང་གིས་གུག་པ་དགོས་ལ། གཡས་གཡོན་དུ་འཁྱོག་པ་དང་། དུམ་བུར་འཁྱོག་པ་དང་།
ཐུམ་པོར་ཉག་པ་དང་། གས་པ་དང་སངས་པ་དང་། འཐུག་ལ་སིལ་མང་བ་དང་། ཤིན་ཏུ་
གུག་པའི་སྒུར་སྒུར་བོ་དང་། མ་གུག་པའི་ཤད་ཤད་པོ་དང་། ཧ་ཅང་ཡང་སྦོམ་པ་དང་། སྐད་
གྲིམ་པའི་སྐད་ངར་མེད་ཅིང་སྐད་འདོར་འདོར་བོ་དང་། རྐང་མགོའ་ིསྣ་སོར་ཆུང་ཞིང་ལིས་
ལིས་པོ་དང་། རྐང་གི་དཀྱུས་སུ་གཤོང་མོ་མང་པོ་དོད་པ་དང་། ཕག་རྡོས་དང་། རྩུབ་ལོང་
ལོང་པོོ་དང་། ཟུར་མང་བ་དང་། ལེབ་ལེབ་པོོ་དང་། ལར་ཡང་མིག་ལམ་དུ་མི་སྡུག་ཅིང་
ཡིད་དུ་མི་འོང་བ་དེ་རྣམས་འཆང་དུ་མི་བཏུབ་བོ། །ལོ་བཅུ་དྲུག་ལོན་པ་ཡན་དང་། དྲུག་ཅུ་
ལོན་པ་མན་དང་། རང་གཤེད་རང་ལ་བབས་པ་དང་། དམེ་དང་། མུ་གེ་དང་། ནལ་མ་དང་།
རབས་ཆད་དང་། བཤན་པ་དང་། ལྟོགས་ཤི་དང་། དེ་བཞིན་གྱི་མཚན་ངན་གྱི་རྐང་འཆང་
དུ་མི་རུང་། རྐང་མགོ་མེད་པ་དང་། གས་པ་ཅན་དང་། མཛེ་བོའ་ིརྐང་དང་། ལྕགས་དང་།
ཟངས་དང་། ཤིང་དང་། རྭ་ཅོ་དང་། དེ་རྣམས་ནི་རྐང་ལ་གླན་ཅིང་འབུད་དུ་མི་རུང་ངོ་། །
རྐང་ཉམས་པ་ཡིན་པས་འཆང་བར་མི་བྱ། ཁྱད་པར་དུ་གཡག་གནག་གི་རྭ་ནི་མནན་པ་
བྱེད་པའི་སྣོད་ཡིན་ཅིང་། རྫས་ངན་མ་རུང་བ་ཡིན་པས་དེ་རྐང་ལ་སྤྲད་ནས་བུས་ན་ཐོས་པ་
པོ་གང་ཡིན་པ་དེས་སྒྲ་ལོག་པ་ཅན་དུ་ཐོས་ནས་ཡིད་མི་བདེ་ཞིང་གནོད་པའི་སེམས་སྐྱེ་
བར་བྱེད་པ་དང་། ལར་ཡང་སྒྲ་དེ་གང་དུ་སྒྲོགས་པའི་ཡུལ་ཕྱོགས་སུ་མི་དགེ་བ་སྣ་ཚོགས་
འབྱུང་བས་རྭ་ནག་སྤྲད་པའི་རྐང་དེ་ནི་གཏན་ནས་འཆང་བར་མི་བྱའོ། །མི་རྐང་གི་གླིང་བུ་
97
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
འབུད་པའི་རྫས་ཡིན་ཀྱང་འཆང་དུ་མི་རུང་བའི་རྐང་དེ་རྣམས་ནི་ཕར་ལ་འགོག་པའི་རྫས་
དང་ཉེས་པ་སྣ་ཚོགས་བསྐྱེད་པའི་རྫས་མཚན་ངན་ཡིན་པ་ཤེས་པར་བྱོས་ལ་བརྟག་པ་གལ་
ཆེ་བ་ཡིན་ནོ། །
འཆང་དུ་རུང་བ་ནི་སྐྱོན་དེ་རྣམས་མེད་ཅིང་ཡོན་ཏན་དང་ལྡན་པ་དགོས་ཏེ། དེ་ཡང་
སྐྱེས་བུ་ཞེ་སྡང་ཆེན་པོ་དང་ལྡན་པས་ཕ་རོལ་པོ་ལ་བརྔམས་པའི་ངར་དེ་ཞི་མ་ཁོམ་ཞིང་ཕ་
རོལ་ལ་བརྔམས་པའ་ིབླ་ོད་ེརྟགོ ་པ་གཞན་སྐྱ་ེམ་ཁམོ ་པར་མཚནོ ་གྱསི ་དྲལ་ཏ་ེགསད་པ་དང་། བུད་
མེད་མཚན་ལྡན་དང་། བཙུན་པ་དམ་ཚིག་མ་ཉམས་པ་དང་། སྐྱེ་བོ་རབ་ཏུ་དད་པ་དང་ལྡན་
པ་སྡིག་ལས་བྱོལ་བ་དང་། བྱང་ཆུབ་སེམས་དཔའི་རིགས་ཅན་སོགས་དང་། དེ་རྣམས་ལོ་
བཅུ་དྲུག་ལོན་ནས་དྲུག་ཅུ་མ་བརྒལ་བའི་བར་དང་། ཁྱད་པར་དར་ལ་བབ་པའི་དུས་སུ་བློ་
མ་ཉམས་པར་ཤི་བའི་རྐང་པ་གཡས་པ་ནི་དཔའ་བོའ་ིའབོད་རྫས་དང་། གཡོན་པ་ནི་
དཔའ་མོའ་ིའབོད་རྫས་ཡིན་ཏེ་འོག་ཏུ་མ་སོང་བ་གལ་ཆེའོ། །སྲབ་ལ་མཁྲེགས་ཤིང་དྭངས་
པའི་ཚིགས་མགོ་དང་པོའ་ིསེར་བ་རིལ་བོ་དང་། འོག་གི་འབུར་ཆུང་གཉིས་ཀྱི་བར་དུ་
གཅོད་དེ། ཚིགས་ཆུང་མ་ཉམས་པར་གླང་པོ་ཆེའི་སྣ་བུག་ལྟར་བྱའོ། །
ཚིགས་མགོ་འོག་མའི་རུས་འབུར་གཉིས་ཀྱི་གདོང་དུ་ཐེབ་ཆེན་ལྡན་པའི་མལ་
ཙམ་བྲུས་ལ་ཚིགས་མགོ་མ་ཉམས་པར་བྱས་ནས་བར་དུ་འབྲེལ་ཏེ་སེང་གེའི་སྣ་སོར་ལྟར་
བྱེད་དོ། །ཧྲིལ་པོར་རྒང་གི་ཐུར་མ་འདྲ་བ་བྱེད་དོ། །དཔའ་བོའ་ིའབོད་རྫས་ནི་ཁྱད་པར་དུ་
མཚོན་གྱིས་བསད་པའི་སྐྱེས་དར་མའི་རྐང་ཡིན། མཁའ་འགྲོའ་ིའབོད་རྫས་ནི་བུད་མེད་
མཚན་ལྡན་གྱི་རྐང་ཡིན། མི་ཕལ་པའི་འབོད་རྫས་ནི། འཆང་དུ་རུང་བ་གང་ཡང་ཡིན་པས།
དེ་ལྟར་འཆང་དུ་རུང་བའི་རྐང་གིས་སྒྲ་དང་པོ་གཏོང་བ་ལ། དམིགས་པའི་གོ་ཚུལ་འདི་ལྟར་
གཏོང་། ཀྱེེ་ཐམས་ཅད་ཉོན་ཅིག་ཅེས་པའི་སྒྲ་ཕྲ་ལ་གྲིམ་ཅིང་སྙན་པ་དེ་ཁམས་གསུམ་
སེམས་ཅན་ཐམས་ཅད་ཀྱིས་སང་ངེ་ཐོས་པས། ཐམས་ཅད་སོ་སོའ་ིལས་སྤྱོད་ལ་མི་ཁོམ་པ་
98
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
ཅི་ཡོད་ཀྱང་ལས་ཀྱི་འཕྲོ་བཅད་དེ། ཐམས་ཅད་ཀྲོང་ངེ་ཉན་ནས་འདིར་འོང་བའི་སྤྲོ་བློ་
བུན་གྱིས་སྐྱེས་པར་བསམ། དུང་གཉིས་པ་ནི། ཀྱེེ་ཐམས་ཅད་འདིར་འདུས་ཤིག །ཅེས་
པའི་སྒྲར་ཐོས་པར་བསམ་ལ། དེ་དག་ཐམས་ཅད་ཟིང་སྟེ་རང་རང་ཕྱོགས་ནས་བྱུང་བར་
བསམ། དུང་གསུམ་པ་ནི། ཐམས་ཅད་འུར་གྱིས་འདུས་ནས་བདག་གི་མདུན་དུ་ཤིང་ཆེན་
པོ་ལ་མི་ཐམས་ཅད་འདུས་པ་བཞིན་དུ་འདུས་ནས། ཐམས་ཅད་བདག་ལ་དད་ཅིང་འདུད་
པར་བྱེད་ཅིང་གུས་པ་ཕུལ་བར་བསམས་ནས་ཕཊཿགསུམ་གདབ་པ་ལ་ཡང་དམིགས་པ་
དུང་དང་མཚུངས་ལ། དེ་ལྟར་བསྡུས་པའི་མགྲོན་རྣམས་འཁོར་བའི་སྡུག་བསྔལ་ལས་
བསྐྱབ་པར་བྱ་བའི་ཆེད་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བྱེད་པའི་སྐྱབས་
ཡུལ་དཀོན་མཆོག་གསུམ་མདུན་གྱི་ནམ་མཁར་བསྐྱེད་ཅིང་དམིགས་ཡུལ་གོང་ལྟར་
གསལ་གདབ་པར་བྱ་སྟེ་དང་པོའ།ོ །
གཉིས་པ་ནི། དེ་ཡང་ཕྱིའི་དཀོན་མཆོག་གསུམ་དང་། ནང་གི་དཀོན་མཆོག་
གསུམ་དང་། གསང་བ་དང་། དེ་ཁོ་ན་ཉིད་དང་། ཉེ་བའི་དཀོན་མཆོག་དང་ལྔ་ལས། དང་
པོ་ནི། རང་གི་དཔྲལ་བའི་ཐད་དུ་ཕར་ལ་ཁྲུ་གང་ཙམ་གྱིས་མཐོ་བའི་སར། རང་བཞིན་
ལྷུན་གྲུབ་ཀྱི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་པའི་དབུས་སུ་སེང་
གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ་སྣ་ཚོགས་པདྨ་
འདབ་མ་བཞི་བ་མུ་ཁྱུད་དང་བཅས་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་ཉ་གང་བ་ལྟ་བུའི་
སྟེང་དུ། ཡུམ་ཆེན་མོ། དེའི་དབུ་སྟེང་དུ་ཤཱཀྱ་ཐུབ་པ། དེ་གཉིས་ཀ་ཡང་སོ་སོའ་ིཞལ་ཕྱག
སྐུ་མདོག་རྣམས་རང་རང་ནས་བཤད་པ་བཞིན་བསྒོམ་པའི་ཟླ་གདན་གྱི་མུ་ཁྱུད་ལ་ཕྱོགས་
བཅུའི་སངས་རྒྱས་རྣམས་དང་། ཐུབ་པའི་དབུའི་སྟེང་གི་ཕྱོགས་བཞིར་ཡི་དམ་རྒྱུད་སྡེ་
བཞིའི་ལྷ་ཚོགས་རྣམས་བཞུགས་པར་བསམ་པ་ནི། སངས་རྒྱས་དཀོན་མཆོག །མདུན་
གྱི་པད་མ་ལ་ང་ཉིད་མཁའ་འགྲོ་མཐིང་ག་ལ་རིགས་བཞིའི་མཁའ་འགྲོས་བསྐོར་བ་
99
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
དང་། གཡས་ཀྱི་པདྨ་ལ་བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད་དང་། གཞན་ཡང་བྱང་
ཆུབ་སེམས་དཔའི་དགེ་འདུན་དར་དང་རིན་པོ་ཆེས་བརྒྱན་པ་རྣམས་བཞུགས་པ། གཡོན་
གྱི་པདྨ་ལ་ཤཱ་རིའི་བུ་དང་མོའུ་འགལ་གྱི་བུ་ལ་སོགས་ཉན་ཐོས་ཀྱི་དགེ་འདུན་དབུ་བྲེགས་
ཞབས་རྗེན་ཆོས་གོས་གསུམ་དང་ལྡན་པ། འཁར་གསིལ་ལྷུང་བཟེད་བསྣམས་པ། དེ་
ཐམས་ཅད་ཀྱང་ཡུམ་ལ་འདུད་པའི་ཚུལ་དུ་བཞུགས་པ། དེ་ཐམས་ཅད་ཀྱི་སྟེང་དུ་བཀའ་
བརྒྱུད་ཀྱི་བླ་མ་རྣམས་པད་སྤུངས་ལྟར་བཞུགས་པ་དང་བཅས་པ་རྣམས་དགེ་འདུན་དཀོན་
མཆོག་རྒྱབ་ཀྱི་པདྨ་ལ་བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡི་གེའི་ཚོགས་རྣམས་དང་།
ཕ་རོལ་ཏུ་ཕྱིན་པའི་དོན་སྔགས་དང་བཅས་པ་ལྷན་ཅིག་ཏུ་དྲིལ་བའི་སྙིང་པོ་ཕྱག་རྒྱ་ཆེན་པོ་
གཅོད་བདུད་བཞི་ལམ་ཁྱེར་གྱི་མན་ངག་གི་ཡི་གེའི་ཚོགས་དང་། གཞན་ཡང་བཀའ་ཡང་
དག་པའི་ཡི་གེའི་ཚོགས་དང་བཅས་པ་ཐམས་ཅད་གླེགས་བམ་གྱི་རྣམ་པར་ཁྲིགས་སེ་ཡོད་
པ་ཐམས་ཅད་ཀྱི་རང་བཞིན་ཡི་གེའི་སྒྲ་རང་གྲགས་སུ་འུར་འུར་གྲགས་པ་ཆོས་དཀོན་
མཆོག་པདྨའི་མུ་ཁྱུད་གཡས་སུ་ཕོ་རྒྱུད་ཀྱི་ཆོས་སྐྱོང་། གཡོན་དུ་མོ་རྒྱུད་ཀྱི་ཆོས་སྐྱོང་།
དཔའ་བོ་རྒྱ་མཚོ། དཔའ་མོ་རྒྱ་མཚོ། དམ་ཅན་རྒྱ་མཚོ་དང་བཅས་པས་བསྐོར་ནས་
བཞུགས་པ་ནི་ཡོངས་སུ་གྲགས་པའི་ཕྱིའི་དཀོན་མཆོག་གསུམ་ཟེར་བ་ཐེག་པ་གསུམ་གའི་
ལུགས་སོ། །
རང་སེམས་ལྷར་བསྒོམ་པའི་ཡིད་དང་སྐད་ཅིག་ཀྱང་མི་འབྲལ་བ་དེ་སངས་རྒྱས་
དཀོན་མཆོག །ངག་ཡི་དམ་ལྷའི་སྙིང་པོ་རྒྱུན་མི་འཆད་པ་དང་། རླུང་འཇུག་གནས་གཏོང་
བ་གསུམ་སྐུ་གསུང་ཐུགས་ཀྱི་སྙིང་པོ་ཡི་གེ་གསུམ་དང་མི་འབྲལ་བར་བྱ་སྟེ། དེ་ཡང་རླུང་
ཚུར་འཇུག་པ་ཨོཾ་གྱི་རྣམ་པར་འཇུག་ལ། རླུང་གནས་པ་ཨའི་རྣམ་པར་གནས། རླུང་ཕྱིར་
གཏོང་བ་ཧཱུཾ་གི་རྣམ་པར་གཏོང་བ་དེ་ལ་རྒྱུན་དུ་སྐྱོང་ཞིང་ངག་བཟླས་ཀྱང་རྒྱུན་དུ་བཟླས་པ་
དེ་ལ་ཆོས་དཀོན་མཆོག་ལུས་སྤྲུལ་པའི་དགེ་སྦྱོང་དུ་ངེས་པར་གནས་པ་དེ་དགེ་འདུན་
100
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
དཀོན་མཆོག་སྟེ། ནང་གི་དཀོན་མཆོག་གསུམ་མོ། །ཉོན་མོངས་པ་དུག་ལྔ་ལ་སོགས་པའི་
ཉོན་མོངས་པ་ཐམས་ཅད་རང་སར་བསླངས་ནས་ཡེ་ཤེས་སུ་འཆར་ནས་འོང་བ་དེ་སངས་
རྒྱས་དཀོན་མཆོག །ཉོན་མོངས་པ་ཡེ་ཤེས་སུ་ཤར་བའི་བདེ་བ་དེ་རང་གིས་མྱངས་ནས་
ངག་རྡོ་རྗེའི་གླུ་མཛོད་རྡོལ་བ་དེ་ཆོས་དཀོན་མཆོག །དེའི་དགེ་བ་དུས་རྒྱུན་དུ་གནས་ཤིང་
གཞན་ལ་ཕན་པ་དེ་དགེ་འདུན་དཀོན་མཆོག་སྟེ། གསང་བའི་དཀོན་མཆོག་གསུམ་ཟེར།
དེ་ལྟར་ཉོན་མོངས་པ་ཐམས་ཅད་དང་བྲལ་བའི་སེམས་ཉིད་དེ་རྐྱེན་གང་གིས་ཀྱང་གཡོ་
བར་མི་ནུས་པར་བརྟན་པ་དེ་གསལ་ལ་སྒྲིབ་པ་མེད་པའི་ངར་དང་ལྡན་པ་དེ་སངས་རྒྱས་
དཀོན་མཆོག །གསལ་བའི་ངར་དང་ལྡན་པ་དེ་ལ་སོ་སོར་རྟོགས་པའི་ཤེས་རབ་ཀྱི་ཆོས་
ཐམས་ཅད་རབ་ཏུ་འབྱེད་པ་དེ་ཆོས་དཀོན་མཆོག །དེ་ལྟར་ཆོས་ཐམས་ཅད་རབ་ཏུ་འབྱེད་
པའི་ཤེས་རབ་ཀྱིས་སེམས་ཅན་ཐམས་ཅད་ཀྱི་མ་རིག་པ་བསལ་ནས། རིག་པའི་ཡེ་ཤེས་
ནས་སངས་རྒྱས་ཀྱི་ས་ལ་ཁྲིད་པ་དེ་དགེ་འདུན་དཀོན་མཆོག་སྟེ། དེ་ཁོ་ན་ཉིད་ཀྱི་དཀོན་
མཆོག་གསུམ་ཡིན་ནོ། །རང་གི་རྩ་བའི་བླ་མར་སངས་རྒྱས་ཀྱི་འདུ་ཤེས་བྱས་ནས་བླ་མ་ལ་
སངས་རྒྱས་སུ་འཛིན་པའི་བླ་མ་དེ་སངས་རྒྱས་དཀོན་མཆོག །བླ་མ་དེའི་ཞལ་ནས་
གསུངས་པའི་དམ་ཆོས་དེ་ཆོས་དཀོན་མཆོག །ཆོས་ཀྱི་གྲོགས་པོ་སྣང་བ་མཛད་སྤྱོད་མཐུན་
པ་དེ་དགེ་འདུན་དཀོན་མཆོག་སྟེ། ཉེ་བའི་དཀོན་མཆོག་གསུམ་ཡིན་ནོ། །དེ་ཡང་རང་ཉིད་
དཀོན་མཆོག་གསུམ་པོ་གང་ལ་བློ་གཏད་རུང་ལ། འཁོར་དུ་བསྡུས་པ་གཞན་རྣམས་ནི་
ཕྱིའི་དཀོན་མཆོག་གསུམ་པོ་ལ་ངེས་པར་སྐྱབས་སུ་འགྲོ་དགོས་པ་དང་། བདག་གཞན་
ཐམས་ཅད་ཕྱིའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བྱའོ། །དེའང་གནོད་བྱེད་དྲུག་
དང་ཕ་མ་གཉིས་དང་བརྒྱད་ཀྱིས་གཙོ་བྱས་པ་དང་། འཁོར་དུ་བསྡུས་པ་དང་། ཁམས་
གསུམ་གྱི་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལ་འཇིགས་ནས། ལྷ་དཀོན་
མཆོག་གསུམ་པོ་ལ་སྐྱབས་སུ་འགྲོ་བར་བྱའོ་སྙམ་པའི་བློ་རྩེ་གཅིག་པ་བདག་གཞན་
101
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
ཐམས་ཅད་ཀྱི་རྒྱུད་ལ་སྐྱེས་པར་བསམས་ནས། སེམས་རྩེ་གཅིག་པའི་སྒོ་ནས་འདི་ལྟར་
སེམས་བསྐྱེད་པར་བྱ་སྟེ། བདག་གཞན་ཐམས་ཅད་འཁོར་བ་མ་སྟོངས་བར་དུ་ལྷ་དཀོན་
མཆོག་གསུམ་པོ་ཁྱེད་རང་མིན་པ་རེ་ས་སྐྱབས་གནས་མེད་པས་ཁྱེད་རང་མཁྱེན་ནོ། །བདེ་
རུང་སྡུག་རུང་། མཐོར་གཏོང་རུང་། དམར་གཏོང་རུང་། རྐྱེན་དང་བར་ཆད། གནོད་བྱེད་
གདོན་བགེགས་གང་བྱུང་ཡང་། དཀོན་མཆོག་གསུམ་པོ་ཁྱེད་རང་མཁྱེན་ནོ་བསམས་ནས།
ཤ་རུས་པའི་གཏིང་། ཁོག་པའི་སྙིང་གི་དཀྱིལ། རྐང་ལྷ་བའི་སྦུབས་ནས། ཡིད་སྤྲོ་བ་དང་
བཅས་པའི་སྒོ་ནས། འཁོར་དུ་བསྡུས་པའི་ལྷ་འདྲེ་རྣམས་ཀྱིས་ཀྱང་། བདག་གིས་གསོལ་
བ་ཇི་ལྟར་བཏབ་པ་བཞིན་དུ་ཐམས་ཅད་ཀྱིས་དི་རི་རི་གསོལ་བ་གདབ་པར་བསམས་ནས།
གནོད་བྱེད་དྲུག་དང་ཕ་མས་གཙོ་བྱས་པའི་སེམས་ཅན་ཐམས་ཅན་དུས་འདི་ནས་བཟུང་སྟེ་
སངས་རྒྱས་མ་ཐོབ་བར་དུ། བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །
ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཡི་དམ་ལྷ་ཚོགས་ལ་སྐྱབས་
སུ་མཆིའོ། །མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་ལ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་པ་
རྒྱ་ཆེན་པོ་མཛད་དུ་གསོལ། ཞེས་པ་བརྒྱ་རྩ་གཅིག་གམ། ཉི་ཤུ་རྩ་གཅིག་བྱོས་ལ། ཕཊཿཀྱི་
སྒྲས་གསོལ་འདེབས་ཞོག་ཅིག་ཅེས་པ་གསོལ་འདེབས་བཞག་གོ། །དེ་ནས་དཀོན་མཆོག་
གསུམ་གྱི་ཞལ་ནས་རིགས་ཀྱི་བུ་ཁྱེད་རང་རྣམས་སྡིག་པ་མི་དགེ་བའི་ལས་སྤོངས་ལ་དད་
གུས་རྒྱུན་མི་འཆད་དུ་གྱིས་དང་། སྐྱབས་མགོན་དང་དཔུང་གཉེན་ངེད་ཀྱིས་བྱེད་པ་ཡིན་
གསུངས་པར་བསམ། དེ་ནས་སྐུ་གསུང་ཐུགས་ལས་འོད་ཟེར་སྣ་ཚོགས་བྱུང་ནས་བདག་
གཞན་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་ཕོག་པས། ལུས་ངག་ཡིད་གསུམ་གྱི་སྒོ་ནས་
བསགས་པའི་སྡིག་སྒྲིབ་ཐམས་ཅད་དག་ལུས་ཤེལ་སྒོང་བཞིན་དུ་དྭངས་སངས་ཀྱིས་དག་
ནས་དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ་ཚུད་ཨང་སྙམ་པ་བྱ། དེའི་ངང་ལ་སྐྱབས་ཡུལ་
གྱི་དཀོན་མཆོག་གསུམ། སྐྱབས་སུ་འགྲོ་མཁན་གྱིས་བདག་དང་དེར་འདུས་པའི་ལྷ་འདྲེ་
102
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
དང་། སྐྱབས་འགྲོའ་ིངོ་བོ་གསུམ་མི་དམིགས་པ་སྟོང་པ་ཉིད་ཀྱི་ངང་ལ་ལྷན་ནེ་བཞག་པ་
དེ་ལ། བསྐྱལ་བྱ་དང་སྐྱོབ་བྱེད་གཉིས་ཀ་དོན་དམ་པར་འགྲུབ་པ་མེད་པར་བློ་ཐག་ཆོད་པ།
ཡང་དག་དོན་གྱི་སྐྱབས་འགྲོ་ཟེར་ཏེ། སྐྱབས་སུ་འགྲོ་བའི་མཆོག་ཏུ་གྱུར་པ་ནི། ཡང་དག་
དོན་གྱི་སྐྱབས་འགྲོ་དང་། སྟོང་ཉིད་ཀྱི་ལྟ་བ་རྣམ་དག་ཡིན་པས། སྐྱབས་སུ་འགྲོ་བའི་
མཚན་ཉིད་ནི་དེ་ལྟར་དུ་ཤེས་པར་བྱའོ། །དེ་ནས་ཚད་མེད་པ་བཞི་ནི། བྱམས་པ་ཚད་མེད་
དང་། སྙིང་རྗེ་ཚད་མེད་དང་། དགའ་བ་ཚད་མེད་དང་། བཏང་སྙོམས་ཚད་མེད་དང་བཞི་སྟེ།
དང་པོ་བྱམས་པ་ནི། རང་ལ་གནོད་བྱེད་ལ་སོགས་པའི་སེམས་ཅན་ཐམས་ཅད་བདག་གི་
ཕ་མར་མ་གྱུར་པ་ནི་གཅིག་ཀྱང་མེད། དེའང་ལན་གྲངས་བསམ་གྱིས་མི་ཁྱབ་པ་ལ་མ་ཤ་
སྟག་ཏུ་བྱས་ནས་ལུས་ལོངས་སྤྱོད་ཐམས་ཅད་ལ་ལྟོས་པ་མེད་པར་བསྐྱངས་པ་དང་།
སྡིག་སྡུག་གཏམ་ངན་ལ་སོགས་པ་རྐྱེན་ངན་གང་ལ་ཡང་ལྟོས་པ་མེད་པར་དཀའ་སྤྱད་དུ་
མས་བསྐྱངས་པའི་སེམས་ཅན་ཐམས་ཅད་བདག་གི་མ་ཡིན་ནོ་སྙམ་ནས་མ་དེ་རྣམས་སྡུག་
བསྔལ་བར་མཐོང་ནས། མ་དེ་རྣམས་ཀྱི་སྡུག་བསྔལ་དེ་བདག་གིས་བསལ་ཅིང་མ་དེ་
རྣམས་ལ་ཕན་གདགས་པར་བྱ་བའི་ཕྱིར་དུ། བདག་གི་ལུས་ལོངས་སྤྱོད་དགེ་བའི་རྩ་བ་
དང་བཅས་པ་ཐམས་ཅད་མ་དེ་རྣམས་ཀྱི་དོན་དུ་བཏང་ནས་འཁོར་བ་མ་སྟོངས་བར་དུ་
སེམས་ཅན་རྣམས་ཀྱི་དོན་བྱས་ནས། མ་རྒན་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་
རྒྱུ་དགེ་བ་མཐའ་དག་དང་ལྡན་པར་བྱ་སྙམ་པའི་སེམས་རྩེ་གཅིག་པ་ངེས་པ་ཞིག་བྱེད་པ་
ལ་ནི། སེམས་ཅན་ལ་དམིགས་པའི་བྱམས་པ་ཟེར་ལ། དེ་ཡང་དོན་དམ་པའི་ངོ་བོར་གང་
ཡང་གྲུབ་པ་མེད་ཀྱང་། ཀུན་རྫོབ་ཙམ་དུ་མ་རྒན་སེམས་ཅན་འདི་རྣམས་ལ་བརྟེན་ནས་
བདག་གིས་བྱང་ཆུབ་འཐོབ་པར་བྱ་བའི་ཕྱིར་བདག་ལ་དྲིན་ཤིན་ཏུ་ཆེ་བའི་མ་འདི་རྣམས་
ལ་ཕན་ངེས་པར་གདགས་པར་བྱ།
དེ་ཡང་ཆོས་ཐམས་ཅད་ལ་བདེན་པར་གྲུབ་པ་སྐྲའི་རྩེ་མོ་ཙམ་ཡང་མེད་པ་རྨི་ལམ་
103
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
སྒྱུ་མ་ལྟ་བུ་ཡིན་པར་མ་ཤེས་ནས། འཁྲུལ་སྣང་ལ་བདེན་པར་བཟུང་ནས་ལས་མི་དགེ་བ་
འགའ་ཞིག་བྱས་པའི་འབྲས་བུས་སྡུག་བསྔལ་བཟོད་གླགས་མེད་པ་ཉམས་སུ་མྱོང་བའི་མི་
འདི་རྣམས། བདག་འཛིན་མ་རིག་པ་དང་བྲལ་ནས་རང་རིག་པའི་ཡེ་ཤེས་བསྟན་ནས་བྱང་
ཆུབ་ཀྱི་ལམ་ལ་དགོད་པར་བྱའོ་སྙམ་པ་ནི་ཆོས་ལ་དམིགས་པའི་བྱམས་པ་ཟེར། དེ་ལྟར་
བྱམས་པ་བསྒོམ་པའི་ཡུལ་མ་རྒན་སེམས་ཅན་རྣམས་དང་། བྱམས་པ་སྒོམ་མཁན་གྱི་
བདག་དང་། བྱམས་པ་རང་གི་ངོ་བོ་དང་གསུམ་རང་ངོས་ནས་མ་གྲུབ་པར་རང་རང་གི་ངོ་
བོས་སྟོང་ལ། སྟོང་བའི་གཏིང་མ་འགགས་བྱམས་པའི་སེམས་གྲུང་ངེ་བ་ཕན་སེམས་ཀྱི་ངོ་
བོ་ལྷང་ངེ་བ། དེ་ཡང་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་ནས་གཉིས་འཛིན་མེད་པའི་
ནམ་མཁའི་དཀྱིལ་ལྟར་གནས་པ་ལ་རང་རིག་པའི་རྒྱན་དང་ལྡན་པ་དེ་ལ་བྱམས་པ་ཆེན་པོ་
ཟེར། དམིགས་པ་མེད་པའི་བྱམས་པ་ཡང་ཟེར། དེ་ལ་ཡུན་རིང་དུ་བསྒོམས་ནས་རང་གི་
བློ་དང་འདྲེས་པར་བྱེད་དགོས་པ་ཡིན་པས། དེ་ལ་བྱམས་པ་ཚད་མེད་པ་ཟེར་བ་ཡིན་ནོ། །
དེ་ལྟར་བདག་ལ་དྲིན་ཆེ་བའི་མ་འདི་རྣམས་མི་བདེ་ཞིང་སྡུག་བསྔལ་གྱིས་གདུང་སྟེ།
སྡུག་བསྔལ་གྱི་རྒྱུ་ལ་གནས་ཤིང་སྡུག་བསྔལ་གྱི་འབྲས་བུ་ལ་སྤྱོད་སྡུག་བསྔལ་སྤོང་བའི་
ཐབས་ལ་མི་མཁས་ཤིང་སྡུག་བསྔལ་སྤོང་བའི་རྐྱེན་དང་མི་ལྡན་པས། བླ་མ་མཚན་ཉིད་
དང་ལྡན་པ་ལ་མི་བརྟེན་པར་ལོང་བ་སྣ་ཁྲིད་དང་བྲལ་བ་ལྟ་བུའི་མི་འདི་རྣམས་རང་གི་
ཤེས་པ་ལ་རང་དབང་མ་ཐོབ་པས། ཉོན་མོངས་པ་དྲག་པོའ་ིདབང་གིས་སྨྱོན་པ་ལྟ་བུར་
འདུག་པས། མི་དགེ་བ་སྣ་ཚོགས་སྤྱད་པའི་འབྲས་བུ་འཁོར་བ་སྤྱི་དང་། ཁྱད་པར་ངན་སོང་
གསུམ་གྱི་སྡུག་བསྔལ་ལ་བཟོད་གླགས་མེད་པས་ཉམ་ཐག་ཅིང་དེ་ལ་རེ་ས་སྐྱབས་གནས་
ནི་གཅིག་ཀྱང་མེད་ཅིང་། སྡུག་བསྔལ་ལ་སྐད་ཅིག་གི་གོ་སྐབས་ཙམ་ཡང་མེད་པས་ཆུ་བོའ་ི
རྒྱུན་བཞིན་ཉམས་སུ་མྱོང་བའི་མ་འདི་རྣམས་སྙིང་རེ་རྗེ། སྙིང་རེ་རྗེ། སྙིང་རེ་རྗེ། སྙམ་ནས་
མཆི་མ་འཁྲུག་པ་ཙམ་དུ་བསྒོམ་པར་བྱ་སྟེ། དེ་ལྟར་སྡུག་བསྔལ་དང་ལྡན་པའི་མ་འདི་
104
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
རྣམས་ཀུན་འབྱུང་དང་སྡུག་བསྔལ་རྒྱུན་དུ་མཐོང་ནས་བདག་མེད་པ་ལ་བདག་ཏུ་བཟུང་།
ང་མེད་པ་ལ་ངར་བཟུང་། མི་རྟག་པ་ལ་རྟག་པར་བཟུང་། སྡུག་བསྔལ་ལ་བདེ་བར་བཟུང་
ནས་ཚེ་འདིའི་འདོད་ཡོན་ཕུན་སུམ་ཚོགས་པ་རྨི་ལམ་ཙམ་ཞིག་ལ་ཆགས་ཤིང་ཞེན་ནས།
སླར་ངན་འགྲོའ་ིལམ་དུ་ཞུགས་པའི་མ་འདི་རྣམས་སྙིང་རེ་རྗེ། སྙིང་རེ་རྗེ། སྙིང་རེ་རྗེ། འདི་
རྣམས་སྡུག་བསྔལ་མཐའ་དག་དང་བྲལ་བར་བྱའོ་སྙམ་པ་ནི། སེམས་ཅན་ལ་དམིགས་
པའི་སྙིང་རྗེ་ཡིན་ནོ། །སྡུག་བསྔལ་དང་མ་བྲལ་བའི་མ་འདི་རྣམས་ཀྱི་བློ་ངོ་ལ་གཅེས་
འཛིན་དམ་པོ་ཡོད་པས་མི་རྟག་པ་ནི་སྐད་ཅིག་ཀྱང་བློ་ལ་མ་ཤར་ནས། ཆོས་ཤིག་བྱེད་པར་
འདོད་ནའང་བདེན་འཛིན་འཁྲུལ་པའི་བློ་ཕྱིན་ཅི་ལོག་གི་རྟོག་པ་དང་བཅས་པས། ཆོས་
བྱས་པ་ལམ་དུ་མི་འགྲོ་ཞིང་ཉོན་མོངས་པའི་སྣོན་པ་བཏབ་ནས་ང་རྒྱལ་དང་དྲེགས་པ་སྐྱེ་
བས་སླར་ཡང་འཁོར་བའི་རྒྱུ་བླ་མ་མེད་པའི་མ་འདི་རྣམས་སྙིང་རེ་རྗེ། སྙིང་རེ་རྗེ། སྙིང་རེ་རྗེ།
དེ་ལྟར་བདེན་འཛིན་དང་མ་བྲལ་བའི་མ་འདི་རྣམས་སྡུག་བསྔལ་གྱི་རྩ་བ་བདེན་འཛིན་
དང་བྲལ་ནས་བདེན་མེད་རྟོགས་པར་བྱེད་པ་ལ་རང་རིག་པའི་ཤེས་རབ་བསྟན་ནས་ཆོས་
ཐམས་ཅད་རབ་ཏུ་འབྱེད་པར་བྱས་ནས། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་དང་
བྲལ་ནས་སངས་རྒྱས་ཀྱི་ས་ལ་དགོད་པར་བྱའོ་སྙམ་པ་ནི་ཆོས་ལ་དམིགས་པའི་སྙིང་རྗེ་
ཡིན་ནོ། །ད་ེཡང་སྙངི ་རྗ་ེསྐྱ་ེཡུལ་གྱ་ིསམེ ས་ཅན་དང་། སྐྱ་ེམཁན་གྱ་ིབདག་དང་། སྙིང་རྗེའི་ངོ་
བོ་གསུམ་རང་བཞིན་གྱིས་གྲུབ་པ་མེད་པས་རང་རང་གི་ངོ་བོས་སྟོང་བའི་སྟོང་པ་ཉིད་ཀྱི་
གཏིང་མ་འགག་པའི་སྙིང་རྗེ་ཆེན་པོའ་ིསེམས་དུང་ངེ་བ་དེ་གཉིས་འཛིན་དང་བྲལ་བའི་
གཤིས་ནམ་མཁའ་དང་མཚུངས་པ་དེ་ལ་དམིགས་པ་མེད་པའི་སྙིང་རྗེ་ཟེར། སྟོང་ཉིད་སྙིང་
རྗེའི་སྙིང་པོ་ཅན་ཟེར་ཏེ་སྙིང་རྗེ་ཚད་མེད་པ་ཟེར་བ་ཡང་ཡིན་ནོ། །
དེ་ལྟ་བུའི་བྱམས་པ་དང་སྙིང་རྗེ་རྒྱུད་ལ་མ་སྐྱེས་པའི་རྐྱེན་གྱིས་སེམས་ཅན་ཐམས་
ཅད་ལ་མ་དྲིན་ཅན་ཡིན་པར་མ་ཤེས་ནས། དགྲ་གཉེན་དུ་བཟུང་ནས་ལས་ངན་པའི་དབང་
105
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
གིས་འཁོར་བའི་སྡུག་བསྔལ་དཔག་མེད་མྱོང་བའི་མ་འདི་རྣམས་ཀྱི་སྡུག་བསྔལ་དེ་བདག་
གིས་ཁུར། བདག་གི་བདེ་དགེ་ཐམས་ཅད་སེམས་ཅན་ཐམས་ཅན་ལ་ལྡན་ན་རེ་དགའ་
ཨང་། མ་འདི་རྣམས་བདེ་བ་ལ་དགོད་པའི་ཕྱིར་དུ་འཁོར་བ་མ་སྟོང་གི་བར་དུ་མ་འདི་
རྣམས་ཀྱི་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་འབྲས་སྡིག་པ་དང་སྡིག་པའི་རྒྱུ་འབྲས་དང་
བཅས་པ་བདག་ལ་སྨིན་ནས་མ་འདི་རྣམས་བདེ་བ་ཕུན་སུམ་ཚོགས་པར་གྱུར་ན་རེ་
དགའ་སྟེ། བདག་གིས་ལུས་ལོངས་སྤྱོད་ཁ་རྗེ་དབང་ཐང་དུས་གསུམ་གྱི་དགེ་རྩ་དང་
བཅས་པ་མ་འདི་རྣམས་ཀྱི་དོན་དུ་བཏང་ནས་རང་གི་ཞི་བདེ་སྐད་ཅིག་ཀྱང་མི་བསྒྲུབ་པར་
ལུས་སྲོག་ལ་ལྟོས་པ་མེད་པར་སེམས་ཅན་གྱི་དོན་བྱས་ནས་མ་འདི་རྣམས་བདེ་བ་དང་
བདེ་བའི་རྒྱུ་མཐའ་དག་དང་ལྡན་པར་བྱའོ་སྙམ་པའི་དགའ་བ་བསྒོམ་པར་བྱ་སྟེ། དེའང་
སེམས་ཅན་ཐམས་ཅད་དང་། སྒོས་སུ་གནོད་བྱེད་དང་། དེ་རྣམས་ཀྱི་དོན་གྱི་ཕྱིར་བདག་
ལ་ན་ཚ་སྡུག་བསྔལ་རྐྱེན་དགྲ་བགེགས་གང་བྱུང་ཡང་སེམས་ཞུམ་པ་མེད་པར་སེམས་ཅན་
ཐམས་ཅད་ཀྱི་སྡུག་བསྔལ་དེ་བདག་ལ་སྨིན་ནས་བདག་སྡུག་བསྔལ་འདི་ལྟ་བུ་དང་ལྡན་པ་
ཡང་རེ་དགའ། སེམས་ཅན་སྡུག་བསྔལ་ཅན་དེ་རྣམས་སྡུག་བསྔལ་དང་བྲལ་ནས་བདེ་བ་
ཁྱད་པར་ཅན་ལ་གནས་པར་གྱུར་པ་འདི། དེ་བས་ཀྱང་རེ་དགའ་སྙམ་པའི་བློ་ཐུན་མོང་མ་
ཡིན་པ་ཞིག་འབྱུང་བར་བྱེད་དགོས་པ་ཡིན། དེ་ལྟ་བུའི་དགའ་བདེ་ཕྱོགས་རིས་ཅན་དུ་མ་
ཤོར་བ་གལ་ཆེ་བ་དང་། དེ་ཐམས་ཅད་ཀྱང་བདེན་འཛིན་མེད་པའི་རྨི་ལམ་སྒྱུ་མ་ལྟ་བུར་
ཤེས་པ་ལ་དགའ་བ་ཚད་མེད་ཟེར་བ་ཡིན་ནོ། །
དེ་ལྟར་བྱམས་པ་དང་སྙིང་རྗེ་དང་དགའ་བ་གསུམ་གྱི་སྒོ་ནས་སེམས་ཅན་ལ་ཕན་
གདགས་པའི་སེམས་བརྩེ་བ་ཆེན་པོས་སེམས་ཅན་ལ་ཆགས་པ་ཆེན་པོ་ཡོད་པའི་སེམས་དེ་
ཕྱོགས་རིས་མེད་ན་ཐེག་ཆེན་གྱི་སེམས་བསྐྱེད་ཡིན་ཀྱང་། ཆགས་པའི་སེམས་བརྩེ་བ་ཅན་
རང་ཉིད་ཀྱང་རང་ཉིད་ཀྱི་ངོ་བོས་སྟོང་བས་སྟོང་པ་ཉིད་ལ་ཆགས་པ་མེད་པའི་ངོ་བོ་ཉིད་དེ་
106
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
ལ་མ་ཆགས་མི་ཆགས་ཆགས་པ་མེད་པར་བྱས་ནས་སེམས་ལ་གང་ཤར་བ་དེ་བཞིན་དུ་
གང་གིས་གཡོ་བ་མེད་པ་དེ་ཉིད་སྟོང་པའི་རང་གཤིས་ཀྱི་སྟེང་དུ་བཞག་པ་ལ་ཕན་སེམས་
ཀྱི་སེམས་ཅན་ལ་ཆགས་པའི་བློ་དུང་ངེ་བ་དེ་ཞི་ནས་ཆོས་ཉིད་རང་གཤིས་སུ་འགྲོ་བ་
གཅིག་འོང་བ་ལ་བཏང་སྙོམས་ཟེར་བ་ཡིན་པ་དང་། སེམས་ཅན་ཐམས་ཅད་འཁོར་བའི་
སྡུག་བསྔལ་ལས་སྒྲོལ་བའི་ཁུར་ཆེན་པོ་བདག་གཅིག་པུ་ལ་བབས་སོ་སྙམ་པ་ནི་ལྷག་
བསམ་ཟེར་བ་ཡིན་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་པ་རྒྱ་ཆེན་པོ་གདགས་པའི་
སེམས་དེ་སེམས་ཅན་ལ་ཆགས་པ་དང་། སྡང་བ་གཉིས་པོ་སྐྱེ་བོ་ཐ་མལ་པ་ལ་ཡང་ཡོད་
པས། དེའང་ཆགས་སེམས་དང་སྡང་བ་གཉིས་ཀྱི་ཡུལ་སེམས་ཅན་དང་། ཆགས་མཁན་
དང་སྡང་མཁན་གྱི་བདག་དང་ཆགས་སྡང་གཉིས་ཀྱི་ངོ་བོ་དང་གསུམ། རང་རང་གི་ངོ་བོ་ལ་
བརྟགས་ཏེ། ཆགས་ཡུལ་སེམས་ཅན་དེའི་ལུས་དང་སེམས་དང་སྡུག་བསྔལ་དང་གསུམ་
རང་ངོས་ནས་བདེན་པར་གྲུབ་མ་གྲུབ་ལེགས་པར་དཔྱད་པས། བདེན་པར་གྲུབ་པ་མེད་
པའི་དོན་རྙེད་དེ་འོང་བས་ཆགས་ཡུལ་མེད་པས་ན་ཞེན་པའི་བློ་དང་བྲལ་བའི་བློ་བྲལ་ཆེན་
པོ་འཆར་བ་ཡིན། དེ་བཞིན་སྡང་བ་ལ་ཡང་ལུས་སེམས་སྡུག་བསྔལ་གསུམ་དུ་དཔྱད་པ་
གཏོང་། གང་ཟག་རང་གི་ལུས་སེམས་དང་སྡུག་བསྔལ་གསུམ་ལ་དཔྱད་པ་བཏང་བས་ད་
ལྟར་བཞིན་བློ་བྲལ་ཆེན་པོ་ཤར་བ་ཡིན་པས། ཆགས་སྡང་གཉིས་པོ་རང་སར་གྲོལ་ནས་
ཆོས་ཉིད་སྟོང་པ་ཆེན་པོའ་ིཀློང་དུ་རོ་མཉམ་པས་ན། ཆགས་སྡང་གཉིས་དང་བྲལ་བའི་
བཏང་སྙོམས་ཆེན་པོ་ཟེར་ཏེ། དེ་ལྟ་བུའི་དོན་རྣམས་ཤེས་པར་བྱེད་ཅིང་དེ་ལྟ་བུའི་དོན་ལ་
གནས་པར་བྱེད་པ་བཏང་སྙོམས་ཚད་མེད་པ་ཡིན་པ་དང་བཅས་པའི་ཚད་མེད་པ་བཞི་ལ་
བློ་ལེགས་པར་སྦྱོང་ཞིང་བློས་སྨོན་པ་དང་། བློ་ཞུགས་ནས་མཐར་བློ་འབྱོང་བར་བྱེད་
དགོས་པ་ཡིན་པ་ཤེས་པར་བྱེད་དོ། །དེ་བཞིན་དུ་བདག་གཞན་གྱི་སྡིག་པ་སྦྱོང་ཞིང་ཚོགས་
བསགས་པའི་ཡུལ་དམིགས་པ་ནི་འདི་ལྟར་སེམས་པར་གྱིས། ཁྱེད་རང་ཐ་མལ་བར་
107
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
བསམ་པའི་སྤྱི་བོར་རླུང་འཇུག་པ་ཙམ་གྱི་སྟེང་དུ་སྣ་ཚོགས་པདྨ་དང་ཟླ་བའི་གདན་གྱི་སྟེང་
དུ་ང་ཉིད་ལོངས་སྤྱོད་རྫོགས་པའི་ཆ་བྱད་ཅན། སྐུ་མདོག་དཀར་མོ་ཌ་མ་རུ་རྡོ་རྗེ་དང་དྲིལ་
བུ་འཛིན་པ་སྐྱིལ་ཀྲུང་གིས་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཿ ཐུགས་ཀར་ཧཱུཾ། ཧཱུཾ་
ལས་འོད་འཕྲོས་པས། སྔར་གྱི་ནམ་མཁའི་ཡུམ་ཆེན་མོའ་ིཐུགས་ཀར་ཕོག །ཡུམ་ཆེན་
མོའ་ིཐུགས་རྒྱུད་བསྐུལ། ཐུགས་ཀ་ནས་འོད་ཟེར་ཕྱིར་འཕྲོས་པས། འཁོར་གྱི་ལྷ་རྣམས་
ཀྱི་ཐུགས་ཀར་ཕོག །ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ཚུར་འདུས།
ཡུམ་ཆེན་མོའ་ིཐུགས་ཀར་འདུས་ཏེ་འོད་ཟེར་གྱིས་འོག་མིན་གྱི་ཡུམ་ཆེན་མོའ་ིཐུགས་རྒྱུད་
བསྐུལ་ནས་ཡུམ་ཆེན་མོ་ལ་སྲས་ཕྱོགས་བཅུའི་སངས་རྒྱས་དང་བཅས་པས་བསྐོར་བ་སྤྱན་
དྲངས་ཏེ་ཐོགས་པ་མེད་པར་འུར་གྱིས་བྱོན་ནས། སྐྱབས་ཡུལ་བ་རྣམས་ཀྱི་སྟེང་གི་མདའ་
གང་ཙམ་གྱི་ནམ་མཁའ་ལ་བཞུགས་པར་བསམས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝཱ་ར་
བཛྲ་ས་མཱ་ཡ་ཛ་ཛཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝ་ར་ཨརྒྷ་པྲ་ཏཱིཙྪ་ཡེ་སྭཱཧཱ། པཏྱཾ། པུཥཱེ། དྷུ་པེ།
ཨ་ལོ་ཀེ། གནྡྷེ། ནེེ་ཝིདྱེ། ཤཔྟ་ཨཿ ཧཱུཾ་སྭཱ་ཧཱ། ཞེས་མཆོད་ལ། ཛཿཧཱུཾ་བཾ་ཧོཿ ཞེས་པས་དམ་
ཚིག་པ་ལ་བབས་ཏེ། དམ་ཚིག་པ་དང་འདྲེས་པར་བསམ་ལ། ཡུམ་ཆེན་མོའ་ིཐུགས་ཀ་
ནས་འོད་ཟེར་འཕྲོས། འཁོར་གྱི་ལྷ་རྣམས་ལ་ཕོག །འཁོར་གྱི་ལྷ་རྣམས་ཀྱི་ཐུགས་ཀ་ནས་
འོད་ཟེར་འཕྲོས། ཕྱོགས་བཅུ་ལ་སོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་
ཐམས་ཅད་ཀྱི་ནུས་པ་བསྡུས་ནས་ཚུར་ཡུམ་ཆེན་མོའ་ིཐུགས་ཀར་འདུས་ཏེ་དེ་ལས་འོད་
ཟེར་ཁ་དོག་དཀར་དམར་མཐིང་གསུམ་ཡང་ཟེར། ཁ་དོག་དཀར་པོ་འོ་མའི་རྒྱུན་ལྟར་བྱུང་
བས་བདག་དང་འཁོར་དུ་བསྡུས་པའི་འབྱུང་པོ་རྣམས་དང་བཅས་པའི་སྤྱི་བོར་ཞུགས་པས་
འཁོར་བ་ཐོག་མ་མེད་པ་ནས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་མི་
དགེ་བའི་བག་ཆགས་རྒྱུ་འབྲས་དང་བཅས་པ་ལུས་ཀྱི་དྲི་མ་བཀྲུ་བ་བཞིན་ནག་ནུ་རུ་རུ་
མར་མགོ་ནས་རིམ་པ་བཞིན་རྐང་བའི་སེན་ཕྲག་དང་འོག་སྒོ་ནས་བུད་དེ་ས་རིམ་པ་དགུའི་
108
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
འོག་ཏུ་འཆི་བདག་གི་བདུད་དམ་ལས་ཀྱི་གཤིན་རྗེ་ཞེས་པའམ། ལན་ཆགས་ཀྱི་བདག་པོ་
མདོག་ནག་ལ་འཇིགས་པའི་གཟུགས་ཅན་ཤིན་ཏུ་ཁྲོས་པའི་ཆ་བྱད་ཅན་ཁ་རབ་ཏུ་གདངས་
པའི་ནང་དུ་ནག་ནུར་གྱིས་སོང་བས་འཆི་བདག་ཚིམས་ནས་བདག་གི་ལན་ཆགས་བྱང་
བར་བསམ་ཞིང་རང་གཞན་གྱི་ལུས་ཤེལ་སྒོང་ལྟར་དག་ནས་དྭངས་སངས་ཀྱིས་སོང་བར་
བསམ། སྤྱི་བོའ་ིང་ཉིད་ནམ་མཁའི་ཡུམ་ཆེན་མོ་ཉིད་ལ་ཐིམ་པར་བསམ་ལ། རང་གཞན་
ཐམས་ཅད་ཀྱི་སྡིག་སྒྲིབ་ཐམས་ཅད་དག་ནས་ཐམས་ཅད་ལ་དད་པ་དུང་ངེ་བ་སྐྱེས་ཨང་
སྙམ་པའི་ངང་ལ་སེམས་གཡེང་བ་དང་བྲལ་བ་རྩེ་གཅིག་ཏུ་བསྒྲིམས་ནས་ཐམས་ཅད་
ལངས་ཏེ་ཕྱག་འཚལ་བར་བསམ་པའོ། །གསུམ་པ་འདི་ལྟར་བརྗོད་དོ། །
རང་རིག་ཡེ་ཤེས་སྟོན་མཛད་པའི། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །དངོས་གྲུབ་
ངེས་པར་སྟེར་མཛད་པའི། །ཡི་དམ་ལྷ་ལ་ཕྱག་འཚལ་ལོ། །སྤངས་རྟོགས་ཕུན་སུམ་ཚོགས་
པ་ཡི། །སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །ཞི་གྱུར་འདོད་ཆགས་བྲལ་བ་ཡི། །དམ་
ཆོས་རྣམས་ལ་ཕྱག་འཚལ་ལོ། །གང་ལ་ཕུལ་ན་དོན་ཆེ་བ། །དགེ་འདུན་རྣམས་ལ་ཕྱག་
འཚལ་ལོ། །བར་ཆད་ངེས་པར་སེལ་མཛད་པའི། །ཆོས་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །ཇི་
སྲིད་བྱང་ཆུབ་མ་ཐོབ་བར། །ཁྱེད་རྣམས་ལ་ནི་གསོལ་བ་འདེབས། །ཁྱེད་རྣམས་ལ་ནི་བདག་
སྐྱབས་སོ། །འདོད་ཡོན་ལྔ་པོ་མཆོད་པར་འབུལ། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་
ཀུན་དགེ་ལ་རྗེས་ཡི་རང་། ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །མྱ་ངན་མི་འདའ་
བཞུགས་པར་གསོལ། །དགེ་རྩ་སེམས་ཅན་དོན་དུ་བསྔོ་བར་བགྱི། །ཞེས་པ་ཡན་ལག་
བརྒྱད་པ་ཕུལ་ནས། ཕཊཿཀྱི་སྒྲ་བཏང་བས་ཐམས་ཅད་སྡོད་ཅིག་ཅེས་པའི་སྒྲར་ཐོས་པས་
ལངས་ནས་ཕྱག་འཚལ་བ་རྣམས་ཤིག་ཤིག་འདུག་པར་མོས་ལ། དེ་ཡང་ནམ་མཁའི་ལྷ་
ཚོགས་རྣམས་ལ་མཆོད་པ་རྒྱ་ཆེན་པོ་ཕུལ་ཏེ་དམིགས་སུ་མེད་པ་ཡང་དག་དོན་གྱི་མཆོད་པ་
ཤེས་དགོས་ཏེ། དེའང་རང་གི་དབང་པོའ་ིཡུལ་དུ་གྱུར་པ་ཐམས་ཅད་མཆོད་པའི་ལྷ་མོ་དང་
109
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
མཆོད་རྫས་སུ་གྱུར་ནས། དམིགས་སུ་མེད་པའི་ལྷ་མོ་རྣམས་ཀྱིས་དམིགས་སུ་མེད་པའི་
མཆོད་རྫས་ཐོགས་ནས་མཆོད་པ་འབུལ་བར་བློས་སྤྲུལ་ཏེ་ནམ་མཁའ་གང་བར་བསམས་
ནས་འབུལ་བར་བྱ་སྟེ། དེའང་སྟོང་གསུམ་རབ་འབྱམས་འཇིག་རྟེན་མཐའ་ཡས་མུ་མེད་པ་
བློས་འཆུན་ཚད་ཀྱི་གཟུགས་སུ་སྣང་བ་ཐམས་ཅད་ལྷ་མོ་སངས་རྒྱས་མཁའ་འགྲོར་བསམ།
སྒྲ་གྲགས་ཚད་ཐམས་ཅད་ལྷ་མོ་རྡོ་རྗེ་མཁའ་འགྲོར་བསམ། དྲི་ཐམས་ཅད་ལྷ་མོ་རིན་ཆེན་
མཁའ་འགྲོར་བསམ། རོ་ཐམས་ཅད་ལྷ་མོ་པདྨ་མཁའ་འགྲོར་བསམ། རེག་བྱ་ཐམས་ཅད་
ལྷ་མོ་ལས་ཀྱི་མཁའ་འགྲོར་བསམ་སྟེ། དེ་ཡང་གཟུགས་སངས་རྒྱས་མཁའ་འགྲོ་ཞེས་པ་
ཡང་བློ་བྲལ་ཕྱག་རྒྱ་ཆེན་པོའ་ིདོན་ལ་ཟེར་བ་ཡིན་ཏེ། དེ་ཡང་འདུས་མ་བྱས་པའི་ཆོས་
ཐམས་ཅད་རྟོག་མེད་བདེ་བ་ཆེན་པོའ་ིམཆོད་པ་ཡིན་པར་ཤེས་པར་བྱའོ། །སྒྲ་རྡོ་རྗེ་མཁའ་
འགྲོ་ཞེས་པ་ཡང་གསང་བའི་ཕྱག་རྒྱ་ཆེན་པོ་ལ་ཟེར་ཏེ། དེའང་སྣང་སྲིད་འཁོར་འདས་ཀྱི་
ཆོས་ཐམས་ཅད་ལ་བདེན་པར་གྲུབ་པ་མེད་པར་སྤྲོས་པ་མེད་པའི་མཆོད་པ་ཡིན་པར་ཤེས་
པར་བྱའོ། །དྲི་རིན་ཆེན་མཁའ་འགྲོ་ཞེས་པ་ཡང་སྣང་བ་ངེས་མེད་སྣ་ཚོགས་པ་ཤར་བ་ལ་
ཟེར་ཏེ། དེའང་གཟུང་འཛིན་དང་བྲལ་བ་ཆགས་ཞེན་མེད་པའི་མཆོད་པ་ཡིན་པར་ཤེས་
པར་བྱའོ། །རོ་པདྨ་མཁའ་འགྲོ་ཞེས་པ་ཡང་ཆགས་པ་མེད་པའི་ངོ་བོ་ལ་ཟེར་ཏེ་སྐྱོན་བྲལ་
མཉམ་པ་ཉིད་ཀྱི་མཆོད་པ་ཡིན་པར་ཤེས་པར་བྱའོ། །རེག་བྱ་ལས་ཀྱི་མཁའ་འགྲོ་ཞེས་པ་
ཡང་དོན་དམ་པ་དང་ཀུན་རྫོབ་ཀྱི་ཆོས་ཀྱི་རྗེས་སུ་འབྲང་བའི་རྩོལ་བ་ཐམས་ཅད་དང་བྲལ་
བའི་རྩོལ་བྲལ་ཆེན་པོ་ལ་ཟེར་ཏེ། དེ་ཡང་སྣང་བ་ལ་ཤར་ཚད་ཐམས་ཅད་བྱར་མེད་རྟོག་མེད་
གཉིས་མེད་བརྗོད་མེད་རང་བྱུང་རང་གྲོལ་ཆེན་པོའ་ིམཆོད་པ་ཡིན་པར་ཤེས་པར་བྱའོ། །
དེ་ལྟར་ཡུལ་ལྔ་ལ་སོགས་པ་ཐམས་ཅད་ཀྱི་མཆོད་ཡུལ་མཆོད་མཁན་མཆོད་པ་དང་
བཅས་པ་རང་བཞིན་གྲུབ་པ་མེད་པའི་མཆོད་སྤྲིན་དུ་ཤེས་པར་བྱེད་དགོས། དེ་ཐམས་ཅད་
བསྡུས་ན་གསུམ་དུ་འདུས་པས་སྐུ་གསུང་ཐུགས་སུ་ཤེས་དགོས་པ་ལ། ཡུལ་ལྔ་ཡང་གསུམ་
110
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
དུ་འདུས་པ་ཡིན་པས་དེའང་གཟུགས་དང་སྒྲ་དང་དྲན་རྟོག་དང་གསུམ་ཡིན་ལ། གཟུགས་
ནི་སྐུ་ཡིན། སྒྲ་ནི་གསུང་ཡིན། དྲན་རྟོག་ཐུགས་ཡིན་ནོ། །དེ་ཡང་གཟུགས་སུ་སྣང་ཚད་
ཐམས་ཅད་གཟུགས་ཀྱི་ལྷ་མོ་མེ་ལོང་བསྣམས་པ་དཔག་ཏུ་མེད་པར་མོས་ནས་སྤྲོས་ཏེ།
སེམས་ཅན་ཐམས་ཅད་གཟུགས་ལ་ཞེན་པའི་ཞེན་པ་སྦྱངས། གཟུགས་ཀྱི་བདེ་བ་དེས་བླ་
མ་དཀོན་མཆོག་མཆོད། བླ་མ་དཀོན་མཆོག་མཉེས་ནས་སྐུའི་དངོས་གྲུབ་སྣང་བས།
བདག་གཞན་ཐམས་ཅད་ཀྱི་སྡིག་སྒྲིབ་དག་ནས་ལས་བདེ་བ་ཆེན་པོའ་ིཉམས་དང་ལྡན་
ཞིང་སྐུའི་བྱིན་རླབས་ལུས་ལ་ཞུགས་པར་བསམ་མོ། །
སྒྲ་གྲགས་ཚད་ཐམས་ཅད་སྒྲའི་ལྷ་མོ་པི་ཝང་བསྣམས་པ་དཔག་ཏུ་མེད་པར་མོས་
ནས་སྤྲོས་ཏེ། སེམས་ཅན་ཐམས་ཅད་སྒྲ་ལ་ཞེན་པའི་ཞེན་པ་སྦྱངས། སྒྲའི་སྙན་པས་བླ་མ་
དཀོན་མཆོག་མཆོད། བླ་མ་དཀོན་མཆོག་མཉེས་ནས་གསུང་གི་བྱིན་རླབས་ངག་ལ་ཞུགས་
པར་བསམ་མོ། །དྲན་རྟོག་ཐམས་ཅད་ཆོས་ཀྱི་ལྷ་མོ་ཆོས་འབྱུང་བསྣམས་པ་དཔག་ཏུ་མེད་
པར་མོས་ནས་སྤྲོས་ཏེ། སེམས་ཅན་ཐམས་ཅད་ཀྱི་ལོག་པར་རྟོག་པ་སྦྱངས། རང་རིག་
པའི་ཡེ་ཤེས་ཤེས་རབ་ཆེན་པོ། བཞི་དང་ལྡན་པའི་བདེ་བ་ཆེན་པོས་བླ་མ་དཀོན་མཆོག་
མཆོད། བླ་མ་དཀོན་མཆོག་མཉེས་ནས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་གནང་བས།
བདག་གཞན་ཐམས་ཅད་ཀྱི་སེམས་ཀྱི་སྡིག་སྒྲིབ་དག་ནས། སེམས་སྟོང་གསལ་བདེ་བ་
ཆེན་པོའ་ིཉམས་དང་ལྡན་ནས་ཐུགས་ཀྱི་བྱིན་རླབས་སེམས་ལ་ཞུགས་པར་བསམ་མོ། །དེ་
ནས་མཐར་ལྷ་མོ་རྣམས་ཀྱང་རང་ལ་ཐིམ་པར་བསམས་ནས་བདེ་སྡུག་ཐམས་ཅད་ཆོས་
ཉིད་ཀྱི་ཀློང་དུ་མཉམ་པ་རང་བཞིན་གྲུབ་པ་མེད་པའི་སྟོང་པ་ཆེན་པོ་ནམ་མཁའ་ལྟ་བུའི་
ངང་ལ་རང་བཞིན་གྱིས་གསལ་གདབ་པར་བྱས་ལ། སྟོང་གསུམ་རབ་འབྱམས་འཇིག་
རྟེན་གྱི། །གཟུགས་སུ་སྣང་བ་ཐམས་ཅད་ཀུན། །སྐུ་མཆོག་ཕྱག་རྒྱར་མཆོད་པར་འབུལ། །
སྐུ་འགྱུར་བ་མེད་པའི་དངོས་གྲུབ་སྩོལ། །སྟོང་གསུམ་རབ་འབྱམས་འཇིག་རྟེན་གྱི། །སྒྲ་རུ་
111
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
གྲགས་པ་ཐམས་ཅད་ཀུན། །གསུང་མཆོག་ཕྱག་རྒྱར་མཆོད་པར་འབུལ། །གསུང་འགག་
པ་མེད་པའི་དངོས་གྲུབ་སྩོལ། །སྟོང་གསུམ་རབ་འབྱམས་འཇིག་རྟེན་གྱི། །ཡིད་དུ་དྲན་པ་
ཐམས་ཅད་ཀུན། །ཐུགས་མཆོག་ཕྱག་རྒྱར་མཆོད་པར་འབུལ། །ཐུགས་འཁྲུལ་བ་མེད་
པའི་དངོས་གྲུབ་སྩོལ། །སྟོང་གསུམ་རབ་འབྱམས་འཇིག་རྟེན་གྱི། །བདེ་དང་སྡུག་བསྔལ་
ཐམས་ཅད་ཀུན། །གཉིས་མེད་ཕྱག་རྒྱར་མཆོད་པར་འབུལ། །མཆོག་ཐུན་གཉིས་ཀྱི་
དངོས་གྲུབ་སྩོལ། །བདེ་ན་བདེ་བ་ཚོགས་སུ་བསྔོ། །ཕན་བདེའི་ནམ་མཁའ་གང་བར་ཤོག །
སྡུག་ན་སྡུག་བསྔལ་བདག་གིས་ཁུར། །འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་བསྐམས་ནས་
ཀྱང་། །ཁམས་གསུམ་སམེ ས་ཅན་བད་ེདང་ལྡན་པར་ཤག།ོ །ཕཊཿ མཆདོ ་པ་འབུལ་མཁན་གྱ་ི
བདག །མཆདོ ་པའ་ིཡུལ། མཆདོ ་པའ་ིང་ོབ།ོ མཆདོ ་པའ་ིབྱདེ ་ལས་དང་བཅས་པ་རང་བཞནི ་
གྱིས་གྲུབ་པ་མདེ ་པའ་ིསྟངོ ་པ་ཉདི ་ཀྱ་ིངང་ལ་འཇགོ ་པར་བྱདེ ་པ་མཆདོ ་འབུལ་གྱ་ིད་ེཉདི ་ཡནི །
བཞི་པ་ལུས་སེམས་ཕྲལ་བ་ལ་གཉིས་ཏེ། རྟེན་མེད་དུ་ཕྲལ་བ་དང་། རྟེན་ཅན་དུ་ཕྲལ་
བའོ། །དང་པོ་ནི། སེམས་སྐྱེ་འགག་གནས་གསུམ་དང་བྲལ་བའི་སྟོང་པ་ཆེན་པོ་ནམ་
མཁའི་དཀྱིལ་ལམ་རང་བཞིན་གྱིས་གྲུབ་པ་མེད་པ་མཐའ་ཐམས་ཅད་དང་བྲལ་བའི་སྟོང་
པ་ཉིད་ལ་མངའ་བརྙེས་པས། ལུས་ཀྱང་སྟོང་པའི་གཟུགས་བརྙན་ནམ་བདེན་པར་གྲུབ་པ་
མེད་པར་གོ་ཞིང་བདེན་མེད་དུ་རྟོགས་ནས། སེམས་ལུས་ལ་མི་ཆགས། ལུས་སེམས་ལ་མི་
ཆགས་པ་ནི། མ་ཆགས་མི་ཆགས་ཆགས་པར་མི་འགྱུར་རོ། །ཞེས་པའི་དོན་ཡང་ལུས་
སེམས་ལ་སོགས་གང་ལ་ཆགས་པ་དང་བྲལ་བ་དེ་ལ་ཟེར་བ་ཡིན་ནོ། །དེ་ལྟར་ལུས་
སེམས་གཉིས་ལ་སོགས་པའི་ཆོས་ཐམས་ཅད་ལ་ཆགས་པ་དང་མི་ཆགས་པ་གཉིས་ཀའི་
བློ་དང་བྲལ་ན། བློ་བྲལ་ཆེན་པོའ་ིསྟོང་པ་ཉིད་ཅེས་བྱ་སྟེ། འཕོ་བྱ་འཕོ་བྱེད་མེད་པ་རྟེན་
མེད་དུ་ལུས་སེམས་ཕྲལ་བ་ཞེས་བྱ་བའོ། །
གཉིས་པ་ནི་སེམས་རྫས་སམ། དངོས་པོ་ཅན་དུ་དམིགས་ཤིང་དྲན་པས་བཟུང་ཤེས་
112
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
བཞིན་གྱིས་སྦྱོར་རིག་པའི་ངར་གྱིས་ལམ་མ་ནོར་བའི་དབྱིངས་སུ་འདྲེན། རླུང་ཤུགས་ཅན་
གྱི་སྟོབས་ཀྱིས་ཕུལ་ཏེ་སེམས་ཉིད་ནམ་མཁའི་དབྱིངས་སུ་འཕངས་ནས། ལུས་སེམས་
དབྲལ་བར་བྱ་སྟེ། དེའང་རྣམ་ཤེས་ཐིག་ལེ་ལ་བརྟེན་ནས་དམིགས་བཅས་སུ་རྫས་ལ་གྲུབ་
པའི་ཚུལ་གྱིས་སྤྱི་བོར་འཕོ་བར་བྱེད་པའི་ལུགས་འདི་ལྟར་ཡིན་པས་ཡིད་ལ་ཟུངས་དང་བུ།
ངས་ལེགས་པར་བཤད་དོ་ཉོན་ཅིག་ཨང་། འོ་ན་རང་གི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་
དཀར་དམར་གཉིས་གཅིག་ཏུ་འདྲེས་པ་ལས། བྱ་ངང་པའི་ཚང་གསར་པའི་སྒོ་ང་དེ་ཙམ་དུ་
དཀར་ལ། འཚེར་བ། སྣུམ་ལ་འདྲིལ་བ། གསལ་ལ་དྭངས་པ། འོད་ཟེར་འབར་བའི་རྣམ་
པ་ཅན། ཆེ་ཆུང་མཐེའུ་ཆུང་གི་ཚིགས་མགོ་ཙམ། མི་མཉམ་པ་མེད་ཅིང་ཤིན་ཏུ་ཟླུམ་པའི་
རྣམ་པ་ཅན་གཅིག་ཏུ་དམིགས་དགོས། དེ་ཡང་རྒྱ་གར་གྱི་པོ་ཏ་རིའི་ལྷོ་ངོས་སུ་བྲག་སྔོན་
བཻཌཱུརྱའི་མདོག་ལྟར་རབ་ཏུ་སྔོ་བའི་དཀྱིལ་དུ་ཕུག་པ་བཟང་པོའ་ིདཔལ་ཞེས་བྱ་བ་
དབྱིབས་ཆོས་འབྱུང་ལྟར་འདུག་ཅིང་། དམར་བ་འཇའ་འོད་སྣ་ལྔའི་རི་མོ་འཆར་ཞིང་།
འཇའ་ཚོན་འཁྲིགས་པའི་ཕུག་པ་ཤིན་ཏུ་བཟང་བ། ཡོན་ཏན་དུ་མ་དང་ལྡན་པ། དཔའ་བོ་
དང་དཔའ་མོ་མཁའ་འགྲོའ་ིཚོགས་རྣམས་དུས་རྟག་ཏུ་འདུས་པའི་ཕུག་པ་དེར། སྔར་ང་
འདུག་པའི་དུས་སུ་ཙན་དན་གྱི་ཚལ་ཆེན་པོའ་ིགསེབ་ཏུ། བྱིའུ་ཆུང་ལྕོག་ཆུང་བྱ་བ་མདོག་
སྔོ་ལྗང་གཤོག་པ་གཉིས་དཀར་པོ་ཟླ་བའི་ཕྱེད་ལྟ་བུ་མཇུག་མའི་སྒྲོ་ལེབ་ལྔ་ཡོད་པ་ཁ་དོག་
སྣ་ལྔའི་རང་བཞིན་ཅན། རྐང་པ་ཉ་ཕྱིས་ཀྱི་མདོག་དང་མཚུངས་ལ། སེན་མོ་དང་མཆུ་ནི་
དཀར་པོ། མིག་དམར་ལ་མགྲིན་པ་ཡན་ཆད་ཀྱི་མགོ་བོ་རྨ་བྱའི་མདོངས་ཀྱི་ཁ་དོག་དང་
མཚུངས་པའི་སྤྱི་བོར་སྒྲོ་འཇག་མ་གསུམ་ཁ་དོག་དམར་པོ་ལ་འོད་སྣ་ཚོགས་འབར་བའི་
གཙུག་ཕུད་དང་ལྡན་པ་གཅིག་ཡོད་པ་དེས། འབུ་སྦྲང་སོགས་སྲོག་ཆགས་ཀྱི་རིགས་མི་
གསོད་ཅིང་ས་ལ་རྐང་བ་མི་འཇོག་པར་མེ་ཏོག་དང་ལྗོན་ཤིང་གི་ཁ་ལ་རྟག་ཏུ་འདུག་ཅིང་།
ཏ་རེ་དང་ཏུཏྟཱ་རེ་ཞེས་པའི་སྐད་འགྱུར་ཤིན་ཏུ་སྙན་པ་དང་མི་འབྲལ་བར་བྱེད་པ་དང་། མེ་
113
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
ཏོག་བཟང་པོའ་ིཟེའུ་འབྲུ་དང་ག་བུར་ལ་སོགས་པའི་དྲི་ཤིན་ཏུ་བཟང་པོའ་ིསྨན་སྣ་ཚོགས་
པ་ལ་བཟའ་བ་བྱེད་ཅིང་། ག་བུར་གྱི་སྡོང་པོའ་ིརྩེ་མོ་མེ་ཏོག་གི་ཟེའུ་འབྲུའི་ནང་དུ་ཉལ་ས་
བྱས་ནས་ཆགས་པ་མཆུ་གཉིས་སྤྲད་པའི་དབུགས་ཀྱིས་ཚིམ་པར་བྱེད་པའི་བྱིའུ་ཆུང་ལ་སྒོ་
ང་གཉིས་ཁ་ནང་ནས་ཡར་བྱུང་སྟེ། ག་བུར་གྱི་ནང་དུ་བཞག་ནས་ཚང་དེ་རུ་བཅའ་བའི་བྱ་
ཕོ་མོ་གཉིས་ནི། རྗེ་བཙུན་སྒྲོལ་མས་བྱིན་གྱིས་བརླབས་པའི་བྱ་ཡིན་པར་འདུག་ལ། ཁ་
ཅིག་ནི། སྒྲོལ་མའི་སྤྲུལ་པ་ཡིན་པར་ཡང་སྨྲ་བར་བྱེད་དོ། །གང་ཡིན་ཀྱང་ཕལ་པའི་བྱ་མ་
ཡིན་པར་ངེས་པས། བྱ་དེའི་རིལ་མ་ལོན་ན་ཁོང་དུ་བཏང་བས་ནད་རིགས་བཞི་བརྒྱ་རྩ་
བཞི་ཐམས་ཅད་འཇོམས་ཤིང་སེལ་བར་བྱེད་དོ། །བདུག་པ་བྱས་ན་གདོན་སྟོང་ཕྲག་
བརྒྱད་ཅུས་མི་ཚུགས། ལུས་ལ་བྱུག་པ་བྱས་ན་ཤ་འབྲུམ་གྱི་རིགས་ཐམས་ཅད་སེལ་བར་
བྱེད་དོ། །བྱ་དེའི་ཤ་ཟོས་ན་མཆོག་གི་དངོས་གྲུབ་འཐོབ། སྒྲོ་དང་སྤུ་ཡིན་ཀྱང་ཐུན་མོང་གི་
དངོས་གྲུབ་འཐོབ། མཐོང་བ་དང་སྐད་ཐོས་པས་ཀྱང་ངན་སོང་གསུམ་ལས་ཐར་ནས་ལྷ་མི་
ལ་འགོད་པར་ནུས་སོ། །
བྱ་དེ་ཉིད་ཡོད་པའི་ཡུལ་ཕྱོགས་དང་། ནགས་རི་དེ་ལ་སྐྱེ་བའི་འགྲོ་བ་སྲོག་དབུགས་
ཐོགས་ཚད་རྣམས་ལ། སྐྱེ་བ་གཅིག་གི་རིང་ལ་ངན་སོང་མི་འབྱུང་ངོ་། །བྱ་དེ་ནི་ཤིན་ཏུ་
དཀོན་ལ་གྲངས་ཉུང་ཞིང་ལས་དང་སྐལ་བ་ལྡན་པ་ཞིག་མ་ཡིན་པར་སུ་ཡིན་གྱིས་མཐོང་དུ་
མི་བཏུབ་པ་ཡིན་ནོ། །བྱ་དེ་གཉིས་ཀྱིས་འབུ་སྦྲང་དང་བྱ་རིགས་གཞན་དང་ནགས་ལ་
གནས་པའི་སེམས་ཅན་མང་པོ་ལ་ཆོས་ཀྱི་འབྲེལ་བ་བྱས་ནས་ཐར་པའི་ལམ་ལ་འགོད་
པར་བྱེད་པར་ལས་དང་རྟེན་འབྲེལ་ཡོད་པ་ཡིན་ཅིང་། སྒོ་ང་གཉིས་ལ་བྱིའུ་གཤོག་རྩལ་
ནུས་པར་རེད་ནས། བྱ་ཕོ་མོ་གཉིས་ཚང་དང་བྱིའུ་གཉིས་དང་བཅས་ཡུལ་དེ་ལ་མ་ཆགས་
ཤིང་ཤར་ནུབ་བམ། ལྷོ་བྱང་ལྟ་བུ་སོ་སོར་སོང་ནས། དེ་ཕྱིན་ཆད་ཚང་སྤེལ་བར་མི་བྱེད་
པར་འཁོར་བའི་བྱ་བ་ལ་སྐྱོ་བ་སྐྱེས་པའི་ཚུལ་སྟོན་པ་ཡིན། ཡང་བྱིའུ་གཉིས་ལ་ཚང་ཞིག་
114
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
ཆད་པའི་སྒོ་ང་གཉིས་ལ་བྱིའུ་གཉིས་རེད་པ་དང་། བྱ་ཕོ་མོ་གཉིས་ཕྱོགས་གཉིས་སུ་གཅིག་
པུར་སོ་སོར་བྱས་ནས་དེ་ཕྱིན་ཆད་ཚང་མི་འཛིན་པས། བྱ་ལྕོག་ཆུང་འདིའི་རིགས་རྒྱུད་
ཐམས་ཅད་ཀྱང་ཚང་གསར་བ་ཁོ་ན་ཉིད་ཡིན་ནོ། །བྱ་འདི་སྒྲིབ་པ་ཅན་གྱིས་མི་མཐོང་ལ།
ལས་དང་སྐལ་བ་ལྡན་པའི་སྐྱེས་བུ་དམ་པ་གཅིག་ཙམ་གྱིས་མཐོང་། བྱ་ལྕོག་ཆུང་གི་ཚད་ནི།
ད་ལྟར་རང་རེའི་ཡུལ་འདིར་ཡོད་པའི་བྱིལ་འཛིན་མ་ཞེས་བྱ་བའི་མདོག་སེར་སྐྱ་བ་སྨིན་མ་
དཀར་པོ་ཅན་འདི་ཙམ་ཡིན་ཀྱང་། མགྲིན་པ་དེ་བས་ཅུང་ཟད་རིང་བ་གཅིག་ཡིན། བྱ་ལྕོག་
ཆུང་གི་སྒོ་ངའི་སྒོང་ཤུན་ནི། དཀར་ལ་དམར་པོའ་ིཟེར་ཅུང་ཟད་ཆགས་ཤིང་སྣུམ་པའི་
མདངས་དང་ལྡན་པ། སྒྲིབ་གཡོགས་མེད་པར་ཤེལ་ལྟར་གསལ་བ། འོད་ཟེར་འབར་བས་
འདོམ་པ་གང་ཙམ་གྱི་མུན་པ་སེལ་ནུས་པའི་ཕྱིའི་ཤུན་པས་ཡེ་ཤེས་ལྔ་མཚོན་པའོ། །
ནང་གི་སྒོང་ཆུའི་ཕྱི་རིམ་དཀར་པོ། དེ་ནང་དུ་དམར་པོ། དེའི་ནང་དུ་སེར་པོ། དེའི་
ནང་དུ་ལྗང་གུ། དེའི་ནང་དུ་སྔོ་སྐྱ། དེའི་ནང་དུ་མཐིང་ག་ནམ་མཁའི་མདོག་གམ།
བཻཌཱུརྱའི་མདོག་ལྟར་ཤིན་ཏུ་སྔོ་བའི་མདངས་དང་ལྡན་པ་སྲན་ཆུང་ཙམ་གྱི་དཀྱིལ་དུ་རྡོ་རྗེ་
འཆང་ཡུངས་དཀར་གྱི་འབྲུ་ཙམ་གྱི་ཐིག་ལེ་འོད་ཁ་དོག་སྣ་ཚོགས་འཕྲོ་བ་ཞིག་གིས་མཚོན་
པའི་སྒོང་ཆུའི་རིམ་པ་རྣམས་དབྱེར་མེད་གཅིག་ཏུ་གནས་ཀྱང་། ཆུ་ཟླ་ལྟ་བུའི་མེ་ལོང་དང་
གཟུགས་བརྙན་ལྟ་བུར་མ་འདྲེས་ཤིང་སོ་སོར་གསལ་བོར་མངོན་པས་རིགས་ལྔ་དང་
རིགས་དྲུག་པའི་བདག་ཉིད་རིགས་རྣམས་ཀུན་གྱི་རྡོ་རྗེ་འཆང་དང་བཅས་པ་མཚོན། ཁ་
དོག་དྲུག་གི་རིམ་པ་དྲུག་ལ་འོད་འབར་བའི་འོད་རྣམས་ཀྱིས་རྒྱལ་བ་རང་རང་གི་ཡུལ་
རྣམས་མཚོན་པ་དང་བཅས་པ་བྱ་ལྕོག་ཆུང་གི་སྒོ་ང་ལ་འཛོམས་པའི་རྟེན་འབྲེལ་ཡོད་པས།
རང་གི་རྣམ་པར་ཤེས་པ་ཡང་བྱ་ལྕོག་ཆུང་གི་སྒོ་ང་ལྟ་བུར་བསྒོམས་ན་བསོད་ནམས་ཆེན་པོ་
ཐོབ་པ་ཡིན་པ་ནི། ལྕོག་ཆུང་གི་སྒོ་ང་ལ་རྒྱལ་བ་རིགས་ལྔ་དང་། རིགས་རྣམས་ཀུན་གྱི་
གཙོ་བོ་དང་དྲུག་ལ་རང་རང་གི་ཡུལ་དང་བཅས་པ་དང་། ཡེ་ཤེས་ལྔ་དང་ལྡན་པའི་སྒོ་ང་དེ་
115
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
དྲན་པ་ཙམ་གྱིས་བསོད་ནམས་འཐོབ་པས། རང་གི་རྣམ་པར་ཤེས་པ་སྒོ་ངར་དམིགས་ཏེ་
འཕོས་ན་བླ་ན་མེད་པའི་གོ་འཕང་འཐོབ་པ་ལ་དཀའ་ཚེགས་མེད་པས། ཚེ་གཅིག་ལུས་
གཅིག་ལ་སངས་རྒྱས་འཐོབ་པར་ནུས་པ་ཐེ་ཚོམ་མེད་དོ་རིགས་ཀྱི་བུ། དེའང་འཕོ་བའི་
དམིགས་པ་འདི་བཞིན་དགོས་པས་ཉོན་དང་བུ། རང་ཉིད་སྟན་བདེ་བ་ལ་འདུག་ཅིང་ལུས་
སེམས་མ་གཡོས་པར་ལྷུག་པར་བཞག་པའི་ངང་ལ་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་
པར་བྱས་ལ་རླུང་ལན་གསུམ་ཕྱིར་འབུད་པས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་
པའི་སྡིག་སྒྲིབ་དང་ནང་གི་ལྗན་ལྗིན་དང་བཅས་པ་རླུང་གི་རྣམ་པས་ཕྱིར་བུད་ནས། ལུས་
སེམས་ཕྱི་ནང་ཐམས་ཅད་སྒྲིབ་པ་དག་ནས་གསལ་སིང་ངེ་སོང་བས་ལུས་ཀྱི་ནད་ཕྲུ་མ་
ཕུས་བཏབ་པ་བཞིན་དུ་སྤྱི་བོ་ནས་རྐང་མཐིལ་གྱི་བར་དུ་སྟོང་བར་བསམ་པའི་ནང་དུ།
སྤྱི་བོ། མགྲིན་པ། སྙིང་ག། །ལྟེ་བ་གསང་གནས་དང་ལྔ་ལ་རྩ་འཁོར་ལྔ་ཞྭ་སྐྱའི་འདབ་
གཉིས་ཁ་སྤྲད་ཅིང་ཞྭ་མགོ་གཉིས་ཁ་སིང་དུ་འཕྲད་པ་ལྟ་བུའི་གསང་བའི་ཞྭ་མགོ་གཉིས་
བརླའི་ནང་ནས་རྐང་མཐིལ་བར་དུ་ཟུག་པར་བསམ་པའོ། །
ཡང་ན་ཞྭའི་དོད་ལ་པད་མ་གཉིས་ཁ་སྤྲད་པའམ། ཡང་ན་གདུགས་གཉིས་ཁ་སྤྲད་
པར་བསམ་ལ། དེ་ནས་རིམ་གྱིས་འཕོ་བ་དང་། ཅིག་ཅར་གྱིས་འཕོ་བ་དང་གཉིས་བྱེད་
པ་ལ། འདིར་དང་པོ་རིམ་གྱིས་འཕོ་བ་རིགས་དྲུག་གནས་འདྲེན་པ་བྱེད་པ་ནི། དེ་ལ་རང་
ཉིད་ལངས་པར་དམིགས་པའི་རྐང་པའི་ལོང་བུ་གཉིས་སྤྲད། ལག་པ་གཉིས་ཆོས་འབྱུང་གི་
ཕྱག་རྒྱ་སྤྱི་བོར་བྱས་པར་བསྒོམ་པའི་རྐང་པའི་རྒྱུ་ཞབས་གཉིས་ཀྱི་གཡས་སུ་ཐིག་ལེ་
དམར་པོ། གཡོན་དུ་ཐིག་ལེ་དཀར་པོ། བསྐལ་བཟང་གི་ནས་འབྲུ་ཙམ། བསྐལ་བཟང་གི་
སྲན་མ་ཙམ་གཅིག་འོད་ཀྱི་རང་བཞིན་ཅན་དུ་བསམས་ནས་རླུང་གྱེན་དུ་འདྲེན་ཅིང་། ཕཊཿ
དྲག་པོ་གདབ་པས་ཡར་བོས་པའི་དམིགས་པ་བཏང་བས་ཡར་བྱུང་བར་གསང་གནས་སུ་
ཐིག་ལེ་དཀར་དམར་གཉིས་གཅིག་ཏུ་འདྲེས་པ་བྱ་མ་གསར་གྱི་སྒོ་ང་ཙམ་འོད་ཀྱི་རང་
116
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
བཞིན་ཅན། ལྟ་བས་མི་བཟོད་པ་ཉི་མའི་སྙིང་པོ་དང་མཚུངས་པ་གཅིག་འཕར་ཞིང་འགུལ་
ཁྱུག་ཁྱུག་བྱེད་པ་ཞིག་ཏུ་གྱུར་པར་བསམ། ཕཊཿ ཀྱིས་བོས་པས་ལྟེ་བ། སྙིང་ག །མགྲིན་པ།
སྤྱི་བོ། དེ་ནས་ཚངས་བུག་ཏུ་བུད་དེ་ཁྲུ་གང་གི་ནམ་མཁར་ཡི་གེ་ཧ་ཡིག་མཐིང་ནག་འོད་
རབ་ཏུ་འབར་བ་ཞིག་ཏུ་གྱུར་པར་བསམ་པ་ནི། ལས་བྱེད་དམིགས་བཅས་འཕོ་བའི་
གདམས་པ་ཡིན། སྤྱི་བོར་ཐོན་ཏེ་ནམ་མཁའ་སྟོང་པ་དང་རིག་པ་སོ་མ་དྲི་མ་མེད་པ་གཉིས་
དབྱེར་མེད་དུ་འཁྲུགས་ཀྱིས་འདྲེས་ནས་རིག་སྟོང་དབྱེར་མེད་ཁྱབ་བརྡལ་ཆེན་པོའ་ིངང་ལ་
མཉམ་པར་བཞག་ནས་དབུགས་འགྲོ་འོང་གཉིས་གཅིག་ཏུ་བརྩི་བའི་ཉི་ཤུ་རྩ་གཅིག་གི་
བར་དུ་མཉམ་བཞག་པ་ལ་གནས་ཤིང་། དེ་ནས་འོག་ནས་འབྱུང་བ་ལྟར་ཅིག་ཅར་གྱིས་
འཕོ་བ་བྱེད་པའམ། ཡང་འཕོས་ནས་ནམ་མཁའ་ལ་བསྲེ་བ་དང་། མཉམ་བཞག་ལ་འཇོག་
པ་དང་། ཡང་འཕོ་བར་བྱེད་པ་དེ་བཞིན་དུ་ཉེར་གཅིག་བྱེད་པ་ལ་ཐུན་གཅིག་བྱེད་པའི་
ཉིན་ཉེར་གཅིག་དང་། མཚན་ཉེར་གཅིག་བྱས་ནས་མཐར་ཐུན་འཇོག་པའི་དུས་སུ་སྙིང་
གར་པདྨ་དམར་པོ་འདབ་མ་བརྒྱད་པ་གཅིག་ཏུ་བསམ་པའི་ལྟེ་བའི་སྟེང་དུ་རྣམ་ཤེས་ཡོད་
པར་བསམ་ལ་པདྨ་ཁ་ཟུམ་པར་དམིགས་ནས། གཉིད་ལོག་གམ་སྤྱོད་ལམ་ལ་འཇུག་པར་
བྱེད་པ་དམིགས་བཅས་འཕོ་བ་སྦྱངས་པའི་མན་ངག་གོ། །ཅིག་ཆར་གྱིས་འཕོ་བར་བྱེད་པ་
འདོད་པ་དང་། ཡང་འཆི་ཁར་ལས་ལ་སྦྱོར་བ་ནི། སྤྱི་བོར་ཁྲུ་གང་གི་སར་ང་ཉིད་ལོངས་
སྤྱོད་རྫོགས་པའི་སྐུར་བསྒོམ། ཁྱེད་རང་གི་སྙིང་པདྨ་དམར་པོ་འདབ་མ་བརྒྱད་པ། ཁ་གྱེན་
དུ་ཕྱེས་ནས་འདབ་མ་བརྒྱད་པའི་སྟེང་དུ་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ་སྦ་ལྕག་ཙམ་
གཅིག་གི་ཡར་སྣེ་སྤྱི་བོའ་ིཚངས་བུག་ཏུ་ཐོན་ཏེ་ངའི་སྙིང་གར་ཟུག་པར་བསམས་ནས།
མར་སྣེས་པད་འདབ་ནོན་པའི་སྟེང་དུ་ནང་པདྨ་ལྟ་བུའི་སྟེང་དུ་རྣམ་པར་ཤེས་པ་ཡོད་པར་
བསམས་ནས། འཆི་རྟགས་བྱུང་བ་དང་། རིག་པ་ཧུར་ཕྱུང་རིགས་པའི་ངར་བསྐྱེད་ལ་ཕཊཿ
སྒྲས་རྣམ་ཤེས་འོད་ཀྱི་སྦུ་གུའི་ནང་ནས་ངའི་སྙིང་གའི་དཀྱིལ་འཁོར་ལ་བསྟིམ་པར་བྱ།
117
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
པདྨ་དང་རྩ་ཡང་འོད་ཀྱི་རང་བཞིན་ཅན་དུ་བསམ། དེ་ཡང་པདྨ་ནི་ཆགས་པ་དང་བྲལ་བའི་
བརྡ། ལྟེ་བ་མཐིང་གས་བྱམས་པ་དང་། འདབ་མ་དམར་པོས་སྙིང་རྗེ་དང་། ཟེའུ་འབྲུ་
དཀར་པོས་བྱང་ཆུབ་ཀྱི་སེམས་མཚོན། རྩ་ཕྱི་དཀར་བས་ཐབས། ནང་དམར་བས་ཤེས་
རབ་མཚོན་པའི་རྩ་ཡང་རྣམ་ཤེས་དང་དུས་མཉམ་དུ་ཡལ་ཅིང་། པདྨའི་མདངས་ཉམས་
པར་གྱུར་པ་ནི་དམིགས་བཅས་ཀྱི་འཕོ་བ་འཆི་ཁའི་མན་ངག་ཡིན་པ་དང་བཅས་པ་རྟེན་
ཅན་རྫས་ལ་དམིགས་ཏེ་ལུས་སེམས་ཕྲལ་བའི་གདམས་པ་ཡིན། རྫས་གྲུབ་ཀྱི་འཕོ་བ་
ཡང་ཡིན་པ་ནི་རྣམ་ཤེས་རྫས་ཀྱི་ཐིག་ལེ་དཀར་དམར་ལ་བརྟེན་ནས་རྫས་བྱའི་སྒོ་ང་ལ་
དམིགས་ནས་སྐྱེ་མེད་ནམ་མཁའ་ལ་འཕོ་བ་འདི་རྣལ་འབྱོར་མ་ངའི་ཆོས་ལུགས་ཡིན་ནོ་
རིགས་ཀྱི་བུ། དེ་ཡང་གཤིན་པོའ་ིདོན་དུ་རྐང་མཐིལ་དུ་དམྱལ་བ། གསང་གནས་ཡི་
དྭགས། ལྟེ་བ་བྱོལ་སོང་། སྙིང་གར་མི། མགྲིན་པར་ལྷ་མ་ཡིན། ཀླད་པའི་དུང་ཁང་ལྷའི་
གནས་ཡིན་ཏེ། རྣམ་ཤེས་དུང་ཁང་ནས་སྤྱི་བོར་ཐོན་པ་ནམ་མཁའ་དང་འདྲེས་པར་
བསམས་ལ། རིགས་དྲུག་གི་གནས་ནས་ཐར་ཏེ། འཁོར་བ་ལས་བརྒལ་ནས་མྱ་ངན་ལས་
འདས་པ་ཐོབ་པའི་རྟེན་འབྲེལ་ཡོད་པ་ཡིན་པས། འདི་ནི་དམིགས་བཅས་རིགས་དྲུག་
གནས་འདྲེན་གྱི་འཕོ་བ་བྱ་བར་གྲགས་སོ། །ཡིད་ལ་ཟུངས་ཤིག་རིགས་ཀྱི་བུ། དེ་ལྟར་
ལུས་སེམས་ཕྲལ་ནས་ལུས་ལ་མཎྜལ་བསྐྱེད་ནས་བླ་མ་དང་དཀོན་མཆོག་གསུམ་པོ་ཡི་
དམ་ལྷ་དང་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་བའི་སྲུང་མ་དང་བཅས་པ་ལ་འབུལ་བར་བྱེད་
པའི་ཐབས་འདི་ལྟར་ཡིན་ནོ་ཉོན་དང་ངས་བཤད་དོ། །
རང་གི་སྤྱི་བོར་ཧ་ཡིག་རིན་ཆེན་མཁའ་འགྲོ་མ་སེར་མོ་གཡོན་ན་ཡིད་བཞིན་གྱི་ནོར་
བུ་འཛིན་པའམ། མཐིང་ག་དེ་ཡོངས་སུ་གྱུར་པ་ལས་མཁའ་འགྲོ་མ་སྔོན་མོ་ཞལ་གཅིག་
ཕྱག་གཉིས་གཡས་གྲི་གུག་དང་། གཡོན་ཁ་ཊྭཱཾ་ག་ཐོགས་པ་གཅིག་ལ་རང་འདྲ་བ་བཞིས་
བསྐོར་ཏེ་གཙོ་འཁོར་ལྔར་བསམ། གྲི་གུག་གིས་ལུས་རོ་གན་རྐྱལ་དུ་ཡོད་པའི་པགས་པ་
118
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
བཤུས་ཏེ་དམར་ཕྱལ་གྱིས་བཏང་ནས་ཕཊཿབྱས་པས་པགས་པ་དབང་ཆེན་གསེར་གྱི་ས་
གཞིར་བསམ། ཕཊཿ བྱས་པས་ཁྲག་སྤོས་ཆུའི་རྒྱ་མཚོ་ཆེན་པོར་གྱུར་པས། ས་གཞི་ལ་
ཆག་ཆག་གདབ་པར་བསམ། ཕཊཿ བྱས་པས་སེན་མཛུབ་མཐའི་ལྕགས་རིར་བསམ།
ཕཊཿ བྱས་པས་ཡན་ལག་བཞི་གླིང་བཞིར་བསམ། ཕཊཿ ཉིང་ལག་བརྒྱད་གླིང་ཕྲན་
བརྒྱད་དུ་བསམ། ཕཊཿ དེའི་དབུས་སུ་ཁོག་ཟོམ་དེ་རི་བོ་མཆོག་རབ་ཏུ་བསམ། ཕཊཿ རི་
རབ་ཀྱི་སྟེང་དུ་མགོ་དེ་རྣམ་པར་རྒྱལ་བའི་ཁང་བཟང་དུ་བསམ། ཕཊཿ མིག་གཡས་པ་ཟླ་
བ་དང་། གཡོན་པ་ཉི་མ་ཡིན་པར་བསམ། ཕཊཿ སོ་རྣམས་རྒྱུ་སྐར་རྣམས་ཡིན་པར་
བསམ། ཕཊཿ གློ་བ་ཅང་ཤེས་ཀྱི་རྟ་མཆོག་ཏུ་བསམ། ཕཊཿ སྙིང་དེ་ཡིད་བཞིན་ནོར་བུ་
རིན་པོ་ཆེ་དགོས་འདོད་ཐམས་ཅད་ཆར་བཞིན་དུ་འབྱུང་བ་གཅིག་ཏུ་བསམ། ཕཊཿ རྒྱུ་མ་
དཀར་ནག་གསེར་གྱི་རི་བདུན་དང་རོལ་བའི་མཚོ་བདུན་དུ་བསམ། ཕཊཿ ནང་ཁྲོལ་
རྣམས་རྒྱལ་སྲིད་སྣ་བདུན་དུ་བསམ། ཕཊཿ རྩ་རྒྱུས་རྣམས་བཀྲ་ཤིས་ཀྱི་རྫས་བརྒྱད་དུ་
བསམ། ཕཊཿ རྣམ་ཤེས་ཚོགས་བརྒྱད་འདོད་ཡོན་གྱི་ལྷ་མོར་བསམ། ཕཊཿ མཁྲིས་པ་
བཟང་པོའ་ིསྨན་མཆོག་ཏུ་བསམ། ཕཊཿ སྐྲ་དང་བ་སྤུ་ཐམས་ཅད་མ་རྨོས་པའི་ལོ་ཏོག་
གུར་ཀུམ་གྱི་སྤང་རི་ཙན་དན་གྱི་ནགས་ཚལ་དུ་བསམ། ཕཊཿ རྣ་བ་གདུགས་དང་རྒྱལ་
མཚན་དུ་བསམ། ཞེས་གསལ་གདབ་ལ། ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་
མ་ཚང་བ་མེད་པ་འདི། བླ་མ་ཡི་དམ་མཁའ་འགྲོའ་ིཚོགས་ལ་འབུལ་བར་དམིགས་ནས།
པགས་པ་གསེར་གྱི་ས་གཞི་ལ། །སེན་མཛུབ་ལྕགས་རིས་བསྐོར་བའི་དབུས། །ཁོག་ཟོམ་
རི་རབ་ཁང་བཟང་ལ། །མིག་གཉིས་ཉི་མ་ཟླ་བས་བསྐོར། །སྡེར་བཞི་གླིང་བཞིར་བཅས་
པ་སོགས། །ལུས་མཎྜལ་ཡོངས་སུ་རྫོགས་པ་འདི། །བླ་མ་དཀོན་མཆོག་ཡི་དམ་ལྷ། །
མཁའ་འགྲོ་ཆོས་སྐྱོང་རྣམས་ལ་འབུལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཕཊཿ
ཅེས་པས་མཎྜལ་ཕུལ་བའི་ཡུལ་ཡུལ་ཅན་ཐམས་ཅད་དམིགས་མེད་ཀྱི་ངང་ལ་བཞག་པ་
119
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
མཎྜལ་ཕུལ་བའི་དེ་ཉིད་ཡིན་ནོ། །
ལྔ་པ་གསོལ་བ་གདབ་པ་ནི། སྤྱི་གཙུག་པད་ཟླའི་གདན་སྟེང་ན། །རྩ་བརྒྱད་བླ་མ་
རྣམས་ལ་གསོལ་བ་འདེབས། །ཆོས་ཉིད་དག་སྣང་གཞལ་ཡས་ན། །ཡི་དམ་ལྷ་ཚོགས་
རྣམས་ལ་གསོལ་བ་འདེབས། །དམ་ཚིག་སྲུང་ཞིང་བསྟན་པ་སྐྱོང་མཛད་པ། །ཡེ་ཤེས་
ཆོས་སྐྱོང་སྲུང་མ་རྣམས་ལ་གསོལ་བ་འདེབས། །སེམས་ཅན་ཐམས་ཅད་རྣམས་ལ་བྱིན་
གྱིས་རློབས། །བུ་སྐྱེ་མེད་དབྱིངས་སུ་ལམ་སྣ་དྲོངས། །མཆོག་དང་ཐུན་མོང་དངོས་གྲུབ་
སྩོལ། །རྐྱེན་བར་ཆད་ལམ་དུ་སློང་དུ་གསོལ། །ཕཊཿ ཅེས་པས་བླ་མ་ཡི་དམ་ཆོས་སྐྱོང་
དང་བཅས་པ་ལ་གསོལ་བ་ལེགས་པར་ཐོབས་ཨང་སྙམ་པའི་ངང་ལ་རིག་པ་ཧུར་གྱིས་
ཕྱུང་ནས། མདུན་གྱི་ནམ་མཁའི་སྐྱབས་ཡུལ་དུ་ང་ཉིད་བསྒོམ་པའི་ཐུགས་ཀ་ནས་མར་
མེ་གཅིག་ལས་གཉིས་ཆད་པའི་ཚུལ་གྱིས་ང་ཉིད་རིགས་བཞིའི་མཁའ་འགྲོ་དང་བཅས་
པ་ལ་མཁའ་འགྲོའ་ིཚོགས་དཔག་ཏུ་མེད་པས་བསྐོར་བ་དང་བཅས་པ་རང་ཉིད་འདུག་
པའི་གནས་སུ་འུར་གྱིས་བྱོན་ནས། ང་ཉིད་གཙོ་འཁོར་ལྔ་རང་ཉིད་ཀྱི་སྤྱི་བོ་ཁྲུ་གང་གི་
ནམ་མཁར་འདུག་ཅིང་འཁོར་གྱི་མཁའ་འགྲོ་མ་རྣམས་དང་བཅས་པས་བྱིན་གྱིས་
བརླབས་པར་བསམས་ཏེ། ཆོས་ཉིད་དབྱིངས་ལ་གཤེགས་བཞུད་མི་མངའ་ཡང་། །དོན་
འགག་མེད་ཤུགས་འབྱུང་ཐུགས་རྗེ་ཡིས། །རྫུ་འཕྲུལ་མྱུར་བར་འདིར་གཤེགས་ལ། །
བདག་ཅག་ཁྱེད་ཀྱི་རྗེས་འཇུག་དང་། །མ་རིག་འཁྲུལ་བའི་སེམས་ཅན་རྣམས། །མས་
ངེས་པར་ཐུགས་རྗེས་གཟུང་དུ་གསོལ། །དོན་ངེས་པར་བྱིན་གྱིས་བརླབ་ཏུ་གསོལ། །མ་
ཆོས་དབྱིངས་ནམ་མཁའི་ཀློང་ཡངས་ནས། །མཁའ་འགྲོ་མང་པོའ་ིཚོགས་དང་བཅས། །
གཉན་ས་འདི་རུ་བྱིན་ཕོབས་ལ། །གཉན་ས་འདིར་འདུས་ལྷ་འདྲེ་རྣམས་ལ་ཐུགས་རྗེས་
ཟུངས། །ཁམས་གསུམ་སེམས་ཅན་རྣམས་ལ་བྱིན་གྱིས་རློབས། །བདག་དང་མོས་པའི་
བུ་ལ་དངོས་གྲུབ་སྩོལ། །སྤྱི་གཙུག་རྒྱན་དུ་བཞུགས་སུ་གསོལ། །བཞུགས་ནས་བྱིན་
120
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
གྱིས་བརླབ་ཏུ་གསོལ། །ཕཊཿ ཅེས་པས་ང་ཉིད་མཁའ་འགྲོའ་ིཚོགས་དང་བཅས་པ་འུར་
གྱིས་བྱོན་ནས། ཐམས་ཅད་ཀྱི་ཤེས་རྒྱུད་བྱིན་གྱིས་བརླབས་པས། ཐམས་ཅད་ལ་དད་
སེམས་དུང་ངེ་བ་སྐྱེས་པར་བསམ་ལ། བྱིན་ཕབ་པ་དེ་ཉིད་ཡིན་ནོ། །
དྲུག་པ་ལ་ལྔ་སྟེ། ལུས་འདོད་ཡོན་ལྔར་བྱིན་གྱིས་བརླབས་ཤིང་། མཆོད་པའི་སྤྲིན་
ཕུང་དུ་དམིགས་ནས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་བཅས་པ་ལ་མཆོད་པ་འབུལ་
བ་དང་གཅིག །ལན་ཆགས་ཀྱི་མགྲོན་ལ་ལན་ཆགས་འཇལ་བ་དང་གཉིས། རིགས་དྲུག་
ལ་སྦྱིན་པ་བཏང་བས་རིགས་དྲུག་གི་གནས་སྟོངས་བར་བྱེད་པ་དང་གསུམ། དཀར་ཕྱོགས་
སྐྱོང་བའི་གཞི་བདག་དང་ཀླུ་ལ་སོ་སོའ་ིའདོད་ཡོན་སྦྱིན་པ་དང་བཞི། ལྷ་འདྲེ་འཇིགས་སུ་
རུང་བའི་གདུག་པ་ཅན་ལ་ཤ་ཁྲག་རློན་པས་ཚིམ་པར་བྱེད་པ་དང་ལྔ། ལྔ་ཡི་དང་པོ་ནི།
ལུས་སེམས་ཕྲལ་བ་གོང་དུ་བཤད་པ་དང་འདྲ་བ་ཡིན། རྣམ་ཤེས་སྤྱི་བོར་ཐོན་པ་ཧ་ཡིག་
དམར་པོར་བསམ་པའམ། ཡང་ན་ངའི་ཐུགས་ཀར་ཕོངས་ལ་རང་བཞིན་གྱི་ཧ་ཡིག་དམར་
པོ་གཅིག་ལས་མཁའ་འགྲོ་མ་དམར་པོ་ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་དང་
གཡོན་ཐོད་པ་བསྣམས་པ། རུས་པའི་རྒྱན་གྱིས་བརྒྱན་ཅིང་གཟི་བརྗིད་དང་ལྡན་པ།
ཞབས་གཉིས་གར་སྟབས་ཀྱིས་བཞེངས་པ་གཅིག་ཏུ་དཀྲོང་སྟེ་བསྐྱེད། ཕཊཿ བྱས་པའི་
ཐུགས་ཀ་ནས་འོད་ཟེར་དམར་པོ་སྤྲོས་ཏེ། ངའི་ཐུགས་ཀར་ཕོག །ཐུགས་རྒྱུད་བསྐུལ།
འོད་ཟེར་ཕྱིར་འཕྲོས། འཁོར་གྱི་མཁའ་འགྲོ་མ་རྣམས་ལ་ཕོག་པས་རང་དང་འདྲ་བ་འཕྲོས་
ཏེ་མཁའ་འགྲོ་མ་དམར་མོའ་ིའཁོར་དུ་གྱུར། ངའི་ཐུགས་ཀ་ནས་འོད་ཟེར་དམར་སྨུག་
འཕྲོས་པས་མཁའ་འགྲོ་མ་དམར་མོའ་ིཐུགས་ཀར་ཐིམ་པས་སྔར་བས་ཀྱང་གཟི་བརྗིད་
ཆེར་འབར་ཞིང་ལས་བྱེད་པའི་མཐུ་དང་ལྡན་པས། ལས་བྱེད་ཀྱི་མཁའ་འགྲོ་མ་དམར་མོ་
འཁོར་དང་བཅས་པས་གར་ཁྱུག་ཁྱུག་བྱེད་ཅིང་། གྲི་གུག་གདེངས་པས་རོའ་ིཔགས་པ་
བཤུས་ཏེ་མགོ་ཤར་དུ་བསྟན་ནས་གན་རྐྱལ་དུ་བཏིངས་པས་སྟོང་གསུམ་ཙམ་པའམ།
121
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
མཐའི་ལྕགས་རི་གཅིག་གི་ནང་ཙམ་མམ། གླིང་བཞིའམ་གླིང་གཅིག་གམ། བོད་ཁམས་
སམ། གར་འདུག་པའི་ཡུལ་ཤེས་ཚད་དམ། དཔག་ཚད་ལྔ་བརྒྱ་པའམ། མིག་རྒྱང་གང་བ་
ཡན་ཆད་བློས་གང་འཆུན་ཚོད་ཙམ་གྱི་གསེར་གྱི་ཁ་དོག་སྣ་ལྔའི་འོད་ཀྱི་དཀྱིལ་འཁོར་དང་།
གསེར་གྱི་རང་བཞིན་དུ་ཤིན་ཏུ་དག་པའི་སྟེང་དུ་ལུས་ཀྱི་རླུང་ལས་རླུང་གི་དཀྱིལ་འཁོར་གྱི་
དབུས་སུ་ལུས་ཀྱི་རཀྟ་དམར་པོ་མེའི་རང་བཞིན་གྲུ་གསུམ་པའི་གྲྭ་གསུམ་དུ་ཨ་ཡིག་གིས་
མཚན་པ་ལ་མི་མགོའ་ིསྒྱེད་པུ་གསུམ་གྱི་སྟེང་དུ་ཨ་ལས་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་དཔྲལ་
བ་རང་ལ་བསྟན་པའི་ནང་དུ་ཤ་རུས་རྣམས་གསེ་གཏུབ་ཁྲག་དང་བཅས་པ་སྤུངས་པས་རི་
རབ་ཙམ་དུ་གྱུར་པའི་སྟེང་དུ་བྱང་སེམས་དཀར་པོ་ཟླ་བ་ལྟ་བུའི་སྟེང་དུ་ཧཱུཾ་ཡིག་དང་། འོག་
ཏུ་ཧ་ཡིག་གིས་མཚན་པར་བསམས་ནས། རང་ཉིད་ལས་བྱེད་ཀྱི་ཐུགས་ཀའི་ས་བོན་ལས་
འོད་ཟེར་འཕྲོས། ཨཾ་ལ་ཕོག་པས་རླུང་གཡོས། མེ་སྦར། ཐོད་པ་དྲོས། ཤ་ཁྲག་རྣམས་ཞུ་
ཞིང་ཁོལ། རང་གི་མགྲིན་པའི་ཨ་ལས་འོད་ཟེར་འཕྲོས། ཤ་ཁྲག་གི་ཕུང་པོ་ལ་ཕོག་པས་
དེའི་དངོས་པོ་སྦྱངས་ནས་འོད་དུ་ཞུ། སྤྱི་བོའ་ིཨོཾ་ལས་འོད་ཟེར་འཕྲོས། བྱང་སེམས་ཟླ་
བའི་རང་བཞིན་ཅན་ལ་ཕོག །བྱང་སེམས་ཞུ་ནས་ཧ་ཡིག་བརྒྱུད་ནས་བདུད་རྩིའི་རྒྱུན་བྱུང་
བས་ཐོད་པའི་ནང་དུ་ལྷུང་། ཧཱུཾ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་ཕྱོགས་བཅུའི་
སངས་རྒྱས་དང་བྱང་སེམས་ཐམས་ཅད་རིགས་ལྔ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས་ནས།
མདུན་གྱི་ནམ་མཁར་བྱོན་ནས་སྙོམས་པར་འཇུག་པའི་སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་
མར་བྱུང་བས་ཧཱུཾ་ཡིག་བྱང་སེམས་ཧ་ཡིག་དང་བཅས་པ་འོད་དུ་ཞུ་ནས་ཐོད་པའི་ནང་དུ་
ཐིམ་པས། དམ་ཚིག་པ་དང་ཡེ་ཤེས་པ་དབྱེར་མེད་གཅིག་ཏུ་འདྲེས་ནས་ཁོལ་བའི་རླངས་
པ་འོད་ཟེར་ཁ་དོག་ལྔ་དང་ལྡན་པ་ནམ་མཁའི་ཁམས་གང་བར་གྱུར་པའི་སྣ་ལ། ལྷ་མོ་
གཟུགས་རྡོ་རྗེ་མ། སྒྲ་རྡོ་རྗེ་མ། དྲི་རྡོ་རྗེ་མ། རོ་རྡོ་རྗེ་མ། རེག་བྱ་རྡོ་རྗེ་མ་སྟེ། འདོད་ཡོན་གྱི་
ལྷ་མོ་ལྔ་དང་། ཆོས་ཀྱི་རྡོ་རྗེ་མ། ཡོན་ཆབ་མ། ཁྲུས་ཆབ་མ། མེ་ཏོག་མ། བདུག་སྤོས་མ།
122
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
མར་མེ་མ། དྲི་ཆབ་མ། ཞལ་ཟས་མ། རོལ་མོ་མ་སྟེ་མཆོད་པའི་ལྷ་མོ་རྣམས་དང་བཅས་
པའི་ལྷ་མོ་རྣམས་ཀྱི་གཡས་པ་ཐམས་ཅད་ཀྱིས་ཀ་པཱ་ལ་བདུད་རྩིས་གང་བ་བསྣམས་ཤིང་།
གཡོན་པ་རྣམས་ཀྱིས་རང་རྟགས་ཀྱི་མཆོད་རྫས་བསྣམས་ནས་གར་ཁྱུག་ཁྱུག་བྱེད་ཅིང་
མཆོད་པ་འབུལ་བ་དང་། འོད་ཟེར་དེ་ཉིད་ཀྱང་འཕན་དང་། གདུགས་དང་། རྒྱལ་མཚན་
དང་། བ་དན་དང་། བླ་རེ་དང་། འཕུར་མ་དང་། བཀྲ་ཤིས་རྟགས་བརྒྱད་དང་། རྒྱལ་སྲིད་
རིན་པོ་ཆེ་སྣ་བདུན་དང་། རོལ་མོའ་ིབྱེ་བྲག་སྣ་ཚོགས་པ་མ་ཚང་བ་མེད་པ་ལ་སོགས་པ་
མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པས་ནམ་མཁའི་དབྱིངས་ཐམས་ཅད་སྤྲིན་ལྟར་
འཁྲིགས་པར་དམིགས་ནས། བླ་མ་བརྒྱུད་པ་དང་བཅས་པ་རྣམས་དང་། ཡི་དམ་དཀྱིལ་
འཁོར་གྱི་ལྷ་ཚོགས་སངས་རྒྱས་བྱང་ཆུབ་སེམས་དཔའ་རང་རྒྱལ་ཉན་ཐོས་ཀྱི་ཚོགས་དང་
བཅས་པ་རྣམས་ལ་ཕུལ་བས། མཉེས་ནས་སྐུ་གསུང་ཐུགས་ཀྱི་སྒོ་ནས་རྗེས་སུ་བཟུང་བ་
དང་། ནོར་འཁྲུལ་ལ་སོགས་པའི་ལམ་ལས་སྐྱོབ་པར་བྱེད་པ་དང་མ་ནོར་བའི་ལམ་མཆོག་
དམ་པ་སྟོན་པའི་སྟོན་པ་མཛད་པར་གསོལ་བ་བཏབ་ནས། ཕཊཿ བརྗོད་པར་བྱའོ། །
དེ་ནས་རང་གི་ཡི་དམ་དང་། རྒྱུད་སྡེ་བཞིའི་ལྷ་ཚོགས་དང་། དཔའ་བོ་དཔའ་མོ་
མཁའ་འགྲོའ་ིཚོགས་དང་བཅས་པ་ལ་འདོད་ཡོན་ལྔའི་མཆོད་པ་ཕུལ་བས། ཐུགས་རྒྱུད་
མཉེས་ནས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དང་། ཐུན་མོང་གི་དངོས་གྲུབ་དང་། མཆོག་གི་
དངོས་གྲུབ་སྩོལ་བ་དང་། ཁྱད་པར་དུ་ལྷག་པའི་བླ་མེད་རྡོ་རྗེ་ཐེག་པའི་ས་ལམ་མ་ནོར་བ་
བགྲོད་ནས་ལམ་རྫོགས་པར་མཛད་པའི་ལྷག་པའི་ལྷ་མཆོག་དམ་པ་མཛད་པར་གསོལ་བ་
གདབ་པའི་དམིགས་པ་དང་བཅས་ཕཊཿ བྱ། དེ་ནས་དཔལ་ལྡན་མགོན་པོ་ལྕམ་དྲལ་ལ་
སོགས་པ་ནང་དང་ཕྱིའི་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཐམས་ཅད་ལ་ཕུལ་བས། ཐུགས་དམ་
བསྐངས་ནས་བདག་གི་འདོད་པའི་དོན་ཐམས་ཅད་འགྲུབ་པ་དང་། ས་ལམ་ལ་བདུད་ཀྱིས་
བར་ཆད་མི་བྱེད་པར་བྱིན་གྱིས་རླབས་པ་དང་། འགྲོ་བའི་དོན་བྱེད་པ། འཕྲིན་ལས་རྣམ་པ་
123
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
བཞིའི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པའི་འཕྲིན་ལས་དང་། མཐུ་དཔུང་
མཛད་པར་གསོལ་བ་བཏབ་སྟེ་ཕཊཿ སྒྲ་དྲག་པོས་དམིགས་པ་གསལ་གདབ་པར་བྱེད་
ཅིང་། མཆོད་པ་མཆོད་རྫས་མཆོད་པའི་ལྷ་མོ་འོད་ཟེར་སྤྲོ་བ་དང་བཅས་པའི་སེམས་རྒྱུད་
བཏང་ནས་ཕཊཿཀྱི་མཐའ་གཅོད་པར་བྱེད་པ་ནི། ལུས་འདོད་ཡོན་ལྔར་བསྐྱེད་ནས། བླ་མ་
སངས་རྒྱས་བྱང་སེམས་ལ་སོགས་པ་དང་། ཡི་དམ་མཁའ་འགྲོ་ལ་སོགས་པ་ཕྱི་ནང་གི་
ཆོས་སྐྱོང་དང་བཅས་པ་མཉེས་པར་བྱེད་པ་ནི་ལུས་འདོད་ཡོན་ལྔར་འབུལ་བའི་དེ་ཉིད་
ཡིན་ནོ། །
ཡང་ཐོད་ཞལ་མ་དང་། བདུད་རྩི་བུམ་འགྱེད་མ་བྱེད་པར་སྤྲོ་ན། སྔར་ཁྱེད་རང་
རྣམས་ཀྱིས་ཡིད་ལ་ཡོད་པ་དེ་བཞིན་དུ་བྱས་པས་ཆོག །གཉིས་པ་ཕཊཿབྱས་པས་མེ་རླུང་
གཡོ་བ་དང་ཐོད་པ་བདུད་རྩི་དང་བཅས་པ་རྣམས་ལ་ལན་ཆགས་ཀྱི་མགྲོན་རྣམས་ཀྱི་
འདོད་ཡོན་དུ་བསྒྱུར་བའམ། ཡང་ན་མེ་རླུང་ལ་སོགས་པ་མི་དམིགས་པའི་ངང་ལས་རང་
གི་ལུས་རོའ་ིཚུལ་དུ་ཡོད་པར་བསམས་ནས། ལན་ཆགས་ཀྱི་མགྲོན་ནི་ཁ་དོག་མི་འདྲ་བ་
སྣ་ཚོགས་པ་ལ་གླིང་བཞིའི་མི་རིགས་མ་ཚང་བ་མེད་པ། དབྱིབས་མི་ཕོ་མོ་གཟུགས་བཟང་
བ་ལྟ་བུ་གོས་དང་རྒྱན་ཁ་དོག་སྣ་ཚོགས་པ་དང་ལྡན་པ། སོ་སོར་ལན་ཆགས་པ་གང་ཡོད་
པ་ལ་གདུང་བ་དྲག་པོ་སྐྱེ་ཞིང་བསྡད་ནས་ཆགས་པའི་སེམས་ཀྱིས་རང་ལ་མོས་ཤིང་
འདུད་པ། སོ་སོར་འདོད་ཡོན་ཐོབ་པས་སྔར་བས་བཀྲག་མདངས་དང་ལྡན་ནས་ལན་
ཆགས་པའི་སེམས་དང་བྲལ་ཞིང་ཆོས་ལ་མོས་པའི་དད་པ་དུང་ངེ་བ་སྐྱེ་བར་བསམ་ལ།
རང་གི་ལུས་དང་། སྲོག་དང་། ལོངས་སྤྱོད་དང་། ཁ་རྗེ་དང་། དབང་ཐང་དང་། བཀྲག་
དང་། མདངས་དང་། དཔལ་དང་། འབྱོར་བ་དང་བཅས་པའི་རང་བཞིན་ལྷུན་གྱིས་གྲུབ་
པའི་ཡུལ་མཁར་དང་། དྲེའུ་ལུག་དང་། རྟ་དང་། གླང་པོ་ཆེ་དང་། དར་དང་། ཟ་འོག་དང་།
རིན་པོ་ཆེ་སྣ་ཚོགས་དང་། འབྲུ་རིགས་སྣ་ཚོགས་པ་དང་། ཟངས་ཆས་དང་། གོས་སྣ་
124
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
ཚོགས་པ་དང་། ཤ་དང་། ཁྲག་དང་རུས་པ་དང་། པགས་པ་ལ་སོགས་པའི་ལུས་ཀྱི་ཁྱད་
པར་བྱེ་བྲག་མ་ཚང་བ་མེད་པའི་ཤ་ཁྲག་ལ་སོགས་པ་ལས་རང་བཞིན་དུ་གྲུབ་པའི་འདོད་
ཡོན་ཕུན་སུམ་ཚོགས་པ་དང་། སྐྲ་དང་བ་སྤུ་ལས་གྲུབ་པའི་མེ་ཏོག་དང་། ཤིང་སྣ་ཚོགས་པ་
དང་། དོན་སྣོད་ལྔ་ལས་འདོད་ཡོན་གྱི་འཇའ་ཚོན་སྣ་ཚོགས་པ་འཁྲིགས་པ་དང་། དབུགས་
དང་། རླུང་དང་། དྲོད་དང་རླངས་པ་ལས་འདོད་ཡོན་གྱི་ན་བུན་དང་སྤྲིན་ཆེན་པོ་འཁྲིགས་
པའི་བགེགས་རིགས་ལན་ཆགས་པ་རྣམས་ཀྱི་འདོད་པའི་ཡོན་ཏན་ལྔ་མ་ཚང་བ་མེད་པར་
བསམས་ནས། བདག་གིས་ཚེ་རབས་ཐོག་མ་མེད་པ་ནས་ཐ་མ་ད་ལྟ་ལ་ཐུག་གི་བར་དུ་
བསད་བསད་པས་ཚེ་ཐུང་བའི་ལན་ཆགས་པ་དང་། བརྡུང་བརྡེག་བྱས་པས་ནད་མང་བའི་
ལན་ཆགས་པ། ཕྲོགས་བཅོམ་བྱས་པས་ནོར་གྱིས་དབུལ་བའི་ལན་ཆགས་པའི་བདག་པོ་
བདག་མོ་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། བྱིས་པའི་གདོན་ཆེན་བཅོ་བརྒྱད་ལ་སོགས་
པ་ལན་ཆགས་ཀྱི་མགྲོན་རྣམས་ཐམས་ཅད་སོ་སོར་ཚིམས་ནས་བུ་ལོན་འཁོར། ལན་
ཆགས་བྱང་། ཤ་འཁོན་ཞི། འབྲེལ་ཐག་ཆོད་ནས་ལན་ཆགས་ཀྱི་མགྲོན་ཐམས་ཅད་བདེ་
བ་དང་ལྡན། སྡུག་བསྔལ་དང་བྲལ་ནས་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་
གྱུར་ཅིག །ཅེས་པ་དང་། ཕཊཿ བྱས་པས་མགྲོན་རྣམས་དང་གཏོར་མ་གཉིས་ཀ་ཡིད་ལ་
མི་བྱེད་པའི་ངང་ལ་དར་ཅིག་བཞག་པ་ལན་ཆགས་གཏོར་མའི་དེ་ཉིད་ཡིན་ནོ་བུ། གསུམ་
པ་ནི། རིན་པོ་ཆེའི་སྣོད་ཁ་དོག་དཀར་པོ་ཤེལ་ལྟར་གསལ་བ་ཕྱི་ནང་སྒྲིབ་མེད་ཟངས་ཐལ་
ཆེན་པོ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་རང་གི་ལུས་འོད་དུ་ཞུ་བའམ། ཡང་ན་ལན་ཆགས་
གཏོར་མའི་ལྷག་མ་དེ་ཉིད་འོད་དུ་ཞུ་བ་ལས་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་དཀར་
ལ་དམར་བའི་མདངས་ཆགས་པ། རོ་མཆོག་བརྒྱ་དང་ལྡན་པ། སྡུག་བསྔལ་ཐམས་ཅད་
སེལ་བར་ནུས་པའི་བཅུད་ཕུན་སུམ་ཚོགས་པ། འདོད་པའི་ཡོན་ཏན་ཐམས་ཅད་མ་ཚང་བ་
མེད་པ། འཆི་བ་སོས་ཤིང་ན་བ་སློང་བར་གྱུར་པའི་སྨན་མཆོག་ལྟ་བུ། རེག་པ་ཙམ་གྱིས་
125
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
སྡུག་བསྔལ་ཐམས་ཅད་ཞི་བར་ནུས་པ་གཅིག་ཏུ་བསམ་ལ། རང་གི་ཐུགས་ཀ་ནས་ལྷ་མོ་
དཀར་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་ཐོད་པ་དཀར་པོ་རེ་རེ་ཐོགས་པ་དཔག་ཏུ་མེད་པ་
སྤྲོས་པས། སྲིད་པའི་རྩེ་མོ་མན་ཆད་དང་། དམྱལ་བ་མནར་མེད་པ་ཡན་ཆད་ཀྱི་སེམས་
ཅན་རེ་རེའི་མདུན་དུ་ལྷ་མོ་རེ་རེ་བྱོན་ནས་བདུད་རྩི་དྲངས་པས། ཁ་རེག་པ་ཙམ་གྱིས་རང་
རང་གི་སྡུག་བསྔལ་ལས་གྲོལ་ཏེ། བྱང་ཆུབ་ཆེན་པོ་ཐོབ་ནས་རིགས་དྲུག་གི་གནས་སྟོང་
སངས་ཀྱིས་སོང་བར་བསམ་ལ། ཕཊཿ ཀྱིས་གསལ་གདབ། དེ་ནས་ལྷ་མོ་དེ་རྣམས་ཀྱི་སྐུ་
གསུང་ཐུགས་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། རིགས་དྲུག་གི་གནས་སྟོང་པ་རྣམས་
ཁྱབ་པར་བསམ་པ་དང་། དམྱལ་བའི་ཡུལ་ཐམས་ཅད་བཻཌཱུརྱའི་མདོག་ལྟར་དག་ཅིང་རྡོ་
རྗེའི་རང་བཞིན་དུ་གྱུར་པར་བསམ། ཡི་དྭགས་ཀྱི་གནས་པདྨ་རཱ་གའི་མདོག་ལྟར་དག་ཅིང་
པདྨའི་རང་བཞིན་དུ་གྱུར། བྱོལ་སོང་གི་གནས་ཤེལ་ལྟར་དག་ཅིང་དཀར་བ་འཁོར་ལོའ་ི
རང་བཞིན་དུ་གྱུར། མིའི་གནས་གསེར་ལྟར་དག་ཅིང་རིན་པོ་ཆེའི་རང་བཞིན་དུ་གྱུར། ལྷ་
མ་ཡིན་གྱི་གནས་མར་གད་ལྟར་དག་ཅིང་རྒྱ་གྲམ་གྱི་རང་བཞིན་དུ་གྱུར། ལྷའི་གནས་སྟོང་
གསལ་འོད་ལྔ་ཡེ་ཤེས་ཆེན་པོའ་ིརང་བཞིན་དུ་གྱུར་བར་བསམས་ནས་ཕཊཿཀྱིས་གདབ་
པར་བྱ་སྟེ། དེ་ཡང་རིགས་དྲུག་སྤྱི་ཙམ་དུས་གཅིག་ལ་དམིགས་པས་མ་འཆུན་ན། ལྷ་
ཚོགས་རྣམས་དམྱལ་བའི་གནས་སུ་སྤྲོས་ཏེ་དམྱལ་བ་པ་རེ་རེའི་མདུན་དུ་ལྷ་ཚོགས་རེ་རེ་
བྱོན་ནས་བདུད་རྩི་དྲངས་པས་ཁ་རེག་པ་དང་། ལྷ་མོ་ཐམས་ཅད་ལ་ཐོད་པ་ཐོགས་པ་
རྣམས་མཐོང་བ་ཙམ་གྱིས་དམྱལ་བའི་ལས་མཁན་དང་ལས་བཀོལ་ནས་མར་མནར་
གཅོད་བྱེད་པའི་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་དང་། ཞེ་སྡང་དང་། ཞེ་སྡང་ལས་བྱུང་
བའི་ཚ་གྲང་གཉིས་དང་། སྲེག་གཏུབ་ལ་སོགས་པའི་སྡུག་བསྔལ་ལས་སྐད་ཅིག་གིས་
གྲོལ་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ། ལྕགས་བསྲེག་གི་ས་གཞི་ཡང་བེེཌཱུརྱ་རྡོ་རྗེའི་རང་
བཞིན་དུ་གྱུར་པར་བསམ། དེ་བཞིན་དུ་ཡི་དྭགས་ལ་སེར་སྣ་དང་བཀྲེས་སྐོམ་ཞི། བྱོལ་
126
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
སོང་ལ་གཏི་མུག་དང་བླུན་རྨོངས་གཅིག་ལ་གཅིག་ཟ་བའི་སྡུག་བསྔལ་ཞི། མི་ལ་འདོད་པ་
ལ་ཆགས་པ་དང་བཀྲེས་ཕོངས་ཞི། ལྷ་མ་ཡིན་ལ་ཕྲག་དོག་དང་འཐབ་རྩོད་ཞི། ལྷ་ལ་ང་
རྒྱལ་དང་ལྟུང་བྱེད་ཀྱི་སྡུག་བསྔལ་ཞི་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བསམ་ལ་
ཕཊཿ ཀྱིས་གདབ། དེ་ཡང་རང་གི་ལུས་འདི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་དགོས་
འདོད་ཐམས་ཅད་ཆར་བཞིན་དུ་འབེབས་པའི་གཏེར་ཆེན་པོའ་ིཁ་འབྱེད་པས་རིགས་དྲུག་
གི་སེམས་ཅན་ཐམས་ཅད་སོ་སོའ་ིསྡུག་བསྔལ་ཞི་ནས་བྱང་ཆུབ་ཆེན་པོ་ལ་འགོད་པར་བྱེད་
པའི་གཏོར་མ་འདིས་མགྲོན་རིགས་དྲུག་གི་སེམས་ཅན་རྣམས་ཚུར་བསྡུས་པའི་སྐབས་མེད་
ཅིང་འདུ་མི་ཐུབ་པས། རིགས་དྲུག་སོ་སོའ་ིགནས་སུ་ལྷ་མོ་སྤྲོས་ནས་ཕར་ལ་བདུད་རྩི་
འགྱེད་པ་ལ་རིགས་དྲུག་གནས་འབྱེད་ཟེར་ཏེ། རིགས་དྲུག་སོ་སོའ་ིསྡུག་བསྔལ་ལ་སེམས་
པས་རང་གི་རྒྱུད་ལ་འཆི་མ་འཁྲུགས་པ་ཙམ་གྱིས་སྙིང་རྗེ་སྐྱེ་ཅི་ཐུབ་བྱས་ནས་མཐར་ལྷ་མོ་
རྣམས་རང་ལ་བསྡུས། གཏོར་མ་གཏོར་སྣོད་མགྲོན་རིགས་དྲུག་གཏོར་མའི་བྱེད་ལས་ཀྱི་
སེམས་རྒྱུད་དང་བཅས་པ་མི་དམིགས་པའི་ངང་ལ་བཞག་ནས་ཕཊཿཀྱིས་དམིགས་པ་
རྣམས་གསལ་འདེབས་པར་བྱེད་པ་རིགས་དྲུག་གཏོར་མའི་དེ་ཉིད་ཡིན་པས་ཡིད་ལ་ཟུངས་
ཤིག་ཨང་། བཞི་པ་ནི། སྔོན་གྱི་ལྷག་མ་དེ་ལ་གཞི་བདག་གཏོར་མ་བྱེད་ཀྱང་རུང་། ཡང་ན་
རོ་གསར་པ་གཅིག་ཏུ་དམིགས་ནས་གཏོར་མར་བསྐྱེད་པའམ། ཡང་ན་ལུས་སེམས་ཕྲལ་ལ།
གཞི་བདག་གི་འདོད་པའི་ཡོ་བྱད་འདི་བཞིན་དུ་བསྐྱེད་པར་བྱ་སྟེ་ཡིད་ལ་ཟུངས། ཀླད་པ་
གཞུང་བ་ཚིལ་བུ་གསུམ་དཀར་གསུམ་ཞེས་པ་ཞོ་དང་འོ་མ་མར་དང་གསུམ་དུ་བསྐྱེད་དེ་
ཕཊཿཀྱིས་གདབ་བོ། །ཁྲག་དང་། ཞག་དང་། ཆུ་སེར་དང་གསུམ་ལ་མངར་གསུམ་ཞེས་
པ་སྟེ། ཀ་ར། བུ་རམ། སྦྲང་རྩི་གསུམ་ཡིན། རྐང་སྦུབས་སུ་ཡོད་པའི་རྐང་མར་དང་བཅས་
པ་ཐམས་ཅད་ག་བུར་དང་། གུར་ཀུམ་ལ་སོགས་པ་སྨན་བཟང་པོ་སྣ་ཚོགས་སུ་བསམ།
པགས་པ་ཀླད་སྲི། མཆིན་དྲི་དང་གསུམ། དར་དང་ཟ་འོག་གི་གོས་སྦུ་གུ་ཅན་དང་། ཐུལ་
127
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
བ་ལ་སོགས་པའི་གྱོན་དུ་བཏུབ་པའི་ཁ་དོག་སྣ་ཚོགས་པ་གྲངས་ལས་འདས་པར་བསམ།
སྙིང་ཡིན་བཞིན་གྱི་ནོར་བུ་རིན་པོ་ཆེ་དགོས་འདོད་འབྱུང་བ་གཅིག་ཏུ་བསམ། མཁལ་མ་
གཉིས། གསེར། དངུལ། བཻཌཱུརྱ། ཤེལ། མུ་ཏིག་དམར་པོ། སྦུག་རྡོ་རྗེའི་སྙིང་པོ་བྱུ་རུ་ལ་
སོགས་པའི་རིན་པོ་ཆེ་སྣ་ཚོགས་པར་བསམ། ཤ་ཐམས་ཅད་ནས་དང་། འབྲས་ལ་སོགས་
པའི་འབྲུ་རིགས་སྣ་ཚོགས་པ། སྒལ་ཚིགས་ཉི་ཤུ་རྩ་བཞི། ཤ་རྒོ། གཉན་གཙོད་ལ་སོགས་
པའི་རི་དྭགས་སྲིད་ཚད་ཐམས་ཅད་དུ་བསམ། ལྟག་ཚིགས་བདུན་གཅན་གཟན་སྟག་
གཟིག་ལ་སོགས་སུ་བསམ། རྩིབ་མ་བཅོ་བརྒྱད་མདའ་འཕང་དུ་བསམ། གློ་ཡུ། མིད་པ་
གཉིས་ནམ་མཁའ་ཁ་དོག་སྣ་ཚོགས་པ། སྲོག་རྩ་རྒྱང་བུ། རྒྱུ་མ་དཀར་ནག་བལ་ཚོན་སྣ་
ཚོགས། རྩ་དང་རུས་པ་རྣམས་དར་སྣ་ཚོགས་པ། ཁ་རླངས་པ་དུ་མ་དང་། སོ་ཁྲི་དཀར་དང་
སྟོང་ནག་ཅེས་པའི་གནག་ལུག་དང་། སེན་མོ་བྱ་རིགས་སྣ་ཚོགས་པ་དང་། མཚེར་བ་བ་
དང་གླང་། གློ་བ་རྟ། མཆིན་པ་གླང་པོ་ཆེ་དང་། ཚིགས་ཆེན་བརྒྱད། རྐང་མགོ་ལག་མགོའ་ི
རུས་པ་བཞི་དང་བཅུ་གཉིས་སྐེ་སོགས་བཞི་དང་བཅུ་དྲུག །མན་མཁལ་བྲང་འཛུམ་གཉིས་
དང་བཅོ་བརྒྱད་ནི་ཁྲབ་ལ་སོགས་པའི་གོ་མཚོན་སྣ་ཚོགས། ཟངས་སྤྱད་དང་གསེར་དངུལ་
གྱི་བྲེ་དང་། དམ་བེ་སྡེར་སྤྱད་ལ་སོགས་དཀོར་ནོར་སྣ་ཚོགས་པ་དང་། མགོ་བོ་དུང་ཕོར།
ཕོ་བ། ལོང་ག་དང་གསུམ། ཁང་ཁྱིམ་མཛོད་ཁང་དང་བང་བ་ལ་སོགས་པའི་ཡུལ་མཁར་
དང་། མིག་ལ་སོགས་པའི་དབང་པོ་ལྔ་མེ་ཏོག་སྣ་ཚོགས་པ་དང་། བྱང་སེམས་དཀར་
དམར་གཉིས་དྲི་ཆེན་དྲི་ཆུང་གཉིས་དང་བཞི། མཁྲིས་པ་དང་ལྔ། འཆི་མེད་བདུད་རྩི་ལྔ་སྟེ།
ཞོ་དང་འོ་མ་མར་དང་གསུམ། ཀ་ར་བུ་རམ་གཉིས་དང་ལྔའོ། །
སྐྲ་དང་བ་སྤུ་ཐམས་ཅད་ཤིང་གི་སྡོང་བོའ་ིཚལ་ཆེན་པོ་ཡལ་ག་དང་། འདབ་མ་དང་།
ལོ་མ་དང་། མེ་ཏོག་དང་། འབྲས་བུ་དང་བཅས་པའི་ཤིང་སྣ་ཚོགས་པ་མ་ཚང་བ་མེད་པ་
དང་བཅས་པ་རྣམས་གཞི་བདག་གི་འདོད་ཡོན་དུ་དམིགས་ལ། དེ་ནས་གཞི་བདག་རྣམས་
128
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
ཡིད་ལ་བྱེད་ཅིང་། བཀུག་པའི་དང་པོ་གཞི་བདག་རྣམས་ཀྱི་གཟུགས་ཁ་དོག་སྐྱེ་མཆེད་
དང་བཅས་པ་ཡིད་ལ་ཟུངས་དང་འདི་ལྟར་ཡིན། སྤྱིར་གཞི་བདག་དང་ཀླུའི་མགྲོན་རྣམས་
ཞི་དུལ་དང་ལྡན་པའི་ཚུལ་དུ་འབོད་དགོས་པ་ཡིན་པས། གཞི་བདག་རྣམས་ནི་ཤ་མདོག་
དཀར་པོ་ཁོ་ནར་དམིགས་དགོས་པ་ཡིན་ཀྱང་། ངེས་པ་མེད་པས་སྔོན་པོ་དང་། སེར་པོ་
དང་། དམར་པོ་དང་། དཀར་ལ་དམར་བའི་མདངས་ཅན་དང་། སྔོ་ལ་དཀར་བའི་མདངས་
ཅན་དང་། དམར་ལ་སེར་བའི་མདངས་ཅན་ལ་སོགས་ཤ་མདོག་མི་འདྲ་བ་སྣ་ཚོགས་པ་
ཡོད་པ་ཐམས་ཅད་ནི། མི་གཟུགས་ཤིན་ཏུ་བཟང་པོའ་ིདབྱིབས་བཞིན་ཡིན་ལ། ངོ་དཀྱུས་
ཁྲུ་དོ་ཙམ་ཡིན་ཀྱང་། མིག་དང་རྣ་བ་ནི་ལྷ་དང་ཅུང་ཟད་འདྲ་བས་ཤངས་རིང་ལ། སྨིན་མ་
དང་། རྫི་མ་དང་། ཨག་ཚོམ་རྣམས་ནི་རང་གི་ཤ་མདོག་དང་མཚུངས་ཤིང་། སྐྲ་ནི་ནག་པོ་
དང་། སྔོ་སྐྱ་དང་། ཁམ་ནག་དང་། དམར་སེར་དང་། སྔོན་པོ་དང་ལྔ་ཡིན་ལ་སྐྲ་འཇག་
ཞིབ་ལ་རིང་ཞིང་འཇམ་པའོ། །ཐོར་ཅོག་དང་། ཕྱེད་བཅིངས་དང་། ལྟག་མདུད་དང་། ཅོད་
པན་དང་། དཔྲལ་མདུད་དང་། ལྷབ་ལྷུབ་མར་འཕྱང་བ་རྣམས་སྐྲའི་དབྱིབས་ཡིན། མིག་
ནི་ཁྲ་སིང་ངེ་འདུག་ཅིང་། ཤངས་ཟོར་མཐོ་ལ་ཅུང་ཟད་གུག་ཅིང་འཛུམ་པའི་བག་དང་ལྡན་
པས་གསལ་ཞིང་དྭངས་སིང་ངེ་བ་ཡིན་ལ། མ་ནེ་འཁྱིལ་ཆེ་བའི་དཀྱིལ་དུ་སྤུ་ཕོན་གཅིག་
ཡོད་པ་དང་། སྤུ་མེད་པ་ཡང་ཡོད་ལ། ལྟག་ཞུ་དང་། རྦ་ཞུ་དང་། པན་ཞུ་དང་། ཅོག་ཞུ་
དང་། སོག་ཞུ་དང་། ཞྭ་ཐེབས་དང་། གདུགས་སྐོར་མ་དང་། ཞྭ་སྐྱ་དང་། འབོལ་རྩེ་ལོག་
དང་། དར་ཞུ་དང་། དར་ཐོད་ལ་སོགས་ཁ་དོག་མི་འདྲ་བ་སྣ་ཚོགས་པ་ནི་ཞྭའི་རྣམ་གྲངས་
ཡིན། དུང་དང་། ཤེལ་དང་། མུ་ཏིག་དང་། གསེར་དང་། ཟངས་དང་། ལྕགས་དང་། བྱུ་རུ་
དང་། གཡུ་དང་། མཆོང་དང་། མེ་ཏོག་དང་། དེ་རྣམས་ཀྱི་ཕྲེང་བ་དང་། འཕྲུལ་གྱི་ཆགས་
ཤིང་དང་། ཞགས་པ་དང་། ཤང་ལང་དང་། དགྲ་སྟ་དང་། ཐོ་བ་དང་། ཟོར་བ་དང་།
མདུང་དང་། རལ་གྲི་དང་། དབྱུག་པ་དང་། རྩིས་ཀྱི་བྱང་བུ་དང་། དེ་རྣམས་ནི་ཕྱག་མཚན་
129
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
ཀྱི་རྣམ་གྲངས་ཡིན་ནོ། །སྟག་དང་། གཟིག་དང་། དོམ་དང་། དྲེད་དང་། དབྱི་དང་།
གསའ་དང་། སྤྱང་ཀི་དང་། ཅེ་སྤྱང་དང་། གོང་མོ་དང་། ཝ་དང་། འཕར་བ་དང་། སེངྒེ་
དང་། དེ་ལ་སོགས་པའི་གཅན་གཟན་སྣ་ཚོགས་པ་དང་། འབྲུག་དང་། ཁྱུང་དང་། རྒོད་
དང་། གླག་མོ་དང་། ཁྲུང་ཁྲུང་དང་། རྨ་བྱ་ལ་སོགས་པའི་བྱ་རིགས་སྣ་ཚོགས་པ་དང་།
གཡག་དང་། ལུག་དང་། ར་དང་། བ་གླང་ལ་སོགས་སྒོ་ནོར་རྣམས་དང་། ཤ་རྐྱང་གཉན་
གཙོད་ལ་སོགས་པའི་རི་དྭགས་རྣམས་དང་། ཆུ་སྲིན། རེ་འབྱམས། མི་དབྱི། སྲམ་ལ་
སོགས་པའི་ཆུར་གནས་པ་རྣམས་དང་། དེ་རྣམས་ཀྱི་པགས་པ་ལས་བྱས་པའི་ཐུལ་བ་དང་།
སླག་པ་དང་། སྟོད་ཀོར་དང་། སྨད་དཀྲིས་ལ་སོགས་པ་དང་། གོས་དར་དང་། ལྭ་ཕྲུག་
སྣམ་བུའི་རིགས་ཐམས་ཅད་དང་། རས་ཁ་དོག་སྣ་ཚོགས་པ་དང་། ཕྱིང་བུ་དང་། དེ་རྣམས་
ཁ་དོག་མི་འདྲ་བ་སྣ་ཚོགས་པའི་ཐུལ་སླག་སྟོད་ཀོར་སྨད་གཡོགས་དང་ཡུག་དཀྲིས་ལ་
སོགས་པ་གོས་མི་འདྲ་བ་དུ་མ་ཞིག་བྱས་པ་ནི་གོས་ཀྱི་ཁྱད་པར་ཡིན་ནོ། །
རྟ་ནི་དཀར་པོ་རྔ་མ་དང་རྔོག་མ་དམར་པོ་རྐང་བཞི་ནག་ལ་རྨིག་བཞི་སྔོན་པོ་དང་།
དམར་པོ་རྔ་རྔོག་དཀར་ལ་རྐང་བཞི་སྔོ་ལ་རྨིག་བཞི་ལྗང་བ་དང་། སེར་པོ་རྔ་རྔོག་ནག་ལ་
རྐང་བཞི་དམར་ཞིང་རྨིག་བཞི་དཀར་བ་དང་། ནག་པོ་རྔ་རྔོག་སེར་ལ་རྐང་བཞི་ལྗང་བ་
རྨིག་བཞི་དམར་བ་དང་། སྔོན་པོ་རྔ་རྔོག་ལྗང་ལ་རྐང་བཞི་སེར་ཞིང་རྨིག་བཞི་ནག་པོ་དང་།
དཀར་པོ་ལ་ནག་པོའ་ཤི ོལ་རིས་དང་། དམར་པོ་ལ་སེར་པོ། སེར་པོ་ལ་སྔོན་པོ། ནག་པོ་
ལ་དཀར་པོ། སྔོན་པོ་ལ་དམར་པོའ་ཤི ོལ་རིས་རྐང་བཞི་མིན་པའི་མགོ་ལུས་ཀུན་ལ་ཁྲ་
ཆག་གེ་ཡོད་པ་དང་། དེ་འདྲ་བ་མ་ཡིན་པའི་མགོ་ལུས་དང་རྐང་བཞི་ཀུན་མདོག་གཅིག་
པའི་སྤུ་མདོག་མི་འདྲ་བ་ཁ་དོག་སྣ་ཚོགས་པའི་རྟ་རྣམས་ནི་རྣ་གཤོག་རིང་ཞིང་མགོ་འཕང་
མཐོ་ལ་སྣ་ཕོར་ཆེ་བ། རྐང་བཞིའི་ཚིགས་རིང་ཞིང་། རྔ་དཔུང་ཆེ་ལ་ཤ་ཤིན་ཏུ་རྒྱས་ཤིང་།
སྤུ་རྣམས་སྣུམ་ལ་བརྗིད་པའི་རྟ་རྣམས་དང་། རྔ་མོང་དང་། བོང་བུ་དང་། གཡག་རྒོད་དང་།
130
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
དེ་རྣམས་ནི་བཞོན་པའི་ཁྱད་པར་ཡིན་ནོ། །གསེར། དངུལ། གཡུ། ཟངས། ལྕགས། ཤེལ།
མཆོང་། དུང་། རྡོ། བསེ། ཤིང་དང་། དེ་རྣམས་ལས་བྱས་པའི་སྒ་རྣམས་དང་། གོང་དུ་
བཤད་པའི་གོས་རྣམས་དང་ས་གདན་དང་གཟར་དང་། སྒ་རང་རང་གི་རྒྱུ་ལས་བྱས་པའི་
གློ་གོང་རྨེད་གསུམ་ལ་མུ་ཏིག་གི་ཆུན་པོ་དང་། སྟག་ཤར་དང་། དར་སྣ་ཚོགས་ཀྱི་ཅོད་པན་
གྱིས་བརྒྱན་པ་ནི་སྒ་སྟན་གྱི་ཁྱད་པར་ཡིན་ནོ། །མོ་རིགས་རྣམས་ནི་ཁ་དོག་དང་དབྱིབས་
ཕོ་རིགས་རྣམས་དང་འདྲ་ལ། གོང་དུ་བཤད་པའི་དུང་ནས་མེ་ཏོག་གི་བར་རྣམས་ཀྱིས་
མགོ་མགུལ་བརྒྱན་ཅིང་། སྐྲ་ལན་བུ་ཐུར་དུ་གྲོལ་བ་དང་། དུང་དང་མེ་ཏོག་གི་ཕྲེང་བ་
རྣམས་ལག་ན་ཐོགས་པ་དང་། ཡང་ལ་ལ་ནི་གསེར་དངུལ་གྱི་མེ་ལོང་དང་། མདའ་དར།
པི་ཝང་། གླིང་བུ། ཕྱེ་མར། བུམ་པ་དང་། དེ་ལ་སོགས་པའི་མཆོད་ཆ་སྣ་ཚོགས་པ་
རྣམས་བསྣམས་པ་དང་། སྟག་ཤར་གྱིས་གཡས་གཡོན་དང་རྒྱབ་ཏུ་བརྒྱན་པ་ཡིན་ཅིང་།
དྲེའུ་དང་། ཤ་བ་ཡུ་མོ་དང་། རྔ་མོང་དང་། ཕག་པ་དང་། མགྲི་མ་དང་། དྲེད་མོང་དང་། དེ་
རྣམས་ནི་བཞོན་པའི་ཁྱད་པར་ཡིན་ནོ། །
ས་ཡངས་པ་ཅན་དུ་ན་བུན་འཁྲིགས་པ་ལྟར་དལ་བུས་ཅི་ལི་ལི་འོང་བར་རིགས་
པར་བྱའོ། །དེའི་རྗེས་སུ་འབྲང་བ་རྣམས་ཀྱི་བཞོན་པ་ནི་བོང་བུ་དང་། གཡག་དང་། རི་
དྭགས་ཀྱི་དམའ་བ་རི་བོང་དང་། གཅན་གཟན་ངན་པ་བསྲེ་མོང་དང་། འདབ་ཆགས་ངན་
པ་ཕ་ཝང་དང་། ཆུར་གནས་ངན་པ་ལྕོང་མོ་ལ་སོགས་པའི་བཞོན་པ་དང་། རྐང་འགྲོས་
རྣམས་ནི་སྔོན་མ་བས་མདོག་ངན་ལ་ལུས་ཀྱང་ཅུང་ཟད་ཆུང་ལ་རིགས་ནི་འདྲ་བ་ལས།
བཀྲུ་ཤིང་དང་། ཡོས་བལ་དང་། སླང་རྟེན་དང་། ཕྱག་མ་དང་། སྦུད་ཤན་དང་། ཐེ་གུ་དང་།
འབྲེང་བུ་རྣམས་བཟུང་ནས་རྒྱང་གྲགས་གཅིག་གི་རྗེས་སུ་འབྲང་བ་ཡིན་པ་དང་བཅས་
པའི་མགྲོན་རྣམས་འུར་གྱིས་ཕྱིན་ནས་སོ་སོར་འདོད་ཡོན་བསྔོས་པས་སོ་སོར་ཚིམས་ནས།
དགའ་མགུ་ཡི་རངས་དང་ལྡན་ཞིང་སྔར་བས་མདངས་གསལ་ཞིང་། ཞི་དུལ་དང་ལྡན་པ་
131
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
དང་དད་སེམས་དུང་ངེ་བ་གཅིག་སྐྱེས་ཤིང་། གུས་པའི་ཚུལ་གྱིས་འཕྲིན་ལས་བཅོལ་
བཞིན་དུ་བསྒྲུབ་ཅིང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེས་པར་བསམ་ཞིང་། འདོད་
ཡོན་བྱིན་པའི་ཚིག་འདི་བརྗོད་དོ། །བདག་ལུས་གདོས་བཅས་ཕུང་པོ་འདི། །དཀར་གསུམ་
མངར་གསུམ་སྨན་གྱི་ཚོགས། །དར་ཟབ་དང་ནི་རིན་པོ་ཆེ། །འབྲུ་སྣ་དང་ནི་འདོད་ཡོན་
སོགས། །བ་གླང་རྟ་དང་གླང་པོ་དང་། །དཀོར་ནོར་སྣ་ཚོགས་བང་མཛོད་དང་། །མེ་ཏོག་རྩི་
སྨན་ནགས་ཚལ་དང་། །གཞི་བདག་འདོད་པའི་ཡོད་བྱད་རྣམས། །འདོད་དགུའི་ལོངས་
སྤྱོད་བསམ་མི་ཁྱབ། །བདག་ལ་མེད་པ་གཅིག་ཀྱང་མེད། །ཅི་འདོད་ཅི་དགོས་བདག་གིས་
སྦྱནི ། །གཞ་ིབདག་རྣམས་ལ་མཆདོ ་པ་འབུལ། །ལྷག་མ་མདེ ་པར་བཞསེ ་ནས་ཀྱང་། །དགའ་
མགུ་ཡི་རངས་ལྡན་གྱུར་ཅིག །གདུག་རྩུབ་བསམ་ངན་ཞི་ནས་ཀྱང་། །བྱང་ཆུབ་སེམས་
དང་ལྡན་གྱུར་ཅིག། །མཐར་ཐུག་སངས་རྒྱས་འཐོབ་པར་ཤོག། །ཕཊཿཅེས་པས་མགྲོན་དང་།
འདོད་ཡོན་གྱི་མཆོད་རྫས་དང་། དེ་ཡི་སེམས་རྒྱུད་དང་བཅས་པ་ཡིད་ལ་མི་བྱེད་པའི་ངང་
ལ་མཉམ་པར་གཞག་པར་བྱའོ། །ཡང་ལས་ལ་བསྐུལ་བར་འདོད་ན། དང་པོ་ནས་ར་
མདའ་བཟློག་པའི་དོན་དུ་བཀུག་པས། མགྲོན་ཐམས་ཅད་ཁྲོས་པའི་གཟུགས་ཅན་འཛུམ་
བག་མེད་ཅིང་ཧུར་རེ་ཁྲོས་ཤིང་མིག་དམར་ཁྱུག་ཁྱུག་བྱེད་ཅིང་ཞེ་སྡང་གི་རང་བཞིན་ཅན་
དུ་བསམ། སྒའི་རྒྱུ་ལས་བྱས་པའི་ཁྲབ་དང་རྨོག་ལ། སྟག་གཟིག་གཉིས་དང་། དོམ་དྲེད་
གཉིས་དང་། དེ་བཞིའི་འཕྲོ་ལ་བྱ་རྒོད་དང་ཁྱུང་གི་གཤོག་པས་བརྒྱན་པ་ཅན་དང་། འཁོར་
གསུམ་སྐེད་ལ་བསྐོར་བའི་གཡོན་པ་ཐམས་ཅད་ཀྱིས་རྩི་དང་གཞུ་མཆོག་བསྣོལ་བ་ཀུན་
ལ་འདྲ་མོད། གཡས་སུ་སག་སྟག་དང་། དོང་བཀྲ་དང་། བསེ་ལས་བྱས་པའི་དོང་བ་
བཏགས་པ་དང་། མདུང་རྣོ་ངར་དང་ལྡན་པ་ལ་བ་དན་དཀར་པོ་བཏགས་པ་ཀུན་གྱིས་
ལག་ཏུ་བཟུང་བ་འདྲ་ལ། མོ་རིགས་རྣམས་ཀྱིས་ཞགས་པ་དང་། རྩིས་བྱང་། ཤང་ལང་།
དགྲ་སྟ། ཟོར་བ། ཐོ་བ་དེ་རྣམས་ལག་ཏུ་ཐོགས་ནས། སྟག་གཟིག་ལ་སོགས་པའི་གཅན་
132
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
གཟན་རྣམས་ལ་བཞོན་པ། བཞོན་པའི་ཆན་ཆོན་ཐམས་ཅད་སྦྲུལ་ལས་བྱས་པ་ཀུན་ལ་
འདྲ་ཞིང་། རླུང་དྲག་པོས་སེར་སྤྲིན་གཡོ་བ་བཞིན་ལང་ལོང་། ཚབ་ཚུབ། མེར་མེར་བྱེད་
ཅིང་འོང་བ་ལ་ཤ་ཁྲག་གསོལ་བས། སྔར་བས་ཀྱང་ཞེ་སྡང་དང་ཁྲོ་ལ་གཏུམ་པོར་གྱུར་པ་དེ།
གང་ལ་རྦད་པར་གྱུར་པ་དེ་བརླག་པའི་དམིགས་པ་བསྟན་ཀྱང་དགྲ་འཇོམས་བྱེད་ནག་
སྦྱོར་ཕུང་ཤིག་གི་དམིགས་པས་གཟིར་ལ། ལས་ངན་བསགས་པའི་དགྲ་བོ་གང་ཡིན་པ་དེ་
བསྒྲལ་ནས་རྣམ་ཤསེ ་ཆསོ ་ཀྱ་ིདབྱངི ས་སུ་འཕངས་ནས་སྨནོ ་ལམ་གྱ་ིརྒྱས་གདབ་པར་བྱའ།ོ །
རིགས་ཀྱི་བུ་མ་སྤེལ་སྙིང་གི་དཀྱིལ་དུ་སྦས། བསྟན་པ་སྤྱི་ལ་ཐུག་ན་ལས་ལ་བསྐུལ་
བར་རུང་། བདག་གི་དོན་བྱས་ན་ང་དང་འགལ་བས་དམ་ཚིག་ཉམས། ལས་ངན་པ་
བསགས་པས་ངན་འགྲོའ་ིགནས་སུ་ལྟུང་བས། ཤིན་ཏུ་སྦོས་ལ་བསྟན་པ་སྲུངས་ཤིག་བུ།
གཞི་བདག་གཏོར་མའི་མན་ངག་གསལ་བྱེད་རིན་ཆེན་སྒྲོན་མེ་ཞེས་བྱ་བ་ཡིན་ནོ། །ཡིད་ལ་
ཟུངས་ཤིག་བུ། བུ་ཉོན་དང་། ཀླུའི་འདོད་ཡོན་ལུས་ལ་བསྐྱེད་པ་ལ་ཡང་། རོ་གསར་བ་
གཅིག་ཏུ་བསམ་ལ། རོ་དེའི་ཤ་རུས་དང་པགས་པ་རྩ་རྒྱུས་དང་། ནང་ཁྲོལ་ཁྲག་དང་ཆུ་
སེར་སྐྲ་དང་བ་སྤུ། སོ་དང་སེན་མོ་ལ་སོགས་པ་རྣམས་སོ་སོར་ཕྲལ་ཏེ། རང་ཉིད་ཀྱི་ཐུགས་
ཀ་ནས་འོད་ཟེར་འཕྲོས། ཤ་རུས་ལ་སོགས་པ་རྣམས་ལ་ཕོག་པས། ཤ་ཐམས་ཅད་འཆི་བ་
མེད་པ་ཡེ་ཤེས་ཀྱི་བདུད་རྩི་དཀར་ལ་དམར་བའི་མདངས་ཅན་འོད་ཀྱི་རྣམ་པ་ཅན་
བསགས་ལ་ཕཊཿཀྱིས་གསལ་གདབ་བོ། །རུས་པ་ཐམས་ཅད་སྨན་བཟང་པོའ་ིརང་བཞིན།
ཁྲག་ཐམས་ཅད་འོ་མའི་རང་བཞིན་ཏེ། མ་ཧེ་སྟོང་གི་འོ་མ་ལས་བསྡུས་པ་ལྟ་བུའི་བཅུད་
དང་ལྡན་པར་བསམ་པའི་འོ་མ་དང་། བཟང་པོའ་ིསྨན་དང་། འཆི་མེད་བདུད་རྩི་གསུམ་
གཅིག་ཏུ་འདྲེས་པ་ལས་ཡན་ལག་བརྒྱད་དང་ལྡན་པའི་མཚོ་དང་། རྫིང་བུ་དང་། ལྟེང་ཀ་
དང་། ནེའུ་གསིང་ལ་སོགས་པའི་ཆུའི་དབྱིབས་དུ་མར་གྱུར་པར་བསམ། དེ་བཞིན་དུ་རྒྱུ་མ་
དཀར་ནག་རོལ་བའི་མཚོ་བདུན་དུ་བསམ། པགས་པ་རིམ་པ་བདུན་གསེར་གྱི་རི་བདུན་
133
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
དུ་བསམ། ཕོ་བ་དང་། ལོང་ག་དང་། ལྒང་བ་དང་གསུམ་ཁང་བཟང་དང་བང་མཛོད་
རྣམས་ཡིན་ལ། མཚོ་ལ་སོགས་པ་ཆུའི་དབྱིབས་སུ་ཕོ་བྲང་ཡོད་པར་བསམ། སྙིང་ཡིད་
བཞིན་གྱི་ནོར་བུ། མཁལ་མ་ནོར་བུ་ཟུར་བརྒྱད་པ་ནས་གསུམ་པའི་བར་རྣམས་དང་།
ཚིགས་རྡོག་དང་། མིག་བརྒྱད་པ་ནས། གཅིག་གི་བར་རྣམས་ཀྱང་དགོས་འདོད་བརྒྱུད་
ནས་སྣ་གཅིག་གི་བར་འབྱུང་བ་དང་། གཞན་ཡང་ནོར་བུ་སྣ་ཚོགས་པ་མཐའ་ཡས་པ་
བསམ་གྱིས་མི་ཁྱབ་པར་གྱུར་པར་བསམ། གློ་བ་ཆུ་རྟ་དང་། ལྒང་བ་དང་། མཆིན་མཚེར་
གཉིས་ཆུ་གླང་དང་། ཆུ་ལུག་ལ་སོགས་པ་ཆུ་ལ་གནས་པ་སྣ་ཚོགས་སུ་བསམ། སྲོག་རྩ་ནི་
ཤིང་སཱ་ལ་ཞེས་པར་བསམ། དེ་ཡང་རྩ་བ་དང་། སྡོང་བོ་དང་། ཡལ་ག་དང་། ལོ་མ་དང་།
འདབ་མ་དང་། མེ་ཏོག་དང་། འབྲས་བུ་དང་། མགོ་ལྕོག་དང་། རྣམ་པ་བརྒྱད་ཀྱི་ཚུལ་དུ་
ཡོད་པར་བསམ་ལ། མདོག་ནི་དཀར་ལ་རེག་བྱ་འཇམ་ཞིང་དྲི་བཟང་པོའ་ིངད་དང་ལྡན་པ།
བསིལ་བ་ལ་སོགས་པའི་ཡོན་ཏན་མ་ཚང་བ་མེད་པའི་ཤིང་མཆོག་སཱ་ལའི་སྡོང་པོ་ཞེས་བྱ་
བ་དེ་ལ་དཔངས་སུ་དཔག་ཚད་བརྒྱ་དང་ལྔ་བཅུ་ཡོད་ལ། ཡལ་ག་ལ་དཔག་ཚད་ལྔ་བཅུ་རྩ་
གཅིག་ཏུ་གྱུར་པར་བསམ། གློ་ཡུ། མིད་ཡུ། རྩ་ཕྲན་རྒྱུས་པ་རྣམས་ཤིང་ཁ་དོག་སྣ་ཚོགས་
པ་ཟུང་དུ་འཁྲིགས་པ་ལ་སྐྱེད་མོས་ཚལ་ཟེར་ཏེ། ཀླུ་རྣམས་དགའ་ཞིང་བརྩེ་བ་དང་རོལ་
བར་བྱེད་པའི་གནས་སུ་བསམ། བྱང་སེམས་དཀར་དམར་གཉིས། དྲི་ཆེན་དྲི་ཆུང་མཁྲིས་
པ་དང་ལྔ་ནི། ཀླུ་ཐམས་ཅད་ཀྱི་འདོད་པའི་སྨན་མཆོག་སྣ་ཚོགས་པ། སེན་མོ་ཐམས་ཅད་
ངང་བ་དང་། ཁྲུང་ཁྲུང་ལ་སོགས་པའི་བྱ་རིགས་སྐད་སྙན་པ་སྒྲོགས་ཤིང་ཆུ་ལ་གནས་པ་
ཐམས་ཅད་ཡོད་པར་བསམ། དབང་པོ་ལྔ་མེ་ཏོག་སྣ་ཚོགས་པའི་ཚལ་ཆེན་པོ་ཡིན་པར་
བསམ། སྐྲ་དང་བ་སྤུ་ཐམས་ཅད་ཀླུ་ཤིང་ལྗོན་པའི་ནགས་ཚལ་ཆེན་པོ་རབ་ཏུ་རྒྱས་པར་
བསམ། དེ་དག་ཐམས་ཅད་ཀྱང་ལྟ་ན་ཤིན་ཏུ་ལེགས་ཤིང་གཟུགས་སྡུག་པ། ལྗོན་ཤིང་ལ་
སོགས་རླུང་གིས་བསྐྱོད་ན་སྒྲ་སྙན་པ་དང་། ཆུ་ལ་གནས་པའི་བྱ་ལ་སོགས་པའི་སེམས་ཅན་
134
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
རྣམས་ཀྱང་སྐད་སྙན་པ་རབ་ཏུ་སྒྲོགས་པ་ཀླུ་ཐམས་ཅད་ཀྱི་རྣ་བའི་དབང་པོ་བརྒྱུད་ནས་
ཡིད་ཚིམ་པར་བྱེད་པ་དང་། འདོད་ཡོན་རྣམས་ལ་དྲི་བཟང་པོ་འབྱུང་བས། སྣའི་དབང་པོ་
བརྒྱུད་ནས་ཡིད་ཚིམ་པར་བྱེད་དོ། །སྨན་སྣ་ཚོགས་པ་ལྕེའི་དབང་པོས་རོ་མྱོང་བས་ཀྱང་
ཚིམ་པར་བྱེད་དོ། །
འདོད་ཡོན་རྣམས་ལ་ལུས་ཀྱི་རེག་པས་ཀྱང་འཇམ་པ་ལ་སོགས་པའི་ཡོན་ཏན་དུ་མ་
དང་ལྡན་པས་ཀྱང་ཡིད་ཚིམ་པར་བྱེད་པའི་འདོད་ཡོན་བསམ་གྱིས་མི་ཁྱབ་པར་བསམ་
ཞིང་། ཕཊཿཀྱིས་གསལ་གདབ་པར་བྱོས་ལ། དེ་ནས་ཀླུའི་མགྲོན་རྣམས་དམིགས་ཡུལ་དུ་
བྱེད་པ་ནི། ཀླུ་ཐམས་ཅད་ཞི་བའི་ཚུལ་དུ་བྱེད་པ་ལ། བྱིས་པ་ལོ་བརྒྱད་པའི་ན་ཚོད་ཙམ་དུ་
ཕྱིན་པ་ལ། ངོ་ཟླུམ་ལ་ཤ་རྒྱས་ཤིང་མདོག་ཤིན་ཏུ་དཀར་བ་ལ། མིག་སེར་བཀྲག་སིང་ངེ་བ་
ལ་དཀར་བའི་ཞད་ཅུང་ཟད་ཆགས་ཤིང་དབྱིབས་ནས་འབྲུ་ལྟར་འདུག་པ། རྣ་བ་དཀར་ལ་
དམར་བའི་མདངས་ཆགས་ཤིང་དམར་སིང་ངེ་འདུག་པ། སྐྲ་ཁམ་ཤེལ་ཐུར་དུ་སིལ་བུར་
འཕྱང་ཞིང་ཕྲ་ལེ་ཡོད་པ། སྨིན་མ་དང་རྫི་མ་སེར་པོ་རིང་ཆབས་སེ་འདུག་པ། ལུས་དཀར་
པོ་ཆུ་རིས་སྔོན་པོ་དོད་པ། ནོར་བུའི་རྒྱན་འོད་ཁ་དོག་སྣ་ལྔ་རབ་ཏུ་འབར་བས། ལྷུ་ཚིགས་
དང་། ཡན་ལག་དང་། མགུ་བ་དང་། རྣ་བ་རྣམས་བརྒྱན་ཅིང་ཐོད་དུ་བཅིངས་པ། སོ་སེན་
རྣམས་དཀར་ལ་སྔོ་བའི་འོད་ཆགས་པ་དང་། ཆུ་དར་སྔོན་པོའ་ིསྨད་ཤམ་བྱས་པ། ལག་ན་
རིན་པོ་ཆེ་དང་དུང་གི་ཕྲེང་བ་འདྲེན་ཅིང་། སྤྱི་བུན་སྔོན་པོ་ཅུང་ཟད་ཆགས་པའི་ནང་དུ་
མདུང་གང་ཙམ་གྱི་ས་ལ་མ་རེག་པར་འོངས་ནས། འདོད་ཡོན་རྣམས་ལ་དགྱེས་པའི་ཚུལ་
གྱིས་ལོངས་སྤྱད་པས། སྔར་བས་ཀྱང་བཀྲག་དང་གཟི་བརྗིད་མདངས་དང་ལྡན་པ་དང་།
རྒྱན་རྣམས་ལས་ཀྱང་འོད་ཁྱད་པར་ཅན་འབར་བ་དང་། འཛུམ་པའི་མདངས་དང་ལྡན་
ཞིང་། བྱམས་པའི་སེམས་དང་ལྡན་པས་རང་ལ་འདུད་པར་བསམ་ལ། འདོད་ཡོན་སྦྱིན་
པའི་ཚིག་འདི་བརྗོད་དོ། །བདག་ལུས་གདོས་བཅས་ཀྱི་ཕུང་པོ་འདི། །ཁྲག་ནི་འོ་མའི་རྒྱ་
135
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
མཚོ་ལ། །རུས་པ་བཟང་དྲུག་གི་སྨན་དང་བཅས། །ཤ་འཆི་མེད་བདུད་རྩིས་སྟོང་གསུམ་
གང་། །མཚོ་དང་རྫིང་བུ་ལྟེང་ཀ་དང་། །ནེའུ་གསིང་དང་ནི་དཔག་བསམ་ཤིང་། །སྐྱེད་མོས་
ཚལ་དང་ཁང་བཟང་རི། །ཡིད་བཞིན་ནོར་དང་དྲི་བཟང་སྨན། །འདོད་ཡོན་གཟུགས་སྒྲ་དྲི་
རོ་རེག །ཀླུ་ལ་མཁོ་བའི་ཡོ་བྱད་རྣམས། །བདག་ལ་མེད་པ་གཅིག་ཀྱང་མེད། །ཅི་འདོད་ཅི་
མཁོ་བདག་གིས་སྦྱིན། །ཀླུ་རིགས་རྣམས་ལ་མཆོད་པར་འབུལ། །ལྷག་མ་མེད་པར་བཞེས་
ནས་ཀྱང་། །དགའ་མགུ་ཡ་ིརང་ལྡན་གྱུར་ཅགི །གདུག་རྩུབ་བསམ་ངན་ཞ་ིནས་ཀྱང་། །བྱང་
ཆུབ་སེམས་དང་ལྡན་གྱུར་ཅིག །མཐར་ཐུག་སངས་རྒྱས་འཐོབ་པར་ཤོག །ཕཊཿ ཅེས་
པས། གཏོར་མ་མགྲོན་དང་བཅས་པ་དམིགས་མེད་ཀྱི་ངང་ལ་བཞག་པར་བྱའོ། །ཡང་
ལས་ལ་བསྐུལ་ཞིང་ཕ་རོལ་ལ་རྦད་པར་འདོད་ན། དང་པོ་བཀུག་པའི་དུས་ནས་ཀླུ་ཐམས་
ཅད་ཁྲོས་པའི་རྣམ་པ་ཅན། སྦྲུལ་མགོ་དགུ་དགུ་དང་བདུན་བདུན་དང་ལྔ་ལྔའི་གདེངས་ཀ་
དང་ལྡན་ཞིང་སྦྲུལ་མཇུག་གཅིག་ཏུ་འཁྱིལ་བའི་སྦྲུལ་མཇུག་ལ་ན་བུན་ནག་པོ་ཁོལ་བ།
མིག་དམར་ཞིང་ཁྲག་གི་ཆར་བ་འབེབས་པ། ཁ་ནས་ཀླུ་ནད་སྣ་ཚོགས་པ་སྔོ་དམར་གྱི་རྣམ་
པ་འཕྱུར་བས་གང་ལ་དམིགས་པའི་ཡུལ་ལ་ཁྱབ་པ། འོག་སྒོ་ནས་སྦལ་སྦྲུལ་སྡིག་པའི་ཕོ་
ཉ་དཔག་ཏུ་མེད་པ་འཕྲོ་བ། རྐང་ཞབས་ནས་ནད་ཀྱི་རླུང་དམར་ལྡང་བ། སྙིང་གར་གདུག་
པའི་མུན་པ་ནག་པོ་འཐིབ་པ། ལག་ན་གློག་གི་ཞགས་པ་དང་། ནད་ཀྱི་གཡབ་མོ་རྡེབ་པ།
སྣ་ནས་སེར་སྤྲིན་ནག་པོ་ཁོལ་ཞིང་ཆད་ཅིང་འཕྱུར་བ། རྣ་བ་ནས་ཐོག་རྒོད་འཕྲོ་ཞིང་བ་
སྤུའི་བུ་ག་ཐམས་ཅད་ནས་ཐོག་སེར་གྱི་ཚ་ཚ་དམར་ཚུབ་ཚུབ་འཐོར་བ། གདེངས་ཀའི་
མཚམས་དང་སྨིན་ཕྲག་ནས་སེར་ཆེན་འཁྲོལ་བ། བུ་ག་ཐམས་ཅད་ནས་ཚག་སྒྲ་འུར་སྒྲ་
ཆོམ་སྒྲ་དིར་སྒྲ་དང་འབྲུག་སྒྲ་རྣམས་ནི་རི་བསྙིལ་བ། བྲག་འགས་པ་ཙམ་དུ་གྲགས་པ།
ཐམས་ཅད་ཀྱང་མདོག་ནག་ལ་སེན་མོ་སྔོན་པོའ་ིསེན་ཕྲག་རྣམས་ནས་སྦྲུལ་མགོའ་ི
གདེངས་ཀ་རབ་ཏུ་འབར་བ། ལུས་ལ་གཞུ་འདོམ་པ་བརྒྱ་ཡོད་པ། གདེངས་ཀ་ཐམས་ཅད་
136
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
ཀྱི་མཇུག་མ་གཅིག་ཏུ་འདུས་པའོ། །ཐམས་ཅད་ཀྱང་གདོལ་བའི་རྣམ་པ་ཅན་དུ་བསམ།
དེ་རྣམས་ལ་ཤ་ཁྲག་བྱིན་པས་སྔར་བས་ཞེ་སྡང་འབར་ཞིང་གདུག་རྩུབ་ཤིན་ཏུ་ཆེ་བ། དེ་
རྣམས་མི་ལ་རྦད་ན་མ་མོ་དང་བསྡོང་དགོས། ནོར་ལ་རྦད་ན་རྒྱལ་པོ། ལོ་ཏོག་ལ་རྦད་ན་
བཙན། གཞན་ནད་ཀྱི་རིགས་དང་། གདོན་གྱི་རིགས་དང་། རྐྱེན་གང་ལ་རྦད་ཀྱང་སོ་སོར་
དམིགས་པས་འབྱེད་པར་བྱས་ལ། གང་ལ་ཡང་མ་ནོར་བ་དང་ཐབས་ལ་མཁས་པ་གལ་ཆེ་
བ་ཡིན་ནོ་བུ། རྗེས་འབྲང་རྣམས་ནི་ཞི་བ་ལ་ནོར་བུའི་རྒྱན་མེད་པ་དང་། དར་ཤམ་ཆུ་བལ་
ཡིན་པ་མ་གཏོགས་པ་དབྱིབས་དང་། སྐྱེ་མཆེད་རྣམས་གཙོ་བོ་དང་འདྲ་སྟེ་དེ་བས་ལུས་
ཅུང་ཟད་ཆུང་ལ་མདོག་ངན་པ་དང་། ས་ལ་རྐང་པ་འཇོག་སྟེ་འགྲོ་བ་རྣམས་ནི་རྒྱང་གྲགས་
གཅིག་གི་རྗེས་སུ་འབྲང་བའོ། །ཁྲོས་པ་ལ་ལུས་འདོམ་པ་བཅུ་བ་ལ་གདེངས་ཀ་སྦྲུལ་མགོ་
གསུམ་པ་དང་། གཉིས་པ་དང་། གཅིག་པ་ཡིན་ལ། ཐོག་སེར་དང་སྒྲ་རྣམས་ནི་མེད་ལ།
ལག་ན་ཆུ་རླུང་གི་ཞགས་པ་ཐོགས་ཤིང་སེར་ཕྲན་དང་གློག་ཟེར་འཕྲོ་ཞིང་རླུང་ལ་ནུས་པ་
བྱས་ནས་གང་ལ་དམིགས་པས་ལྷག་མ་སྡུད་པར་བསམ། ཞི་བའི་དུས་སུ་གདོལ་བ་མེད་ལ།
རྦད་པའི་དུས་སུ་གདོལ་བ་ཁོ་ན་ཡིན་པར་དམིགས་དགོས་སོ། །ནོར་རྒྱས་སོགས་གཞན་
རྣམས་ཀྱང་ནད་ལ་སོགས་པའི་རྐྱེན་ལ་རྦད་པའི་སྐབས་ཡོད་པ་ཡིན་ལ། གདོལ་བ་ནི་
བསྟན་དགྲ་ཁོ་ན་ལ་རྦད་པར་བྱའོ། །
དེའང་ཀླུ་ལ་རིགས་མི་འདྲ་བ་དུ་མ་ཞིག་ཡོད་ཀྱང་བསྡུས་ན་བཞིར་འདུས་ཏེ། བཞི་
གང་ཞེ་ན། རྒྱལ་རིགས། རྗེ་བོའ་ིརིགས། བྲམ་ཟེའི་རིགས། གདོལ་པའི་རིགས་དང་
བཞིའོ། །དེ་ལ་ནོར་རྒྱས་དང་དུང་སྐྱོང་ཞེས་པ་ནི། རྒྱལ་རིགས་ཀྱི་གཙོ་བོ་ཡིན་པས་
སེར་པོ་ཡིན་ནོ། །དགའ་བོ་དང་། འཇོག་པོ་གཉིས་རྗེ་རིགས་ཀྱི་གཙོ་བོ་ཡིན་པ་དམར་པོ་
ཡིན། པདྨ་དང་། ཆུ་ལྷ་གཉིས་ནི་བྲམ་ཟེའི་རིགས་ཀྱི་གཙོ་བོ་ཡིན་པས་དཀར་པོ་ཡིན།
སྟོབས་རྒྱུ་དང་རིགས་ལྡན་གཉིས་ནི་གདོལ་བའི་རིགས་ཀྱི་གཙོ་བོ་ཡིན་པས་ནག་པོ་
137
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
འགྱུར་མེད་ཡིན་ནོ། །གསུམ་པ་ལས་ལ་བསྐུལ་བ་དང་། ཅུང་ཟད་མི་སྡུག་པ་སྟོན་པའི་ཚེ།
སེར་པོ། དམར་པོ། དཀར་པོ་སྟོན་པ་ཡིན་ལ། དུས་རྒྱུན་གྱི་དམར་སེར་གཉིས་ཀྱང་
དཀར་པོ་ཡིན་ཅིང་། སྨིན་མ་དང་རྫི་མ་དང་། བ་སྤུ་རྣམས་ནི་དམར་སེར་དང་དཀར་པོ་སྟེ་
ཤ་མདོག་དང་མཚུངས་ཀྱང་། བྲམ་ཟེ་ནི་ཁྲོས་པའི་ཚེ་ལྗང་ཁུ་ཡིན་ལ། དེ་ཡང་གདོལ་པ་ལ་
དཀར་འགྱེད་མི་བྱེད་དམར་འབྱེད་བྱེད་དོ། །རིགས་གསུམ་ལ་དམར་འགྱེད་མི་རུང་བ་
ཡིན་པ་དང་བཅས་པའི་ཀླུ་གཏོར་གྱི་མན་ངག་ཡིན་པ་ཡིད་ལ་ཟུངས་ཤིག་མ་བརྗེད་ཉམས་
སུ་ལོངས་ཤིག་ཨང་། ལས་ལ་བསྐུལ་བའི་ཚེ་རང་ཉིད་ཐོག་བདག་ཆེན་མོར་བསྒོམས་ནས་
ཀླུ་འགྱེད་དུག་ཐུན་ནག་པོ་འདིར་དམིགས་པས་བརླག་པར་བྱ་སྟེ། མ་སྤེལ་སྙིང་གི་དཀྱིལ་
དུ་སྦོས་ལ་སངས་རྒྱས་ཀྱི་བསྟན་པ་ལ་ཐུག་ན་མིན་པ་རང་དོན་དུ་བྱས་ན་ང་དང་འགལ་
ཞིང་ངན་སོང་དུ་འགྲོ་བར་ངེས་པས། ཐབས་ལ་མཁས་པར་གྱིས་ལ། སངས་རྒྱས་ཀྱི་
བསྟན་པ་བསྲུང་བ་དང་ངའི་ཆོས་ལུགས་སྐྱོང་བ་དང་དར་རྒྱས་སུ་བྱ་བའི་ཕྱིར་མན་ངག་
གནད་རྣམས་སྙིང་གི་དཀྱིལ་དུ་སྦོས་ལ། ཐབས་མཁས་པའི་སྒོ་ནས་འགྲོ་བའི་དོན་ལ་
བརྩོན་པར་གྱིས་དང་ངའི་རྗེས་སུ་འཇུག་པ་ཡིན་ནོ་བུ། དེ་ལྟར་ཞི་དྲག་གི་ཁྱད་པར་ཤེས་
པར་བྱེད་པ་ཀླུ་གཏོར་གྱི་དེ་ཉིད་ཡིན་ནོ། །
ལྔ་པ་ནི། ལྷ་འདྲེ་ཤ་ཁྲག་ལ་སྲེད་པའི་གདུག་པ་ཅན་འཇིགས་སུ་རུང་བ་རྣམས་ལ་
ལུས་ཤ་ཁྲག་རྗེན་པ་བྱིན་ནས་ལྷ་འདྲེ་བསྡུ་བའི་ལྷ་འདྲེ་དེ་དག་དབང་དུ་སྡུད་ཅིང་ཟིལ་གྱིས་
གནོན་ནུས་པའི་མཁའ་འགྲོ་མ་གཅིག་བསྐྱེད་དགོས་པ་ཡིན་པས། རང་ཉིད་ཐ་མར་དུ་
བསྒྱུར་ནས་ལུས་སེམས་ཕྲལ་ཏེ་རྣམ་ཤེས་ཧ་ཡིག་ལས་ཁྲོས་མ་མཐིང་ནག་འཇིགས་སུ་རུང་
བ་གཅིག་བསྐྱེད་པའམ། ཡང་ན་རང་ཉིད་ཐ་མར་དུ་བསྒྱུར་ནས་སྔར་གྱི་མཁའ་འགྲོ་མར་
ཡོད་པ་ལ། ནམ་མཁའི་མ་ཅིག་གི་ཐུགས་ཀ་ནས་ཧ་ཡིག་མཐིང་ནག་གཅིག་སྤྲོས་པས་
ཁྲོས་མར་གྱུར་པ་དེ་བདག་གིས་སྤྱན་དྲངས་ནས་བྱོན་པ་དེ་ལ་རང་ཉིད་འོད་དུ་ཞུ་ནས་ཁྲོས་
138
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
མའི་ཐུགས་ཀར་ཐིམ་ནས་གཉིས་སུ་མེད་པར་བསམ་ཞིང་། རོ་ཞིག་གསར་དུ་དམིགས་
པའམ། ཡང་ན་རང་ཉིད་སྐད་ཅིག་གི་ཁྲོས་མ་མཐིང་ནག་ཞལ་གཅིག་ཕྱག་གཉིས། གཡས་
མི་ལྤགས་ཀྱི་གཡང་གཞི་ཁྲག་དམར་ཙ་རེ་བ་བསྣམས་པ། གཡོན་མི་རྐང་གི་གླིང་བུ་འུ་རུ་
རུ་འབུད་པས་ལྷ་འདྲེ་གདུག་པ་ཅན་ཐམས་ཅད་དབང་དུ་སྡུད་པ། སྐུ་སྟོད་ལ་མི་ལྤགས་ཀྱི་
གཡང་གཞི་ཁྲག་འཛག་པ་མནབས་པ། སྐུ་སྨད་ལ་སྟག་ལྤགས་རློན་པས་དཀྲིས་ཤིང་།
སྦྲུལ་ནག་པོ་འགྱིང་བསྣོལ་གྱིས་སྐེ་རགས་བྱས་པ། ཞལ་གདངས་ནས་མཆེ་བ་རབ་ཏུ་
གཙིགས་ཤིང་ལྗགས་གློག་དམར་ལྟར་འཁྱུག་པ། སྐྲ་དང་སྨིན་མ་དམར་སེར་འབར་ཞིང་
གྱེན་དུ་འཁྱིལ་བ་ཞབས་གཉིས་བརྐྱངས་བསྐུམས་ཀྱིས་གར་ཁྱུག་ཁྱུག་བྱེད་ཅིང་མི་ལྤགས་
བརྡབས་པས། ལྷ་འདྲེ་གདུག་པ་ཅན་རྣམས་འདར་ཞུམ་ཞུམ་བྱེད་པར་བསམ། འཁོར་གྱི་
མཁའ་འགྲོ་འབུམ་སྡེ་རྣམས་ཀྱིས་གཡས་གྲི་གུག་གཡོན་མི་ལྤགས་བསྣམས་པ། ཐམས་
ཅད་ཀྱང་ཁྲོས་པའི་ཆ་བྱད་ཅན་དུ་མ་རྣམས་ཀྱིས་རོ་དེ་གསེ་གཏུབ་བྱས་ནས་ལྷ་འདྲེ་རྣམས་
ལ་སྦྱིན་པར་བསམ་ཞིང་རང་ཉིད་གཙོ་མོས་ལྷ་འདྲེ་རྣམས་ལ་ཚིག་གིས་བརྡ་སྤྲད་པར་
བསམ་པར་བྱའོ། །
རོ་དེ་ཡང་དབུགས་ཕྲལ་མ་ཐག་པ་དྲོད་མ་ཡལ་བ་གཞོན་ཞིང་ཤ་རྒྱས་པ། པགས་པ་
འཇམ་ཞིང་སྲབ་ལ། ཤ་བཀྲག་ལ་གསལ་ཞིང་མདངས་དང་ལྡན་པ། ཆེ་ཞིང་བརྗིད་ལ་ཚོ་
ཞིང་སྣུམ་པ། མཛེས་ཤིང་ཡིད་དུ་འོང་བ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པར་
གྱུར་པ་གཅིག་ཏུ་བསམ། ལྷ་འདྲེ་གདུག་པ་ཅན་རྣམས་ཀྱིས་རོ་དེ་མཐོང་བ་ཙམ་གྱིས་ཡིད་
ཚིམ་ཞིང་དབང་པོ་དེར་འཇུག་ཅིང་གདུག་སེམས་ཐམས་ཅད་ངང་གིས་ཞི་ནས་དགའ་ཞིང་
བྲོད་པའི་སེམས་དུང་ངེ་བ་སྐྱེས་པར་བསམ་པ་ནི། དཔེར་ན་མེ་ཏོག་གི་ཚལ་ལ་བུང་བ་
འདུས་པ་བཞིན་ལྷ་འདྲེ་རྣམས་རང་དབང་མེད་པར་འུར་གྱིས་འདུས་བར་བསམས་ནས།
ཤ་ཁྲག་རྣམས་གཏོང་བའི་དུས་སུ་ཡང་། ཤ་ཁྲག་རྣམས་དྲོད་མ་ཡལ་བ། རླངས་པ་ཕ་ལ་ལ་
139
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
བྱེད་པ་དང་། ཚིལ་དང་ཞག་ཀྱང་སྣུམ་གྱི་ལི་ལི་བྱེད་ཅིང་། ལན་ཚྭ་ལ་སོགས་པའི་རོ་
མཆོག་བརྒྱ་དང་ལྡན་པ། བཤུལ་དྲི་བཟང་པོའ་ིདྲི་ངད་པ་ནི་ག་བུར་ཙན་དན་ལ་སོགས་
པའི་དྲི་དང་འདྲ་བའི་དྲི་ཤིན་ཏུ་བཟང་པོས་འཇིག་རྟེན་གྱི་ཁམས་ཐམས་ཅད་དམ། རང་
ཉིད་ཀྱི་གནས་སྐོར་གྱི་ས་གཞི་བར་སྣང་ཐམས་ཅད་ཁྱབ་པར་བསམ་ལ། ཤ་ཁྲག་གཏོང་བ་
ལ་ཡང་། ཧབ་ཐོབ་གཅིག་དང་མགྲོན་ཐབས་གཅིག་དང་། ནག་འགྱེད་ལ་གཉིས་དང་
བཞིའི་སྒོ་ནས་ཤ་ཁྲག་གཏོང་དགོས་པ་དང་། ཁྱད་པར་དུ་དམར་འགྱེད་ལ་དོན་རྣམ་པ་
བཞི་སྟེ། མགྲོན་ལྷ་འདྲེ་བྱེ་བྲག་པ་ལ་ལུས་ཀྱང་བྱེ་བྲག་ཏུ་བསྔོ་བ་དང་གཅིག །མགྲོན་ལྷ་
འདྲེ་སྤྱི་ལ་ལུས་ཀྱང་སྤྱིར་བསྔོ་བ་དང་གཉིས། མགྲོན་ལྷ་འདྲེ་སྤྱི་ལ་ལུས་བྱེ་བྲག་ཏུ་བསྔོ་བ་
དང་གསུམ། མགྲོན་ལྷ་འདྲེ་བྱེ་བྲག་པ་ལ་ལུས་སྤྱིར་བསྔོ་བ་དང་བཞི་ལས་གང་བྱེད་ཀྱང་།
མགྲོན་ལྷ་འདྲེ་ནི་འཇིགས་ཤིང་ཡ་ང་བའི་གདུག་པ་ཅན་ཁ་གདངས་ཤིང་མཆེ་བ་གཙིགས་
ནས་ཤ་ཁྲག་ལ་རྔམ་པའི་ཕོ་བདུད་དང་མོ་བདུད་ལ་རང་རང་གི་འཁོར་དཔག་ཏུ་མེད་པས་
སྐོར་བར་དམིགས་ནས། དོན་རྣམ་པ་བཞིའི་དང་པོ་ཤ་ཁྲག་གཏོང་བ་ལ་རང་ཉིད་གཙོ་མོས་
འཁོར་རྣམས་ལ་ཚིག་འདི་བརྗོད་ལ་འཁོར་རྣམས་ཀྱིས་ལས་བྱེད་པར་བསམ་ལ། ལས་
བྱེད་ཀྱི་མཁའ་འགྲོ་འབུམ་སྡེ་ཁྱོད་རྣམས་ཀྱིས། ཡ་བདུད་རྒྱལ་པོས་སྣ་དྲོངས་ལ། །མ་
བདུད་རྒྱལ་མོས་སྣ་ཁྲིད་ལ། །སྒྱུ་ལུས་གཟུགས་ཀྱི་ཕུང་པོ་འདི། །ཁོག་སྟོད་ཡ་བདུད་རྒྱལ་
པོས་ཁྱེར་ཅིག །ཁོག་སྨད་མ་བདུད་རྒྱལ་མོས་ཁྱེར་ཅིག །རྐེད་པ་གདོལ་བ་ནག་པོས་ཁྱེར་
ཅིག །ནང་ཁྲོལ་ཐམས་ཅད་སྡེ་བརྒྱད་ཀྱིས་ཁྱེར་ཅིག །དོན་སྣོད་རྣམས་རྒྱལ་པོ་དང་།
བསེན་མོ་དང་ཐེའུ་རང་གིས་ཁྱེར་ཅིག །ཕྱིའི་ཤ་གཟུགས་དྲུག་པོ་ཕྱིའི་ལྷ་འདྲེས་ཁྱེར་
ཅིག །བར་གྱི་ཤ་གསུམ་པོ་བར་གྱི་ལྷ་འདྲེས་ཁྱེར་ཅིག །ནང་གི་ཤ་གསུམ་པོ་ནང་གི་ལྷ་
འདྲེས་ཁྱེར་ཅིག །སྤྱིར་ཤ་ཐམས་ཅད་ས་བདག་རྣམས་ཀྱིས་ཁྱེར་ཅིག །ཁྲག་རྣམས་གདོལ་
བ་རྣམས་ཀྱིས་འཐུངས་ཤིག །རྒྱུས་པ་རྣམས་གཉན་རིགས་རྣམས་ཀྱིས་ཁྱེར་ཅིག །ཚིགས་
140
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
རྣམས་ནི་བཙན་ཐམས་ཅད་ཀྱིས་ཁྱེར་ཅིག །བཀྲག་མདངས་ནི་རྒྱལ་འགོང་ཐམས་ཅད་
ཀྱིས་ཁྱེར་ཅིག །དྲོད་དང་དབུགས་དང་རླངས་པ་ནི་བསེན་མོ་ཐམས་ཅད་ཀྱིས་ཁྱེར་ཅིག །རྩ་
དང་རུས་པ་རྣམས་ནི་གྲི་བོ་དང་གྲི་མོས་ཁྱེར་ཅིག །སྐྲ་དང་བ་སྤུ་སོ་དང་སེན་མོ་པགས་པ་
རྣམས་དམ་སྲི་དང་བསེ་རག་རྣམས་ཀྱིས་ཁྱེར་ཅིག །དགོས་ཁྱད་པར་དུ་ཡང་བདག་ལ་
གནོད་པར་བྱེད་པའི་ལྷ་འདྲེ་གང་ཡིན་པ་དེ་ཚིམ་པར་གྱུར་ཅིག །ཕཊཿཅེས་པས་ལྷ་འདྲེ་དང་
ཤ་ཁྲག་གཉིས་ཀ་མི་དམིགས་པའི་ངང་ལ་གཞག་པར་བྱའོ། །
གཉིས་པ་ནི་ལས་བྱེད་མཁའ་འགྲོ་རྣམས་ཀྱིས་ཤ་རུས་པགས་པ་སོ་སོར་ཕྲལ་ནས།
ཤ་རྣམས་ནང་ཁྲོལ་ཐམས་ཅད་དང་བཅས་པ། གསེ་གཏུབ་བྱས་པའི་ཕུང་པོ་རི་རབ་ཙམ་དུ་
བསམ། རུས་པའི་ཕུང་པོ་ཡང་རི་རབ་ཙམ་དུ་བསམ། ཁྲག་ནི་རྒྱ་མཚོ་ཆེན་པོར་བསམ།
པགས་པ་བསམ་གྱིས་མི་ཁྱབ་ཅིང་གྲངས་ལས་འདས་པར་བསམ་ལ། རང་གིས་འདི་ལྟར་
བསམ་ཞིང་ངག་ཏུ་ཡང་བརྗོད་པར་བྱ། བདག་གིས་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་
བར་དུ་ལུས་ངག་ཡིད་གསུམ་བདག་ཏུ་བཟུང་ཞིང་གཅེས་པར་འཛིན་པས། དེ་སྔར་ཡང་
ཕུང་པོ་མང་རབ་ཅིག་དོན་མེད་དུ་ཆུད་ཟོས་སུ་སོང་། བདག་འཛིན་གྱི་འདྲེས་ཁྱེར་བས་
འཁོར་བར་ཡུན་རིང་དུ་འཁྱམས་ཤིང་ལུས་ངན་པ་ལ་སོགས་པའི་ཕུང་པོ་གྲངས་མེད་པ་
བླངས་ནས་ལས་ངན་སྡིག་པ་སྣ་ཚོགས་པ་བྱས་པས་རྣམ་པར་སྨིན་པའི་སྡུག་བསྔལ་གྱི་
ཚོར་བ་དཔག་ཏུ་མེད་པ་མྱོང་བས། ད་ནི་འཁོར་བའི་རྒྱུ་བདག་འཛིན་ལུས་དང་བཅས་པ་
ལ་མི་ཆགས་མི་ཞེན་པར། སྤྱིར་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་བདག་ལ་ཤིན་ཏུ་
ཆགས་ཤིང་ཞེན་པ་རྣམས་ཀྱི་བདག་འཛིན་ཐོངས་པར་བྱ་བའི་ཕྱིར་དུ་བདག་གིས་ལུས་འདི་
གཏང་བར་བྱ། གལ་ཏེ་སེམས་ཅན་བདག་འཛིན་གཏོང་མི་ནུས་ནས་ལུས་སེམས་བྲལ་
དོགས་ནས་ཆགས་ཤིང་ཞེན་པ་རྣམས་ཀྱི་ལུས་སེམས་མི་བྲལ་བར་བྱ་བའི་གླུད་དུ་བདག་གི་
ལུས་འདི་ལྷ་འདྲེ་རྣམས་ལ་གཏང་བར་བྱ། ཡང་སྒོས་སུ་ཕ་མ་གཉིས་དྲིན་ཆེ་བས་དྲིན་ལན་
141
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
གྱི་ཕྱིར་དུ་བདག་གི་ལུས་འདི་ལྷ་འདྲེ་རྣམས་ལ་གཏོང་། སྔོན་ཆད་འཁོར་བ་ཐོག་མ་མེད་པ་
ནས་ཐ་མ་ད་ལྟ་ཡན་ཆད་ལ་ཐུག་གི་བར་གྱི་ལན་ཆགས་པའི་བདག་པོ་བདག་མོ་རྣམས་ལ་
བདག་གི་ལུས་འདི་ལན་ཆགས་སུ་འཇལ་བར་བྱའོ། །སྙམ་ནས་ཕཊཿབྱས་པ་དང་། སྲིད་
པའི་རྩེ་མོ་མན་ཆད་དང་། མནར་མེད་པ་ཡན་ཆད་ཀྱི་ལྷ་འདྲེ་རྣམས་འདུས་པའི། ལྟོགས་པ་
རྣམས་ཀྱིས་ཤ་སྲེད་པ་ཟོ། སྐོམ་པ་རྣམས་ཀྱིས་ཁྲག་སྲེད་པ་འཐུངས། འཁྱག་པ་རྣམས་
ཀྱིས་པགས་པ་སྲེད་པ་གྱོན། རུས་པ་ལྷ་བ་རྐང་མར་དང་བཅས་པ་འཆོས་པས་ཚིམས་ནས་
ལྷ་འདྲེ་རྣམས་ཀྱི་སྡང་སེམས་དང་གདུག་སེམས་ཐམས་ཅད་ཞི་བར་བསམ་ལ། ཕཊཿ
བྱས་པས་ལྷ་འདྲེ་དང་ཤ་ཁྲག་དང་དེའི་སེམས་རྒྱུད་དང་བཅས་པ་ཡིད་ལ་མི་བྱེད་པར་
བཞག་གོ། །
གསུམ་པ་ནི་ལས་བྱེད་རྣམས་ཀྱི་བེམ་པོ་གསེ་གཏུབ་བྱས་པས་ཤ་རུས་ལྷུ་ཚིགས་
རྣམས་སོ་སོར་ཕྲལ་ཏེ། ཤའི་རི་བོ་ཆེན་པོ། ཁྲག་གི་རྒྱ་མཚོ་ཆེན་པོ། རུས་པའི་གྲམ་ཐང་
ཆེན་པོ། ཞག་དང་ཚིལ་གྱི་ཁུ་རླངས་ཀྱི་སྤྲིན་ཆེན་པོ་གཡོ་བ་དང་། གཞན་ཡང་ཡན་ལག་
དང་། ཉིང་ལག་དང་། ལྷུ་ཚིགས་དང་བཅས་པ་མ་ཉམས་པར་ཡོད་པར་བསམ་ལ། ལྷ་འདྲེ་
སྤྱི་ལ་ལུས་ཀྱི་བྱེ་བྲག་འདི་བརྗོད་ནས་བསྔོ་བ་ནི། ཕྱི་ཤ་གཟུགས་དྲུག་དང་། ནང་ཤ་བུ་དགུ་
དང་། ལྷུ་བཅུ་གཉིས་དང་། རྐང་ལག་གི་མགོ་བོ་བཞི་དང་། ལྷུ་ཆེན་པོ་དང་། ལྷུ་ཕྲན་དང་།
ཚིགས་རྣམས་དང་། རྩིབ་མ་དང་། སྒལ་ཚིགས་དང་། གཞུང་བ་དང་། མགོ་བོ་དང་། ཀླད་
པ་དང་། ཀླད་སྤྲིས་དང་། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། གློ་སྙིང་དང་། ནང་
ཁྲོལ་དང་། དོན་སྣོད་དྲུག་དང་། ཞག་དང་། ཆུ་སེར་དང་། ཁྲག་དང་། རྐང་དང་། ལྷ་བ་
དང་། ཚིལ་དང་། རུས་པ་དང་། ཤ་དང་། པགས་པ་དང་། རྩ་ཆེན་དང་། རྩ་ཕྲན་དང་།
རྒྱུས་པ་དང་། ཁ་རྗེ་དང་། དབང་ཐང་དང་། བཀྲག་དང་། མདངས་དང་། ལུས་དང་། སྲོག་
དང་། ལོངས་སྤྱོད་དང་། སྐྲ་དང་། བ་སྤུ་དང་། སོ་དང་། སེན་མོ་དང་། དེ་རྣམས་སྣང་ཞིང་
142
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
སྲིད་པའི་ལྷ་འདྲེ་ཐམས་ཅད་ལ་སྦྱིན་པས་ལྷག་མ་མ་ལུས་པར་ཁྱེར་ནས་སྣང་སྲིད་ལྷ་འདྲེ་
ཐམས་ཅད་ཀྱི་འདོད་པ་ཚིམ་པར་བསམས་ནས། ཕཊཿབྱས་པས་གང་ཡང་ཡིད་ལ་མི་བྱེད་
པའི་ངང་ལ་གཞག་པར་བྱའོ། །
བཞི་པ་ནི། ལས་བྱེད་རྣམས་ཀྱིས་རང་ལུས་པགས་པ་ཤ་རུས་ནང་ཁྲོལ་དང་བཅས་
པ་གསེ་གཏུབ་བྱས་ནས་ཤ་ཁྲག་དང་བཅས་པ་འདྲེས་པའི་ཕུང་པོ་སྟོང་གསུམ་གང་བ་ཙམ་
དུ་བསམ། ལུས་དང་། སྲོག་དང་། དབུགས་དང་། བཀྲག་དང་། མདངས་དང་། ལོངས་
སྤྱོད་དང་། ཁ་རྗེ་དང་། དབང་ཐང་དང་། སྐྲ་དང་། བ་སྤུ་དང་། སོ་དང་། སེན་མོ་དང་
བཅས་པའི་ཕུང་པོ་འདི་ངོ་བོ་ནི་ཤ་ཁྲག་ཡིན་ལ། རྣམ་པ་ནི་ལྷ་འདྲེ་རྣམས་ཀྱི་དགོས་འདོད་
ཐམས་ཅད་འབྱུང་བའི་དཔལ་དུ་བསམས་ནས། ལྷ་འདྲེ་རྣམས་ལ་སོ་སོར་བོས་ནས་བྱེ་
བྲག་ཏུ་བསྔོ་བའི་ཚིག་འདི་བརྗོད་དོ། །ཕོ་བདུད་བྱེ་བ་དཔག་ཡས་དང་། མོ་བདུད་བྱེ་བ་
དུང་ཕྱུར་དང་། རྒྱལ་བསེན་སྡེ་བརྒྱད་ཐམས་ཅད་དང་། དམུ་བདུད་བཙན་གསུམ་ཀླུ་
གདོན་གཟའ་བདུད། གཤིན་རྗེ་མ་མོ། གནོད་སྦྱིན་གྲུལ་བུམ། གཉན་རིགས་ལྟོ་འཕྱེ་ཆེན་
པོ་བདུན། མ་བདུད་སྲིང་བཞི། ལན་ཆགས་བགེགས་རིགས་ནད་རིམས། ཡམས་བདག་
དང་གཏང་རིགས། ཐེའུ་དང་། གྲི་བོ་གཤིན་རྗེ། དྲི་ཟ་རྦད་འདྲེ། ཡི་དྭགས་འབྱུང་པོ། དམ་
སྲི་བསེ་རག །བྱད་མ་གནོད་བྱེད། ལས་གདོན་ལུས་གདོན། གནས་པོ་ཡུལ་བདག །དེ་
རྣམས་འཁོར་དང་བཅས་པ་དང་། གྲིབ་དང་ཆོ་འཕྲུལ་ངན་པ་གཏོང་བ་ཐམས་ཅད་དང་།
སྣང་སྲིད་གདུག་སེམས་འཆང་བ་ཐམས་ཅད་དང་། དེ་རྣམས་ལ་ལུས་ཤ་ཁྲག་ཕུང་པོ་འདི་
བྱིན་པས། མ་ལུས་པ་ཐམས་ཅད་ཚིམ་པ་དང་། དགའ་ཞིང་མགུ་ནས་རྗེས་སུ་ཡི་རང་བའི་
སེམས་དང་ལྡན་པར་གྱུར་ཅིག །ཕཊཿཅེས་པས་རྗེས་འབྲང་གི་ལྷག་མ་སྡུད་པ་དང་བཅས་
པ་ཚིམས་ནས་མགྲོན་ཤ་ཁྲག་དང་བཅས་པ་དམིགས་མེད་ཀྱི་ངང་ལ་འཇོག་པར་བྱེད་པ་
ཕུང་པོ་མཆོད་པར་འབུལ་ཞིང་སྦྱིན་པ་གཏོང་བའི་རིམ་པ་རེ་ཞིག་རྫོགས་པ་དེ་ག་ཡིན་ནོ་བུ།
143
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།
བཞི་པ་དེ་ལྟར་མཆོད་སྦྱིན་བྱས་པའི་དགེ་བ་ཐམས་ཅད་བསྔོ་བས་རྒྱས་གདབ་པར་བྱ་བ་ནི།
བདག་གི་ལུས་མཆོད་སྦྱིན་བྱས་པའི་དགེ་བའི་རྩ་བ་དང་། བདག་གི་བྱང་ཆུབ་ཀྱི་སེམས་
ཀྱིས་ལྷ་འདྲེ་རྣམས་རྗེས་སུ་བཟུང་བའི་དགེ་བའི་རྩ་བ་དང་། གཞན་ཡང་དུས་གསུམ་དུ་
དགེ་བའི་རྩ་བ་ཇི་སྙེད་བྱས་པ་ཐམས་ཅད་ནི། ལྷ་འདྲེ་གདུག་པ་ཅན་ལ་སོགས་པ་ཁམས་
གསུམ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བར་བགྱིའོ། །
དེ་ལྟར་བསྔོས་པའི་མཐུ་ལ་བརྟེན་ནས་ལྷ་འདྲེ་གདུག་པ་ཅན་ལ་སོགས་པ་སེམས་
ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་ལས་ངན་སྡིག་སྒྲིབ་ཐམས་ཅད་དག་ནས། ཕ་རོལ་ཏུ་
ཕྱིན་པ་དྲུག་ཡོངས་སུ་རྫོགས་ཤིང་མཐར་ཕྱིན་པར་གྱུར་ཅིག །སྐྱེ་བ་མེད་པ་ཡུམ་གྱི་
དགོངས་པ་ལ་མངའ་བརྙེས་ནས། རྒྱལ་བ་ཐམས་ཅད་ཀྱི་ཡབ་རིགས་རྣམས་ཀུན་གྱི་
བདག་པོ་རྡོ་རྗེ་འཆང་གི་གོ་འཕང་འཐོབ་པར་གྱུར་ཅིག །དེ་ལྟ་བུའི་གོ་འཕང་མཆོག་ཐོབ་
པར་གྱུར་ནས་ཀྱང་འཕྲིན་ལས་རྣམ་པ་སྣ་ཚོགས་པའི་སྒོ་ནས། འཁོར་བ་མ་སྟོང་གི་བར་
དུ་འགྲོ་བའི་དོན་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག་ཅེས་པ་དང་། གཅོད་ཡུལ་ཉམས་སུ་
ལེན་པའི་གང་ཟག་ལ། །རང་སེམས་བདུད་དུ་མི་ལྟ་བར། །སྙེམས་རྟོག་མ་ལུས་ཆོད་པར་
ཤོག །བཟང་པོའ་ིཡོན་ཏན་ཅི་བྱུང་ཡང་། །དེ་ལ་རློམ་སེམས་མེད་པར་ཤོག །ངན་པའི་
རྣམ་རྟོག་ཅི་བྱུང་ཡང་། །དེ་ལ་སྙེམས་བྱེད་མེད་པར་ཤོག །དམ་ཆོས་བདུད་ཀྱི་གཅོད་
ཡུལ་འདི། །མཁའ་ལ་ཉི་ཟླ་ཤར་བ་བཞིན། །ཕྱོགས་དུས་ཀུན་ཏུ་ཁྱབ་པར་ཤོག །ཅེས་
པའི་བསྔོ་བ་དང་། སྨོན་ལམ་མང་དུ་བརྗོད་ནས། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས།
ནམ་མཁའི་ཡུམ་ཆེན་མོའ་ིཐུགས་ཀར་ཕོག་ཡུམ་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། འཁོར་
རྣམས་ལ་ཕོག་པས། ཡེ་ཤེས་པ་རྣམས་རང་རང་གི་གནས་སུ་གཤེགས། དམ་ཚིག་པའི་
གཡས་ཀྱི་བྱང་སེམས་རྣམས་འོད་དུ་ཞུ་ནས་རྒྱབ་ཀྱི་ཆོས་རྣམས་ལ་ཐིམ། ཆོས་རྣམས་འོད་
དུ་ཞུ་ནས་གཡོན་གྱི་ཉན་ཐོས་རྣམས་ལ་ཐིམ། ཉན་ཐོས་རྣམས་ཕྱོགས་བཅུའི་སངས་རྒྱས་
144
གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།
ལ་ཐིམ། ཕྱོགས་བཅུའི་སངས་རྒྱས་འདས་མ་འོངས་ད་ལྟ་དུས་གསུམ་གྱི་སངས་རྒྱལ་ལ་
ཐིམ། སངས་རྒྱས་གསུམ་ཡང་ཡུམ་ལ་ཐིམ། སྟེང་གི་བརྒྱུད་པའི་བླ་མ་དང་རྒྱུད་སྡེ་བཞིའི་
ལྷ་ཚོགས་ཐམས་ཅད་ཀྱང་ཡུམ་ལ་ཐིམ། ཡུམ་ཡང་མདུན་གྱི་ང་ཉིད་ལ་ཐིམ། འཁོར་གྱི་
མཁའ་འགྲོ་མ་བཞི་པོ་ཡང་ང་ཉིད་ལ་ཐིམ། ང་ཉིད་ཀྱང་དུས་གསུམ་གྱི་སངས་རྒྱས་ཐམས་
ཅད་ཀྱི་ངོ་བོར་གྱུར་པ་ཁྱེད་རང་གི་སྤྱི་བོར་མདའ་གང་ཙམ་དུ་བྱོན་ནས་བཞུགས་པར་
བསམ་ལ། བདག་གཞན་སེམས་ཅན་ཐམས་ཅད་ཀྱིས་གསོལ་བ་མང་དུ་གདབ་པར་བྱོས་
ལ་ཕཊཿབྱས་པས། རང་གི་ཐུགས་ཀ་ནས་འོད་ཟེར་ང་ཉིད་ལ་ཕོག་པའི་འོད་ངང་པའི་སྒོ་ང་
ཙམ་དུ་འབར་བ། ཁྱེད་རང་གི་སྤྱི་བོར་ཐིམ་པས་སྤྱན་རས་གཟིགས་ཀྱི་སྐུར་གྱུར་པར་
བསམ་ལ། རང་གཞན་ཐམས་ཅད་ཀྱིས་ཡི་གེ་དྲུག་མ་མང་དུ་ཟློས་ལ། ཕཊཿ བྱས་པས་
མགྲོན་རྣམས་ཞི་དུལ་དང་ལྡན་པའི་སྒོ་ནས་རང་གི་གནས་སུ་སོང་ཞིང་། རང་ཉིད་སྔར་གྱི་
ལས་བྱེད་མཁའ་འགྲོ་མ་དཀར་མོར་བསྒྱུར་ནས་སྤྱོད་ལམ་ལ་འཇུག་ཅིང་། སྟོང་ཉིད་ནམ་
མཁའི་དཀྱིལ་ལྟར་གཞག་པར་བྱའོ། །
དེ་ལྟར་ཕུང་པོ་གཟན་དུ་བསྐྱུར་བའི་རྣམ་པར་བཤད་པ་ལྷག་ལུས་མེད་པར་མདོར་
བསྡུས་པ་ཙམ་ཞིག་བརྗོད་ནས། བསྔོ་བ་དང་སྨོན་ལམ་གྱིས་མཐར་བསྡུས་པ་དང་བཅས་
པའི་ཚིག་དོན་རྣམས་མ་ནོར་མ་བརྗེད་པར་ཡིད་ལ་ཟུངས་ལ་སྐལ་བ་དང་ལྡན་པའི་བུ་དང་
བུ་མོ་བཞིས་འགྲོ་དོན་མཐར་ཕྱིན་པར་གྱིས་ཤིག་དམ་ཚིག་ཅན་ཞེས་གསུངས་པ། ཕུང་པོ་
གཟན་བསྐྱུར་གྱི་ལེའུ་སྟེ་ལྔ་པའོ།། །།