Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་བརྒྱད་པ།

48 occurrences of གཙང་
[Clear Hits]


  
  
  
  
  
གསོལའདེབས་དངོས་གྲུབ་ཀུན་འབྱུང༌། འཇམ་མགོན་མི་ཕམ།
  
 
  
  
 
 
27   
  
  
  
 
  
  
 
 
 
 
  
  


48 occurrences of གཙང་
[Clear Hits]

 
previousགསོལའདེབས་དངོས་གྲུབ་ཀུན་འབྱུང༌།འཇམ་མགོན་མི་ཕམ།next

གསོལའདེབས་དངོས་གྲུབ་ཀུན་འབྱུང༌།
འཇམ་མགོན་མི་ཕམ།

སྤྲུལ་པའི་གུ་རུ་མཚན་བརྒྱད་དང༌། །གྲུབ་པའི་རིག་འཛིན་ཆེན་པོ་བརྒྱད། །བྱང་སེམས་ཉེ་བའི་སྲས་བརྒྱད་དང༌། །སྒྲུབ་ཆེན་བཀའ་བརྒྱད་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཕྱི་ནང་གསང་བའི་བར་ཆད་སོལ། །བསམ་པ་ཡིད་བཞིན་འགྲུབ་པ་དང༌། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །གསེར་འཕྱང་མེ་བྱ་སྨིན་ཟླའི་དམར་ཕྱོགས་དགའ་བ་དང་པོའི་ཉི་ཤར་ལ་འཇམ་དཔལ་རྡོ་རྗེའི་ཡིད་མཚོ་ལས་རྡོལ་བའོ། ༈། རྗེ་བཙུན་པདྨ་ཐོད་ཕྲེང་རྩལ། །དྲག་པོ་ཡེ་ཤེས་རབ་འབར་ལ། །སྙིང་ནས་གུས་པའི་གསོལ་བ་འདེབས། །གེགས་ཞི་བསམ་དོན་མྱུར་འགྲུབ་མཛོད། ༈། སྐྱབས་གནས་བསླུ་མེད་དཀོན་གཆོག་རིན་པོ་ཆེ། །ཐུགས་རྗེ་མངའ་བའི་ཨོ་རྒྱན་པདྨ་ལ། །བདག་གིས་ཇི་ལྟར་གསོལ་བ་བཏབ་པའི་མཐུས། །མྱུར་དུ་འགྲུབ་པར་བྱིན་གྱིས་བརླབ་དུ་གསོལ། ༈། ན་མོ་དཀོན་མཆོག་གསུམ་དང་རྩ་བ་གསུམཿ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ལན་གསུམ།


previousགསོལའདེབས་དངོས་གྲུབ་ཀུན་འབྱུང༌།འཇམ་མགོན་མི་ཕམ།next