Nitartha Digital Library
Tibetan
རིག་འཛིན་གྲུབ་པའི་དབང་ཕྱུག་སྟོབས་ལྡན་རྟ་ཁྱུང་རོལ་པའི་རྡོ་རྗེའི་གསུང་ཆོས་སྐོར།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
  
 
  
  
  
དཔལ་རིའི་སྨོན་ལམ་དྲུང་འཇུག
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousདཔལ་རིའི་སྨོན་ལམ་དྲུང་འཇུགnext

དཔལ་རིའི་སྨོན་ལམ་དྲུང་འཇུག

ཟབ་གསང་མཁའ་ཁྱབ་རང་གྲོལ་ལསཿ དཔལ་རིའི་སྨོན་ལམ་དྲུང་འཇུག་བཞུགསཿ ན་མོ་གུ་རུཿ འདི་ནས་ལྷོ་ནུབ་རྔ་ཡབ་དཔལ་རིའི་གླིངཿ རཀྴའི་རྒྱལ་པོ་པདྨ་ཐོད་ཕྲེང་རྩལཿ མ་ཚོགས་མཁའ་འགྲོ་རྒྱ་མཚོས་ཡོངས་བསྐོར་དབུསཿ རང་གཞན་སྐྱེ་འགྲོ་སེམས་ཅན་ཐམས་ཅད་ཀུནཿ སྐད་ཅིག་ཉིད་དུ་ཞིང་མཆོག་དེར་སྐྱེ་ཤོགཿ འདི་དང་ཕྱི་མ་བར་དོ་འཇིགས་རུང་སོགསཿ གནས་ངན་འཁོར་བའི་འདམ་ལས་ད་དྲོངས་ནསཿ མི་འབྲལ་ཚོམ་བུ་གཅིག་ཏུ་སྐྱེ་སྨོན་ཤོགཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ སྐུ་གསུམ་ཀློང་དུ་བརྡ་ཐིམཿ ཅེས་སྨོན་ལམ་འདིར་བརྟེན་གྱི་སྐྱེ་བོ་ཕོ་མོ་རབས་སྐྱེ་བ་གསུམ་མམ་བདུན་ནས་ལྷོ་ནུབ་དཔལ་རི་གུ་རུ་པདྨའི་ཞབས་དྲུང་དུ་སྐྱེ་བ་པདྨའི་ཐ་ཚིག་ཡིན་ནོཿ ས་མ་ཡཱཿ མཐར་དུས་ལ་བབས་ཚེ་གར་དབང་རྒྱལ་མཆོག་གླིང་པས་ཆོས་དབྱིངས་ནམ་མཁའི་བརྡ་སྒྲོམ་ལས་ཞལ་ཕྱེས་ནས་མ་དང་མ་ཁའ་འགྲོའི་ཞལ་འཛུམ་དགྱེས་པར་བཅས་རྟེན་འབྲེལ་ལེགས་བྱེད་སྐབས་དག་པར་ཕབ་པའོཿ


previousདཔལ་རིའི་སྨོན་ལམ་དྲུང་འཇུགnext